CLOSE WINDOW

Gaz001.004: gser gyi me tog mdzes pa rin po che / sgron ma 'bar ba'i rgyud ces bya ba
Wyliee-texts produced with BDRC’s OCR application

མཱཛྱ་རཱཥཱཧྱ་རཏྲ།། རྒྱ་གྲར་སྐད་དུ། སྭརྞ་པུཥྤཱ་ཀཱནྟི་རཏྣ། ཨཱ་ལོ་ཀ་ཛྭ་ལ་ཏནྣ་ནཱ་མ། བོད་སྐད་དུ། གསེར་གྱི་མེ་ཏོག ་མཛེས་པ་རིན་པོ་ཆེ། སྒྲོན་མ་འབར་བའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་སྣང་བ་རིང་ཤར་བ་ཉིད་ལ་ཕྱག་འཚལ་ལོ།། འདི ་སྐད་བདག་གིས་བསྟན་པའི་དུས་གཅིག་ན། ཐུན་མོང་མ་ཡིན་པའི་གླེང་གཞི་སྟོང་པ་ཉིད་ཀྱི་གཞི་ཚད་མེད་པར་གསལ་བའི་དཀྱིལ་འཁོར ་ན། གནས་ཐུན་མོང་མ་ཡིན་པ། མི་འབྱེད་པ་ཆེན་པོའི་འདུལ་སྟངས་སོ་སོ་མ་ཡིན་ཐ་དད་པ་མ་ཡིན་པའི་སྣང་བ་ཆེན་པོ་རྣམ་པར་བཀོད་ཅིང་། ཡེ ་ནས་རང་གསལ་ཆེན་པོའི་གཞི། རང་སྣང་ཆེན་པོའི་སྤྱོད་པ་འགག་མེད་དུ་ཤར་བའི་ཀློང་ནས། འགག་པ་མེད་པའི ་རིག་པ་ཤར་ནས། བརྗོད་དུ་མེད་པའི་དོན་འདི་གསུངས་སོ།། གསུང་ངོ་།། གསུང་བར་འགྱུར་རོ།། སརྦ་ཨཱ་ས་མ་ལ་དྷཱ་ཐིམ། ཆོས ་ཐམས་ཅད་སྐྱེ་བ་མེད་པའི་ངང་དུ་གཉིས་མེད་དུ་ཐིམ་པ་ཞེས་བྱ་སྟེ། བྷེ་ཏ་ཨཱ་ལོ་ཀ་འཇིག་པ་མེད་པའི་རྣམ་པར་དག་བསྐྱེ་མེད་སྟོང་པའི་དལ་ལ་སུ་གསུམ་དུ་ཤར། ་ཨ་ན་མ་བི་ལམ་ཀི། ཐམས་ཅད་མཉམ་པ་ཉིད་ཀྱི་ཤེས་རབ་ཀྱི་ལུས་འཛིན་པ། སརྦ་མ་ནི་ཤ། རྒྱང་ཞགས། ཨ། ཤེས་རབ།། ཨཱ། འཁོར་འདས།། ཨཱུ། སྦུབས ་གསུམ།། སྒྱུ་ཐིག་ལེ་དབྱིངས་ཀྱི་སྒྲོན་མ་པར་ངོ་བཞི་པི། མཱ། ཨེ་ཀ་ས་ར་མཉམ་ཉིད་ཀྱི་སྒྲ་གསུམ་དུ་ཤར། བྷྱ་ཉན་མེདྷཱབྷྱཏ་མ། དག་པ་མ་འགྱུར་བའི་ཀློང་དུ། འདི་སྐད་བདག་གིས་ཐོས ་པའི་དུས་ཨི་གཅིག་ན། ཐུན་མོང་གི་གླེང་གཞིའི་དོན། སྒྲོན་མ་སྣང་བར་བྱེད་པ། སྣ་ཚོགས་རིན་པོ་ཆེའི་ས་གཞི་ལ། གནས་ཕུན་སུམ་ཚོགས་པ། ཡེ་ཤེས་རྣམ་པ་ལྔའི་མིག ་སྦས་པ། དབྱིངས་ཀྱི་སྒྲོན་མ་འཆར་བ། ལྔ། ཁ་དོག་གསལ་བ་ཆེན་པོ།། གཞི་དཔག་ཏུ་མེད་པའི་སྣང་བ་རྒྱ་ཆེ་ལ་དཀྱིལ་ཡངས་པ། དབྱིངས། དྲི་མའི་མཐའ་རྣམ་པར་གསལ ་བ། རྩེ་མོ་ཀུན་ཏུ་ཟང་འབར་བ་ཐལ་བ། ཕྱོགས་བཅུ་ཀུན་ཏུ་འཆར་ཡེ་ཤེས་སུ་བྱེད་མ་འགགས་པ། ཕྱི་དང་ནང་མེད་པའི་ས་ལ་བཀོད་པ་ཡོངས་སུ་རྫོགས་པ། རྒྱན ་ཐམས་ཅད་ཀྱིས་མཛེས་པར་བྱས་པ།། ཕྱོགས་བཅུ་གང་ནས་བལྟས་ཀྱང་ཕྱི་ནང་ཀུན་ཏུ་ཟང་ཐལ་བའི་ཆོས་ཉིད་ཀྱི་ཕོ་བྲང་ནས། སྣང་བ་རྣམ་པར་ངག་ཡེ་ཤེས་དང ་འོད་ཐིག་ལེ་ལ་སོགས་པ། པའི་སྟོན་པ་ཕུན་སུམ་ཚོགས་པ། རྡོ་རྗེ་འཆང་ཆེན་པོས་རྒྱུད་འཁོར་དག་པའི་རྡོ་རྗེ་འཆང་ལ། རང་བཞིན་སྣང་མཛད་ངོ་བོ་ཀ་ནས་དག་པའི་རྩལརྩ། ཆེན་པོའི་ཐུགས ་རྣ་ནག་དྡྷ་གས་ན་ང་སྨྲས་འས་ས་མཽད་གས་སྦྱོང་། ་པའི་ཐུགས་ནས་ཡངས་པའི་མགུར་གྱི་བུམ་པར་དྲིལ་ཏེ། ཐབས་ཐུན་མོང་མ་ཡིན་པའི་ཤེས་རབ་ཀྱི་ལྗགས་ཀྱིས་དབང་པོ་ལ་བཀྲམ་ནས། རྡོ་རྗེ་སྒྲོན་མ་སྣང་བར་བྱེད་པའི ་ཚིག་གསུམ་དུ་འདི་དག་བཀའ་སྩལ་ཏོ།། རང་བཞིན་རྒྱུད་དག་རྡོ་རྗེ་འཆང་། འཁོར་ལ་བོས་ནས།། དུས་ནི་འགག་མེད་དྲན་པ་ལ།། སྤྱོད་པའི་ཡིད་ནི་ཀུན་ཏུ་ཤར།། སྣང ་བ་མེད་པའི་ཕྱོགས་ནས་ནི།། ཡིད་བསམ་དྲན་པ་བཅད་པའི་ཕྱིར།། ཐེག་པ་རྣམས་ཀྱི་རྩེ་མོ་པ། ཨཏི། ང་ཡིས་སྤྲོས་ཀྱིས་ཁྱོད་ཀྱིས་ཉོན།། འཇིག་རྟེན་ཁམས་ནི ་ཐམས་ཅད་དུ།། རིག་པ་འགག་མེད་རང་སྣད་ཀྱང་།། འདི་ཀུན་སུས་ཀྱང་མཐོང་བ་མེད།། མཐོང་མེད་ཡེ་ཤེས་ཆེན་པོ་ནི།། གང་གིས་མེ་ཏོག་མཛེས་པ་མཐོང ་ཆོས་སུ་དང་རིག་པ།། མ་མཐོང་བ་མཐོང་བ་ཡི་ཡེ་ཤེས་ལ།། སྒྲོན་མ་ཉིད་ཀྱི་ཡེ་ཤེས་སུ།། ཐོག་མ་ཉིད་ནི་རང་སྣང་བས།། རྡོ་རྗེ་སྙིང་པོ་ཉིད་དུ་ཤར།། ཤར་ཙམ ་ཉིད་ནས་ནུབ་པ་མེད།། ནུབ་མེད་ཡེ་ཤེས་གཏེར་ཆེན་འདི།། སུ་ཡིས་སྤྱོད་པ་སྐུལ་བ་བཟང་།། སྐལ་བཟུང་བདེ་བའི་ངང་ཚུལ་ཅན།། འདི་ལ་མི་དགེ་རྡུལ་ཙམ་མེད།། ་རྡུལ་དང་བྲལ་བའི་རང་རིག་ཉིད།། འདི་ལ་ཐ་སྙད་ཚིག་དང་བྲལ།། འདི་ཀུན་སྒྲོན་མ་རྣམ་བཞི་ཡིས།། སེམས་ཅན་ཀུན་གྱི་ལུས་ལ་སྣང་བ་འཛིན།། རྒྱང་ཞགས་ཆུ ་ཡི་སྒོ་ན་མ་ཡིས། མིག་ལ་ཟེར།། གཟུགས་སོགས་ངོ་བོ་ཉིད་དུ་སྡུད།། ཤེས་རབ་རང་བྱུང་སྒྲོན་མ་ཡིས། རླུང་རྒྱུད་ལ་འཆར།། ཐེག་པ་རྣམས་ཀྱི་ཐེ་ཚོམ་གཅོད།། ཐིག་ལེ ་སྟོང་པའི་རྟགས་བྱང་ཆུབ་སེམས་ཀྱི་སྐྱོན་མ་ཡིས།། འཁོར་འདས་ཉམས་གོང་ནས་གོང་དུ། བསྲེ་བའི་མཚམས་སྦྱོར་བྱེད།། དག་པ་རིག་པ་འཛིན་པའི་དབྱིངས་ཀྱི་སྒྲོན་མ་ཡིས།། རྣལ ་འབྱོར་ཉམས་ཀྱི་བོགས་འདོན་གྲོང་ནས་གོང་དུ། བྱེད།། འདི་ཀུན་ཁྱད་པར་སྣང་བའོ།། དེ་ནས་རྒྱུད་དག་རྡོ་རྗེ་འཆང།། དགའ་མགུ་རང་བ་རབ་སྐྱེས་ནས།། སྣང་དག ་རྡོ་རྗེ་འཆང་བ་ལ།། ཞུ་བའི་ཆོ་ག་ནི་འདི་སྐད་གསོལ།། ཀྱེ་མ་སྟོན་པ་རྡོ་རྗེ་འཆང་།། སངས་རྒྱས་ཀུན་གྱི་རང་སྣང་བའི།། སྟོན་པས་སྒྲོན་མ་བཞི་གསུངས་པས།། རྒྱང ་ཞགས་ཆུ་ཡི་སྒྲོན་མ་ཞེས།། སྟོན་པས་ཚིག་ཏུ་སྦྱར་གསུངས་པ།། འདི་ཉིད་མ་འཚལ་བདག་ལ་གསུངས།། དེ་ནུས་རྡོ་རྗེ་འཆང་ཆེན་གྱིས།། ཚིག ་ནི་འདི་སྐད་རབ་ཏུ་གླེང་།། ཨེ་མ་རྒྱུད་དག་མ་རིག་རྣམ་པར་དག་ནས། རྡོ་རྗེ་འཆང་།། ངས་ནི་རྒྱང་ཞུགས་ལ་སོགས་པ། སྒྲོན་མ་རྣམ་བཞི་ཡི།། སྣང་བ་ཉིད་ལ་རང་ངོལ་ཕར ་བལྟས་པས།། འདི་ཀུན་རིམ་གྱིས་བློ་ཡུལ་སྣང་། སྣང་བ་འདི་རིམ་གྱིས་དང་ཅིག་ཆར་མ་ཡིན། མིག་གི་དང་སམྦྷ།། རྒྱང་ཞགས་ཆུ་ཡི་སྒྲོན་མས་ནི།། གསུམ་གྱི་འཁྲུལ་བ་དང ་སྣབ་དང་བར་དག། སྣང་བ་འཛིན་པར་བྱེད།། དེས་ནི་གསུམ་གྱི་སྣང་བཟུང་བས།། ལྟ་བ་དབྱིངས་ཀུན་གྱི་སྙིང་ཐ~ཾང་དཀྱིངས་ཡང་།། དེ་ཀུན་འདི་ཡིས་བསྒྲུབསུ་མ། ་ནི་ལྟ་བའི་གཞི་འཛིན་པར།། སྐྱེད་བྱེད་ས་བོན་བཞིན་དུ་གནས།། རྒྱུ་སྣང་བ་རྣམ་པར་དག་པའི་ཡི་རྡོ་རྗེ་ཡང་འཆང་བས།། སྟོན་པ་རྡོ་རྗེ་འཆང་ཆེན་ལ།། ཚིག་ནི་འདི་སྐད ་ཅེས་གསོལ་ཏོ།། ཀྱེ་ཀྱེ་སྟོན་པ་རྡོ་རྗེ་འཆད།། རྒྱང་ཞགས་ཆུ་ཡི་སྒྲོན་མ་ཞེས།། འདི་ཡི་ངོ་བོ་ཅི་ལྟ་བུ།། འདི་ལ་དེས་ཚིག་ཇི་སྐད་གསུང་།། དབྱེ་བ་རྣམ་པ་དུ་ཞིག་ཡོད།། ། ་མཚན་ཉིད་བཞུགས་ཚུལ་ཇི་ལྟ་བུ།། གནས་ནི་གང་ལ་གནས་པ་ལགས།། འཆང་སྒོའི་སྣང་བ་ཇི་ལྟ་བུ།། འདི་ཡི་མཐུན་དཔེ་གང་ཞིག་ལགས།། འདི་ཀུན་ཚད་རྣམས་གང ་གིས་བཟུང་།། སྟོན་པས་འདི་ཀུན་བདག་ལ་གསུང་།། དེ་ནས་སྟོན་པས་ཡང་གསུངས་པ།། ཀྱེ་མ་རྒྱུ་ཡི་རྡོ་རྗེ་འཆང་།། ངས་ཡིན་ལྤགས་སྣང་ལུགས་གཉིས་མེད་དུ། བསྟན ་ཁྱོད་ཀྱིས་མ་འཁྲུལ་བར།། འདི་ཀུན་ཟུང་ཞིག་རྡོ་རྗེ་འཆང་།། རྒྱང་ཞགས་ཆུ་ཡི་སྒྲོན་མ་དབང་པོའི་དངས་མ་ཡི།། ངོ་བོས་སྣང་བ་གཉིས་འཁྲུལ་པ་དང་ཡེ་ཤེས། ཀ་སྡུད་།། ་མཐོང་བྱེད་འཛིན་ཆ་ཕྱི་གསལ་ཡུལ་ཡུལ་ཅན་གཉིས། མ་འགགས་ཕྱིར། འཁོར་འདས་གཉིས་ཀའི་ཆ་འཛིན་བལྟ་བས་ན།། འཁོར་འདས་མཐུན་ཡིན་ལུགས་སྣང་ལུགས་གཉིས ་ཀར་གྲོལ། པའི་བལྟ་བའོ།། ངེས་པའི་ཚིག་ནི་འདི་ལྟ་བུ། ཕྱི་རོལ་གྱི།། རྒྱང་ནི་རིང་བའི་རྒྱུད་འཛིན་པས། མིག་གི་སྲུང་།། གཟུགས་སུ་སྣང་བ་འཛིན་པ་དང་།། ཁ་དོག་དཀར་དམ ་ལ་སོགས་སྡུད་པ་དང་།། རིག་པའི་སྐུ་རྡོ་རྗེ་ལུ་གུ་ཆུད་ཀྱི་ཡང་རྒྱང་རིང་ནས།། མཐོང་དབང་པོས་བྱེད་འཛིན་པར་བྱེད་པ་དང་།། འཁོར་བ་རྟོགས་པའི་ཕྱོགས་ནས་ནི།། རྒྱང་མ ་རིག་པ་རྣམས། དུ་འཕེན་པས་རྒྱུད་ཞེས་བྱ།། དེ་བཞིན་འཁོར་བ་ནས་མ་རྟོགས་ཕྱོགས་ནས་ཀྱང་། རང་བཞིན་ལྷག་བཅས་ལྷག་མེད། མྱང་འདུས་འཕེན་པས་བྱུང། ་ཡིན་ནོ།། དེ་བཞིན་འཁོར་བའི་སྣང་ཆ་ནས། དབང་པོ་ཐམས་ཅད་ཀྱི་དང་ས་མ། གཟུགས་དང་འདོད་ཡོན་ལྔ་རྣམས་ནི།། འདི་ཡིས་འཆིང་བདག་ཏུ་བས་ཞགས་པ་ཡིན།། དབང་པོའི ་ཡུལ་ལ། ཕྱིར་སྣང་བ་ཡི།། དྲན་བསམ་དངོས་པོ་ལ། བདག་ཏུ་འདིས་འཛིན་པས།། ཞགས་པ་ཕྱིར་གསལ་བའི་ཆ་ལས་ཞེས་ནི་རྒྱང་ནས་འཛིན།། དེ་བཞིན་ནམ་མཁའ ་སྦྱིན་བྲལ་ལ། གྱི་དབྱིངས།། རིག་པ་བདག་མེད་རྡོ་རྗེ་ལུ་སུ་ཆུད་སྲུར་སྣང་བས།། སྣང་བ་ཡས་སུ་མི་འཇུག་པར།། འདི་ཡིས་འཛིན་པ་ཞགས་ཞེས་བྱ།། ཆུ་ནི་སྣང་བ་དེ་དག་ལ། ་ཞེན་པ་གཉིས་སྣང་གཉིས་མེད་དུ། རང་སར་ལོག་ནས་ནི། ཀུན་ཡུལ་ལ་ཆགས་པའི་གཟུང་འཛིན་གྱི་སེམས་མེད་པར།། སྣང་བ་འང་བྱུང་རང་གྲོལ་དུ་རང་སར་བཞག་ནས་ནི།། ་བདག་གཞན་གཉིས་འཛིན་བྲལ་བས་ཆུ་ཞེས་བྱ།། སྒྲོན་ནི་རང་གི་སྣང་བ་ཀུན།། གོང་ཉམས་ནས་གོང་དུ་འཕེལ་བ་ཡིས།། རིག་པའི་ཡེ་ཤེས་གསལ་བས་སྒྲོན།། འབྱུང ་པ་རགས་པའི་སྣང་བ་ཀུན།། རང་ཤེས་སྤྱོད་པ་འགག་མེད་ཅིང་།། དབང་པོའི་རབ་སྒོར་གསལ་བས་སྒྲོན།། རིག་པ་ཕྱི་ཡི་དབྱིངས་ནམ་མཁའ་བཞག་པསྡུ།། ནང་དབྱིངས ་རང་སྔར་དག་སྟེ་སྣང་།། ཉམས་རང་བདེ་རང་གསལ་རང་དངས། ཀྱི་སྣང་བ་འདི་སྐྱེས་པས།། དབྱིངས་རིག་སྐྱེ་བ་མེད་པར་གཉིས་མེད་དུ་འདྲེས་པས་མ་ཡང་ཡིན།། དབང་པོ ་ཀུན་གྱི་དངས་མ་ཡང་། འཆར་བྱེད་སྒོ་ནི་མིག་ཡིན་པས།། ཀུན་དབྱིངས་དང་འཁོར་འདས་གྱི་གཞི་འཛིན་མ་ཞེས་བྱ།། དབྱེ་བ་དངས་མ་ལས་གྱེས་པའི། རྣམ་པ་གསུམ་ཡིན། ་ནོ།། འབྱུང་བའི་རྩལ་ཤར་བས་ཡུལ་དུ་མ་ལ་འཛིན། དངས་མར་རང་འདུས་པའི།། རྒྱང་ཞགས་ཆུ་ཡི་སྒྲོན་མ་དང་།། ཡེ་ཤེས་ལྔའི་རྩལ་གྷི་ནང་འདུས་པའི་རྒྱང་ཞགས ་དང་།། དབང་པོ་ཐམས་ཅད་ཀྱི་དངས་མ། འདུས་པའི་རྒྱང་ཞགས་སོ།། འདི་ཡི་མཚན་ཉིད་འདི་ལྟ་བུ།། འཆར་བྱེད་འགག་པ་མེད་པ་ཡིས།། དབང་པོའི་དྭངས་མ་མིག ་གི་སྒོར།། བསྐྱེད་པས་དངས་མའི་པདྨའི་ཡང་སྤྱན་དུ་གནས།། རང་གི་མཚན་ཉིད་དབང་པོ་འཛིན།། འབྱུང་བ་ལྔ་ལས་རླུང་གིས་དངས་མ་གཟུགས་ལ་འཇུག་པའི་ཚེ་ལས་ནི ་འཕེན་པ་དང་།། སྡུད་ཤེས་པ་ཡུལ་ལ་དང་འཛིན་དང་མཆེད་པར་སྤང་།། ཡེ་ཤེས་ལྔ་དབྱིངས་ཡེ་ཤེས་གཉིས་མེད་དུ་ལས་ནི་བལྟ་བ་དང་།། གནས་དང་། ་ཙེཏྟའི་རྩ་གསུམ་ནས། གོང་མ་འཛིན་པའོ།། དབང་པོས་ཡུལ་དང་ཡུལ་ཅན་དང་།། ཡུལ་མེད་རྣམཚན་རང་འཛིན་པའོ།། འདི་རྒྱུད་ཞགས་ཡི་གནས་ནི་མིག་ཡིན་ཏེ།། མཐོང ་བྱེད་འགག་པ་མེད་པ་ཡིས།། ཡུལ་གཟུགས་སོགས་རྣམས་འཛིན་པར་བྱེད་པ་ཡིན།། ཀླད་པ་སྤྱི་གཙུག་དུང་ཁང་དཀར་པོ་ལ། རྩ། གཡས་སུ་སོང་སྟེ་ཁུག་པ་འཁྱིལ ་xxx ་གི་རྣམ་ཤེས་འདི་ཉིད་གནས།། ཐོག་མ། སེམས་ཅན་ཀུན་གྱིས་རང་གི་ལུས་བསྐྱེད་པས།། མ་ཡི་མངལ་དུ་ཞུགས་པའི་ཚེ།། ལུས་ཀུན་གྱི་ནི་ཐོག་མ་རུ།། ལྟེ་བའི་རྩ་མདུད ་ཆེན་པོ་ལས།། དབུས་ཀྱི་གྲུ་གསུམ་ཉིད་དུ་ཡང་ལས་ཕ་མའི་རྒྱ་རྐྱེན་དངས་མ་ལས།། མིག་གི་འབྲས་བུ་ཉིད་དུ་ཆགས།། དེ་ཡང་ཕ་མའི་ཆ་གཉིས་ལས་དཀར་ནག། ་འདྲེས་པ་ཉིད་དུའོ།། འཆར་བའི་སྒྲོ་ནི་མིག་གཉིས་དང་།། དབང་པོ་ཡུལ་ལ་འཆར་བྱེད་ཀྱི།། རྩ་ལས་འདི་ཀུན་སྣང་བར་ཤར།། དཔེར་ན་འཛིན་བྱེད་ལྕགས་ཀྱུ་ཡིས།། གང ་སྣང་སྣ་ནས་འཛིན་པ་བཞིན།། འཁོར་དང་མྱ་ངན་འདས་པ་ཡི།། སྣ་གཉིས་འདི་ཡིས་འཛིན་པར་བྱེད།། སྒྲོན་མས་སྣང་བར་བྱེད་དོན་གྱིས།། ཡུལ་གཟུགས་སྣང་སྟེ་རིག ་པ་ཡང་།། ལུ་གུ་རྒྱུད་སྣང་ཆོད་ཡིན་ནོ།། ཞེས་སྒྲོན་མ་འབར་བའི་རྒྱུད་ལས། རྒྱང་ཞགས་ཆུ་ཡི་སྒྲོན་མ་སྟོན་པའི་ལེའུ་སྟེ་དང་པོའོ།། །། བླ་མརྠ།། མྲཿ། དེ་ནས་རྒྱུད ་དུག་སྤང་བ་རྣམ་པར་དག་པ། རྡོ་རྗེ་འཆང་།། ཉིད་ཀྱིས་གསུངས་པ་བློར་ཆུད་ནས།། ཡང་ནི་ཚིག་གིས་འདི་སྐད་གསོལ།། ཀྱེ་ཀྱེ་བཅོམ་ལྡན་རྡོ་རྗེ་འཆང་།། སྟོན་པ་ཉིད ་ཀྱིས་གསུངས་པ་ལས།། བདག་ནི་དམ་པའི་ངེས་པ་རྙེད།། ཆུ་ཡི་སྒྲོན་མ་དེ་ལྟར་ན།། ཉིད་ཀྱིས་གོང་དུ་གསུངས་པ་ཡི།། ཤེས་རབ་རང་བྱུང་སྒྲོན་མ་ཞེས།། གསུངས ་པའི་དོན་དེ་བདག་ཉན་འཚལ།། དེ་ཡི་ངོ་བོ་ཇི་ལྟ་བུ།། དེ་བཞིན་དེས་ཚིག་རྣམ་པ་གང་།། དབྱེ་བ་དུ་ཡིས་བསྟན་པ་ལགས།། འདི་ཡི་མཚན་ཉིད་ཇི་ལྟ་བུ།། སྒོ་ནི ་འཆར་བྱེད་གང་ལ་སྣང་།། དེ་བཞིན་གནས་པ་གང་གིས་ལགས།། དགོངས་པའི་ཚད་རྣམས་ཇི་ལྟ་བུ།། འདི་ལ་མཐུན་དཔེ་གང་གིས་མཛད།། ་སྟོན་པ་ཐུགས་རྗེ་ཆེན་པོ་ལ།། འདི་ཀུན་བདག་གིས་ཉན་པར་འཚལ།། དེ་ནས་སྟོན་པས་ཡང་གསུངས་པ།། ཀྱེ་མ་རྒྱུ་ཡི་རྡོ་རྗེ་འཆང་།། ང་ཡིས་བསྟན་གྱིས་ཁྱོད་ཀྱིས ་ཉོན།། འདི་ཀུན་འཁྲུལ་པ་མེད་པར་ཟུང་།། ཤེས་རབ་རང་བྱུང་སྒྲོན་མ་ནི།། འདི་ནི་སྒོ་ན་མ་ཐམས་ཅད་ཀྱི།། ཤེས་བྱེད་འདི་མེད་ན་དོན་མི་རྟོགས་པས་ན། ཉིད་དུ་གནས་པས ་ན།། ཀུན་གྱི་ཆ་ལ་འདི་ཉིད་པས།། འབྱེད་པའི་ཤེས་རབ་མགོའི་ནང་ན་ཡོད་པ་ལས། ཉིད་པས་ནི།། འབྱེད་པ་མེད་པའི་ཚུལ་དུ་གནས།། ཆ་ཕྲ་བ་སྐྱེད་པའི་ངོ་ཚ ་ཡེ་ཐོག་ཉིད་ནས་གནས་པའོ།། ཤེས་པ་དངོས་དང་དངོས་མེད་པའི།། སྣང་བ་ཀུན་ལ་རབ་ཞུགས་ནས།། སྤྱི་ཡི་དོན་རྣམས་ཤེས་པ་དང་།། མ་བཙལ་བཞག་པའི ་གདིང་རྙེད་དེ། རང་གི་ཡེ་ཤེས་ཚད་རྣམས་ཤེས།། རང་བཞིན་དག་པའི་ཆོས་སྐུ་ནི།། སུས་མ་རྙེད་པར་རང་རིག་པས།། ཀུན་ལས་ཁྱད་འཕགས་རབ་ཏུ་སྡང་།། ་གཞན་གྱིས་དཔྱད་བའི་གནས་མེད་པས།། རང་ཤཱར་ཡེ་ནས་དག་པའི་ཡུམ།། གཞན་གྱི་ཡུས་མིན་རང་ཞེས་བྱ།། བྱས་པས་འདི་དོན་རྙོད་པ་མེད།། སུ་ལ་རེ་བ་མེད ་པའི་ཕྱིར།། ཡེ་ནས་རང་སྣང་བྱུང་ཞེས་བྱ།། སྒྲོན་ནི་ཆོས་ཉིད་ཐམས་ཅད་ཀུན།། གཉིས་སུ་མེད་པར་སྣང་བར་བྱེད།། མས་ནི་རང་ངོ་ཁྱབ་པས་སོ།། ཆོས་ཉིད་མ་སྐྱེས ་མི་འགག་པས།། མི་གནས་རང་སར་གྲོལ་བ་ནི།། མ་ཆགས་གནས་པ་མེད་པ་སྟེ།། ཡེ་ནས་བཅིང་གྲོལ་མེད་པའོ།། དབྱེ་བ་རྣམ་པ་ལྔ་ཡིན་ཏེ།། གཞི་གནས་རང་བྱུང་ཤེས ་རབ་ཀྱིས།། ལུས་སོགས་ཆོས་ཀྱི་རྟེན་རྣམས་བྱེད།། སྣང་བ་ཅེར་འཛིན་ཤེས་རབ་ཀྱིས།། དབྱིངས་དང་རིག་པའི་འདུན་པ་འཛིན།། དྲན་པ་འགག་མེད་ཤེས་རབ་ཀྱིས།། ་ཤེས་པ་རྩེ་གཅིག་ཡུལ་རྣམས་སྤྲད།། སོ་སོར་རྟོགས་པའི་ཤེས་རབ་ཀྱིས།། སྐྱོ་དང་རང་གི་མཚན་ཉིད་འབྱེད།། འཇུག་བྱེད་རྣམ་གསུམ་ཤེས་རབ་ཀྱིས།། རང་བཞིན ་བར་དོ་གཏན་ལ་འབེབས།། སྣང་དང་མི་སྣང་ཆོས་རྣམས་ཀུན།། རང་བཞིན་མེད་པར་སུས་ཤེས་པ།། འདི་ནི་དེ་ཡི་མཚན་ཉིད་དོ།། འཆར་བྱེད་སྒོ་ནི་དབང་པོ་ལྔ།། ཁྱད ་པར་སྙེད་ནས་འགྱུར་བར་བྱེད།། དེ་རྟགས་མཚན་མ་འདྲ་བ་ཉིད་དུ།། རྩཝ་དང་སྲིད་པ་དྲུག་བློ་དང་།། ཤིན་དྷ་གློ་གྲགས་ལུས་པའི་ཚེ།། དང ་དངས་པའི་འོད་ཟེར་ནི།། མེ་སྡུག་བཞིན་དུ་ནམ་འཐོས་པས།། དེ་ཡི་ཚད་དང་རྟགས་དེ་ཡིས།། འཆར་བར་བྱེད་པའི་སྒོ་ངོས་ཟིན།། སྐྱེད་པར་བྱེད་པའི་རྩཝ་བཞི་ནས།། ་རྫུ་ས་ནི་པ་བྱེད་པའི་བདག་ད་། འི་ན ་ས་ལས་། ནནས་ག་ག་གི། ས་རྣམས་པ་ང་བཞིན་དུ ་མ།། ཤེལ་སྤུག་ཁོག་པ་སྟོང་པའི་ནང་།། གསལ་བ་ཤེས་རབ་ཆེན་པོར་བཞུགས།། མིང་བཞི་འདུས་པའི་ཡེ་གདངས་སུ།། ཐམས་ཅད་འབྱེད་པའི་ངོ་བོར་ནི།། ཡེནས ་ལུས་ཀྱི་ཆ་ལ་གནས།། སྐབས་སུ་རླུང་གིས་རང་བཟུང་བས།། ཤེས་པ་དྲན་མེད་རྨུགས་པ་ཡང་།། ཤེས་རབ་རྩལ་རྣམས་རྒྱས་འཐུམས་པས།། གསལ་བའི་ཆ ་མེད་རྨུགས་པར་འགྱུར།། རླུང་གིས་ཤེས་རབ་རྩལ་བསྐྱོད་ཚེ།། སྔོན་མ་ཐོས་པའི་ཆོས་རྣམས་ཀྱང་།། ཡིད་ལ་དྲན་ཞིང་གསལ་བར་འཆར།། གསལ་དང་མི་གསལ ་རྩཝལ་རྣམས་ནི།། ཆུང་གི་གཡོ་འགུལ་ཉིད་ལས་བྱུང་།། ལུས་དཀྱིལ་རྩ་ནང་གནས་པའོ།། གཞི་ག་ནས་ཤེས་རབ་རང་བྱུང་ཆོད།། ཆོས་ཀུན་མཉམ་པའི་ཉམས ་སྐྱེས་ནས།། ཤེས་པ་བརྟན་པའི་གདིངས་རྙེད་ཡིན།། དེ་ཉིད་འགྱུར་བ་མ་ཡིན་པར།། རྟག་ཏུ་རྒྱུད་ལ་གནས་པས་ན།། འདིས་ནི་གཞི་གནས་ཤེས་རབ་ཟིན།། འདི ་ཡི་ལྔས་ཀྱང་ཡང་བ་དང་།། ཤེས་པ་རྣམས་ནི་གསལ་བའོ།། སྣང་བ་ཅེར་འཛིན་ཤེས་རབ་ཚད།། ཅོག་བཞག་ཉམས་སུ་མྱོང་བའི་རྟགས།། ལུས་དཀྱིལ་ཁ་དོག ་ལྟ་ཡི་འོད།། རྩོལ་བ་མེད་པར་ཕྱིར་ཤར་ནས།། འདི་ལ་ཤེས་པ་རངས་ཟིན།། ལུས་ཀྱང་ས་ལ་རེག་པ་མེད།། འདི་ཡིས་ཤེས་པ་གར་གཏད་པའི།། བེམ་པོ་རྣམས ་ཀྱང་འགུལ་བར་འགྱུར།། རང་རྩལ་འགྱོངས་པའི་ཚད་ཡིན་ནོ།། དྲན་པ་འགག་མེད་ཤེས་རབ་ཆོད།། ཤེས་པ་གཞན་ལ་འཇུག་པ་མེད།། གཅིག་པུར་འདུག ་བར་དགའ་བ་དང་།། དབེན་པའི་ས་ལ་རྟག་ཏུ་དང་།། མི་དང་འགྲོགས་སྐྱིསྒྱིང་མི་འདོད་པར།། ཤེས་བརྩེ་གཅིག་འགྱུར་བ་མེད།། གཞན་གྱིས ་བརྗོད་པའི་གཏམ་ལ་ཡང་།། གཟུངས་སུ་འཛིན་པ་ཉིད་དང་བྲལ།། བལྟ་བ་མི་འགྱུར་གདིང་ཉིད་དུ།། ནམ་མཁའ་དག་ལ་འགྲོ་བ་སྙམ།། སེམས་དེ་གར་གཏང་ས ་དེར་ཆགས།། ཕདྨོལླ་ནཱམྦྷམྦྷ་མྦྷ་ཙྪིན་གྱིས་ཀྱང་།། འདི་ལ་བསྣུར་དྲུག་ལཱ་ནཱས།། བག་མེད་ཀླས་པ་བྲིདི་ཡངས་པ།། འདི་ལྟར་ཤེས་པའི་མི་དཱི་ནྟེ།། དྲན་པ་འགག་མེད ་ཤེས་རབ་ཟིན།། སོ་སོར་རྟོགས་པའི་ཤེས་རབ་ཚད།། ཀུན་གཞི་དང་ནི་ཆོས་སྐུ་ཡང་།། འདི་ལྟར་ཕྱེད་རྟགས་འདི་ལྟ་བུ།། ལུས་ལ་ཞེན་པའི་བློ་བྲལ་ནས།། རིག་པ་གང་། ་གཏད་སར་གནས་ཏེ།། ལུས་ནི་བེམ་པོ་བཞིན་དུ་འགྱུར།། སེམས་དང་ཡེ་ཤེས་ཕྱེད་པས་ནི།། འགྱུ་བྱེད་རྣམས་ཀྱི་སྒོ་ཡང་འགག། འབྱུང་བ་དྭངྒ་སྙིགས་སུ་ཕྱེད་པ།། ་རགས་པའི་སྣང་བ་རང་འགགས་ཏེ།། ལུ་གུ་རྒྱུད་ལ་བདེ་བར་སྤྱོད།། དེ་བཞིན་འཁོར་འདས་སུས་ཕྱེད་པར།། འཁྲུལ་པའི་བློ་རྣམས་སྐྱེ་མ་སྲིད།། གལ་ཏེ་སྐྱེས་ཀྱང ་ཕན་གནོད་བྲལ།། དེ་ལ་སོགས་པའི་ཤེས་རབ་ཀྱིས།། འཁོར་འདས་གཏན་ལ་ཕེབས་པ་ནི།། སོ་སོར་རྟོགས་པའི་ཤེས་རབ་པོ།། འཇུག་བྱེད་རྣམ་གསུམ་ཤེས་རབ ་ཚད།། ཆོས་ཀུན་ཚིག་གཅིག་སྨོས་པས་ནི།། དེ་ཡི་གཞུང་ཀུན་ཤེས་པ་ནི།། ཐོས་པའི་ཤེས་རབ་ཚད་དུ་ཕྱིན།། ཤེས་པས་གང་ལ་བསམ་པ་ཡིས།། ཟུངས་དེ ་རྒྱུད་ལ་བདེར་ཤར་ན།། བསམ་པ་ཡང་ནི་དེ་བཞིན་འབྱོངས།། གང་བྱུང་རྐྱེན་གྱིས་མི་གནོད་པར།། འཁྲུལ་རྟོག་ཞན་པ་རང་འགག་པ།། འདིས་ནི་བསྒོམ་པའི་ཤེས ་རབ་རྙེད།། དཔེར་ན་སྨྲ་བ་རླན་མེད་ལ།། མེ་སྟག་ཕྲ་བ་ཉིད་ཕྲད་ཀྱང་།། སྨྲ་བ་ཀུན་མཆེད་མེས་བསྲེགས་བཞིན།། ཤེས་རབ་ཀྱིས་ནི་བག་ཆགས་བསྲེགས།། ་འདི་ཀུན་ཤེས་རབ་སྒྲོན་མའོ།། ཞེས་སྒྲོན་མ་འབར་བའི་རྒྱུད་ལས། ཤེས་རབ་རང་བྱུང་གི་སྒྲོན་མ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། ་ནི་མཻ་ཨཱཔྣཎཎཿདེ་ནས་རྒྱུ་ཡི་རྡོ་རྗེ་འཆང་།། རང་གིས་ཡིད་ཆེས་ཚིག་ཤར་ནས།། མི་རྟོག་མཉམ་པ་ཆེན་པོར་གྱུར།། ཤེས་རབ་ཆེན་པོ་རང་ཤར་ནས། ་ནས།། ཆོས་ཀུན་རོ་གཅིག་རྩད་ནས་ཆོད།། དངོས་བྲལ་སྟོང་པའི་ཡུལ་རྙེད་ནས།། མ་འོངས་སེམས་ཅན་ཀུན་དོན་དུ།། རྡོ་རྗེ་འཆང་ལ་འདི ་སྐད་གསོལ།། ཀྱེ་ཀྱེ་སངས་རྒྱས་རྡོ་རྗེ་འཆང་།། བདག་ཉིད་ཆོས་ཀུན་རང་གསལ་བས།། དྲི་མ་མེད་པའི་མིག་རྙེད་ནས།། སྤྲོས་བྲལ་ཀཱ་དག་ཆེན་པོ་ཡི།། ཆོས་ཀུན ་རྩཝད་ནས་འདིར་ཆོད་དེ།། མ་འོངས་སེམས་ཅན་ཐམས་ཅད་ལ།། སྙིང་རྗེས་སྙིད་ནུས་བཟུང་བའི་ཕྱིར།། ཤེས་རབ་སྒྲོན་མ་དེ་ལྷུར་ན།། ཐིག་ལེ་སྟོང་པའི་སྒྲོན་མ ་ཉིད།། སྟོན་པས་གོང་དུ་ཚིག་གསུངས་པ།། འདི་ཡི་ངོ་བོ་ཇི་ལྟ་བུ།། ངེས་པའི་ཚིག་ནི་གང་རྣམས་ལགས།། དེ་བཞིན་དབྱེ་བ་དུ་ཙམ་མཆིས།། མཚན་ཉིད ་དགོངས་པ་ཅི་ཞིག་ཡོད།། འདི་ཡི་གནས་ནི་གང་ན་གནས།། འཆར་བར་བྱེད་པའི་སྒོ་དེ་གང་།། དེ་ལ་རང་བཞིན་ཅི་ལྟ་བུ།། ཡུལ་ནི་ཅི་ལྟར་སྣང་བ་ལགས།། དེ་ཀུན ་ཚད་ནི་གང་གིས་བཟུང་།། འདི་ཉིད་དངོས་ནི་གང་ཞིག་ལགས།། དེ་ཡི་ཐབས་ཀྱི་མན་ངག་ཅི།། དེ་ལ་མཐུན་དཔེ་ཇི་ལྟར་ལགས།། འདི་ཀུན་སེམས་ཅན་ཀུན་དོན་དུ ་རྗེ་འཆང་ལ་བདག་ཉིད་འཚུལ།། དེ་ནས་རྡོ་རྗེ་འཆང་བ་ཡིས།། རང་བཞིན་དག་པ་ཆེན་པོ་དེས།། འདི་སྐད་ཚིག་ཏུ་ཡང་གསུངས་སོ།། ཀྱེ་མ་རྒྱུད་དག་རྡོ་རྗེ་འཆང་།། ་ཁྱོད་ཀྱིས་ཞུས་པ་དེ་ལེགས་སོ།། ང་ཡིས་ཁྱོད་ལ་བསྟན་པར་བྱ།། འདི་ལྟར་མ་འོངས་དོན་དུ་ཡང་།། ངས་བསྟན་ཁྱོད་ཀྱིས་ཚིག་འདི་ཟུང་།། ཐིག་ལེ་སྟོང་པའི་སྒྲ ་མ་ནི།། ཆོས་རྣམས་ཀུན་གྱི་ཡིད་ཆེས་སུ།། འདི་ཉིད་སུ་ཡིས་ཤེས་པ་དེ།། ཐིག་ལེ་སྐུ་ལ་ལོངས་སྤྱོད་དེ།། གོམས་པ་རྣམས་ཀྱི་སྤྱོད་ཡུལ་ལོ།། དེ་ཕྱིར་འདི་ཡི་ངོ ་ནི།། ཉག་གཅིག་ཆེ་ཕྲ་སྤྲོས་དང་བྲལ།། སྟོང་པའི་མུན་འབྲལ་རང་གསལ་ཆེ།། རང་བཞིན་རང་གསལ་མཉམ་པ་མེད།། མི་རྟོག་སྤོས་བྲལ་ཟླུམ་པོར་གནས།། ་མ་སྐྱེས་ཆོས་ཉིད་སྟོང་པ་ཉིད།། མི་སྐྱེ་རྫས་མེད་འཇིག་དང་བྲལ།། ཆོས་ཉིད་མ་ཡེངས་རང་ཤར་ཉིད།། མ་འགགས་མ་གྲུབ་མཚན་ཉིད་བྲལ།། མ་བསྐུར་རང ་དབང་བཞི་རྫོགས་ཕྱིར།། དམར་པོར་རང་གསལ་ཡེ་ནས་སྟོང་།། དྲི་མ་མེད་ཅིང་ཀ་དག་པས།། བདག་འཆིང་ཉོན་མོངས་རྣམས་དང་བྲལ།། རང་གིས་རང་གསལ ་དངོས་པོས་སྟོང་།། འདི་ནི་དེ་ཡི་ངོ་བོར་འདོད།། ཐིག་ནི་མི་འགྱུར་དྲང་པོ་ལ།། ཡེ་ནས་བཅོས་པ་ཉིད་དང་བྲལ།། ལེ་ནི་གདལ་བུ་ཆེན་པོ་ལ།། སྣང་བ ་རྣམས་ནི་རང་སར་རྫོགས།། སྟོང་པ་དངོས་པོའི་འཛིན་པ་ནི།། ཡུལ་ལ་ཞེན་པའི་བློ་རྣམས་བཀུག། རང་བཞིན་སྟོང་པ་ཆེན་པོ་ཡི།། གསལ་ལ་རང་བཞིན་བློ་མི་སྣང་།། སྨོན ་མས་འོད་ལྔར་སྣང་བ་ནི།། བྱས་ཏེ་རང་ངོགས་ལ་རིག་བཅས།། འདི་རྣམས་ངེས་པའི་ཚིག་ཡིན་ནོ།། ཆོས་ཉིད་སྟོང་པ་མ་བཅོས་པ།། ལྷུན་གྲུབ་ཆེན་པོར་ཡེ་ནས་གནས། ཐམས ་ཅད་མ་སྤངས་རིང་ཤར་ཉིད།། རྒྱ་ཆད་ཕྱོགས་ལྷུང་ཡེ་ནས་མེད།། རང་ཤར་རང་གྲོལ་རྫོགས་པའི་ཀློང་།། སེམས་ཅན་སངས་རྒྱས་གཉིས་མེད་རྫོགས།། དབྱེ་བ་ཉིད་ནི ་རྣམ་པ་ལྔ།། གཞི་གནས་རང་རིག་ཐིག་ལེ་ཡིས།། སྣང་སྲིད་འཁོར་འདས་གཅིག་ཏུ་བཟླུམ།། ལུས་གནས་རྩ་ཡི་ཐིག་ལེ་ཡིས།། བདེ་དང་སྡུག་བསྔལ་གཅིག་ཏུ་བཟླུམ ་ཀུན་རྫོབ་རྒྱུ་ཡི་ཐིག་ལེ་ཡིས།། ཕུང་སེམས་བསྐྱེད་པའི་རྒྱུ་ཡིན་ཏེ།། ཕུང་པོ་ཁམས་སོགས་ཆོས་རྣམས་ཀུན།། བྱ་བྲལ་རྫོགས་པ་ཆེན་པོར་བཟླུམ།། དོན་དམ་སྤྲོས ་མེད་ཐིག་ལེ་ཡིས།། དབྱིངས་དང་རིག་པ་གཅིག་ཏུ་བཟླུམ།། རང་བྱུང་འབྲས་བུའི་ཐིག་ལེ་ཡིས།། སངས་རྒྱས་ཀུན་གྱི་དགོངས་པ་ནི།། མཐའ་བྲལ་ལྷུན་གྲུབ་རྫོགས ་པའི་ངང་།། རྩོལ་བསྒྲུབ་བྲལ་བའི་དབྱིངས་སུ་བཟླུམ།། འདི་ཀུན་དེ་ཡི་དབྱེ་བས་ན།། མི་འགྱུར་ཐིག་ལེ་སྟོང་པ་ལས།། སྣང་བའི་ཡུལ་ལ་རྣམ་པ་ལྔ།། ཅིག་ཆར་བཟླུམ་པའི ་གནས་ན་གསལ།། གསལ་བ་འདི་ལ་ནུབ་པ་མེད།། ཡེ་ནས་རང་བྱུང་ཆེན་པོའི་ཚིག། འདི་ཀུན་སྤྲོས་མེད་གཅིག་ཏུ་གནས།། དེ་ཉིད་མཐོང་བ་དེ་རང་ཉིད།། གཞན་ནས་བཙལ ་བའི་གནས་མེད་དོ།། རང་གནས་དགོངས་པ་གཅིག་ཡིན་པས།། ཐ་སྙད་རྣམས་ཀྱི་གྲངས་ཟད་དེ།། གཉིས་སུ་འཛིན་པའི་ཞེན་པ་བྲལ།། འདི་ལ་གཉིས་སུ་ག་ལ་སྲིད།། ་རང་གི་མཚན་ཉིད་ངོ་བོ་སྟོང་།། རང་གིས་མངོན་པར་ཞེན་པ་འགག། རང་བཞིན་མི་འགྱུར་རྟོག་མེད་དགེ། མ་བསྒོམས་པ་དང་མཚམས་མེད་པར།། ཐིག་ལེ་ཟླ་དང་བྲལ ་བ་ཡི།། རང་གནས་ཆེན་པོའི་དགོངས་པ་ལ།། བྱ་བྱེད་བྲལ་བར་རྒྱུན་དུ་གནས།། མཚན་ཉིད་སྟོང་པ་གསལ་བས་ཁྱབ།། རང་ངོ་ལུས་ཀྱི་མཐའ་རྣམས་ཟད།། མདོར་ན་བདག ་འཛིན་ཡུལ་ལས་གྲོལ།། སྟོང་པ་ཆེན་པོའི་ཡེ་གདུང་སྩ་ལས།། རང་གནས་སུས་ཀྱང་བྱས་མེད་པ་རུ།། ཡེ་ནས་མཉམ་པ་ཆེན་པོར་གནས།། སེམས ་ཅན་ཀུན་གྱི་ལུས་ཀྱི་དཀྱིལ།། ཙིཏྟཱ་རིན་ཆེན་གཞལ་ཡས་ཁང་།། རྩཝ་ནི་སྟོང་ཕྲག་གྲངས་མང་ཡང་།། ཁྱད་པར་ཆེན་པོའི་རྩ་བཞི་ལས།། ཀ་ཏི་གསེར་གྱི་རྩ་ཆེན་དང་།། དར ་དཀར་སྣལ་མ་ལྟ་བུ་ནི།། ཕྲ་ལ་འཁྲིལ་དང་ཤེལ་སྡུག་ཅན།། འདི་བཞིའི་ནང་དུ་ཁྱད་པར་ནི།། གནས་ཤིང་རླུང་གི་རྟ་ལ་ཞོན།། འབྱུང་དང་འཇུག་དང་རང་ཤར་དང་།། སྣང ་བ་ཡི་ནི་བདག་ཉིད་དུ།། ཡེ་ནས་སྤྲོས་པ་མེད་པར་ཡང་།། གཞི་ཡི་ཐིག་ལེ་བཟང་པོ་དང་།། ལམ་གྱི་ཐིག་ལེ་དེ་བཞིན་བཟང་།། བཟང་པོ་རྣམས་ཀྱི་རྩེ་མོ་དང་།། བཟང་པོའི་རྐྱེན ་དང་ལྡན་པར་ཡང་།། རྩ་རྣམས་ཀྱི་ནི་ནང་ན་གནས།། འདི་ཀུན་རྟགས་ཀྱི་རང་བཞིན་དུ།། ལུས་གནས་རྩ་ཡི་ནང་ན་ཡང་།། སེམས་ཅན་གྱི་ཡང་ལུས་རྟེན་དུ།། ཐོག་མ་ནས་ནི ་གནས་པ་ཡི།། སྣང་བ་ཡི་ནི་འཆར་བྱེད་པ། རྐྱེན་གྱིས་མ་བསྒྲིབས་སེམས་ཅན་མིག། ཙཀྵུ་དཀར་འཇམ་ཞེས་པའི་སྒོ་ནས་ནི།། ཉི་མའི་དཀྱིལ་འཁོར་བཞིན་དུ་ཡང་།། རང་གི་འོད ་ཟེར་ཉིད་དུ་ཡང་།། རང་ཆས་རྣམས་སུ་རྣམ་པར་སྣང་།། འཆར་བྱེད་འབྱུང་ཚུལ་མ་འགགས་པས།། དབང་པོ་རྣམས་དང་འབྲེལ་པའི་ཚུལ།། སྣང་བའི་ཡུལ་དུ་གུས་ལ་བར ་ཡང་།། ཀུན་གྱིས་མིག་ནས་འཆར་བའོ།། སྟོང་པ་ཉིད་ལ་རང་ལོག་པ།། མྱོང་བྱེད་གསལ་བའི་སྣང་བར་ནི།། ཡེ་གདངས་ལྔ་དང་བཅས་པར་ཡང་།། རང་བཞིན་བབ་ཀྱིས ་གནས་པ་ལ།། གསལ་བྱེད་རྣམས་ཀྱི་ངོ་བོ་ཡང་།། དངོས་པོ་ལས་ནི་ལོག་པར་ཞུགས།། སྟོང་པ་ཉིད་དུ་མ་ཡིན་ཏེ།། རང་གསལ་ཤེས་པའི་ཐོག་མར་ནི།། ཡེ་ནཱས་རང་གི་མཚན ་ཉིད་དུ།། ཐོག་མའི་ཀ་དག་ཆེན་པོའི་ལས།། རང་བཞིན་ཉིད་ནི་འདི་ལྟ་བུ།། སུས་ཀྱང་མཿས་རང་གསལ་བར།། ཡེ་ཉིད་ནས་ནི་རང་བཞིན་ནོ།། བར་སྣང་ཉིད་ནི་སྟོང་པ ་ལས།། སྣང་བ་རང་ངོ་མ་འགགས་པས།། རང་བྱུང་ཐིག་ལེ་ཆེན་པོར་གནས།། བརྗོད་མེད་དང་གནས་ངོ་བོ་ཡང་།། ཡེ་ནས་ནམ་མཁའི་ཁམས་སུ་སྣང་།། ཐིག་ལེ ་སྤྲོ་དང་བསྡུ་མེད་པར།། བར་སྣང་ཉིད་དུ་སུས་ཟིན་པས།། དེ་ཡི་ཚད་དུ་དེ་འགྱུར་ཏེ།། རྩོལ་མེད་གྲོལ་བའི་རྟགས་སུ་སྣང་།། རྩོལ་བཅས་ལ་ནི་ཚད་མེད་དོ།། འོད་ལྔ་འདུས་པའི ་ཐིག་ལེ་ནི།། ལྷ་རྣམས་ལ་ནི་རང་མཐོ་གང་།། ཟླུམ་པོ་རང་གསལ་ཆེན་པོར་ཡོད།། ལྷ་མིན་རང་གི་ཆག་གང་ཡོད།། མི་རྣམས་རང་གི་མཐེབ་གང་།། ་ཟླུམ་པོ་ཟག་པ་མེད་པར་ཡོད།། བྱོལ་སོང་ལ་ནི་ཕྱིར་མི་སྡང་།། ཡི་བྱུགས་རང་ངོ་ཕྲ་བར་ཡོད།། དམྱལ་བ་རྣམས་ལ་རང་གསལ་ཙམ།། ལྷ་ལ་དཀར་པོ་ཤེས་ཆེར་སྣང་།། ལྷ་མིན ་དེ་བཞིན་ལྗང་གུ་ཆེ། མི་ལ་དམར་གསལ་རང་ཆགས་བྲལ།། བྱོལ་སོང་ཉིད་ལ་མཐིང་ཤས་ཆེ།། ཡི་དྭགས་སེར་པོ་དེ་བཞིན་ནོ།། དམྱལ་བ་རྣམས་ལ་ཁ་དོག་ལྔ།། རང་གསལ།། ་ཤེས་པའི་ཆར་གནས་པ།། སྨོན་མ་དངོས་ནི་དེ་བཞིན་ནོ།། རང་གི་མཐེབ་དང་མཛུབ་མོ་ཡིས།། ཙཀྵུའི་ཕུགས་དང་འགྲམ་བཙིན་ན།། མངོན་དུ་སྣང་སྟེ་ཡིད་ཆེས་ཀྱིས།། གོམས།། ་པར་གྱུར་པའི་གནད་ཀྱིས་ནི།། དམར་པོའི་ཤེས་མེད་ལྔ་ལྡན་པར།། གྱུར་ཏེ་ནམ་མཁར་སྣང་ནས་ཡང་།། འདིས་ནི་རིག་པའི་རང་དབང་ཐོབ།། དེ་ནི་རྩོལ་མེད་རང་གྲོལ་ལོ།། ་རྩོལ་བ་ཅན་ཡང་འདི་ལྟ་སྟེ།། རང་གི་མཇིང་བའི་ཕྱི་རོལ་རྩ།། འཕྲིག་ཅིང་འཕར་བ་དྲག་པ་ལ།། སོར་དང་མཛུབ་ཀྱིས་ཡང་བཙིར་ནས།། མིག་གི་འདུག་སྟངས་མཁས་པས་བྱ།། ་འོད་ནི་མངའ་གང་ཚུན་ཆང་གསལ།། དེ་ལས་མཆེད་པའི་དུས་རྣམས་བཟུང་།། དེ་ཡི་ཐབས་ནི་མན་ངག་ཏུ།། དེ་ཀུན་དེ་ཡི་ངེས་འགྱུར་རོ།། དཔེར་ན་རྨ་བྱའི་མདོངས་དང་མཚུངས།། ་དེ་བཞིན་ཁྭ་ཡི་མིག་གམ་ནི།། ཡང་ན་དེ་བཞིན་ཉ་ཡི་མིག། དེ་བཞིན་སྲོག་ཆགས་རྐུན་མོའི་མིག། འདི་རྣམས་བཞིན་དུ་གནས་པའོ།། ཞེས་སྒྲོན་མ་འབར་བའི་རྒྱུད་ལས།། ཐིག ་ལེ་སྟོང་པའི་སྒྲོན་མ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། སྠཱམྦཉྫ་23ཟླ། དེ་ནས་རྒྱུད་དག་རྡོ་རྗེ་འཆང་།། མེ་གནས་ཡེ་ཤེས་གོ་ཕྱེ་ནས།། ཡང་ནི་འདི་སྐད་བྱ་བ་གསོལ།། ཀྱེ་ཀྱེ ་བཅོམ་ལྡན་རྡོ་རྗེ་འཆང་།། ཐིག་ལེ་སྟོང་པའི་སྒྲོན་མ་ཉིད།། སྟོན་པས་གསུངས་པ་དེ་ལྟར་ན།། ཉིད་ཀྱིས་གོང་དུ་གསུངས་པ་ཡི།། དག་པ་དབྱིངས་ཀྱི་སྨོན་མ་ཉིད།། སྔར་གསུང ་པ་ཡི་ཚིག་འདི་ཡི།། ངོ་བོ་ཅི་ལྟ་བུ་རུ་ལགས།། འདི་ཡི་ངེས་དོན་རྣམ་པ་ཅི།། འདི་ལ་དབྱིབ་དུ་ཙམ་མཆིས།། དེ་ཡི་རང་བཞིན་དེ་ཉིད་གང་།། མཚན་ཉིད་དགོངས་པ་ཇི་ལྟ་བུ།། ་འདི་ལ་གོམས་པ་ཇི་ལྟར་བགྱི།། དེ་ཡི་ཚད་ནི་གང་གིས་བཟུང་།། འདི་ཡི་གནས་ནི་གང་ན་གནས།། དེ་བཞིན་སྒོ་ནི་གང་ནས་འཆར།། དེ་ཉིད་དངོས་ནི་ཇི་ལྟ་བུ།། མཐུན་དཔེ ་གང་གིས་བགྱིད་ལགས་སོ།། འདི་ཀུན་བདག་གིས་སྔར་འཚལ་ཀྱང་།། མ་འོངས་སེམས་ཅན་དོན་དུ་ཡང་།། རྡོ་རྗེ་འཆང་ལ་བདག་ཉན་འཚལ།། དེ་ནས ་རྡོ་རྗེ་འཆང་ཆེན་གྱིས།། འདི་སྐད་ཚིག་ཏུ་བཀའ་སྩལ་ཏོ།། ཉོན་ཅིག་རྒྱུད་དག་རྡོ་རྗེ་འཆང་།། ངས་པ་སྟནྡྷ་པ་ལ་ནོར་བ་མེད།། ཁྱོད་ཀྱིས་ནོར་མེད་སེམས་ལ་ཟུང་།། རྣམ་དག ་དབྱིངས་ཀྱི་སྒྲོན་མས་ནི།། རིག་པ་ཡི་ནི་ངོ་བོར་སྡུད།། ལུ་གུ་རྒྱུད་ཀྱི་ར་བར་སྣང་།། འདི་ལ་སུས་གོམས་དོན་དེ་ཉིད།། མཐིང་གྲ་མི་འགྱུར་གསལ་བ་ལ།། མུ་ཁྱུད་ཀྱི་ནི་ར་བར ་གནས།། རང་གསལ་ཕྱི་ཡི་ཡུལ་དུ་སྣང་།། ངོ་བོ་ཉིད་ནི་མ་བཅོས་པའོ།། དབྱིངས་ཀྱིས་རིག་པའི་རང་ཡུལ་བྱེད།། རྡོ་རྗེ་ཉིད་ནི་ལུ་གུ་རྒྱུད།། འདི་ཉིད་ནང་དུ་འཇུག་པར་བྱ།། རང ་གི་ངོ་བོ་རྟོག་མེད་དུ།། ནང་གི་དབྱིངས་ཀྱི་གོ་རར་ཡང་།། མ་བཟུང་མི་གནས་ཚུལ་གྱིས་ནི།། འབྲལ་བ་མེད་པར་རྒྱུན་དུ་གནས།། རྣམ་པ་ཡུལ་དུ་སྣང་བ་ལ།། དག་པ་དྲི་མའི ་གྲངས་མཐའ་ཟད།། སྒྲོན་མ་རྡོ་རྗེ་ལུ་གུ་རྒྱུད།། ནམ་མཁའ་ཉིད་ལ་ཅེར་བཏོན་ཏེ།། རང་བཞིན་མེད་པར་སྣང་བར་བྱེད།། མས་ནི་དེ་ཡི་དོན་གཟིགས་པས།། རང་བཞིན་ཉིད་ཀྱི ་དེས་ཚིག་ཏུ།། ཡེ་ནས་འདུ་འབྲལ་མེད་པར་གནས།། དབྱེ་བ་རྣམ་པ་གསུམ་ཡིན་ཏེ།། གཞི་ལ་གནས་པའི་ངག་དབྱིངས་ཀྱི།། རིག་པའི་ཡེ་ཤེས་སྒྱུ་རུ་འཛིན།། ལམ་ལ་སྣང ་བའི་དབྱིངས་ཀྱིས་ནི།། རིག་པའི་ཐིག་ལེ་དངས་མ་སྡུད།། ཡུལ་ལ་སྣང་བའི་དབྱིངས་ཀྱིས་ནི།། ལུ་གྲུ་རྒྱུད་དེ་བཙོན་དུ་འཛིན།། འདི་ཀུན་དེ་ཡི་དབྱེ་བའོ།། རང་བཞིན་སྣང་བ ་མ་འགགས་པས།། བློ་དངོས་དྲན་པ་ཀུན་ཟད་དེ།། སྣང་བ་རང་དག་དབྱིངས་སུ་ནི།། རྟོག་པ་མེད་པའི་རིག་པ་ཡང་།། མི་གཡོ་མཉམ་པ་ཉིད་ཤེས་པས།། ཐམས་ཅད་མཉམ ་པའི་དབྱིངས་སུ་ཡང་།། ཡེ་ནས་རྣམ་རྟོག་ཟད་པར་ནི།། རང་བཞིན་རྣམ་དག་དབྱིངས་སུ་གནས།། བརྗོད་ཅིང་སྣང་ཚིག་གཉིས་མེད་པས།། ཕྱི་དང་ནང་མེད་དབྱིངས་སུ་མྱུདྨ། ་རང་ངལ་ཆེན་པོའི་ངང་དུ་གནས།། ཕྱི་ནང་མེད་པར་ཟད་ཐལ་བས།། མ་བསྒྲིབས་དྲི་མ་མེད་པར་ནི།། ཡེ་ནས་ཀ་དག་ཆེན་པོར་ཡང་།། རྣམ་པར་དག་པའི་དབྱིངས་ཀྱི་ནི།། ་མཚན་ཉིད་དུ་ནི་ཡེ་ནས་བཞུགས།། འདི་མེད་རིག་པའི་ཡུལ་མེད་པས།། སྣང་བ་འགག་པ་མེད་པ་ཡི།། ཆར་ནི་དབྱིངས་ཀྱི་སྒྲོན་མའོ།། འཁོར་འདས་རུ་ཤན ་ཕྱེད་ནས་ནི།། ལུས་ད་རྣམས་ནི་རྡུལ་དུ་ཕབ།། དེ་ནས་དབྱིངས་རིག་སྣང་བ་བརྟགས།། འདི་ལྟ་གོམས་པའི་ཚད་རྙེད་ནས།། ཕྱི་རོ་ཕྲུལ་གྱི་སྒྲུངས ་ནི།། གོང་ནས་གོང་དུ་ཕྱུང་འཕེལ་བསྟེ།། རིམ་ཀྱིས་རང་གོམས་ཆེན་པོ་ཐོབ།། འདི་ལ་བརྟན་པའི་ཚད་རྙེད་ནས།། ཆོས་རྣམས་ཟད་པར་གྱི་ན་ནི།། དེ་ཉིད་གོམས་པར་བྱེད ་པ་ཡི།། ཡན་ལག་ཏུ་ནི་སྣུ་བཤད་དོ།། མཐིང་ག་མི་འགྱུར་སྣང་བ་ལས། ཁ་དོག་གསལ་བའི་འོད་ལྡིར་ཡང་།། འདི་ཉིད་རབ་ཏུ་གསལ་འགྱུར་ཞིང་།། རང་གི་མདུན་གྱི ་ཡར་མཚམས་སུ།། སོར་བཞིའམ་ནཱི་མཐོ་གླིང་ལས།། འཕགས་ཏེ་ལུས་དང་བྲལ་བ་ན།། དེ་ཡི་ཚད་དུ་འགྱུར་རོ།། མིག་ནི་འབྱུང་བའི་རྐྱེན་མེད་ལ།། གནས་པས་པ ་རིག་པ་ཡང་།། ལུ་ཀླུ་རྒྱུད་དུ་སྣང་བ་སྟེ།། སྤྲིན་བྲལ་མཁའ་ལ་འཛིན་པར་བྱེད།། རང་ཤེས་ན་འདུགསལ་བའི་ཚེ།། ཙིཏྟའི་ནང་དུ་གནས་པ་ཡིན།། ཕྱིར་འཕྲོས་སྨིན་བྲལ་ནམ ་མཁའ་འོ།། མིག་གི་རྣམ་ཤེས་དག་པ་ལ།། གསལ་བྱེད་འབར་བའི་འོད་ཟེར་ལྡར།། མི་འགྱུར་ཁྱབ་པའི་ཚུལ་དུ་ཡང་།། མནིང་གའི་རང་གདངས་ཆེན་པོ་གནས་འ ་བྱེད་སྣང་བ་མ་འགགས་པས།། གྱི་ཡི་ཡུལ་ལ་རྣམ་པར་སྤྱད།། འདི་ནི་འཆར་སྐྱོ་མིག་ནུས་ཀྱང་།། འགྱུར་མེད་ཁྱབ་པའི་ཚུལ་དྷ་སྣང་།། འདི་ཡཱ་སྣང་བ་རང་དག་པས།། ་དབྱིངས་དང་རིག་བཟུང་འཇུག་པར།། ཡེ་ཤེས་གནས་ཏེ་ཙོག་བཞག་གོ།། རང་ཤར་རང་གི་སྤྱོད་ཡུལ་ལོ།། སྣང་བ་མིག་དྲུང་རང་འབྲེལ་པས།། དེ་ཉིད་རྐྱེན་བྲལ་ནམ་མཁའ ་ཤར།། དེ་ལྟར་འཆར་སྒོ་མ་འགྲགས་པའོ།། འདི་ལྟར་གནད་གསུམ་མན་ངག་དང་།། སུ་ལ་འཛོམ་པའི་སྐྱེས་བུ་ནི།། དབྱིངས་ལ་གོམས་ཏེ་མངོན་དུའོ།། སྲིད་པ་ཡི ་ནི་ཡར་མཚམས་ན།། འདི་ནི་གཉིས་འཇུག་ཟུང་ལས་ནི།། ཐབས་དང་ཤེས་རབ་རང་བཞིན་ལས།། གཉིས་ནི་འཁྲིལ་ཏེ་གཅིག་པར་ཡང་།། སོར་གཅིག་གིས་ནི་མུ་རེག ་པར།། ཉིན་དུས་འབྱུང་བའི་རྐྱེན་ལྡན་པས།། སྡང་བར་འགྱུར་ཏེ་མཚན་མོ་ཡང་།། མཐིང་ག་རང་ངོ་ཉིད་དུ་སྦྱར།། དབྱིངས་ཀྱི་རང་བཞིན་འོད་ཀྱི་ཁྱིམ།། འགྱུར་མེད ་ཡེ་གདངས་ཆེན་པོར་ནི།། སངས་རྒྱས་སེམས་ཅན་ཐམས་ཅད་ལ།། སུས་ཀྱང་བྱས་པ་མེད་པར་ནི།། ཡེ་ནས་གཉིས་མེད་མཉམ་པར་གནས།། འདི་ནི་ཁྱབ་ཆེ་ཕྲ་བ་ལས ་རང་གི་ཤེས་པའི་རྒྱུར་ཤར་ནས།། མངོན་སུམ་ཉིད་དུ་རབ་ཏུ་གསུང་།། གསང་བ་ཆེན་པོ་འདི་ཉིད་ལ།། གདུས་སྤྱོད་པར་འདོད་པ་དེ།། ཡེ་སངས ་ཉིད་ལ་ཡང་སངས་རྒྱས།། དངོས་པོའི་ཕྱོགསཱ་ལ་བལྟས་ན་ནི།། གསལ་བྱེད་མཚན་མའི་ཆ་ལྟར་སྣང་།། སྟོང་པ་ཉིད་ལ་བལྟས་པ་ཡིས།། རང་གསལ་གཟུང་བའི་ཡུལ ་མེད་པས།། སུས་ཀྱང་མི་ཟིན་སྟོང་པ་ཉིད།། འདི་ནི་གསལ་དང་སྟོང་པ་ནི།། ཡེ་ནས་ཁྱབ་ཅིང་གནས་པའོ།། རང་སྣང་སྟོང་ཉིད་གསལ་བའི་ཡུལ།། འདིས་ནི་དགོངས་པའི ་ཚད་རྣམས་འཛིན།། རང་དག་ཆེན་པོ་ཉིད་དུ་བསྟན།། དུས་མེད་སྣང་བའི་མཁའ་ལ་ནི།། འགྱུར་མེད་དབྱིངས་སུ་ཐམས་ཅད་འདུས།། འདི་ལ་འབྱུང་རྐྱེན་ནམ་བྲལ་ན།། སངས ་མ་རྒྱས་པ་གཅིག་ཀྱང་མེད།། འཁོར་བའི་སྣང་བ་མེ་སྲིད་དོ།། དཔེར་ན་ཡི་གེའི་ན་རོ་བཞིན།། གཉིས་ཀྱིས་བཟུང་སྟེ་སྡོམ་གཅིག་པ།། ནག་པོ་བསྒྱུར་དུ་བཏུབ་པ་མིན།། དེ ་ལས་གོམས་པའི་གདེང་རྙེད་ནས།། བར་སྣང་འཇའ་ཚོན་ཅི་བཞིན་དུ།། ཁ་དོག་མ་འདྲེས་ཡོངས་སུ་རྫོགས།། དེ་ནས་ཡང་གཅིག་གོམས་སྟོབས་ཀྱིས།། དེ་ཡི་རྟགས་དང ་ལྡན་པ་ལ།། བར་སྣང་ཁམས་ཀྱང་དེ་བཞིན་ནོ།། རྒྱུད་འདི་འཛིན་པར་སུས་འདོད་པ།། འདི་ནི་དམ་པ་སྐལ་ལྡན་པས།། རྒྱུད་འདི་སོ་སོར་བཟུང་བ་ཡིས།། ཡོན་ཏན་བསམ་མེད ་ཆེན་པོར་ཐོབ།། རྒྱུད་ཀྱི་མཚན་ཉིད་རྣམ་གསུམ་སྟེ།། དེ་ཡི་ངོ་བོར་སྦྱོར་ཤེས་བྱ།། ཇི་ལྟར་རྒྱུད་ཀྱི་མཚན་ཉིད་ཀྱིས།། རང་གི་ངོ་བོ་རྟོགས་པའོ།། ཞེས་སྒྲོན་མ་འབར་བའི་རྒྱུད ་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་བསྟན་པའི་ལེའུ་སྟེ་བཞི་པའོ།། །། དེ་སྐད་སྟོན་པས་གསུངས་པ་ཡིས།། རྒྱུད་དག་རྡོ་རྗེ་འཆང་ལ་སོགས།། དགའ ་ཞིང་མགུ་བའི་སེམས་སྐྱེས་ནས།། དེ་ཉིད་གསུངས་ལ་མངོན་པར་བསྟོད།། གསེར་གྱི་མེ་ཏོག་མཛེས་པ་རིན་པོ་ཆེ་སྒྲོན་མ་འབར་བའི་རྒྱུད་ཅེས་བྱ་བ། འབུམ་ཕྲག་དྲུག ་ཅུ་རྩ་བཞིའི་བཅུད་ཕྱུང་བ་རྫོགས་སོ།། ཨཱི། རྒྱ་རྒྱ་ཆེ།། རྒྱ་གར་གྱི་མཁན་པོ་པ་མ་ལ་མི་ཏྲ་དང་། ལོ་ཙྪ་བ་སྐབ་དཔལ་བརྩེགས་གཉིས་ཀྱིས་བསྒྱུར་ཅིང་ཞུས་ཏེ ་གཏན་ལ་ཕབ་པའོ།། དཔལ་སྔགས་ཀྱི་སུང་མ་ལྕམ་དྲལ་གྱིས།། རྒྱལ་བའི་བཀའ་འདི་སྲུངས་ཤིག། དཔལ་ལྡན་ཞྭའི་མགོན་པོ་དང་། དམ་ཚིག་གི་བདག་པོ ་རྣམས་ཀྱིས། དམ་མེད་སྡིག་ཅན་གྱི་སྲོག་རྩ་ཆོད་ཅིག། རྒྱུད་འདིའི་འགྲེལ་པ་ནི་མུ་ཏིག་ཕྲེང་བ་ཞེས་བྱ་བ་ཡོད་དོ།། སྒྲོན་མ་འབར་བ་ཉིད་ལ ་མ་བུ་ལྔ།། ། དགེའོ།། དགེའོ།། དགེའོ།། ་