CLOSE WINDOW

Gaz001.002: bkra shis mdzes ldan chen po'i rgyud
Wyliee-texts produced with BDRC’s OCR application

@##། རྒྱ་གར་སྐད་དུ། མཱུཧཱ་མངྒ་ལ་རུ་ཙི་ར་བཱནྡྷནྡྷ་ཤྱ་ག་ག་ན་མ་ཧཱ་ཏནྣ་ནཱ་མ། བོད་སྐད་དུ། བཀྲ་ཤིས་མཛེས་ལྡན་ཆེན་མཚན་དོན། ་པོའི་རྒྱུད། དཔལ་ནམ་མཁའ་ཆེན་པོ་བཀྲཤིས་མཛེས་ལྡན་རྒྱུད་དཔལ་ནམ་མཁའ་མེད་པ་ཆེན་པོ་རྒྱུད་ཅེས་བྱ་བ། མེད་པ་ཆེན་པོའི་རྒྱུད་ཅེས་བྱ་བ།། དོན་བསྒྱུར་ཨོཾ ་བཅོམ་ལྡན་འདས་རིག་པ་རང་སྣང་ཉིད་དང་། ཐོག་མའི་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ།། འཁྲུལ་པ་དངོས་ཀླད་ཀྱིས་བཀའ་ཆོམས ་བསྟན་པ། སརྦ་བྷ་ར་རྒྱ་ཨ། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། བསྟན་པ་རིན་པོ་ཆེ་བྱང་ཚུལ་བསྟན་པ། རིག་པ་ཡེ་ཤེས་ཀྱི་སྣང་བ་ཆེན་པོར ་གནས་ཕུན་སུམ་ཚོགས་པ། རང་སྣང་བའི་དུས་ན། སྣང་བ་ཆེན་པོའི་ངོ་བོ་སྐུ་དང་བཅས་པ། སྣང་བའི་རང་བཞིན་མ་འགགས ་ས། རེག་བྱའི་བླ་རྣམ་པར་དྲག་པ། ན་སྟེ་རྙེད་པ་སྙེད་དེ།། མེམ་ཧཱུ~ཾ།། དག་པའི་ནས་ཆེན་པོ་སྤྲུལ་མ་པ་ལྡ་བ ་ཀློང་ནས། ངོ་བོ་རིག་པ་དེའི་ཡེ་ཤེས་སོ།། ངམ་ཇིག་པ་ཉིད་ཀྱི་དོན་བསྟན་ཏོ།། ས་ཕུ་མ་མཚོགས་པ། ཡངས་པ་ཀུན་གྱི་བདག་ཉིད། སྔང ་ཆེན་པོའི་འཁོར་ཅན། སྡང་ཐབས་ནི། རང་གི་འདུག་ཚུལ། རང་སྤངས་པའོ།། གཉིས་སུ་མེད་པའི། དེས་སྨྲས་ཤིང་རང་སྣང་གི་གཞལ་ཡས་ཁང་དང ་xxx ་བཅས་པའོ།། རང་གི་འོད་ཀྱི་ཡུལ་དང་བཅས་པའོ།། ཐོག་མ་མེད་པའི་ཐུགས་རྗེ་དང་བཅས་པའོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། རྟོགས་པའི་སངས ་རྒྱས་མ་བྱུང་། མ་རྟོགས་པའི་སེམས་ཅན་མ་བྱུང་བའི་སྔོན་རོལ་ན། རིག་པ་རང་བྱུང་གི་ཡེ་ཤེས་ཉིད་གཞི་ལས་མ་གཡོས་ཏེ། རྐྱེན་མེད་པའི་སྣང་བ་གསུམ་དང་ཐབས་ཅིག་ཏུ ་བཞུགས་སོ།། གཞི་ཉིད་བསྟན། དེ་ནས་ཡང་རིག་པའི་ཡེ་ཤེས་མ་ཉིད་ཀྱིས། རང་རང་གི་འདུག་ཚུལ་གྱི་གནས་ལུགས་འདི་གསུངས་སོ།། ཀྱི་སྣང་བ་ཆེན་པོ་ཡངས་པའི་ཀློང ་དེ་ནི། མྱ་གཡོས་པ་ཆོས་ཀྱི་རྒྱུ་ཆེན་པོ་ལས། མ་འཁྲུལ་པའི་སངས་རྒྱས་ཆེན་པོར་བཞུགས་སོ།། ངོ་བོའི་གྲུ་མ་འགགས་པར་གནས་ཏེ། དེ་ཉིད་ངོ་བོ་མི་འགྱུར། ཐབས ་ཤེས་མརྟོགས། གསང་བ། དངོས་པོ་ལས་མ་གཡོས་མི་གཡོ་རིག་པ་ཉིད་མ་བསྐྱོད་པ། སྣང་བ་ཐམས་ཅད་དུས་གཅིག་ལ་རྫོགས་པ། ཡེ་ཤེས་ཐམས་ཅད་སྐད་ཅིག་ལ་རྫོགས ་པ། སྲུ་ཐམས་ཅད་སྨིན་པར་གནས་པ། འོད་ཀྱི་སྣང་བ་ཐམས་ཅད་མ་བསྒྲིབས་པར་གསལ་བ། གནས་ལུགས་ཀྱི་སྣང་བ་ལ། སྣང་བ་ཐབས་ཀྱིས་མ་བསྒྲིབས་པ། ་པོ་ཀ་དག་རང་བཞིན་སྤྱན་གྲང་ཐུགས་རྗེ་བྲན་ཐག་གསུམ། རྒྱུ་མ་ཆད་པར་ལྡན་གྲུབ་ཀྱངས་ནས། ཡོངས་སུ་རྫོགས་པ་ཆེན་པོ། བྷཱུ་གཤེགས་སྣང་པ། ག་གག ་ངོས་ནས། ངོ་བོའི་གནས་ལུགས་ཆེན་པོ་རིག་པ་དེ་ཡང་། སྐུ་ལྟར་གནས་པ་མཁྱེན་པའི་ཆ་ནས་སེམས་ཅན་ལ་སྣང་བ། ལ། ཁ་མིག་རྣ་བར་དོད་པ་ནི་སྟོང་པའི་ཆ་ནས་ཅི་ཡང་མི་བཞུགས། སྟོང་པ ་ལྟར་གནས་པ་ལ། རིག་པའི་ངོ་བོ་བེམ་སྟོང་རིག་མེད་ནམ་མཁའ། ལྟར་ཅང་མི་བཞུགས། རིག་པའི་ངོ་བོ་འོད་ལྔ་ལྟར་གསལ་བའི་ཆནས། སྣང་བ་ཆེན་པོ་ལ། ཁ་དོག་ཏུ་ཕྱེ་བ་ནི་ཅང ་མི་བཞུགས། རྒྱ་མ་ཆད་པ་ལྷར་དཀར་པོ་ལ་སོགས་ཁ་དོག་ཏུ་ཡོད་པ། སྣང་བ་ལ། བརྟེན་པ་མེད་པར་འཁོར་བ་དང་། འབྲེལ་པ་ལྟར་ཅང་མི་བཞུགས། ཡོན་ཏན་མཐའ་དབུས་མེད་པ ་ལྟར་སྣང་བ། ཕྱོགས་སུ་དམིགས་པ་ནི་ཅང་མི་བཞུགས། རིག་པའི་ཤེས་རབ་ཆ་བགོས་པ་ལྟར་སྣང་བ་ལ། རིས་སུ་ཕྱེ་བ་ནི་ཅང་མི་བཞུགས། རྒྱར་མ་འགགས་པ་ལྟར་རྒྱང ་ཞགས་སུ་རིག་པ། སྣང་ཞིང་དཔངས་མཐོ་བ་ལ། ངོ་བོ་དལ་སྟེང་འོག་ཏུ་སྣང་བ་ནི་གང་ཡང་མེད་དོ།། རང་བཞིན་གྱིས་ངོ་བོ་སྟོང་པ་རིག་པ་ཡིན་པས། སྡང་བ་ནི་ཡངས་པ་ལྟར་སྣང་བ་མ། ་ཕྱོགས་ལྷུང་མེད་པ། གསལ་བ་ལྟར་སྣང་བ་ལ་དངོས་པོ་མེད་པ། མཐིང་ག་ལྟར་སྣང་བ་ལ་ཆ་མཕྱེ་བ། དཀར་བ་ལྟར་སྣང་བ་ལ་རིགས་མི་འཛིན་པ། སེར་པོ་ལྷུར་སྣང ་བ་ལ་ཡོན་ཏན་རྫོགས་པ། དམར་པ་ལྟར་སྣང་བ་ལ་གོ་མ་འགྲགས་པ། ལྗང་གུ་ལྟར་སྣང་བ་ལ་མ་བཙལ་བར་གྲུབ་པ། སྣང་བ་ལྔ་ཉིད་དུ་གནས་པ་ལ་ཁ་དོག་མི་འཛིན་པ་ཆེན ་པོ།། ཟླུམ་པ་ལ་དབྱིབས་མེད་པ། མ་འགགས་པ་ལ་རྐྱེན་མེད་པ། ཁྱབ་པ་མེད་པ་ལ་རང་གདང་ས་ཆེན་པོ། རང་གསལ་བ་ལ་ཕྱི་ནང་དང་བཅས་པ། མ་དག་པ་འཁོར་བའི་སྒོ་ལྟར ་ཤར་བ། རྩོལ་བསྒྲུབ་མེད་པ་ལ་བབ་ཀྱིས་བསྒྲུབ་པའོ།། འདི་ཉིད་ཉམས་སུ་བླངས་ན་ཆོས་ཉིད་ཀྱི་བར་དོ་ལ་ངོས་ཟིན་ཏེ་དག་པ་ཡེ་ཤེས་ཀྱི་སྒོ་ལྷར་ཤར་བའོ།། ཐུགས་རྗེའི་སྣང་བ་དེར་ཡེ་ཤེས་མཟིན་ན ་འཁོར་བའི་སའོ། ནི་སྟོང་པ་ལྟར་ཡེ་ཤེས་དེ་སྣང་བ་ལ། གསལ་བ་ལ་མ་འགགས་པ། སྤྲོས་པ་མེད་པ་ལ་སྤྲོས་པ་ཆེན་པོ།། རང་བཞིན་མ་འགགས་པ་ལ་སྣ་ཚོགས་མ ་ངེས་པ་ཆེན་པོ། གསལ་བ་ལ་མུན་པ་མེད་པ། མ་འགགས་པས་མེད་པ་ཆེན་པོ། བབ་ཀྱིས་སྟོང་པ་ལ་ཀུན་ཏུ་འཆར་བ་ཆེན་པོ། མ་འདྲེས་པ་ལ་ཡོངས་སུ་སྣང་བ་ཆེན ་པོ། ཀུན་ལ་ཁྱབ་པ་ལ་གཅིག་ཏུ་འདུས་པ་ཆེན་པོ། དག་པ་ལ་འཁྲུལ་པ་མ་འགགས་པ་ཆེན་པ། རྫོགས་པ་ལ་གཅིག་ཏུ་སྣང་བ་ཆེན་པོ། ཐུགས་རྗེ་གོ་མ། ་འགགས་པར་བཞུགས་སོ།། ཆོས་ཀྱི་སྐུའི་གསུམ་གྱི་འབྱུང་ཚུལ་བསྟན་པ། སྣང་བ་མི་འགྱུར་བ་ལ། འཁྲུལ་པའི་སྣང་བ་ཡུལ་ལྟར་སྣང་བའི་དུས་ཡོངས་སུ་མ་ངེས་ཏེ། གཞི ་ལས་འཁྲུལ་པའི་གོ་བྱུང་སྟེ། ངོ་བོ་མི་འགྱུར་བ་ལས། རང་བཞིན་མ་འགགས་པར་གསལ་བ་སྟེ། ཐུགས་རྗེ་མི་ངེས་པ་ལས། མ་རིག་པ་ལྟར་སྣང་བ་བྱུང་སྟེ། དེ་ལྟར་འཁྲུག། ་པའི་ཡུལ་ཙམ་མོ། གསང་བའི་སྔགས་ལ་ཡེ་ནས་གནས་པའི་མཚན་གཞི་མཚོན་པའོ།། ཞེས་བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། གཞི་གནས་ལུགས་ཀྱི་ལེའུ་སྟེ་ད་། ་པའོ།། །། དེ་ནས་ཡང་རིག་པའི་སྣང་བ་ཉིད་ཀྱིས། ལྷུན་གྲུབ་ལས་མ་རིག་པའི་བྱང་ཚུལ་བསྟན། རང་གིས་འཁྲུལ་ཚུལ་སྣང་བ་འདི་གསུངས་སོ།། གཉིས་པ་གཞི་ལས་འཁྲུལ་ཚུལ་བསྟན ་པ། ཀྱེ་མངལ་ཀ་དག་ལ།། འཁྲུལ་བ་མེད་ཀྱང་། ངའི་རྩལ་ལས་ལྷུན་གྲུབ་ཙམ་དུ། འཁྲུལ་པ་བྱུང་སྟེ། གཞི་ཀ་དག་མི་འགྱུར་བ་ལས། རང་བཞིན་མ་འགགས་པར་ཤར་ནས། ་ཐུགས་རྗེ་མ་ངེས་པ་ལས་མ་རིག་པ་རང་བྱུང་སྟེ། དཔེར་ན་ནམ་མཁའ་ལ་སྤྲིན་ཡང་དག་པར་ཡོད་པ་མ་ཡིན་དེ། གློ་བུར་དུ་སྦྱིན་བྱུང་བ་དང་འདྲ་བར། གཞི་ལ་མ་རིག་པ་ཡོད་པ ་ཅང་མ་ཡིན་ཏེ། ཐུགས་རྗེ་ལྟར་ཤར་བ་ལས་མ་རིག་པ་བྱུང་སྟེ། གཞི་ལ་ལྷུན་གྲུབ་ཀྱི་གནས་ལུགས་ཞེས་བྱ་བ་ཚིགས་སོ།། དེ་ཡང་མ་ངེས་པའི་སྣང་བ་ཆེན་པོ་ཞིག་ཏུ་གནས ་སོ།། དེ་ཡང་འཆར་ལུགས་རྣམ་པ་ཐུགས་རྗེ་དང་འོད་དང་ཀླུ་དང་ཡེ་ཤེས་དང་གཉིས་མེད་དང་མཐའ་གྲོལ་དང་དག་པ་དང་མ་དག་པ། བརྒྱད་དང་ལྡན་པ་རིན་པོ་ཆེ་ག་བུའི་གནས་ལུགས ་ཞེས་བྱ་སྟེ། འདོད་ཡོན་གྱི་གོ་མ་འགགས་པའོ།། མ་གྲུབ་པའི་གྲུབ་པ་ཆེན་པོར་གནས་པ། ཐུགས་རྗེ་ལྟར་འཆར་བའི་གོ་མ་འགགས་པ། འོད་ལྟར་འཆར་བའི་སྣང་བ ་མ་འགགས་པ། ཡེ་ཤེས་ལྟར་འཆར་བའི་ལོངས་སྤྱོད་མ་འགགས་པ། སྐུ་ལྟར་འཆར་བའི་ངོ་བོ་མ་འགགས་པ། གཉིས་མེད་ལྟར་འཆར་བའི་ལྟ་བ་མ་ངེས་པ།། མཐའ ་གྲོལ་ལྟར་འཆར་བའི་ཐབས་མ་འགགས་པའོ།། དག་པ་ཡེ་ཤེས་ཀྱི་འཇུག་སྒོ་མཐར་ཕྱིན་པ། མ་དག་པ་ལྟར་འཆར་བའི་སྒོ་ཐུགས་རྗེ་མ་འགགས་པ། འདོད་དོན་གྱི་ནོར་བུ ་རིན་པོ་ཆེ་ལྟ་བུ་སྟེ། དེ་ལྟ་བུའི་སྣང་བ་ངའི་སྐུམ་ཟེར་ལས། ཆགས་ཏེ། ནང་གཞོན་ནུ་བུམ་པ་སྲུ་ཞེས་བྱ་བ་རྒྱ་ངལ་ཏེ། ཕྱི་ལྷུན་ཐུབ་ཀྱི་གནས་ལུགས་སུ་གནས ་སྷོ།། དུས་དེ་ཙམ་ན་དཱའི་སྡང་བ་ཕྱིར་རལ་ཏེ། སད་མ་སེང་མ། འཁྲུལ་བ་དེ་དང་སྐད་ཡིན་ཏེ། ཤག་མ་ཤིག་ཨ་ཁྲལ་མ་ཁྲོལ་མ། ཡང་མ་ཡོད་མ། འགུལ་བ་འཕྲོག་པ། སྣ ་ཚོགས་སུ་འཕྲོ་བ་བྱུང་ངོ་།། དེ་ནས་ལྷན་གྲུབ་ཀྱི་གནས་ལུགས་ཆེན་པོ་ཆགས་སོ།། དེའི་ཡེ་ཤེས་ཀྱི་གོ་མ་འགགས་པ་ལས་ལོངས་སྤྱོད་རྫོགས་པའི་སྐུའི་སྤྱང་ལུགས་ཆགས ་སོ།། ཡོན་ཏན་གྱི་གོ་མ་འགགས་པ་ལས་རང་བཞིན་སྦྲུལ་སྐུའི་སྣང་ལུགས་སྲིད་དོ།། དེའི་ཐུགས་རྗེ་གོ་མ་འགགས་པ་ལས་མ་དག་པའི་སྣང་ལུགས་བྱུང་ངོ་།། དེ་ལས་སྣང ་བའི་འཁྲུལ་ཚུལ་དུ་མར་ཆགས་ཏེ། འཁོར་བ་གྲུབ་པོ།། དེ་ཡང་གནས་ལུགས་ཆེན་པོ་གཅིག་ལ། གསང་སྔགས་གཞིའི་འཁྲུལ་ལུགས་བསྟན། སྡང་ལུགས་བཞི་ལྟར་སྣང་སྟེ། སྐུའི ་རོལ་པ་དངས་པའི་ཡེ་ཤེས་དང་འོད་ཝ། སྣ་ཚོགས་སུ་ཤར་ནས། སེམས་ཅན་ཐུན་མོང་གི་ལས་ལྟར་སྣང་བའོ།། དེ་ཡང་རྐྱེན་བཞིའི་འཁྲུལ་ཏེ། ཐ་མ་ཡང་རྐྱེན་བཞི་ལ་ཐུག་གོ།། རྒྱུ་དམིས། ་པ་ཅན་དུ་འཛིན་པའི་རྒྱན་ལས། འབྲས་པ་སྒྲ་ཚུགས་མྱུ་ཁྲུལ། བདག་ག་ཕྲུལ་ནད་དུ་འཛིན་པའི་རྒྱུད་ལས། བོང་སྨྲ་རྨུགས་སུ་འཕྲུལ། དམིགས་ནན་དུ་འཛིན་དུ། ་རྐྱེན་ལས། འབྲས་བུ་ཐུག་པ་མེད་པར་འཁྲུལ་ལོ།། དེ་མ་ཐག་པ་འཛིན་པ་ཅན་གྱི་རྐྱེན་ལས། སྣང་བ་སྣ་ཚོགས་སུ་འཁྲུལ་ལོ།། དེ་ནི་གསང་སྔགས་གཞིའི་འཁྲུལ་ལུགས་ཆེན ་པོའོ།། དེ་ཡང་སྣང་ཐབས་ལ་མ་རིག་པའི་རྐྱེན་སྣང་བའི་རྐྱེན་དུ་མ་བསྟན་པའོ།། རང་ཀ་མ་དང་བཅས་ཏེ་སྣང་ངོ་།། མ་རིག་པ་དེ་ཡང་རྩ་བའི་ཉོན་མོངས་པ་ལྔ་དང་བཅས་ཏེ། རྟོག་ཚོགས ་དུ་མ་སྡུད་པའོ།། རྐྱེན་སྟོང་ཕྲག་དུ་མ་དང་བཅས་པ་སྣང་ཚུལ་དུ་མ་དང་བཅས་པ་སྣང་ཚུལ་གྱིས་འབྱམས་པའོ།། དེ་ཡང་ལྷུན་གྲུབ་རིན་པོ་ཆེའི་གའུའི་གནས་ལུགས་ལས། སྣང་བ་མ ་འགགས་པ་ལས། གཞི་མ་འགྱུར་བར་སྣང་བ་འགྱུར་ཏེ།། ཡུལ་དུ་མའི་རྗེས་སུ་འབྲངས་ཏེ་ཐམས་ཅད་ལ་རྟོག་པའོ།། ཆོས་ཀྱི་སྐུའི་སྡང་བ་མ་འགྱུར་ཀྱང་། འཁྲུལ་པའི་སྣང ་བ་ལ་འགྱུར་འགྱུར་ལྷར་བྱུང་ངོ་།། རྡོ་རྗེ་སེམས་དཔའ་འཁྲུལ་པ་མི་མངའ་ཡང་། སེམས་ཅན་ལ་འཁྲུལ་པའི་ཚུལ་བསྟན་པའོ། ཐ་མ་རང་གི་སྣང་བ་རང་རྐྱེན་གྱི་ས་གཞི་ལས ་ལྡོག་པའོ།། གཉིས་སུ་མེད་པའི་སྣང་བ་རང་ཤུར་བར་མ་ཤེས་ཏེ། འཁྲུལ་པ་ལ་བདག་པོར་བཟང་བས་བདག་པོའི་ཆེན། རང་རིག་པའི་འབྲས་བུ་རང་། ་ཤཱུར་བར་མ་ཤེས་རྒྱུ་ཉིད་ལྟོས་པཙུན་བཟུང་བ་རྒྱུའི་རྐྱེན་ནོ།། ཡུལ་དང་ཤེས་པ་སྟོང་པར་ནི་མ་ཤེས། དམིགས་པ་ལ་ཡུལ་དུ་བཟུང་བས། དམིགས་པ་རང་ངོའི་རྐྱེན། དུས་ལ ་སྨྱོས་ནས་འོད་རང་བྱུང་བར་མ་ཤེས། དེ་མཡིན་པ་ལ་དེ་འཛིན་པའི་ཤེས་པ་བྷྲིང་བས་མཚུངས་པ་དེ་མཐག་པའི་ཆེན་ནོ། རྒྱ་ཆེན་བདག་པོའི་བྱིན་དུ་རིགས་པ་རྐྱེན་མ་ས ་དེ་མ་ཐག་པའི་རྐྱེན། རིག་པ་རྟོག་མེད་དེ་མ་རིག་པས། ཞེས་བཀྲ་ཤིས་མཛེས་ལྡན་ཆེན་པོའི་རྒྱུད་ལས། གཞི་ལ་འཁྲུལ་པ་བྱུང་ཚུལ་བསྟན་པའི་ལེའུ་སྟེ་གཉིས་པའོ།། །། དེ ་ནས་ཡང་སྣང་བ་དམ་པའི་འཁོར་ལ། དང་པོའི་རིག་པའི་དབྱིངས་བསྟན་ཏོ།། རིག་པ་ཆོས་འབྱུང་སྲུས་བཀའ་སྩལ་པ། ཀྱེ་སྣང་བ་དམ་པའི་རིག་པ་ཡོངས་སུ་སྣང་བའི་འཁོར་རྣམས ་ཉོན་ཅིག། གཉིས་པ་སྣང་ལུགས་བསྟན་པ། གཞི་སྣང་བ་ཆེན་པོའི་རིག་པ་འདི་དག་རྣམས་ནི་སྒྲོན་མ་ཁོང་གསལ་བར་བལྟའོ།། ཆོས་ཀྱི་སྐུའི་སྣང་བ་ནི། གནས་ལུགས་ཆེན་པོ་དང་འབྲེལ་པ ་སྟེ། དེ་ཡང་གནས་ལུགས་ཆེན་པོ་གཅིག་ལ། སྣང་ལྕགས་བཞིར་འཆར་བ་འདི་ལྟ་སྟེ། རིག་པ་དང་ཆོས་ཉིད་ཀྱི་གནས་ལུགས་ནི། མྱེ་ལོང་གི་དཀྱིལ་འཁོར་ལྷུར་གསལ ་ལ་འབྱེད་མེང་དུ་གནས་པས། མ་རིག་པའི་རྒྱུ་བདག་ཉིད་གཅིག་པ་དང་ལྷན་ཅིག་སྐྱེས་པ་དང་ཀུན་བརྟགས་པའི། རྐྱེན་གྱིས་མ་བསྒྲིབས་པ། ཀ་དག་ཆེན་པོ་རིག་པ་རྟོག་མེད། ཞེས་བྱ་སྟེ། ཡང་དག ་པའི་སངས་རྒྱས་མ་བྱུང་། འཁོར་འདས་ཀྱི་ཕྱོགས་སུ་མ་ཆུང་བའོ།། མདག་པའི་སེམས་ཅན་མ་བྱུང་བའི་གནས། རིག་པ་མ་གཡོས་པའི་ཡེ་གདངས་ཆེན་པོ་ཞེས་བྱའོ།། དེ་ལ་བརྗོད ་དུ་མེད་དོ།། ཡེ་ནས་སྟོང་པས། དཔག་ཏུ་མེད་དོ།། གཟུང་བྱ་དང་བྲལ་བས། དམིགས་སུ་མེད་དོ།། ལྟ་བར་བྱ་བ་དང་བྲལ་བས། གཞལ་དུ་མེད་དོ།། དམིགས་པ་དང་བྲལ་བས། བརྩིར་མེད་དོ།། ་དང་བྲལ་བས། གང་གིས་ཀྱང་གཏན་ལ་མི་ཕེབས་སོ།། རྟོགས་པར་དཀའ་བས། སྒྲ་ཚད་ལ་སོགས་པའི་ཚིག་གིས། མཚོན་དུ་མེད་དོ།། རིག་པ་ལ་ཆོས་མེད་པས། ཤེས་པའི་ཡུལ་དུ་བྱར་མེད་དོ།། དེས ་ནི་འཁོར་བ་མི་མཐོང་། གཟུང་འཛིན་དང་བྲལ་བས། འཁོར་བས་དེ་ཉིད་མི་མཐོང་ངོ་།། རྟོག་པ་མེད་པས། དེས་ནི་ཆོས་མི་སྤྱོད་དོ།། སངས་རྒྱས་ལ་ཆོས་སྤྱོད་མེད་པས། ཆོས་ཀྱིས་དེའི་དོན་མི་རྟོགས ་སོ།། ཚིག་མེན་པས། དེ་ནི་འཁོར་བ་མིན་མོ་ལྟུང་བ་མེད་པས། མྱ་ངན་ལས་འདས་པ་མིན་ནོ།། དང་པ་འཁོར་བར་ལྟུང་བས། གཞི་མིན་ནོ།། རྟག་པ་མ་ཡིན་པས། སྣང་བ་མིན ་ནོ།། མངོན་སུམ་དུ། མུན་པ་མིན་ནོ་རང་སྣང་བ་ཡིན། ལམ་མ་ཡིན་ནོ།། བྱ་བྱེད་མེད་པས། བགྲོད་པ་མེད་དོ།། ཚིག་ལ་བརྟེན་མི་དགོས། མི་བགྲོད་པ་མེད་དོ།། སྣང་བ་ལམ་དུ་སློང་བའི་ཕྱིར།། འབྲས་བུ་མ ་ཡིན་ནོ།། སྨིན་ཟིན་པས། སྤངས་པ་མ་ཡིན་ནོ།། རང་ལ་གནས་པས། ཐོབ་པ་མ་ཡིན་ནོ།། གཞན་མིན་པས། དེ་ནི་རིག་པའི་དབྱིངས་ཆེན་པོ་ཞེས་བྱའོ།། དེ་ལས་ལྷུན་གྲུབ་རིན་པོ་ཆེའི་སྣང ་ལུགས་བྱུང་སྟེ། དེ་ནི་སངས་རྒྱས་པས་ཆོས་ཐམས་ཅད་འབྱུང་བའི་གཞི་ཞེས་བྱའོ།། དེ་ལས་ནི་འཁྲུལ་པ་ཡེ་ཤེས་སུ་སད་ནས། སངས་རྒྱས་བྱུང་ངོ་།། སེམས་ཅམ་བྱུང་ངོ་།། མ་རིག་པ། ་ཡེ་ཤེས་བྱུང་ངོ་།། རང་སྣང་བས། འོད་བྱུང་ངོ་།། ཡེ་ནས་ཡོད་པས། རིག་པ་བྱུང་ངོ་།། རང་ལ་ཆས་པས། མ་རིག་པ་བྱུང་ངོ་།། ལྷུན་གྱིས་གྲུབ་པ། ལས་ཐམས་ཅད་བྱུང་ངོ་།། ཐུག་པ་མེད་པས། ཐུགས ་རྗེ་བྱུང་ངོ་།། སེམས་ཅན་ལ་སྣང་ནུས་པས། ཡོད་པ་ལྟར་སྣང་བ་བྱུང་ངོ་།། རང་བཞིན། དེ་ལ་ནི་ངོ་བོ་ཡོད་དོ།། ཀ་དག་གིས། རང་བཞིན་ལྟར་སྣང་བ་ཡོད་དོ།། གངལ་བྱ་བྱེད་ཡོད་པས། ཐུགས་རྗེ་ལྟར ་སྣང་བ་ཡོད་དོ།། མཛངས་ཅན་ད། རྩལ་པོ་དང་། ཚོགསས། སྣང་བ་ཡོ་དང་། འདས། སེམས་མད་། སྲུང་བ་བྱེད་པའི་དུས་། ཡང་ཡང་བ། ཞྭ་དང་རྒྱ་གས། འཁྲུལ་པ་མདན ་མ་འཁྲུལ་པ་ཡོད་དོ། རིག་པའི་ངོ་བོ།། ཐམས་ཅད་འབྱུང་བ་ཆེན་པོའོ།། དེ་ནི་སངས་རྒྱས་དང་། སེམས་ཅན་གྱི་དབྱིངས་ཆེན་པོ་ཞེས་བྱའོ།། དེ་ལས་ལོངས་སྐུའི་སྣང་ལུགས། འཁོར་བ་ཉིད ་བྱུང་སྟེ། དེ་ནི་ལམ་མངོན་པར་སྡང་བའི་གཞི་ཞེས་བྱའོ།། དེ་ཡང་གསལ་བ། དྲོ་བ། བསིལ་བ། ཡངས་པ། གཡོ་བའི་བདག་ཉིད་འཛིན་པ། སྐུ་ལྡན་དང་ལྡན་ལ། ཡེ་ཤེས་ལྔ་དང ་ལྡན་པ། རིགས་ལྔ་དང་ལྡན་པ། ཁ་དོག་ལྔ་དང་ལྡན་པ། འོད་ལྔ་དང་། ཡབ་ལྔ་དང་། ཡུམ་ལྔ་དང་། གཟུགས་ལྔ་དང་། སྒྲ་ལྔ་དང་། དྲི་ལྔ་དང་། རོ་ལྔ་དང་། རེག་བྱ་ལྔ ་དང་། ཆོས་ལྔ་དང་། སྣང་བ་ལྔ་དང་། གཙོ་བོ་ལྔ་དང་། འཁོར་ལྔ་དང་ལྡན་པའོ།། དེ་ཡང་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་ལྡན་པ། དཔེ་བྱད་བཟང་པོ་བརྒྱད་ཅུ་དང་ལྡན ་པ། ཡངས་པའི་ཡང་བྱུང་། སྤངས་པའི་ཆོས་དྲུག་དང་ལྡན་པའོ།། དེ་ནི་ལོངས་སྐུའི་སྣང་ལུགས་དེ་དང་དེ་ལས་བྱུང་བའི་འབྲེལ་པའོ།། དེའི་སྣང་བ་ལས་རང་བཞིན་སྤྲུལ་པ་སྐུའི་སྣང་བ ་དང་། འགྲོ་བ་འདུལ་བ་སྤྲུལ་པ་སྐུའི་སྣང་ལུགས་དང་། མ་དག་པ་སྤྲུལ་པ་སྐུའི་སྣང་ལུགས་ཆགས་སོ།། དེ་ཡང་རང་བཞིན་སྤྲུལ་པའི་སྐུ་ནི། ངོ་བོ་ལྷུན ་གྲུབ་ལས་ཤར་བའོ།། རང་བཞིན་སྤྲུལ་པའི་སྒྲ་དེའི་སྣང་ལུགས་ནི། ལྗོངས་སྤྱོད་མི་ཟད་པ། འཁོར་མི་ཟད་པ། ཡོན་ཏན་ཟད་མི་ཤེས་པ། སྟོབས་ཟད་མི་ཤེས་པ། རྩལ་ཟད་མི ་ཤེས་པ། ཆོ་འཕྲུལ་ཟད་མི་ཤེས་པ། ཚེའི་ཚད་གྲངས་མེད་པ། ནད་ཀྱི་སྡུག་བསྔལ་ཐམས་ཅད་དང་བྲལ་བ། གཞལ་ཡས་ཁང་བསམ་གྱིས་མི་ཁྱབ་པ། ཆོས་བསམ་གྱིས ་མི་ཁྱབ་པ་སྒྲོགས་པའོ།། དེ་ནི་རང་བཞིན་སྤྲུལ་པ་སུའི་སྣང་ལྤགས་ཞེས་བྱའོ།། དེ་ལས་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་བྱུང་ངོ་།། དེ་ཡང་སྣ་ཚོགས་སྡང་བ་ལ་སྣ་ཚོགས་ཀྱི་དོན ་ཤེས་པའོ།། སྣང་ཡང་རྗེས་སུ་མ་ཆད་པའོ།། སྣང་ཡང་རྗེས་སུ་མི་ཞེན་པ། མིག་རྣམ་པར་དག་པ་མངའ་བ། སྙན་རྣམ་པར་དག་པ་མངའ་བ། ཤངས་རྣམ་པར་དག་པ་མངའ ་པ། ལྗགས་རྣམ་པར་དག་པ་མངའ་བ། སྐུ་རྣམ་པར་དག་པ་མངའ་བ། གསུང་རྣམ་པར་དག་པ་མངའ་བ། ཐུགས་རྣམ་པར་དག་པ་མངའ་བ། ཐུགས་རྗེའི་མཛད་པ་སྣ་ཚོགས ་སྟོན་པ། ཡེ་ཤེས་ཁྱད་པར་ཅན་མངའ་བ། མཁྱེན་པ་མ་འགགས་པ་ཀུན་ཏུ་སྣང་བའོ།། དེ་ནི་འགྲོ་བ་འདུལ་བའི་སྤྲུལ་པའི་སྐུའོ།། དེ་ལས་མ་དག་པའི་འཇིག་རྟེན་ཆགས་ལྕགས་བསྟན ་པ། འཇིག་རྟེན་གྱི་ཁམས་ཆགས་སོ།། དེ་ཡང་འདི་ལྟར་སྣང་བ་ཆེན་པོ་སྟེ། ཕྱི་སྣོད་འབྱུང་བ་ལྔའི་དཀྱིལ་འཁོར་ཆགས་པ་ལས། ས་དང་། ཆུ་དང་། མེ་དང་། རླུང་དང་།། ་འབྱུང་བ་ཆེན་པོ་ནམ་མཁའ་སྲིད་དོ།། དེ་ལ་འཛིན་པའི་བསམ་པ་བརྗོད་ཀྱིས་མི་ལངས་པ་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་དང་། ང་རྒྱལ་དང་། ཕྲག་དོག ་དང་། ཁོང་ཁྲོ་དང་དྲུག་གོ།། དེ་ལ་འགྲོ་བ་རིགས་དྲུག་སྐྱེ་བ་བྱུང་ངོ་།། ཕྲག་དོག་ལས་མི་རུ་ཆགས་སོ།། ཁོང་ཁྲོ་ལས་ལྷ་རུ་ཆགས་སོ།། ང་རྒྱལ་ལས་ལྷ་མ་ཡིན་ཆགས་སོ།། ་འདོད་ཆགས་ལས་ཡི་དགས་སུ་ཆགས་སོ།། གཏི་མུག་ལས་བྱོལ་སོང་དུ་ཆགས་སོ།། ཞེ་སྡང་ལས་དམྱལ་བར་ཆགས་སོ།། དེ་བཞིན་དུ་རིགས་དྲུག་གིས་སྣང་བ་ཆགས་སོ།། ་ནི་འཁོར་བའི་གནས་སོ།། དེ་ཡང་གནས་ལུགས་ཆེན་པོ་གཅིག་ལ་སྣང་ལུགས་ལས་སྣང་ཐབས་བསྟན་པ། སྣང་ལུགས་ཆེན་པོ་བཞི་ལྟར་བྱུང་ངོ་།། གནས་ལུགས་བཞི་ལས ་སྣང་ཐབས་བཞི་ལྟར་ཤར་རོ།། དེ་ནས་མ་བྱས་པའི་སྣང་པའི་འཁོར་གྱིས། མྱ་བསྤྱོད་པའི་རིག་པ་ལ་ཞུས་པ། ཀྱེ་སྣང་བའི་ཐབས་རྣམས་གསུང་དུ་གསོན།། ་ཞེས་ཞུས་སོ།། བཀའ་སྩལ་པ། སྒྲུང་ཐབས་ཆེན་པོ་བཞི་ནི། ལྷུན་གྲུབ་ལས་སྣ་ཚོགས་སུ་སྣང་བའོ།། ལོངས་སྐུ་ལ་ཁ་མིག་རྣ་བ་ཅན་འོད་ཀྱི་རང་བཞིན་སྒྱུ་མའི་སྐུར་གནས་པའོ།། ་སྦྲུལ་སྐུ་ལ་གཟུགས་ལྟར་སྣང་བའོ།། སེམས་ཅན་ལ་སྣང་བ་ཐ་དད་དུ་སྣང་བའོ།། དེ་ཡང་སེམས་ཅན་ལ་སྣང་བ་སྣང་ཐབས་ཀྱིས་བསྒྲིབས་པའོ།། ཞེས་བཀྲ་ཤིས་མཛེས ་ལྡན་དཔལ་ནམ་མཁའ་མེད་པའི་རྒྱུད་ལས། གནས་ལུགས་དང་སྣང་ལུགས་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་རིག་པ་ཆོས་སྒྲ་ཆེན ་པོ་ལ། སྣང་བ་ཡུམ་གྱི་སྒྲས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་རིག་པའི་ཡེ་ཤེས་སུ། མཐར་ཐུག་ལྟ་བ་གསུང་དུ་གསོལ།། ཞེས་ཞུས་སོ།། ཡང་རིག་པ་ཆོས་འབྱུང་ཤེས ་རབ་ཀྱིས་བཀའ་སྩལ་པ། ཀྱེ་མཉོན་ཅིག་ཡང་དག་གསང་བའི་ཡུམ། དོན་གྱི་ཐུགས་རྗེ་ཆེན་པོ་རྣམས། ཡང་དག་སངས་རྒྱས་མཐར་ཐུག་དང་།། དགོངས་པའི་དོན་པ་མཐར ་ཐིག་དང་། ཡང་དག་ལྟ་བའི་མཐར་ཐཱག་དང་། མཚན་མཆོག་གི་མཐར་ཐུག་གོ།། ཨེ་མ་། ཡང་དག་མཐར་ཐུག་ངས་བཤད་ཀྱིས།། སྣང་བ་དམ་པའི་འཁོར་རྣམས་ལྡན། ་སངས་རྒྱས་དགོངས་པ་མཐར་ཐུག་ནི།། རིག་པའི་བཞུག་ཐབས་ཉིད་ལ་ཐུག། དགོངས་པའི་དོན་ལ་མཐར་ཐུག་ནི། དབྱིངས་སྟི་སྦྱོར་མ་ཉིད་ལ་དྲུག། ཡང་དག་ལྟ་བའི་མ ་ཐུག་ནི།། ལུག་རྒྱུད་ཀྱི་སྦ་ལ་ཐུག། མཚན་མཆོག་གི་མཐར་ཐག་ནི།། རང་ཤར་ཆེན་པོའི་རྒྱུད་ལ་ཇུག། རྒྱུད་རྣམས་སན་གྱི་མཐར་ཐུག་ནི།། སེང་གེ་རྩ་ལ་རྫོགས་ཆེན་པོ ་དང་།། ཡི་གེ་མེད་པའི་རྒྱུད་ལ་ཟུག། ལུང་རྣམས་ཀུན་གྱི་མཐར་ཐག་ནི།། བདུད་རྩི་ཐལ་སྦྱོར་ལུང་ཆེན་དང་།། གསང་བ་དབང་རྫོགས་ལུང་ལ་ཐུག། ཡང་གསང་ཐུགས ་ཀྱི་དཀྱིལ་འཁོར་ནས།། ནོར་བུ་དྲི་མ་མེད་པའི་སྐུ།། ཡང་དག་མཐར་ཐུག་རྫོགས་པའོ།། ཀྱེ་མ་སྣང་མཛད་ཡུལ་གྱི་རྟོག་མེད་ནས།། གསང་སྔགས་བདག་པོ་ཨཱ་ལི་སྠཱ།། ་ཆོས་ཀྱི་སྒྲ་ནི་གཉིས་མེད་པས།། སེམས་ཅན་བློ་ལ་བསམ་མི་ཁྱབ།། གསང་སྔགས་ངེས་དོན་བསྡུས་པ་ནི།། གསང་བ་བཅུ་བདུན་ཉིད་དུ་བསྟན།། ལྟ་བ་གསང་རྫོགས་ཆེན ་@པོ་ལས།། གཉིས་མེད་དག་པའི་མཁའ་རྒོང་ལ།། ཡང་དག་གཏེར་རྐྱེན་འདི་གསུངས་པས།། ཆོས་ཀྱི་སྐུ་དང་མཉམ་པར་སྦྱོར།། གསང་བ་རིག་པའི ་སྒྲསྦྱར་བསྟན་པས།། ཀ་དག་ཉིད་དང་ལྷན་ཅིག་སྦྱོར།། སངས་རྒྱས་ཉིད་ཀྱི་ལྟ་སྟང་ས་ནི།། རྟོག་བཞག་བཞི་དང་ལྷན་ཅིག་སྤྱོད།། ཡང་གསང་ཐུགས་ཀྱི་མེ་ལོང་ནི།། སྒྲོན་མ ་ཉིད་དང་ལྷན་ཅིག་སྦྱོར།། སངས་རྒྱས་སྐུ་ཡི་རྒྱན་ཉིད་དང་།། ཆེན་པོ་ལྔ་དང་ལྷན་ཅིག་སྦྱོར།། རང་བཞིན་ཉིད་ཀྱི་དབྱེད་ས་ཉིད་ལ།། རྟོག་པའི་རྒྱལ་པོ་བསམ་མི་ཁྱབ།། ་གསུམ་གསང་སྔགས་ཨུ་ཉིད་ལས།། ཆོས་སྐུའི་ཐིག་ལེ་ཉག་གཅིག་ལ།། བྱ་བྱེད་མེད་པའི་སྐུ་ཉིད་ལས།། མཛེས་པའི་དཀྱིལ་འཁོར་བསམ་མི་ཁྱབ།། སངས་རྒྱས ་གྱི་མེས་ཆེན་པོ།། སྐྲ་དང་ཡེ་ཤེས་འགག་མེད་པས།། མཚོན་པའི་ཡི།། གེ་ཚིག་ལས་འདས།། རིག་པའི་སྒྲལ་གཉིས་མེད་དོ།། སེམས་ཅན་བློ་ལ་བསམ་ཡས་ཤིང་། དགོ ་པ་ཉག་གཅིག་རང་སངས་པས། བསམ་པའི་ཡུལ་ལ་སྔར་སྣང་ཞིང་།། ཐོག་མའི་མགོན་པོ་འོད་དཔག་མེད།། ཞིང་ཁམས་དག་པས་སྐུ་གསུམ་གསལ།། མགོན་པོ་ཇི་མེད་དག ་པ་ལས།། འོད་སྡང་དག་པའི་ཁ་དོག་གས་ལ།། སྲུ་ཡི་སྣང་བ་ཆེན་པོ་ནི།། རང་བཞིན་སྣང་བ་མ་འགགས་པའོ།། གསང་སྔགས་བྱུང་ཚོར་མ་འགགས་པས།། མགོན་པོ་རྗེཛྫ། ་འོད་དཔག་མེད།། ཐོག་མའི་ལུས་ཀྱི་སྣང་བ་ལས།། འཁྲུལ་པའི་སྣང་བ་བསམ་ལས་འདས།། དཀྱིལ་འཁོར་ཆོས་ཉིད་བསམ་ཡས་ལས།། འདུ་འཕྲོའི་སྤྱོད་པ་བསམ་ཡས ་སོ།། དེ་ནས་ཡང་སྣང་བའི་འཁོར་འབྱུང་བའི་ཡུམ་དང་བཅས་པས།། འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་གསང་བ་རིག་པའི་མངའ་བདག་ཆེན་པོ།། བདག་ཅག་སྣང་བ་དམ་པའི ་རིགས་རྣམས་ལ། ཡང་དག་པའི་ཡེ་ཤེས་གསང་བ་དམ་པ་རྣམས་གསུངས་ཤིག། ཡང་བཀའ་སྩལ་པ།། རིག་པའི་སྣང་བ་ཆེན་པོ་འདི་ལ།། དོགས་བཅས་ན་མི་མཐོང་ངོ་།། ་སྤང་ཐོབ་བཅས་ན་མི་མཐོང་ངོ་།། ཡིད་དུ་བཟུང་ན་མི་མཐོང་ངོ་།། དེའི་ཕྱིར་ན་ཡང་དག་པའི་ཆོས་ཉིད་ལ། རྩོལ་བསྒྲུབ་ཀྱིས་མཐའ་དང་བྲལ་བར་བསྟན་པའོ།། ཞེས་བཀྲ་ཤིས ་མཛེས་ལྡན་ཆེན་པོ། དཔལ་ནམ་མཁའ་མེད་པའི་རྒྱུད་ཆེན་པོ་ལས། མཐའ་གསང་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་རིག་པའི་སྣང་བ་དམ་པ་ཉིད།། མ་བཞུགས ་པའི་གདན་ལས་བཞེངས་ནས། རང་གི་སྣང་བ་ཆེན་པོ་འདི་སྨྲས་སོ།། ཀྱེ་སྣང་བ་ཆེན་པོ་འདུས་པའི་འཁོར་རྣམས་ཉོན་ཅིག། ཡང་དག་རྫོགས་པའི ་སངས་རྒྱས་ཀྱི་ཡེ་ཤེས་ལ། གསལ་འགྲིབ་མེད་པར་ཟུང་ཞིག། སངས་རྒྱས་ཀྱི་སྒྲལ་ཆེ་ཆུང་མེད་པར་ཟུང་ཞིག། སངས་རྒྱས་ཀྱི་གསུང་ལ་བདེན་རྫུན་མེད་པར་ཟུང་ཞིག། ་སངས་རྒྱས་ཀྱི་ཐུགས་ལ་རྟོག་པ་མེད་ཅིང་དྲན་བྱེད་མེད་པར་ཟུང་ཞིག། ཀྱེ་རང་བཞིན་གྱི་སྣང་བ་བསམ་གྱིས་མི་ཁྱབ་སྟེ།། ཆོས་ཀྱི་སྐུའི་སྣང་བ་ལ་བསྒྲུབ་ཏུ་མེད་དོ།། ལོངས ་སྒྲའི་ཡེ་ཤེས་ལ་དཔག་ཏུ་མེད་དོ།། སྒྲལ་སྐྲའི་ཤེས་རབ་ལ་བརྗོད་དུ་མེད་དོ།། དེའི་ཕྱིར་སྐུ་གསུམ་ངང་ལ་རྫོགས་པའི་འབྲས་བུ་ཞེས་བྱའོ།། ཨེ་མ་ཧོ།། རྡོ་རྗེ་སེམས་དཔའ།། ་ཉིད་ལ་གསལ་འགྲིབ་མེད་ཀྱང་། སེམས་ཅན་ལ་འཁྲུལ་ལུགས་བསམ་གྱིས་མི་ཁྱབ་སྟེ། རིག་པ་ཉིད་ལ་འཁྲུལ་པ་རང་གིས་ཡོད་པ་མ་ཡིན་ནོ།། འཁྲུལ་པ་མེད་ཀྱང་འཁྲུལ ་བྱེད་མ་འགགས་པས།། འཁྲུལ་པ་ལྟར་སྣང་བའོ།། གསང་བའི་དོན་ལ་ཆོས་མེད་ཀྱང་། སེམས་ཅན་གྱི་བློ་ལ་ཆོས་ལྟར་སྣང་བའོ།། རིག་པའི་ཡེ་ཤེས་ཉིད་ལ་འཁྲུལ་རྟོག ་དུ་མར་སྣང་བས་ཆོས་ལ་སྤྱོད་ཅིང་ཆོས་ལྷུར་སྣང་བའོ།། ཡང་དག་པའི་ཆོས་ཀྱི་སྐུའི་སྣང་བ་ཉིད་ལས་མ་གཡོས་བཞིན་དུ། ཆོས་ཀྱི་སྒྲའི་ཡེ་ཤེས་ཀྱི་སྣང་བ་རྣམས། མཐའ་མ།། ་འགགས་པའི་སྤྱོད་ཡུལ་དུ་མར་སྣང་བའོ།། ཡང་དག་པའི་ཆོས་ཀྱི་སྒྲུབསམ་པ་ལས་འདས་ཀྱང་། སེམས་ཅན་བློའི་དྲི་མ་བསམ་པ་དང་བཅས་པས། བསམ་པ་རང་ཀ་མར་སྤྱོད ་ཅིང་། བསམ་པའི་རྗེས་སུ་འབྲང་བའོ།། ཡང་དག་པའི་སྲ་བསམ་པོའི་དངོས་པོས་སྟོང་སྟེ། བྱ་བྱེད་ཀྱི་འཁྲུལ་པ་རང་དག་པའོ།། རིག་པའི་སྐུ་ཉིད་སེམས་ཅན་ལ་རང་ཆས་། ་འབྱུང་བཞི་ཀུན་ལ་གནས་པས་ཀུན་ཏུ་སྤྱོད་དོ།། ཀུན་ཏུ་སྡང་ཞིང་ཀུན་ལ་གསལ་ཆ་མ་འགགས་པའོ།། ཀུན་ལ་མང་པོར་འཆར་ཞིང་། ད་ལྟར་དུ་འདུ་འཕྲུལ་མེད་པའོ།། ་ཁྱིམ་གྱི་ཚུལ་དུ་འཆར་ཞིང་སྣང་བ་མ་འགགས་པའོ།། ཀྱེ་མ་གསང་སྔགས་ཀྱི་མཐའ་རང་གི་རིག་པའི་སྐུ་རྣམ་པར་དག་པའོ།། ཆོས་ཐམས་ཅད་ཀྱི་མཐའ་ནི་མི་སྤྱོད་པའི་སྤྱོད་པ ་ཆེན་པོ་ལ་ཟུག་གོ།། བལྟ་བ་ཐམས་ཅད་ཀྱི་མཐའ་ནི། ལྟ་རུ་མེད་པའི་སྡང་བརྒྱས་འདེབས་ཆེན་པོ་ལ་ཐུག་གོ།། དགོངས་པ་ཐམས་ཅད་ཀྱི་མཐའ་ནི། བསྒོམ་དུ་མེད་པའི ་རང་སྣང་ཆེན་པོ་ལ་ཐུག་གོ།། སྤྱོད་པ་ཐམས་ཅད་ཀྱི་མཐའ་ནི། མ་བཅོས་ཤིང་བྱ་བྱེད་དང་བྲལ་བ་ལ་ཐུག་གོ།། སྒྲ་ཐམས་ཅད་ཀྱི་མཐའ་ནི། ལུ་གུ་རྒྱུད་ལ་ཐུག། ་གྲོ།། སྣང་བ་ཐམས་ཅད་ཀྱི་མཐའ་ནི། ཡུལ་མེད་པའི་གདངས་ཆེན་པོ་ལ་ཐུག་གོ།། དམ་ཚིག་ཐམས་ཅད་ཀྱི་མཐའ་ནི། བསྲུང་དུ་མེད་པའི་བསྲུང་མཚམས་ཆེན་པོ་ལ་ཐུག་གོ།། ་ཕྲིན་ལས་ཐམས་ཅད་ཀྱི་མཐའ་ནི། བསྒྲུབ་ཏུ་མེད་པའི་གྲུབ་པ་ཆེན་པོ་ལ་ཐུག་གོ།། ཕྱག་རྒྱ་ཐམས་ཅད་ཀྱི་མཐའ་ནི་མ་བསྒྱུར་བར་ཡེ་ནས་རྫོགས་པ་ལ་ཐུག་གོ།། དཀྱིལ་འཁོར ་ཐམས་ཅད་ཀྱི་མཐའ་ནི་རྩ་བ་དབྱིངས་ཀྱི་སྒྲོན་མ་ལ་ཐུག་གོ།། ཡིག་འབྲུ་ཐམས་ཅད་ཀྱི་མཐའ་ནི། མ་བསྐྱེད་པའི་རང་བྱུང་ཆེན་པོ་ལ་ཐུག་གོ།། ལྷའི་སྐུ་ཐམས་ཅད་ཀྱི་མཐའ་ནི།། ་ཡངས་པ་ཉིད་ལ་རང་བྱུང་བ་ལ་ཐུག་གོ།། ཆོས་སུའི་མཐའ་ནི་བསམ་པ་མེད་ཅིང་རང་རྫོགས་པ་ལ་ཐུག་གོ།། ལོངས་སྐུའི་མཐའ་ནི། རང་གི་སྣང་བའི་ཕྱོགས་སད་པ་ལ ་ཐུག་གོ།། སྦྲུལ་སྐྲའི་མཐའ་ནི་ཐུགས་རྗེའི་གོ་མ་འགགས་པ་ལ་ཐུག་གོ།། ཀྱེ་མ་སྐྱེ་ཤི་མེད་པར་སྲོག་འཛིན་པར་འདོད་ན། མི་འགྱུར་བ་རྡོ་རྗེའི་སྐུ་ལོངས་ཤིག། འགག་པ ་མེད་པར་རང་གྲོལ་བར་འདོད་ན། རང་སྣང་ཆོས་ཉིད་ཀྱི་ཡུལ་ལ་ལྟོས་ཤིག། སྐྱེ་འགྲི་བ་མེད་པའི་དགོངས་པ་ལ་གནས་པར་འདོད་ན། དབྱིངས་རྣམ་པར་དག་པའི་སྒྲོན་མ ་ལ་ལྟོས་ཤིག། རྡོ་རྗེ་སེམས་དཔའི་སྐུ་ལ་བལྟ་བར་འདོད་ན། རིག་པ་ལུ་གུ་རྒྱུད་ཀྱི་སྐུ་ཟུང་ཞིག། ཡངས་པ་སྣང་བ་ཀུན་ཏུ་འཆར་ཞིང་ཀུན་ལ་སྣང་བའོ།། གསང་བའི་ཡེ ་ཤེས་ཀུན་ཏུ་སྣང་བ་ལ་མཁས་པ། ཆོས་ཀྱི་སྐུའི་ངོ་བོ་ཟང་ཐལ། ལོངས་སྐུའི་ངོ་བོ་གསལ་དངས། སྦྲུལ་སྐུའི་ངོ་བོ་མངོན་པར་སྣང་བ། ངོ་བོ་ཉིད་ཀྱི་སྐུ་རང་བྱུང་བ། སངས ་རྒྱས་ཀུན་གྱི་རྡོ་རྗེ་དྲིལ་བུ་སྐུའི་ངོ་བོ་དང་བཅས་པ་རང་གིས་སྣང་བ། གླུའི་ཚིག་དང་བཅས་པ་འདི་གསུངས་སོ།། དེ་ཡང་ཐབས་ཀྱི་སྣང་བ་དུས་གཅིག་ལ་རྫོགས་པས། ཡང ་དག་པར་རྫོགས་པའི་སངས་རྒྱས་རྫོགས་པ་ཆེན་པོ་འདིར། རིག་པ་མངོན་ས་མ་ལ་གཟིགས་པའོ།། ཐིག་ལེ་ཏེག་གཎྜཱིག་ཆོས་ཀྱི་སྒྱུའི་དང་ལས་མ་གཡོས་ཤིང་། དེའི ་སྣང་བ་ལས་ཀུན་གསལ་ལོ།། ཐུགས་རྗེས་ཐམས་ཅད་འཛིན་ཅིང་། དབྱིངས་སུ་འཛིན་པར་བྱེད་པའོ།། སངས་རྒྱས་ཀྱི་འོད་ཟེར་གྱིས་འགྲོ་བ་ཕལ་པ་བརྒྱལ་ཏེ། སྡང་མི ་ནུས་པའོ།། ཨེ་མ་ཧོ། སྔོན་བྱུང་གི་དུས་ན་སངས་རྒྱས་འོད་སྲུངས་ཆེན་པོ་ཞེས་བྱ་བ་ཞིག་ལ་སྣང་བ་ཆེན་པོ་བརྒྱ་སྟོང་དང་ལྡན་པའི་མཆོད་རྟེན། ཤིན་ཏུ ་བརྩིགས་ལེགས་པ་གསལ་བ། མཐོ་བ་ལ་སྲིད་པའི་རྩེ་མོར་སླེབ་པ་ལ། རྒྱ་སྟོང་གསུམ་འཇིག་རྟེན་གྱི་སྐྱེ་འགྲོ་ཡོངས་ལ་ཁྱབ་པ། རྩ་བ་ནི་ན་རག་ཆེན་པོའི་དམྱལ་བའི་ཁམས ་ལ་ཐུག་པ། ཆུང་བའི་ཚད་ནི་ཏིལ་འབྲུ་བརྒྱར་བསྒོས་པའི་ཚད་ཙམ། ཡངས་པའི་མཐའ་ནི། ནམ་མཁས་གང་དུ་ཁྱབ་པ་ཙམ། གསལ་བའི་ཚད་ནི་ཉི་ཟླ་སྤྲིན་གྱིས་མ་བསྒྲིབས ་པ་ལྟ་བུ། ཐོགས་པ་མེད་པ་རླུང་ལྟ་བུ་གཅིག་ཡོད་པས། དེ་ལ་ཐམས་ཅད་ཀྱིས་མཆོད་འོས་སུ་མཐོང་སྟེ། ལས་སྣ་ཚོགས་ཀྱིས་སྒོ་ནས་མཆོད་པ་ཆེར་བྱས་པས། གང་ལ་ཡང ་དངོས་གྲུབ་མ་བྱུང་སྟེ། དེའི་ཚེ་རང་སྣང་གི་བུ་མོ་དང་། གསལ་བར་རང་སྣང་གི་ཁྱེའུ་གཉིས་འདུས་ནས། མཆོད་པའི་ལས་གཅིག་གིས་སྐད་ཅིག་མ་ལ་སངས་རྒྱས་སོ།། ཞེས ་བཀྲ་ཤིས་མཛེས་ལྡན་དཔལ་ནམ་མཁའ་མེད་པའི་རྒྱུད་ཆེན་པོ་ལས། དབང་པོ་ཀུན་སྣང་གི་འཁྲུལ་གཞི་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། བཀྲ་ཤིས་མཛེས་ལྡན་དཔལ་ནམ ་འགྲེལ་པ་སྒྲོན་མ ་མཁའ་མེད་པའི་རྒྱུད་ཀྱི་རྒྱལ་པོ་རྫོགས་སོ།། ། ཟབརྒྱ། སྦས་རྒྱ། གཏད་རྒྱུ། དཔལ་སྔགས་སྤང་གི་རྒྱལ་མོ་ཨེ་ཀ་ཙ་ཏིས་སྲུངས་ཤིག། རྒྱ་རྒྱ་རྒྱ། ་