CLOSE WINDOW

F97: 'phags pa yongs su mya ngan las 'das pa chen po'i mdo
Wyliee-texts produced with BDRC’s OCR application

text in 2 volumes

volume 1 (mdo sde, tha) - volume 2 (mdo sde, tha) -

@##། རྒྱ་གར་སྐད་དུ། མ་ཧཱ་པ་རི་ནི་རི་བ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས་འདྲ ་པ་ཆེན་པོའི་མདོ།། སངས་རྒྱས་དང་བང་ཆུབ་སེམས་དཔའ་ཐམས་ཅད་ལ་བག་འཚལ་ལོ།། འདི་སྐད་བདག་གི་ཐོ་བའི་དུས་ཅིག་ན།། ་བཅོམ་ལྡན་འདས་ཀུ་ཤའི་གྲོང་ཁྱེར་གྱོད་ཀྱི་ཉེ་འཁོར་ཤིང་ས་ལ་ཟུང་གི་ཚ་ལོ་ན། དགེ་སློང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ ་འདུན་ཆེན་པོ་དང་ཐབས་ཅིག་ཏུ་བཞུགས་ཏེ། དེ་ཕྱི་མའི་དུས་དང་ཉེ་བར་གྱུར་པ་ན། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན ་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ཡོངས་སུ་མ་དྲན་ལས་འདས་ནས་ལོ་བརྒྱ་ཕྲག་དང་པོ་ལ་ནི་བསྟན་པ་ལ་ཆོས ་ལ་བླ་མཾ་མར་བྱེད་པར་འགྱུར་རོ།། དེའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དགའ་བ་དང་ལྡན་པར་གནས་པར་འགྱུར་ཞིང་ཤེས ་པ་ལ་མཁས་པ་དང་། ཤེས་རབ་དམ་པ་དང་ལྡན་པའི་རང་བཞིན་དུ་འགྱུར་རོ།། ཀུན་དགའ་བོ་ཡང་དེའི་ཚེ་ན་རྒྱལ་པོ་མ་ངན་མེད ་ཅེས་བྱ་བ། འཛམ་བུའི་གླིང་གི་དབང་ཕྱུག་ལ་དབང་བྱེད་པར་འགྱུར་ཏེ།། དེང་ཡོངས་སུ་མྱ་ངན་ལས་འདས ་བའི་སྐུ་གདུང་གི་རིང་བསྲེལ་གྱི་མཆོད་རྟེན་རྒྱ་ཆེར་བྱེད་པར་འགྱུར་རོ།། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གཉི ་བ་ལ་ནི། བསྟན་པ་རྣམས་པར་གྲོལ་བའི་སྙིང་པོ་ཅན་དུ་འགྱུར་རོ།། ཉན་ཐོས་རྣམ་ཀྱང་ང་ལ་སྟོན་པར་མཁས་པར་བྱེད་པར་འགྱུར་རོ།། ་ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་གསུམ་པ་ལ་ནི་བསྟན་པ་གྲུབ་པའི་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས ་རྣམས་ཀྱང་གཉིས་ཀའི་ཚེ་ལས་རྣམ་པར་གྲོལ་བར་འགྱུར་བ། ལུས་མངོན་སུམ་དུ་བྱེད་ཅིང་། མཐོང་བས་ཐོབ་དང་། ཤེས་རབ་ཀྱིས་རྣམ ་པར་གྲོལ་བར་འགྱུར་རོ།། ཀུན་དགའ་བོ་ང་ཡོངས་སུ་མ་ངན་ལས་འདས་ནས་ལོ་བརྒྱ་ཕྲོག་བཞི་པ་ལ་ནི་བསྟན་པ་ལས་རྣམ་པར་དབེན་པ་སྙིང་པོར ་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམ་ཀྱང་ནང་དུ་ཡང་དག་པར་འཇོག་ལ་དགའ་བར་འགྱུར་རོ།། ཀུན་དགའ་བོ་ཡོངས་སུ་མྱ་ངན་ལས ་འདས་ནས་ལོ་བརྒྱ་ཕྲག་ལྔ་པ་ལ་ནི་བསྟན་ཆོས་ལ་བླ་མར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ཆོས་ཀྱི་ཀུན་དགའ་ར་བ་ན་མངོན་པར་འགྱུར་རོ།། ཀུན་དགའ་བོ་ང ་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དྲག་པ་ལ་ནི་བསྟན་པ་ལ་ཀློག་པ་དང་། འདོན་པ་ལ་མངོན་པར་དགའ་བར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་བརྩོན ་འགྲུས་བརྩོམ་པར་འགྱུར་རོ།། ཀུན་དགའ་བོ་དེ་ཡོངས་སུ་མ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་བདུན་པ་ལ་ནི་བསྟན་ལ་མཆོད་པ་སྙིང་པོར་བྱེད་པར་འགྱུར་རོ།། ལྷ་དང་། ་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་རྣམས་བསྟན ་པ་ལ་བསྙེན་བཀུར་བྱེད་ཅིང་བླ་མར་བྱེད་པར་འགྱུར་བ་དང་། བརྗེད་པར་འགྱུར་བ་དང་། ང་མཆོད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་རྙེད་པ་དང་། བཀུར་སྟི་དང་། ་ཚིགས་སུ་བཅད་པོ་ལྷར་ལེན་པ་ཚོན་པོར་འགྱུར་རོ།། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས། ལོ་བརྒྱ་ཕྲག་བརྒྱད་པ་ལ་ནི་བསྟན་པ་ལ་ཞལ་ཏ་བྱེད་པའི་སྙིང ་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་ཕན་ཚུན་གནོད་པ་བྱེད་པར་འགྱུར་ཞིང་ཡི་གེ་ལ་སེམས་དཔར་ལྟ་བར་ལ་མཁས་པ་དང་། མཁན་པོ་དང་སློབ་དཔོན་ལ ་མ་གུས་པ་དང་། བཤེས་བཞིན་མེད་པར་གནས་པར་འགྱུར་རོ།། རྒྱུ་དང་ལྡན་ཞིང་རང་ཉིད་སྐྱེས་བུ་དམ་པའི་ཚིག་ཏུ་སྨྲ་བ་དང་། དགེ་འདུན་དང་མཆོད་རྟེན་གྱི་ནོར་ཁྱིམ ་ན་གནས་པ་དང་། རྒྱལ་བའི་ཕོ་བྲང་དུ་བསྡུ་བ་བྱས་ནས་རྣམ་པར་འཇིག་པར་བྱེད་པར་འབྱུང་བར་འགྱུར་རོ།། ཀུན་དགའ་བོ་ང་ཡོངས་སུ ་མ་ངན་ལས་འདས་ནས་ལོ་བརྒྱ་ཕྲག་དགུ་པ་ལ་ནི་བསྟན་པ་ལ་ལས་སྙིང་པོརེ་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱི་ཁྱིམ་གྱིས་བྱེད་པ་ལ་བརྩོན་པར་འགྱུར་ཏེ། ཞིང ་གཽ་ལས་ཀྱི་མཐའ་ལ་དགའ་བ་དང་། ཉོན་མོངས་ལ་མངོན་པར་དག་པ་དང་། འདོད་པ་ལ་རབ་ཏུ་འཇུག་ཅིང་། ཕོ་ཉར་གཏོང་བས་འཚོ་བ་སྒྲུབ་པར་འགྱུར་བ་དང་ལེ་ལེ ་ཅན་དུ་འགྱུར་བ་དང་དེ་བཞིན་གཤེགས་པས་ལེགས་པར་བཅས་པའི་བསླབ་པ་རྣམས་སྲུང་བར་མི་འགྱུར་རོ།། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་གི ་ནི་བསྟན་པ་ལ་གཏམ་གྱི་སྙིང་པོར་བྱེད་པར་འགྱུར་རོ།། ངའི་ཉན་ཐོས་རྣམས་ཀྱང་གཏམ་སྣ་ཚོགས་ལ་མངོན་པར་དགའ་བ་དང་ལྡན་པར་འགྱུར་ཞིང་གང་གི་འཇིག་རྟེན་ལས ་འདས་པའི་སངས་རྒྱས་ཀྱི་གསུང་འདི་ལྟ་སྟེ། མདོ་སྡེ་དང་། དབྱངས་ཀྱིས་བསྙེད་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། གླེང་གཞིའི ་སྡེ་དང་། རྟོགས་པ་བརྗོད་པའི་སྡེ་དང་། དེ་ལྟ་བུ་བྱུང་བའི་སྡེ་དང་། སྐྱེས་པའི་རབས་ཀྱི་སྡེ་དང་། ཤིན་ཏུ་རྒྱས་པའི་སྡེ་དང་། སྨད་དུ་བྱུང་བའི་སྡེ་དང་། ཆོས་རྣམ་པར ་བསྟན་ལ་འབེབ་པའི་སྡེ་རྣམས་ནས། སྤོར་བ་བཞིན་དང་ལྡན་པར་གནས་པར་འགྱུར་ཏེ། འདི་ལྟ་སྟེ། རྒྱལ་པོའི་གཏམ་དང་། རྐུན་པོའི་གཽ་ཏ་མ་དང་། ཐབ་མོའི་གཏམ་དང་། ་ཟས་ཀྱི་གཏམ་དང་། བཏུང་བའི་གཏམ་དང་། གོས་ཀྱི་གཏམ་དང་། བདག་གི་གཏམ་དང་། ཁྱད་པར་གྱི་གཏམ་དང་། གཞོན་ནུའི་གཏམ་དང་། གྲོང་ཁྱེར་གྱི་གཏམ་དང་། ་རྒྱ་མཚོའི་གཏམ་དང་། དེ་ལྟ་བུ་ལ་སོགས་པའི་གཏམ་རྣམས་ལ་ངེས་པར་དགའ་བར་འགྱུར་རོ།། དགེ་སློང་དང་། བྲམ་ཟེ་རྣམས་ལ་ངའི་དམ་པའི་ཆོས་སྤོང་བར་འགྱུར་རོ།། ་ཆོས་འདུལ་བ་འདི་ལ་བཏང་སྙོམས་སུ་བྱེད་པར་འགྱུར་རོ།། གང་དགེ་སློང་རྣམས་དང་། དགེ་སློང་མ་རྣམསོ་དང་། དགེ་བསྙེན་དང་། དགེ་བསྙེན་མ་རྣམས་ཏེ། དེ་དག་ཀྱང ་ལུས་མ་བསྒོམས་པ་དང་། ཚུལ་ཁྲིམས་མ་བསྒོམས་པ་དང་། ཤེས་རབ་མ་བསྒོམས་པ་དང་། འཐབ་པར་བྱེད་པ་དང་། འཚང་འདྲ་ཤིང་རྩོད་པར་སྨྲ་བ་ལ་རྩོད་པར་བྱེད ་པར་འགྱུར་རོ།། ལྷུང་བཟེད་བཟང་བ་དང་། ཆོས་གོས་བཟང་བར་འགྱུར་ཞིང་། ལོ་བརྒྱར་བསྲང་བར་བ་བའི་ཚུལ་ཁྲིམས་ཀྱང་མྱུར་དུ་འདོར་བར་འགྱུར་རོ།། འདི་ལྟ་སྟེ། སྡིག ་པ་ལ་ངེས་པར་སེམས་ཤེས་འདྲེས་པས། སྡིག་པ་དང་ཡིད་མི་བདེ་བ་ལ་སོགས་པས་དེ་བཞིན་དུ་ལོ་བརྒྱར་བསགས་པའི་དགེ་བའི་རྩ་བ་རྣམས་ཀྱང་མྱུར་དུ་འཇིག་པར་བྱེད ་པར་འགྱུར་རོ།། ཀུན་དགའ་བོ་ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་སྟོང་ཚིག་བརྒྱན། དགེ་སློང་ཚུལ་ཁྲིམས་འཆལ་པ་རྣམས་འབྱུང་བར་འགྱུར་བ་ནི། འཁོར ་དང་གཡོགས་མང་པོར་འགྱུར་རོ།། ཚུལ་ཁྲིམས་དང་ལྡན་པ་རྣམས་ནི་འཁོར་ཉུང་ཞིང་གཡོག་ཉུང་བར་འགྱུར་རོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་སྡུག་བསྔལ། ་བ་དང་ཡིད་མི་བདེ་བར་གྱུར་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་འདུལ་བ་འདི་སྙིང་པོར་གྱུར་པ ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་དྲན་པ་ཉེ་བར་བཞག་པ་བཞི་དང་། ཡང་དག་པར་སྤོང་བ་དང་། རྫུ་འཕྲུལ་གྱི་རྐང་པ་བཞི་དང་། ་དབང་པོ་ལྔ་དང་། སྟོབས་ལྔ་དང་། བྱང་ཆུབ་ཀྱི་ཡན་ལག་བདུན་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཞི་གནས་དང་། ལྷག་མཐོང་དང་། རྣམ ་བར་ཐར་པའི་སྒོ་གསུམ་དང་། ཀུན་དགའ་བོ་དགེ་སློང་ཚུལ་ཁྲིམས་འཆལ་པའི་རྣམས་ཀྱིས་དགེ་སློང་ཚུལ་ཁྲིམས་འཆལ་པ་རྣམས་ཀྱིས་དགེ་སློང་ཚུལ་ཁྲིམས་དང་ལྡན ་པ་རྣམས་ལ་ཤེས་ཞེས་འཚང་འདྲ་བར་འགྱུར་ཏེ། དེ་དག་ཐམས་ཅད་ནི་ལུས་དང་བྲལ་ཏེ་འཆི་བའི་འོག་ཏུ་ངན་འགྲོ་ངན་སོང་དུ་རྣམ་པར་ལྟུང་ནས་སྡུག་བསྔལ་བར་འགྱུར་རོ།། ། ་དེའི་ཚེ་གང་ཞིག་ཁྲོ་བ་མེད་པར་དུས་བྱེད་པར་འགྱུར་བ་དེ་དག་ཐམས་ཅད་བདེ་འགྲོ་རྣམས་སུ་སྐྱེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ་དང་ལྡན་པ་ཀུན་དགའ་བོ་དང་། དགེ་སློང་དེག་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་མི་དང་ལྷ་མ་ཡིན་དང་། ནམ་མཁའ་ལྡིང་དང་། དྲི་ཟར ་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ ་མདོ་རྫོགས་སོ།། ། རྒྱ་གར་གྱི་མཁན་པོ་ཀ་མ་ལ་གུན་ཏ་དང་། ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། དགེའོ།། ཨོཾ་མ་ཎི་པདྨེ་ཧཱུཾ། ་