| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ། ཨཱརྱ་མ་ཧ་པ་རི་ནི་རྦ་མ་ཧ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས་པ་ཡོངས་སུ་མྱ་ངན་ལས ་འདས་པ་ཐེག་པ་ཆེན་པོའི་མདོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས ་གཅིག་ན། བཅོམ་ལྡན་འདས་གྲོང་ཁྱེར་ཀུ་ཤ་ན། ཆུ་ཀླུང་གསེར་ལྡན་གྱི་འགྲམ། གྱད་ཀྱི་ཉེ་བསྐོར། ཤིང་སཱ་ལ་ཟུང་གི་ཚལ་ནས ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་དགེ་སློང་བྱེ་བ་འབུམ་ཕྲག་བརྒྱད་ཅུས་བསྐོར་ཅིང་མདུན་གྱིས་བལྟས་ཏེ། དཔྱིད་ཟླ་ཐ་ཆུང་ཉའི ་ནང་པར་ཡོངས་སུ་མ་ངན་ལས་འདས་པའི་དུས་དང་ཉེ་བར་གྱུར་པ་ན། སེམས་ཅན་ཐམས་ཅན་ཀྱི་རང་རང་གི་ཡུལ་གྱི་སྐད་དུ། ཤིན་ཏུ་ཟུར ་ཕྱིན་པར་བརྡ་སྤྲོད་པའི་ཚིག་རྣམས་ཀྱིས་སྲིད་པའི་རྩེ་མོ་མན་ཆད་གོ་བར་མཛད་དོ།། དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བ་ཅན་འཇིག་རྟེན་ཐམས་ཅད་སློབ་པ། སེམས་ཅན་ཐམས་ཅད ་ལ་སྒྲ་ཅན་འཛིན་དང་འདྲ་བར་གཟིགས་པ། སྐྱབས་ཆེན་པོའི་གནས་དང་། གཞི་ཆེན་པོར་གྱུར་པ། ཐུབ་པ་ཆེན་པོ་ཡོངས་སུ་མྱ་ངན་ལས་འདས ་པར་འགྱུར་རོ།། ཞེས་བཀའ་སྩལ་ཏེ།། སེམས་ཅན་ཐམས་ཅད་ཀྱི་ཞུ་བ་བསྟན་པ་ལ་དེ་ལྟ་བུའི་གསུངས་རྣམས་བྱང་བར་གྱུར་ཏོ།། གཞན་ཡང་དེའི་ཚེ ་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས་འདི་ལྟ་སྟེ། སྔོན་པོ་དང་། སེར་པོ་དང་། དཀར་པོ་དང་། ཤེལ་གྱི་ཁ་དོག་དང་། རྡོའི་སྙིང་པོའི ་ཁ་དོག་ལྟ་བུ་དག་བྱུང་སྟེ། འོད་ཟེར་དེ་དག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དང་། ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ ་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། ལྷ་མ་ཡིན་དང་། གཤིན་རྗེའི་འཇིག་རྟེན་གྱི་སེམས་ཅན་དེ་དག་ལ་ཕོག་ནས། དེའི་མོད་ལ་ཉོན་མོངས་པའི ་མུན་པ་ཐམས་ཅད་དང་བྲལ་ཏེ། ཞེས་སྡིག་ཐམས་ཅད་རྒྱུན་ཆད་པར་གྱུར་ཅིག། དེ་ནས་མྱ་ངན་ཆེན་པོས་གནོན་ཏེ། ཚིག་མཐུན་པར་ཀྱེ་མ་ཁེབས་སོ།། ་ཁེབས་སོ་ཟེར་ཏོ།། ཀྱི་ཧུད་ཀྱི་ཧུད་ཅེས་ཀྱང་ཆེར་འབོད་ཅིང་། ལག་པ་བརྐྱང་བས་ཀྱང་མགོ་ལ་རྡོབ་པར་བྱེད་དོ།། འདར་ཤིང་དུ་དུའོ།། དེའི་ཚེ་ས་ཆེན་པོ་ནགས་ཚལ ་དང་བཅས། རི་དང་བཅས། རྒྱ་མཚོའི་མཐས་བཏུགས་པ་ཡང་རབ་ཏུ་གཡོས་སོ།། སེམས་ཅན་དེ་དག་ཀྱང་གཅིག་ལ་གཅིག་འཛིན་ཅིང་། འདི་སྐད་དུ་གྲོགས་པོ་དག ་རིངས། གྲོགས་པོ་དག་རིངས། གྱད་ཡུལ་གྱི་གྲོང་ཁྱེར་ཀུ་ཤིར་འདོདང་ངོ་།། འདོང་ངོ་། དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་འཚལ་ཏེ། ཡོངས་སུ་མྱ་ངན་ལས ་འདའ་བར་གཤེགས་པ་ལས་བཟློག་ལ། བསྒྲིམ་མི་དགོས་པར་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཡང་བཞུགས་པར་གསོལ་བ་གདབ་པོ་ཞེས་འཛེར་ཏོ།། གཅིག ་ལ་གཅིག་འཇུས་ནས་འདི་སྐད་དུ། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོང་པར་འགྱུར་རོ།། ཀྱེ་མ་སེམས་ཅན་རྣམས་ཀྱི་བསོད་ནམས་ཀྱི་ལས ་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ནི་ཟད་དོ།། ལས་མི་བཟད་པ་ནི་བྱུང་ངོ་།། ཚེ་དང་ལྡན་པ་དག་སྒྱུར་ཅིག། ཚེ་དང་ལྡན་པ་དག་སྦྱར་ཅིག། དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་དེང་གི་ཡུད་ཙམ་འདི་ལ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ།། ཀྱེ་མ་འཇིག་རྟེན་སྟོངས་པར་འགྱུར་རོ།། ཀྱེ་མ་འཇིག ་དེན་སྟོངས་པར་འགྱུར་རོ།། དེ་བཞིན་ག་གཤེས་པ་མི་ཟུགས་ས། བདག་ཅག་སེཾ་ས་དང་། རྩི་ལག་མེད་པ་དང་། རིངས་པ་ང་གར་འབྱུར་ཤིགས། འངན ་ཅག་གི་ཐེ་ཙོམ་དང་། སོམ་ཉིད་ཅི་ཡོད་པ་དེ་དང་དེ་དག་ཞུ་བར་བྱའོ།། ཞེས་ཀྱང་འཛེར་ཏོ།། ཉན་ཐོས་ཆེན་པོ་འདི་དག་ཀྱང་དེ་ན་འཁོད་དེ། ་འདི་ལྟ་སྟེ་གནས་བརྟན་ཀ་ཏ་ཡ་ན་ཆེན་པོ་དང་། གནས་རྟེན་པ་ཀུ་ལ་དང་། གནས་བརྟན་ཉེ་དགའ་བོ་དང་། དེ་དག་ལ་སོགས་པ་གཞན་དག་ཀྱང་དེ་ན་འཁོད་དེ། དེ་དག་ལ་འོད་ཟེར ་གྱིས་ཕོག་ནས། འདར་རབ་ཏུ་འདར། དམ་དམ་རབ་ཏུ་དམ་དམ། འཁྲུགས་རབ་ཏུ་འཁྲུགས། བརྟབས་རབ་ཏུ་བརྟབས། འུར་འུར་རབ་ཏུ་འུར་འུར། འཁམས་རབ ་ཏུ་འཁམས། རྨུགས་རབ་ཏུ་རྨུགས། བསྟབས་རབ་ཏུ་བསྟབས། འུར་འུར་རབ་ཏུ་འུར་འུར། ཁམས་རབ་ཏུ་ཁམས། རྨུགས་རབ་ཏུ་རྨུགས། རེངས་རབ་ཏུ་རེངས་ཏེ། དེ་ལ ་སོགས་པ་དེ་དག་ཏུ་གྱུར་ནས་ཆས་སོ།། དེའི་ཚེ་དགེ་སློང་ས་ཡ་ཕྲག་བརྒྱད་སོ་ཤིང་ཟོས་ནས་ཕྱིར་བྱང་སྟེ། གནས་དེ་དག་ལ་འོད་ཟེར་སྣང་བ་དེས་ཕོག་ནས་ཤིན་ཏུ་རིངས་པར་ཁ ་དོག་བཀྲུས་ཏེ། གཅིག་ལ་གཅིག་འཇུས་སོ།། དེ་བཞིན་གཤེགས་པའི་སྲས་དེ་དག་ཐམས་ཅད་ཀྱང་དགྲ་བཅོམ་པ་དབང་ཐོབ་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཅད ་ཤེས་པ། གཙོ་བོ་ཆེན་པོ།། ཆེན་པོ་སྟོང་པ་ཉིད་ཀྱི་རང་གི་དོན་ཐོབ་པ། ཙན་དན་ཆེན་པོ་ལྟ་བུའི་གཡོག་འཁོར་དང་ལྡན་པ། སེང་གེ་ཆེན་པོའི་གཡོག་དང་ལྡན་པ་ཤ་སྟག་སྟེ། ་དེ་དག་ལ་སོགས་པའི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དེ་དག་ཐམས་ཅད་སྔ་དྲོའི་ཉི་མ་ཤ་ར་ཀར། ཡན་ལག་ཐམས་ཅད་ཀྱི་བ་སྤུ། རྒྱ་སྐར་གྱི་ཤིང་གི་མེ་ཏོག་ལྟར་རྩ་བ་དམར ་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི ་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་དོན་དུ་ཐེག་པའི་མཆོག་ཏུ་གསང་བ་སྟོང་པ་ཉིད་ཀྱི་རྣམ་པ། དགོད་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་སྒོའི་ཚུལ་བཤད་པའི་ཕྱིར། བཅོམ ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས ་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཕྱོགས་གཅིག་ཏུ་འཁོད་དོ།། དེའི་ཚེ་ཀོའུ་ཏའི་བུ་མོ་རབ་བཟང་མ་ལ་སོགས་པ་དགེ་སློང་བྱེ་བ་འབུམ་ཕྲག་དྲུག་ཅུ་ཐམས་ཅད་ཀྱང་། དགྲ ་བཅོམ་པ། ཟག་པ་ཟད་པ། དབང་རབ་ཏུ་ཐོབ་པ། བྱ་བ་བྱས་ཤིང་ཁུར་བོར་བ། ཉོན་མོངས་པ་མེད་པ། རྩེ་མོ་ཆེན་མོ།། ཆེན་པོ་སྟོང་པ་ཉིད་ཀྱིས་རང་གི་དོན་ཐོབ་པ་ཤ་སྟག ་སྟེ། ཀོ་ཏ་ཀའི་བུ་མོས་དགེ་སློང་མ་རབ་བཟང་མ་དང་། དགེ་སློང་མ་ཉེར་དགའ་མོ་དང་། དགེ་སློང་མ་རྒྱ་མཚོ་བློ་གྲོས་དང་། དེ་དག་ལ་སོགས་པ་དགེ་སློང་མ་བྱེ་བ་འབུམ་ཕྲག ་དྲག་ཀྱང་སྔ་དྲོའི་ཉི་ཤར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐེགས་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་བ་དམར་བ་ནི་ལངས། མིག་ནི་མཆི་མ་ཁྲག་ལྟ་བུས་གང་སྟེ་མཆོག་ཏུ་སྡུག་བསྔལ ་བའི་ཚོར་བ་དང་ལྡན་ནས། སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་། སྙིང་རྗེ་བའི་ཕྱིར་དང་། གདུལ་བར་བྱ་བའི་དབང་གི་ཐེག་པ་ཆེན་པོ་མཆོག་ཏུ་བསྟན་པ། སྟོང་པ ་ཉིད་ཀྱི་རྣམ་པ་དགོད་པའི་ཚིག་རྣམ་པ་སྣ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ལྷགས་ནས། ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦར་བ་བཏུད་ནས། ་ཕྱོགས་གཅིག་ཏུ་འཁོད་དོ།། འཁོར་དེ་ནས་དགེ་སློང་མ་འཁོད་པ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་མི་མཆོག་ས་བཅུ་ཐོབ་པ་ཤ་སྟག་སྟེ། གདུལ་བའི་དབང་གི་ཕྱིར་བུད་མེད་ཀྱི ་གཟུགས་དང་། དབྱིབས་དང་། ཤ་ཁྲག་དང་། རྒྱུས་པ་མང་པོ་དང་། རུས་པའི་ལུས་འཆད་པ། རྟག་ཏུ་ཚད་མེད་པ་བཞི་སྒོམ་པ་དང་ལྡན་པ། བདག་ཉིད་ཀྱིས་སངས་རྒྱས ་ཀྱི་ཡུལ་གྱི་ཆོ་འཕྲལ་ཆེན་པོ་བྱེད་ནུས་པ་ཤ་སྟག་གོ།། གཞན་ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་རྒྱ་མཚོ་བྱིན་ལ་སོགས་པ། བྱང་ཆུབ་སེམས་དཔའ་གང་གའི་ཀླུང་གི་བྱེ་མ་སྙེད་ཐམས ་ཅད་ཀྱང་མཆོག་དུས་བཅུ་ཐོབ་པ། ཐབས་ཀྱིས་ལུས་འཆང་བ་ཤ་སྟག་ལ། འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྒྱ་མཚོའི་བྱིན་དང་། བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་མི་ཟད་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་སོགས་པ་ཐེག་པ་ཆེན་པོ་ཐོས་པར་འདོད་པ། ཐེག་པ་ཆེན་པོ་ལ་ཞགས ་པ་ཐེག་པ་ཆེན་པོས་སྤྲས་པ། ཐེག་པ་ཚ་པོལ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་མཐུན་པར་བྱེད་ནུས་པ་ཤ་སྟག་དང་། བདག་སྒྲོལ་ནས་གཞན་བསྒྲལ་བར་བྱའོ། ་སྙམ་སྟེ། སྔོན་གྱི་བསྐལ་པ་བྱེ་བ་སྙེད་དུ་ཚུལ་ཁྲིམས་ཀྱི་བཀོད་པའི་དམ་བཅའ་བ་ལེགས་པར་བླངས་པ་འཛིན་པའི་སྤད་པ་སྨོད་པ་ཤ་སྟག་སྟེ། དེ་བཞིན་དུ་གྲོལ་ནས། གཞན ་གྲོལ་བར་བྱའོ་སྙམ་པ་དང་། དེ་བཞིན་དུ་དཀོན་མཆོག་གསུམ་གྱི་གདུང་མི་ཆད་པར་བྱའོ།། སྙམ་པ་དང་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་པ་དང་། གོ་ཆ་ཆེན་པོ་གོ་བར་བྱའོ། ་སྙམ་དུ་སེམས་དཔའ་ཤ་སྟག་དང་། དེ་བཞིན་དུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་དང་། བུ་གཅིག་པ་ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙོམ་པར་ལྟ་བ་ཤ་སྟག་སྟེ། ་དེ་དག་ཐམས་ཅད་ཀྱི་སྔ་དྲོའི་ཉི་མ་ཤར་ཀར་ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་སྐྱེག་ཀྱི་ཤིང་གི་མེ་ཏོག་ལྟར་རྩ་བ་ནི་ལངས། མིག་མཆི་མ་ཁྲག་ལྟ་བུས་གང་སྟེ། མཆོག་ཏུ་སྡུག ་བསྔལ་བའི་ཚོར་བ་དང་ལྡན་ནས་སེམས་ཅན་ཐམས་ཅད་ལ་ཕན་པ་དང་། བདེ་བ་དང་སྙིང་བརྩེ་བའི་ཕྱིར། འདུལ་བར་དབང་གི་དོན་དུ་ཐེག་པ་པོའི་གསང་བ། སྟོང་པ་ཉིད་ཀྱི་རྣམ ་པ་དགོངས་པའི་ཚིག་རྣམ་པ་སྣ་ཚོགས་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས ་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་འབུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦར་བ་བཏུད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཡང ་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་། ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པའི་དགེ་བསྙེན་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ལ་སོགས་པ། དགེ་བསྙེ ་གང་གའི་བྱེ་མ་སྙེད་ཐམས་ཅད་ཀྱང་ཟུང་དང་ཟུང་དུ་ཤེས་པ་ཤ་སྟག་སྟེ། སྡུག་བསྔལ་བ་དང་། བདེ་བ་དང་རྟག་པ་དང་། མི་རྟག་པ་དང་། བདག་ཡོད ་པ་དང་བདག་མེད་པ་དང་། སྟོང་པ་དང་མི་སྟོང་པ་དང་། དེ་ཁོ་ན་དང་དེ་ཁོ་ན་མ་ཡིན་པ་དང་། སྐབས་དང་སྐྱབས་མ་ཡིན་དང་། སེམས་ཅན་དང་སེམས་ཅན་མེད་པ་དང་། བསྟན་པ ་དང་། བསྟན་པ་མ་ཡིན་པ་དང་། ཞི་བ་དང་ཞི་བ་མ་ཡིན་པ་དང་། འདུས་བྱས་དང་འདུས་མ་བྱོས་པ་དང་། ཐེར་ཟུག་དང་ཟེར་ཟུག་མ་ཡིན་པ་དང་། ཡོངས་སུ་མྱ་ངན་ལས་འདས ་བ་ཡིན་པ་ལོག་པའི་ཁྱད་པར་དང་། ཁྱད་པར་དུ་འཕགས་པར་འདོད་པ་ཤ་སྟག་ལ་འདི་སྟེ། དགེ་བསྙེན་མ་འོད་དྲི་མ་མེད་པར་གྲགས་པའི་རྒྱལ་པོ་ཞེས་བྱ་བ་དང་དགེ་བསྙེན་རབ ་སྤྲིན་ལ་སོགས་པ། དགེ་བསྙེན་ཐེག་པ་ཆེན་པོ་ཐོས་པར་འདོད་པ། ཐོས་ནས་ཀྱང་གཞན་ལ་བསྟན་པར་བྱའོ།། སྙམ་དུ་དམ་བཅའ་ཤིང་། ཚུལ་ཁྲིམས་བླང་བ་ཐེག་པ་ཆེན་པོས ་སྐོམ་ལ་དོས་ནས་ཀྱང་གཞན་སྐོམ་པ་དག་ངོམས་པར་བྱའོ་སྙམ་དུ་དམ་ཆེན་པོ་ལ་སྲེད་པ། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་མི་མཐུན་པར་བྱེད་ནུས ་བ་ཤ་སྟག་དང་། བདག་ཅག་བསྒྲལ་ནས་གཞན་བསྒྲལ་བར་བྱའོ།། དཀོན་མཆོག་གསུམ་གྱི་གདུང་མི་གཅད་པར་བྱའོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ་སྙམ་དུ་སློབ་པར ་འདོད་པ། གོ་ཆ་ཆེན་པོ་བགོས་སློབ་པ་རྣམ་ལ་སེམས་གུས་པ། དེ་བཞིན་དུ་ཡོན་ཏན་གྲངས་མེད་པ་དང་ལྡན་པ་བུ་ཅིག་པ་ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད་ལ་སྙིང་རྗེ ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་ཆར་ཀར་དེ་བཞིན་གཤེགས་པའི་གདུང་ཞུགས་ལ་འཇུག་པའི་ཕྱིར་རེ་རེས་ཀྱང་ཙན་དན་དང་། ཨ་ག་རུ་དང་ཐང་གི་མཆོག་དང་། ཙན་དན ་མཆོག་གི་བུ་ཤིང་རྣམས་དང་། ཡམས་ཤིང་དྲི་བསྲུང་དང་ལྡན་པ་ལྔ་སྟོང་ཁྱེར་ཏེ་འོངས་སོ།། དེ་ལ་ཡམ་ཤིང་སྲེག་ཅིང་སྣ་རེ་རེ་ཞིང་ཡང་། གསེར་གྱི་སྐུད་པ་རིན་པོ་ཆེ་སྣ་བདུན ་དང་ལྡན་པས་བཀྲིས་པ། རི་མོ་འབྲིས་པ་ཁོ་ན་བཞིན་དུ་འདུག་པ་རང་བཞིན་གྱིས་གཞོན་ཤ་ཅན་ལེགས་པར་བཅོས་པ་ཤ་སྟག་སྟེ་སྣ་རེ་རེ་ཞིང་ཡང་འོད་རྣམ་པ་སྣ་ཚོགས་དང་ལྡན་པའི ་ཕུང་པོ་ཆེན་པོ་མདོག་སྔོ་བ་དང་བར་བར་ཁ་ཅིག་ཏུ་འདོག་དཀར། ཁ་ཅིག་ཏུ་སྐྱེ། ཁ་ཅིག་ཏུ་རྩ་དམར་ཁ་ཅིག་ཏུ་སེར་མིག་ཏུ་སྡུག་པ་ཤ་སྟག་གོ། བམ་པོ་རེ་རེའི་གཡོགས་པའི་དབྱར ་བུ་ཡང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་ཤ་སྟག་གོ།། ཆིངས་མའི་ཐག་ཏུ་གུ་མང་པོ་རེ་རེ་ཞིང་ཡང་ལྡོང་རོས་ཀྱི་མདོག་ལྟ་བུ་དང་། སྔོན་པོ་དང་། སེར་པོ་རྣམས་ཀྱི་བར་བར་དུ་སྤེལ ་བ་ཤ་སྟག་གོ།། དེ་འཆིངས་མའི་ཐག་གུ་མང་པོ་རེ་རེ་ཞིང་ཡང་གསེར་ཐགས་ཀྱི་མཆོག་རྣམས་པར་དག་པ། ཡུལ་མང་པོར་གྲགས་དག་གིས་སྤེལ་བ་ཤ་སྟག་གོ། དེ་ལ་ཡམས ་སྲེག་ཅིང་སྣ་རེ་རེ་ཞིང་ཡང་སྤོས་དྲི་བསུངས་ཞིམ་པོ་དང་། མེ་ཏོག་ཕྲེང་བ་དང་། གུར་གུམ་གྱི་ཕྱེ་མ་དང་ལྡན་པར་བྱས་པ། གསེར་ཐགས་ཀྱི་གཡོགས་པ། དར་སྣར་བརྒྱན་པ ་རིན་པོ་ཆེ་སྣ་བདུན་གྱི་ཤགས་སྔོན་པོ་དང་སེར་པོ་དང་སྤོས་སྐྲ་དཀར་པོ་དང་བཙོས་ཀ་ལྟ་བུ་དག་གི་ནང་དུ་བཅུག་པ་ཡུལ་ཀ་ལིང་ཀའི་རས་དང་། ཟར་མའི་རས་དང་། ཟབ་རད་དང་། ་རྒྱན་དར་གྱིས་མཆོག་རྣམས་ཀྱིས་བཀྲིས་པ། མེ་ཏོག་མང་པོས་བརྒྱན་པ་བྱགས་པ་ཤ་སྟག་གོ། ཡམ་སྲེད་ཤིང་སྣ་རེའི་ཤིང་རེ་རེ་ཞིང་ཡང་རིན་པོ ་ཆེ་སྣ་བདུན་གྱིས་བརྒྱན་པ། གསེར་གྱིས་མཛེས་པར་བྱས། ཁ་ཅིག་ཏུ་སྔོན་པོ་དང་། དཀར་པོ་དང་། དབ་ལའི་མདོག་དང་ལི་ཁྲིའི་ཁ་དོག་པས་ལྷག་པའི་འོད་གསལ་དང ་ལྡན་པ་ཤ་སྟག་གོ། ཤིང་ཏ་དེ་དག་གི་གཉལ་ཤིང་རྣམས་ཀྱང་རིན་པོ་ཆེ་སྣ་བདུན་གྱིས་བརྒྱན་པ། དཔེ་མེད་པ་རྟ་ཅང་ཤེས་མགྱོགས་པ་དག་ཀྱང་སྦར་བ་ཤ་སྟག་གོ།། རྟ་དེ་དག་ཀྱང་ཀླུང ་གི་ཤུགས་པས་འགྱོགས་པ་སྤུ་ཀ་ཆུ་སྐྱར་གྱི་མདོག་དང་། ལྡོང་རོས་ཀྱི་མདོག་དང་། སྤྲིན་གྱི་མདོག་ཅན་ཤ་སྟག་གོ།། ཐབས་དེ་འདྲ་བའི་ཤིང་རེ་རེའི་འདུན་ལོགས་དང་། རྒྱབ ་ལོགས་སུ་རྒྱལ་མཚན་དང་བ་དན་བསྒྲེངས་ཏེ། རྒྱལ་མཚན་ཐམས་ཅད་ཀྱང་རིན་པོ་ཆེ་ལས་བྱས། གསེར་གྱི་ཁ་དོག་དྲ་བས་གཡོགས་པ་ཤ་སྟག་གོ།། རྒྱལ་མཚན་གྱི་འདུན་ལོགས ་ཡང་གདུགས་རྩིབས་དང་། རྩ་བ་ནོར་བུ་དྲི་མ་མེད་པ་ལས་བྱས་པ། མུ་ཏིག་གི་ཆོམ་བུ་སྒང་མ་ཤ་སྟག་གདུགས་རེ་རེའི་འདུན་ལོགས་སུ་ཡང་། གསེར་གྱི་མེ་ཏོག་ཀུ་མུ་ཏ ་དང་། ཨུད་པ་ལ་དང་། པད་མ་དཀར་པོ་སྡོང་བུ་བཻ་ཌཱུརྱ་ལས་བྱས་པ། ཟེ་བ་རྡོ་རྗེ་ལས་བྱིས་པ། བུང་བ་མང་པོ་སྐད་འབྱིན་པ། དྲི་བསུངས་ཞིམ་པོ་དང་ལྡན་པ་ཡིད་དུ་འོང ་བ་དང་ལྡན་པ་ཆེ་བ་མང་པོ་སྟག་གོ། ལྡ་ལྡི་ཆེན་པོ་ཤ་སྟག་ཁྱེར་རོ།། ལྡ་ལྡི་ཆེན་པོ་རྣམས་ཀྱི་འདུན་དུ་ཡང་བྱང་ཆུབ་སེམས་དཔའི་སྐྱེས་པའི་རབས་ཀྱི་སྤྲོད་པ་རི་མོ་བྲིས་པ་ཆེན ་པོ་དག་ཐོགས་སོ་རི་མོའི་གཟུགས་རེ་རེའི་གློ་གཡས་གཡོན་ནས་ཀྱང་། བཟློས་གར་གྱི་ཐབས་ཡུལ་དབུས་ནས་བྱང་བ་རྣམས་པ་སྣ་ཚོགས་ཏེ། གར་ཐབས་བྱེད་དེའི་ནང་སིལ ་སྙན་རིན་པོ་ཆེ་ལས་བྱས་པའི་རྫ་རྔ་དང་། རྔ་ཟླུམ་དང་པི་ཝང་དང་གླིང་བུ་ད་དང་པི་ཝང་རྒྱུད་གཅིག་པ་དང་། རྔ་བོ་ཆེ་དང་། དུང་ལ་སོགས་པ་དག་འབུད་དོ།། གར་ཐབས་ཀྱི་སིལ ་སྙན་དེ་དག་ལས་ཀྱང་། ཀྱེ་མ་འཇིག་རྟེན་སྟོང་པར་འགྱུར་རོ།། ཞེས་བྱ་བར་དེ་ལྟ་བའི་རྣམ་པ་བརྗོད་ཅིང་། གདུང་སྐད་དུ་དབྱངས་ལེན་ཏོ།། གར་ཐབས་ཀྱི་སིལ་སྙན་རེ་རེའི ་འདུན་དུ་ཡང་། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་པར་ཚེར་བ་རྣམས་ཀྱི་ཕྱེ་མས། རིན་པོ་ཆེའི་སྐེན་བུ་ལེགས་པར་བཅོས་པ་གཞོན་ཤ་ཅན་དག་བཀང་བ་ཤ་སྟག་དང་། དེ་མ་ཡིན་པའི ་སྐོང་བུ་མང་པོ་བལྟ་ན་སྡུག་པ། གར་གུམ་གྱི་ཕྱེ་མས་བཀང་བ་ཤ་སྟག་ཐོགས་སོ།། དེ་དག་འདུན་ཡང་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་འཁོར་དང་བཅས་པ་ཁྱབ་པར ་འགྱུར་བའི་ཞལ་ཟས་དག་ཁྱེད་ཞི་ད་འདོད་།། ཞལ་ཟས་དེ་དག་ཀྱང་བུད་ཅིང་ཙན་དན་དམར་པོ་དང་། ཨ་ཀ་རུ་དང་། ཐང་ཤིང་གི་མེ་ཆུད་དུས་བཙོས་པ་དང་། གང་གའི་ཆུས ་བཙོས་པ་ཤ་སྟག་སྟེ། སྐུར་བ་དང་ལན་ཚའི་རོ་དང་དང་ར་བ་དང་། བསྐ་བ་དང་ཁ་བའི་རོ་དང་ལྡན་པ། མདངས་བསྐྱེད་པ་ཕན་པར་འགྱུར་བ་ཤ་སྟག་གོ། ས་ལ་ཟུང་གི་དྲག ་གི་ཉན་སྐོར་ཐམས་ཅད་ཀྱང་གསེར་གྱི་ཕྱེ་མ་འཇམ་པོ་བརྡལ་ཏེ། ག་པུ་ཤའི་རས་དང་། སྣི་བུ་དང་། བཅོས་སྣམ་དང་། དྲེའུ་རྡོག་དང་ཀ་ལིང་ཀའི་རས་དང་ཟབ་དར་འཇམ ་ཞིང་མདོག་དཀར་པོ་རྣམས་ཀྱང་བཏིང་ངོ་།། གྲུབ་པའི་གནས་དེའི་དཔག་ཚད་སུམ་ཅུ་རྩ་གཉིས་ཁོ་ར་ཁོར་ཡུག་ཀྱང་། གུར་གུམ་གྱིས་བྱུག་སོ།། ་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པའི་སེང་གེའི་ཁྲི་ཆེན་པོ་གསེར་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱི་སྤྲས་ཤིང་སྣང་བར་བྱས་པ། རི་རབ་ལྟར་ཆེ་ཞིང་འཕང ་མཐོ་བ་དག་བཤམས་སོ།། གཡོགས་མ་ཡང་དེ་དག་གི་རྐྱལ་དུ་འཚལ་པ་ཤ་སྟག་གིས་གཡོགས་ཏེ། གསེར་གྱི་གདུ་པུས་གཡེར་ཁ་སྠ་སི་ལི་ལི་དང་། ཁྲི་ཤིང་གི་སྒྲ་འབྱུང་བའི ་དྲ་བ་ཅན་གྱི་ཡོལ་བ་རྣམས་ཀྱིས་ནི་བསྐོར། རྒྱ་དར་སྦུར་སྡུག་ཡུལ་ཁྲིམ་ཆེན་པོའི་བླ་རེ་རྣམས་ནི་བྲིས། གདུགས་དཀར་མོ་རྣམས་ནི་ཉིན་མཚན་སྒྲིབས། རྔ་ཡ་བ་དཀར་པོ་རྣཾས ་ནི་ག་ཡབས། རྒྱབ་རྟེན་གླང་པོ་ཆེའི་མཆེ་བ་ལ་ཆུ་སྲིན་ཀ་མ་ར་ན་བའི་ཁ་ནས་ཟླ་བ་ཉ་བའི་འོད་ཟེར་ལྟར་དཀར་བའི་མུ་ཏིག་གི་ཆུན་པོ་འབྱང་ཞིང་། སྤང་བ་དང་ལྡན་པ་རྣམས ་ནི་བཅས། ས་ཕྱོགས་རྣམས་ནི་དྲི་ཞིམ་པོའི་སིལ་མས་གཏོར་ཏོ།། དགེ་བསྙེན་དེ་དག་རེ་རེ་ནས་འདི་སྙམ་དུ་སེམས་ཏེ། བདག་གི་སེམས་ཅན་ཐམས་ཅད་ལ་ཟས་འདོད ་པ་རྣམས་ལ་ཟས་སྦྱིན་ནོ།། མགོ་དང་དམིགས་ལ་སོགས་ཡན་ལག་དང་ཉིང་ལག་ཐམས་ཅད་འདོད་པ་རྣམས་ལ་ཡང་ཇི་ལྟར་འདོད་པ་བཞིན་སྦྱིན་ནོ།། དབུལ་པོ་དང་། བཀྲེན ་པ་དང་། འཕོངས་པོ་རྣམས་ལ་ཡང་འདོད་པ་དང་། དག་དང་། གནོད་པ་དང་། མ་བརྟགས་པའི་སྨིན་པ་རྣམས་མ་གཏོགས་པར་གང་དང་གང་དག་ཅི་དང་ཅི་འདོད་པ་དེ་དང ་དེ་དག་ཆོག་པར་སྦར་རོ།། སྙམ་དུ་སེམས་ཀྱི་གཞན་ནི་ཅི་ཡང་མི་སེམས་སོ།། དེ་བཞིན་དུ་དགེ་བསྙེན་གྱི་སྡེ་མཚན་བྱང་ཆུབ་སེམས་དཔའ་བའི་སྤྱོད་པ་དེ་དག་ཐམས་ཅད་ཀྱིས ་བསམས་པ། དེ་བཞིན་གཤེགས་པ་བདག་གིས་བཤོས་གསོལ་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་བྱའོ།། དེ་བཞིན་གཤེགས་པ་བདག་གི་བཤོས་གསོལ་ཏེ། ཡོངས་སུ ་མྱ་ངན་ལས་འདས་པར་བྱའོ་སྙམ་ཏེ། སོ་སོ་ནས་དེ་འབའ་ཞིག་སྙིང་ལ་སེམས་ཤིང་། ཡན་ལག་ཐམས་ཅད་ཀྱི་བ་སྤུ་རྒྱ་ཀྱིགས་ཀྱི་ཤིང་གི་མེ་ཏོག་ལྟར་དམར་ནི་ལངས། མིག ་ནི་མཆི་མ་ཁྲག་ལྟ་བུས་གང་ཏེ། མཆོག་ཏུ་སྡུག་བསྔལ་བའི་ཚོར་བ་དང་ལྡན་ནས། རང་རང་གི་མཆོད་པའི་ཡོ་བྱད་བུད་ཤིང་། ཡམ་སྲེག་ཤིང་། ཤིང་རྟ་དང་། རྒྱལ ་མཚན་དང་། གདུགས་དང་བ་དན་རྣམས་དང་འཆས་ཏེ། ཞལ་ཟས་མཆོག་གིས་སྦྱར་བའི་སྣོད་རྣམས་ཐོགས་སོ།། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ལྷགས་ནས་བརྩེ། ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་སྤོས་དང་མེ་ཏོག་དང་། ཕྲེང་བ་དང་། ཕྱེ་མ་དང་། ཕྱེ་མ་ཞིབ་བུ་དང་། གདུགས་དང་། རྒྱལ ་མཚན་དང་། བ་དན་དང་། བླ་རེ་རྒྱ་ཆེན་པོ་དེ་དག་གིས་མཆོད་ནས། ལན་འབུམ་བསྐོར་བ་བྱས་ཏེ། མིག་ནས་མཆི་མ་རྒྱུན་མི་ཆད་པར་ཆར་བཞིན་དུ་བབ་ནས། བདག་ཉིད ་ལ་སྡུག་བསྔལ་གྱི་རྣམ་པ་མང་པོ་བྱེད་ཅིང་། ཀྱེ་མ་འཇིག་རྟེན་སྟོང་པར་འགྱུར་རོ།། ཞེས་དེ་སྐད་དུ་སྐད་ཆེན་པོ་འདོན་ཏེ། དེ་བཞིན་གཤེགས་པའི་ཞབས་དྲུང་ན་སྲོག་ཆགས ་ཤིང་ཤུན་མར་བཞིན་དུ་འགྲེ་ལྡོག་ཅིང་གསོལ་བ་འདེབས་ཏེ། བཅོམ་ལྡན་འདས་དེས་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱི་འཁོར ་དང་བཅས་པས། བདག་གི་བཤོས་གསོལ་བར་ཅི་གནང་བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་སྦྱིན་པའི་ཐ་མ་དེ་བཞིན་གཤེགས་པས་བཞེས་སུ་གསོལ། ཞེས་གསོལ་བ་འདེབ ་སོ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཅང་མི་གསུང་བར་གྱུར་ཏོ།། དེ་དག་གིས་ལན་གཉིས་ལན་གསུམ་དུ་དེ་སྐད་ཅེས་གསོལ་ཀྱང་། ལན་གཉིས་ལན་གསུམ་དུ་བཙོ ་ལྡན་འདས་ཅང་མི་གསུང་བར་གྱུར་ཏོ།། དེ་ནས་དགེ་བསྙེན་གྱི་ཚོགས་དེ་དག་རེ་ཐག་ཆད་དེ། ཅང་མི་ཟེར་བར་འཁོད་ནས། བུ་གཅིག་པ་ཤིན་ནྡ་དུ་ཁྲོད་བོར་མ་ཐག་པའི་ཕ་མ་འགྲེ ་ལྡོག་པ་བཞིན་དུ་སྡུག་བསྔལ་བར་གྱུར་ཏོ།། དེ་བཞིན་དུ་དགེ་བསྙེན་དེ་དག་ཐམས་ཅད་མཆོག་ཏུ་སྡུག་བསྔལ་བར་གྱུར་པ་ལས་ལངས་ཏེ། རང་རང་གི་མཆོད་པའི་ཡོ་བྱད་རྣམས ་བསྡུས་ནས། ཕྱོགས་ཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་བསླབ་པའི་གཞི་ལྔ་བླངས་ཤིང་ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པ་དང་། དམ་པའི་ཆོས་ཀྱི་གཅེས་པ་འཛིན། ་པིའི་དགེ་བསྙེན་མཚོང་དཔོན་གྱི་བུ་མོ་མཚོ་བའི་དཔལ་ལ་སོགས་པ་དགེ་བསྙེན་མ་གང་གའི་ཀླུང་གི་བྱེ་མ་སྙེད་ཐམས་ཅད་ཀྱང་། བུད་མེད་ཀྱི་གཟུགས་ཀྱིས་སེམས་ཅན་བྱེ་བ་ཕྲག་མང ་པོ་ངེས་པར་སྒྲོལ་བ། ཁྱིམ་གྱི་གནས་ལ་སྨད་པ་ཤ་སྟག་ཏེ། ལུས་འདི་ནི་ཉེས་པའི་ཁམས་བརྒྱད་ཅུ་རྩ་བཞི་ལས་ལྷག་པར་སྦས་པའོ།། ལུས་འདི་ནི་སྲིན་པོའི་རིགས་བྱེ་བ ་ཕྲག་བརྒྱད་ཅུ་རྩ་བཞིའི་ཟས་སོ།། ལུས་འདི་ནི་རྒྱལ་པོའི་ཁྲི་མོན་དུ་གྲུབ་པའི་དྲི་མ་མནན་པའོ།། ལུས་འདི་ནི་ཁྱི་རོ་རུལ་པའི་དྲི་བས་ཀྱང་ལྷག་པར་སྦགས་པའོ།། ལུས་འདི་ནི་སྒོ ་དགུ་ནས་མི་གཙང་བར་འཛག་པའོ།། ལུས་འདི་ནི་ཤ་དང་ཆུ་བ་དང་། རུས་པ་དང་། ཁྲག་དང་། ལྤགས་པའི་ཞལ་ཞལ་ཅན། རྐང་ལག་གི་ཕྱི་སྒོ་དང་། ར་བ་དང་། བ་གམ ་དང་། མིག་གི་སྐར་ཁུང་དང་། མགོ་བོའི་ཡང་ཐོག་ཅན། ཡིད་རྒྱལ་པོ་ལྟ་བུའི་ཕོ་བྲང་གྲོང་ཁྱེར་ལྟ་བུ། ལུས་འདི་ནི་མཁས་པ་ཐམས་ཅད་ཀྱིས་སྤངས་བྱིས་པའི་སྐེ་བོ་དགའ ་བར་བྱེད་པའི་འདོད་ཆགས་དང་། ཞེ་སྡང་དང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་བྱ་སྙེད་ཀྱིས་བསྟེན་པ། འདམ་བུ་དང་ཨེ་རན་དང་དབུ་བ་དང་། ཚུལ་ཤིང་ལྟ་བུ་སྙིང་པོ ་མེད་པ། གློག་དང་རི་གཟར་པོའི་འབབ་ཆུ་རྦ་རླབས་ལྟར་ཤིན་ཏུ་མི་བསྟན་པའོ།། སྒྱུ་མ་དང་སྨིག་རྒྱུ་དང་བྲག་ཆ་དང་། ཟླ་བའི་གཟུགས་བརྙན་ལྟར་སླུ་བར་བྱེད་པ། རླུང་ཤུགས ་དྲག་པོ་རྣམ་པར་དཀྲུགས་པའི་ཆུའི་ཤུགས་ཀྱིས་རྐོས་པའི་འགྲམ་གྱི་སྡོད་པ་ལྟར་གཡེང་སར་འདུག་པའི་ཆོས་ཅན། སྦྲང་གུ་དང་། ཝ་དང་བྱ་རྒོད་དང་། བྱ་རོག་རྣམས་ཀྱི་ཟས ་ཡིན་ན། སུ་ཞིག་འདི་ལྟ་བུ་འཆང་བ་ལ་དགའ་བར་བྱེད་རྒྱ་མཚོའི་ཆུ་ཐམས་ཅད་སྐྲའི་རྩེ་མོས་བླངས་ཏེ་བ་ལང་གི་སྨིག་རྗེས་སུ་བླུག་པར་ནི་ནུས་སྲིད་ཀྱིས་ལུས་མང་བཞི་རྒྱད་རྩ་ཞིས ་གཟིར་བ་འདི་སྙིང་པོ་མེད་པ་འམ། མི་གཙང་བའི་ཚིག་གམ་གྱིས་བསྟན་པར་མི་ནུས་སོ།། ས་ཆེན་པོ་འདི་རྒྱ་ཤུགས་ཀྱི་འབྲས་བུས་རུས་པའི་འབྲུ་ཙམ་ཤ་སྟག་བྱས་པ་འམ། ་ཡུངས་འབྲུ་ཙམ་འམ། རྡུལ་ཕྲ་རབ་ཀྱི་རྡུལ་ཙམ་ཤ་སྟག་ཏུ་བྱས་པས་ནི་ཟད་པར་འགྱུར་ཡང་སྲིད་ཀྱི། ལུས་འདི་ཡོད་ཀྱི་བར་དུ་འདིའི ་ཉེས་དམིགས་ནི་མཐར་ཐུག་པར་མི་འགྱུར་རོ།། དེ་བས་ན་དམ་པའི་ཆོས་བསྲུང་བའི་ཕྱིར། འདི་ཚིལ་མ་བཞིན་དུ་དོར་བར་བྱའོ་སྙམ་སྟེ། འདི་ལྟར་དགེ་བསྙེན་མ་དེ་དག ་ཐམས་ཅན་ཆེན་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་། སྨོན་པ་མེད་པ་བསྒོམས་པས་སེམས་མེད་པ་བསྒོམས་པ་ཤ་སྟག་ལ་འདི་ལྟ་སྟེ། དགེ་བསྙེན་མ་མཚོའི་དཔལ ་ཞེས་བྱ་བ་དང་། དགེ་བསྙེན་མ་དཔལ་ཞེས་བྱ་བ་དང་། དགེ་བསྙེན་མ་ག་ཞེས་བྱ་བ་དང་། དེ་དག་ལ་སོགས་པ་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ཆོས་ཐོས་པར་འདོད་ལ། ་ཐོས་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ།། སྙམ་དུ་དམ་བཅས་པ། བསྲང་ལྷར་བྱེད་པ། བུད་མེད་ཀྱི་ལུས་ངན་ནོ་སྙམ་དུ་སྨོད་པ། ལུས་སྙིང་པོ་མེད་དོ་སྙམ་དུ་སྨོད་པ། ་སོ་སོ་ནས་ཤས་ཆེར་སྒོམ་པ་དང་འཁོར་བའི་འཁོར་ལོ་གཞག་གོ་སྙམ་དུ་སེམས་པ་ཤ་སྟག་དང་། ཐེག་པ་ཆེན་པོས་ངོམས་ལ། ངོམས་ནས་ཀྱང་གཞན་དག་སྐོམ་པ་དག་སྣོམས ་པར་བྱའོ།། སྙམ་དུ་དམ་བཅས་པ་ཤ་སྟག་དང་། ཐེག་པ་ཆེན་པོ་ལ་སེར་སྣ་མེད་པ། འཇིག་རྟེན་ཐམས་ཅད་དང་། མཐུན་པར་སློབ་པར་འདོད་པ་དང་། གྲོལ་ནས་གཞན ་གྲོལ་བར་བྱའོ།། རྐས་ནས་གཞན་གྲོལ་བར་བྱའོ།། དཀོན་མཆོག་གསུམ་གྱི་གདུང་མི་ཆད་པར་བྱའོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ།། སྙམ་དུ་སློབ་པར་འདོད་པ་ཤ ་ཐེག་པ་ཆེན་པོ་ལ་སྲེད་པ། ་སྟག་དང་། གོ་ཆ་ཆེན་པོ་བགོས་པ་བསླབ་པ་རྣམས་ལ་བརྟུལ་ཞུགས་བརྟན་པ་དང་། དེ་བཞིན་དུ་ཡོན་ཏན་དུ་མ་དང་ལྡན་པ་དང་། བུ་གཅིག་པ་ལ་བྱ་བ་བཞིན་དུ་སེམས་ཅན་ཐམས་ཅད ་ལ་སྙིང་རྗེ་དང་ལྡན་པ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀན་ཤིན་ཏུ་རིངས་པར་གཅིག་ལ་གཅིག་འཇུས་ཏེ། དེ་བཞིན་གཤེགས་པའི་གདུང་ཤུགས་ཞེན་པའི་ཕྱིར། ཡམ་སྲེག ་ཤིང་དགེ་བསྙེན་པ་རྣམས་ཀྱི་ཉེ་འགྱུར་ཁྱེར་བ་ལས། བཅོམ་ལྡན་འདས་ཀྱིས་ཞལ་ཟས་མ་བཞེས་ནས། བུ་ཤི་བ་བཞིན་དུ་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། དུས་ནས་ལངས་ཏེ ་ཕྱོགས་ཏུ་འཁོད་དོ།། ཡང་དེའི་ཚེ་ལི་ཙ་བྱི་གཞོན་ནུ་གཙང་མ་དྲི་མ་མེད་པའི་སྙིང་པོ་ལ་སོགས་པ་ཡངས་པ་ཅན་ན་གནས་པའི་ལི་ཙ་བྱེ་གཞོན་ནུ་གྲོང་ཁྱེར་གྱི་ནང་ན་གནས་པ་དང་ཕྱི ་རོལ་ན་གནས་པ་དང་བཅས་པ་རྣམས་དང་། འཛམ་བུ་གླིང་ན་གནས་པའི་རྒྱལ་ཕྲན་བློན་པོ་དང་བཅས་པ་གང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ཐམས་ཅད་ཀྱང་དམ་པའི་ཆོས་ལ་མཁས་པ། ་ཚུལ་ཁྲིམས་དང་ཆོ་ག་དང་། ཡོན་ཏན་དང་ལྡན་པ། དམ་པའི་ཆོས་སུན་འབྱིན་ཅིང་རྟགས་ཅན་འཆལ་བ་རྣམས་ཀྱི་སེར་བ་ལྟ་བུར་གྱུར་པ་ཤ་སྟག་ལ་དེ་དག་ཐམས་ཅད་ཀྱང་འདི་ལྟ ་བུར་འདོད་དེ། བདག་ཅག་གི་ནོར་དང་འབྲུའི་ཚོགས་དང་། མཛོད་དང་བང་བའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ནི་བདུད་རྩི་མི་ཟད་པ་བྱ་བ་དང་། བདུད་རྩི་གནས་པར་བྱ ་བའི་ཕྱིར་ཡིན་གྱིས་བདག་ཅག་གི་དམ་པའི་ཆོས་ལ་ནན་ཏན་བྱའོ།། དམ་པའི་ཆོས་སུན་འབྱིན་ཅིང་ལོག་པར་ལྟ་བ་རྣམས་ཀྱི་ལྕེ་བཅད་པར་བྱའོ།། ཞེས་པར་དམ་བཅས་པ། དགེ་འདུན ་ལ་ཕན་པ་དང་། ཚུལ་ཁྲིམས་ཆལ་པ། ཚུལ་ལ་མི་གནས་པ་རྣམས་ནི་གོས་དཀར་པོ་གྱོན་དུ་བཅུག་སྟེ། ཁྱིམ་པའི་ལས་བྱེད་དུ་བཞག ་གོ་སྙམ་དུ་སེམས་བརྟུལ་བ། བླ་མའི་ཆོས་སྡུག་པ་ལ་ནི་བླ་མ་བཞིན་རིམ་གྲོ་བྱའོ་སྙམ་དུ་དམ་བཅས་པ་དགེ་འདུན་ལ་ཕན་པ་དང་བདེ་བར་གནས་པར་བྱ་བ་ནི་ཡོངས་སུ་རྫོགས་པར ་བྱས་བཏང་། དེས་མཆོག་གོ་སེམས་པ་དང་། ཐེག་པ་ཆེན་པོ་ཐོས་པར་འདོད་ལ་ཐོས་ནས་ཀྱང་གཞན་དག་ལ་བསྟན་པར་བྱའོ།། སྙམ་དུ་ཡིད་དམ་བཅས་པ་ལ་བསྟན་པ་དང ་དེ་དག་ལ་སོགས་པའི་ཡོན་ཏན་དག་ཏུ་མེད་པ་དང་ལྡན་པ་ཤ་སྟག་སྐེ་འདི་ལྟ་སྟེ། ལི་ཙ་བྱི་གཞོན་ནུ་གཙང་མ་དྲི་མ་མེད་པའི་སྙིང་པོ་ཞེས་བྱ་བ་དང་། སྒྲིབ་པ་དག་པ་ཞེས ་བྱ་བ་དང་། གང་གའི་ཆུ་དྲི་མ་མེད་པ་བྱིན་པ་ཞེས་བྱ་བ་དང་། དེ་ལ་སོགས་པ་ལི་ཙ་བྱི་གཞོན་ན་དེ་དག་ཀྱང་གཅིག་ལ་གཅིག་འཇུས་ཏེ། རེ་རེས་ཀྱང་ག་དང་ཞུགས་ལ ་ཞེན་པའི་བུ་ཤིང་ཐང་ཤིང་གི་མཆོག་དང་། ཙན་དན་དང་། ཨ་ཀ་རུ་དང་། ཡམ་ཤིང་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞི་དང་། མཆོད་པ་སྔ་མ་གཉིས་འགྱུར་རྣམས་ཁྱེར་ནས ་མཆོད་པ་རྣམས་བསྒྲུབས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ངོ་།། ལི་ཙ་བྱི་གཞོན་ནུ་རེ་རེ་ཞིང་ཡང་གླང་པོ་ཆེ་བརྒྱད་ཁྲི་བཞི་སྟོང་དང་། རྟ་བརྒྱད་ཁྲི་བཞི་སྟོང་དང་། ནོར ་བུ་ཆུ་ཤེལ་བརྒྱད་ཁྲི་བཞི་སྟོང་འཆས་སོ།། གླང་པོ་ཆེ་རེ་རེའི་འདུན་དུ་ཡང་མཆེ་བ་ལ་འོས་པའི་གདུགས་དང་། རྒྱལ་མཚན་དང་བ་དན་དང་། དར་གྱི་བླ་རེ་ཆེན་པོ ་རྣམས་ཐོགས་སོ།། གདུགས་རྣམས་ཀྱི་ནང་ཆུང་ངུ་གང་ཡིན་པ་དེ་ལ་ཡང་། ཁོ་ར་ཁོར་ཡུག་ཏུ་དཔག་ཚད་བརྒྱད་ཡོད་དོ།། དར་གྱི་བླ་རེ་ཆེན་པོ་རྣམས་ཀྱི་ནང་ན་ཆུང་ངུ་གང ་ཡིན་པ་དེ་ལ། ཆུ་ཞག་དུ་དཔག་ཚད་སུམ་ཅུ་རྩ་གཉིས་ཡོད་དོ།། རྒྱལ་མཚན་རྣམས་ཀྱི་ནང་ན་ཆུང་ངུ་གང་ཡིན་པ་དེ་ལ་ཡང་དབང་དུ་དཔག་ཚད་བརྒྱ་ཡོད་དོ།། བ་དན ་རྣམས་ཀྱི་ནང་ཅུང་ངུ་གང་ཡིན་པ་དེ་ལ་དཔག་ཚད་སྟོང་དུ་ཕྱིན་ཏོ།། དེ་ལྟར་དེ་དག་མཆོད་པ་རྣམས་དང་བཅས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་དོད་ནས་བཅོམ་ལྡན ་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཞལ་ཟས་ཕུལ་བ་དང་། བཅོམ་ལྡན་འདས་ཅང་མི་གསུང་སྟེ་མ་བཞེས་ནས་མཆོག་ཏུ་སྡུག་བསྔལ་བར་གྱུར་ཏེ། ་རེ་ཐག་ཆད་ནས་ལངས་ཏེ། བཅོམ་ལྡན་འདས་ཀྱི་མཐུས་ཏེ་ལ་བདུན་ཙམ་གྱི་སྲིད་དུ་འཕགས་ཏེ་འཁོད་དོ།། གཞན་ཡང་དེའི་ཚེ་འཛམ་བུའི་གླེང་པའི་བློན་པོ་དང་། ་ཚོང་དཔོན་དང་། ཁྱིམ་བདག་གང་གིའི་ཀླུང་ལྔའི་བྱེ་མ་སྙེད་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ལ་དང་། ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་རྣམ་པར་དག ་བ་དང་ལྡན་པ། དམ་པའི་ཆོས་འབྱིན་པ་རྣམས་ཀྱི་སེར་བ་ལྟ་བུར་འགྱུར་བ་ཤ་སྟག་སྟེ། འདི་ལྟ་སྟེ། ཁྱིམ་བདག་རྒྱལ་པོ་རྣམ་པར་སྣང་བྱེད་པ་དང་། འགྲོ་བ་སྟོང ་ཞེས་བྱ་བ་དང་། ཆོས་སྐྱོང་ཞེས་བྱ་བ་དང་། དེ་ལ་སོགས་པ་དག་ཀྱང་དེའི་ཚེ་དེར་ལྷགས་ཏེ་དེ་དག་ཐམས་ཅད་ཀྱི་ཕྱིར་ཡམ་སྲེག་ཤིང་རྣམས་ཁྱེར་ཏེ་མཆོད་པ་སྡོ་མ ་ཐམས་ཅད་རང་རང་གི་མཆོད་པ་ཟིལ་གྱིས་གནོན་ནས། བཅོམ་ལྡན་འདས་ལ་ཉིས་འགྱུར་དུ་བྱས་ཏེ། དེ་དག་གི་མཆོད་པའི་ཡོ ་བྱད་རྣམས་ཀྱི་རྒྱལ་མཚལ་དང་། བ་དན་དང་། གདུགས་རྣམས་ཀྱི་འཕང་དང་མཆུ་ཞེང་གི་ཚད་ཀྱང་སྔ་མའི་ཉེས་འགྱུར་བས་ལྷག་གོ།། ཞལ་ཟས་རྣམས་ཀྱི་དྲི་བ་སུང ་ནི་རྒྱང་དུ་ཁྱབ་པར་གྱུར་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཞལ་ཟས་པ་ཞེས་པར་གསོལ་བ་བཏབ་ཀྱང་ཞལ་ཟས་མ་བཞེས་ནས། བཅོམ་ལྡན་འདས་ལ་བསྐོར་བ་བྱེ་ཅིང ་སྐྲ་འབལ། རང་རང་གི་རྒྱན་རྣམས་འཐོར་ཞིང་སྐད་མི་སྙན་པར་དུས་ཏེ། བུ་གཅིག་པ་ཤི་བ་བཞིན་དུ་མཆོག་ཏུ་སྡུག་བསྔལ་བར་གྱུར་ནས། བཅོམ་ལྡན་འདས་ཀྱི་མཐུས་ས་ལ་ཟུང་གི་དྲུང་ཉིད ་དུ་ཕྱོགས་གཅིག་ཏུ་འཁོད། གཞན་ཡང་དེའི་ཚེ་ལ་མིག་ཡངས་ཞེས་བྱ་བ་ལ་སོགས་པ། ལྷའི་ཚོགས་གང་གཱའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་དང་ལྷན་ཅིག་ཏུ་ལྷགས་ནས། ལྷ་དེ་དག་གི་འདི ་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་ལྟོས། གྲོགས་པོ་དག་ལྟོས། མི་རྣམས་ཀྱི་མཆོད་པའི་ཡོ་བྱད་ཁྱད་པར་འཕགས་ལ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས ་པའི་སངས་རྒྱས་ལ་མཆོད་པ་དང་བཀུར་སྟི་ཐམས་ཅད་མཆོད་པར་འདོད་དེ། མི་རྣམས་ཀྱི་ཞལ་ཟས་ཐ་མ་བཞེས་པའི་ཕྱིར་བཅོམ་ལྡན་འདས་ལ་གསོལ་བ་འདེབས་ཀྱིས། གྲོགས ་པོ་དག་བདག་གིས་ཀྱང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་སོ་སོ་ནས་མཆོད་པ་བྱ་ཞིང་། ཐ་མའི་དུས་སུ་ཞལ་ཟས་དབུལ་བར་བྱའོ།། ་ཇི་ལྟར་བདག་གི་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པས་གསོལ་ཏེ། ཡོངས་སུ་མྱ་ངན་ལས་འདས་པར་མཛད་ཞིག་གུ། འགྲོགས་པོ་དག་སངས་རྒྱས་འབྱུང་བ་ནི་ཤིན་ཏུ་དཀོན ་དེ་བས་ཀྱང་ཞལ་ཟས་ཀྱི་ཐ་མའི་སྨིན་པའི་ཕ་རོལ་ཏུ་ཕྱིར་པའི་ཕུན་སུམ་ཚོགས་པ་ནི་ཆེར་དཀོན་ནོ།། ཀྱེ་མ་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ན། འཇིག་རྟེན་སྟོང་པར ་འགྱུར་རོ།། ཞེས་སྨྲས་སོ།། ལྷོ་དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོ་ཐོས་པར་འདོད་ལ་ཐོས་ནས་ཀྱང་གཞན་དག་ལ་བསྟན་ཏོ།། སྙམ་དུ་དམ་བཅས་པ་ཐེག་པ་ཆེན་པོ་སྐོམ ་ལ་ངོམས་ནས་ཀྱང་གཞན་སྐོམ་པ་རྣམས་ངོམས་པ་སྙམ་དུ་སེམས་པས་ཐེག་པ་ཆེན་པོ་ལ་སྲེད་པ་དང་། ཐེག་པ་ཆེན་པོ་ལ་ཕྲ་དོག་དང་། ཡུས་ཆེ་བ་དང་འཆབ་པ་དང་། རྒྱ་མེད ་བ་དང་། ཐེག་པ་ཆེན་པོས་སུན་འབྱིན་སེམས་ཅན་རྣམས་ཀྱི་སེར་བ་ལྟ་བུར་གྱུར་པ། དམ་པའི་ཆོས་བསྲངས་པའི་ཚུལ་ཁྲིམས་པ་འཇིག་རྟེན་འཐུན་པར་སློབ་པར་འདོད་ལ། ་བདག་རྒལ་ནས་གཞན་ལ་བསླབ་པར་བྱའོ།། བདག་ཅག་གྲོལ་ནས་གཞན་འགྲོལ་བར་བྱའོ།། ཆོས་ཀྱི་འཁོར་ལོ་བསྐོར་བར་བྱའོ།། དཀོན་མཆོག་གསུམ་གྱི་གདུང་མི་ཆད ་པར་བྱའོ།། སྙམ་དུ་སློབ་པར་འདོད་པ། གོ་ཆེ་ཆེན་པོས་བགོས་པ། བསླབ་པ་རྣམས་ལ་དམ་བཅས་པ་བརྟན་པ་དང་། དེ་བཞིན་དུ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ། ་བུ་གཅིག་པ་ལ་བ་བ་བཞིན་དུ་འཇིག་རྟེན་ཐམས་ཅད་ལ་སྙིང་རྗེས་ལྟ་བ་ཤ་སྟག་སྟེ། དེ་དག་ཀྱང་ཉི་མ་འཆར་ཀར་སྟོན་པ་ཡོངས་སུ་མྱ་ངན་ལས་འདས་པའི་གདུངས ་ཞུགས་ལ་ཞེན་པའི་ཕྱིར། བུད་ཤིང་ཡམ་སྲེག་ཤིང་རྣམས་ཁྱེར་ཏེ། དེ་དག་ཀྱང་སྔ་མས་ཡམ་སྲེག་ཤིང་གི་ཉིས་འགྱུར་བས་བཟང་བ་ལྷ་རྫས་དྲི ་བསུང་དང་ལྡན་པ་ཡིད་དུ་འོང་བ། མི་ལ་དཀོན་པས་ཤ་སྟག་གོ། ཤིང་རྟ་ཡང་རྟའི་མཆོག་མགྱོགས་པ་དག་དང་སྦྱར་པ། དར་ལེབ་དཀར་པོས་གཡོགས་པ་གཟུགས་དང་དབྱེན ་རི་མོར་འདྲིར་ཡང་མི་བཏུབོ་དྲིལ་བུ་གཡེར་ཁའི་དྲ་བ་ཅན་གྱི་ཡོལ་བས་གཡོགས་པ། དར་ཡུག་ཁྱིམ་ཆེན་པོའི་བློ་རེ་རྒྱ་ཆེན་པོ་རྩ་བ་རི་མོས་བྲིས་པ་ལ་གཙུགས་པ་དང་། གར་ཐབ ་དང་རོལ་མོ་ཡིད་དུ་འོང་བ་རྣམས་ཀྱིས་འདུན་དུ་དྲངས་པ། ཁ་ཟས་ཞིམ་པོ་དག་དང་། སེང་གེའི་ཁྲི་བྱེ་བ་བཻ་ཌཱུརྱའི་བརྒྱབ་རྟེན་རྩེ་མོ་ནོར་བུའི་འོད་ཀྱིས་སྣང་བར་བྱས་པ། ཞབས ་རྟེན་གསེར་ལས་བྱས་པ་དག་ཀྱང་བཤམས་པ་དག། ས་ཕྱོགས་དག་ཀྱང་མེ་ཏོག་གི་དྲི་བསུང་ཞིམ་པོ་སྣ་ཚོགས་ཀྱིས་མཛེས་པར་བྱས་ལ། མེ་ཏོག་སིལ་མ་བཀྲམ་ཞོམ་བཀོད་པ། ་དཔུང་གི་ཚོགས་ཡན་ལག་བཞི་ཕྱི་བཞིན་དུ་འབྲང་བ་ཤ་སྟག་སྟེ། སོ་སོ་ནས་མཆི་མ་ཁྲག་ལྟ་བུ་མི་ཐུབ་ཅིང་། མཆོག་ཏུ་སྡུག་བསྔལ་བས་གདུངས་ནས་སེམས་ཅན་ཐམས་ཅད་ལ ་ཕན་པ་དང་། བདེ་བ་དང་། སྙིང་བརྩེ་བའི་ཕྱིར་དང་། གདུང་བར་བྱ་བའི་དབང་གི་དོན་དུ་ཐེག་པ་ཆེན་པོའི་མཆོག་གསང་བ། སྟོང་པ་ཉིད་ཀྱི་རྣམ་པ་དགོངས་པའི་ཚིག་རྣམ་པ་སྣ ་ཚོགས་ཀྱི་ཆོས་ཀྱི་སྒོའི་ཚུལ་བཤད་པར་བྱ་བའི་ཕྱིར། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། མཆོད་པ་དང་བཀུར་སྟིའི་ཚོགས་རྣམ་པ་མང་པོ་དག་བྱས་ཏེ། ་བསྐོར་བ་ཡང་བྱས་ནས་བཅོམ་ལྡན་འདས་ཀྱི་འཁོར་རྣམས་ཀྱི་ཕྱིར། རང་རང་གི་བླ་གོས་ས་ལ་བཏིང་བ་ལ་ཏེ། རང་རང་གི་རྒྱན་རྣམས་བོག་ཅིང་གཏོར་ནས། རང་རང་གི་སྐྲ་འབལ ་ཅིང་སྐད་མི་སྙན་པས་དུས་ཏེ། བཅོམ་ལྡན་འདས་ལ་ཚིག་མཐུན་པར་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བདག་ཅག་གིས་སྦར་བའི་བཤོས་གསོལ་ཏེ་ཡོངས་སུ་མ ་ངན་ལས་འདས་པར་མཛད་དུ་གསོལ། ཞེས་ལྡན་གསུམ་དུ་གསོལ་བ་བཏབ་པ་ཀྱང་བཅོམ་ལྡན་འདས་ཀྱིས་མ་བཞེས་ཏེ། ཅང་མི་གསུངས་ནས་དེ་དག་རེ་ཐག་ཆད་དེ་ལངས་ན ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ཀླུའི་རྒྱལ་པོ་ཕྱོགས་བཞིན་གནས་པ། ཀླུའི་བློ་ནོར་རྒྱས་ཀྱི་བུ་དང་། དགའ་བོ་དང་ཉེ་དགའ་བོ་ལ་སོགས་པ། བཅོམ་ལྡན་འདས ་ཀླུའི་རྒྱལ་པོ་གང་གའི་ཀླུང་གི་བྱེ་མ་སྙེད་བཞིན་དུ་རིངས་པར་ཉི་མ་ཤ་ར་ཀར་ལྷ་རྣམས་ཀྱིས་མཆོད་པ་ལས་ཀྱང་ཉིས་འགྱུར་བས་ལྷག་པའི་མཆོད་པའི་ཡོ་བྱད། རང་རང་གི་འབྱོར་པ་དང་མཚམ ་པེ་དག་ཁྱེར་ནས། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ཏེ་ཕྱག་འཚལ་ནས། ཞལ་ཟས་གསོལ་བར་གསོལ་བ་བཏབས་ཀྱང་བསམས་པ་བཞིན་དུ་མ་གྲབ་ནས་ལངས་ཏེ་ཕྱོགས་གཅིག ་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་རྣམས་ཐོས་ཀྱི་བུ་ལ་སོགས་པ་གནོད་སྦྱིན་གྱི་བདག་པོ་གཡོག་འཁོར་དང་བཅས་པ་གང་གིའི་ཀླུང་གི་བྱེ་མ་སྙེད་གཅིག་ལ་འཇུས་ནས་རང་རང་གི ་མཆོད་པ་རྣམས་ཀྱིས་ཀླུའི་རྒྱལ་པོ་རྣམས་ཀྱི་མཆོད་པ་སྔ་མ་ཟིལ་གྱིས་གནོན་ནས། ཚོགས་ཆེན་པོ་དང་བཅས་ཏེ་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཞལ་ཟས། ་བཞེས་པར་གསོལ་བ་གདབ། བཅོམ་ལྡན་འདས་ཀྱིས་ཞལ་ཟས་མ་བཞེས་ནས་ཡིད་མི་དགའ་སྟེ་ལངས་ནས་ཕྱོགས་གཅིག་ཏུ་འཁོད ་གཞན་ཡང་དེའི་ཚེ་ནམ་མཁའ་ལྡིང་གི་བདག་པོ་འདྲའི་འཛའོ་ལ་སོགས་པ་ནི་ནམ་མཁའི་རྒྱལ་པོ་གང་གའི་ཀླང་ཉི་ཤུའི་བྱེ་མ་སྙེད་ཀྱིས། རང་རང་གི་མཆོད་པས་གནོད་སྦྱིན། ་གྱི་མཆོད་པ་སྔ་མ་དག་གིས་མཆོད་པ་རྣམས་ཟིལ་གྱིས་གནན་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། ཞལ་ཟས་མ ་བཞེས་ནས་ཡིད་མི་དགའ་ཏེ། ལངས་ནས་ཕྱོག་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་དྲི་ཟའི་བདག་པོ་མག་སྤྲིན་གྱི་བུ་ལ་སོགས་པ། དྲི་ཟའི་བདག་པོ་གང་གའི ་ཀླང་སུམ་ཅུའི་བེ་མ་སྙེད་ཀྱིས། མཆོད་པ་སྔ་མ་ཐམས་ཅད་པས་ཀྱང་ཆེས་མཆོག་ཏུ་གྱུར་པའི་མཆོད་པ་རྣམས་ཁྱེར་ཧེ་འོངས་ནས། དེ་བཞིན་གཤེགས་པ་ལེ་མཆོད ་པ་བྱས་ཏེ། རོལ་མོ་སྙན་དག་བས་ནས་བག་འཚལ་ཏེ། བཅོམ་ལྡན་འདས་ལ་ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས། ་དེ་དག་ཡིད་མི་དགའ་བར་གྱུར་ཏོ། ལངས་ནས་ཕྱོགས་གཅིག་ཏུ་འཁོད་དེ། གཞན་ཡང་དེའི་ཚེ་མི་འམ་ཅིའི་བདག་པོ་ལེགས་མཐོང་ལ་སོགས་པ་མི་འམ་ཅིའི་བདག ་པོ་གང་གའི་ཀླུང་བཞི་བཅུའི་བྱེ་མ་སྙེད་ལྷགས་ཏེ། སྔ་མ་དེ་དག་གི་མཆོད་པ་དེ་དག་བསྡོམ་པ་བས་ཀྱང་། དེ་དག་རེ་རེའི་མཆོད་པ་ཆེས་ཁྱད་པར་དུ་འཕགས་པར་གྱུ ་ཏེ། དེ་དག་ཀྱང་ཞལ་ཟས་མ་བཞེས་ནས། ཡིད་མི་དགའ་བར་གྱུར་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། གཞན་ཡང་དེའི་ཚེ་ལྟོ་འཕྱེ་ཆེན་པོའི་བདག་པོ་ཆེན་པོ་ལ ་སོགས་པ། ལྟོ་འཕྱེ་ཆེན་པོའི་བདག་པོ་གང་གའི་ཀླུང་ལྔ་བཅུའི་བུ་མ་སྙེད་ཀྱི་མཆོད་པ་སྔ་མ་ཉིས་འགྱུར་ཁྱེར་བ་ལས་སྔ་བཞིན་དུ་ཞལ་ཟས་མ་བཞེས་ནས་ཡིད་མི ་དགའ་སྟེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལྷ་མོ་ཡིན་གྱི་བདག་པོ་བདེ་མཆོག་རིགས་ལ་སོགས་པ་ལྷ་མ་ཡིན་གྱི་བདག་པོ་གང་གའི་ཀླུང་དྲག་ཅུའི ་བྱེ་མ་སྙེད་ལུས་ཆེ་ཞིང་སྣང་བ་ཆེན་པོ་དང་ལྡན་པ། ལྷ་མ་ཡིན་གྱི་བསམས་པ་མེད་པ་ཤ་སྟག་གི་མཆོད་པའི་ཉིས་འགྱུར་ཉིས་འགྱུར་གྱི་མཆོད་པ་དག་ཁྱེརརེ་ཏེ་འོངས་ནས ་བཅོམ་ལྡན་འདས་ལ་ཕྱག་འཚལ་ནས། ཞལ་ཟས་མ་བཞེས་ཏེ། ཡིད་མི་དགའ་བར་གྱུར་ནས་ལངས་ཏེ། ཤིང་ས་ལ་ཟུང་གི་དྲང་དུ་རང་རང་གི་ཇི་སྣང་བར་བྱས་ཏེ ་འཁོད་པ་གཞན་ཡང་དེའི་ཚེ་སྤྲིན་བྱེད་མའི་བུའི་བདག་པོ་གང་གིའི་ཆུ་དྲི་མ་མེད་པ་ལ་སོགས་པ། སྲིན་བྱེད་མའི་བུ་གང་གའི་ཀླུང་བདུན་བཅུའི་བྱེ་མ་སྙེད་ལུས་ཚོ་ཞིང ་སྣང་བ་ཆེན་པོ་དང་ལྡན་པ། སྦྱིན་བྱེད་མའི་བུའི་བསམས་པ་མེད་པ་ཤ་སྟག་གི། མཆོད་པ་སྔ་མ་ཐམས་ཅད་བས་མཆོད་པ་ཉིས་འགྱུར་བས་བཟང་བ་དག་ཁྱེར་བ་ལས། ་སྔ་མ་བཞིན་དུ་ཞལ་མ་བཞེས་ནོས་ཡིད་མ་དགའ་བར་གྱུར་ཏེ། ཤིང་ས་ལ་གཟུང་གི་དྲང་དུ་རང་རང་གི་གཟི་བྱིན་གྱི་སྣང་བར་བྱས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། གཞན ་ཡང་དེའི་ཚེ་སྲིན་པོའི་བདག་པོ་འཇིག་བྱེད་ལ་སོགས་པ། སྲིན་པོའི་བདག་པོ་གང་གའི་ཀླུང་བརྒྱད་ཀྱི་བྱེ་མ་སྲིན་པོའི་བསམས་པ་མེད ་པ་ཤ་སྟག་གིས། གཟི་བརྗིད་ཆེན་པོ་ཚོགས་ཀྱིས་ས་ལ་ཟུང་གི་དྲུང་སྣང་བར་བྱས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་ཕྱོགས་གོཅིག་ཏུ་འཁོད་དོ།། གཞན ་ཡང་དེའི་ཚེ་འབྲས་བུའི་ཤིང་གི་བདག་པོ་དྲི་མེད་ལ་སོགས་པ། འབྲས་བུའི་ཤིང་གི་བདག་པོས་ཀྱང་ཤིང་གི་འབྲས་བུ་བྱེད་མ་སྙེད་ཀྱི་སྔ་མའི་མཆོད་པ་ཐམས་ཅད་པས་ཉིས ་འགྱུར་ཉིས་འགྱུར་བས་ལྷག་པའི་མཆོད་པའི་ཚོགས་ཁྱེར་ནས། ཁུ་ཕྱག་རྒྱགས་པ་རྣམས་དང་། བུང་བ་སྐད་འབྱིན་པ་དང་ལྡན་པའི་མེ་ཏོག་འཚེར་བའི་ཁྲི་ཤིང་པད་མོའིའོ། ་མདོག་དང་། ལོ་མ་ཁ་འབུས་པ་རྣམས་ཀྱིས་ཕྱོགས་བརྒྱན་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་རིགས་འཆང་གི་རྒྱལ་པོ་རྒྱུ་འཕྲུལ་ཆེན་པོ་ལ་སོགས་པ་རིག ་སྔགས་ཀྱི་རྒྱལ་པོ་གང་གའི་ཀླུང་སྟོང་གི་བཻ་མ་སྙེད་ཀྱི་མཆོད་པོ་སྔ་མ་ཉིས་འགྱུར་བས་ལྷག་པའི་མཆོད་པ་དག་ཁེར་ནས་ཕོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི ་ཚེ་ལྷ་མོ་འདོད་གུར་སྒྱུར་བའི་གཟུགས་ཅན་ལེགས་མཐོང་ལ་སོགས་པ་གང་གིའི་བྱེ་མ་སྙེད་ཀྱིས། ཡངས་པ་ཅན་གྱི་རྒྱལ་པོ་མཆོད་པའི་ཉིས་འགྱུར་པས་ལྷག་པ་དག ་ཁྱེར་ཏེ། རང་རང་གི་རྒྱན་རྣམས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལ་སྤུངས་ནསོ་ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལྷའི་བུ་མོ་རབ་བྷ་དང་། ཨུད་བྷ ་ཤིང་ལ་སོགས་པ་ལྷའི་བུ་མོ་གང་གའི་ཀླང་བྱེ་བ་ཁྲག་བརྒྱའི་བྱེ་མ་སྙེད་མཆོག་པ་སྔ་མའི་ཉིས་འགྱུར་ཉིས་འགྱུར་བས་ཆེས་ལྷག་པར་མང་ཞིང་སྦ་བ་དེ་དག་གིས་འདུན་དུ ་དྲངས་ཏེ། སྔ་མ་བཞིན་དུ་པོ་གེས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་འབྱུང་པོའི་ཚོགས་པ་ཝ་སངས་རྒྱས་ལྟར་འཁོར་བ་ཞེས་བྱ་བ་ལ་སོགས་པ་གང་གིའི་ཀླང། ་བེ་བ་ཕྲག་སྟོང་གི་བྱེ་མ་སྙེད་སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འདུག་གོ། གཞན་ཡང་དེའི་ཚེ་འཇིག་རྟེན་སྐྱོང་པ་བཞི་ལྷའི་བུ་གང་གའི་ཀླུང་གི་བྱེ་མ་སྙེད་བྱེ་བ་ཕྲག་འབུམ་དེང ་ལྷན་ཅིག་ཏུ། མཆོད་པ་སྔ་མ་ཉིས་འགྱུར་ཉིས་འགྱུར་བས་ལྷག་པ་དག་ཁྱེར་ནས། བཅོམ་ལྡན་འདས་ལོ་ཕྱག་འཚལ་ཏེ། ཞོལ་ཟས་མ་བཞེས་ནས་སྔ་མ་བཞིན་དུ་ཕྱོགས ་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་རླུང་བཞིན་རླུང་བཞིན་པའི་ལྷ་གང་གའི་ཀླང་བྱེ་བ་བྲག་འབུམ་དང་ལྷན་ཅིག་ཏུ་དུས་མ་ཡིན་པ་ཡང་ཤིང་ལྗོན་པ་དང་། ཁྲི་ཤིང་དང་ཤིང ་གེལ་བ་དང་། ནགས་ལོ་མ་རྣམས་དང་སྙི་མ་དང་། མེ་ཏོག་གི་ཁྲི་ཤིང་དང་བྱིའུ་རྣམས་ཀྱིས་ས་ཕེགས་བརྒྱན་པར་བྱེད་ཅིང་། དུས་ཚིགས་ཐམས་ཅད་ཀྱི་མེ་ཏོག་དཔའ་རྣམས ་ཕྱོགས་བཅུར་རྒྱས་པར་བྱེད་པ། ལོ་མ་ཁ་འབུས་པ་རྩ་དམར་རྣམས་ཀྱི་ཤིང་ས་ལ་ཟུང་ཉི་མ་འཆར་ཀས་འོད་ཟེར་སེ་རོ་པོ་ཛ་ཧོང་ཁར་འདུག་པ་བཞིན་དུ་བྱས་ནས། མཆོད་པ། ་སྔ་མའི་ཉིས་འགྱུར་གྱི་ལྷོག་པ་མཆོད་པ་དག་པས། བཅོམ་ལྡན་འདས་ལ་མཆོད་པ་དག་བྱས་ནས་སྔ་མ་བཞིན་དུ་ཤིང་ས་ལ་ཟུང་ཅིག་གི་མདུན་དུ་འཁོད་དོ།། གཞན་ཡང་དེའི ་ཚེ་ཆར་པའི་ལྷ་གང་གའི་བྱེ་མ་སྙེད་སྤྲིན་ཆེན་པོ་དང་། ཆུ་སྐར་རྣམས་ཕྱི་བཞིན་འབྲང་ཞིང་ཀློག་གྱུར་པའི་གསེབ་ནས་བྱའི་མགྲིན་པ་ལྟར་མདོག ་སྔོ་བའི་ཆར་གྱི་རྒྱུན་འབབ་ལ། འབྲུག་སྒྲ་དལ་སྒྲོག་པའི་སྤྲིན་དང་ལྡན་པས། ཆར་ཟིམ་བུ་གསོལ་བ་དང་འདྲེས་མེ་ཏོག་གི་ཆར་འབེབས་ཤིང་བཅོམ་ལྡན་འདས་ལ་ཕག་འཚལ་ཏོ།། ་ཞལ་ཟས་མ་བཞིས་ནས་རེ་ཐག་ཆད་དེ་དེ་བཞིན་གཤེགས་པའི་ཞུགས་པ་ལ་ཞེན་པའི་མེ་བསད་པའི་ཕྱིར། ནམ་མཁའ་ཉིད་ལ་འཁོད་དོ།། གཞན་ཡང་དེའི་ཚེ་སྤོས་ཀྱི་གླང་པོའི ་སྒྲ་ཅན་དང་། ལུང་ཐང་མདོག་དང་། སྦྲང་རྩི་མདོག་སེར་དང་། འདོད་དགུ་སྤོས་ལྡན་ལ་སོགས་པ་སྤོས་ཀྱི་གད་གའི་ཀླུང་ཉི་ཤུའི་བྱེ་མ་སྙེད་ཐེག་པ་འདོད་པ་ཤ་སྟག་གིས་སྟོན་པ ་ཡོངས་སུ་མྱ་ངན་ལས་འདས་པིར། གངས་ཀྱི་སྨན་དང་། པད་མའི་རྩ་བ་དང་། སྡོང་བུ་ཤིང་རྟ་ཆེན་པོའི་ཕང་ལོ་ཙམ་ཤ་སྟོག་དང་། དགོན་པོ་ཆེན་པོ་དག་ནས་པད་མ ་དང་། ཨུད་པ་ལ་དང་། ཀུ་མུ་ཏ་དང་པད་མ་དཀར་པོ་དང་རྩ་བ་དང་འབྲས་བུ་དང་། སྡུག་གུ་སྣ་ཐ་དད་པ་དུ་མ་དག་ནི་ཐོར་ཏོས་ཕྱུང་ཞིང་ཁྱེར་ཏེ། རླུང་གི་ཤུགས་པས ་ཀྱང་ཆེས་མགྱོགས་པ་ཤིན་ཏུ་རང་བ་གཡར་གྱི་འབྲག་སྒྲ་བཞིན་དུ་སྒྲོགས་བཞིན་ལྷགས་ནས། པད་མ་འདབ་མ་གཅེར་བའི་སེང་གེའི་ཁྲི་ལྡི་ལྡི་དག་བེ་ཤམས་ཏེ། བཅོམ ་ལྡན་འདས་ལ་མཆོད་པ་བས་ནས། ཞལ་ཟས་མ་བཞིས་པས། རེ་ཐག་ཆོད་དེ་ཕྱོགས་གཅིག་ཏུ་འཁོད་དོ།། ཡང་དེའི་ཚེ་སེང་གེ་སེང་གེའི་སྒྲ་སྒྲོགས་པ་ལ་སོགས་པ ་སེང་གེའི་གང་གའི་ཀླུང་གི་བྱེ་མ་སྙེད་སེམས་ཅན་ཐམས་ཅད་ལ་མི་འཇིགས་པ་སྦྱིན་པ་ཤ་སྟག་སྟེ། སེང་གེའི་རྩལ་ཆེན་པོས་སྤོས་ཀྱི་གླང་པོ་ཆེ་དང་འདྲ་བར། མེ་ཏོག་དང ་འབྲས་བུ་རྣམས་ཁྱེར་ནས་རིངས་པས་ལྷགས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་བ་ངང་པ་དང་། ཁྲུང་ཁྲུང་དང་། ངུར་པ་དང་། ཀ་དམ་པ་དང་། ཟལ ་མོ་དང་། གཞད་དང་། ཁུ་བྱུག་དང་། བྷ་ལྕི་ཀ་དང་། ཤང་ཤང་ཏེའུ་ལ་སོགས་པ་རྣམས་ཀྱང་། སྤོས་ཀྱི་གླང་པོ་རྣམས་དང་འདྲ་བར། མེ་ཏོག་དང་འབྲས་བུ་ཁྱེར་ཏེ། རང ་རང་གི་སྐད་པང་ནས་ཕོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་སའི་སྟེང་ན། བ་དང་། མ་ཧེ་དང་། རམ་མོ་ཡོད་དོ།། ཅོག་ན་མ་འོ་མས་བཀང་སྟེ། ཤིན་ཏུ་རིངས ་པར་ལྷགས་ནས། ཤིང་སཱ་ལ་ཟུང་གི་དྲུང་དུ། ས་གཞོངས་གཞོངས་ཤིག་མཐོང་ནས། དེར་རང་གི་ནུ་མ་འོ་མས་གང་བ་དེ་དག་ལས་འོ་མ་གསེག་མ་དང་། བེ་མ་དང་། བ་ཚབས ་མ་འགགས་ཤིང་ཚ་བའི་སྐོན་དུ་འགྱུར་བ་དག་གཟིགས་ནས། འོ་མ་དེ་དག་ནང་ནས་སྤྲང་པོ་དག་བསལ་ནས། ཕོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ། དྲང་སྲོང ་བཟོད་པར་སྨྲ་བ་ལ་སོགས་པ་གླིང་གཞིན་གནས་པ་དྲང་སྲོང་སྔོན་པར་ཤེས་པ་ལྔ་དང་ལྡན་པ། ཐེག་པ་ཆེན་པོ་འདོད་པ་ཤ་སྟག་ལ། གང་གའི་ཀླུང་དཀྲིགས་ཀྱི་བྱེ་མ་སྙེད་པ ་རང་རང་གི་རྫུ་འཕྲུལ་གྱི་སྟོབས་ཀྱིས་ཡམ་སྲེག་ཤིང་ཞལ་ཟས་དག་ཁྱེར་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་འོད ་སྲུངས་ཆེན་པོ་ལ་སོགས་པ་དགེ་སློང་གི་དགེ་འདུན་ཁ་གཅིག་དང་། གནས་བརྟན་དགའོ་ལ་སོགས་པ་མ་གཏོགས་པར། ཡུལ་ཕྱོགས་ན་གནས ་པའི་དགེ་སློང་དང་། དགེ་སློང་མ་ཇི་སྙེད་ཡོད་པ་དེ་དག་ཐམས་ཅད་ཀྱང་མ་ལུས་པརི་དེར་ལྷགས་སོ།། གཞན་ཡང་དེའི་ཚེ་རི་རབ་ལ་སོགས་པ་རིན་པོ་ཆེ་རྣམས་དང་། འཇིག ་རྟེན་གྱི་བར་མཚམས་ཀྱི། གང་གའི་ཀླུང་གྲངས་མེད་པ་དང་། བྱེ་མ་སྙེད་ཀྱང་ཤིང་ལྗོན་པ་དང་། ཁྲི་ཤིང་མང་པོ་ཉིན་མཚན་གྱི་སྒྲིབ་པར་བྱེད་པ་དང་། བྲག་བཟང་ཡག་གྲིབ ་མཆེ་བ་དང་། བྲག་ཁ་ནས་འབབ་པའི་ཆུས་གང་བ་དང་། སྨན་གཤོང་བ་དོག་གུ་དང་། རྩ་བ་དང་། འབྲས་བུས་གང་བ་དག་ཀྱང་དེར་ལྷགས་སོ།། ལྷའི་བུ་འཐུ་བོ་ཆེའི ་བདུན་མ་ཆེན་པོ་དང་བཅས་ཏེ། མཆོད་པའི་ཕྱིར་ལྷགས་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལྷའི་བུ་མཐུ་བོ ་ཆེ་འོད་རྒྱ་མཚོ་ཆེན་པོ་བཞིའི་ནང་ན་གནས་པ་དང་། ཆུ་ཀླུང་ཆེན་པོ་དག་གི་ནང་ན་གནས་པ་གང་གའི་ཀླུང་གྲངས་མེད་པའི་བྱེ་མ་སྙེད་མཆོད་པ་སྔ་མ་བས་ཉིས་འགྱུར ་གྱིས་མཛེས་པ་སྔོན་དུ་བཏང་ནས། ཉི་མའི་འོད་ཀྱིས་མར་མེའི་འོད་ཟིལ་གྱིས་གནན་པ་བཞིན་དུ། རང་རང་གི་འོད་ཀྱིས་ཉི་མོའི་འོད་ཟིལ་གྱིས་གནན་ཏེ། ཉི་མ་འཆར ་ཀའི་འོད་ཀྱིས་ཤིང་མ་ངན་ཚང་གི་ལོ་མ་ཐམས་ཅད་དམར་ལྷམ་མེར་སྣང་བར་བྱེད་པ་བཞིན་དུ་རང་རང་གི་འོད་ཀྱིས་ཆུ་ཀླུང་གསེར་ལྡན་གྱི་ཆུ་ཀླུང་དམར་ལམ་ལེར་བསྣུན་པ་བྱས ་ནས། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་གྲོང་ཁྱེར་ཀུ་ཤ་ནས་ཤིང་ཟུང་གི་དྲུང་གི་བར་སྐབས་ཀྱི་བར་སྣང་ལ་ཁང ་བཟངས་རིའི་དབང་པོའི་རྩེ་མོ་ལྟ་བུ། ངང་པའི་ཐོལ་གོང་ལྟར་དཀར་བ་ཤ་སྡུག་གིས་འཁྲིགས་པར་གྱུར་ཏོ།། ས་གཞི་ནི་སྐྱེད་མོས་ཚལ་དང་། འཛམ་བུའི་ཆུ་བོས ་མཛེས་པར་བྱས་པ་དག་གྲི་གང་བར་བྱས་ཏེ། བྱང་གི་སྒྲ་མི་སྙན་གྱི་སྐྱེད་མོས་ཚལ་བས་ཀྱང་ལྷག་པར་མཛེས་སོ།། ཅིག་ཏུ་དགའ་བའི་ཚལ་དང་། ཤིང་རྟ་སྣ་ཚོགས ་ཅན་དང་། འདྲ་བར་གྱུར་ཏེ། ས་པོགོས་དེ་དག་དེ་ལྟར་དགའ་དགའ་ལྟར་འདུག་ཀྱང་ལྷ་དང་ལྷ་མ་ཡིན་དང་། མི་དེ་དག་དེ་བཞིན་གཤེགས་པ་ཡོངས་སུ་མ་ངན་ལས ་འདས་པའི་ཕྱིར་ཤིན་ཏུ་ངུའོ།། གཞན་ཡང་དེའི་ཚེ་རྒྱལ་པོ་ཆེན་པོ་བཞིའི་རིས་ཀྱི་ལྷ་རྣམས་རང་རང་གི་འཁོར་ལ་འདི་སྐད་ཅེས་སྨྲས་ཏེ། གྲོགས་པ་དག་ལྟོས། ་གྲོགས་པོ་དག་ལྟོས། ལྷ་དང་ལྷ་མ་ཡིན་དང་། མི་རྣམས་ཀྱིས་དེ་བཞིན་གཤེགས་པའི་མཆོད་པའི་ལས་ཁྱད་པར་དུ་འཕགས་ལ། དེ་བཞིན་གཤེགས་པ་ལ་ཞལ་ཟས ་ཀྱི་ཐ་མ་འབུལ་བ་བརྩོན་འགྱིས། གྲོགས་པོ་དག་བདག་ཅག་ཀྱིང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སོ་སོ་ནས་མཆོད་པ་བྱའོ།། ། ་ཞལ་ཟས་ཀྱི་ཐ་མ་ཡང་འབུལ་བར་བའོ།། གལ་ཏེ་བདག་གིས་ཞལ་ཟས་ཀྱི་ཐ་མ་བཅོམ་ལྡན་འདས་ཀྱིས་བཞེས་པར་གྱུར་ནས། དེ་ལས་བདག་ཅག་གིས་སྦྱིན་པའི་ཕ་རོལ ་ཏུ་ཕྱིན་པ་ཆེན་པོ་ཐོབ་པར་གྱུར་ཏོ།། ཞེས་དེ་དག་གིས་དེ་སྐད་ཅེས་སྨྲས་ནས། གཡོག་འཁོར་མང་པོ་གྲངས་མེད་པ་དང་བཅས་པས། མཆོད ་པ་སྔ་མའི་ཉིས་འགྱུར་གྱི་མཆོད་པ་དང་། ཞལ་ཟས་མང་པོ་དག་ཁྱེར་རོ།། མེ་ཏོག་མང་པོ་དག་ཀྱང་ཁྱེར་རོ།། འདི་ལྟ་སྟེ། མན་དྷ་ར་བ་རྣམས་དང་། མན་དྷ་ར་བ་ཆེན་པོ། ་རྣམས་དང་ཀེ་ཀེ་རུ་ཀ་རྣམས་དང་། ཀེ་ཀེ་རུ་ཀ་ཆེན་པོ་རྣམས་དང་། མཉྫུ་ཤ་ཀ་རྣམས་དང་། མཉྫུ་ཤ་ཀ་ཆེན་པོ་རྣམས་དང་། སན་ཏ་ན་ཀ་རྣམས་དང་། སན་ཏ་ན་ཀ་ཆེན་པོ ་རྣམས་དང་། འོད་ཅན་རྣམས་དང་། འོད་ཅན་ཆེན་པོ་རྣམས་དང་། ཀུན་ཏུ་འོད་ཅན་རྣམས་དང་། འོད་མཐའ་ཡས་པ་རྣམས་དང་། མཛེས་སྡུག་རྣམས་དང་། མཛེས ་སྡུག་ཆེན་པོ་རྣམས་དང་། དགའ་བྱེད་རྣམས་དང་། དགའ་བྱེད་ཆེན་པོ་རྣམས་དང་། དྲི་མཆོག་རྣམས་དང་། དྲི་མཆོག་ཆེན་པོ་རྣམས་དང་། སྤོས་ཀྱི་ངད་ལྡན་རྣམས་དང་། ་སྤོས་ཀྱི་ངད་ལྡན་ཆེན་པོ་རྣམས་དང་། མཐའ་ཡས་དང་། མཐའ་ཡས་ཆེན་པོ་དང་ལྡན་པ་རྣམས་དང་། ལྷ་རྫས་ཀྱི་འདབ་མ་རྣམས་དང་། ཀླུའི་མེ་ཏོག་རྣམས་དང་། ་ཡོངས་སུ་རྡོལ་རྣམས་དང་། དེ་ལྟར་བཞན་རྣམས་ཁྱེར་ནས། བཅོམ་ལྡན་འདས་ག་ལ་བ་དེར་དོང་ཏེ། ཉི་མའི་གཟི་བྱིན་གྱིས་སྲིན་བུ་མེ་ཁྱེར་ཀྱི་འོད་ཟིལ་གྱིས་གནན་པ་བཞི ་དུ། རང་རང་གི་གཟི་བྱིན་གྱིས་ཐམས་ཅད་ཀྱི་འོད་ཟིལ་གྱིས་མནན་ཏེ། ཞལ་ཟས་མ་བཞེས་ནས། ཕྱོགས་གཅིག་ཏུ་འཁོད་དོ།། གཞན་ཡང་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་འཁོར་དང་བཅས་པས་མཆོད་པ་དེ་ཉིས་འགྱུར། དེའི་རྐྱེན་དང་འཚམ་དེ་ན་ཡོད་པའི་མེ་ཏོག་གི་སྣ་དྲངས་པ་དེ་མ་ཡིད་དུ་འོང་བ་ཆེན་པོ་རྣམས ་དང་། ཁྱེར་རོ།། ཁང་བཟང་ཆེན་པོ་རྡོ་ཐལ་གྱི་མདོག་ལྟརུ་དཀར་བ། སྐར་ཁུང་གི་ཕྲེང་བ་དུ་མ་ཕུག་རོན་ཤག་རྩེ་བ་དང་། ལྡན་པ་དག་ཀྱང་སྦལ་ནས། འོང་བ་རྣམས་དང་། ཡིད་དུ་བཅོམ ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦར་བ་བཏུད་དེ། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་ཐེག་པ་ཆེན་པོའི་མདོ་ཚན་སྲུངས་ལགས་ན། བདག་ཅག་ལ་ཐུགས་བརྩེ་བའི་སླད་དུ། བདག་ཅག་གི་ཕུལ་བའི་ཞལ ་ཟས་བཞེས་སུ་གསོལ།། དེ་སྐད་ཅེས་གསོལ་པས། ཞལ་ཟས་མ་བཞེས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། །། འཕགས་པ་མྱ་ངན་ལས་འདས་པ་ཞེས་བྱ ་བ་ཐེག་པ་ཆེན་པོའི་མདོ།། ། བམ་པོ་གཉི་པ།། ་། དེའི་རྗེས་ལ་ཐར་གྱི་འདོད་པ་ན། སྤོད་པའི་ལྷའི་རིག་དྲག་པོ་རྣམས་ཀྱིས་སྟེང་གི་བར་སྣང་ལ་མཆོད་པ་དང་། འོད་སྔ་མ་ལས་ཁྱད་པར་དུ་འཕགས་ནས། བཅོམ་ལྡན་འདས ་ག་ལ་བ་དེར་དོང་སྟེ། དེ་དག་གི་མཆོད་པའི་ནང་ན་གདུགས་ཕལ་པ་གང་ཡིན་པ་དེ་དག་རྒྱ་མཚོ་ཆེན་པོ་བཞིའི་མཐར་ཐུག་ཏེ། ཤར་ཕྱོགས་ཀྱི་རྒྱ་མཚོ་ནས་ནུབ་ཕྱོགས་ཀྱི་རྒྱ་མཆེ ་མཐར་ཐུག་ནས། རླུང་གིས་བསྐྱོད་དམ། རླུང་གིས་བསྐྱོད་ན་བ་དན་དེ་དག་ལ་རླུང་གི་སྒྲ་སྙན་པའི་ཁོང་ནས་ཁྱིག་པ་ལྟ་བུར་སྙན་པ་དག་འབྱུང་། ་དེ་དག་བཅོམ་ལྡན་འདས་ལ་ཕག་འཚལ་ཏེ། ཞལ་ཟས་བཞེས་པར་གསོལ་བ་བཏབ་ཀྱང་། བཅོམ་ལྡན་འདས་ཅང་མི་གསུང་ནས། དེ་དག་རེ་ཐག་ཆད་ནས་ཕོགས་གཅིག ་ཏུ་འཁོད་དོ།། དེའི་ཚེ་སྲིད་པའི་རྩེ་མོར་སྐྱེས་པ་རྣམས་མ་གཏོགས་པར། གོང་མ་གོང་མའི་སེམས་ཅན་གང་ཡིན་པ་གཞན་དེ་དག་ཐམས་ཅད་བཅོམ་ལྡན་འདས་ལ་མཆོད ་བ་བ་བའི་ཕྱིར་མཆོད་པ་རྒྱ་ཆེན་པོའི་ཚོགས་དང་བཅས་ཏེ། ལྷགས་ནས་ཕྱོགས་གཅིག་ཏུ་འཁོད་དོ།། མི་འཇེད་ཀྱི་བདག་པོ་ཚངས་པ་རིས་ཀྱི་ལྷའི་བུ་དཔག་ཏུ་མེད ་བ་དག་གིས་བསྐོར་ཅིང་མདན་དུ་བདར་ཏེ། རང་གི་གཟི་བིན་གྱིས་ལྷ་ཐམས་ཅད་ཟིལ་གྱིས་གནན་ཏེ། མཆོད་པ་ཆེན་པོ་དང་ཆས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་དོང་ངོ་།། ་དེ་དག་གི་བ་དན་ཕལ་པ་གང་ཡིན་པ་དེ་ཡང་། ཚངས་པའི་འཇིག་རྟེན་ནས་འཕྱང་སྟེ། ཤིང་སཱ་ལ་ཟུང་ཐུག་གོ། དེ་དག་གིས་ཀྱང་བཅོམ་ལྡན་འདས་ལ་ཞལ་ཟས་བཞིས་པར ་གསོལ་བ་ལས། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས་པོགས་གཅིག་ཏུ་འཁོད་དོ།། དེ་ནས་དེའི་ཚེ་ལྷ་མ་ཡིན་གྱི་གཡོག་འཁོར་དཔག་ཏུ་མེད་པ་དང་བཅས་པས། ཚངས ་པ་དང་དབང་པོ་གཉིས་མ་གཏོགས་པར་དེའི་བར་གྱི་ལྷ་ཡོད་དོ་ཅོག་གི་འོད་མོག་པོར་བྱས་ནས། དེའི་རྐྱེན་དུ་འཚམ་པའི་མཆོད་པའི་ཚོགས་དང་། རྐྱེན་དུ་འཚམས་པའི་ཞལ ་ཟས་དང་ཆས་ཏེ། བཅོམ་ལྡན་འདས་ཀྱི་ཐད་དུ་སོང་ངོ་།། དེའི་གདུགས་པ་ཡང་ཆུ་ཞེང་དུ་འཇིག་རྟེན་གྱི་ཁམས་ཆུང་ངུ་ཁྱབ་སྙམ་ཏེ། དེས་ཀྱང་བཅོམ་ལྡན་འདས ་ལ་ཞལ་ཟས་གསོལ་བར་ནུས་པ་ལས། བཅོམ་ལྡན་འདས་ཀྱིས་མ་བཞེས་ནས། ལངས་ནས་ཕྱོགས་གཅིག་ཏུ་འཁོད་དོ་བདུད་སྡིག་ཅན་ཅུང་མ་གྲངས་མེད་པའི་ཚོགས་དང ་བཅས་ཏེ། སེམས་ཅན་ཐམས་ཅད་ཀྱི་བར་སྣང་བ་ཐམས་ཅད་ཕྱེ་ནས། དེ་དག་ལ་ཁ་ཟས་ལ་སོགས་པ་ཅི་འདོད་པ་བྱིན་ཏེ། དེ་དག་ལ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་དྲན་པར་བྱས་ཏེ། སེམས་ཅན་སྦྱིན་པའི་ཐ་མ་ལ་རྗེས་སུ་ཡི་རང་བར་གྱིས་ཤིག། སྨྲས་ནས། དེ་དག་ལ་ཁྱེད་བདེ་བར་གྱུར་ཅེས་དབུག ་དབྱུང་ངོ་།། སེམས་ཅན་དམྱལ་བའི་གྲོང་ཁྱེར་མཚོན་ཆས་གང་ཞིང་ཆེན་པོ་འབར་བ་རྣམས་སུ་ཡང་སྤྲིན་ཆེན་པོ་ལས་དེ་བཞིན་དུ་ཆུ་ཆེན་པོ་ཕབ་ནས། སེམས་ཅན་དམྱལ་བ་རྣམས ་ཀྱིས་སྔོན་མ་མྱོང་བའི་བདེ་བོ་དང་ལྡན་པའི་འདུ་ཤེས་བསྐྱེད་དེ། དེ་བཞིན་གཤེགས་པའི་མཐུས་བདུད་ཀྱི་གནས་སྐབས་དེ་ལྟ་བུར་གྱུར་ཏོ།། དེའི་འཁོར་གང་ཡིན་པ་དེ་དག ་གཱི་ཀྱང་གཞུ་དང་། རལ་གྲི་དང་། ཐོ་བ་དང་། དགྲ་སྟེ་དང་། རྡོ་རྗེ་རྩེ་གཅིག་པ་རྣམས་དང་། མཚོན་ཀ་མ་ན་དང་། ལྕགས་ཀྱི་བེ་ར་ཀ་དང་། ལྕགས་མདའ་དང་། ཤ་ཏ་གཎྜཱི ་དང་། འཕང་མདུང་དང་། མདུང་རྩེ་གཅིག་པ་ལ་སོགས་པ། མཚོན་ཆ་རྣམས་ཡོངས་སུ་སྤང་སྟེ། ཆོས་ལྷུར་ལེན་པར་གྱུར་ཏོ།། དེའི་ཚེ་མཆོད་པ་ཡང་ལྷ་སྔ་མ་རྣམས་ལ ་མེད་པ་དེ་ལྟ་བུར་གྱུར་པ་ཏེ། དེའི་གདུགས་ཕལ་པའི་ཆུ་ཞེང་དུ་ཡང་འཇིག་རྟེན་གྱི་ཁམས་བར་མའི་ཁྱོན་ཙམ་མོ།། དེ་ལྟར་དེ་མཐུ་ཆེན་པོ་དང་ལྡན་ཞིང་རང ་གི་ཆུང་མ་རྣམས་ཀྱི་གཡོ་བ་བཞིན་དུ། བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྲིས་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས་འདི་སྐད་ཅེས་གསོལ ་ཏོ། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་དང་། འཁོར་དང་བཅས་པ་བདག་གི་ཕུལ་བའི་ཞོལ་ཟས་བོཞེས་སུ་གསོལ། བཅོམ་ལྡན་འདས་བདག་གི་སྨན ་ཆད་ཐེག་པ་ཆེན་པོའི་སླད་དུ་ཡིད་རང་བར་འཚལ་ཏེ། ཐལ་མོ་སྦར་ནས་འདི་སྐད་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་བཅས་པ་དང་། འཁོར་དང་བཅས ་པས་བདག་གིས་ཕུལ་བའི་ཟས་བཞེས་སུ་གསོལ། བཅོམ་ལྡན་འདས་བདག་གི་བསླན་ཆད་ཐེག་པ་ཆེན་པོའི་སླད་དུ་ཡིད་དམ་བཅའ་བར་ལགས་ཏེ། རིགས་ཀྱི་བུ་འམ ་རིགས་ཀྱི་བུ་མོ་གང་ཡང་རུང་བ་གནས་ཏེ། འཇིགས་པའི་སླད་དུའམ། རྙེད་པ་དང་། བཀུར་སྟི་དང་འཚལ་བའི་སླད་དུ་འམ། གཞན་གྱིས་བགྱིད་དུ་སྐུལ་བ་འམ། ཐེག ་པ་ཆེན་པོ་བགྱིད་ན། དེའི་དོན་དུ་འཇིག་པ་དང་། བག་ཚ་བ་དང་། ཐམས་ཅད་གསལ་བའི་གསང་སྔགས་བཤད་པར་བགྱིའོ།། །། ཏྭད་ཡ་ཐ་ཐག་ཀེ། ཏ་ཊ་ར་ཏྲ། ་རོ་རུ་རེ། མ་ཧ་ཧོ་རུ་རེ། ཨ་ལ་མེ་ལ་ཏ་ན་སྭཱ་ཧཱ། ཆོས་སྨྲ་བ་འཁྲུལ་པ་དང་། གཟིགས་པྲ་ར་གནོད་པར་གྱུར་པ་ཆོས་ཀྱི་ཚུལ་ལ་སྤོབས་པ་བསྐྱེད་པར་བགྱི་བ་དང་། མུ་སྟེགས ་པ་རྣམས་མྱོས་པར་བགྱི་བ་དང་། དམ་པའི་ཆོས་བསྲུང་བ་དང་། བདག་གཞན་བསྲུང་བའི་སླད་དུ། བདག་གིས་རང་གི་དམ་ཚིག་གིས་སྨྲས་པའི་གསང་སྔགས་འདི། གླང ་པོ་ཆེའི་འཇིགས་པ་དང་། ཆུ་ཀླུང་གི་འཇིགས་པ་དང་། མེའི་འཇིགས་པ་དང་རྣམས་ཀྱི་ནང་དུ་བསྲུང་བའི་གཟུངས་སྔགས་ཀྱི་དོན་དུ་བརྗོད་པ་གང་ལགས་པ་དེ་དག་ནི་བརྗོད་པ ་ཙམ་གྱིས། ཇི་ལྟར་རུ་སྦལ་རང་གི་ལུས་བསྲུངས་པ་དེ་བཞིན་དུ། བདག་གིས་གཡོ་དང་སྒྲ་མ་མཆིས་པར། དེ་དག་འཇིགས་པ་ཐམས་ཅད་ལས་བསྲངས་པར་བགྱི་སྟོབས ་དང་ཡང་དག་པར་ལྡན་པར་བགྱིད་ལགས་ན། བཅོམ་ལྡན་འདས་ཀྱིས་ཞལ་ཟས་འདི་བཞིས་སུ་གསོལ་ཞེས་བསྐལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་སྡིག་ཅན་ལ། ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྡིག་ཅན་ཁྱོད་ཁ་ཟས་ཀྱིས་ཕྱིར་གསོལ་བ་མ་འདེབས་ཤིག། གསང་སྔགས་ཀྱི་ཚིགས་ནི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། ཆོས ་ཀྱི་སྦྱིན་པར་འགྱུར་བས་ན་བཞེས་པར་བྱ་བའི་ཟང་ཟིང་གི་སྦྱིན་པ་དེ་ལྟ་མ་ཡིན་གྱིས། སྡིག་ཅན་ཁྱོད་གསོལ་བ་མ་འདེབས་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས ་ཅང་མི་གསུང་བར་གྱུར་ཏོ།། ལན་གཉིས་ལན་གསུམི་གྱོ་བར་དུ་ཡང་། བདུད་དང་བདུད་ཀྱི་བུ་མོ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་མ་བཞེས་ཏེ། རེ་ཐག་ཆད ་ནས་ཕྱོགས་གཅིག་ཏུ་འཁོད་དོ།། དེ་ནས་དེའི་ཚེ་ལྷ་དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷའི་བུ་དཔག་ཏུ་མེད་པ། མཐུ་མེད་དཔག་ཏུ་མེད་པ་དག་གི་འདུན་དུ་བདར་ཏེ། རང་གི ་འོད་ཀྱིས་ཚངས་པ་དང་། ལྷའི་དབང་པོ་དང་། ལྷ་མ་ཡིན་དང་། བདུད་ཀྱི་འོད་རྣམས་སྣག་ཚའི་གོང་བུ་བཞིན་དུ་འོད་མི་གསལ་བར ་གྱུར་བཅོམ་ལྡན་འདས་ཀྱིས་མཆོད་པ་རྒྱ་ཆེན་པོ་ཉིས་འགྱུར་བས་ལྷག་པ་དག་ཁྱེར་ནས་དེར་སོང་ཏེ། དེའི་ཚེ་མཆོད་པ་རྣམས་ཀྱི་ནང་ན་གདུགས་པལ་པ་གང་ཡིན་པ་དེ་ཡང ་ཆུ་ཞེང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཁྱབ་པར་གྱུར་ཏེ། མཆོད་པ་དེ་ལྟ་བུ་སྔོན་དུ་བཏང་སྟེ། བཅོམ་ལྡན་འདས་ཀྱི་ཐད་དུ་ཕྱིན་ཏེ། ལན་གསུམ ་བསྐོར་བ་བྱས་ནས། ཞབས་ལ་མགོ་བོས་ཕྲག་འཚལ་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་ལ་བདག་མཆོད་པ་བགྱིད་པ། སྦྲང་བུ་མཆོད་པ་དང་འདྲ་སྟེ། བདག་སྦྲང་བུ་དང་འདྲ་བར་བཅོམ་ལྡན་འདས་ལ་མཆོད་པ་བགྱིད་པའི་རྔོ ་ག་ལ་ཐོག་གིས་ཀྱང་། བཅོམ་ལྡན་འདས་བདག་ལ་ཐུགས་བརྩེ་བའི་སླད་དུ། ཞལ་ཟས་ཀྱི་ཐ་མ་བཞེས་པར་ཡང་ཅི་སྣང་ཅི་སྣང་ཞེས་ལན་གཉིས་ལན་གསུམ་དུ ་གསོལ་བ་བཏབ་ཀྱང་། ལན་གཉིས་ལན་གསུམ་དུ་བཅོམ་ལྡན་ལྡན་འདྲ་ཅང་མི་གསུང་བར་གྱུར་ཏོ།། རེ་ཐག་ཆད་ནས་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས ་དེའི་ཚེ་སངས་རྒྱས་ཀྱི་ཞིང་འདི་ནས་ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གྲངས་མེད་པ་གཏམས་ཕྲག་ཁྲིག་གི་བྱེ་མ་སྙེད་ལངས་པ་འདས་པ་ན། ་འཇིག་རྟེན་གྱི་ཁམས་ཡིད་འཕྲོག་སྒྲ་གཅན་མུ་ཐུག་པ་ཞེས་བྱ་བ་ཞིག་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ན ་མཁའ་དང་མཉམ་པ་ཞེས་བྱ་བ་བཞགས་ཏེ། དེ་སྲས་ཀྱི་མཐུ་བོ་ཉན་ཐོས་ལུས་མཐའ་ཡས་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་མི་འཇེད་འཇིག་རྟེན་གྱི་ཁམས་སོང་ལ། ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བྱ་ཞེས་བྱ་བ་དང་། རིང་པོ་མ་ཐོག་པར་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་གྱིས། ་རིགས་ཀྱི་བུ་ཁྱོད་ཀྱིས་དོན་དུ་འཇིག་རྟེན་གྱི་ཁམས་འདི་ནས་ཞལ་ཟས་ཞིམ་པོ་ཁྱེར་ཏེ་འོངས་པ་དག་སོང་ཤིག་མཆོད་པོ་དག་ཀྱང་ཁྱེར་ཏེ་སོང་ལ། དེ་ལ་འདི་སྐད་དུ་དེ་བཞིན ་གཤེགས་པས་བཅོམ་ལྡན་འདས་ཀྱིས་ཞལ་ཟས་འདི་གསོལ་ཏེ། ཡོངས་སུ་མ་ངན་མི་འདའ་བར་མཛོད་ཅིག་གསོལ་ཞེས་གྱིས་ཤིག། ཁྱོད་ཀྱིས་ཐེ་ཚོམ་དང་ཡིད་གཉིས ་ཅི་དང་ཅི་ཡོད་པ་དེ་དག་ཀྱང་། དེ་བཞིན་གཤེགས་པ་དེ་ཁོ་ན་ལ་ཞགས་ཤིག། དེས་ཁྱོད་ལུང་བསྟན་པར་འགྱུར་རོ་ཞེས་བཀའ་སྩལ་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོས་ལུས་མཐའ་ཡས་དེས་ལེགས་སོ་ཞེས་གསོལ་ནས། དེ་བཞིན་གཤེགས་པ་དེ་ལ་བསྐོར་བྱས་ནས། ཞབས་ལ་མགོ་བོས་ཕྱག་བྱས་ཏེ། བྱང་ཆུབ་སེམ ་དཔའ་སེམས་དཔའ་ཆེན་པོ་གྲངས་མེད་པས་བསྐོར་ཅིང་འདུན་དུ་བདར་ནས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདིར་འོངས་སོ།། དེ་ནས་དེའི་ཚེ་སྟོང་གསུམ་གྱི་སྟོང་ཆེན་པོའི ་འཇིག་རྟེན་གྱི་ཁམས་འདི་གཡོས་རབ་ཏུ་གཡོས་འགུལ་རབ་ཏུ་འགུལ། འཁྲུགས་རབ་ཏུ་འཁྲུགས། འཁོར་རབ་འཁོར། འུར་འུར་རབ་ཏུ ་བུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག། མེར་མེར་རབ་ཏུ་མེར་མེར། ལྡེམ་ལྡེམ་རབ་ཏུ་ལྡེམ་ལྡེམ། དེ་ལ་སོགས་པ་བྱས་ཏེ་ས་རབ་ཏུ་གཡོས་སོ།། དེ་ནས་འཁོར་དེ་དག་གི ་ནང་ན་ཚངས་པ་དང་། དབང་པོ་དང་། འཇིག་རྟེན་སྐྱོང་བ་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་ལྷ་རྣམས་ཀྱིས། ས་གཞི་དེ་ལྟ་བུར་གྱུར་པར་མཐོང་ནས། སྒྱིད་བུང་ཞེས ་བྱས་ཏེ། འཇིགས་ཤིང་ཁ་དང་ལྐོག་མ་དག་བསྐམས་ནས། འབྲོས་པར་ཆས་ཏེ། རང་གི་འོད་ཀྱང་མི་མཐོང་སྟེ། ཉམས་པར་གྱུར་ཏོ།། དེ་ནས་དེ་ཉིད་ཀྱི་ནང་ནས། འཇམ ་དཔལ་གཞོན་ནུར་གྱུར་པ་ལངས་ནས། ལྷའི་ཚོགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་དག་མ་འཇིགས་ཤིག། ཤར་ཕྱོགས་ལོགས་སུ་འཇིག་རྟེན་གྱི་ཁམས་གང ་གའི་ཀླུང་གྲངས་མེད་པ་གཏམས་བྱེ་བ་ཕྲག་ཁྲིག་གི་བེ་མ་སྙེད་རྡུལ་ཕྲ་རབ་གྲངས་མེད་པ་སྙེད་འདས་པ་ན། འཇིག་རྟེན་གྱི་ཁམས་ཡིད་འཕྲོག་སྒྲ་ཅན་མུ་ཐུག་ཅེས་བྱ་བ་ཅིག་ཡོད་དེ། ་དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནམ་མཁའ་དང་མཉམ་པ་ཞེས་བྱ་བ་ད་ལྟར་བཞུགས་ལ་འཚོ་ཞིང་གཞེས་ཏེ། དེ་བཞིན་གཤེགས་པ ་དེས་རང་གི་སྲས་ཀྱི་མཐུ་བོས་ཀྱི་བོས་ཏེ། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་འཇིག་རྟེན་གྱི་ཁམས་སུ་སོང་། དེ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཤཀྱ་ཐུབ་པ་ཞེས་བྱ་བ། ཡོངས་སུ་མ་ངན་ལས་འདས་པར་འགྱུར་གྱིས། དེ་དགེ་སློང་གི་དགེ་འདུན་བཅས་པ་ལ་ཞལ་ཟས་ཀྱི་ཐ་མ་ཕུལ་ལ། ཁྱོད་ཀྱིས་ཐེ་ཙོམ ་དང་ཡིད་གཉིས་གང་ཡོད་པ་དེ་ཀྱང་ལེགས་པར་ཞོས་ཤིག་དང་དེས་ཁྱོད་ལུང་བསྟན་པར་འགྱུར་རོ་ཞེས་བཀའ་སྩལ་བ་ཏེ། བཅོམ་ལྡན་འདས་དེས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ལུས་མཐའ་ཡས་འདི་བཏང་སྟེ། བྱང་ཆུབ་སེམས་དཔའ་གྲངས་མེད་པས་བསྐོར་ཅིང་འདུན་དུ་བདར་ནས་འདིར་འོངས་པ་དེའི་གཟི་བརྗིད་ཀྱིས། ཁྱེད་ཀྱི་འོད་ཉམས ་བར་གྱུར་ཏོ།། དེ་འོངས་པར་རྗེས་སུ་ཡིད་རང་པར་གྱིས་ཤིག། དེ་བཞིན་གཤེགས་པ་ནམ་མཁའ་དང་མཉམ་པས། དེ་བཞིན་གཤེགས་པ་ལ་མཆོད་པ་མཛད་པ་ལྟོས་ཤིག་ཅེས ་བྱས་སོ།། དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་མེ་ལོང་གི་ངོས་ལ་བདག་གི་གཟུགས་སུ་མཐོང་བ་དེ་བཞིན་དུ། འཇིག་རྟེན་གྱི་ཁམས་ཐག་རིང་པོ་ན་བཞུགས་པའི་དེ་བཞག་པའི་དེ་ད ་ག་རྟེན་གྱི་ཁམས་དེ་མཐོང་ངོ་།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་འཁོར་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་ཁྱེད་ཀྱིས་འཇིག་རྟེན་གྱི་ཁམས་འདི་དང་། དེ་བཞིན ་གཤེགས་པ་འདི་མཐོང་བ་དེ་བཞིན་དུ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་དང་། འཇིག་རྟེན་གྱི་ཁམས་གཞན་དག་ཀྱང་ལྟོས་ཤིག། དེ་བཞིན་གཤེགས་པ་རྣམས་ནི ་འདི་ལྟར་བདག་ཉིད་ཆེ་བ་ཡིན་ཏེ། རང་རང་གནས་ན་བཞགས་བཞིན་དུ་ཡང་ཞལ་སྟོན་པར་མཛད་དོ།། འཁོར་དེ་དག་གིས་སྨྲས་པ། ཀྱེ་མ་དེ་བཞིན་གཤེགས་པ་དེ་ལྟར་ཆེ་བ་ཡང ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་ལྟར་ཀྱི་ཧུད་ཅེས་སླ་ཞིང་འཁོད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན ་མཐའ་ཡས་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དག་གི་བསྐོར་བ་ཡང་མཐོང་ཏེ། བྱང་ཆུབ་སེམས་དཔའ་དེའི་ལུས་ཀྱི་ཁུང་བུ་རེ་རེ་ནས་པདྨ་ཆེན་པོ་དག་བྱུང་ངོ་།། པདྨ་ཆེན་པོ་རེ་རེ་ལས ་ཀྱང་གྲོང་ཁྱེར་བྱེ་བ་ཁྲི་བརྒྱད་ལ་ཡང་གྲོང་ཁྱེར་དག་ཀྱང་ཡངས་པ་ཅན་གྱི་ཐ་གྲུ་ཙམ་ཤ་སྟག་སྟེ། དེ་རིན་པོ་ཆེ་སྣ་བདུན་གྱི་ར་བ་དང་། འོབས་བདན་རིམས་ཀྱིས་བསྐོར་ལ། ཤིང་ཏ་ལའི་ཕྲེང ་བ་བདུན་གྱི་མཛེས་པར་གྱུ་པ་ཤ་སྟག་སྟེ། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་ལྡན་ཞིང་དགའ་དགའ་ལྟར་འདུག་ལ། ར་བ་དེ་དག་ཀྱང་འཛམ་བུ་ཆུ་བོའི་གསེར་གྱི་བ ་གམ་ཆེན་པོ་ཤ་སྟག་གིས་བསྐོར་ཏོ།། བ་གམ་ཐམས་ཅད་ཀྱི་བི་ར་བར་ན་ཡང་ཤིང་གཞོན་ཤ་ཅན་འབྲས་བུ་དང་། མེ་ཏོག་དང་ལྡན་པ་སྣ་མང་པོ་དག་ཡོད་དོ།། ཤིང ་ལྗོན་པ་དེ་དག་གི་ཡལ་ག་རླུང་གིས་བསྐྱོད་པ་ལས་ཀྱང་སིལ་སྙན་དགའ་བར་བྱེད་པའི་སྒྲ་སྙན་ཅིང་ཆགས་སུ་རུང་བ་འབྱུང་བ་སྣ་སྔ་བསྒྲོགས་ཏེ། སྒྲ་དེ་དག་གི་སེམས ་ཅན་དེ་དག་རྩེ་ཞིང་དགའ་མགུར་སྤྲོད་དོ།། འོབས་དེ་དག་ཐམས་ཅད་ཀྱང་ཆུ་གསལ་བཞིན་དུ་ཤེལ་བཞིན་དུ་དང་བདག་གིས་གང་བར་འདུག་སྟེ། དེ་དག་གི་ནང་ནི་ཁྲོ་ར་ཁོར ་ཡུག་ཏུ་སེམས་ཅན་དེ་དག་རིན་པོ་ཆེའི་གྲུ་དག་གི་དགའ་ཞིང་རྒྱུ་བར་བྱེད་དོ།། ཆུ་དེ་དག་ཀྱང་པད་མ་དང་། ཨུད་པ་ལ་དང་། ཀུ་མུ་ཏ་ཤིང་རྟིའི་འཕང་ལོ་ཙམ་ཤ་སྟག་གིས ་བརྒྱན་ཏོ།། འོབས་ཀྱི་ཁོ་ར་ཁོར་ཡུག་ཀྱང་སྐྱེད་མོས་ཚལ་གྱིས་ཕྲེང་བས་མཛེས་པར་བྱས་ཏེ། བསྐྱེད་མོས་རལ་རེ་རེ་ལ་ཡང་རྫིང་བུ་ཐ་གྲུ་དཔག་ཚད་བྱེད་པ་ལྔ་ལྔ་ཡོད་དོ།། ་རྫིང་བུ་དེ་དག་པདྨ་དང་། ཨུད་པལ་དང་། ཀུ་མུ་ཧ་འ་དོག་སྣ་ཚོགས་དྲི་ཞིམ་པོ་ཤིང་རྟའི་འཕང་ལོ་ཙམ་ཤ་སྟག་གིས་ཁྱབས་པར་འདུག་ལེ། ཤིང་ལྗོན་པ་མེ་ཏོག་རྒྱས ་པའི་ཕྲེང་བས་མཛེས་པར་བྱས་སོ།། བསྐྱེད་མོས་ཚལ་གྱིས་འཁོར་ན་ཡང་དང་དུར་དང་། ཟལ་མོ་དང་། ཁྲུང་ཁྲུང་ཤུགས་དག་གིས་ཟེའུ་འབྲུ་དག་གི་དངར་བྱེད་དོ།། ཁོ ་ར་ཁོར་ཡུག་གི་སྐྱེད་མོས་ཚོལ་རེ་རེ་ལ་ཡང་ཁང་ཁྱིམ་དག་ཡོད་ལ། ཁང་པ་རེ་རེ་ལ་ཡང་ཆུ་ཞེང་དཔག་ཚད་བཞི་བཞི་ཡོད་དོ།། རྩིག་པ་ནི་གསེར་དང་། དངུལ་དང་། ་བཻ་ཌཱུརྱ་དང་། ཤོལ་ལས་བྱས་པ། ས་གཞི་ནི་ཀེ་ཀེ་རུ་ལས་བྱས་པ་ཤ་སྟག་སྟེ། ནོར་བུའི་མཛེས་སོ།། ཚར་གྱིས་སྦྲེལ་ཅིང་སྣང་བར་བྱ་བའི་མུ་ཏིག་གིས་སྤྲས་པའི ་མུ་ཏོག་གི་དོ་ཤལ་སྤངས་པོ་དང་། ལྡན་པ་གསེར་གྱི་རྟ་བབོས་ཆེན་པོ་དང་། སྐར་ཁུང་དང་དྲ་བ་དག་གིས་བརྒྱན་པའི་ཁང་བཟངས་མཐོན་པོ་ས་གཞི་གསེར་གྱི་བྱེ་མ ་བརྟུལ་བ་ཤ་སྟག་གོ། རྫིང་བུ་རྣམས་ཀྱང་འདྲལ་བའི་ལམ་གསེར་གྱི་ཐེམ་སྐས་བཅོ་བརྒྱད་དང་ལྡན་པ། མཐའ་ཐུག་དག་ཏུ་གསེར་གྱི་འཕྲེང་བས་མཛེས་པར་བྱས་པ། ་ལྷའི་ཙན་དན་གྱི་ཆུ་དྲི་བསྲུངས་ཅན་གྱི་ཆུ་དང་། ལྡན་པ་ཤ་སྟག་གོ། གྲོང་ཁྱེར་ཆེན་པོ་དེ་དག་རེ་རེ་ནང་ན་ཡང་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་བརྒྱད་ཁྲི་བཞི་སྟོང་ཡོད་དེ། དེ ་@དག་ཐམས་ཅད་ཀྱང་བུད་མེད་ཀྱི་ཚོགས་དང་། བཅས་པ་དཔག་ཏུ་མེད་པ་དག་གིས་བསྐོར་ཅིང་འདོད་པའི་ཡོན་ལྔ་དང་ལྡན་ཞིང་སྐྱེད་མོས་ཚལ ་གྱི་ཕྲེང་བས་མཛེས་པར་བྱས་ཏེ། སྐྱེད་མོས་ཚལ་རེ་རེ་ལ་ཡང་རྫིང་བུ་ཐ་གྲ་དཔག་ཚད་བྱེད་པ་ལྔ་ལྔ་ཡོད་དོ།། རྫིང་བུའི་ཆུ་དེ་དག་ཀྱང་པད་མ་དང་། ཨུཏྤ་ལ་དང་། ཀུ་མུ་ཏ ་དང་། ཁ་དོག་སྣ་ཚོགས་དྲི་ཞིམ་པོ་ཤིང་རྟའི་ཕང་ལོ་ཙམ་ཤ་སྟག་གིས་ཁྱབས་པར་འདག་གོ། ཤིང་ལྗོན་པ་མེ་ཏོག་རྒྱས་པའི་ཕྲེང་བས་མཛེས་པར་བྱས་སོ།། སྐྱེད་མོས ་ཚལ་གྱི་ཁོ་ར་ཁོར་ཡུག་ན་ཡང་དང་དུར་དང་ཟལ་མོ་དང་ཁྲུང་ཁྲུད་ཤུགས་དག་གིས་ཟེའུ་འབྲུ་དམར་བར་བྱེད་དོ།། ཁོ་ར་ཁོར་ཡུག་གི་སྐྱེད་མོས་ཚལ་དེ་ན་ཡང་ཁང་ཁྱིམ་དག ་ཡོད་ལ། ཁང་པ་རེ་རེ་ཡང་ཆུ་ཞིང་དཔག་ཚད་བཞི་བཞི་ཡོད། རྩིག་པ་ནི་གསེར་དང་། དངུལ་དང་། བཻ་བཱ་ར་དང་། ཤེལ་ལས་བྲིབྱས་པ། ས་གཞི་ནི་ཀེ་ཀེ་རུ་ལས ་གྲབ་པ་སྟེ། ནོར་བུའི་འཇོ་ཆར་གྱིས་སྤེལ་ཅིང་སྣང་བར་བྱས་པའི་མུ་ཏིག་གིས་བྱས་པའི་དོ་ཤལ་སྤངས་པ་དང་ལྡན་པ་གསེར་གྱི་རྟ་བབས་ཆེན་མོ་དང་། སྐར་ཁུང་དང ་བྲི་བ་དག་གིས་བརྒྱན་པའི་ཁང་བཟངས་མཐོན་པོ་གཞི་གསེར་གྱི་བྱེ་མ་བརྡལ་བཻ་ཤ་སྟག་གོ། རྫིང་བུ་རྣམས་ཀྱང་འདྲུལ་པའི་ལམ་གསེར་གྱི་ཐེམ་སྐས་བཅོ་བརྒྱད་དང ་ལྡན་པ་དང་། མཐའ་ཐོག་ཐག་ཏུ་གསེར་གྱི་ཕྲེང་བས་མཛེས་པར་བྱས་པ། ལྷའི་ཅན་གྱི་ཆུ་དྲི་གསུང་ཅན་གྱི་ཆུ་དང་ལྡན་པ་ཤ་སྟག་གོ། གྲོང་ཁྱེར་ཆེན་པོ་དེ་དག་རྗེའི་ནང ་ན་ཡང་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་ཡོད་དོ།། དེ་དག་ཐམས་ཅད་ཀྱང་བུད་མེད་ཀྱི་ཚོགས་དཔག་ཏུ་མེད་པ་དག་གིས་བསྐོར་ཅིང་འདོད་པའི་ཡོན་ཏན་ལྔ་དང་ལྡན་ཞིང་དགའ ་ལུ་དགའ་མགར་སྤྲོད་དོ།། སེམས་ཅན་གཞན་དག་ཀྱང་དེ་དང་འདྲ་ཏེ་ས་ཕོགས་ཀ་ཙ་ལི་ན་དའི་གོས་ལྟར་རེག་ན་བདེ་བ། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། མེ ་ཏོག་སིལ་མས་གཏོར་བ། གཞན་དག་ན་རྩེ་ཞིང་དགའ་ལ་དགའ་མག་རྀ་སྨོད་དོ།། གྲོང་ཁྱེར་ཆེན་པོ་དེ་དག་ན་ཐེག་པ་ཆེན་པོའི་སྒྲ་མ་གཏོགས་པར་ཐེག་པ་གཞན་གྱི ་སྒྲ་མེད་དོ་པདྨ་ཆེན་པོ་དེ་དག་ལ་ཡང་སེང་གེའི་ཁྲི་ཆེན་པོ་རྐང་པ་གསེར་དདོ་དངུལ་དང་བཻ་ཌཱུརྱ་དང་ཤེ་ལ་ལས་བྱས་པ་ཀ་ལིང་ཀིའི་རས་གཡོགས་པ་ཆེ་ལ་འོས་པ ་འཇིག་རྟེན་གསུམ་ན་ཕུལ་དུ་བྱ་བ་ཤ་སྟག་གིས་དཀྲིགས་ཏེ། སེང་གེ་ཁྲི་དེ་དག་ལ་རྒྱལ་པོ་དེ་དག་འཁོད་ཅིང་སེམས་ཅན་གཞན་དག་ཐེག་པ་ཆེན་པོའི་མདོ་སྡེ་རྣམས ་སློབ་པར་བྱེད་དེ། རྒྱལ་པོ་དེ་དག་གི་མདུན་ལ་ལ་ན་ཡི་གེ་འབྲིལ་ལ་ནི་ཀློག་ལ་ལ་ནི་ཁ་དོན་སློབ་པོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མཐའ་ཡས ་ཀྱི་བུ་ག་ནསཽ་སྐྱེས་པའི་པདྨ་དག་འཁོད་པའི་སེམས་ཅན་དེ་དག་འདོད་པའི་ཡོན་ཏན་ལྔས་དགའ་བ་དང་ལྡན་ཡང་དེ་དག་ཡོངས་སུ་མྱ་ངན་གྱིས་གདངས་ཏེ། སྨྲེ་སྔགས་འདོན་ཅིང་ཀྱི་ཧུད ་ཀྱི་ཧུད་ཅེས་བློ་ཞིང་འཁོད་དོ།། ཉིས་རྒྱུད་མཆོད་པའི་ཚོགས་དབུལ་བར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་བྱང་ཆུབ་སེམས ་དཔའ་དཔག་ཏུ་མེད་པས་བསྐོར་ཏེ། དེ་ལྟ་བུའི་འབྱོར་པའི་རྣམ་དག་སྟོན་ཅིང་མཆོད་པའི་ཚོགས་ཆེན་པོ་དང་། ཞལ་ཟས་རྒྱ་ཆེ་བདག་ཁྱེར་ཏེ། ་འོངས་ནས། ཞལ་ཟས་དེ་དག་དང་པདདྨ་དེ་དག་གི་དྲི་བསྲུང་ཚོར་བ་གང་ཡིན་པ་དེ་དག་ཀྱི་ཉོན་མོངས་པ་དང་བྲལ་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་མཐུ་ཆེན་པོས་འཇིག་རྟེན་གྱི་ཁམས་ཐམས་ཅད ་ཀྱང་མཐོང་བར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཀྱི་ལུས་ཀྱང་ནམ་མཁའ་དང་མ་ཉམས་པར་འདུག་སྟེ། སས་ཀྱང་མཐོང་བར ་མི་ནུས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ། ཞབས་ལ་མགོ་བོས་ཕྱག་འཚལ་ནས། ་ཐལ་མོ་སྦར་ཏི་འདི་སྐད་ཅེས་གསོལ་ཏོ་བ་དག་གིས་ཕུལ་བའི་ཞལ་ཟས་བཅོམ་ལྡན་འདས་ཀྱིས་བཞེས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཅད་མི་གསུང་བར་གྱུར ་ཏེ་ལན་གཉིས་ལན་གསུམ་དུ་གསོལ་ཀྱང་། བཅོམ་ལྡན་འདས་ཅང་མི་གསུང་བར་བཞུགས་ནས་བྱང་ཆུབ་སེམས་དཔའ་དེ་ལངས་ཏེ་ཕྱོགས་གཅིག་ཏུ་འདུག་གོ་དེ་བཞིན ་དུ་ལྷོ་ཕྱོགས་དང་། ནུབ་ཕྱོགས་ལོགས་ནས་ཀྱང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལུས་ཆེན་མཐའ་ཡས་ཞེས་བྱ་བ་འཁོར་བའི་ཚོགས་ཆེན་དང་ལྡན་པ ་ཤ་སྟགོ་ལྷགས་ཏེ། དེ་དག་གི་པདྨ་མ་དང་། གྲོང་ཁྱེར་གྱི་ཚད་ཀྱང་སྔ་མ་སྔ་མ་ལས་ཉིས་འགྱུར་གྱི་ཆེ་བ་དང་། འབྱོར་པ་ཉིས་འགྱུར་ཉིས་འགྱུར་གྱི་ཆེ་བ་ཤ་སྟག་དང ་ཆས་ཏེ། དེ་དག་དེར་ལྷགས་ནས་བཅོམ་ལྡན་འདས་ལ་པད་མ་དག་གིས་མཆོད་པ་བྱས་ཏེ། སྔ་མ་བཞིན་དུ་ཕྱོགས་གཅིག་ཏུ་འཁོད་དོ།། ཤིང་སཱ་ལ་ཟུང་གི་དྲུང་དུ ་གྲུབ་པའི་གནས་སུམ་ཅུ་རྩ་གཉིས་ཀྱི་ཁྱོན་ཙམ་གྱི་གཞི་ལ། སེམས་ཅན་མི་ཁོད་པའི་གཽ་སྐབས་ཅི་ཡང་མེད་དེ། དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་ལྟར་ཆེ ་ཨས་དེ་ཉིད་མ་དཀྱིལ་ལ་ཡ་བ་རང་རང་གི་འཁོར་གཡོག་དག་དང་བཅས་པ་དེ་དག་ཀྱང་། ཁ་ཅིག་ནི་ས་ཕྱོགས་སླད་བུའི་ཁྱོན་ཙམ་ལ་འཁོད་དོ།། ཁ་ཅིག་ནི་ཁབ་ཀྱི་རྩེ་མོའི་ཁྱོན་ཙམ་གྱི ་བག་ཡོངས་སུ་ཁོད་དོ།། འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་དག་ན། བྱང་ཆུབ་སེམས་དཔའ་འཁོད་པ་གང་ཡིན་པ་དེ་དག་ཀྱང་ཐབས་དེ་ལྟ་བུར་ལྷགས་ཏེ་འཁོད་དོ།། འཛམ་བུ ་གླིང་གི་སེམས་ཅན་ཡང་ཚེ་དང་ལྡན་པ་འོད་སྲུང་དང་། གནས་བརྟན་ཀུན་དགའ་བོ་དང་། རྒྱལ་པོ་མ་སྐྱེས་སྒྲ་མ་གཏོགས་པར་དེར་མ་འདས་པ་སུ་ཡང་མེད་དེ། ཐ་ན་མི་འདུག་པ་དང་སྦྲུལ་གདུག་པ ་དང་། སྡིག་པ་དང་དོམ་ལ་སོགས་པ་ལས་མི་ཟད་པ་བཅུ་དྲུག་བྱེ་བ་ཡན་ཆད་ཀྱང་དེར་ལྷགས་སོ།། སྦྱིན་བྱེད་མའི་བུ་དང་། ལྷ་མ་ཡིན་རྟག་ཏུ་ཁོར་གྱི་བསམ་པ་ཅན་ཐམས་ཅད་ཀྱང་སྡིག་པའི ་ལས་སྤངས་ནས། གཅིག་ལ་བུ་དང་། མ་དང་སྲིང་མོ་འདྲ་བར་སེམས་པར་གྱུར་ཏོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་དེ་བཞིན་གཤེགས་པའི་མཐུས། བོང ་བ་དང་། རྡོ་བ་དང་གསེག་མ་དང་། རྔུབ་དང་ཚེར་མ་མེད་པར་གྱུར་ཏེ། ཤིང་ལྗོན་པ་རིན་པོ་ཆེའི་ཁྲི་ཤིང་གིས་དཀྲིས་པ། གཉེར་ཞིང་རེག་ན་འཇམ་པ་དག་དང་ལྡན་ཞིང་འཇིག་རྟེན་གྱི་ཁམས་བདེ ་བ་ཅན་དང་འདྲ་བར་གྱུར་ཏོ།། སེམས་ཅན་དེར་ལྷགས་པ་ཐམས་ཅད་ཀྱིས་ཀྱང་དེ་ན་འཁོད་བཞིན་དུ། ཇི་ལྟར་མེ་ལོང་གི་ངོས་ལ་རང་གི་གཟུགས་བརྙན་སྣང་བ་བཞིན་དུ ་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་འཇིག་རྟེན་གྱི་ཁམས་དང་། སངས་རྒྱས་ཀྱི་ཞིང་འབྱོར་པ་དང་ལྡན་པ་གཞན་དག་ཀྱང་མཐོང་བར་གྱུར་ཏོ།། དེ་ནས ་དེ་བཞིན་གཤེགས་པའི་ཞལ་ནས་འོད་ཟེར་ཁ་དོག་སྣ་ཚོགས་སྔོན་པོ་དང་། སེར་པོ་དང་དམར་པོ་དང་། དཀར་པོ་དང་། བཙོས་ཀ་དང་། ཤེལ་གྱི་ཁ་དོག་བལྟ་བུ་དང་། མེ་ལྕེ་ལྟ་བུ་དག་བྱུང ་བ་གང་ཡིན་པ་དེ་དག་གིས་བྱ་བ་ཐམས་ཅད་བྱས་ཏེ། ཕྱིར་ལོགས་ནས་བཅོམ་ལྡན་འདས་ཉིད་ཀྱི་ཞལ་དུ་ཞུགས་ཏེ་འཁོར་ཐམས་ཅད་ཀྱི་འོད་ཟེར་ཟིལ་གྱིས་གནོན་པར་གྱུ་ཏོ། དེ་ནས་ལྷ་དང ་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་འོད་ཟེར་དེ་དག་བཅོམ་ལྡན་འདས་ཀྱི་ཞལ་དུ་མི་སྣང་བར་གྱུར་པ་མཐོང་ངོ་འཇིགས་ཤིང་སྐྱིད་བུང་ཞེས་བྱས་ཏེ། རྒྱུ་མེད་པར་བཅོམ་ལྡན་འད ་ཀྱི་འོད་ཟེར་རྣམས་ཕྱིར་ལོག་ནས་མི་སྣང་བར་གྱུར་མི་ཇིགས་ན། གོར་མ་ཆགས་པར་ཕྱོགས་བཅུ་དག་ཏུ་བྱ་བ་རྣམས་ཟིན་ནས།། ད་ནི་གདོན་མི་ཟ་བར་དེ་བཞིན་གཤེགས་པ་ཡོངས་སུ ་མྱ་ངན་ལས་འདའ་བར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་གང་ལས་ཀྱང་ཞལ་ཟས་མ་བཞེས་ན། ཀྱེ་མ་སེམས་ཅན་ཐམས་ཅད་ལ་ཚད་མེད་པ་བཞིས་སྤངས་པས། ཅི་སླང་བར་ཞུགས ་པར་ཆད་དམ། ཀྱེ་མ་ཅི་ཉི་མ་དང་ཟླ་བ་ནུབ་འམ། ཅི་དམ་པའི་ཆོས་ཀྱི་གྲུ་བྱིང་ངམ། ཀྱེ་ཧུད་ཀྱི་ཧུད་ཅེས་བླ་ཞིང་འཁོད་དོ། དེ་ནས་དེ་དག་རང་རང་གིས་ཡན་ལག་རྣམ་སྨས་པར་བྱས ་ངའི་ཁྲག་གིས་ས་གཞི་དམ་དུ་གྱུར་ཏེ། ཆུ་ཀླུང་གསེར་ལྡན་ཡང་ཁྲག་ཏུ་འབབ་པར་གྱུར་ཏོ། དེ་ན་འཁོར་དེ་དག་གི་ནང་ན་གྲོང་ཁྱེར་ཀུ་ཤི་བ་མགར་ངའི་བུ་དགེ་བསྙེན་སྐུལ་བྱེད་ཅེས། ་བྱ་བ་དེ་མགར་བའི་བུ་བཅོ་ལྔ་དང་ཐབས་ཅིག་ཏུ་ལངས་ཏེ། རང་རང་གི་སྤྱོད་ལམ་བཅོས་ནས་འཇིག་རྟེན་དག་ལ་བལྟས་ཏེ། བླ་གོས་ཕྲ་པ་གཅིག་ཏུ་བཟར་ནས་པུས་མོ་གམས་པའི་ལྷང ་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་མོ་སྦར་བ་བཏུད་ནས། མཆི་མ་མི་ཐུབ་བཞིན་དུ་ཐལ་མོ་སྦར་བ་བཏད་ནས་བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་སེམས་ཅན་ཐམས་ཅད་སྒྲལ་བའི་སླད་དུ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་ཞལ་ཟས་ཐ་མ་འབུལ་བར་འཚལ་ཏེ། བདག་ནི་མགོན་མ་མཆིས་པ་ལགས་རྩ་ལགས་མ་མཆིས་པ ་ལགས། སྐྱབས་མ་མཆིས་པ་ལགས། ཕོངས་ཏེ་རེ་བ་ལགས། བཅོམ་ལྡན་འདས་ཀྱིས་བདག་གིས་ཕུལ་བའི་ཞལ་ཟས་བཞེས་ཏེ། ཡོངས་སུ་མ་ངན་ལས་འདའ ་བར་མཛད་དེ་གསོལ། བཅོམ་ལྡན་འདས་དཔེར་ན་གསོལ་ན་ཁྱིམ་བདག་གམ། བྲམ་ཟེ་ཤིན་ཏུ་དབུལ་བ་གང་ཞིག་གཞན་གྱི་ཡུལ་དུ་མཆི་ལ། བོདག་ཉིད་སྤྲོ་བ་པ ་བསྐྱེད་དེ་མཐར་གྱིས་ཞིང་སླས་བརྩམས་ནས། དེས་རྨོས་གླང་རྨོ་རྐྱེན་པ་ཐོང་བཤོལ་དང་སྦར་བ་དག་གིས་ཞིང་ལ་རྡོ་དང་རྡུལ་དང་ཚར་མ་དག་མ་མཆིས་པར་བགྱིས་ཏེ། ་རེ་བོ་ཆེན་པོ་སྐྱེད་ནས། སྤྲིན་ཆེན་པོ་ལས་ཆར་ཕབ་པ་སྡོད་ཅིང་མཆིས་པ་དེ་བཞིན་གཤེགས་དུ་བཅོམ་ལྡན་འདས་བདག་ནི་ལུས་ཞིང་ལ་ཉེས་པ་གསུམ་དང་བྲལ་བའི ་ཡིད་དང་ངག་གིས་གླང་དང་ཤེས་པའི་ཐོང་ཤོལ་གྱིས་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་རྡོ་བ་དང་། ཚེར་མ་མཆིས་པར་གྱིས་ན། ཁྱོད། ་ཀྱི་སྤྲིན་ཆེན་པོ་ལས་ཆོས་ཀྱི་ཆར་འབབས་ལ་བསྡོད་ཅིང་མཆིས་ཏེ། དགེ་སློང་གི་དགེ་འདུན་དང་བཅས་པར་སྨན་དྲངས་ན་བདག་གི་དབུལ་བ་གསལ་བ་དང་། སེམས་ཅན ་ཐམས་ཅད་ལ་སྨན་པའི་སླད་དུ་བདག་གིས་ཕུལ་བའི་ཞལ་ཟས་བཞེས་སུ་གསོལ་བ་དག་ནི་མགོན་མ་མཆིས་པ་པོ་སྐབས་མ་མཆིས་པ་ལགས་ན་དེ་བཞིན་གཤེགས་པས་བདག་ལ ་སྒྲ་གཅན་ཟིན་བཞིན་དུ་གཟིགས་སུ་གསོལ། དེ་ནས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ། རྒྱལ་བ་གང་ཟག་བླ་མེད་པས་མགར་བའི་བུ་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ ་ཏེ། བསྐུལ་བྱེད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཁྱོད་ཀྱི་ཐ་མ་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་བཞེས་པར་མཛད་དེ། དེ་ནས་ལྷ་དང་མི ་དང་ལྷ་མ་ཡིན་དེ་དག་གིས་སྐུལ་བྱེད་ཀྱིས་ཕུལ་བའི་ཞལ་ཟས་ཀྱི་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཆེན་པོ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་བཞེས་སོ་ཐོས་ནས། ་ངོ་མཚར་རྨད་དུ་བྱུང་བའི་ཆོས་ཐོས་ཏེ་ལེགས་སོ་ལེགས་སོ་ཞེས་སྐད་ཆེན་པོ་ཕྱུང་ནས། མགར་བའི་བུ་བསྐུལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་མགར་བའི་བུ་བསྐུལ་བྱེད་ཁྱོད། ་སྐྱིད་དེ་བ་ཁྱོད་ཀྱིས་མི་ལུས་ཐོབ་པར་གྱུར་ཏོ།། ལེགས་པར་ཐོབ་བོ།། བསྐལ་བབྱེད་འཇིག་རྟེན་ན་ཨུ་དུམ་ཝ་རའི་མེ་ཏོག་ཤིན་མཛེས་པ་ནི་སྙེད་པར་དཀའོ།། དེ་བས་ཀྱང་ཆེས་དེ། ་བཞིན་གཤེགས་པ་འབྱུང་བ་རྙེད་པར་དཀའོ།། དེ་བས་ཀྱང་ཆེས་དད་པ་ཤིན་ཏུ་རྙེད་པར་དཀའོ།། དེ་བས་ན་ཞལ་ཟས་ཀྱི་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་ཤིན་ཏུ་དཀའོ།། དེ་བཱ། ་ཀྱང་དེ་བཞིན་གཤེགས་པ་ཤིན་ཏུ་དཀའོ།། དེ་བས་ན་ཞལ་ཟས་ཀྱི་ཐ་མ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐོབ་པ་མགར་བའི་བུ་སྐོལ་བྱེད་ལ་ཕག་འཚོལ་ལོ།། དཔེར་ན་སྟོན་ཟླ་འབྲིང་པོ ་ཉ་ལ་སྤྲིན་མེད་པའི་ཚེ། ཟླ་བའི་དཀྱིལ་འཁོར་དྲི་མ་མེད་པའི་མཛེས་པ་མཐོང་བ་ན་ཟླ་བ་འབའ་ཞིག་མངོན་དུ་སྣང་བ་དེ་བཞིན་དུ། ཁྱོད་ཀྱིས་ཕུལ་བའི་ཞལ་ཟས་ཀྱི་ཐ་མ་དེ་བཞིན ་གཤེགས་པས་བཞེས་པ་ན། ཁྱེད་འབའ་ཞིག་སེམས་ཅན་ཐམས་ཅད་ལ་སྔོན་དུ་སྣང་ངོ་།། ཁྱེད་ལ་ཡང་དང་ཡང་དུ་ཕྱག་འཚལ་ལོ་སྐལ་བྱེད་ཁྱོད་ནི་མིའི་ལུས་བདེ་བཞིན་དུ་ལྷའི་ཡང་ལྷ ་ཡིན་ནོ།། དེ་བཞིན་གཤེགས་པའི་སྲས་སྒྲ་གཅན་ཟིན་དང་འདྲའོ་ཞེས་བྱས་ནས། ཚིགས་སུ་བཅད་པ་འདི་དག་ཀྱང་སྨྲསོ།། ཁྱོད་ནི་མི་མོ་ཡིན་ཏེ་ལྷ་མཆོག་ཡིན།། མི་མཆོག་གཙོ་བོ་ཁྱད ་པར་འཕགས་པ་སྟེ།། དེ་ཕྱིར་ཁྱོད་ལ་གསོལ་བ་འདི་སྐད་འདེབས།། སྟོན་པ་ཡོངས་སུ་མ་ངན་འདའ་བར་འཆས།། བདག་ཅག་ཀུན་ལ་བརྩེ་བས་སྐལ་བྱེད་ཁྱོད།། སྐྱེ་བོ་རྣམས་ལ་ཡུན ་དུ་ཕན་པའི་ཕྱིར།། འདིར་ནི་སྟོན་པ་དཔག་མེད་མགོན་པོ་ལ།། བཞུགས་ཤིང་རྒྱུན་དུ་བདུད་རྩི་སྟོན་ཅེས་གསོལ།། སྲིད་ལས་རྣམ་གྲོལ་མ་ངན་འདའི་བཞེད་ན།། གལ་ཏེ་ཁྱེད་ཀྱིས་རིང ་མ་གསོལ་ན། བདག་གི་ཐམས་ཅད་མ་རུང་ཤེས་པར་གྱིས།། དེ་ལས་ཕན་ཕྱིར་མགོན་ལ་བཟོད་པ་ཐོབ།། དེ་ནས་ལ་ལ་ཞིག་ཕ་མ་གཉིས་ཤི་བ་ལས།། ཕྱིར་གསོས་ཏེ་གསོན་པོར ་འདུག་པ་མཐོང་ནས། མཆོག་ཏུ་དགའ་བར་གྱུར་པ་དེ་བཞིན་དུ་མགར་ར་སྐུལ་བྱེད་དེ་མཆོག་ཏུ་དགའ་བར་གྱུར་ནས་ལག་པ་བརྐྱང་སྟེ། བཅོམ་ལྡན་འདས་ལ ་མགོ་བོས་ཕྱག་འཚལ་ནས་ལངས་ཏེ། ཚིགས་སུ་བཅད་པ་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་དེང་བདག་རྙེད་པ་ལེགས་པར་རྙེད།། མིའི་འཇིག་རྟེན་སྐྱེས་པ་འབྲས་བུ་ཡོད།། ད་ནི ་རྙེད་ལ་སོགས་ལས་འབྲལ་མི་འགྱུར།། མི་བཟད་དམལ་བར་ཡང་ནི་ལྷང་མི་འགྱུར།། དེང་འདིར་རྙེད་པ་ཆེན་པོ་རྙེད་པ་འདི།། གསེར་གྱི་ཕུང་པོ་བས་ཀྱང་ལྷག་པ་ཡིན།། དཔའོ ་བདེ་གཤེགས་མགོན་དང་ཕྲད་པས་ན།། ཕྱིན་ཆད་བདག་ནི་དུད་འགྲོས་འཇིགས་པ་མེད།། སངས་རྒྱས་ལ་ནི་དད་པ་གཏིང་འཇུག་པ།། དེར་རྙེད་ཨུ་དུམ་ཝ་རའི་མེ་ཏོག་བཞིན།། ་རབ་འཇིགས་ཡི་དགས་འཇིག་རྟེན་ཡིད་སྤངས་ཤིང་།། ལྷ་མིན་སྐྱེ་བའི་ས་བོན་མི་བཅོམ་པ།། དེ་བཞིན་གཤེགས་འབྱུང་དཀོན་དང་དེར་ཕྲད་པ།། ཁབ་ཀྱི་རྩེ་མོར་ཡུངས་འབྲ ་ཆགས་པ་བཞིན།། དེ་ལ་ཕ་རོལ་ཕྱིན་མཆོག་སྦྱིན་ཕུལ་བས།། རྟོག་ཏུ་ལྷའི་འགྲོ་བ་འཕང་བར་འགྱུར།། ཆུག་ནས་དམ་དུ་ཆུ་མི་ཆགས་པ་བཞིན།། དྲང་སྲོང་ཆེན་པོ་འཇིག་རྟེན ་ཆོས་རྣམས་ཀྱིས།། ཆགས་མེད་ཕྲད་པས་སྲིད་པའི་འགྲོ་བཞིན་དུ།། དྲངས་ཕྱུང་བདག་ནི་འཁོར་བའི་མཚོ་ཆེན་བརྒལ།། རྒྱ་མཚོའི་རུས་སྦལ་ཞར་བའི་མགྲིན་པ་བཞིན།། གཞའ ་ཤིང་མིག་ཏུ་ཆུད་དཀར་འདྲ་བ་ལས།། བདེ་གཤེགས་དེང་ཕྲད་དེ་ལ་སྦྱིན་པ་བུལ།། དེ་ན་བདག་གིས་ཉོན་མོངས་གསོག་ཏུ་བཅོམ།། ལྷ་རྣམས་དག་གིས་ཞལ་ཟས་བབང་པོ་དག། ་ཕུལ་ཡང་བདེ་གཤེགས་མ་བཞེས་བདག་ལས་ནི།། ཨེ་རན་ཏ་ཡི་མེ་ཏོག་འདྲ་བ་ཞེས་དེས།། བདག་ནི་རྟེན་རབ་མཆོག་དཔལ་དཔལ་ཡོན་ཅན།། ཚངས་པ་བརྒྱ་བྱིན་ལ་སོགས ་འཇིག་རྟེན་འདི།། ཐམས་ཅད་ལྷགས་ཏེ་གུས་པར་བདག་ལ་མཆོད།། ཁྱུ་མཆོག་གནས་སུ་སོན་པ་གང་ཡིན་འདི།། སྐྱེ་བ་འདི་ཉིད་ལ་ནི་བདག་གིས་ཐོབ།། དེ་ནས་ཐལ ་མོ་སྦར་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། མགོན་ཁྱོད་མྱ་ངན་འདའ་བར་མཐོང་ནས་ནི།། འཇིག་རྟེན་འདི་ཀུན་སྡུག་བསྔལ་གཟིར་བར་གྱུར།། དབང་མེད་ཀྱི ་ཧུད་ཅེས་ནི་སྐད་ཆེར་སྨེ།། འདི་དག་མ་དོར་རྟག་ཏུ་སྲས་བཞིན་གཟིགས།། ལྷུན་པོའི་ནི་རྩེ་མོ་རབ་མཐོ་བ།། མཚོ་ཆེན་དབུས་ན་མཛེས་པ་གནས་པ་བཞིན།། ཆོས་ཀྱི ་མངའ་བདག་ཁྱེད་ནི་ཆོས་སྟོན་ཅིང་།། དགེ་འདུན་དབུས་སུ་མཛེས་པར་བཞུགས་སུ་གསོལ།། ཇི་ལྟར་ཉི་མ་གཟི་ཅན་ཤར་བ་ན།། འོད་ཟེར་དག་གིས་སྲིན་སྲ་བ་སེལ ་བ་ལྟར།། དྲང་སྲོང་ཆེན་པོ་ཡེ་ཤེས་མེས་སྒྲོན་གྱིས།། སྐེ་བོ་མང་པོའི་མྱ་ངན་དང་གསལ་མཛོད།། སེམས་ཅན་འདི་ཀུན་དུད་མོས་མིག་བསྔགས་ཤིང་།། སྡུག་བསྔལ་ཅིག ་པའི་རྒྱ་མཚོའི་གཏིང་དུ་ཞུགས།། དེ་ཕྱིར་དད་པ་རྙེད་དཀའ་བསྐྱེད་མཛད་ཅིང་།། འདི་རྣམས་སྡུག་བསྔལ་ཆོས་ལ་ཡུན་དུ་ཞུགས།། དེ་ནས་བཅོམ་ལྡན་འདས་ཀྱི་སྐུལ་བྱེད་ལ་བཀའ ་སྩལ་པ། སྐུལ་བྱེད་དེ་ནི་དེ་བཞིན་ནོ།། དེ་ནི་དེ་བཞིན་ཏེ། སངས་རྒྱས་འབྱུང་བ་ནི་ཨུ་དུམ་བི་རའི་མེ་ཏོག་བཞིན་དུ་ཤིན་ཏུ་རྙེད་དཀའོ།། དད་པ་ཡང་རྙེད་པར་དཀའོ།། ཆོས་ཐོས ་པ་ཡང་རྙེད་པར་དཀའོ།། དེ་བཞིན་གཤེགས་པ་ཡོངས་སུ་མ་ངན་ལས་འདའ་བའི་ཚེ། ཞལ་ཟས་ཀྱི་མའི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་ཕུན་སུམ་ཚོགས ་པ་ཡང་ཤིན་ཏུ་རྙེད་པར་དཀའོ།། སྐལ་བྱེད་གཞན་ཡང་ཁྱོད་མ་ངན་མ་བྱེད་པར། བདག་གིས་དེ་བཞིན་གཤེགས་པ་ལ་ཞལ་ཟ་སོ་ཐ་མ་སྨིན་པའི་ཕ་རོལ་ཏུ་ཕྱིན་པ་ཕུན་སུམ ་ཚོགས་པ་ཐོབ་པོ་སྙམ་དུ་དགའ་བ་སྐྱིད་ཅིག། དེ་བཞིན་གཤེགས་པ་ལ། བཅོམ་ལྡན་འདས་བཞགས་སུ་གསོལ་ཞེས། དེ་སྐད་དུ་ཁྱོད་གོ་སོལ་བ་མ་འདེབསཽ་ཤིག། སངས ་རྒྱས་དང་ཆོས་ཀྱི་དེ་ཁོ་ན་ཉིད་ལ་རྟོགས་ཤིག། མི་རྟག་པ་ཉིད་ལ་འཇུག་པར་གྱིས་ཤིག། འདུ་བྱེད་རྣམས་ཀྱི་རང་བཞིན་ཤེས་པར་གྱིས་ཤིག། ཅེས་བཀའ་སྩལ་ནས་ཚིགས་སུ ་བཅད་པ་འདི་དག་གསུངས་སོ།། ཚེ་ནི་ཤིན་ཏུ་རིང་ཡང་འཇིག་པར་འགྱུར།། འདིར་ནི་ཐམས་ཅད་ངེས་པར་འཆི་བར་འགྱུར།། འཚོ་བའི་འཇིག་རྟེན་འཇིག་པའི་ཆོས་ཅན་ཡིན།། ། ་འབྱོར་པ་ཐམས་ཅད་རྒུད་པར་གཞལ་བར་འགྱུར།། རྟག་ཏུ་ལང་ཚོ་རྒས་པས་ངེས་པར་འཇོམས།། གཟུགས་བཟང་ནད་མེད་ནད་ཀྱིས་འཇིག་པར་འགྱུར།། སྲོག་ནི་འཆི་བས་རྩ ་བས་འབྱིན་པར་བྱེད།། འཇིག་རྟེན་ཀུན་ན་བརྟག་པ་ཅི་ཡང་མེད།། དབང་ཕྱུག་མི་རྟག་ཚེ་ཡང་མི་རྟག་སྟེ། སྐྱེའོ་སྡུག་བསྔལ་འཁོར་ལོ་རྟག་ཏུ་འཁོར།། འཇིག་རྟེན་གསུམ ་ན་བརྟན་པོ་ཅི་ཡང་མེད།། སྲིད་པ་དག་ན་འགྲོ་ཀུན་གསོག་ཏུ་འདུག། སྲིད་པ་འཇིག་རྟེན་པའི་ཆོས་རང་གཡོ་བ་སྟེ།། འདི་དག་ན་ནི་བདེ་བ་ཅི་ཡང་མེད།། རྒས་དང་འཆི་དང་ནད་དང ་རྒུད་རྣམས་ཀྱིས།། འཇིགས་པས་རྟག་ཏུ་ཀུན་ནས་འཆི་བར་བྱེད།། སྲིད་པ་མཐའ་མེད་མི་བརྟན་སྙིང་པོ་མེད།། ཐམས་ཅད་དགྲ་བཞིན་འཁུ་བར་ཤེས་པར་གྱི།། དེ་ན་འཁོར་ཞིང་ཉོན ་མོངས་དྲ་བ་ཡིས།། འཇིག་རྟེན་དཀྲིས་ཏེ་དར་གྱི་སྲིན་བུ་བཞིན།། ཛ་ཇིག་རྟེན་དཀྲིས་ཏེ་དར་གྱི་སྲིན་བུ་བཞི་ནི།། འཇིག་རྟེན་དག་ན་ཐེར་ཟུག་གནོད་པ་བཞིན།། རྟག་ཏུ་འབྲས་ལྟར་སྡུག ་བསྔལ་འབྲེལ་པ་གང་།། མི་གཙང་ལུས་དང་འདོད་པ་དེ་དག་ལ།། ཕན་འདོད་སྡུག་བསྔལ་གསལ་འདོད་སུ་ཞིག་དགའ།། མི་རྟག་འདོད་པ་རྣམས་ལ་ཆགས་པ་མེད།། ཚུལ ་བཞིན་རྟོགས་པས་འདོད་ཆགས་བྲལ་བར་འགྱུར།། དེ་ནས་ཡང་དག་མཐོང་ན་འདོད་ཆགས་བྲལ།། དེ་དག་སྤངས་བྱས་འགྲོལ་བ་ཉིད་དུ་འགྱུར།། ད་ནི་སྲིད་པའི་མཚོ་ཆེན་ལེགས ་པར་བརྒལ།། ད་ནི་སྡུག་བསྔལ་ནས་འདས་བདེ་བར་བཞུགས།། དེ་ཕྱིར་ངས་ནི་མཐའ་ཡས་སྤྲོས་མེད་པ།། ཆགས་པ་ཀུན་གསལ་ཐར་པ་ཐོབ་པར་གྱུར།། ང་ལ་རྒ་དང་ན་དང ་འཆི་བ་མེད།། ང་ལ་རྟག་ཏུ་ཚེ་ཡང་ཟད་པ་མེད།། ང་ནི་མེ་ལྟར་འབར་ཏེ་འགྲོ་ལ་འགྱུར་གྱིས།། ཁྱེད་ཀྱིས་ང་ནི་སེམས་ཤིག། དེ་བཞིན་གཤེགས་ཉིད་ལྷུན་པོ་འདྲ་བས།། ་ལྟས།། ང་དེང་ཡོངས་སུ་མ་ངན་འདའ་བར་འགྱུར།། བདེ་མཆོག་དེ་ནི་ངའི་ཆོས་ཉིད་དེ།། རྒྱལ་རྣམས་ཆོས་ཡུལ་ཡིན་གྱི་ཁྱོད་མ་དུ།། དེ་ནས་བཅོམ་ལྡན་འདས་ལ་མགར་བའི་བུ ་སྐུལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་ནི་དེ་ལགས་སོ།། དེ་ནི་དེ་ལགས་ཏེ། མྱ་ངན་ལས་འདས་པ་བདག་གིས་བསམ་གྱིས་མི་ཁྱབ་པ་ལགས་ན། ་སྦྲང་བུ་དང་འདྲ་བའི་སེམས་ཅན་ཐེག་པ་དམན།། གཞན་དག་གིས་ལྷ་མོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཀྱེ་མ་བདག་དེང་དུ། བྱང་ཆུབ ་སེམས་དཔའ་མི་མཆོག་དཀའ་བ་ཆེན་པོ་དང་ལྡན་པ། མཆོད་པར་འོས་པ་འཛམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་དང་། ཟག་པ་ཟད་པ་རྣམས་དང་མཉམ་པ་ཉིད་དུ་གྱུར་ཏོ།། ་བཅོམ་ལྡན་འདས་དཔེར་གསོལ་ན། གསར་དུ་བསྙེན་པར་རྫོགས་པ་གཞོན་ནུ་ཡང་རབ་ཏུ་བང་བ་དེ་ཉིད་བས་ན། དགེ་འདུན་གྱི་ནང་ནས་དགེ་འདུན་དུ་འབྲང་ཞིང་། ཡང་དག་པར་འདས ་པར་འགྱུར་བ་དེ་བཞིན་དུ་བདག་ཀྱང་དེ་བཞིན་གཤེགས་པའི་མཐུས། བྱང་ཆུབ་སེམས་དེ་པའ་སེམས་དཔའ་ཆེན་པོ་རྣམས་ཀྱི་གྲངས་སུ་གཏོགས་ཤིང་། ཡང་དག་པར་འདུས་པ ་ལེགས་སོ།། ཡང་དག་པར་འདས་པ་ལེགས་སོ།། བཅོམ་ལྡན་འདས་བདག་ནི་དེ་བཞིན་གཤེགས་པ་ཡུན་དུ་བཞུགས་འཚལ་གྱི། ཁ་ཟས་ཚིག་པ་བཞིན་དུ་མྱ་ངན་ལས་འདའ་བར ་མི་འཚལ་ལགས་སོ།། དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་མགར་བའི་བུ་སྐལ་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། སྐལ་བྱེད་ཁྱོད་འདི་སྐད་ཅེས་བདག་གི་དེ་བཞིན ་གཤེགས་པ་ཡུན་དུ་བཞུགས་པར་འཚལ་གྱིས། ཁ་ཟས་ཚིག་པ་བཞིན་དུ་མྱ་ངན་ལས་འདོའ་བ་བཞིན་དུ་མི་འཚལ་ལོ་ཞེས་མ་ཟེར་ཙོག་འདུ་བྱེད་ཀྱི་རང་བཞིན་ལྟ་བར་བྱེད་མོད་དེ ་ལྟར་ལྟ་བ་གང་ཡིན་པ་དེ་ནི། སྟོང་པ་ཉིད་སྒོམ་པ་ཡོངས་སུ་པཱུར་འགྱུར་ཏེ། དམ་པའི་ཆོས་འདོད་པས་དེ་ལྟར་འདོད་པས་ནི་དེ་ལྟར་བསླབ་པར་བའོ།། སྐལ་བྱེད་ཀྱི་སྨྲས་པ། བཙུན ་པ་འཇམ་དཔལ་འོ་ན་ཇི་ལྟར་དེ་བཞིན་གཤེགས་པ་ལྷའི་ཡང་ལྷའི་མཆོག་ཏུ་འགྱུར། གལ་ཏེ་འདུ་བྱེད་དུ་གྱུར་ན། ལྷའི་ཡང་ལྷར་འོས་པ་མ་ཡིན་ནོ།། འདུ་བྱེད་རྣམས་ནི་ཆུ་བུར་བཞིན་དུ་ཤེས ་ཤིང་། ཤིང་ཏ་ལའི་ཕང་ལོ་བཞིན་དུ་འཁོར་བ་ཡིན་ནོ།། ལྷ་རྣམས་མཆོག་ཏུ་ཆེ་རིང་ཞེས་གྲགསོལ། དེ་བཞིན་གཤེགས་པས་ལོ་བརྒྱར་ཡང་ཐུབ་ཏེ། དེ་བས་ན་དེ་བཞིན་གཤེགས་པ ་ལྷའི་ཡང་ལྷར་འོས་པ་མ་ཡིན་ནོ།། དཔེར་ན་མི་ལ་ལ་ཞིག་དཔོན་བྱེད་པ་ལ། དེ་ཐར་གྱིས་དབང་ཕྱུག་ཆེན་པོར་གྱུར་ན། བློན་པོ་ཆེན་པོའི་དབང་ཕྱུག་ལས་ཀྱང་འདས་ཏེ། རང་གི ་དབང་ཕྱུག་གི་འབྲས་བུ་ཆོས་ཀྱི་རྙེད་པ་ལ་ལོངས་སྤོད་པ་ལས། དེའི་ཕྱིར་ཡང་བསོད་ནམས་ཟད་ཅིང་། དབང་ཕྱུག་ལས་ཉམས་པར་གྱུར་ནི། གཞན་གྱིས་བཀའ་བཞིན ་བརྙས་པར་འགྱུར། དེ་ཅིའི་ཕྱིར་ཞེ་ན། དབུལ་པོར་གྱུར་པའི་ཕྱིར་རོ།། དེ་དང་འདྲ་བར་གལ་ཏེ་དེ་བཞིན་གཤེགས་པས་འདུ་བྱེད་དུ་གྱུར་དུ་ཟིན་ན། འཆི་བའི་རྒྱུ་ཡིན་པའི་ཕྱིར་ལྷའི ་ཡང་ལྷའི་འོས་པ་མ་ཡིན་ནོ།། བཙུན་པ་འཇམ་དཔལ་དེ་བསོ་ན། ལྷའི་ཡང་ལྷ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལེ་དེ་ལྟར་འདུ་བྱེད་དང ་འདྲ་བར་མ་ལྟ་བར་ཤིག། འཇམ་དཔལ་གཞན་ཡང་ཅི་ཁྱོད་ཤེས་བཞིན་དུ་དེ་བཞིན་གཤེགས་པ་ལ་འདུ་བྱེད་ཀྱི་རང་བཞིན་དུ་གཏོགས་པར་བྱེད་དོ།། འོན་ཏེ་མ་ཤེས་པར་བྱེད། ་གལ་ཏེ་དེ་བཞིན་གཤེགས་པ་འདུ་བྱེད་དང་འདྲ་བ་ནི། འཇིག་རྟེན་གསུམ་པོ་དག་ན་ཆོས་ཀྱི་དབང་ཕྱུག་བསྙེས་པ་ལྷའི་ཡང་ལྷར་མཛད་པའི་འོས་མ་ཡིན་དཔེར་ན་རྒྱལ་པོ་ལ་ལ ་@##། ཤིག་ལ་གྱད་ཅིག་སྟོང་གི་མཆོག་ཏུ་གྱུར་པའི་གྱད་གཅིག་ཡོད་ལ། གྱད་དེ་ཐམས་ཅད་ཀྱིས་མི་ཐུབ་པའི་ཕྱིར། གྱད་སྟོང་ཐུབ་པའི་ཕྱིར་གྱད་ཅེས ་བྱ་བའི་མིང་ཐོབ་སྟེ། དེ་ལ་གྱད་ཟླ་མེད་པའི་ཕྱིར་བླ་ན་དབང་ཐང་ཆེན་པོ་གྲུབ་ན། ཅི་གྱད་སྟོང་ཐུབ་དེའི་མིང་ཐོས་ནས། སྐད་གྲགས་པ་དེ་མི་ཐུབ་པས་ནས། འོན་ཏེ་ཡོན ་ཏན་ཅན་གྱི་མིང་ཐོབ་པ་ཡིན། དེ་བཞིན་གཤེགས་པ་ཡང་ཉོན་མོངས་པའི་བདུད་དང་། ཕུང་པོའི་བདུད་དང་། ལྷའི་བུའི་བདུད་དང་། རང་བཞིན་གྱི་བདུད་ཀྱི་གྱད་ཐམས་ཅད ་བཅོམ་པས་ན་གྱད་སྟོང་ཐུབ་བཞིན་དུ། ཡང་དག་པའི་ཡོན་ཏན་གྱི་སྒོ་ནས། འཇིག་རྟེན་གསུམ་པོ་དག་ཏུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཞེས་བྱ་བ་ཡིན་གྱིས། བཙུན་པ་འཇམ་དཔལ་ཁྱོད་དེ་བཞིན་གཤེགས་པ་ལ་འདུ་བྱེད་དང་འདྲ་བར་ཡོངས་སུ་མ་གཏོགས་ཤིག། དཔེར་ན་ལ་ལ་ཞིག་ཅིང་ནོར་མང་བའི་རིགས ་སུ་སྐྱེ་བ་བླངས་ལ། ཚེ་ཐུང་བར་འགྱུར་བ་ཞིག་ཏེ། དེ་སྐར་མཁན་ཞིགྲ་གིས་མཐོང་ནས། ཁྱེའུ་འདི་ཆུང་ངོ་ཞེས་བསྟན་ཏེ། དེའི་ཕ་མས་དེ་སྐད་ཐོས་ནས། འདི་ནི་བདག་ཅག ་གི་ཁྱིམ་དུ་ཕན་པར་འགྱུར་བ་མ་ཡིན་ནོ།། སྙམ་ནས་གྲངས་སུ་ཡང་མི་བརྩི་ཞིང་དེ་ལ་བྱམས་པར་མི་བྱེད་དོ།། དེ་ལྟར་སྐྱེས་པ་འམ། བུད་མེད་དམ། ལྷ་འམ། ཚངས་པ་ཡང་རུང་སྟེ། ་གང་ཚེ་ཐུང་བ་དེ་ལ་ཁྱད་དུ་གསོད་པར་གྱུར་ན། གལ་ཏེ་དེ་བཞིན་གཤེགས་པ་ཆོས་འབའ་ཤིག་ལ་ཡང་དག་པར་གཞོལ་བ་ཉིད་དུ་བྱེད་དུ་འགྱུར་དུ་ཟིན་ན། འཇིག་རྟེན་ཐམས་ཅད་ཀྱིས ་བསྐས་པར་འགྱུར་རོ།། ཆོས་ཐམས་ཅད་ཀྱི་ནང་ན་ནི་ཕྱིར་ལྷད་པ་མེད་ཅིང་། ཟག་པ་མེད་པ་ལ་ཐར་པ་ཞེས་བཤད་ལ། གལ་ཏེ་དེ་ལྟར་གྱུར་ལ་དོན་མེད་པར་འགྱུར་གྱིས། བཙུན ་པ་འཇམ་དཔལ་དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་ཅེས་དེ་སྐད་ཅེས་མ་གསུང་ཤིག། དཔེར་ན་བུད་མེད་གཞོན་ནུ་དབུལ་མོ་བཀྲེན་མ་མགོན་མེད་པ། ནད་ཀྱིས་ཐོབས་པར་བ་མདོར ་སྡུག་བསྔལ་བར་གྱུར་པ། བྲ་བས་ཉེན་པ་ཞིག་མགོན་མེད་ཁང་ཞིག་དུ་སོང་བ་ལས་བུ་མོ་དེ་བུ་བྱུང་ནས་དེ་ན་སྔ་ནས་གནས་པ་གཞན་དག་གིས་དེ་དེའི་ནང་ནས་བསྐྲད་དེ། ཉོན ་མོངས་མ་དེ་བུ་ཙས་མ་ཐག་ཏུ་བྱིས་པ་ཁ་མར་ཁྱེར་ནས། ལོ་ལེགས་པའི་ཡུལ་གཞན་དུ་འཆས་ཏེ། སོང་བ་ལས་ལམ་དུ་ཤ་སྦྲང་དང་། སྦྲང་བུ་དང་། རླུང་དང་། ཉིན་མཚན ་དང་། སྡིག་སྦྲུལ་གྱི་གནོད་པས་ཉེན་པར་གྱུར་ཏེ། གང་གའི་ཀླུང་ཆེན་པོ་རྒལ་བའི་འདོད་པ་ལས་དེ་བརྒལ་བར་ནུས་ཏེ། ཁྱེའུ་དེ་ཁྱེར་བཞིན་དུ་གང་གའི་ནང་དུ་ཤི་ནས། ་བུ་དེ་ལ་བྱམས་པའི་བསོད་ནམས་ཀྱི་ཁྱད་པར་གྱིས་ལུས་བྲལ་ཏེ། ཤི་བའི་འོག་ཏུ་ཚངས་པའི་འཇིག་རྟེན་དུ་སྐྱེས་ཏེ། བྱམས་པའི་བསོད་ནམས་ཀྱི་ཁྱད་པརི་ཇི་ལྟ་བུ་ཞིག ་གིས་སྐྱེས་ཞེ་ན། བདག་ནི་ཤི་ཡང་སླའི་ཁྱེའུ་འདི་ཉེས་ཞོ་མེད་པར་ཐར་བར་བྱའོ།། སྙམ་པའི་བསོད་ནམས་ཀྱི་ཁྱད་པར་གྱི་སྐྱེས་དེ་བཞིན་དུ། བཙུན་པ་འཇམ་དཔལ ་སྐྱེས་བུ་དམ་པའི་ཆོས་འབྱུང་བར་འདོད་པས། དེ་བཞིན་གཤེགས་པ་འདུ་བྱེད་དུ་གྱུར་པར་བལྟ་བར་མི་བྱ་ཞིང་། འདུ་ཤེས་ཀྱང་རྒྱུར་བར་མི་བྱའོ།། གལ་ཏེ་དེ་ལྟ་བུའི ་མིག་ལུས་ལ་མེད་ན་ཡང་། བཅོམ་ལྡན་འདས་ནི་བསམས་ཀྱིས་མི་ཁྱབ་པོ་སྙམ་དུ། ཡང་དག་པའི་ལྟ་བ་ཅན་དུ་བྱའོ།། སེམས་ཅན ་ཐམས་ཅད་ལ་ཕན་པའི་གདམས་ངག་སྟོན་པས་ནི། དེ་བཞིན་གཤེགས་པས་འདུས་མ་བྱས་ཡིན་ནོ།། ཞེས་བསྟེན་པར་བྱའོ།། དམ་པའི་ཆོས་འབྱིན་པར་བྱེད་པས ་ནི་ཇི་ལྟར་བུར་བུད་མེད་གཞོན་ནུ་དབུལ་མོས་གང་གའི་ཀླུང་ལས་བུ་བསྒྲལ་བའི་ཕྱིར། རང་གི་སྲོག་དང་བལྟོས་ཏེ་འབད་པ་དེ་བཞིན་དུ་བྱའོ།། དམ་པའི་ཆོས་འབུལ ་བའི་ཐབས་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་འདུས་མ་བྱས་པའོ་སྙམ་དུ་སེམས་བསྐྱེད་པར་བྱའོ།། དེ་བཞིན་གཤེགས་པ་འདུས་མ་བྱས་མཐོང་ན། བདག་གིས ་དོན་དུ་བྱ་བའི་ཐར་པའི་དོན་རྟོགས་པར་འགྱུར་རོ།། བཙུན་པ་འཇོམ་དཔལ་དཔེར་ན། མི་ལ་ལ་ཞིག་ལམ་དུ་འགྲོ་བས་དབ་པར་གྱུར་ཏེ།། ཁྱིམ་དུ་བག་ལ་ཉལ་བ་ལས་དེའི ་ཚེ་ཁྱི་མོ་དེའི་ཐོག་ནས་མེ་ཆེན་པོ་འབར་ཏེ། མི་དེ་མེས་ཚིག་པ་ན། ད་ནི་སྲོག་མེད་ཟིན་ནོ་སྙམ་ནས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ལྡན་ནས། བདག་ཉིད་གོས་ཀྱི་དམ་དུ ་དཀྲིས་ཏེ། དྲན་པ་དང་ལྡན་བཞིན་དུ་ཤི་ནས། ངོ་ཚ་ཤེས་བཞིན་ཁྲེལ་ཡོད་པར་སེམས་པའི་བསོད་ནམས་ཀྱི་འབྲས་བུས་སུམ་ཅུ་རྩ་གསུམ་པའི་རྒྱལ་སྲིད་ལན་བརྒྱད་ཅུ་བྱས། ཨོཾ ་ཧཱུཾ་ཚངས་པའི་རྒྱལ་སྲིད་ལན་འབུམ་བྱས། མིའི་འཇིག་རྟེན་དུ་ཡང་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་དུ་མ་བྱས་ཏེ། ངན་སོང་རྣམས་སུ་ཡང་མི་སྐྱེ་ལ། ལན་མང་དུ་བདེ་བ་ཅིག། ་ཏྱཾ་ཞེས་རེར་བ་དེ་དག་ནི་རྡུར་སྨྲས་པ་ཡིན་ནོ།། དེ་བཞིན་གཤེགས་པ་འདུས་བྱས་ཡིན་ནོ།། ་ནས་གཅིག་ཏུ་བརྒྱད་པ་འབའ་ཞིག་ཐོབ་པ་དེ་བཞིན་དུ། འཇམ་དཔལ་ཁྱོད་སྐྱེས་བུ་དམ་པ་ད་ལྟར་འཛེམ་པར་གྱིས་ཤིག། དེ་བཞིན་གཤེགས་པ་འང་བྱེད་ཀྱི་ཐབས་ལ་འདུ་བྱེད་ཀྱི ་ཐབས་ལ་འཇུག་པ་སྤོད་མ་གཞིག་ཅིག། དགེ་སློང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་འདུས་མ་བྱས་པ་ལ། དེ་བཞིན་གཤེགས་པ་འདུ་བྱེད་ཡིན་ནོ།། ཞེས་ཟེར་བ་ནི་མུ་སྟེགས ་པར་འགྱུར་ཏེ། ཤི་ཡོད་སླའི།། དེ་བཞིན་གཤེགས་པ་འདས་མ་བྱས་ཡིན་བཞིན་དུ། དེ་བཞིན་གཤེགས་པ་འདས་བྱས་ཡིན་ནོ།། རྐྱེ། ཞེས་ཟེར་བ་རྣམས་ནི། རང་གི་ཁྱིམ་ནི་འདྲ་བར ་སེམས་ཅན་དམྱལ་བར་འགྱུར་རོ།། བཙུན་པ་འཇམ་དཔལ་དེ་བཞིན་གཤེགས་པ་ལ་འདུས་བྱས་དང་འདྲ་བར་མ་ལྟ་ཞིག། ད་ཕྱིན་ཆད་འཁོར་བར་རྒྱུ་བ་ན་མི་ཤེས་པ་ལས་འདས་པ ་སྟེ། བཅོམ་ལྡན་འདས་ནི་འདུས་མ་བས་པའོ་སྙམ་པའི་ཤེས་པ་འབའ་ཞིག་རྟོགས་པར་གྱིས་ཤིག། དེ་ལྟར་བས་ན་སྡང་སྒོམ་པ་དེའི་འབྲས་བུས་མྱུར་བ་ཁོ་ནར། དེ་བཞིན ་དང་གཤེགས་པ་བཞིན་དུ་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པར་འགྱུར་རོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། མགར་བའི་བུ་སྐལ་བྱེད་ལ་འདི་སྐད་ཅེས་སྨྲསོ།། ། ་ལེགས་སོ་ལེགས་སོ་ཆེ་རིང་བར་གྱུར་ཅིག། རིགས་ཀྱི་བུས་ནི་དེ་ལྟར་སྨྲས་པ་བཞིན་ན་ཡིན་ནོ།། རིགས་ཀྱི་བུ་ཁྱོད་ཀྱིས་དེ་བཞིན་གཤེགས་པ་རྟག་པ་དང་། ཐེར་ཟུག་དང་། ་འདུས་མ་བྱས་པ་དང་། བརྟན་པར་བྱས་སོ།། ད་ལྟར་ཁྱོད་ཀྱིས་འདི་ཁོ་ན་ལྟར་འདུས་བྱས་ཁོང་བསླག་བཏང་བའི་སྒོ་ནས་ཤེས་པ་ལས་ན། ཁྱོད་ཀྱང་རིང་པོར་མི་ཐོགས་པར་དེ ་བཞིན་གཤེགས་པ་ཇི་ལྟ་བ་བཞིན་དུ་འགྱུར་རོ།། སངས་རྒྱས་ཉིད་ཀྱང་དེ་ལྟར་འབུ་ཅག་གཉིས་ཀྱིས་ཁྱད་པར་དུ་འཕགས་པའི་རྟོགས་པ་བརྗོད་དོ།། ། ་ཞེས་ཕྱིར་བསྔགས་པར་འགྱུར་རོ།། སྐལ་བྱེད་དེ་བཞིན་གཤེགས་པའི་བཤོས་བསྒྱུར་ཅིག། སྦྱིན་པ་ཐམས་ཅད་ཀྱི་ནང་ན་ནི་བསྐངས་ཏེ་སྨིན་པའི་མཆོག་ཡིན་ནོ།། དེ་ལ་བསྙུངས ་ཏེ་སྦྱིན་པ་ཞེས་བྱ་བ་ནི་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐམས་ཅད་ཀྱིས་ས་བོན་ལས་མྱུ་གུ་འབྱུང་བར་བྱ་བའི་ཕྱིར། གང་གི་ཚེ་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ན་མེ། ་དགེ་བསྙེན་མ་འོང་རུངངོ་སྟེ། དོན་འགའ་ཞིག་གི་ཕྱིར་ལམ་དུ་ཞུགས་ནས་དུབ་པར་གྱུར་པ་དེ་དག་ལ་ཅི་ཡོད་པ་དང་། དེའི་རྐྱེན་དུ་འཚམ་པ་དང་། བརྟགས་པའི་སྦྱིན་པ་བདེ་པ་དེ་མྱུར ་ཏེ་སྦྱིན་པ་ཞེས་བྱའོ།། སྐུལ་བྱེད་དེ་བཞིན་དུ་ཁྱོད་ཅི་ཡོད་པ་ལས་ཞལ་ཟས་ཀྱི་ཐ་མ་མང་ཡང་རུང་། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཙོས་པ་ཁྱབ་པར་ཡོད ་ཀྱང་རུང་། ཁྱབ་པོར་མེད་ཀྱང་རུང་སྟེ། འགྲིམ་དུ་ཆུག་ཅིག་བཅོམ་ལྡན་འདས་ཡོངས་སུ་མ་ངན་ལས་འདའ་བར་གཤེགས་སུ་གཉེའོ།། དེ་ནས་སྐལ་བྱེད་ཀྱིས་སྨྲས་པ། བཙུན ་པ་འཇམ་དཔལ་ཁ་ཟས་ལ་ཆགས་སམ། ཅི་ནས་ཞལ་ཟས་མང་ཡང་རུང་། ཉང་ཡང་འདྲི་མས་ཤིག་ཅེས་བདག་ལ་ཞེན་འདེབས་བྱེད། བཅོམ་ལྡན་འདས་ཀྱི་ལོ་དྲོག་གི་བར ་དུ་དཀའ་བ་སྤོད་པར་མ་ཟད་དམ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐ་མ་ཡིན་ཏེ། ཞལ་ཟས་ཀྱི་སྐ་མ་ཡིན་ན། ཅི་བཅོམ་ལྡན་འདས་ཞལ་ཟས་གསོལ་ལམ། བཅོམ་ལྡན་འདས། ་ཀྱིས་བཀའ་སྩལ་པ་འཇམ་དཔལ་སྐུལ་བྱེད་ཀྱིས་དེ་སྐད་སྨྲས་པ་དེ་བཞིན་ནོ།། སྐལ་བྱེད་ལེགས་སོ་ལེགས་སོ་ཁྱོད་ནི་ཐེག་པ་ཆེན་པོ་ལ་ཤེད་བེ་བའོ།། འཇམ་དཔལ་གྱིས་ཀྱང ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་དེ་ལྟར་ཤེད་པར་གྱུར་ན། དེ་བཞིན་གཤེགས་པ་སྐྲ་ཚེ་རིང་བར་ཤོག་ཤིག། སྐལ་བྱེད་ཀྱིས་སྨྲས་པ། ཅི་བོ་དག་འབའ་ཞིག་ལ་བཅོམ་ལྡན ་འདས་མཉེས་སམ། འོན་ཏེ་སེམས་ཅན་ཐམས་ཅད་ལ་མཉེས། འཇམ་དཔལ་གྱིས་སྨྲས་པ། ཅི་བཅོམ་ལྡན་འདས་ད་ལྟར་ཁྱོད་དང་བདག་དང་སེམས་ཅན་ཐམས་ཅད་ལ ་ཡང་མི་མཉེས་སྨྲས་པ། སྐུལ་བྱེད་ཀྱི་སྨྲས་པ། དེ་སྐད་མ་ཟེར་ཅིག། གང་ལ་གུ་བ་ཡོད་པ་དེ་ལ་ཕྱིན་ཅི་ལོག་གི་འདུ་ཤེས་ཡོད་དོ།། འུ་བུ་ཅག་ནི་དེ་ལ་སྐྲོད་དོ།། དེ་བཞིན་གཤེགས ་པའང་དགེས་པ་མེད་དོ།། འདི་ལྟར་དེ་བཞིན་གཤེགས་པ་ནི་བེ་བེའུ་ལ་བམས་པའི་ཕྱིར། རྩ་ཟོས་ཤིང་ཟོས་ཤིང་གྲོང་ཉིད་དུ་འོངས་པ་དེ་ལྟ་བུའི་བྱམས་པ་དང་ལྡན་པ་མ་ཡིན ་གྱིས། སེམས་ཅན་ཐམས་ཅད་ལ་ཡང་སྒྲ་གཅན་ཟིན་དང་འདྲ་བར་གཟིགས་ཏེ། སངས་རྒྱས་ཀྱི་ཤེས་རབ་ཀྱི་ཡུལ་ནི་དེ་ལྟ་བུ་ཡིན་ནོ།། བཙུན་པ་འཛམ་དཔེལ་དཔེར་ན། ་རྟ་ཅང་ཤེས་དང་སྦར་བའི་ཤིང་རྟ་རྒྱུག་པའི་ཟླ་ལ་བུང་བུའི་ཤིང་རྟ་རྒྱག་པ་མི་སྲིད་པ་དེ་བཞིན་དུ། འུ་བུ་ཅག་བུང་བུའི་ཤིང་རྟ་དང་འདྲ་བ་དག་གིས། དེ་བཞིན་གཤེགས་པའི་ཤེས ་རབ་དང་འདྲ་བ་དང་། དགོངས་པའི་ཚིག་དང་མཉམ་དུ་མཉ་མི་འགྲོ་བར་ནུས་སྐད། དཔེར་ན་ནམ་མཁའ་ལྡིང་དཔག་ཆད་དུ་མར་འགྲོ་བ་ནམ་མཁའ་ལ་གནས་པས། ་ཆུའི་ནང་ན་ཉ་དང་རུ་སྦལ་ཁོད་པ་རྣམས་མེ་ལོང་གི་ངོས་ལ་རང་གི་གཟུགས་བརྙན་སྣང་བ་བཞིན་དུ་གསལ་བར་མཐོང་ཡང་། བྱིས་པ་རྣམས་ཀྱི ་མིག་མི་གསལ་བའི་ཕྱིར། དེའི་མིག་རྩལ་བརྗོད་པ་མི་ནུས་པ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲའོ།། འཇམ་དཔལ་གྱིས་སྨྲས་པ། སྐུལ་བྱེད་དོ་ནི་དེ་བཞིན་གཤེགས། ་པ་རྣམས་ཀྱི་ཆེ་བ་ཉིད་བླང་བའི་ཕྱིར། དེ་སྐད་དུ་རྒོལ་བར་ཟད་དོ།། དེ་ནས་དེ་ཚེ་བཅོམ་ལྡན་འདས་ཀྱི་ཞལ་གྱི་སྒོ་ནས་འོད་ཟེར་རྣམ་པ་སྣ་ཚོགས་བཀྱེ་ནས། དེ་དག་གིས་འཇམ་དཔལ་གཞོན་ནར་གྱུར ་པའི་ལུས་ལ་ཕོག་གོ་དེ་ནས་འཇམ་དཔལ་གྱིས་རྟོགས་ནས། མགར་བའི་བུ་སྐུལ་བྱེད་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་རིགས་ཀྱི་དུས་སུ་བཅོམ་ལྡན་འདས་ལ་ཞལ་ཟས་འདྲིམ་དུ་ཆུག་ཤི ་མ་ཐོགས་ཤིག་རྒྱུ་མེད་པར་བཅོམ་ལྡན་འདས་ཀྱི་ཞལ་ཟས་འབྱུང་བར་མི་འགྱུར་རོ།། དེ་ནས་སྐུལ་བྱེད་ཅང་མི་གསུང་བར་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུལ་བྱེད་ལ་འདི་སྐད་ཅེས་བཀའ ་སྩལ་ཏོ།། སྐུལ་བྱེད་ང་ཡོངས་སུ་མྱ་ངན་ལས་འདའ་བར་འགྲོར་ངེས་དགེ་སློང་གི་དགེ་འདུན་ལ་དུས་སུ་ཟས་འདྲིམ་དུ་ཆུ་ག་ཞིག་ཅེས། ལན་གཉིས་ལན་གསུམ་དུ་བཀའ་སྩལ་ཏོ། དེ་ནས་སྐལ་བྱེད ་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་བཅོམ་ལྡན་འདས་མི་བཞུགས་ན་ནི་འཇིག་རྟེན་སྟོངས་པར་འགྱུར་རོ།། བདག་ཅག་ཐམས་ཅད་ཀྱིས་ངུ་ཞིང་བཅོམ་ལྡན་འདས་ལ་གསོལ་བ ་བཏབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱི་སྐལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐལ་བྱེད་མ་དུ་ཞིག། དེ་ལྟར་ལུས་ལ་རྨ་མ་འབྱིན་ཅིག་མིའི་ལུས་ཆུ་ཤིང་བཞིན་དུ་སྙིང ་པོ་མེད་པར་རྟོགས་ཤིག། སྨིག་རྒྱ་དང་། དབུ་བ་རྡོས་པ་དང་། སྒྱུ་མ་དང་། རྫ་མཁན་གྱི་བྱས་པའི་སྣོད་དང་། གློག་ལྟ་བུར་ཁོང་དུ་ཆུད་པར་གྱིས་ཤིག། འདུས་བྱས་ནི་ཉེས ་པ་གྲངས་མེད་པའི་འབྱང་གནས་ཡིན་ནོ།། སྙམ་ཤེས་པར་གྱིས་ཤིག། འདས་བས་ཀྱི་རང་བཞིན་ལ་ལྟོས་ཤིག། དེ་ནས་བཅོ་ལྡན་འདས་ལ་སྐལ་བད་ཀྱིས་འདི་སྐད་ཅེས་གསོལ ་ཏོ།། བཅོམ་ལྡན་འདས་བདག་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བའི་སླད་དུ་དེ་བཞིན་གཤེགས་པ་ཡུན་རིང་དུ་བཞུགས་པར་མི་གནང་ན། བདག་ཅིའི་སླད་དུ་མི་དུ་ལགས། ་འཇིག་རྟེན་སྟོངས་ཀྱིས་དོགས་མ་མཆིས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་སྐལ་བྱེད་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ང་ནི་ཁྱོད་ལ་སྙིང་བརྩེ་བ་དང་། སེམས་ཅན ་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད་དེ། འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དང་། འདི་ནི་འདུ་བྱེད་ཀྱི་ཆོས་ཉིད་དོ།། འདས་པས ་ཐམས་ཅད་མི་བརྟག་གོ་ཞེས་བྱ་བའི་ཚིགས་སུ་བཅད་པ་དྲན་པར་གྱིས་ཤིག། ཆོས་ཐམས་ཅད་ནི་འདུ་བྱེད་དང་འདྲེས་པའི་ཕྱིར་སྡུག་བསྔལ་བའོ་སྙམ་དུ་རྟོགས་ཤིག། ཆོས ་ཐམས་ཅད་ནི་བདག་མེད་པའོ་སྙམ་དུ་སྤྲོད་ཅིང་མི་བརྟན་པ་ཕྱིན་ཅི་ལོག་པའོ་སྙམ་དུ་སེམས་ཤིག། ལུས་འདི་ནི་ཉེས་དམིགས་མཐའ་ཡས་པ་དང་ལྡན་པའོ་སྙམ་དུ་ཤེས་པར ་གྱིས་ཤིག། འདི་ནི་དབུ་བ་དང་འདྲ་བར་ལྟས་ལ་མ་དུ་ཤིག་ཡིད་མ་ཆད་ཅིག། དེ་ནས་བཅོམ་ལྡན་འདས་ལ་སྐལ་བྱེད་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་ནི་དེ ་བཞིན་འཇམ་དཔལ་ལགས་ན། ཧ་ཅང་སྡུག་བསྔལ་ཆེན་པོ་མི་ཟད་པ་ལགས་སོ།། བཅོམ་ལྡན་འདས་ཐབས་ཀྱིས་ཡོངས་སུ་མྱ་ངན་ལས་འདའ་བར་བྱེད ་པ་ལ་ནི། བདག་བློ་རངས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐུལ་བྱེད་ལེགས་སོ་ལེགས་སོ།། རིགས་ཀྱི་བུས་ནི་མྱ་ངན་ལས་འདས་ཐབས་དེ་ལྟ ་བར་བྱའོ།། སྐུལ་བྱེད་སངས་རྒྱས་གཤེགས་པ་ནི་བྱ་བཞིན་བཟས་ལ་འགྲོ་བ་ལྟ་བུར་ཤེས་པར་གྱིས་ཤིག། སྐལ་བྱེད་ཚེ་རིང་བ་དང་ཚེ་རིང་བ་མ་ཡིན་པའི་རྟགས་ཤེས ་པར་གྱིས་ཤིག། སྐོལ་བྱེད་ཆོས་ཐམས་ཅད་ནི་རྒྱུ་མའི་ཆོས་ཅན་ནོ།། དེ་བཞིན་གཤེགས་པ་ནི་ཆོས་ཐམས་ཅ་དེ་ལ་ཐབས་ཀྱི་ཆོས་ཅན་ཡིན་ལ་དེ་རྣམས་ཀྱིས་ཀྱང་གྲོ ་པར་མི་འགྱུར་བ་དེ་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་རང་བཞིན་ནོ།། སྐལ་བྱེད་ཁྱོད་སྲིད་པའི་རྒྱ་མཚོ་ལས་ངེས་པར་བརྒལ་བར་བྱ་བའི་ཕྱིར་ཞལ་ཟས་བསྙུང་ཏེ་འོད ་ཅིག། ལྷ་དང་ལྷ་མ་ཡིན་དང་། མི་རྣམས་ཀྱིས་ཀྱང་ང་ལ་རང་གིས་མཆོད་པ་བྱེད་ནས། མི་གཡོ་བའི་བདེ་བ་ཐོབ་པར་གྱུར་ཅིག། ཁྱོད་ཀྱིས་ཀྱང་སྣོད་དུ་གྱུར་པ་ལ ་དུས་སུ་སྨིན་པ་གྱིས་ཤིག། མ་ཐོགས་ཤིག་སྣོད་དུ་གྱུར་པ་དང་། ང་དང་དེ་བཞིན་གཤེགས་པ་ཞེས་བྱ་བ་ནི་དོན་ཐ་དད་པ་མ་ཡིན་དེ་ནས་སྐུལ་བྱེད་ཀྱིས་སེམས་ཅན་ཐམས ་ཅད་ངེས་པར་སྐལ་བའི་ཕྱིར་མགོ་སྨད་དེ་མཆི་མ་བླགས་ཏེ་གསོལ་བ་ལེགས་སོ་ལེགས་སོ་བཅོམ་ལྡན་འདས་ཀྱིས་ཇི་སྐད་བཀའ་སྩལ་པ། དེ་བཞིན་དུ་བདག་གིས་གྱིའོ།། ་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ། ཇི་ལྟར་བར་བྱ་བ་དེ་ནི་བདག་ཅག་སྦྲང་བུ་དང་འདྲ་བར་རྣམས་ཀྱི་ཡུལ་ཡང་མ་ལགས་ཉན་ཐོས་དང་རང་སངས། ་རྒྱས་རྣམས་ཀྱི་ཡུལ་ཡང་མ་ལགས་སོ།། ཞེས་གསོལ་ཏོ།། དེ་ནས་མི་ངན་བྱེད་ཅིང་དུ་བཞིན་དུ་འཁོར་དང་བཅས་པས། བཅོམ་ལྡན་འདས་ལ་བསྐོར་བ་བྱས་ཏེ། མཆོད ་པའི་ལས་བྱས་ནས།། བཅོམ་ལྡན་འདས་དང་འཇམ་དཔལ་གཞོན་ནུ་རོ་གྱུར་པོ་ལ་ཕྱག་འཚལ་ཏེ། ཞལ་ཟས་ལེན་དུ་སོང་ངོ་།། །། འཕགས་པ་ཡོངས་སུ་མྱ་ངན ་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ།། ། བམ་པོ་གསུམ་པ། ་། དེ་ནས་དེའི་ས་ཆེན་པོ་གཡོས། རབ་ཏུ་གཡོས། འགུལ་རབ་ཏུ་འགལ། འཁྲུགས་རབ་ཏུ་འཁྲུགས། འཁོར་རབ་ཏུ ་འཁོར། འུར་འུར་རབ་ཏུ་འུར་འུར། ཤིག་ཤིག་རབ་ཏུ་ཤིག་ཤིག། མེར་མེར་རབ་ཏུ་མེར་མེ་ར། ལྡེག་ལྡེག་རབ་ཏུ་ལྡེག་ལྡེ་ག། ལྡེམ་ལྡེམ་རབ་ཏུ་ལྡེམ། དེ་ནས་ལྷ ་དང་། ལྷ་མ་ཡིན་དང་། མི་དེ་དག་ཐམས་ཅད་མགོ་རྨོངས་ཏེ། འཇིགས་ཤིང་སྙིད་བུད་ཞེས་བྱས་ཏེ། དུ་བཞིན་དུ་ཚིག་མཐུན་པར་ཚིགས་སུ་བཅད་པ་འདི་དག་གསོལ ་ཏོ།། མགོན་པོ་ཁྱོད་ལ་བདག་ཅག་རྣམས།། མགོན་པོས་ཕྱག་འཚལ་གསོལ་བ་འདེབས། རྒྱལ་བ་ཁྱུ་མཆོག་ཁྱོད་དང་ནི།། བྲལ་ན་བདག་ཅག་མགོན་མེད་འགྱུར།། ་དེང་ཁྱེད་མྱ་ངན་འདའ་འགྱུར་འདི་གསུངས་ན།། བདག་ཅག་སྡུག་བསྔལ་ཤིན་ཏུ་གཏིང་ཟབ་ཅིང་།། ཐུབ་པ་བདག་ཅག་སྙིང་ནི་སྟོངས་པར ་གྱུར།། བ་ཞོ་ཀུན་ཁྱེར་བུ་ལ་ཆགས་པ་བཞིན།། ནད་ཀྱི་ཐེབས་ལ་སྨན་པ་མེད་པ་དང་།། རང་དགར་བྱེད་ཅིང་ཁ་ཟས་གནོད་པ་དང་།། ཟ་བ་ཇི་ལྟ་བར་ནི་འགྱུར་བ་བཞིན།། ་སྐྱེ་བོ་འདི་དག་ཉོན་མོངས་ནད་ཀྱིས་ཐེབས།། ཁྱོད་མེད་ཁྱོད་ཀྱི་ཆོས་སོགས་ཡོད་མེད་པས།། ལྟ་བ་གཉིས་པ་དེ་འདྲ་འཆི་བར་འགྱུར།། དེ་བས་ཕན་ཕྱིར་འཇིག་རྟེན་མ་འདོར ་ཅིག། ཇི་ལྟར་གྲོང་ཁྱེར་གྱད་དང་བྲལ་བ་དང་།། དབུལ་པོ་རྣམས་ལ་མུ་གེ་བྱུང་བ་དང་།། ཇི་ལྟར་དགོན་པར་སྐོམ་གྱིས་གདུངས་པ་བཞིན།། ཁྱོད་འདས་འོག་ཏུ་བདག་ཅག་དེ ་འདྲར་འགྱུར། སེམས་ཅན་གཅེས་ཁྱོད་མ་ངན་འདའ་བཞེད་པས།། ས་གཞི་རབ་ཏུ་གཡོ་ཞིང་ཕྱོགས་ཀྱང་འཚོལ།། རྒྱ་མཚོ་དག་ཀྱང་རྣམ་པར་འཁྲུགས་པར་འགྱུར།། ་བདག་ཅག་ཀུན་ཀྱང་སྡུག་ཅིང་བསྔལ་བར་འགྱུར།། དྲང་སྲོང་ཆེན་པོ་དེང་ཁྱོད་མྱ་ངན་ལས།། འདས་ན་ཉི་མ་འདས་ལ་ལྟུང་ཡང་དག། རྒྱ་མཚོ་ཆེན་པོ་དག་ཀྱང་སྐམ་པར ་འགྱུར།། བདག་ཅག་ཀུན་ཀྱང་དེང་དུ་འགུམ་ལགས་གྲངས།། ཇི་ལྟར་སྟོབས་ལྡན་མིས་ནི་སྒོ་བསེབ་ན།། གླང་ཆེན་ཁྱེར་ཏེ་ནང་དུ་འཛུལ་བགྱིད་པ།། ཤིན་ཏུ་ཉོན་མོང། ་འགྱུར་བ་དེ་བཞིན་དུ།། བདག་ཅག་ཐམས་ཅད་རབ་ཏུ་ཉོན་མོངས་འགྱུར།། ཇི་ལྟར་བུ་གཅིག་འགྲམ་པར་མི་འཚལ་བཞིན།། མྱ་ངན་ཁྱོད་འདའ་བདག་ཅག་དེ་མི་འནལ།། ་གལ་ཏེ་ཁྱོད་ནི་མྱ་ངན་འདའ་བ་ལས།། མི་ཤེས་བདག་ཅག་ཐམས་ཅད་འཕོངས་པར་གྱུར།། ཁྱོད་ནི་མྱ་ངན་ལམ་གཤེགས་མཐོང་བས་ན།། དུད་འགྲོ་མང་པོ་ཡང་གཡར ་ཆེན་བགྱིད་ན།། བདག་ཅག་ཇི་ལྟར་གཡར་དན་མི་འཚལ་ལགས།། བདག་ཅག་མཆིལ་མ་བཞིན་དུ་མ་འདོར་ཅིག། ཉི་འཆར་ཀའི་མདང་གི་འོད་གསལ་བས།། ་མུན་ནག་རྣམ་པར་བཅོམ་པ་དེ་བཞིན་དུ།། ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲིཿའཕྲུལ་ཆེན་ཁྱོད་ཀྱིས་སྡུག་བསྔལ་མུན་གསལ་ཏེ།། དགེ་འདུན་དབུས་སུ་རི་རབ་བཞིན ་དུ་གཞགས།། བཅོམ་ལྡན་འདས་དཔེར་གསོལ་ན།། རྒྱལ་པོ་ལ་ལ་ཞིག་ལ་བུ་སྡུག་ཅིང་འཕངས་པ་ཞིག་མཆིས་ལ། དེས་དེ་ལ་ཆོས་ལུགས་ཀྱི་བསྟན་ཆོས་བསླབས་ན། ་འདི་སོད་ཅིག་ཅེས་བཀའ་སྩལ་པ་དེ་བཞིན་དུ། བདག་ཅག་བཅོམ་ལྡན་འདས་དམ་པའི་ཆོས་ཀྱི་འཁོར་ལོས་བསྐུར་བའི་སྲས་རྣམས་ཀྱང་། ཡང་དག་པའི་ལྟ་བ་བསྐྱེད ་ནས་བཀུམ་གྱིས་མཆིས་ན། བཅོམ་ལྡན་འདས་རྒྱལ་པོའི་བུ་ཇི་ལྟ་བ་དེ་བཞིན་དུ་བདག་ཅག་མི་འགུམ་པར་བཅོམ་ལྡན་འདས་བདག་ཅག་ཡུན་རིང་དུ་བཞུགས་སུ་གསོལ། ་ཇི་ལྟར་ལ་ལ་ཞིག་གིས་རྩོད་པའི་བསྟན་བཅོས་ལ་ནད་པ་སྐྲག་པར་འགྱུར་བ་དེ་བཞིན་དུ། ཁྱོད་ཀྱིས་སྐྲག་པར་མི་འཛད་ཅིག། དེ་ཁོ་ན་ཉིད་མཁྱེན་བཞིན་དུ་བདག་ཅག ་སེམས་ཅན་དམྱལ་བར་མ་མཛད་ཅིག། དམ་པའི་ཆོས་ཀྱིས་བདུད་རྩིའི་བཅུད་ཀྱི་ཚིམས་པར་མཛད་ཅིང་། དེ་བཞིན་གཤེགས་པ་ཡུན་རིང་དུ་བཞགས་སུ་གསོལ། ་ཇི་ལྟར་རྒྱལ་པོའི་བཙོན་རར་གནོད་ལས་རྣམས་ཀྱི་དང་པོ་ཉོན་མོངས་པ་ན། ལ་ལ་ཞིག་གིས་ཁྱོད་ཀྱི་ན་ཆ་ཇི་ལྟ་བུ་ཞིག་མྱོང་ཞེས་སྨྲས་ན།། ་དེས་དེ་ལ་སྨྲས་པ་དེ་བཞིན་ཏེ། གང་གི་ཚེ་བདག་སྡུག་བསྔལ་འདི་ལས་ཐར་བར་འགྱུར་བ་དེའི་ཚེ། མྱ་ངན་ལས་འདས་པ་ཡིན་ཏེ། བདེ་བ་ཡང་ཉམས་སུ་མྱོང་བར ་འགྱུར་བ་དེ་བཞིན་དུ། བདག་ཅག་ཐམས་ཅད་ཁྱོད་བཞུགས་ན། རྒྱལ་པོའི་བརྩོན་ར་ནས་ཐར་པ་དེ་བཞིན་དུ་མ་ངན་ལས་འདས་ལགས་ན། དེའི་ཕྱིར་བཅོམ་ལྡན་འདས ་མ་གཤེགས་ཡུ་ནི་རང་དུ་བཞུགས་སུ་གསོལ།། བཅོམ་ལྡན་འདས་བཞགས་པར་གསོལ་ན། སྨན་པའི་ཚོའི་རོ་གི་བྱེད་ཡན་ལག་བརྒྱད་ལ་མཁས་པས། བདག་གི་བུ ་ལ་ནི་རྒྱུད་ཕྱི་མ་སློབ་པར་མི་བགྱི་བ་དེ་བཞིན་དུ། ཆོས་ཀྱི་རྒྱལ་པོ་སྨན་པ། ཆེན་པོ་སེར་སྣ་མི་མངའ་བ་ཁྱོད་ཀྱིས་ཐེག་པོ་ཆེན་པོའི་རྒྱུད་ཕྱི་མ་ལ་དེ་ལྟར་མི་མཛད་པར། བཅོམ ་ལྡན་འདས་ཡུན་རིང་དུ་བཞགས་སུ་གསོལ།། དེ་བཞིན་དུ་ཤིང་རྟའི་རིག་བྱེད་ལ་མཁས་པ། བདག་གི་བུ་ལ་རྒྱུད་ཕྱི་མ་སྒྲ་གྲག་པ་རི་ཕོག་པའི་སྤྱད་ཐམས་ཅད་བསླབ་པར་བགྱིད། ་པ་དང་། རིགས་པའི་གནས་གཞན་དག་ལ་ཡང་དེ་བཞིན་དུ་སྦར་རོ།། བཅོམ་ལྡན་འདས་དཔེར་གསོལ་ན། བྱིས་པའམ། རྒན་པོ་འམ། ནད་པོ་ལ་ལ་ཞིག་གིས་ལམ་བཟང ་པོ་ལས་གལ་ཏེ། ལམ་ངན་པར་མཆིས་ན་ཤིན་ཏུ་སྡུག་བསྔལ་བར་གྱུར་པ་དེ་བཞིན་དུ། བཅོམ་ལྡན་འདས་སེམས་ཅན་ལམ་ངན་པར་མཆིས་པ། རྣམས་ལུས་དང་བྲལ་བའི ་དེ་སློབ་པར་བགྱིད་ཀྱི། སློབ་མ་ལ་ནི་བདག་དང་མཉམ་པར་འགྱེན་དུ་དོགས་ནས ་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་འགྱུར་ལགས་སམ། བཅོམ་ལྡན་འདས་ལམ་བསྟོན་པ་ཡུན་རིང་དུ་ཞགས་སུ་གསོལ། ཡ་མཚན་ཅན་དགུ་བཅུ་རྩ ་དྲུག་དང་། ཚིགས་སུ་བཅད་པ་བཞི་བཅུ་རྩ་དྲག་དང་། ཚིགས་སུ་བཅད་པ་བཞི་བཅུ་རྩ་ལྔ་ཡང་དེ་བཞིན་དུ་རྒྱས་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམ་ཕྲུ ་ཁྱེད་ལྷ་དང་མི་རྣམས་ལྟར་བྱིས་པའི་སྨྲེ་སྔགས་དག་འདོན་པར་མ་བྱེད་པར་བརྩོན་འགྲུས་བརྩོམས་ཤིག། དེ་ནས་ལྷ་དང་ལྷ་མ་ཡིན་དང་མི་རྣམས་ཀྱི་བཅོམ་ལྡན་འདས་ཀྱི ་གསུང་བློ་གྲོས་དང་། དེ་ཁོ་ན་ཉིད་དུ་འགྲོ་བ་ཐོས་ནས། ཇི་ལྟར་བུ་ཅིག་པ་ཤི་ནས་དུར་ཁྲོད་བོར་བ་དེ་བཞིན་དུ་དེ་དག་སྡུག་བསྔལ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི ་དེ་དག་ལ་ཚིགས་སུ་བཅད་དེ་བསྩལ་པ། ཁྱེད་རྣམས་ངེས་པར་བདེ་གྱུར་ཅིག། འདི་ནི་སངས་རྒྱས་རྣམས་ཀྱི་ཆོས།། ཐམས་ཅད་སྨྲེ་སྔགས་འདོན་པར་བགྱིད།། ་བག་མེད་སྤྲོད་པ་མ་བྱེད་པར།། བག་ཡོད་པ་ལ་དགའ་བར་གྱིས།། ཁྱེད་སྟོང་དང་སྟོང་པ་མ་ཡིན་པ།། རྟག་པ་དང་ནི་མི་རྟག་པ།། སྐབས་དང་སྐབས་མ་ཡིན་པའམ།། ། ་འགྲོ་དང་འགྲོ་བ་མ་ཡིན་པ་འམ།། རྟེན་དང་རྟེན་པ་མ་ཡིན་པ་འམ།། ཐེར་ཟུག་ཐེར་ཟུག་མ་ཡིན་པ།། བསྟན་པ་འམ་བསྟན་པ་མ་ཡིན་པ།། སེམས་ཅན་སེམས ་ཅན་མ་ཡིན་པ།། ཡང་དག་ཡང་དག་མ་ཡིན་པ་འམ།། བདེན་དང་བདེན་པ་མ་ཡིན་པ་འམ།། མྱ་ངན་ལས་མི་འདས་པ་དང་།། མྱ་ངན་ལས་འདྲ་བ་མ་ཡིན་དང་།། ་གསང་བ་གསང་བ་མ་ཡིན་པའི།། གཉིས་དང་གཉིས་སུ་མེད་པ་འམ།། དེ་བཞིན་ཆོས་རྣམས་དུ་མ་ལ།། སོམ་ཉི་དང་ཡིད་ཉིད་སམ།། ཐེ་ཙོམ ་ཅི་དང་ཅི་ཡོད་པ།། དེ་དང་དེ་དག་ཞུས་ཤིག་དང་།། ཐམས་ཅད་ངས་ནི་བཅད་པར་བྱའོ།། བདུད་རྩིའི་མཆོག་ཀྱང་ཁྱེད་ལ་ནི།། མ་ལུས་རྫོགས་པར་བསྟན་པས་ན།། དེའི ་འོག་ཏུ་ཡོངས་སུ་ནི།། མྱ་ངན་ལས་ནི་འདའ་བར་བྱ།། དགེ་སློང་དག་སངས་རྒྱས་འབྱུང་བ་རྙེད་པརརཾ་བཀའོ།། མི་ལུས་ཐོབ་པ་རྙེད་པར་དཀའོ།། དལ་བ་ཕུན་སུམོ་ཚོགས་པ་རྙེད ་པར་དཀའོ།། བཟོད་པ་དང་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་མ་ཞིག་པ་མ་རལ་པ་ཡང་ཤིན་ཏུ་རྙེད་པར་དཀའོ།། འཇིག་རྟེན་ན་དགྲ་བཅོམ་པ་ཐོབ་པ་ནི་གསེར་ཕྱེ་མ་དང་། ཨུ ་དུམ་པ་རའི་མེ་ཏོག་བཞིན་དུ་རྙེད་པར་དཀའོ།། དགེ་སློང་དག་འདི་ལྟ་སྟེ། ས་ནི་ཐམས་ཅད་ཀྱི་སྒོ་ནས་སེམས་ཅན་ཐམས་ཅད་ཀྱིས་མཚོ་བ་ཡིན་ཏེ། དེ་བཞིན་དུ་ངའི་ཆོས ་བསྟན་པ་རྣམ་པ་སྣ་ཚོགས་གསུང་བ་ཐར་པའི་གྲོང་ཁྱེར་བདུད་རྩིའི་ཟས་ཀྱང་དེ་དང་འདྲའོ།། སེམས་ཅན་ཐམས་ཅད་དང་། ངའི་སྲས་དགེ་སློང་ཐམས་ཅད་ལ་དམ་པའི་ཆོས ་མང་པོ་བསྟན་པར་གཞག་གོ།། གཞན་ཡང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར། དེ་བཞིན་གཤེགས་པའི་ཡོན་ཏན་ཆེ་བ་ཉིད་གྲགས་ཏེ། ཡི་གེ་འབྲུ་གཅིག་པའི་ཐིག ་ལེ་ཅིག་པའི་གཏམ་ཡང་བཞག་ནས། ཡོངས་སུ་མྱ་ངན་ལས་འདའ་བར་བྱའོ།། དེ་ནས་དགེ་སློང་དེ་དག་གིས་དེ་བཞིན་གཤེགས་པ་ཡོངས་སུ་མ་ངན་ལས་འདའོ།། ཞེས ་ཐོས་ནས་མི་དགའ་བར་གྱུར་པ་ཏེ། སྐྱིད་བུང་ཞེས་བྱེད་ནས་མིག་མཆི་མས་གང་བཞིན་དུ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་ས་འདས་ཀྱིས་སྡུག་བསྔལ་བ་དང་། མི་རྟག་པ་དང་། བདག་མེད་པ་དང་། ་རྗེས་ཐམས་ཅད་ཀྱི་ནང་ན་གླང་པོ་ཆེའི་རྗེས་མཆོག་ཡིན་པར་བསྟན་ཏོ།། ཞེས་གསུངས་ཏེ། དེ་ལྟར་མི་རྟག་པའི་འདུ་ཤེས་ཅིང་བསྒོམས་ཏེ། མང་དུ་བགྱིས་པས་འདོད ་བའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། གཟུགས་ཀྱི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར།། ་མ་རིག་པ་ཐམས་ཅད་ཟད་པར་འགྱུར། ལྷག་པའི་ང་རྒྱལ་ཐམས་ཅད་མ་ལུས་པར་ཡང་དག་པར་ཆད་པར་འགྱུར་རོ།། བཅོམ་ལྡན་འདས་དཔེར་གསོལ་ན། སྟོན་གྱི་དུས ་སུ་ཞིང་པས་རྨོས་ཆེར་བཏབ་སྟེ། རྩ་བ་འཆིངས་པ་ཐམས་ཅད་སེལ་བར་བགྱིད་པ་དེ་བཞིན་དུ། བཅོམ་ལྡན་འདས་མི་རྟག་པའི་འདུ་ཤེས་བསྟན་ཅིང་སྒོམས་ཏེ་མང་དུ་གྱིས ་བས།། འདོད་པའི་འདོད་ཆགས་ཐམས་ཅད་པར་འགྱུར་རོ།། གཟུགས་ཀྱི་དེ་འདོད་ཆགས་ཐམས་ཅད་ཟད་པར་འགྱུར།། གཟུགས་མེད་པའི་འདོད་ཆགས་ཐམས་ཅད་ཟད་པར་འགྱུར ་མ་རིགས་པ་ཐམས་ཅད་ཟད་པར་འགྱུར། ལྷག་པའི་ང་རྒྱལ་ཐམས་ཅད་མ་ལུས་པར་ཆད་པར་འགྱུར། ཞིང་ལས་ཐམས་ཅད་ཀྱི་ནང་ན་ནི་སྟོན་གྱི་ཞིང་ལས་མཆོག་ཏུ་བསྟན་ཏེ། ་ཞེས་བྱ་བ་གླང་པོ་ཆེའི་རྗེས་སུ་ལྟ་བའི་མདོ་ལས་འབྱུང་བ་བཞིན་དུ་རྒྱས་པར་སྦྱར་རོ།། བཅོམ་ལྡན་འདས་དཔེར་གསོལ་ན། རྒྱལ་པོ་འཆི་བའི་ཆེ་བདག་གི ་བརྩོན་ར་བསལ་ཏེ། སེམས་ཅན་རྣམས་བཙོན་རའི་གནོད་ཉོན་མོངས་པ་ལས་ཐར་བར་གྱིས་ནས། དེ་འོག་ཏུ་མཆི་བར་བྱེད་པ་དེ་བཞིན་དུ། བཅོམ་ལྡན་འདས་ཁྱོད་ཀྱིས་ཀྱང་སེམས་ཅན ་མི་ཤེས་པ་རྣམས་པ་སྣ་ཚོགས་ཀྱི་བཙོན་རར་འབྲུབས་པ་རྣམས་ཀྱིས་མི་ཤེས་པའི་བཅིང་པ་རྣམས་བཅད་ནས། དེའི་འོག་ཏུ་ཡོངས་སུ་མ་ངན་ལས་འདའ་བ་གཤེགས་སུ་གསོལ།། ་བཅོམ་ལྡན་འདས་གཞན་ཡང་དཔེར་གསོལ་ན། སེམས་ཅན་འབྱུང་པོ་དང་ཤ་ཟའི་གདོན་གྱིས་བརླབས་པས་སྨན་པ་ཆེན་པོ་དང་འཕྲད་ནས། འབྱུང་པོ་དང་། ཤ་ཟའི་གདོན་རྣམས ་ཀྱི་ཐེག་པ་ལས་ཐར་བར་འགྱུར་བ་དེ་བཞིན་དུ། ཁྱོད་དང་འཇལ་ནས་ཉན་ཐོས་ཀྱི་ཚོགས་ཐམས་ཅད་མི་ཤེས་པ་སྣ་ཚོགས་ཀྱི་འབྱུང་པོ་དང་། ཤེ་ཟའི་གདོན་རྣམས་ལས་ཡོངས་སུ ་ཐར་བར་འགྱུར་ལ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཉིད་ཁོང་དུ་ཆུད་པར་གྱིས་ལགས་སོ།། བཅོམ་ལྡན་འདས་དཔེར་གསོལ་ན། གླང་པོ་ཆེའི་འདུལ་སྤོང་གི་མཁན་པོས། སྤོས ་ཀྱི་གླང་པོ་ཆེ་ཞགས་པ་ཆེན་པོས་བཅིངས་པ་ལས། གླང་པོ་ཆེའི་འདུལ་སྤོང་གི་མཁན་པོ་དེ་བཞིན་གཤེགས་པའི་ལག་ཏུ་འོངས་ན།། སེམས་ཅན་ཐམས་ཅོད་ལས་ཉོན་མོངས་པ་གླང ་པོ་ཆེ་ལྔ་བཅུ་རྩ་བདུན་ཡོངས་སུ་གསལ་བར་གྱིའོ།། བཅོམ་ལྡན་འདས་དཔེར་གསོལ་ན། གྲང་བའི་རིམས་ཀྱི་ཐེབས་པ་སྨན་པ་ཆེན་པོའི་ཐད་དུ་མཆིས་ན། སྡུག་བསྔལ་ལས ་ཐལ་བར་མཛད་པ་དེ་བཞིན་དུ། བཅོམ་ལྡན་འདས་བདག་ཅག་ཀྱང་ཉོན་མོངས་པ་དང་། ལོག་པར་བལྟ་བ་དང་། ལོག་པའི་འཚོ་བ་ཉེས་དམིགས་མཐའ་ཡས་པའི་རིམས་ནད ་ཅན་གྱི་ལུས་དང་ལྡན་པ་ལས། སྨན་པ་ཆེན་པོ་བཅོམ་ལྡན་འདས་ཀྱི་ཐད་དུ་མཆིས་ནས། སྡུག་བསྔལ་ཐམས་ཅད་ལས་རྣམ་པར་ཐར་ཏེ། མི་གཡོ་བའི་ཀའི་བདེ་བ་ཡང་ཐོབ ་ལགས་སོ།། བཅོམ་ལྡན་འདས་གཞན་ཡང་དཔེར་གསོལ་ན། མི་ཞིག་གི་འབྲས་སྐྱེ་མས་འཚལ་ཏེ། ར་རོ་བར་གྱུར་ནས་བདག་ཉིད་ཀྱིས་ཀྱང་བདག་ཉིད་མ་འཚལ་ཏེ། ་ཆོས་ཀྱང་མ་འཚལ་ཏེ། ཆོས་མ་ལགས་པ་ཡང་མ་འཚལ་ཏེ། འདི་ནི་བདག་གི་མའོ་འདི་ནི་བདག་གི་སྲིང་མོའོ།། འདི་ནི་བདག་གི་བུ་མོའོ་སྙམ་དུ་ཡང་མ་འཚལ་ལ། ་སྨད་ཅིང་བཱ་ཏེ། ཕྱི་ས་དང་གཅིན་གྱི་ལུས་ཀུན་བསྒོས་ཤིང་པ་ལས། དེའི་འོག་ཏུ་བདག་ཉིད་སངས་ཏེ། གཞི་ལས་གྱུར་པ་ལས་མཁས་པར་གྱུར་ནས་ཚང་ནི་ཅིར་ཡང་མི ་རུང་ངོ་སྙམ་དུ་སེམས་ཏེ། བདག་ནི་སྡིག་པ་ཐམས་ཅད་ལས་ཐར་ཏོ་སྙམ་ནས། ཆང་བཏུང་བ་ཅིར་ཀྱང་མི་རུང་བར་ཤས་ཆེར་བསྒོམས་ཏེ། སྤོང་བར་བགྱིད་པ་དེ་བཞིན་དུ ་བཅོམ་ལྡན་འདས་འཚོ་བའི་འཇིག་རྟེན་འདི་ནི་ཟློས་གར་མཁན་བཞིན་དུ། ཐོག་མ་མ་མཆིས་པ་ནས་འཁོར་བ་ནས་འཁོར་ཞིང་ཡོངས་སུ་ཁྱམ་པ་ན། འདི་ནི་བདག་གི ་མའོ།། འདི་ནི་བདག་གི་བུ་མོའོ།། འདི་ནི་བདག་གི་སྲིང་མོའོ་སྙམ་དུ་མ་འཚལ་ནས། མ་དང་སྲིང་མོ་དང་བུ་མོ་རྣམས་དང་ལྷན་ཅིག་འདོད་པ་འདི་ཤེས་སྐྲོད་པར་བགྱིད། ་འབྲས་སྐྱེམས་ཀྱིས་རཱ་རོ་བ་ལས་སངས་བཞིན་དུ་ཅིར་ཀྱང་རུང་ཆར།། བསྒོམས་ནས་སྡུག་བསྔལ་ལས་ཡང་དག་པར་འདའ་བར་འགྱུར་ལགས་སོ།། གཞན་ཡང་ཨེ ་རན་ཏ་ལ་ནི་སྙིང་པོ་མཆིས་པ་མི་སྲིད་པ་དེ་བཞིན་དེ།། ལུས་འདི་ལ་ཡང་བདག་དང་སེམས་ཅན་དང་།། སྲོག་དང་། གང་ཟག་དང་ཤེས་ལས་སྐྱེས་པ་དང་།། ཤེད་བུ་དང་།། ་བྱེད་པ་པོ་མཆིས་མི་སྲིད་དེ།། དེ་ལྟ་བུར་བདག་ཅག་གིས་བདག་མ་མཆིས་པའི་འདུ་ཤེས་བསྒོམས་ཏེ་མ་དུ་བགྱིས་ལག་སོ།། དཔེར་གསོལ་ན་ཕུབ་མ་བསྒོམ་ལ་སྙིང་པོར་ཅིར་ཡང་མི ་གཅེས་པ་དེ་བཞིན་དུ།། ལུས་འདི་ལ་བདག་མ་མཆིས་སོ།། ཀཱིཁ་སྲབ་ཀྱི་མེ་ཏོག་ལ་དྲི་བདའ་བ་མཆིས་པ་དེ་བཞིན་དུ་ལུས་འདི་ལ་ཡང་བདག་མ་མཆིས་ཏེ།། དེ་ལྟར་བདག་ཅག་གིས་མ་མཆིས ་པར་སྒོམ་ཏེ།། མང་དུ་བགྱིས་ལག་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་དག་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ།། དེ་ལྟར་བསྒོམ་ཤིག་དང་དེ་ལྟ་བསྒོམས་པ་རྣམས་ཀྱིས་བདག་ཏུ ་འཛིན་པ་སྤོང་བར་འགྱུར་རོ།། ཀུན་བདག་ཏུ་འང་པ་གསོལས་འཛིན་པ་ཡོངས་སུ་སྤངས་ན། ཕ་འམ་བསྐལ་པ་ལས་ལྷག་པར་ཡང་བཞགས་སུ་གསོལ། དེ་བཞིན་གཤྱེ ་པས་ཅི་དང་ཇི་སྐད་བཀའ་སྩལ་པའི། དེ་དང་དེ་བཞིན་དུ་བདག་ཅག་གིས་བགྱི་བར་འཚལ་ལོ།། གལ་ཏེ་དེ་བཞིན་གཤེགས་པ་བཞུགས་སུ་མི་གནང་ན། བདག་ཅག ་ཀྱང་སྦྲུལ་སྡུག་པ་དང་ཁྱིམ་ཅིག་གི་ནང་དུ་ལྷན་ཅིག་ཏུ་མཆིས་པར་མི་འཚལ་ཏེ། དེ་བཞིན་གཤེགས་པ་མི་བཞུགས་ན། ཚངས་པར་སྤྲོད་ཅིང་མཆིས་པའི་རྔོ་མ་ཐོག་གིས། ་ཁྱོད་ཉིད་ཀྱི་སླད་བཞིན་དུ་བདག་རྣམས་ཀྱང་ཡོངས་སུ་མྱ་ངན་ལས་འདའ་བར་འཚལ་ལོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ ་ཏོ། དགེ་སློང་ཁྱེད་དེ་སྐད་མ་ཟེར་ཅིག། དགེ་སློང་དགོ་ངས་འོད་སྲུང་གི་ལག་ཏུ་བསྟན་པ་གཏད་པར་མ་བྱ་དེ། འདི་ནི་དེ་བཞིན་གཤེགས་པ་དང་འདྲ་བར་དགེ་སློང ་རྣམས་ཀྱི་རྟེན་ལྟ་བུར་འགྱུར་རོ།། དགེ་སློང་རྣམས་དང་སེམས་ཅན་རྣམས་ཀྱི་སྐབས་ལྟ་བུར་འགྱུར་རོ།། དཔེར་ན་རྒྱལ་པོ་གྲོང་ཁྱེར་མང་པོ་མངའ་བདག་གྲོང་ཁྱེར་ཅིག ་ཏུ་སོང་སྟེ། ཁྱིམ་བདག་ཅིག་རྒྱལ་པོར་དབང་བསྐུར་བ་དེ་བཞིན་དུ་འཇིག་རྟེན་གྱི་ཁམས་འདིར་ཡང་འོད་སྲུངས་ཆེན་པོར་དབང་བསྐུར་རོ།། དགེ་སློང་དག་ཁྱེད་ཀྱིས ་སྡུག་བསྔལ་དང་། བདག་མེད་པ་དང་། མི་སྡུག་པའི་འདུ་ཤེས་ཇི་ལྟར་བསྒོམ་ཞེས་ན། དགེ་སློང་དག་དཔེར་ན་སོས་ཀའི་དུས་ལ་བབ་པ་ན་སྐེའོ་རྣམས་ཀྱི་ནགས ་ཚིལ་གྱི་ནང་དུ་ཆུ་སྐྱིལ་ཏེ། རང་རང་གི་རྒྱལ་པོའི་ཡོ་བྱད་ཐོགས་ནས་ཆུའི་ནང་དུ་ཚེ་རབ་བྱེད་ལ། ཆུ་དེའི་ནང་དུ་གཅིག་གི་ནོར་བུ་རིན་པོ་ཆེ་བཻ་ཌཱུརྱ་རིགས་དང་ལྡན་པ ་གཅིག་བཞག་ན་ས་བཻ་ཌཱུརྱ་དེ་འདོད་པའི་ཕྱིར་དེ་དག་ཐམས་ཅད་ཀྱིས་རྒྱལ་མཚལ་རྣམས་བོར་ཏེ། ཆུ་དེའི་ནང་དུ་ཚུལ་ནས་དེའི་ནང་ན་གྱོ་མོ་འམ། གསེག་མ་ཅི་ཡོད ་པ་དག་ལ་ནོར་ཡིན་སྙམ་ནས་བླངས་ཏེ་ནོར་བུ་བདག་གིས་རྙེད་དོ་ཞེས་ཟེར་ཞིང་། སོ་སོ་ནས་སྟོང་དུ་བྱུང་ཏེ། རྫིང་གི་འགྲམ་དུ་འཁོད་ནས་འདི་ནོར་བུ་མ་ཡིན་ནོ་སྙམ ་པའི་འདུ་ཤེས་སྐྱེས་པར་འགྱུར་ལ། རྫིང་དེའི་ཆུ་ཡང་ནོར་བུའི་འོད་བཞིན་དུ་མཛེས་པར་འདུག་སྟེ། དེ་དག་གིས་མཛེས་པ་མཐོང ་ནས། ཨེ་མ་ནོར་བུ་སྙམ་དུ་ཡོན་ཏན་གྱི་འདུ་ཤེས་སྐྱེ་བར་འགྱུར་ཏེ། དེ་དག་གི་ནང་ནས་ཐབས་མཁས་ཤིང་ཡིད་རྣོ་བ་ཅིག་གིས་ནོར་དེ་ཡང་དག་པར་རྙེད་པ་དེ་བཞིན་དུ། ་དགེ་སློང་དག་ཁྱོད་ཀྱི་ཐམས་ཅད་སྡུག་བསྔལ་བའོ།། ཐམས་ཅད་བདག་མེད་པའོ།། ཐམས་ཅད་མི་རྟག་པའོ།། ཐམས་ཅད་མི་སྡུག་པའོ།། ཞེས་ཐམས་ཅད་ཀྱི་མུ ་གཟུང་ནས་སྒོམས་ཤིག་མང་དུ་བྱས་པ་གང་ཡིན་པ་དེ་དག་ཐམས་ཅད་རྫིང་གི་ནང་གི་གྱོ་མོ་དང་། གསེག་མ་བཞིན་དུ་ནོར་ཅིང་དེ་ནི་མེད་པར་འགྱུར་ཏེ། སྐྱེས་བུ་ཐབས ་མཁས་པ་བཞིན་དུ་གྱིས་ཤིག། ཁྱེད་ཀྱིས་ཐམས་ཅད་ཀྱི་མུ་ཟུང་ནས་གང་དང་གང་སྒོམས་པ་དེ་དང་དེ་ཉིད་ལ་བདེ་བ་དང་བདག་དང་རྟག་པ་དང་སྡུག་པ་ཡོད་དེ། རྣམ་པ ་བཞི་པོ་དེ་དག་ཕྱིན་ཅི་ལོག་པ་ཞེས་བརྗོད་པར་བྱའོ།། དེ་ནས་ནོར་བུ་དང་འདྲ་བར་ཆོས་ཀྱི་དེ་ཁོ་ན་ཉིད་རྟག་པའི་འདུ་ཤེས་སྒོམས་ཤིག། དེ་ནས་བཅོམ་ལྡན་འདས་ལ་དགེ ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱི་ཆོས་ཐམས་ཅད་ནི་བདག་མེད་པ་སྟེ། དེ་ལྟར་སྒོམས་ཤིག་དང་། དེ་ལྟར་སྒོམས་པ་རྣམས་ཀྱི་བདག ་ཏུ་འཛིན་པ་སྤོང་བར་འགྱུར་རོ།། བདག་ཏུ་འཛིན་པ་སྤངས་ནས་མ་ངན་ལས་འདས་པ་ཐོབ་པར་འགྱུར་རོ་ཞེས་བཀའ་སྩལ་པ་ལགས་ན། བཀའ་སྩལ་པའི་དོན་དེ་ཇི་ལྟ། ་བུ་ལགས། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེའི་རྣམ་པར་དབྱེ་བ་བཀའ་སྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་ལ་བཀའ་སྩལ་པ། ་དགེ་སློང་དག་ལེགས་སོ་ལེགས་སོ།། དགེ་སློང་དག་བདག་གི་ཐེ་ཚོམ་ངེས་པར་བཅད་པར་འདོད་པས་དེ་སྐད་ཅེས་དྲི་དགོས་ཏེ། ལེགས་སོ་དགེ་སློང་དག་གྲོང་འགའ ་ཞིག་ན། རྒྱལ་པོ་ཤེས་རབ་འཚལ་བ་ཞིག་རྒྱལ་པོ་བད་དེ། རྒྱལ་པོ་དེ་ལ་སྨན་པ་ངན་པ་ཞིག་ཡོད་ལ་དེ་ཡང་སྨན་པ་འཚལ་བ་ཞིག་སྟེ། བླ་ནས་དབང་ཐང་ཆེར་དབང་། ་ལ། རྒྱལ་པོས་ཀྱང་བཀུར་བ་ཞིག་ཡོད་པ་དེས། འོ་མ་འབའ་ཞིག་སྨན་ཡིན་པར་འཛིན་ལ་ནད་ཀྱི་གཞི་མི་ཤེས་ལ་འོ་མ་དཔྱད་ལོག་པར་འཛིན་པ་དེ་སྐྱེ་བོ་ཐམས་ཅད ་ཀྱི་རླུང་དད་ཀྱི་སྣ་གྲངས་རྣམས་ལ་ཡང་གཏོང་བར་བྱེད་དེ། མཁྲིས་པའི་ནད་རྣམས་དང་། བད་ཀན་གྱི་ནད་རྣམས་ལ་ཡང་གཏོང་བར་བྱེད་དེ། དེ་དེ་ལྟོར་བྱེད་ཀྱང་སྨན ་ཅེས་པ་ཁོ་ནར་གྱུར་ལ། རྒྱལ་པོ་དེ་ཡང་འཚལ་བའི་བྱེ་བྲག་མི་བྱེད་པ་ཞིག་གོ། དེ་ནས་སྨན་པ་ཚེའི་རིགས་བད་ཡན་ལག་བརྒྱད་ལ་མཁས་པ་རྒྱུད་ཕྱི་མ་ཤེས་པ་གཞན ་ཞིག་ཡུལ་གཞན་ནས་གསེར་དུ་འོངས་ནས་སྨན་པའི་ཐད་དུ་བེརྟེན་བཅས་ཏེ་སྨྲས་པ། ཁྱོད་ཀྱི་མིང་ཐོསོ་ནས་སློབ་མར་འཚལ་བའི་སླད་དུ་བེ་དག་གི་མཁན་པོ་མཛད ་དུ་གསོལ། དེ་ནས་སྨན་པ་འཚལ་དེས་དེ་སྐད་ཅེས་ཐོས་ནས། སྨན་པ་གསར་དེ་འོངས་པ་དེ་ལ་སྨྲས་པ། ལོ་བཞི་བཅུ་རྩ་བརྒྱད་ཀྱི་བར་དུ་ང་ལ་ལེགས་པར་བསྒྲིམས་ཏེ། ་དཀའ་བ་སྤྱད་པས་རིམ་གྲོ་གྱིས་ལ་དེའི་འོག་ཏུ་སློབས་ཤིག་དང་ཁྱོད་སྨན་པར་འགྱུར་རོ།། དེ་ནས་དེས་དེ་བཞིན་དུ་མཉན་ཏེ། དེ་ལྟར་བགྱི ་འོ་ཞེས་བྱས་ནས་དྲི་མཐར་གྱིས་སྨན་པ་འཆལ་པ་དེ་མགུ་བར་བྱས་ཏེ། རྒྱལ་པོའི་ཕོ་བྲང་དུ་སོང་ནས་རྒྱལ་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་པོ་ཆེན་པོ་ཁྱེད་ཀྱིས ་རྟག་ཏུ་བསྟན་བཅོས་ཐམས་ཅད་ལ་བརྩོན་པར་མཛོད་ཅིག་དང་། དེ་ལྟར་མཛད་ན་རྒྱལ་པོར་འོས་པར་འགྱུར་རོ།། རྒྱལ་པོས་ཀྱང་དེ་ནི་བདེན་དེ་རྣར་འོང་ངོ་ཞེས་བྱས། ་ནས། རྒྱལ་པོ་དེས་སྨན་པ་འཆལ་པ་དང་སྨན་པ་ཅིག་ཤོས་ཀྱི་བྱེ་བྲག་ཕྱེ་བར་གྱུར་ནས་སྨན་པ་དེ་ཡུལ་ཕྱོགས་ནས་བསྐྲད་དེ། སྨན་པ་བཟང་པོ་གཅིག་ཤོས་བཀུར ་བར་གྱུར་ལ། དེ་ནས་སྨན་པ་དེས་ད་ནི་དུས་ལ་བབ་པོ།། སྙམ་ནས་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། རྒྱལ་པོ་ཆེན་པོ་བདག་ལ་ཉེས་པར་གྱུར་ན། གསོལ ་བ་སྣ་གཅིག་གཅིག་གསོལ་གྱིས། གལ་ཏེ་རྒྱལ་པོ་ཆེན་པོ་དགོས་པ་ལྟ་ན་གནང་བར་མཛད་དུ་གསོལ། རྒྱལ་པོས་སྨན་པ་ལ་བཀའ་སྩལ་པ། ངའི་གཡས་པ ་ཡན་ཆད་ནོར་ཅོག་ལས་གསོལ་ཅིག། སྨན་པས་རྒྱལ་པོ་ལ་གསོལ་པ། རྒྱལ་པོ་ཆེན་པོའི་སྨན་པ་འཆལ་པ་དེའི་འོ་མའི་དཔད་གང་ལགས་པ་དེ་ནི་དུག་ཧ་ལ་ཧ་ལ་ལགས ་ན། དེའི་སློབ་པར་མ་ཆུད་ཀྱིས་རྒྱལ་པོ་ཁྱོད་ཀྱི་ཡུལ་ཁམས་ཐམས་ཅད་དུ་ཁ་བཏགས་ལ། སྔོན་གྱི་སྨན་པ་དེའི་འོ་མའི་དཔྱོད་གང་ཡིན་པ་དེ་ནི་དུག་ཧ་ལ་ཧ་ལ་ཡིན་གྱིས། ་སུ་སྨད་དུ་འོ་མ་འཐུང་བ་འདེའི་མགོ་བོ་བཅད་དོ་ཞེས་བཀའ་བཏགས་པར་གསོལ།། དེ་ལྟར་མ་གྱིས་ན་སེམས་ཅན་རྣམས་དུས་མ་ཡིན་པའི་འཆི་བས་འཆི་བར་འགྱུར་རོ།། ་བདག་ནི་འཆི་བས་འགྱུར་བར་འཚལ་ཏེ། ལྷ་བདག་ནི་གསོལ་བ་དེ་འཚལ་ལེགས་སོ།། དེ་ནས་རྒྱལ་པོས་སྨན་པ་ལ་བཀའ་སྩལ་པ་དེ་ལྟར་གསོལ་བ་ཆུ་བ་ཞིག་གསོལ་ཏེ། ་བཀའ་བཏགས་པ་བཞིན་དུ་ཐམས་ཅད་ལུགས་སུ་ཆུད་པར་གྱུར་ཏོ།། དེ་ནས་སྨན་པ་དེས་རྒྱལ་པོ་དེ་ལ་ཡང་འདི་སྐད་ཅེས་གསོལ་ཏོ།། ད་དུང་ཡང་ལན་གཉིས་ལན་གསུཾ ་གྱི་བར་དུ་དེ་བཞིན་དུ་བཀའ་གདགས་པར་གསོལ་ཞེས་བྱས་ནས། སྨན་པ་དེས་རོ་དངར་བ་དང་སྐུར་བ་དང་། ལན་ཚྭའི་རོ་དང་ཚ་དང་། སྨན་ས་ཁ་བ་རྣམས་ཀྱིས་མི་རྣམས ་ཀྱི་ནད་སོས་པར་བྱས་སོ།། དེ་ནས་རེ་ཤིག་ན་རྒྱལ་པོ་དོ་ནད་ཀྱིས་ཐེགས་ནས་སྨན་པ་དེ་བཀུག་ཏེ་བསྒོ་བ། ད་ནི་ཤི་ལ་ཐུག་གིས་རྒྱལ་པོའི་རྐྱེན་དང་འཚམས་པའི་གསོལ ་བ་ཅི་དང་ཅི་འདོད་པ་ཁྱོད་ལ་སྤྲིན་ནོ་ཞེས་བྱས་སོ།། དེ་ནས་སྨན་པ་དེས་རྒྱལ་པོ་དེས་ལ་གསོལ་པ་རྒྱལ་པོ་ཆེན་པོ་བདག་ནི་བརྫུན་དུ་སླས་ལགས་སོ།། འོ་མ་ནི་བདུད་རྩི ་ལགས་ཏེ། ཁྱོད་ཀྱི་ཞལ་ཟས་འོ་མ་དང་སྦྱར་ཏེ་གསོལ་འཚལ་ལོ།། དེ་ནས་རྒྱལ་པོ་དེས་སྨན་པ་དེ་ལ་བཀའ་སྩལ་པ། ཅི་ཁྱེད་མཁྲིས་པས་མོས་པར་བྱེད་དམ། འོན་ཏེ ་ང་བསླུས་པར་བྱེད་དམ་ཅི་ན། སྔ་མ་ནི་འོ་མོ་དུག་ཡིན་ཞེས་ཟེར་ལ། ད་ནི་འོ་མ་སྨན་གྱི་མཆོག་ཡིན་ཞེས་ཟེར། ཀྱེ་མ་སྨད་པ་སྔ་མ་བསྐང་བས་ཕུང་ངོ་།། དེས་ཀྱང་འོ་མའི ་དཔྱད་བསྔགས་པ་ལ་ན། དེ་སྨན་པ་ཆེན་པོ་ཡིན་གྱིས། སྨན་རན་པ་མ་ཡིན་ནོ།། ཁྱེད་ཀྱིས་འོ་མའི་དཔྱད་པ་ནི་ཁྱོད་བདག་བསྐྲད་པའི་རྒྱུ་ཡིན། ་ནོ།། ཞེས་བྱས་སོ་སྨན་པས་གསོལ་པ། རྒྱལ་པོ་ཆེན་པོ་དེ་ལྟར་གཞན་དུ་མི་དགོངས་པར་གསོལ། དཔེར་ན་ཤིང་ངམ་རྩིག་པ་ལ་སྲིན་བུ་རྐོས་ཏེ། ཡི་གེའི་འབྲ་འདྲ་བར ་གྱུར་པ་མཐོང་ཡང་མཁས་པ་རྣམས་ཀྱིས་སྲིན་བུས་ཡི་གེ་ཤེས་སོ་བརྗོད་པར་མི་བགྱིད་ཡི་གེ་སྦར་བ་ལྟ་བུར་གྱུར་ཀྱང་ཡ་མཚན་དུ་བཟུང་བར་མི་བགྱིད་པ་དེ་བཞིན། ཁྱོད ་ཀྱི་སྨན་པ་སྔ་མའི་དཔྱད་ཀྱི་ལས་ཀྱང་སྲིན་བུས་རྐོས་པའི་ཡི་གེ་བཞིན་དུ་ལྟ་བར་བགྱི་ཏེ་དེ་ནི་འོ་མོ་སོ་སོའི་བྱེ་བྲག་ཀྱང་མ་འཚལ་ལགས་སོ།། རྒྱལ་པོས་སྨྲས་པ། ཀ་ཡེ ་སྨན་པ་དེས་འོ་མ་སོ་སོའི་བྱེ་བྲག་ཇི་ལྟར་མི་ཤེས། སྨན་པས་གསོལ་པ། རྒྱལ་པོ་ཆེན་པོ་འོ་མ་ནི་བདུད་རྩི་ཡང་ལགས། དུག་ཀྱང་ལགས་ཏེ། གང་བདུད་རྩི་ཞེས་བགྱི ་བ་འདི་ནི། བ་གང་བུའི་ཧ་ཅང་སྟོབས་དང་ལྡན་པ་མ་ལྗགས་པ་དང་། ཆང་གི་སྙིགས་མ་འཐུང་བ་དང་། ནགས་ཁུང་དང་། གནོད་དང་། ཆུ་འདམ་རྫབ་ཅན་ན་མི་གནས ་པ་དང་བ་ལང་རྫིས་ནུས་བཞིབས་པ་དང་། རྩ་བརྔས་པ་མ་གཟན་པ་དང་། རང་གི་ཁྱ་ནི་འདག་པ་དང་། མ་ཧེའི་ཁྱུ་དང་ལྷན་ཅིག་མ་འགྲོགས་པ་དང་། དེ་ལ་སོགས་པའི། ་ཡོན་ཏན་རྣམས་ལྡན་ལ། དེའི་འོ་མ་ལྷག་མ་གཟར་མ་བཅད་པར་རན་ཙམ་དུ་བཞོས་པའི་འོ་མ་དེ་ནི་ནད་ཅོག་ཞི་བར་བགྱིད་པ་ལགས་སོ།། དེ་ནས་རྒྱལ་པོ་ངོ་མཚར་དུ་གྱུར་ནས ་སྨན་པ་དེ་ལ་བཀའ་སྩལ་པ།། མཁན་པོ་ནི་ངས་ཁྱོད་ཀྱི་འོ་མའི་དཔྱད་པ་བཟང་པོ་ཡང་ཤེས་སོ།། ངན་པ་ཡང་ཤེས་སོ།། དེ་ནས་རྒྱལ་པོས་བརྟགས་ཏེ། འོ་མ་འཐུངས ་ཤིག་ཅེས་བསྒོ་བ་དང་། འབངས་ཐམས་ཅད་ཀྱིས་རྒྱལ་པོའི་ཕྱིར་ཡང་འོ་མ་འཐུངས་ཤིག་ཅེས་བསྒོ་བ་ཐོས་ནས། སེམས་འཁྲུགས་ཏེ། ཅི་རྒྱལ་པོ་གདོན་གྱིས་ཐེབ ་སམ་འོན་ཏེ་བདག་ཅག་ལ་འཐོ་ཙམ་མམ་ཞེས་ཟེར་ཞེས་དེ་ལྟར་གྲོང་ཁྱེར་གྱི་མི་དང་། འབངས་ཐམས་ཅད་རྒྱལ་པོའི་དྲང་དུ་ལྷགས་ཏེ། རྒྱལ་པོས་དེ་དག་མཐོང་ནས ་སྨྲས་པ། སྨན་པ་ན་རེ་འོ་མ་འདི་འདྲའོ་ཞེས་ཟེར་ན། ཁྱེད་གཤེར་ཅི་ཡོད་ཅེས་བྱས་སོ།། དེ་ནས་རྒྱལ་པོ་དང་གྲོང་ཁྱེར་གྱི་མི་དང་། འབངས་ཐམས་ཅད་མགུ་བར ་གྱུར་ནས། སྨན་པ་ལ་མཚུངས་པའི་བསྙེན་བཀུར་བྱས་ནས། འོ་མའི་དཔྱད་ལ་ཡང་བསྟན་པར་བྱེད་པ་དེ་བཞིན་དུ་དགེ་སློང་དག་དེ་བཞིན་གཤེགས་པ་དགྲ་བཅོམ་པ ་ཡང་དག་པར་རྫོགས་པའི་སངས་རྒྱས་རེག་པ་དང་ཞབས་སུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐེས་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྔ ་དང་མི་རྣམས་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྨན་པ་བཟང་པོ་དང་འདྲ་བར་འཇིག་རྟེན་དུ་བྱུང་ནས། མུ་སྟེགས་པ་སྨན་པ་ངན་པ་དང་བ་ཐམས་ཅད་ཀྱི་ཐད ་དུ་གཤེགས་ཏེ། ཐམས་ཅད་ངེས་པར་བརྡུལ་ཞིང་ངེས་པར་ཤིག་ནས་རྒྱལ་དུ་མ་མགུ་བར་མཛད་དོ། མུ་སྟེགས་པ་རྣམས་ཚར་བཅད་པའི་ཕྱིར་བདག་མེད་དོ།། སེམས ་ཅན་མེད་དོ་སྲོག་མེད་དོ།། གསོ་བ་མེད་དོ།། གང་ཟག་མེད་དོ་ཞེས་གསུངས་སོ།། མུ་སྟེགས་པ་རྣམས་བདག་བསྟན་པ་ནི་སྲིན་བུས ་བརྐོས་པའི་ཡི་གེ་དང་འདྲ་སྟེ། དེའི་ཕྱིར་ངས་སེམས་ཅན་ཐམས་ཅད་ལ་བདག་མེད་དོ་ཞེས་བསྟན་པ་སྟོན་པར་མཛད་དོ།། བདག་མེད་པར་ནི་སངས་རྒྱས་ཀྱི་ཚིག་ཡིན ་ནོ་ཞེས་ཆོས་ཀྱི་བཀའ་མ་གཏོགས་པར་མཛད་ནས་འདུལ་བར་བྱ་བ་རྣམས་ཀྱིས་དབང་དང་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དུ་མཛད། མཛད་ནས་ཆོས་ཐམས་ཅད ་བདག་མེད་པར་བསྟན་པའི་སྐབས་དེ་ཉིད་དུ་སྨན་བཟང་པོ་བཞིན་དུ་བདག་ཡོད་དོ་ཞེས་ཡང་དག་པར་སྟོན་པར་མཛད་དེ་འཇིག་རྟེན་པ་རྣམས་ཀྱི་ཐེའོ་ཙམ་དང་། ཁྲེ་རྒོད ་ཀྱི་འབྲུ་ཙམ་ཞེས་བྱ་བ་དེ་ལྟ་བུ་ནི་མ་ཡིན་ནོ།། འཇིག་རྟེན་པ་རྣམས་ཀྱི་བདག་ཏུ་ལྟ་བ་གང་ཡིན་པ་དེ་ལྟ་བུ་ན་ཡང་མ་ཡིན་ཏེ། འདིར་ནི་ཆོས་ཐམས་ཅད་བདག་མེད་པའོ། ་ཞེས་བྱའོ་ཆོས་ཐམས་ཅད་བདག་མེད་པ་ཡང་མ་ཡིན་ཏེ། བདག་ནི་དེ་ཁོ་ན་ཉིད་དོ།། བདག་ནི་རྟག་པ་ཉིད་དོ།། བདག་ནི་ཡོན་ཏན་ཉིད་དོ།། བདག་ནི་ཐེར་ཟུག་པ ་ཉིད་དོ།། བདག་ནི་ཞི་བ་ཉིད་དོ་ཞེས་སྨན་བཟང་པོའི་འོ་མ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་ཁོ་ན་དང་ལྡན་པ་སྟོན་པར་མཛད་དེ། དེ་སྒོམ་པ་ལ་འཁོར་བཞི་རྣམས་ཀྱིས ་བརྩོན་པར་གྱིས་ཤིག། དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར་ཐེ་ཚོམ་དང་སོམ་ཉིད་ཅི་དང་ཅི་ཡོད་པ་དེ་དག་ཁྱེད་ཀྱིས་ང་ལ་ཞུས་ཤིག་དང་། ་ངས་ལེགས་པར་གསུངས་པས་ཁྱེད་རངས་པར་བྱའོ།། ང་ནི་སྒོས་པ་ཐམས་ཅད་ལས་གྲོལ་བ་དང་རང་བཞིན་གྱིས་སྟོན་པ་ཆེན་པོ་ཡིན་ཏེ་དགེ་སློང་དག་ཁྱེད་དེ་བཞིན་གཤེགས། ་བས་བདག་ཅག་ལ་རང་བཞིན་གྱིས་སྟོང་པ་ཆེན་པོ་མ་བསྟན་ཏོ་ཞེས་དེ་སྐད་མ་ཟེར་ཅིག་དགེ་སློང་དག་གཞན་ཡང་ཚུལ་ཁྲིམས་ཀྱི་རྟོགས་པར་ཐེ་ཚོམ་དང་སོམ་ཉི་ཅི་དང ་ཡོད་པ་དེ་དག་ཁྱོད་ཀྱི་ང་ལ་ཞུས་ཤིག། དེ་ནས་དགེ་སློང་དེ་དག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ལ་ཞུ་བ་ནི་བདག་གི་ཡུལ་མ་ལགས་ཏེ། བདག་ཅག་གིས་རྔོམ་ཐོག་གོ། སངས་རྒྱས་བཅོམ་ལྡན་འདས་ཀྱང་བསམ་གྱིས་མི་ཁྱབ། ཏིང ་འཛིན་ཡང་བསམ་གྱི་མི་ཁྱག་ཁྱོད་ཀྱི་གདམས་ངག་ཀྱང་བསམས་ཀྱི་མི་ཁྱབ་པས་ན། བདག་ཅག་གིས་ཞུ་བའི་རྔོ་མི་ཐོགས་ལགས་སོ།། བཅོམ་ལྡན་འདས་དཔེར ་གསོལ་ན་མི་ལ་ལ་རྒས་ཤིང་འགོག་ལ་གདུགས་པ་ལོ་བརྒྱ་ཉི་ཤུ་རྩ་དྲག་ལོན་པ། ནད་ཀྱི་ཐེབས་པ་མལ་ཁྲི་ལ་མཆིས་པའི་ནད་ཞིག་མཆིས་ལ། མི་ལ་ལ་ཞིག་གིས་སུག་པཱ ་གཏེར་གཏམས་ཏེ། ཀྱེ་ཁྱོད་ཀྱིས་གཏེར་འདི་ལོངས་ལ་གང་གི་ཚེ་བདག་ལོ་བཅུ་འམ་ལོ་ཉི་ཤུ་ནས་བྱས་ཏེ་ཕྱིར་འོངས་དམ། དེའི་ཚེ་བདག་ཉིད་ལ་ཕྱིར་བྱིན་ཅིག་ཅེས ་མ་དཔ་ས་གད་པ་ས་ལ། སེལ་ལ་ན་པ་དེ་ཡང་དུམ་པཆིས་བཞེག། ན་པ་ཡིནས་རིང་བམ་འགས་པར་མིནན་ཐོ་ག་། ་ལྟར་ནོར་གྱི་ཕུང་པོ་ཆེན་པོ་དང་བྲལ་བར་གྱུར་ཀྱང་། སུ་ལ་ཡང་ཇི་སྐད་བགྱིར་ཡང་མ་མཆིས་པ་དེ་བཞིན་དུ་བཅོམ་ལྡན་འདས་ཚུལ ་ཁྲིམས་ཀྱི་གཞི་མ་གཏོགས་པར་བདག་ཅག་གིས་ཞུས་པ་དེ་ཡང་ཉན་ཐོས་ལ་ཡུན་རིང་དུ་གནས་པར་མི་འགྱུར་ལ། བདག་ཅག་ལ་ཡང་ཇི་སྐད་དུ་ཞུ་བའི་ཆ་མ ་བགྱིས་ལགས་སོ།། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། དགེ་སློང་རྣམས་ཀྱིས་ཞུས་པ་ནི་སེམས་ཅན་ཐམས་ཅད་ལ་ཕན་པར་གྱུར་ཏེ། དེའི་ཞུ་བའི ་སྐབས་ཕྱེ་བ་ཡིན་ནོ།། དེ་ནས་དགེ་སློང་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དཔེར་གསོལ་ན། མི་ལ་ལ་ལོ་ཉི་ཤུ་རྩ་དྲུག་ལོན་ཏེ། ཕྱག ་ཅིང་འཁོར་ཕུན་སུམ་ཚོགས་པ་ལ་མི་ལག་ལ་ཞིག་དེའི་སུག་པར་གཏེར་བཏེགས་ཏེ་དེ་འདི་སྐད་དུ་སྐྱེས་བདག་ནི་དོན་གཉེར་དུ་འཁོར་བ་ཡིན། བདག་ཕྱིར་འོད་ཏིང ་མི་ཁྱོད་ཀྱི་བཏེགས་འདི་བདག་ལ་ཕྱིར་བྱིན་ཅིག་ཅེས་བགྱིས་ནས། མི་དེས་གཏེར་དེ་ལེགས་པར་སྤངས་ཤིང་། ལེགས་པར་བསྲུངས་ཏེ། དེ་ལྟར་མ་མཆིས་ནས ་སླར་སྩལ་པ་དེ་བཞིན་དུ་བཅོམ་ལྡན་འདས་དམ་པའི་ཆོས་ཀྱི་དབྱིབས་ལེགས་པར་གསུངས་པ་དགེ་སློང་དགའོ་ལ་སོགས་པ་ཉན་ཐོས་ཐམས་ཅད་ལ་ནི་ཡུན་རིང་དུ་གནས ་པར་མི་འགྱུར་ལགས། དེ་ཅིའི་སླད་དུ་ཞེ་ན། འོད་སྲུངས་ཆེན་པོ་ལ་སོགས་པ་ཉན་ཐོས་ཐམས་ཅད་ནི་མི་རྟག་པའི་སླད་དུའོ།། བྱང་ཆུབ་སེམས་དཔས་ཞུས་པའི་དབྱིགས ་བྱང་ཆུབ་སེམས་དཔའ་རྣམས་ལ་གཏད་ན་ནི། ལོ་འབུམ་ཕྲག་མང་པོར་གནས་པར་འགྱུར་ལ། འཕེལ་བར་ཡང་འགྱུར་ཞིང་། བྱང་ཆུབ་སེམས་དཔའ་ཐམས་ཅད ་ལ་ཡང་སྨན་པར་འགྱུར་ལགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་ནི་དེ་བཞིན་གཤེགས་པ་ལ་ཞུ་བའི་རྔོ་ཐོགས་ལ་བདག་ཅག་སྦྲང་བུ་དང ་འདྲ་བས་ནི། དེ་བཞིན་གཤེགས་པ་ལ་ཞུ་བའི་རྔོ་མི་ཐོགས་ལགས་སོ་ཞེས་གསོལ་ནས་ཅང་མི་ཟེར་བར་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། དགེ་སློང་དག་ལེགས་སོ་ལེགས་སོ་དགེ་སློང་དག་ཁྱེད་ཟག་པ་མེད་པས་ནི་དེ་སྐད་ཅེས་བྱས་པ་ཡིན་ནོ།། དགྲ་བཅོམ་པས་ནི་དེ ་ཝཱར་བྱ་བ་ཡིན་ཏེ། ལེགས་སོ་དགེ་སློང་དག་ངས་ཀྱང་ཁྱེད་ཀྱིས་བསས་པའི་དོན་དེ་སྔ་ནས་བསམས་སོ།། དའི་ཐེག་པ་ཆེན་པོ་ནི་བང་ཆུབ་སེམས་དཔའི་ལག ་ཏུ་གཏད་ན་རྒྱུ་གཉིས་ཀྱིས་ཡུན་རིང་དུ་གནས་པར་འགྱུར་རོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་བཀའ་བསྩལ་པ། རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་ཚེ་རིང་པོ་དག་གཞི་གསུམ་མ་གཏོགས་པ་དང་། ཚུལ་ཁྲིམས་ཀྱི་གཞི་མ་གཏོགས་པར་ཁྱོད་ཀྱི་ཡིད་གཉིས་དང་། སོམ་ཉིད་དང་ཐེ་ཙོམ་པ་ལ་ཅི་ཡོད་པ ་ཞུས་ཤིག་ཅེས་ལན་གསུམ་དུ་བཀའ་བཀའ་བསྐུལ་པ། དེ་ནས་འཁོར་དེ་ཉིད་ཀྱི་ནང་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྡོང་བུའི་གྲོང་དུ་སྐྱེས་པ་བྲམ་ཟེའི ་རིགས་ཆེ་ཞིང་མཐོ་བའི་བུ་འོད་སྲུངས་ཆེན་པོ་དང་རུས་པ་ཅིག་པ་ལ་ནུས་ཅིག་པ་ཞེས་བྱ་བ་དེ་བཞིན་གཤེགས་པའི་མཐུས་བསྟན་ལས། ་ལངས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱག་འཚལ་ཏེ། ལན་འབུམ་བསྐོར་བ་བྱས་ཏེ་ལྷའི་མཆོད་པའི་ལས་བྱས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། ་པུས་མོ་གཡས་པའི་ལྷ་ང་སར་བཙུགས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་ཞུས་ནས་ཞུ་བ་ལུང་བསྟན་པའི་སླད་དུ་བཅོམ་ལྡན་འདས ་ཀྱིས་བདག་ལ་སྐབས་ཕྱེ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་བདག་ཕྱོགས་འགའ་ཞིག་ཞུའོ།། བཙོ ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ་འོད་སྲངས་ཆེན་པོ་དང་རུས་གཅིག་པ་ཁྱོད་ཅི་དང ་ཅི་འདོད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཞུས་ཅིག་དང་། ངས་ཞུས་པ་དེ་དང་དེ་ལུང་བསྟན་པས་ཁྱོད་ཀྱི་སེམས་རངས ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་མཐུ་དང་སེམས་ཅན་ཐམས་ཅད་ཀྱི་དགེ་བའི་རྩ་བའི་མཐུས་བདག་གིས་ཞུ་བར་ནི་འཚལ་ན། བདག་ནི ་སྦྲང་བུ་དང་འདྲ་ལ་དེ་བཞིན་གཤེགས་པ་པ་ནི་ཙན་དན་ལྟ་བུའི་འཁོར་ཆེན་པོ་དང་ལྡན་པ་ལགས།། སེང་གེའི་བུའི་འཁོར་ཆེན་པོ་དང་ལྡན་པ་ལགས། བཻ་ཌཱུརརྱ་དང་རྡོ་རྗེ་ཆེན་པོ ་ལྟར་མི་ཕྱེད་པའི་སྐུ་མངའ་བ་ལགས་མི་ཕྱེད་པའི་འཁོར་དང་ལྡན་པ་ལགས་ཡེ་ཤེས་རྒྱ་མཚོ་དང་ལྡན་པའི་འཁོར་ཆེན་པོ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཁ ་ཅིག་ཡོན་ཏན་དཔག་ཏུ་མ་མཆིས་པ། དག་ཀྱང་མཆིས་ཏེ། དེ་ལྟར་དཔག་ཏུ་མ་མཆིས་པའི་འཁོར་མངའ་བའི་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པའི་མཐུས་བདག་གི་ཞུ་བའི ་རྡོ་ཐོག་པར་གྱུར་ན། འདིར་བགྱི་བ་མང་དུ་མཆིས་ཏེ་དེ་བཞིན་གཤེགས་པའི་མཐུས་བདག་སྦྲང་བུ་དང་འདྲ་བས་ཞུ་བར་འཚལ་ལོ་ཞེས་བྱས་ནས་ཚིགས་སུ་བཅད་དེ་གསོལ་པ། ཐུབ་པ ་ཅིས་ནི་ཚེ་རིང་འགྱུར།། རྡོ་རྗེ་ལྟ་བུར་ཅིས་འགྱུར་ལགས།། གང་གིས་མི་ཤེས་ཐོབ་པར་འགྱུར།། ཅིས་ན་ལུང་བསྟན་སྟོབས་ཆེན་འགྱུར།། ཇི་ལྟར་གྱིས་ན་མདོ་སྡེ་འདིའི།། པ ་རོལ་ཕྱིན་པར་འགྱུར་བ་ལགས།། ཇི་ལྟར་སྲོག་ཆགས་རྣམས་ཀྱི་སེམས།། སྣ་ཚོགས་རྟོགས་ན་རྟེན་པར་འགྱུར།། ཐུབ་པ་ཆེན་པོ་ཇི་ལྟར་ན།། རྒྱ་ཆེན་ཐོབ་ནས་སྐབས་སུ་འགྱུར།། ་ཇི་ལྟར་དགྲ་ནི་བཅོམ་པ་ལགས།། དགྲ་བཅོམ་དང་ནི་མཚུངས་པར་འགྱུར།། བཅོམ་ལྡན་ཇི་ལྟར་བགེགས་བགྱིད་པའི།། བདུད་ནི་ཁོང་དུ་ཆུད་པར་འགྱུར།། བདུད་ཀྱི་ཚིག ་ཀྱང་འཚལ་བ་ལ།། རྫོགས་པའི་སངས་རྒྱས་གསུང་ཡང་འཚལ།། འདྲེན་པ་ཇི་ལྟར་དགའ་བཞིན་དུ།། འཕགས་པའི་ལམ་རྣམས་སྟོན་པར་འགྱུར།། དགེ་དང་ཡང ་དག་ལྡན་འགྱུར་ནས།། ཕྱིན་ཅི་མ་ལོག་སྟོན་པར་འགྱུར།། ཐུབ་པ་ཆེན་པོ་ཇི་ལྟར་ན།། ལེགས་བྱེད་འགྱུར་བ་བསྟན་དུ་གསོལ།། ཐུབ་པ་བྱང་ཆུབ་སེམ ་རྣམས་ཀྱི།། ཇི་ལྟར་རྟག་དགའ་ཁམས་མཐོང་འགྱུར།། ཐུབ་པ་ཇི་ལྟར་ཡི་གེའི།། ཕྱེ་ནི་རྫོགས་པར་འགྱུར་བ་ལགས།། ཇི་ལྟར་གཞན་ཡང་ཟབ་མོའི།། སྤྱོད་པོ་དག་པ་དང ་ལྡན་འགྱུར།། ཇི་ལྟར་ཕུར་བུ་པ་ཝ་སངས།། ཉི་མ་དག་ཏུ་སྐྱེ་བར་འགྱུར།། ཐུབ་པ་བྱང་ཆུབ་སེམས་དཔའ་རྣམས།། ཇི་ལྟར་སེམས་ནི་མ་སྐྱེས་པརོ།། འདིར་ནི ་འཇིག་པ་མེད་པར་འགྱུར།། ཇི་ལྟར་ཀ་ཡི་འབྲས་བུ་འདྲ།། ཇི་ལྟར་ཚོད་དུས་སྐྱེས་པ་ནོ།། གོས་པ་མ་མཆིས་བགྱིད་པ་དང་།། ཉེས་པའི་དབྱིངས་སུ་པད་མ་ལྟར།། ་ཉེས་པ་དག་གིས་མ་གོས་ལགས།། ཇི་ལྟར་བྱང་ཆུབ་སེམས་དཔའ་རྣམས།། ཡུལ་ཁམས་སྨན་པ་ཆེན་པོར་འགྱུར།། ཆུ་འགྲམ་ཀུན་ཏུ་མཉན་པར་འགྱུར།། དེང་འདིར ་བདག་ལ་ལུང་བསྟན་གསོལ།། ཇི་ལྟར་སྦྲུལ་རྣམས་ལྤགས་པ་རྙེད།། འདོར་བ་བཞིན་དུ་འགྱུར་བ་ལགས། རིན་ཆེན་མང་པོའི་འབྱུང་གནས་དང་།། འབྲུ་དང་ཤིང་འདྲ་ཇི ་ལྟར་ལགས།། བསྟན་པ་དེ་དག་ཉན་ཐོས་དང་། རང་སངས་རྒྱས་ཀྱི་བྱང་ཆུབ་ཀྱི།། སྐུ་གདུང་ཇི་ལྟར་སྟོན་པར་གྱི།། མཐའ་ཡས་སྒོ་ཡང་ཇི་ལྟར་སྟོན།། རྒྱལ་སྲས ་བརྟུལ་ཤུགས་བསྟན་པོ་རྣམས།། ཇི་ལྟར་མི་ཕྱེད་འཁོར་དང་ལྡན།། དེ་དག་འཇིག་རྟེན་མུས་ལོང་གི། མིག་དང་འདྲ་བ་ཇི་ལྟར་འགྱུར།། ཐུབ་པ་ཆེན་པོ་ཇི་ལྟར་ན།། ་མགོན་མེད་ཇི་ལྟར་སྟོན་པར་འགྱུར།། ཇི་ལྟར་ཟླ་བ་ཚེས་འདྲ་བར།། འཇིག་རྟེན་རྣམས་ལ་ཆོས་ཀྱང་སྟོན།། ཇི་ལྟར་བུར་ནི་གཞན་གསང་དུ།། ཡོངསུ་མྱ་ངན་འདའ་བ་སྟོན།། ། ་ཇི་ལྟ་ལྷ་དང་བདུད་འདྲ་བར།། བསྟན་པོར་འགྱུར་ཞིང་དཔའ་བར་འགྱུར།། ཇི་ལྟར་ཆོས་ཀྱི་སྒོ་རྟོགས་ནས།། ཆོས་ཉིད་དང་ནི་འཚལ་བར་འགྱུར།། ཇི་ལྟར་བྱང་ཆུབ་སེམས ་དཔའ་རྣམས།། ནད་མེད་པར་ཡང་འགྱུར་བ་ལགས།། སེམས་ཅན་ཀུན་ལ་སྨན་པའི་ཕྱིར།། དེ་དག་ཇི་ལྟར་གོངས་པར་འཆད།། ཇི་ལྟར་དགེ་བ་ལྷག་མར་བཅས།། ཇི་ལྟར ་ཐེ་ཙོམ་སྤོངས་པར་འགྱུར།། བློ་གྲོས་ཆེན་པོ་ཇི་ལྟར་ན།། བྱང་ཆུབ་མཆོག་ཏུ་ཉེ་བར་འགྱུར།། ཆ་ཞགས་པའི་ཡུལ་མ་མཆིས།། བྱང་ཆུབ་སེམས་དཔའ་བརྟན་རྣམས ་ཀྱི།། ཡུལ་ནི་ཐམས་ཅད་མཁྱེན་པ་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྲམ་ཟེའི་རིགས་ཆེ་ཞིང་མཐོ་བའི་བུ་འོད་སྲུངས ་ཆེན་པོ་དང་རུས་ཅིག་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་ཇི་ལྟར་དེ་བཞིན་གཤེགས་པའི་གསང་བའི་དོན ་ཆེན་པོ་ལས།། ཐམས་ཅད་མཁྱེན་པ་དང་། ཐམས་ཅད་མཁྱེན་པ་ནང་འདྲ་བར་མཛད་པ་བཞིན་པ་འདྲེ་བ་ནི་ལེགས་ཏེ། འཇིག་རྟེན་གྱི་ཁམས་གང་གའི་ཀླུང་མང་པོ་གྲན ་མེད་པའི་བྱེ་མ་སྙེད་ཀྱི་ཕ་རོལ་ན། ཐམས་ཅད་མཁྱེན་པ་རང་གི་འཇིག་རྟེན་ཁམས་ན་བཞུགས་པ་ང་དང་ཐབས་ཅིག་ཏུ་བྱང་ཆུབ་ཀྱི་ཕྱིར་རོལ་ཏེ། བྱང་ཆུབ་འཚལ་བས་དེ ་བཞིན་གཤེགས་པའི་གསང་བ་བསྟན་པའི་དོན་དུ་བྱང་ཆུབ་ཀྱི་ཕྱི་རོལ་པ་དེ་བཞིན་དུ་ཁྱོད་ཀྱང་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར།། ཡོན་ཏན་མིང ་གཅིག་པའི་ཚུལ་ཐམས་ཅད་མཁྱེན་པའི་ཡུལ་དྲི་ཞིང་འདུག་གོ།། དེ་ནས་བཅོམ་ལྡན་འདས་ལ་འོད་སྲུངས་ཆེན་པོ་དང་རུས་ཅིག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་བདག་གིས་ནི་ཐམས་ཅད་མཁྱེན་པའི་ཡུལ་ཞུ་བའི་རྗེ་ཐོག་མོད་ཀྱི། ཅུང་ཟད་ཅིག་ཞུ་བར་འཚལ་ལོ།། བཅོམ་ལྡན་འདས་དཔེར་གསོལ་ན། སྦྲང་བུས་གནམ་དང ་རྒྱ་མཚོའི་ཕ་རོལ་མཆིས་པ་འམ་རྒྱ་མཚོའི་འཆབ་འཚལ་བའི་རྔོ་ཐོག་པ་དེ་ནི་མི་སྲིད་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་དུ་བདག་ནི་སྦྲང་བུ་དང་འདྲ་ལ། བཅོམ་ལྡན་འདྲ ་ཀྱིས་གནམ་དང་རྒྱ་མཚོ་དང་འདྲ་བའི་ཡེ་ཤེས་ཟབ་མོའི་ཆོས་དང་ལྡན་པ་ལགས་སོ།། བཅོམ་ལྡན་འདས་དཔེར་གསོལ་ན། རྒྱལ་པོའི་གཙུག་གི་ནོར་བུ་བསྐོར་བས་རང ་གི་སྤྱི་བོས་བླངས་པ་དེ་བཞིན་དུ་བདག་གིས་ཀྱང་ཆོས་བཀའ་སྩལ་པ། ཡང་དག་པར་བླང་འཚལ་ན། ཤེས་རབ་རྒྱ་སྐྱེད་པའི་སླད་དུ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དུ ་གསོལ།། བཅོམ་ལྡན་འདས་མཚུངས་པ་མེད་པ་ཡོངས་སུ་བཅད་དུ་གསོལ། བདག་ཞུ་བ་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ ་ཉོན་མོ་ཅིག་ལས་གང་གིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚེ་རིང་བར་འགྱུར་བ་དང་ལས་གང་གིས་བྱང་ཆུབ་ཀྱི་རྒྱུར་འགྱུར་བ་དེ་བཟུང་བའི་སེམས ་ཀྱིས་ཉོན་ཅིག། ལམ་གྱི་འབྲས་བུ་དེས་ན་བྱང་ཆུབ་ས་ཀྱི་རྒྱུ་སྐྱེ་བར་འགྱུ་རོ།། ཐོས་ནས་གཞན་དག་ལ་སྟོན་ཅིག། རིགས་ཀྱི་བུ་ངས་ཀྱང་བྱས་ཤིང་གཞན་དག་ལ་ཡང་བསྟན ་པས་བླ་ན་མེད་པར་རྫོགས་པའི་བྱང་ཆུབ་ཐོབ་པར་གྱུར་ཏོ།། རིགས་ཀྱི་བུ་དཔེར་ནི་མི་ལ་ལ་ཞིག་གིས་བུ་ཅིག་པ་ཐར་བྱ་བའི་ཕྱིར། རྒྱལ་པོའི་བརྩོན་རའི་ནང་དུ་འགྲོ་བ་དེ་བཞིན་དུ ་བྱང་ཆུབ་སེམས་དཔའ་ཚེ་རིང་བར་འདོད་པས་ཀྱང་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་བསྒོམས་པར་བྱའོ།། དེ་ལྟར་བསྒོམས་ན་འཆི་བ་ཐམས་ཅད་སྤོང་བར ་འགྱུར་ལ། བྱམས་པ་ཆེན་པོ་དང་སྙིང་རྗེ་ཆེན་པོ་དང་། གཏ་སྙོམས་ཆེན་པོ་དང་ལྡན་པར་འགྱུར་ཞིང་། སྲོག་གཅོད་པ་སྤོང་བར་འགྱུར་བ་དང་། ཆོས་སྤྱོད་པར་འགྱུརརོ།། ་རིགས་ཀྱི་བུ་གཞན་ཡང་སེམས་ཅན་དཔག་ཏུ་མེད་པ་དག་བསླབ་པའི་གཞི་ལ་འགོད་པར་བྱའོ།། གལ་ཏེ་ནུས་ན་སེམས་ཅན་དམྱལ་བ་དང་། ལྷ་མ་ཡིན་དང་གོ་ཤིན་རྗེའི་འཇིག ་རྟེན་དང་། དུད་འགྲོའི་སྐྱེ་གནས་དང་། ལས་མི་ཟད་པར་བྱེད་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར་འགྲོ་བ་ཐམས་ཅད་ཀྱི་རྗེས་སུ་འཇུག་པར་བྱེད་ཅིང་བགྲོལ་ནས་གཞན ་འགྲོལ་བར་བྱའོ།། སྐོམ་ནས་དེ་ལ་འཛིན་པ་དྲན་པའི་སེམས་དང་ལྡན་པར་འགྱུར་ཏེ། ལེགས་པར་བྱས་པའི་རྣམ་པར་སྨིན་པ་དང་རྒྱུ་མཐུན་པ་དེས་ན་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་རྣམས་མཆོག་ཏུ་ཆེ་རིང་བར་འགྱུར་ལ། ཡེ་ཤེས་ཀྱི་དབང་ཕྱུག་ཏུ་འགྱུར་ཞིང་འཆི་བ་མེད་པར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུངས་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ ་སེམས་དཔའ་སེམས་དཔའ་ཆེན་པོས་ཅི་ལ་བསམ་སྟེ། སེམས་ཅན་ཐམས་ཅན་ལ་བུ་གཅིག་པའི་འདུ་ཤེས་སྒོམ་པར་བགྱི། བཀའ་སྩལ་པ་དེའི་ཇི་ལྟར་བུ་ལགས་བཅོ ་ལྡན་འདས་གལ་ཏེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་འདུ་ཤེས་སྒོམ་པར་བགྱིད་འཚལ་ན། ཚིག་དེ་ནི་མི་འདོད་པ ་བགྱིད་པ་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བསྟན་པ་འདི་ལ་སེམས་ཅན་ཁ་ཅིག་ཚུལ་ཁྲིམས་འཚལ་པ་དང་། མཚམས་མ་མཆིས་པར་བགྱིད་པ་དང་། ་དམ་པའི་ཆོས་འབྱིན་པ་དག་ཀྱང་མཆིས་ན། ཅི་ལགས་སེམས་ཅན་དེ་དག་ལ་བུ་གཅིག་པའི་འདུ་ཤེས་སྒོམ་པར་བགྱིད་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ་དེ་ལྟར་ལོས་ཀྱང་མོད་ང་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་ལྟ་བུའོ།། འོད་སྲུངས་དང་རུས་གཅིག་པ་གསོལ་པ། ་བཅོམ་ལྡན་འདས་བསྙེན་པར་རྫོགས་པའི་འཁོར་དག་པ་རྣམས་ཀྱིས་བཅོམ་ལྔའི་གསོ་སྦྱོང་ལ་བབ་པའི་ཚེ། གཞོན་ནུ་མ་གྲངས་པ་ལུས་མེ་སྤངས་པ་བསྙེན་པར་མ་རྫོགས ་པ་ཞིག་རྩིག་པའི་གྲབ་ཞིང་དུ་ཡིབ་ཏེ་ཉན་པ་ན། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་གནང་ནས། གནོད་སྦྱིན་གྱི་རྒྱལ་པོ་ལག་ན་རྡོ་རྗེ་རྡུལ་ཕྲ་མོ་བཞིན་དུ་ཕྱེ་མར ་གྲག་ལ། ཀྱེ་མ་དེས་དེ་ཀུམ་པ་ནི་ལག་ན་རྡོ་རྗེ་ཧ་ཅང་ཡང་གྲགས་ལགས་དེ་ལྟར་ན་ཇི་ལྟར་ན་ཇི་ལྟར་བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་དང ་འདྲ་བར་གཟིགས་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག་གཞོན་ནུ་དེ་ནི་སྤྲུལ་པ་ཡིན་ཏེ། དམ་པའི་ཆོས་འབྱིན་པ་རྣམ ་ཆར་བཅད་པ་དང་། བསྐྲག་པར་བྱའི་ཕྱིར་གནོད་སྤྲིན་གྱི་རྒྱལ་པོ་ལག་ན་རྡོ་རྗེ་དེ་ལྟར་བསྟན་པར་ཟད་ཀྱི་དམ་པའི་ཆོས་སུན་ཕྱེང་ཡང་རུང་ཚར་བཅད་པར་རུང་སྟེ། གསད ་དུ་མི་རུང་ངོ་།། རྒྱུ་ཚོགས་པའི་སྲོག་གཅོད་པ་ནི་བྱེད་མི་ཕོད་དོ།། རིགས་ཀྱི་བུ་གཞན་ཡང་ཇི་ལྟར་རྒྱལ་པོའམ། བློན་པོ་ཆེན་པོ་དག་དམ་པའི་ཆོས་སུན་འབྱིན་པ་དེ་བཞིན ་དུང་ཉིད་བརླག་པར་བྱ་ཞེས་མི་ཟེར་མོད་ཀྱི་དེ་དག་ཉིད་ཀྱི་ཆོས་མ་ཡིན་པའི་འབྲས་བུ་མངོན་སུམ་སྨིན་པར་ཟད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ནི་དེ་རྣམས ་ཀྱི་དོན་དུ་མི་འཇིག་པ་སྦྱིན་ཞིང་། འོད་ཟེར་གཅིག་གམ་གཉིས་གཏོང་བར་མཛད་དེ། གལ་ཏེ་འོད་དེས་དེ་དག་ལ་མ་ཕོག་ན་ནི་འཆི་བར་འགྱུར་ཏེ། དེར་དེ་བཞིན ་གཤེགས་པས་ཅི་བྱར་ཡང་མེད་དོ།། རིགས་ཀྱི་བུ་གཞན་ཡང་གལ་ཏེ་ཁྱོད་ཀྱི་དཀའ་བ་ལྟ་བུ་ནས་པ་ལྟ་ན། ངས་ཁྱོད་ལ་རྒྱུད་གཞན་ཡང་བསྟན་པར་བྱ་སྟེ། ཡུལ་སོ ་སོ་ན་ཚུལ་ཁྲིམས་དང་ཆོ་ག་དང་ཡོན་ཏན་རྣམས་མཐའ་དད་པ་ཡོད་ལ། དེ་བཞིན་གཤེགས་པ་མྱ་ངན་འདའ་བའི་འོག་ཏུ། དགེ་སློང་དག་དམ་པའི་ཆོས་ཁོལ་དུ་འབྱིན ་པ་ལ། རྒྱལ་པོས་སྟོན་པ་མེད་པའི་ཕྱི་གནོད་པ་བྱེད་པ་དེ་ལས་རྒྱལ་པོ་དེ་གཞན་གྱི་ཟློག་ཏེ། དེས་ཐུ་ཆུང་བར་བྱས་ནས་རྒྱལ་པོ་དེ་ཆོས ་ལ་གནས་པར་གྱུར་ན། འདུ་ཤེས་ཀྱི་ཕུང་པོ་གཉིས་སུ་མེད་ན། སེམས་ཅན་དེ་དག་ཇི་ལྟར་གནས་ཇི་ལྟར་དགའ། ཇི་ལྟར་གནང་། དེ་དག་གི་འདུ་ཤེས་ཇི་ལྟར་འཇུག་ཅེས ་འདྲི་བ་འདི་ནི་སངས་རྒྱས་ཀྱི་ཡུལ་ཡིན་ནོ།། རིགས་ཀྱི་བུ་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་གཟུགས་དང་། གནས་དང་། སྤོད་ལམ་དང་། བདེ་བ་རྣམས་ཇི་ལྟར་བསྟན་པ་བྱ ་ཞེས་ཕྱིན་ཆད་དེ་སྐད་མ་འདྲི་ཤིག། འདི་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། འདི་ནི་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་དེ་བཞིན་གཤེགས ་པའི་སྐུ་ནི་སངས་རྒྱས་འབའ་ཞིག་གི་ཡུལ་ཡིན་གྱིས། ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ་དེ་བཞིན་གཤེགས་པ་གང་ལ་གནས་པ་དང་། གང་ན་སྡང་བ་ནི། ་ཁྱོད་ཀྱི་ཡུལ་ཡང་མ་ཡིན་གྱིས།། སངས་རྒྱས་བཅོམ་ལྡན་འདས་ནི་ཐབས་བསམ་གྱིས་མི་ཁྱབ་པའི་སྐུ་ཡིན་ནོ།། སྙམ་དུ་ཁྱོད་ཀྱི་གནས་པར་གྱིས་ཤིག་རིགས་ཀྱི་བུ ་ཆོས་དང་དགེ་འདུན་ལ་ཡང་རྟག་པའི་འདུ་ཤེས་ཡང་དང་ཡང་དུ་སྒོམ་པར་གྱིས་ཤིག། གཞི་གསུམ་ལ་མཐའ་དད་པ་མ་བྱེད་ཅིག་མི་རྟག་པ་འམ། མི་རྟེན་པ་འམ། ཐེར ་ཟུག་པ་མ་ཡིན་པ་འམ། ཞི་བ་མ་ཡིན་པ་འམ། ཐར་པ་མ་ཡིན་པའི་རྣམ་པར་ཡང་མ་སྒོམ་ཞིག། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གཞི་གསུམ་གྱི་བདག་ཉིད ་ཆེན་པོ་ལ། དེ་ལྟ་མི་སྒོམ་པ་དེ་དག་གི་བསྐྱབས་སུ་འགྲོ་བ་ནི་དེ་དག་མ་ཡིན་ནོ་ཞེས་ང་ཟེར་རོ།། དེ་ལྟར་ན་རྟག་པ་སྒོམ་པ་ནི་བསམ་གྱིས་མི་ཁྱབ་སྟེ། རིགས་ཀྱི་བུ་དཔེར་ན། ཤིང ་ཡོད་ན་གྲིབ་མ་ཡོད་པ་དེ་བཞིན་དུ། དེ་བཞིན་གཤེགས་པས་རྟག་ཏུ་སྐྱབས་སུ་འགྱུར་གྱི། གལ་ཏེ་མི་རྟག་ན་ལྷ་དང་མི་རྣམས་ཀྱི་སྐྱབས་སུ་འོས་པ་མ་ཡིན་ནོ།། གསོལ ་བ་བཅོམ་ལྡན་འདས་ཅི་ལགས། མཚན་མོ་མུན་པའི་ནང་ན་ལྗོན་པའི་མ་སྣང་ཞེས་གྱི་འམ། མི་སྣང་ཞེས་གྱི་འམ། བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག ་བ་ཤིང་ལྗོན་པ་ཡོད་པའི་གྲིབ་མ་ཅིའི་ཕྱིར་མེད་ཅེས་བརྗོད་པར་བྱ། དེ་ལྟར་མོད་ཀྱི་ཤའི་མིག་གིས་མི་མཐོང་སྟེ། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་རྟག་པ་དང་། ་བརྟན་པ་དང་། ཐེར་ཟུག་པ་ཡིན་གྱིས་ཀྱང་མཚན་མོ་མུན་པའི་ནང་ན་ལྗོན་པའི་གྲིབ་མ་ཤའི་མིག་གིས་མི་མཐོང་བ་བཞིན་དུ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས ་འདའ་བར་མཛད་པས། རྟག་པར་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་བཞིན་དུ། མཚན་མོ་མུན་པའི་ནང་ན་ཤིང་ལྗོན་པའི་གྲིབ་མ་ལྟར་མི་སྡང་བས་སེམས་ཅན ་རྣམས་དེ་བཞིན་གཤེགས་པ་མི་རྟག་གོ།། གལ་ཏེ་ང་དང་། ཆོས་དང་། དགེ་འདུན་རྟག་པའི་འདུ་ཤེས་ཁྱོད་ཀྱི་ཕ་མ་ལ་མེད་ན། གསུམ་ལ་སྐབས་སུ་འགྲོ་བ་མ་དག ་གོ་ཞེས་ང་ཟེར་རོ།། པ་མ་གཉིས་ལ་གཞི་གསུམ་རྟག་པར་བསྟན་ནི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གསུམ་ལ་སྐྱབསུ་སོང་བའི་དགེ་བསྙེན་ཞེས་བྱ་བའི་མིང ་གིས་ཐོབ་པར་འགྱུར་རོ།། གསོལ་པ་དེང་སླན་ཆད་དུ་བདུན་རྒྱུད་ཀྱི་རིགས་ཚུན་ཆད་ཕ་མ་གཉིས་ལ། བཅོམ་ལྡན་འདས་དང་། ཆོས་དང ་དགེ་འདུན་དག་གོ་ཞེས་བགྱི་བར་འཚལ་ལོ།། ཀྱེ་མ་སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་པོ་ཞེས་ཀྱང་བསླབ་པར་འཚལ་ལོ།། གཞན་དག་ལ་ཡང་བསྟན ་བར་འཚལ་ལོ།། གང་དག་བདག་གིས་བསྟན་པ་ལྟར་མི་འཛིན་ཅིང་། མི་རྟག་པར་སྨྲས་པའི་སེམས་ཅན་དམ་པ་དེ་དག་ལ་ནི་བདག་གིས་བུ་བཞིན་དུ་བགྱིའོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། དམ་པའི་ཆོས་སྲུང་བའི་རིགས་ཀྱི་བུ་དེ་ནི་དེ་ལྟར་བྱ་གོས་ཏེ། རིགས་ཀྱི་བུ་ཁྱོད་ལེགས་སོ།། དེ་ལྟ ་ན་འཚེ་བ་མེད་ལ་ཞུགས་པ་ཡིན་ཏེ། འཚེ་བ་མེད་པའི་ལས་ཀྱི་འབྲས་བུ་ཆེན་པོ་དེས་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཆེ་རིང་བར་འགྱུར་ལ། ་རབས་ཀྱང་དྲན་པར་འགྱུར་རོ།། །། འཚེ་བ་མེད་པའི་ཕུང་པོའི་ལེའུ་སྟེ་དང་པོའོ།། །། རིགས་ཀྱི་བུ་དེ་ནི་དེ་བཞིན་གཤེགས་པ་རྟག ་བའི་སྐུ་དང་། མི་རྟག་པའི་སྐུ་དང་། རྡོ་རྗེའི་སྐུ་ཡིན་པ་དང་། ཆོས་ཀྱི་སྐུར་ལྟོས་ཤིག་གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར ་མཛད་ན་ནི། བདག་དེ་ལྟར་མ་ལགས་སོ།། གལ་ཏེ་ཡོངས་སུ་མྱ་ངན་ལས་འདའ་བར་གྱུར་ན། གཞིག་ཏུ་རུང་བའི་སྐྲ་དང་། ཐལ་བའི་སྐུ་དང་། ཤའི་སྐར་ལྟ་བར ་འཚལ་ལོ།། བཀའ་སྩལ་པ། རིགས་ཀྱི་བུ་མི་ལྟ་བུར་སོབ་སོབ་པའི་ལུས་དང་། གཞིག་ཏུ་རུང་བའི་ལུས་ཞེས་དེ་སྐད་མ་ཟེར་ཅིག། འོད་སྲུངས་ཆེན་པོ་དེ་དང་རུས་ཅིག། ་བ་ནི་དེ་བཞིན་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་དུ་མ་ནས་མི་ཤིག་པའི་སྐུ་དང་ལྡན་ཞིང་། མི་ལུས་མ་ཡིན། ལྷའི་ལུས་མ་ཡིན། སྲིད་པ་ཐམས་ཅད་ཀྱི་ལུས་མ་ཡིན ་ཤའི་ལུས་མ་ཡིན་ཏེ། དེ་བཞིན་གཤེགས་པའི་སྐྲ་ནི་ལུས་མེད་པ། མ་སྐྱེས་པ། མ་འགགས་པ། ཡོད་པ་མ་ཡིན་པ། འཇུག་པ་མེད་པ། མཐར་ཐུག་པ་མེད་པ།། ་གནས་མེད་པ། རྣམ་པར་ཤེས་པ་མེད་པ་ཀུན་ཏུ་སྤྱོད་པ་མེད་པ། ཤིན་ཏུ་དག་པ། ཅི་ཡང་མ་ཡིན་པ། ཟིན་པ་མེད་པ། རྐང་པ་མེད་པ། གནས་མེད་པ། འགྱུར ་བ་མེད་པ། མྱོང་བ་མེད་པ། མ་འདྲེས་པ། མི་ཤེས་པ། ཤེས་བྱར་མེད་པ། རྣམ་པར་རིག་པ་མི་བཟོད་པ་བསམ་གྱིས་མི་ཁྱབ་པ་བསམ་དུ་མེད་པ། རྣམ་པར་ཤེས ་པ་མེད་པ། སེམས་དང་བྲལ་བ། སེམས་མཉམ་པ་ཉིད་དུ་འགྲོ་བ། འབབ་མེད་པ། འོང་བ་དང་འགྲོ་བ་ཡོངས་སུ་ཆད་པ། མ་བཅད་པ་བཅད་དུ་མེད་པ། བླགས ་མེད་པ། རྫས་མ་ཡིན་པ། མ་བྱུང་བ། སྤོད་པ་མེད་པ། རྟོག་པ་མེད་པ། མིང་མེད་པ། ཡོངས་སུ་མ་གྲུབ་པ། མྱོང་བ་མ་ཡིན་པ། མི་མངོན་པ། ཡུལ་མེད་པ།། ་བཞི་མེད་པ། མུན་པ་མེད་པ་སྡང་བ་མེད་པ་ཞི་བ་མ་ཡིན་པ། ཞི་བ་དང་བྲལ་བ། དག་པ་རྣམ་པར་དག་པ་ཅི་ཡང་མ་ཡིན་པ། ལེན་པ་མེད་པ། ཚགས་མེད་པ། ཉོན་མོངས ་པ་མེད་པ། ཉོན་མོངས་པ་དང་བྲལ་བ། མི་གནས་པའི་ཚུལ་གྱི་གནས་པ། བཟུང་དུ་མེད་པ་ཕོག་པ་མེད་པ། ཕོ་བ་བྱར་མེད་པ། ་ཆོས་མ་ཡིན་པ། ཆོས་མ་ཡིན་པ་མེད་པ། ཞིང་མ་ཡིན་པ་མེད་པ། ཞིང་དུ་མ་གྱུར་པ་མེད་པ་མི་ཟད་པ། ཟད་པར་བར་མེད་པ། ཟད་པ་དང་བྲལ་ག་དང་ཟད་པ་མེད་པ ་སྐ་ཅིག་པ། སྐ་ཅིག་པ་དང་བྲལ་བ། སྐ་ཅིག་པ་མ་ཡིན་པ་མ་འཁྲུགས་པ། ཡི་གེ་དང་ཐིག་ལེ་ཡོངས་སུ་སྤངས་པོ། སྒྲ་ཡོངས་སུ་སྤངས་པ། བཤད་པ་ཡོངས་སུ ་སྤངས་པ། སྒོམ་པ་ཡོངས་སུ་སྤངས་པ། བསམ་པ་ཡོངས་སུ་སྤངས་པ། ལྡན་པ་མ་ཡིན་པ། མི་ལྡན་པ་མ་ཡིན་པ། ཚད་མེད་པ། ཚད་མེད་པ་མ་ཡིན་པ། འགྲོ་བ་མེད ་པ། འོང་བ་མེད་པ། གཉིས་སུ་མེད་པ། བརྩོན་པ་མེད་པ། ནུས་པ་མེད་པ། མཚན་མེད་པ། མཚན་གྱིས་རྟོགས་པར་བྱར་མེད་པ། མཚན་གྱིས་བརྒྱན་པ། ཤིན་ཏུ ་བརྟན་པ། ཤིན་ཏུ་བསྟན་པ་ཤིན་ཏུ་ཞི་བ་གདུང་བ་དང་བྲལ་བ། ལྟུང་བར་མི་བྱེད་པ། བལྟར་མེད་པ། རྗེས་སུ་ཆེ་བ། དེ་བཞིན་ཉིད། དེ་ཁོ་ན་ཉིད། སྒྲོལ་བ་མེད་པའི ་ཚུལ་གྱིས། སེམས་ཅན་ཐམས་ཅད་སྒྲོལ་བ། ཐར་པར་བྱེད་པ་མེད་པའི་ཚུལོ་གྱིས་ཐར་པར་བྱེད་པ། དག་པར་བྱེད་པ། མེད་པའི་ཚུལ་གྱིས་དག་པར་བྱེད་པ། སྒྲོལ་བར ་བྱེད་པ། མེད་པའི་ཚུལ་གྱིས་སྒྲོལ་བར་བྱེད་པ། སྟོན་པ་པོ་གཉིས་སུ་མེད་པའི་ཚུལ་གྱིས། སྟོན་པར་བྱེད་དོ།། མཉན་པ། མཉམ་པ་མེད་པས་མཉམ་པ། ནམ་མཁའ་དང་། ་མཉམ་པ། གནས་པ་དང་མཉམ་པ། སྐྱེ་བ་མེད་པ་དང་། མཉམ་པ། དམིགས་སུ་མེད་པ་དང་མཉམ་པར། མཉམ་པ་མེད་པ་དང་མཉམ་པར་གྱུར་པ། ཞི་བ་རབ་ཏུ་ཞི། ་བ་ཉེ་བར་ཞི་བ་རྟེན་པ་མེད་པ། ཆད་པ་མེད་པ། སྤྲོད་པ་སྦྱར་བ། མི་ལྡོག་པར་ངེས་པ། དེས་ཐམས་ཅད་བཅད་པ། ཕུལ་བ་མེད་པ། གཉིས་སུ་མེད་པར་སྟོན་པ། རྣམ ་པར་བྱ་བའི་ཚུལ་གྱི་ཚུལ་དང་། སྤོར་བ་མེད་པའི་ཚུལ་གྱིས་རང་གིས་རང་བཞིན་གྱི་ངོ་བོ་ཉིད་རིང་པོ་མ་ཡིན། ཟླུམ་པོ་མ་ཡིན་པ་ཕུང་པོས་རབ་ཏུ་ཕྱེ་བ་མ་ཡིན་པ། ཁམས་ཀྱི་རབ ་ཏུ་ཕྱེ་བ་མ་ཡིན་པ། སྐྱེ་མཆེད་ཀྱིས་རབ་ཏུ་ཆེ་བ་མ་ཡིན་པ། འདུས་མ་བྱས་ཀྱི་རྣམ་པར་རྟག་པ་མེད་པ། འདུས་བྱས་ཀྱི་རྣམ་པར་རྟོག་པའི་གནས་མེད་པ། འཕེལ་བ་མེད་པ ་པ་འགྲིབ་པ་མེད་པ། གཞལ་དུ་མེད་པ་མ་ཡིན་པ། རྣོ་བ་རྣོ་བ་མདོ་ཡིན་པ། མཆོད་དུ་མེད་པ་མ་ཡིན་པ་ཏེ། དེ་ལྟར་དེ་བཞིན་གཤེགས་པའི་སྐུ་ནི་ཡོན་ཏན་དཔག་ཏུ ་མེད་པ་ཅིང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ་ཡིན་ལ། སུས་ཀྱང་མ་ཤེས། མ་མཐོང་མ་ཐོས། བྱེ་བྲག་མ་ཕྱེད། རྣམ་པར་མ་ཤེས་པ། ཡོད་པ་མ་ཡིན་པ། ཚིག་ཏུ ་བརྗོད་དུ་མི་རུང་བ། འཇིག་རྟེན་གྱི་ཁོངས་སུ་མ་འདུས་པ། རྒྱུ་ལས་ཀྱང་མ་བྱུང་། རྒྱུ་མེད་པ་ལས་ཀྱང་མ་བྱང་བ། སྐུ་དེ་ནི་ཐམས་ཅད་དུ་རྣམ་པར་རྟོགས་པ་དང་། རྣམ ་པར་རྟོག་པ་མེད་པའི་མཚན་ཉིད་རྣམས་དང་། མཚན་ཉིད་ཀྱི་གཞི་དང་། མཚན་དང་། བྲང་བ་དང་སྒྲེ་བ་རྣམ་པར་རིག་བྱེད་མི་ནུས་ལ་མྱ་ངན་ལས་འདའ་བ་གཤེགས་པ ་ཡང་མ་ཡིན་པ་ཡིན་མི་གཤེགས་པ་ཡང་མ་ཡིན་ཏེ། དེ་བཞིན་གཤེགས་པ་ནི། ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་ནོ།། འོད་སྲུངས ་ཆེན་པོ་དང་རུས་གཅིག་པ་དེ་བཞིན་གཤེག་པའི་སྐྲ་ནི། དེ་བཞིན་གཤེགས་པ་ཉིད་ཀྱིས་མཚན་མའི་དངོས་པོ་རྣམས་ཀྱི་སྒོ་ནས་ཐུགས་སུ་ཆུད་པར་སྦེད་ཀྱི། ཉན་ཐོས་དང ་རང་སངས་རྒྱས་རྣམས་ཀྱི་ནི་མི་ནུས་སོ།། དེ་བཞིན་གཤེགས་པ་དེ་ལྟ་བུ་ཡོན་ཏན་དང་ལྡན་པ་ཤའི་སྐུ་མ་ཡིན་པ་ལ་ཁམས་པའི་སྣོད་བཞིན་དུ། ནད་དམ། གནོད་པའི།། ་འཇིགས་པར་ག་ལ་འགྱུར། འཇིག་པ་དང་། ན་བ་དང་། མྱ་ངན་ལས་འདའ་བར་སྟོན་པ་གང་ཡིན་པ་དེ་ནི་འདུལ་བར་བྱ་བའི་དབང་གི་ཕྱིར་ཡིན་པར་བྱ་ལྟ་བྱའོ།། དེ་བས་ན་དེང ་སླན་ཆད་དེ་བཞིན་གཤེགས་པའི་སྐུ་རྡོ་རྗེ་ལྟར་མི་ཤིགས། ཤིང་ཁྲེགས་པར་ཡིད་ལ་གྱིས་ཤིག། གཞན་ལ་ཡང་ཤའི་སྐུ་མ་ཡིན་ཞེས་སྟོན་ཅིག། དེ་བཞིན་གཤེགས་པ་ནི་ཆོས ་ཀྱི་སྐུ་ཡིན་པ་ཁོང་དུ་ཆུད་པར་གྱིས་ཤིག་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ་པ། བཅོམ་ལྡན་འདས་དེ་ལྟར་ན་དེ་བཞིན་གཤེགས་པ་ཡོན་ཏན་དེ་ལྟ་བུ་དང་ལྡན་པ ་ལ་བསྟན་པ་དང་། མི་རྟག་པ་དང་། འཇིག་པ་དང་། འཇིག་པ་ག་ལ་མཆིས་ཏེ། དེང་ཕན་བྱེད་དེ་བཞིན་གཤེགས་པ་ནི་ཆོས་ཀྱི་སྐུ་ཏེ། རྟག་པ་དང་བརྟན་པ་དང་། ཐེར ་ཟུག་པ་དང་ཞི་བའོ་ཞེས་གཞན་ལ་ཡང་བསྟན་པར་འཚལ་ན། རྡོ་རྗེ་ལྟ་བུར་མི་ཤིག་པའི་སྐུ་འདི་ལྟར་གྲུབ་པར་གྱུར་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངའི ་སྐུ་འདི་ལྟ་དུ་རྒྱུ་ཅིས་གྲུབ་པར་འགྱུར་བ་ལགས། ་སྐུ་འདི་ལྟ་བུ་ནི་དམ་པའི་ཆོས་སྲུང་བའི་བསོད་ནམས་ཀྱི་གྲུབ་པ་ཡིན་ནོ།། རིགས་ཀྱི་བུ་དམ་པའི་ཆོས་སྲུང་བའི་དགེ་བསྙེན་གྱིས་ནི་བསླབ་པའི་གཞི་ལྔ་བླང་བར་མི་བྱའོ།། དགེ ་བསྙེན་གྱི་འདུལ་བ་ཡང་སྤྲད་པར་མི་བྱའོ།། ཚུལ་ཁྲིམས་དང་། ཆོ་ག་དང་། ཡོན་ཏན་དང་ལྡན་པའི་དགེ་སློང་རྣམས་སྲུང་བའི་ཕྱིར། མདའ་གཞུ་དང་རལ་གྲི་དང་། མདུང་ཐུད ་ཁ་ལེ་བ་ལག་ན་ཐོགས་པར་བྱའོ།། གསོལ་པ། དགེ་སློང་དག་ལས་སྲུངས་མ་དང་མི་ཁྱོད་པར་གཅིག་ཏུ་ཤིང་དྲུང་དུ་སྟན་གཏིང་ལོ་མཆིས་པ་གང་ལགས་ན་དེ་ནི། དགེ་སློང ་ཞེས་བགྱི་ལགས་སོ།། སྲུངས་མ་དང་ལྷན་ཅིག་འཁོད་པ་དེ་དག་ནི་ཁྱིམ་བདག་མགོ་རེག་ཞེས་བགྱི་ལགས་སོ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། རིགས་ཀྱི་བུ་ཁྱིམ་བདག་གོ ་རེག་དེ་སྐད་ཅེས་མ་ཟེར་གཅིག། འདི་ནི་དགེ་སློང་ལ་ལ་མལ་སྟན་སར་པ་ལ་འདུག་ཅིང་། དེ་ཟན་ཟོས་ནས་ཅིག་ཏུ་ཕྱོགས་གཅིག་ན་ཅང་མི་སྨྲ་བར་འདུག་སྟེ། བསམ་གཏན་བྱེད་ལ ་ལུས་ཀྱི་རང་བཞིན་ལ་ཡང་ལྟ་བར་བྱེད་དོ།། སེམས་ཅན་འོངས་པ་རྣམས་ལ་ཡང་སྦྱིན་པའི་གཏམ་དང་། ཚུལ་ཁྲིམས་ཀྱི་གཏམ་དང་། བསོད་ནམས་ཀྱི་གཏམ་དང་། བསོད་ནམས ་ཀྱི་རྣམ་པར་སྨིན་པའི་གཏམ་དང་། ཆོ་ག་ཤེས་པ་དང་། ཡོ་པད་སྣང་བའི་ཆོས་སྟོན་ལ། སེང་གེའི་སྒྲ་སྒྲོགས་པར་མི་བྱེད། སེང་གེ་ལྟ་བུའི་འཁོར་ཡང་མི་འཆང་རྟགས་ཅན་འཚལ ་བ་ཚར་བཅད་ཕྱིར་ཡང་སྟོན་པར་མི་བྱེད་པའི་དགེ་སློང་དེ་ནི། སྐྱེ་བོ་ཐམས་ཅད་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན། བདག་ལ་ཕན་པའི་ཕྱིར་ཞུགས་པ་ཡང་མ་ཡིན་ཏེ། ཉོན ་མོངས་པ་གཞན་ལ་ཡང་མ་ཡིན་པས། ཚུལ་ཁྲིམས་དང་ལྡན་པ། དགེ་བའི་ཆོས་ཅན་གཞན་ཞིག་གནས་ཞིག་ན། མ་ལ་བསྟན་གསར་པ ་ལ་འདུག་ཅིང་། སེང་གེའི་སྒྲ་སྒྲོགས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བའི་ཕྱིར་གསུང་རབས་ཡན་ལག་དགུ་མདོ་སྡེ་དང་། དབྱངས་ཀྱིས་སྙེད་པའི་བདེ ་དང་། ལུང་དུ་བསྟན་པའི་སྡེ་དང་། ཚིགས་སུ་བཅད་པའི་སྡེ་དང་། ཆེད་དུ་བརྗོད་པའི་སྡེ་དང་། དེ་ལྟ་བུ་འབྱུང་བའི་སྡེ་དང་། སྐྱེས་པ་རབས་ཀྱི་བདེ་དང་། ཤིན་ཏུ ་རྒྱས་པའི་སྡེ་དང་། རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་རྣམས་སྟོན་ཏེ། མདོ་འདི་ལ་དགེ་སློང་བྲན་པ་དང་། བྲན་མོ་དང་། བ་ལང་དང་། མོ་ཧེ་ལ་སོགས་པ་རྫས་ངན་པ་འཆད ་བ་རྣམས་ཆེད་པས་བཅད་པར་བཤད་པ་ནི། བདག་གི་རྐྱེན་དུ་འཇམ་པ་ཡིན་ཏེ། མདོ་སྡེ་ཆེ་གེ་མོ་ཞིག་ལས། ཀྱང་རབ་ཏུ་བྱང་བ་རྫས་ངན་པ་འཆང་བ་རྣམས། བཅོམ་ལྡན་འདས ་ཀྱིས་རྒྱལ་པོ་ཞིག་ལ་ཆད་པས་གཅོད་དུ་བཅུག་སྟེ། ཚུལ་ཁྲིམས་འཆལ་པ་རྣམས་ནི་གོས་སྐའོ་གོན་དུ་བཅུག་གོ། ཞེས་སྟོན་ཅིང་དེ་དེ་ལྟར་སེང་གེའི་སྒྲ་སྒྲོགས་པ་ལ ་ཚུལ་ཁྲིམས་འཆལ་པ་རྣ་གཅ་པ་མས་ཀྱིས་དཀྲུགས་མ་བྱས་ཏེ། སྲོག་བཅད་དུ་ཟིན་ཀྱང་དགེ་སློང་དེ་ལ་ནི་ཚུལ་ཁྲིམས་དང་ལྡན་པ་བདག་ལ་ཕན་པ་དང་། གཞན་ལ་ཞགས ་པ་ཞེས་ང་ཟེར་རོ།། རྒྱ་དེས་ན་རྒྱལ་པོ་དང་། བློན་པོ་དང་། དགེ་བསྙེན་རྣམས་ལ་དམ་པའི་ཆོས་སྲུང་བའི་ཕྱིར། ངས་དགེ་སློང་རྣམས་ལ་སྲུང་བར་ཡང་སྣང་ཁྱིམ་བདག་མས ་རེག་རྣམས་ཆད་པས་གཅོད་དུ་ཡང་གནང་ངོ་།། དེ་ལ་ཚུལ་ཁྲིམས་འཆལ་པ་གང་ཡིན་པ་དེ་དག་ནི། ཁྱིམ་བདག་གོ་རེག་ཅེས་བྱ་སྟེ། དེ་ནི་ཚུལ་ཁྲིམས་དང་ལྡན་པའི ་ཚིག་བླ་དགས་མ་ཡིན་ནོ།། རིགས་ཀྱི་བུ་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་གྲངས་མེད་པའི་སྡེ་རོལ། གྲོང་ཁྱེར་ཀུ་ཤ་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དགའ་བ་བསྐྱེད་ཅེས་བྱ་བ་འཇིག་རྟེན་དུ་བྱང་སྟེ། དེའི་ཚེ་འཇིག་རྟེན་གྱི་ཁམས་འདི་བདེ་བ་ཅན་བཞིན་དུ་ཡང་པར་གྱུར་ཏེ། དེའི ་ཚེ་སེམས་ཅན་བདེ་བ་ཅན་གྱི་བྱང་ཆུབ་སེམས་དཔའ་རྣམས་བཞིན་དུ་འབྲུ་བས་ཉམས་ཆུང་བ་མེད་དོ།། དེ་ནས་དེ་བཞིན་གཤེགས་པ་དེ་ལོ་བྱེ་བ་ཕྲག་ཏུ་མ་བཞུགས་བཞུགས་ནས ་གྲོང་ཁྱེར་འདི་དང་གནས་འདི་ཉིད་དུ་མྱ་ངན་ལས་འདས་སོ།། དེ་ནས་དེའི་བསྟན་པ་ལོ་བྱེ་བ་ཕྲག་ཏུ་མའི་བར་དུ་གནས་ནས། གང་གི་ཚེ་བསྟན་པ་གནས་པ་དེའི་ལྷག་མ་ལོ།། ་བཞི་བཅུ་ལུས་པ་དེའི་ཚེ་དམ་པའི་ཆོས་ནུབ་ཏུ་ཚ་བའི་དུས་ན། དགེ་སློང་སངས་རྒྱས་བིན་ཞེས་བྱ་བ་གཡོག་འཁོར་མང་པོ་དང་ལྡན་པ། སེང་གེའི་སྒྲ་སྒྲོགས་པ་གསུངས ་རབས་ཡན་ལག་དགུའི་ཆོས་སྟོན་པ་ཞིག་བྱུང་སྟེ། དེ་བྲན་དང་བྲན་མོ་དང་། བ་ལང་དོང་། མ་ཧེ་ལ་སོགས་པ་རྫས་ངན་པ་འཆང་བ་ལས་ཟློག་པའི་ཆོས་སྟོན་པ། ཚུལ ་ཁྲིམས་འཚལ་པ་སྡང་བའི་སེམས་དང་ལྡན་པ་རྣམས་ཀྱིས་ཐོས་ནས། བསད་པའི་སེམས་བསྐྱེད་དེ། ཚུལ་ཁྲིམས་འཆལ་པའི་ཕྱོགས་རྣམས་གཅིག་ཏུ་བསྡོངས ་ནས་མཚོན་ཆ་སྣ་ཚོགས་ལག་ན་ཐོགས་ཏེ། ང་ཡང་དེའི་ཚེ་དགེ་སློང་དེའི་ཐད་དུ་དོང་ངོ་།། ང་ཡང་དེའི་ཚེ་རྒྱལ་པོ་སྲི་བཞིན་ཞེས་བྱ་བར་གྱུར ་ཏེ། རྒྱལ་པོ་དེས་གཏམ་དེ་ཐོས་ནས། དམ་པའི་ཆོས་སྲང་བའི་ཕྱིར་དེ་དགེ་སློང་དེའི་ཐད་དུ་སོང་སྟེ། དེ་དག་དང་གཡུལ་བཀྱེའོ།། དེ་ནས་ཆོས་སྨྲ་བ་དེ་ལ་དེ་དག་གིས ་མཚུགས་སོ།། རྒྱལ་པོ་དེ་ནི་གྲི་དང་། མདུང་ཐུང་ཁ་ལེ་བཻ་དང་། རྡོ་རྗེ་ཅིག་པ་དང་མདའ་རྣམས་ཀྱིས་ལུས་ལ་མ་བཙགས་པའི་ས་འཚམས་ཡུད་འབྲུ་ཙམ་ཡང་མེད་པར ་གྱུར་ཏོ།། དེ་ནས་དགེ་སློང་དེས་རྒྱལ་པོ་དེ་དེ་ལྟར་གྱུར་པ་མཐོང་ནས་ལེགས་སོ་ཞེས་སྨྲས་ཏེ། དམ་པའི་ཆོས་སྲུང་བས་ནི་དེ་ལྟར་བྱ་དགོས་སོ།། ཁྱོད་ནི་ཆོས་དཔག་ཏུ་མེད་པའི ་སྐལ་བ་ཅན་དུ་འགྱུར་རོ།། ཞེས་བྱསོ།། དེ་ནས་རྒྱལ་པོ་དེས་དགེ་སློང་དེའི་ཚིག་ཐོས་ནས། ཤི་བའི་འོག་ཏུ། དེ་བཞིན་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམསུ་སྐྱེས ་སོ།། དེར་སེམས་ཅན་གང་རྗེས་སུ་ཡི་རང་བར་གྱུར་པ་རྣམས་དང་། གཡུལ་འགྱེད་འགྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་གྱུར་ཏོ།། དེ་བཞིན ་གཤེགས་པ་མི་འཁྲུགས་པའི་འཇིག་རྟེན་གྱི་ཁམས་མངོན་དགའ་བ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་མི་འཁྲུགས་པའི་རྣམ་པ་ཞེས་པ་ཞིག་ཀྱང་བྱེད་དོ།། ་དགེ་སློང་སངས་རྒྱས་བྱིན་ཡང་རྒྱལ་པོ་དེ་ཤི་བའི་རྗེས་ལ་ཤི་ནས། དེ་བཞིན་གཤེགས་པ་མི་འཁྲུགས་པའི་བསྟན་པ་ལ་ཉན་ཐོས་ཀྱི་མཆོག་ཏུ་གྱུར་ཏོ།། རྒྱལ་པོ་དེ་ཡང ་ཉན་ཐོས་གཉིས་པར་གྱུར་ཏོ།། དེ་ལྟར་ན་དམ་པའི་ཆོས་ནུབ་པའི་ཚེ། དམ་པའི་ཆོས་བསྲུང་བར་བྱའོ།། དེའི་ཚེ་རྒྱལ་པོར་གྱུར་པ་དེ་ནི་ང་ཡིན་ནོ།། དེའི་ཚེ་དགེ་སློང་དེ་ནི་སངས ་རྒྱས་འོད་སྲངས་ཡིན་ཏེ་དེ་ནི་ཡོངས་མྱ་ངན་ལས་འདས་སོ།། དེ་ལྟར་ན་དམ་པའི་ཆོས་སྲུང་བའི་ཕན་ཡོན་ནི།། དཔག་ཏུ་མེད་དོ།། འབྲས་བུ་རྣམས་པར་དག་པ་དེས་ན།། ་ང་ཡང་རྨ་བྱིའི་མདོངས་རི་མོ་ཅན་མང་པོས་བརྒྱན་པ་ལྟ་བུར་གྱུར་ཏེ། མི་ཤིགས་པའི་སྐྲ་དང་ཆོས་ཀྱི་སྐུ་བསྙེས་པར་གྱུར་ཏོ།། འོད་སྲུངས་ཆེན་པོ་དང་རུས་གཅིག་པས་གསོལ ་བ། དེ་བཞིན་གཤེགས་པ་ནི་རྡོ་ལ་རྐོས་པའི་ཡི་གེ་བཞིན་དུ་རྟག་པའི་སྐུ་དང་ལྡན་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་དམ་པའི་ཆོས ་སྲུངས་པར་འདོད་པས་ནི། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ན་ཡོད་པ་དེར་བསྲུངས་པར་བྱའོ།། དགེ་བསྙེན་ཆོས་སྲུང་བའི་འབྲས ་བུ་ནི་རྒྱ་ཆེའོ།། རིགས་ཀྱི་བུ་དེ་བས་ན་དགེ་སློང་རྣམས་མཚོན་ཆ་ལག་ན་ཐོགས་པའི་དགེ་བསྙེན་དག་གིས་མདུན་དུ་བདར་ཏེ། རྒྱུ་བར་བྱའོ།། ཐེག་པ་ཆེན་པོ་འདི་ལ་ནི་དགེ་བསྙེན ་གྱི་བསླབ་པའི་གཞི་ལྔ་བླང་བར་མི་བྱ་སྟེ། དམ་པའི་ཆོས་སྲུང་བའི་ཕྱིར་ལག་ན་མཚོན་ཆ་ཐོགས་ཤིང་དགེ་སློང་རྣམས་སྲུང་བར་མཛད་དོ།། གསོལ་བ་ཅི་ལགས་དགེ་སློང ་གང་དག་དེ་ལྟ་བུའི་དགེ་བསྙེན་ལག་ན་མཚོན་ཆ་ཐོགས་པ་དང་ལྷན་ཅིག་འགྲོགས་ཤིང་རྒྱ་བ་དེ་དག་སློབ་དཔོན་ལགསོ་ཚུལ་ཁྲིམས་འཆལ་པ་ཞེས་བྱའམ། འོན་ཏེ་མི་བགྱིད ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའི་འོག་ཏུ་ནང་འཁྲུག ་འབྱུང་བ་དང་ཡུལ་བཅོམ་པ་དག་འབྱུང་བར་འགྱུར་ཏེ། དུས་ངན་པར་གྱུར་པ་དེའི་ཚེ་མུ་གེའི་ཉེས་པས་ཕལ་ཆེར་རབ་ཏུ་འབྱུང་ཞིང་མགོ་རེག་ཏུ་འགྱུར་ཏེ། དེ་དག་གིས་དགེ་སློང ་ཁྲིམས་དང་ཆོ་ག་དང་། ཡོན་ཏན་དང་། སྤྱོད་པ་ཕུན་སུམ་ཚོགས་པ་དང་ལྡན་པ་དག་སྐྲོད་པར་འགྱུར་ཏེ། དེར་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ཀྱིས་གྲོང་དང་། གྲོང་ཁྱེར ་དང་། རི་ཁྲོད་ཀྱི་གྲོང་རྣམས་སུ་འདི་ལྟར་རྒྱུ་བར་བྱས་ཏེ། དེ་ལྟ་བུ་དག་གི་དུས་ན་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་སློབ་དཔོན་དུ་གྱུར་པ་རྣམས་ལམ་དུ་འགྲོ་བ་ན། རང་གི་སྲོག་སྲུང ་བའི་ཕྱིར་མཚོན་ཆ་ལག་ན་ཐོགས་པ་དག་ནིད་འགྲོ་བར་ངས་གནང་ངོ་།། དགེ་བསྙེན་རྣམས་དང་ཁྱིམ་བདག་དང་ང་རྒྱལ་པོ་དང་བློན་པོ་རྣམས་ཀྱིས་དགེ་སློང་ཚུལ་ཁྲིམས་དང་ལྡན ་བསྲུང་བའི་ཕྱིར། མཚོན་ཆ་འཆང་བ་དེ་ཡང་ཚུལ་ཁྲིམས་ཅན་ཡིན་ཟེར་ཏེ། འོན་ཀྱང་བསད་པར་མི་བྱའོ།། དགའ་བའི་ཕྱིར་མཚོན་ཆ་འཆང་བར་བྱས་ཏེ། དེ་ནི་ཆོ་ག་མཁས ་བའི་ཚུལ་ཁྲིམས་ཡིན་ནོ།། སློབ་དཔོན་ནི་ཐིག་པའི་གདམས་ངག་སྟོན་པ་དང་། ཡང་དག་པར་ལྟ་བ་དང་། རུང་བ་མ་ཡིན་པའི་གདུགས་དང་། འབྲུ་མར་གྱི་སྣོད་དང་། འབྲས་བུའི ་རྣམ་གྲངས་རྣམས་སྤངས་པ་དང་། རྒྱལ་པོ་དང་བློན་པོ་རྣམས་མི་བསྟེན་པ་དང་རྙེད་པའི་ཕྱིར་སྦྱིན་པ་པོ་རྣམས་ལ་དགའ་བ་དང་སྙན་པར་སྨྲ་བ་དང་། སྤྱོད་ལམ་ཕུན་སུམ་ཚོགས ་པ་དང་། ཚུལ་ཁྲིམས་འཆལ་པ་མེད་པའི་དགེ་སློང་གི་དངོས་པོ་སེལ་བ་དང་ཚུལ་ཁྲིམས་དང་ལྡན་པ་དང་། དགེ་བའི་ཆོས་ཅན་དང་། རྒྱ་མཚོ་དང་འདྲ་བའི་བློ་གྲོས་འཆང་། ་བ་དང་། བྱད་གཟུགས་དང་ཆ་བྱད་དང་རྙེད་པ་དང་བཀུར་སྟི་གཞན་མི་འདོད་པ་དང་ཆོ་ག་ཤེས་ཤིང་ཡོ་བྱད་བསྙུངས་པ་སྟོན་པ་གང་ཡིན་པ་དེ་ནི་སློབ་དཔོན་ཞེས་བྱའོ།། དེའི་འཁོར ་རྙེད་པ་དང་བཀུར་སྟིར་འདོད་པའི་རང་གི་འཁོར་གྱི་དགེ་འདུན་གང་ཡིན་པ་དེ་དག་ནི་ཟློག་པར་བྱེད་དོ།། དེ་ལ་དགེ་འདུན་ཡང་རྣམ་པ་གསུམ་སྟེ། ཚུལ་ཁྲིམས་འཚལ་བ་དང ་འདྲེས་པ་དང་། བྱིས་པའི་དགེ་འདུན་དང་། རང་བཞིན་གྱི་དགེ་འདུན་དང་། དེ་ལ་ཚུལ་ཁྲིམས་འཆལ་པའི་དགེ་འདུན་ནི་དེས་ཟློག་པར་བྱེད་དེ། ཚུལ་ཁྲིམས་འཆལ་པ་འདྲེས ་པའི་དགེ་འདུན་ཞེས་བྱ་བ་ནི། ཚུལ་ཁྲིམས་འཆལ་པ་རྣམས་འབའ་ཞིག་དང་མཐུན་པར་བྱེད་དེ། དེ་དག་ཚར་གཅོད་པར་མི་བྱེད་ཅིང་། ཟང་ཟིང་གི་ཕྱིར་དེ་དག་དང་ལྷན་ཅིག་ཏུ ་སྤོད་པོ་མཐུན་པར་བྱེད་པ་གང་ཡིན་པ་ཏེ། ཚུལ་ཁྲིམས་དང་ལྡན་དུ་ཟིན་ཀྱང་དེ་དག་དང་ལྷན་ཅིག་གནས་པས་ཚུལ་ཁྲིམས་པ་ཁོ་ན་ཡིན་པའི་གྲངསུ་འགྱུར་རོ།། འདི་ཚུལ ་ཁྲིམས་འཆལ་པ་དང་འདྲེས་པ་ཞེས་བྱས་ཏེ། དེའི་ཚུལ་མེད་པ་ཟློག་པར་བྱེད་པའི་ཕྱིར་སློབ་དཔོན་ཞེས་བྱའོ།། བྱིས་པའི་དགེ་འདུན་ཞེས་བྱ་བ་ནི་དགོན་པ་དང་བསོད་ནམས ་ཞན་པ་དང་། རྨུགས་པ་རྣམས་ཡིན་ཏེ་སྐབས་འབྱེད་པ་དང་། གསོ་སྦྱོངས་རྣམས་ཀྱི་དུས་སུ་རང་གི་འཁོར་ཉི་ཚེ་དག་པར་བྱེད་ཀྱི་ཚུལ་ཁྲིམས་འཆལ་པར་དག་པར་མི་བྱེད་པ ་དེ་དག་ལྷན་ཅིག་ཏུ་འདྲེ་བར་གནས་པ་དེ་ནི་བྱིས་པའི་དགེ་བསྙེན་ཞེས་བྱ་སྟེ། རྨུགས་པ་དེ་དག་གི་ཚུལ་མ་ཡིན་པ་སེལ་བར་བྱེད་པའི ་ཕྱིར་སློབ་དཔོན་ཞེས་བྱའོ།། རང་བཞིན་དགེ་འདུན་བྱེ་བ་སྙེད་ཀྱིས་ཀྱང་མ་བཞིགས་པ་ཡིན་ཏེ། དེ་ནི་བྱང་ཆུབ་སེམས་དཔའི་དགེ་འདུན་རང་བཞིན་གྱིས་རྣམ་པར་དོག་པའོ།། ་ཚུལ་ཁྲིམས་འཆལ་པོའི་དགེ་འདུན་རྣམ་པ་གཉིས་ཟློག་པར་བྱེད་པ་གང་ཡིན་པ་དེ་དག་ནི་སློབ་དཔོན་ཞེས་བྱའོ།། འདུལ་བ་འཛིན་པ་ཞེས་བྱ་བ་ནི་འདུལ་བར་བྱ་བའི་དབང་གི ་བསླབ་པའི་བཞི་དེ་དང་དེ་དག་ཤེས་ཏེ། རྔམས་ཆེན་པོ་ཡང་ཤེས་སོ།། རྔམས་ཆུང་ངུ་ཡང་ཤེས་སོ་འདུལ་བ་མ་ཡིན་པ་ནི་བརྩོན་པར་མི་བྱའོ།། འདུལ་བ་ནི་བརྩོན་པར་བྱེ་དོ ་འདུལ་བར་བྱ་བའི་དབང་ཇི་ལྟར་ཤེས་ཞེ་ན་བྱང་ཆུབ་སེམས་དཔའ་འདུལ་བར་བྱ་བའི་དབང་གིས་གྲོང་ཁྱེར་དུ་འགྲོ་བ་ཡོད་དེ། དེ་ནི་བུད་མེད་དང་། གར་མཁན་མོའི་འདུལ་ཁང ་དང་། ཡུག་ས་མོའི་ཁྱིམ་དང་། སྨད་འཚོངས་མའི་ཁྱིམ་མ་གཏོགས་པརརོ་ཁྱིམ་གྱི་ནང་ངམ། འདུན་ཁང་གང་དུ་འགྲོ་འདོད་ཀྱང་རུང་ཏེ། དེ་ལ་དེར་འགྲོ་བའི་དུས་ངེས་པ ་མེད་དོ།། བྱང་ཆུབ་སེམས་དཔའི་དགེ་སློང་གིས་ནི་ལོ་གྲངས་མང་པོར་ཡང་གྲོང་ཁྱེར་དུ་རྒྱུ་བ་བཟོད་མོད་ཀྱི་ཉན་ཐོས་ཀྱི་དགེ་སློང་གིས་མི་བཟོད་དོ།། རྔམས་ཆེན་པོ་དང་། ་རྔམས་ཆུང་ངུ་ཅི་ལྟར་ཤེས་ཞེ་ན། རྔམས་ཆེན་པོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པས་དོན་གྱི་དམིགས་པ་བྱུང་བ་གང་གཟིགས་ནས། དེ་ལྟར་གཟིགས་པའི་འོག་ཏུ་ཕན ་པ་བཞི་པ་འདི་ལྟ་བུ་ཕྱིན་ཆད་མ་བྱེད་ཅིག། གལ་ཏེ་ཁྱོད་ཀྱིས་བྱས་ན་རབ་ཏུ་འབྱུང་དུ་མེད་པར་འགྱུར་རོ།། ཞེས་བསླབ་པའི་གཞི་འཆབ་པར་བྱེད་པ་དེ་ནི་རྔམས་ཆེན་པོ ་ཞེས་བྱའོ།། རྔམས་ཆུང་ངུ་ཞེས་བྱ་བ་ནི་འདི་ན་ལ་ལ་ཞིག་གིས་དོན་གྱི་དམིགས་བྱེད་པ་གཅིག་པས་ལ་བསླབ་པའི་གཞི་དེ་དམ་པོར་མ ་བྱས་པ། དེ་བཞིན་གཤེགས་པ་ལ་ལན་གསུམ་གྱི་བར་དུ་གཟིགས་ཀྱང་བསླབ་པའི་གཞི་གཞན་འཆབ་པར་མཛད་དོ།། དེ་ནི་ཕྱིར་གསོ་བ་འཆང་བ་ཞེས་བྱ་བ་སྟེ། རྔམས་ཆུང ་དུ་ཞེས་བྱའོ།། དེ་ཡང་ལྷག་མ་དང་བཅས་པའི་འདུལ་བ་དང་བཅས་པའི་འདུལ་བ་ནི་བརྩན་པར་བྱེད་དོ།། རུང་བ་མ་ཡིན་པའི་སྦྱིན་པའི་ཕན་ཡོན་གང་ལས་བྱུང་བའི་འདུལ་བ་དེ་ནི ་བརྩན་པར་མི་བྱེད་དེ། འདུལ་བ་ལ་སློབ་པར་བྱེད་དོ།། ཚུལ་ཁྲིམས་འཆལ་པ་ནི་སྤངས་ལ། ཆོས་གོས་རྣམས་དང་བཅསོ་ཤིང་གཞོན་ནུ་ཡིན་ནོ།། དེ་ལ་འདུལ་བ་ཡང ་བརྩན་པར་བྱེད་ལ། གང་འདུལ་བ་ལ་སྡང་བ་དེ་ལ་དེ་མཆོག་ཏུ་ཆོ་ག་ཤེས་པར་བྱེད་དོ།། སངས་རྒྱས་ཀྱི་གསུང་རབ་ལས་གང་རྐྱེན་དུ་འཚམ་པ་སྟོན་པར་བྱེད་དོ།། དེ་ལས་བཏུས ་བ་དེ་ཡང་འདུལ་བ་ཞེས་ང་ཟེར་ཏེ། དེ་ནི་འདུལ་བ་འཛིན་པ་ཡིན་ནོ།། ཡི་གེ་གཅིག་ཀྱང་ཤེས་ཏེ། གང་ཡི་གེ་གཅིག་ཤེས་པ་དེ་ལྟ་བུ་ནི་འཇིག་རྟེན་འདུལ་བ་འཛིན་པ་ཡིན་ཏེ། ་ཞེས་བྱའོ་དེ་ལྟར་དེ་བཞིན་གཤེགས་པའི་བསྟན་པ་ནི་དཔག་ཏུ་མེད་དོ།། དེ་བཞིན་གཤེགས་པ་ནི་བསམ་གྱིས་མི་ཁྱབ་པོ་གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལྟ་མོས་ཀྱང་བས ་གྱིས་མི་ཁྱབ་ལགས། རྟག་པ་དང་བསྟན་པ་དང་། ཐེར་ཟུག་དང་། ཞི་བ་ལགས་ཏེ། བསམ་གྱིས་མི་ཁྱབ་པོ་ཞེས་གཞན་དག་ལ་ཡང་བསྟན ་པར་བྱའོ།། བཅོམ་ལྡན་འདས་ཀྱིས་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ་ལེགས་སོ་ལེགས་སོ།། དེ་བཞིན་གཤེགས་པ་ནི་རྡོ་རྗེ་ལྟར་མི་གཤིག་པའི་སྐུ་འཛིན ་པ་ལ་ཞུགས་པ་ཡིན་ཏེ། དེ་ལྟར་ཡང་དག་པའི་ལྟ་བ་དང་། བསླབ་པ་གསུམ་ལ་གུས་པར་བྱའོ།། དེ་བཞིན་གཤེགས་པ་རྡོ་རྗེ་ལྟར་མི་གཤིག་པའི་སྐུ་དང་ལྡན་པར་ཡང་དག ་པའི་སྐུ་དང་ལྡན་པར་ཡང་དག་པའི་ལྟ་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཇི་ལྟར་མེ་ལོང་གི་ངོས་ལ་རང་བཞིན་གཟུགས་བརྙན་སྣང་བ་བཞིན་དུ་དོན་དམ་པའི ་སྐྲ་གསལ་བར་མཐོང་ངོ་།། རྡོ་རྗེ་ལྟར་མི་གཤིག་པའི་སྐུའི་ཕུང་པོ་ཞེས་བྱ་སྟེ་ལེའུ་གཉིས་པའོ།། །། རིགས་ཀྱི་བུ་གཞན་ཡང ་དེ་ནི་མདོ་སྡེ་འདིའི་མིང་དང་། ཡོན་ཏན་དང་ཚུལ་ཡང་དག་པ་གཟུང་བར་གྱིས་ཤིག། མདོ་སྡེ་འདིའི་མིང་ཐོས་ན། སེམས་ཅན་རྣམས་འགྲོ་བ་བཞིར་འགྲོ་བར་འགྱུར་བ་ནི ་མི་སྲིད་དེ། མདོ་སྡེ་ཆེན་པོ་འདི་ནི་ཡོན་ཏན་དང་ཚུལ་སངས་རྒྱས་མང་པོས་བསྟན་པ་དེ་ལྟ་བུ་ངས་བསྟན་པར་བྱའོ།། གསོལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ ་རྣམས་ཇི་ལྟར་མདོ་འདི་མིང་ཡང་དག་པར་འཛིན་པ་ལགས། ཇི་ལྟར་མདོ་འདིའི་མིང་འཛིན་པའི་གྲངས་སུ་གཏོགས་པ་བཀའ་སྩལ་པ། མདོ་འདི་ནི་ཡོངས་སུ་མྱ་ངན་ལས ་འདས་པ་ཞེས་བྱས་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་བ། ཚིག་འབྲུ་བཟང་བ། མ་འདྲེས་པ། ཡོངས་སུ་རྫོགས་པ ་ཡོངས་སུ་དག་པ། ཡོངས་སུ་བྱང་བ། རྡོ་རྗེ་ལྟ་བུའི་གཏེར་དང་། ཆེ་བར་གྲགས་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན། གང་གའ་དང་། ཡ་མུ་ན་ལ་སོགས་པ་ཆུ་ཀླུང ་བརྒྱད་ནི། རྒྱ་མཚོ་ཆེན་པོ་ཁོ་ནར་འབབ་པ་དེ་བཞིན་དུ། ཉོན་མོངས་པ་རྣམ་པ་སྣ་ཚོགས་བྱེ་མ་སྙེད་ཀྱི། རང་བཞིན་གྱི་བདུད་ལ་གཾ་ལ་སོགས་པ་བདུད་ཐམས་ཅད་ལས་རྒྱལ ་བ་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལུས་འདོར་ཞིང་འདི་ཁོ་ན་ཉིད་དུ་འདུ་བར་འགྱུར་ཏེ། དེ་བས་ན་ཡོངས་སུ་མ་ངན་ལས་འདས་པ་ཞེས་བྱའོ།། གཞན་ཡང་དཔེར་ན།། ་སྨན་དཔྱད་རིགས་པ་གསུམ་ལ་སོགས་པའི་རིག་པ་རྣམས་རང་རང་གི་རྒྱུད་ཕྱི་མའི་ཁོ་ནའི་ཁམས་སུ་འདུ་བར་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པས་གསུངས་པའི་རླིག་གསང ་བའི་ཆོས་ཀྱི་སྒོ་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་ཡོངས་སུ་མ་ངན་ལས་འདས་པ་ཁོ་ནའི་ཁོངས་སུ་འདུས་པར་འགྱུར་བས་ན། དེའི་ཕྱིར་ཡོངས་སུ་མ་ངན་ལས་འདས་པ་ཆེན་པོ་ཞེས་པའོ།། ། ་དཔེར་ན་དབྱར་གྱི་དུས་སུ་ཞིང་པས་བཤོལ་ཆེན་པོས་རྨོས་ཏེ། ས་བོན་འགྲུབ་པར་འདོད་པས་གྲུབ་ན་ནི་ཐམས་ཅད་གྲུབ་པའི་མཐར་ཐུག་པར་ཡིན་པའི་ཕྱིར། འདོད་པ་མེད་པར་འགྱུར་བ ་དེ་བཞིན་དུ་སེམས་ཅན་རྣམས་ཀྱི་མདོ་ཐམས་ཅད་ཀྱིས་ཏིང་ངེ་འཛིན་སྒོམས་ཟིན་ནས་ཀྱང་། མདོ་གཞན་གྱི་ས་བཅུད་འདོད་པར་བྱེད་ལ། མདོ་འདིའི་བཅུད་ནི་ཐམས་ཅད་གྲུབ་པའི་ཐར ་ཐུག་པ་དང་། འདི་སེམས་ཅན་ཐམས་ཅད་ལ་སྲིད་པ་ཐམས་ཅད་ལས་རྒལ་བར་བྱེད་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན། རྗེས་ཀྱི་རྣམ་གྲངས ་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། གླང་པོ་ཆེའི་རྗེས་ཀྱི་རྗེས་སུ་འདུ་བར་འགྱུར་ཏེ། གླང་པོ་ཆེའི་རྗེས་ནི་དེ་དག་གི་ནང་ན་མཆོག་ཅེས་བྱ། རབ་མཆོག་ཅེས་པ། གཙོ་བོ་ཞེས་བྱ ་བ་དེ་བཞིན་དུ། རིགས་ཀྱི་བུ་མདོ་གཞན་གྱི་ཏིང་ངེ་འཛིན་ཅི་ཡོད་པ་དེ་དག་ཐམས་ཅད་ནི། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཁོ་ནའི་ཁོངས་སུ་འདུས་པར་གྱུར་ཏེ། མདོ་འདིའི ་ཏིང་ངེ་འཛིན་ནི་ཐམས་ཅད་ཀྱི་ནང་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། སྟོན་གྱི་དུསུ་ལོ ་ཏོག་བཏབ་པ་ནི་རྨོས་ཐམས་ཅད་ཀྱི་ནང་ན་མཆོག་ཅེས་བྱ། རབ་མཆོག་ཅེས་བྱ། གཙོ་བོ་ཞེས་བྱ་བ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་ཆེན་པོ་འདིའི་རྟག་པ་ཉིད་ཀྱི་བ ་ཆེན་པོས་རྨོས་པ་ནི། མདོ་ཐམས་ཅད་ཀྱི་མཆོག་ཅེས་བྱ་བའོ།། རབ་མཆོག་ཅེས་བྱའོ།། གཙོ་བོ་ཞེས་བྱའོ།། དེ་བཞིན་དུ་ཐམས་ཅད་ལ་ཡང་སྦྱར་བར་བྱས་ཏེ། འདིར་དཀར་པོའི ་ཕྱོགས་ཀྱི་ཐབས་དང་སྦྱར་རོ།། ཉན་ཐོས་ཀྱི་ཐེག་པའི་ཡང་དག་པའི་མདོའི་རྣམ་པར་འབྱེད་པ་ཡང་འདིར་སྦྱར་བར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། མཁྲིས་པ་རྒྱས་པའི ་ནད་ཀྱིས་ཐེབས་པ་ལི་ནི། མར་དང་དང་ར་བ་བརྒྱད་ཀྱིས་སྨན་འབའ་ཞིག་ལྷག་པར་པན་དེ་བཞིན་དུ། དེ་བཞིན་གཤེགས་པའི་དགོངས་པའི་ཚིག་གིས་མཁྲིས་པའི་ནད་ཀྱིས་ཟིན་པ་ལ ་ཡང་ཐེག་པའི་མདོ་སྡེ་དང་། མྱ་ངན་ལས་འདས་པ་ཆེན་པོའི་དངར་བ་བརྒྱད་ཀྱི་སྨན་འབའ་ཞིག་གིས་ཕན་ཏེ། དེ་ལ་དང་རབ་བརྒྱད་གང་ཞེ་ན། རྟག་པ་དང་བསྟན་པ་དང་ཐེར་ཟུག ་དང་། ཞི་བ་དང་བསིལ་བའི་རང་བཞིན་དང་། རྒ་བ་མེད་པ་དང་། འདྲི་བ་མེད་པ་དང་། དྲི་མ་མེད་པ་དང་། འདེབས་ཏེ། འདི་རྣམས་ནི་འདིར་དང་ར་བ་བརྒྱད་ཅེས་བྱས་ཏེ། གང་གི་ས ་དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདའ་བ་ཆེན་པོའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་ཡོན་ཏན་དང་ཚུལ་དེ་ལ་གནས་ནས། ཡོངས་སུ་མྱ་ངན་ལས་འདས་པ ་རྣམ་པ་དུ་མ་སྟོན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཞེས་བྱའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདའ་བར་འདོད་པ་ནི། དེ་བཞིན་གཤེགས་པ་དང་། ་ཆོས་དང་། དགེ་འདུན་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱའོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་སྤྱོད་པ་སྤྲད་པར་འདོད་པས་ནི་དེ་བཞིན་གཤེགས ་པ་རྟག་གོ།། ཞེས་བྱ་བ་ལ་བརྩོན་པར་བྱའོ།། གསོལ་པ། ཀྱེ་མ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བསམ་གྱིས་མི་ཁྱབ་པ་ལགས་སོ།། ཆོས་བསྟན་པ་བསམ་གྱིས་མི་ཁྱབ་པ་ལག་སོ།། ་དགེ་འདུན་ཡོན་ཏན་གྱི་ཚོགས་དང་ལྡན་པ་བསམ་གྱིས་མི་ཁྱབ་པ་ལགས་སོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཡང་བསམ་གྱིས་མི་ཁྱབ་པ་ལགས་སོ།། འདི་ལ ་གང་དག་བཀའ་བཞིན་བྱེད་པ་དེ་ནི་ཡང་དག་པའི་སེམས་ཅན་ལགས་སོ།། དེ་དག་ནི་མཆོད་རྟེན་ལྟ་བུ་ལགས་སོ།། གཞན་ནི་མྱ་ངན་དུ་བགྱིད་པ་ལགས་སོ།། མི་ཤེས་པའི་དགོན་པ་ནི ་@##། དགོད་པ་ལགས་སོ།། ། མདོའི་མིང་གི་ཏན་ཚིགས་དང་ཡོན་ཏན་གྱི་ཚུལ་ཞེས་བྱ་སྟེ་ལེའུ་གསུམ་པའོ།། ་རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ལས། ཆོས་ཀྱི་རྣམ་གྲངས་རྣམ་པ་བཞི་སྟོན་པར་བྱེད་དེ། ་རྣམ་གྲངས་རྣམ་པ་བཞི་གང་ཞེ་ན། རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་དང་། གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་དང་། འདྲི་བའི་དབང་ཞེས་བྱ་བ་དང་། དོན་གྱི་དམིགས་པ་འབྱུང་བའི ་དབང་ཞེས་བྱ་སྟེ། བཞི་པོ་ནི་དེ་དག་ཡིན་ནོ།། དེ་ལ་རང་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་གང་ལ་གཟིགས་ནས་ཆོས་སྟོན་པར་མཛད་པ་སྟེ། དཔེར་ན་ཤིང ་གི་ཕུང་པོ་འབར་ཞིང་བར་གྱུར་པ་གཟིགས་ནས། དགེ་སློང་དག་གང་དག་དེ་བཞིན་གཤེགས་པ་ལས་གསང་བ་སྣ་ཚོགས་ཐོས་ན། འདི་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ།། ཞེས་གཞན ་ངག་ལ་ཟེར་ཞིང་། རང་བཟོའི་ཚིགས་འབྲུ་སྣ་ཚོགས་རྣམས་ལ། དེ་བཞིན་གཤེགས་པས་གསུངས་པ་ཡིན་ནོ།། ཞེས་བྱས་ནས། སངས་རྒྱས་བཅོམ་ལྡན་འདས་ཆོས་དང་། དགེ་སློང ་གི་དགེ་འདུན་ནི་མི་རྟག་གོ།། ཞེས་ཟེར་བར་ནི། ཤིང་གི་ཕུང་པོ་འབར་བ་འདི་ལ་ཀུན་ནས་རེག་ཅིང་སྤང་དུ་བླངས་ཀྱང་སླའོ།། གང་དག་བདུད་ཀྱིས་སྨྲས་པའོ་ཞེས་པ་དང་། གང་། ་དག་བིན་ཅི་ལོག་གི་ཆོས་དེ་འཛིན་པར་བྱེད་པ་དེ་དག་ནི་རྫུན་དུ་སྨྲས་པའོ།། དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་བྱ་བའི་ཚིག་སྨྲ་བས་ན། ཤིང་གི་ཕུང་པོ་འབར་བ་འདི་ལ་ལྕེ། ་ཀུན་ནས་རེག་པར་བྱ་སྟེ། ཤིང་ཡང་སླའོ།། ཚིག་དེ་ནི་མཉན་པར་ཡང་མི་བྱའོ།། དེ་བཞིན་གཤེགས་པ་རྟག་པའོ།། ཞེས་འདོགས་མི་ནུས་པའི་དེ་དག་ནི་མྱ་ངན་བྱ་བ་ཡིན།། ་སངས་རྒྱས་བཅོམ་ལྡན་འདས་བསམ་གྱིས་མི་ཁྱབ་པོ།། དེ་བཞིན་དུ་དེའི་རྗེས་སུ་བསྟན་པ་དང་། ཉན་ཐོས་ཀྱི་དགེ་འདུན་ཡང་བསམ་གྱིས་མི་ཁྱབ་པོ་སྙམ་དུ་བཟུང་བར་བྱའོ།། ་དེ་ལ་སོགས་པ་ཤིང་གི་ཕུང་པོ་འབར་བ་ཞེས་བྱ་བ། མནན་ཆད་ནི་རང་གི་ལྷག་པའི་བསམ་པ་ཞེས་བྱ་བའི་སྣ་དྲངས་སྲོ།། གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་བ་ནི། བཅོམ ་ལྡན་འདས་ཀྱིས་སྟོན་ཅིང་བཞུགས་པ་ནི། བུད་མེད་གཞོན་ནུ་གསར་དུ་བྱུང་བ་ལ་ལ་ཞིག། བཅོམ་ལྡན་འདས་ཀྱི་ཐད་དུ་འོངས་ནས་ཕྱོགས་ཅིག་ཏུ་འདུག་སྟེ། སེམས་ཤིང་འདུག ་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་ཐུགས་སུ་ཆུད་ནས་ཆོས་སྟོན་པར་མཛད་དེ། དཔེར་ན་བུད་མེད་བུ་ལ་བྱམས་པའི་ཐབས་མཁས་པས་ཇི་ཙམ་འཇུནས་པའི་འགྲོ། ་ཤེས་ནས་རང་གི་འཇབ་མོའི་ཐོར་ཏོས་བདག་གི་ཆུང་མར་བདག་ཏུ་བཅུག་པ་བཞིན་ནོ།། ཞེས་གསུངས་སོ་དེ་ནས་བུད་མེད་དེས་འདི་སྐད་ཅེས་གསོལ་ཏོ།། ཀྱེ་མ་བཅོམ་ལྡན་འདས ་ཀྱིས་ནི། བདག་གི་བསམ་པ་ཐུགས་སུ་ཆུད་ནས་ལྷག་ཆད་མེད་པར་བཀའ་སྩལ་ཏེ། བདག་སློབ་ཏུ་བསྐུལ་བ་ཁོ་ན་བཞིན་ལགས་སོ།། བཅོམ་ལྡན་འདས་བདག་གིས་བྱིས་པ་ལ། ་འཛུབ་མོའི་ཐོར་ཏོས་ཆབ་དམར་སྩལ་བར་གྲགས་པར་གྱུར་ཏེ། དེ་ནས་འདི་མ་ཞུ་བར་གྱུར་ལགས་སོ།། བཅོམ་ལྡན་འདས་ཅི་ལགས། བདག་གི་ཁྱེའུ་འདི་ཚེ་རིང་བར་འགྱུརརོ་རམ། ་@##། འོན་ཏེ་ཆེ་ཐུང་བར་འགྱུར་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་བསྟན་དུ་གསོལ། བཀའ་སྩལ་པ། ཁྱོད་ཀྱི་བུ་ནི་བདེ་བ་དང་ལྡན་ཞིང་ཚེ་རིང་བར ་འགྱུར་རོ།། དེ་ནས་བུད་མེད་དེས་མགུ་བར་བྱས་ནས་གསོལ་པ། ཁྱོད་ཀྱི་བདེན་པའི་ཚིག་གིས་ཤིན་ཏུ་མགུ་ལགས་སོ།། དེ་ལྟར་དེ་བཞིན་གཤེགས་པ་ནི་འདུལ་བར་བྱ་བའི་དབང་ལ ་གཟིགས་ཤིང་འཇུག་པ་དང་མི་འཇུག་པའི་ཉམས་སྟོབས་དང་སྦྱར་ནས། ཆོས་ཐམས་ཅད་བདག་མེད་པ་དང་། སྡུག་བསྔལ་བར་སྟོན་པར་མཛད་དོ།། གལ་ཏེ་བཅོམ་ལྡནས་འདས ་ཀྱི་སྟོབས་ཆེ་ཆུང་དང་མ་སྦར་བར་སེམས་ཅན་རྣམས་རྟག་པའི་བསམ་པ་བསྟན་དུ་ལགས་ན་ཆབ་མར་མ་བཞུགས་པ་དང་འདྲ་བར་སེམས་ཅན་རྣམས་ཆབ་འཚལ་བར་འགྱུར་ལགས་སོ།། བཀའ ་སྩལ་པ། ཆེ་ཞེས་ལེ་གོས་སོ་ལེགས་སོ།། རིགས་ཀྱི་བུ་མོས་དེ་ལྟར་བ་དགོས་སོ།། ཆེ་ཞེས་གཞན་ཡང་གང་གི་ཚེ་ཁྱོད་ཀྱི་བུ་གོམ་པ་འདོར་ནུས་པ་དེའི་ཚེ། ཁ་ཟས་སྣུམ་པ་གང་དང ་གང་ཟིན་པ་དེ་དང་དེ་འཇུ་བར་ནུས་པར་འགྱུར་རོ།། བཅོམ་ལྡན་འདས་དེ་ནི་བཀའ་མེད་དོ།། བཀའ་སྩལ་པ། ཅི་དང་པོ་ཟས་ཀྱིས་མགུ་པར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས ་དེ་ནི་མཽ་ལགས་སོ།། བཀའ་སྩལ་པ། ཆེ་ཞེས་དེ་བཞིན་དུ་གང་གི་ཚེ་ངའི་ཉན་ཐོས་རྣམས་བྱིས་པ་ཆུང་ངུ་ཉུང་ངུ་ཟ་བ་དང་འདྲ་བ་དེའི་ཚེ་ན། དམར་དང་འདྲ་བའི་སྡུག་བསྔལ་དང་། མི་རྟག ་བ་དང་སྟོང་པ་དང་། བདག་མེད་པའི་བསྟན་པ་བསྟན་ནོ།། གང་གི་ཚེ་ཁྱོད་ཀྱི་བུ་སྐྱེས་པ་བཞིན་དུ། ཉན་ཐོས་ཆེན་པོར་གྱུར་ཏེ། སྟོབས་ཆེར་སྐྱེས་ཤིང་ཐེག་པ་ཆེན་པོ་འདོད་པ་དེའི་ཚེ ་ང་ཡང་རོ་དྲུག་དང་ལྡན་པའི་ཁ་ཟས་ཆེན་དང་འདྲ་བའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་སྟོན་ཏོ།། དེ་ལ་རོ་དྲག་པོ་རྣམས་གང་ཞེ་ན། སྡུག་བསྔལ་གྱི་སྦྱར་བ་དང་། མི་རྟག་པའི་ལན ་ཚ་དང་། བདག་མེད་པའི་ཚ་བ་དང་། བདེ་བའི་དངར་བ་དང་། བདག་ཡོད་པའི་བསྐལ་པ་དང་རྟག་པའི་ཁ་བ་རྣམས་ཏེ། རོ་དྲུག་པོ་འདི་རྣམས་ཉོན་མོངས་པའི་བུ་ཤིང་དང་། སྒྲ ་མའི་སེམས་བཅོས་པའི་ཟས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དེ་ཁོ་ན་ཉིད་ཀྱི་འབྲས་ཆེན་ཞིམ་པོ་ངའི་ཉན་ཐོས་རྣམས་ཟ་བར་འགྱུར་རོ།། ཆེ་ཞེས་གཞན་ཡང་དཔེར་ན། ཁྱོད ་གཞན་གྱིས་བོས་སམ། གཞན་གྱི་གཙུག་ཕུད་བཅའ་བའི་ཕྱིར་གཞན་དུ་འགྲོ་བར་འདོད་པ་ན། བུ་ངན་པ་རྣམས་བོར་ཏི་བུ་བཟང་པོ་རྣམས་བླངས་ནས། གཏེར་བསམ་པ་རྣམས ་སྟོན་པར་མཛད་དམ། བཅོམ་ལྡན་འདས་དེ་ནི་བཀའ་མེདོ་དེ། བུ་ངན་པ་ཚུལ་མཆིས་པ། ནེར་གྱི་སྐལ་བ་ཅན་མ་ལག་པ་དེ་དག་ལ་ནི་བདག་ནོར་སྟོན་པར་མི་བགྱིད་ལགས་ཀྱི། ་བདག་ནི་བུ་བཟང་པོ་ཁྱིམ་སོ་ཟིན་འཁྱིམ་གྱི་དོན་གྲུབ་པ། རྫས་བསྟན་པར་འོས་པ་དེ་དག་ལ་སྟོན་པར་བགྱིད་ལགས་སོ།། བཀའ་སྩལ་པ། ཆེ་ཞེས་དེ་བཞིན་དུ་མྱ་ངན་ལས་འདས་པ།། ཆེན ་པོར་འགྲོ་བའི་བྱ་བ་བྱེད་པ་དེའི་ཚེ།། དེ་བཞིན་གཤེགས་པ་གསང་བ་སྣ་ཚོགས་ཀྱིས་དགོངས་པའི་ཚིག་མ་ལུས་པར་ཉན་ཐོས་རྣམས་ལ་སྟོན་ཏེ། དེར་སྲས་རྣམས་ལ་དད་པ་སྦྱིན་པར ་མཛད་དེ། ཆེ་ཞེས་དཔེར་ན་ཁྱོད་བྱེསུ་སོང་བས་ན། བུ་ངན་པ་རྣམས་ཁྱོད་མ་ཤི་བར་ཤིའོ་སྙམ་དུ་སེམས་སམ། བཅོམ་ལྡན་འདས་ཀྱི་དཀའ་མེད་དོ།། བཀའ་སྩལ་པ། ཁྱོད་དེ་ནས ་ཕྱིར་འོང་བ་དེ་དག་གི་མཐོང་བ་དེ་བཞིན་དུ། ཆེ་ཞེས་ང་ལ་མི་རྟག་གོ་སྙམ་དུ་འདུ་ཤེས་མ་བྱེད་ཅིག། དེང་དེ་བཞིན་གཤེས་པ་མྱ་ངན་ལས་འདའ། ་ངར་འགྱུར་ཞེས་ཤི་བའི་འདུ་ཤེས་བཞིན་དུ་དེ་ལྟར་མ་འཛིན་ཅིག། གང་དག་རྟག་ཏུ་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་ཐེར་ཟུག་པའོ་སྙམ་དུ་འཛིན་པ་དེ་ག་གི་ཁྱིམ ་ན་ནི་དེ་བཞིན་གཤེགས་པ་བཞུགས་ཏེ། འདི་ནི་གཞན་གྱི་ལྷག་པའི་བསམ་པ་ཞེས་བྱའོ།། འདྲི་བའི་དབང་ཞེས་བྱ་བ་ནི་འདི་ན་ལ་ལ་ཞིག། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ལ་ཞུ་བ་བྱེད། བཅོམ་ལྡན་འདས་ཇི་ལྟར་བགྱིད་ན་བདག་གིས་སུ་ལ་མཱ་སྐུལ་བར། འཇིག་རྟེན་སྦྱིན་པའི་བདག་པོར་གྲགས་པའི་གཏམ་སྙན་པ་ཐོས ་པར་འགྱུར་ལགས། དེ་བཞིན་གཤེགས་པས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆགས་པ་མེད་པ་ལ་ཕྲན་དང་ཟན་མོ་བླང་བར་སྟོབས་ཤིག། གཏན་དུ་ཚངས་པར་སྤྱོད་པ་ལ་བུ་མོའི་སྤྲིན ་པ་གྱིས་ཤིག། ཤ་ཟ་མི་ཤ་ཟ་བ་ལ་ཤ་ཟར་ཆུག་ཤིག་ཆར་མི་འཐུང་བ་ཆང་འཐུང་ཆུག་ཤིག། དུས་སུ་ཟ་བ་ལ་དུས་མ་ཡིན་པར་ཟས་སྦྱིན་ཅིག། མེ་ཏོག་ཕྲེང་དང་། རྒྱན་མི་ཐོགས་པ་ལ ་ཕྱེ་དང་། སྤོས་དང་། མེ་ཏོག་དང་། བདུག་པ་རྣམ་བྱིན་ཅིག་དེ་དག་གི་དུས་ཤེས་པར་གྱིས་ཤིག། མགྲོན་དུ་ངེས་ཤིག་དང་འཇིག་རྟེན་འདིར་སྦྱིན་བདག་གི་རྒྱལ་པོ་ཡིན་ནོ་ཞེས ་གྲགས་པ་ཆེན་པོར་འགྱུར་ཏེ། བསོད་ནམས་འཕེལ་བར་མི་འགྱུར་རོ།། ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ།། ་། བམ་པོ་བཞི་པ།། ། དེ་ནས་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། ཤ་མི ་འཆལ་བ་ལ་འཇུད་པ་ནི་ཆེད་ཆེར་གྱི་ལགས་ན། ཤ་མི་འཚལ་བ་ལ་འཚལ་དུ་སྩལ་ན། ནོངས་པར་མི་འགྱུར་ལགས་སམ། བཀའ་སྩལ་པ། རིགས་ཀྱིས་བུའི་ལེགས་སོ ་ལེགས་སོ།། ཁྱོད་ཀྱིས་ངའི་དགོངས་པ་རིག་སྟེ། དམ་པའི་ཆོས་སྲུང་བ་ནི་དེ་དེ་ལྟར་བྱ་དགོས་སོ།། རིགས་ཀྱི་བུ་ཕྱིན་ཆད་ངའི་ཉན་ཐོས་རྣམས་ཤ་ཟ་བར་མི་ག་ནང་ངོ་།། ་ཡུལ་འཁོར་གྱི་བསོད་སྙོམས་ནི་བུའི་ཤ་དང་འདྲའོ་ཞེས་བྱས་ན། ཤ་ཟ་བ་ངས་ཇི་ལྟར་གནང་། ཤ་ཟ་བ་ནི་བྱམས་པ་ཆེན་པོ་ཆད་པར་འགྱུར་རོ།། ཞེས་ངས་བསྟན་ཏོ།། ་གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་མུ་གསུམ་ཡོངས་སུ་དག་པའི་ཤ་ཟ་བར་གནང་ལགས། བཀའ་སྩལ་པ། མུ་གསུམ་ཡོངས་སུ་དག་པ་འདི་ནི། ངས་རིམས་ཀྱིས་བསླབ ་པའི་ཞི་བ་དམ་པའི་ཕྱིར་དེང་ངས་བོད་དོ་གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ། དོན་ཆེད་ཀྱི་མུ་གུ། ཤ་རྣམ་པ་བཅུ་སྤངས་པར་བཀའ་སྩལ་པ་ལགས། བཀའ ་སྩལ་པ། ཚིག་བཞག་པ་དེ་དག་ཀྱང་ཤ་མི་ཟ་བར་བསྡམས་པའི་ཕྱིར་གཅོད་དོ།། གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ། ཤ་དང་ཉ་ཤ་ཟ་བ་རྣམས་ཁ་ཟས་བཟད ་བོར་མ་གསུངས་ཀྱི། ངས་ནི་བུར་ཤིང་དང་། འབྲས་ས་ལུ་དང་། འབྲུ་དང་གྲོ་དང་། ནས་དང་སྲན་སྡེའུ་དང་། སྲན་གྲེའུ་རྣམས་དང་། དངར་བག་ཁ་ར་དང་། ལི་ཁ་ར་དང་། ་@སྦྲང་རྩི་དང་། མར་དང་། འོ་མ་དང་། འབྲུ་མར་རྣམས་ཁ་ཟས་བཟང་པོར་གསུངས་སོ།། ངས་ནི་ལུས་དག་པའི་ཕྱིར་གོས་སྣ་ཚོགས ་ཀྱང་། ཁ་དོག་ངན་པར་བསྒྱུར་བར་བྱའོ་ཞེས་བསྟན་ན། ཤ་ཟ་བའི་རོ་ལ་ཆགས་པ་ལྟ་ཅི་སྨོས། གསོལ་པ། དེ་ལྟར་ན་ནི་བཅུད་རྣམ་པ་ལྔ་དང་། ཏིལ་དང་། བུ་རམ ་ཤིང་གི་ཁུ་བ་དང་། དུང་དང་། ཟབ་དར་དང་། གོས་པ་ནི་ཁྲིམས་སུ་བཅའ་བའི་རིགས་སོ།། བཀའ་སྩལ་པ། གཅེར་བུའི་ལྟ་བ་མ་འཛིན་ཅིག། ང་ནི་འདུ་ཤེས ་གཞན་གྱིས་ཁྱོད་ལ་བསླབ་པའི་གཞི་བཅའ་བར་བྱ་སྟེ། མུ་གསུམ་གྱི་ཤ་ཡང་མི་ཟ་བར་བསྡམས་སོ།། དོན་ཆད་དུ་བྱས་པ་དེ་ཁྱོད་ཀྱིས་ཕ་ཡང་བསྡམས་སོ་རྣམ་པ་བཅུ་ལ ་མ་གཏོགས་པ་དེ་ཡང་སྤངས་སོ།། ཤི་བའི་ཤ་ཡང་སྤངས་སོ།། ཤ་ཟ་བ་ནི་འགྲོ་བ་ཡང་རུང་སྟེ། སྲོག་ཆགས་ཐམས་ཅད་དེའི་དྲི་ཚོར་ནས་དེས་འཇིགས་ཏེ། དཔེར་ན ་མིས་ཤིན་ཏུ་ཀུན་ནས་སྒོག་སྐྱ་ཟོས་ན། མིའོ་ཅོག་གི་སེམས་མ་དད་པར་འགྱུར་ཞིང་། མི་མཐུན་པར་འགྱུར་ལ། མི་མང་པོ་ཚོགས་པ་སྐྱེ་བོ་མང་པོས་གང་གདའ་བའི ་ནང་དུ། སེམས་ཅན་དེ་དག་གི་ཆེ་གེ་མོ་ཞིག་གིས་ཟོས་སོ་ཞེས་ཤེས་པ་དེ་བཞིན་དུ་སྲོག་ཆགས་ཐམས་ཅད་ཀྱིས་ཤ་ཟ་བའི་མི་ཤེས་ཏེ། དེ་དག་གིས་དྲི་ཚོར་ནས་འཆི་བའི་འཇིགས ་པས་སྒེག་པར་འགྱུར་ཏེ། དེ་རྒྱུ་ཞིང་འགྲོ་བ་ན། ཆུ་དང་། སྐམས་ས་དང་། ནམ་མཁའ་ལ་གནས་པའི་སྐྱེ་བོ་རྣམས་སྐྲག་སྟེ། བདག་ཅག་འདིས་བསད་དུ་འོང་ངོ་སྙམ་ནས། ་འཁམས་པས་ཀྱང་འཆི་བར་འགྱུར་རོ།། རྒྱུ་དེ་དག་གིས་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཤ་མི་ཟའོ།། དབུལ་བར་བྱ་བའི་དབང་གིས་ནི་ཤ་ཟ་བ་ལྟ་བུ་ཡང ་སྟོན་མོད་ཀྱི། ཁ་ཟས་ཐ་མལ་པ་ཡང་མི་ཟ་ནི་ཤ་ལྟ་བུ་ཅི་སྨོས། རིགས་ཀྱི་བུ་དེ་བར་འདས་པའི་འོག་ཏུ་ལོག་བརྒྱ་ཕྲག་མང་པོ་འདས་པ་ན། རྒྱུན་དུ་ཞུགས་པ་དང་། ལན་ཅིག ་ཕྱིར་འོང་བ་དང་། དགྲ་བཅོམ་པ་རྣམས་མེད་པར་འགྱུར་ལ། དམ་པའི་ཆོས་གཏན་ཞིག་པའི་ཚེ། དགེ་སློང་འདུལ་བ་དང་། མ་མོ་འཛིན་པ། རྟོགས་པ་སྣ་ཚོགས་ཅན། རང ་གི་ལུས་གསོ་བར་བྱེད་པ། ཤ་སྣ་ཚོགས་གཅེས་པར་འཛིན་པ། ཁམས་འཁྲུགས་པ་དང་། བཀྲེས་པ་དང་། སྐོམ་པས་གཟིར་བ། ཆ་ལུགས་འཇིགས་འཇིགས་ལྟར ་འདུག་པ། བ་ཡང་རྫི་འདྲ་བ། བྱ་འདྲ་བ། ཆོས་གོས་ཆོས་ཅན་གྱི་རྟགས་འཆང་བ། བྱི་ལའི་བརྟུལ་སྨོད་པ། བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་ཁས་ཕེ་བ། གནོད་པ ་མང་པོས་ཉེན་པ། རང་གི་གཅིན་དང་ཕྱི་སས་ལུས་གོས་པ། ཐོབ་པ་དེ་བཞིན་དུ་ཆ་ལུགས་བཟང་པོར་འཆོས་ལ་དགེ་འདུ་སྤོང་ལྟར་འཆོས་པ་དམ་པའི་ཆོས་ལྟ་རོ་བཅོས་མའི་ཡི ་གེ་འཆང་བ་དག་འབྱུང་བར་འགྱུར་རོ།། དེ་དག་གིས་ངས་བཅས་པའི་འདུལ་བ་དང་། ཆོ་ག་དང་། སྤྱོད་ཡུལ་དང་ལྡན་པོའི་ཚུལ་དང་། རུང་བ་མ་ཡིན་པ་ལ་ཆགས་པ ་རྣམ་པར་གྲོལ། ཐར་པའི་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་གེ་ཤིག་ནས་འདུལ་བ་དང་། མདོ་སྡེ་སོ་སོ་ནས་ཅི་དགའ་མགུར་འཆོས་ཤིང་སྨྲ་བར་བྱེད་དོ།། དེ་ལྟར་བདག་གི་འདུལ ་བ་ལས། བཅོམ་ལྡན་འདས་ཀྱི་ཤའི་བཅུད་ཀྱི་སྲིན་པ་ནི། རུང་བ་ཡིན་ནོ་ཞེས་གསུངས་སོ་ཞེས་ཟེར་ཞིང་། ཤཀྱའི་དགེ་སློང་རྣམས་བདག ་ཉིད་ཀྱི་རང་ཟོར་བྱེད་ཅིང་། འགལ་བར་སྨྲ་བ་དག་འབྱང་བར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་རུང་བ་མ་ཡིན་པའི་འབྲས་རྗེན་པ་དང་། ཤ་དང་ཉ་ཤ་ལེན་པ་དང་། སྨྲམས། ་བུ་སྦྱོར་བ་དང་། འབྲུ་མར་གྱི་སྣོད་དང་། གདུགས་བྱེད་པ་དང་། རྒྱལ་པོ་ལ་རྟེན་པ་དང་། མོ་ཡིག་འཆང་བ་དང་། སྨན་པའི་དཔྱད་ལ་བརྩོན་པ་དང་། བྲན་དང་བྲན་མེ ་དང་། གསེར་དང་། དངུལ་དང་། བྱ་རུ་དང་། མན་ཤེལ་དང་། མུ་ཏིག་གི་དོ་ཤལ་དང་། ཤིང་ཐོག་རྣམས་ལེན་པ་དང་། རིག་པ་དང་། རི་མོ་མཁན་དང་། གཟུགས ་མཁན་དང་། སྐེད་ཤིང་འཛུགས་པ་དང་། གསང་སྔགས་དང་། སྨན་དང་། བྱིས་པའི་རྩེད་མོ་དང་གར་ཐབས་ཀྱི་ཡན་ལག་དང་། མིག་འཕྲུལ་དང་། རེངས་པར་བྱེད་པའི ་སྤོར་བར་དང་། ཀླ་གར་དང་། མེ་ཏོག་ཕྲེང་བ་དང་། སོ་རྩི་དང་། སྨན་མར་ཆེན་པོ་སྐོལ་བ་དང་། སྤོས་དང་བྱུག་པ་པ་འཆང་བ་དང་། འགྲོ་བའི་རྣམས་སློབ་པ་དང་། སྒེག་པའི ་སྤོར་བ་ལ་བརྩོན་པ་དག་འབྱུང་བར་འགྱུར་ཏེ། དེ་དག་སྤངས་པ་ནི་དགེ་སློང་ཞེས་ད་ཟེར་རོ།། གསོལ་པ། བཅོམ་ལྡན་འདས་འོ་ན་ཇི་ལྟར་བགྱི་ལགས། དགེ་སློང་ངམ། དགེ ་སློང་མ་འམ་དགེ་བསྙེན་ནམ། དགེ་བསྙེན་མ་འམ། གཞན་གྱིས་སྩལ་པས་འཚོ་བ་རྣམས་ཀྱིས། ཡུལ་གང་མ་བརྟགས་པའི་ཟས་མོད་པའི་ཟས་མོད་པ་དེར། བསོད་སྙོམས ་ཤ་དང་འདྲེས་ཇི་ལྟར་དག་པར་བགྱིད་ལགས་བཀའ་སྩལ་པ། རིགས་ཀྱི་བུ་ཅི་ནས་འདུལ་བ་དང་མི་འགལ་བར་ཆུས་བཀྲུས་ཏེ། བཟའ་བར་བྱའོ་ཞེས་ངས་བསྟན་ཏོ།། ཡུལ་དེ་ལྟ་བུ ་ན་ཟས་དང་སྐོམ་ཤའི་ཟས་ཤས་ཆེར་འདྲེས་པར་སྣང་བ་དེ་ལྟ་བུ་ནི་སྤང་བར་བྱའོ།། སྣོད་གཅིག་ལ་གཅིག་རེག་སྟེ། ཁ་ཟས་དངོས་མ་འདྲེས་པ་དེ་ལ་ནི་ཉེས་པ་མེད་དོ།། ཤ་འམ་ཉ་ཤ ་འམ་རི་བདགས་ཀྱི་ཤ་འམ། སྨིག་མ་སྐམ་པོ་འམ། ཤ་བག་གཞན་གྱིས་འབགས་པ་རྣམས་ཀྱང་ལྟུང་བྱེད་དོ་འགྱུར་རོ།། ཞེས་ང་ཟེར་རོ།། སྔར་ནི་དོན་གྱི་དམིགས་འབྱུང་བའི ་སྐབས་སུ་བསྟན་ཏོ།། དེ་འདིར་ནི་ཤ་ཟ་ན་བ་ལས་གནོད་པར་འགྱུར་བ་ངས་བསྟན་ཏེ། འདི་ནི་ང་ཡོང་སུ་མྱ་ངན་ལས་འདའ་བའི་ཚེ། མང་དུ་བཤད་པ་ཡིན་ཏེ། འདི ་ནི་འདྲི་བའི་དབང་ཞེས་བྱའོ།། དེ་ལ་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བ་ནི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་སྨིན་མ་གཾ་དག་ང་ལ་འདི ་སྐད་ཅེས་དྲི་བར་བྱེད་དེ། དེ་བཞིན་གཤེགས་པས་ཐོག་མར་མགོ་ཅིག་ཁོ་ནར་བཀའ་སྩལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར ་རྫོགས་པའི་སངས་རྒྱས་ཀྱིས། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་དོན་དང་ཚིག་འདི་རྣམས་ཅིའི་སླད་དུ་བཀའ་མ་སྩལ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས ་ཆོས་ཀྱི་སྒོ་དེ་ལྟར་བཀའ་སྩལ་པ་ནི། ལེགས་པར་གསུངས་པ་མ་ལགས་སོ་ཞེས་ཟེར་ན། ཉེས་པར་འགྱུར་རོ།། ཞེས་ང་ཟེར་རོ།། སྲུང་མ་ཞེས་བྱ་བ་ནི་ཇི་སྐད་བཤད ་སོ་སོར་ཐར་པ་ཞེས་བྱ་བ་ནི་ཇི་སྐད་དུ་བཤད་ཅེ་ན། ཉེ་བ་གཞན་ཡང་དུ་མ་ཡོད་དེ། དེ་ནི་དག་ཉོན་ཅིག་དེ་ལ་སོ་སོར་ཐར་པ་ཇི་སྐད་ཅེས། སོ ་སོར་ཐར་པ་ཞེས་བྱ་བ་ནི་ཆོ་ག་ཤེས་པ་དང་། ཡོ་བད་བསྐུད་བ་དང་ལེན་པ་མེད་པའོ།། གཅིག་ཏུ་སོ་སོར་ཐར་པ་ཞེས་བྱ་བ་ནི་གཉི་ཀའི་དོན་ལས་གསོ་བར་བྱེད་པའི ་ཕྱིར་རོ།། ལོག་པའི་ལམ་ལ་གྲོལ་བར་བྱེད་པས་ན་ཐར་པའོ།། སྲུང་བ་ཞེས་བྱ་བ་ནི་རུང་བ་མ་ཡིན་པ་ཐམས་ཅད་ཀྱིས་འཚེ་བས་འགྲོ་བ་བཞི་པོ་རྣམས་སུ་ལྷུང་བར ་བྱེད་པ་དང་། སེམས་ཅན་དམྱལ་བ་མནར་མེད་པ་ལ་སོགས་པ་འཇིགས་པའི་གནས་ཐམས་ཅད་དུ་འཚོ་བར་འགྱུར་བ་དེ་ལ་སྲུང་བའི་ཕྱིར་རོ།། འདུལ་བ་ཞེས་བྱ་བ་ནི ་ཐོབ་པར་བྱེད་པ་དང་། འདུལ་བར་བྱེད་པ་དང་། ཆོ་ག་སྟོན་པའི་ཕྱིར་དང་། རྫས་ངན་པ་མེད་པས་ངེས་པར་འབྱུང་བ་མེད་པའི་ཕྱིར་རྫས་ངན་པ་ལེན་པ་ཡང་མེད། ་རྫས་ངན་པ་སྦྱིན་པ་ཡང་མེད་པ་དེ་ནི་འདུལ་བ་ཞེས་བྱའོ།། འོ་ན་འདུལ་བའི་བསླབ་པའི་གཞི་དེ་ཅིའི་ཕྱིར་གཅིག་ཆེར་མ་བཅས་ཞེས་ན་དེའི་ཚེ། ཁ་ཅིག་ཕམ་པ ་བཞིའི་ཉེས་པ་འབྱུང་བ་དག་ཀྱང་ཡོད། དགེ་འདུན་གྱི་ལྷག་མ་བཅུ་གསུམ་གྱི་ཉེས་པ་བྱུང་བ་དག་ཀྱང་ཡོད། སྤད་པའི་ལྟུང་བ་སུམ་ཅུའི་ཉེས་པ་བྱུང་བ་དག ་ཀྱང་ཡོད། སོ་སོར་བཤགས་པར་བྱ་བ་བཞིའི་ཉེས་པ་བྱུང་བ་དག་ཀྱང་ཡོད། བསླབ་པ་མང་པོའི་ཆོས་ཀྱི་ཉེས་པ་བྱུང་བ་དག་ཀྱང་ཡོད། རྩོད་པ་ཞི་བར་བྱ ་ལྟུང་བ་ཉི་ཚེའི་དཀུ་བཅུ་རྩ་གཅིག་གིས་ཉེས་པ་བྱུང་བ་དག་ཀྱང་ཡོད། ་བ་བདུན་གྱིས་ཉེས་པ་བྱུང་བ་དག་ཀྱང་ཡོད། རྟག་ཏུ་བསླབ་པ་ཐམས་ཅད་ལས་འགལ་བར་བྱེད་པ་དག་ཀྱང་ཡོད། མཚམས་མེད་པ་བྱེད་པ་དག་ཀྱང་ཡོད། མདོ་སྡེ་སྤོང ་བ་དག་ཀྱང་ཡོད། འདོད་ཆེན་པོའི་མཐར་ཐུག་པའི་རྒྱུ་མཚན་ཉིད་རྫོགས་པ་དག་ཀྱང་ཡོད་དེ། འདི་ནི་དགེ་སློང་སྡིག་པའི་ལས་བྱེད་པ་ཆོས་ཐམས་ཅད་ལས ་ཐུལ་བ་དེ་དག་གཞན་དག་གིས། བསྐལ་ན་ཡང་བདག་ཉིད་མངོན་པའི་ང་རྒྱལ་བྱེད་ཅིང་། ཆགས་པར་བྱེད་དེ། གསོར་རུང་བ་ཡང་གསང་སྟེ། གསོར་མི་རུང་བ་དག ་ཀྱང་ཡོད། ཁ་ཅིག་ནི་རུས་སྦལ་གྱི་ལུས་བཞིན་དུ་སྦེད་པ་དག་ཀྱང་ཡོད་དེ། དེ་ལྟར་བདག་ཉེས་པ་ཡུན་རིང་དུ་བཅབས་པས། ཉེས་པ་འབྱུང་ཞིང་སྡིག་པ་བསགས་པར་འགྱུར། ་དེ་བས་ན་དེའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་མཁྱེན་པ་ཡིན་པས་སྡིག་པ་རྣམས་ལ་གནས་རེ་རེ་ནས་འདྲི་བར་མཛད་དེ། ཐོག་མ་ཁོ་ནར་ཅིག་བཅས་པ་ན་བསླབ་པའི་གཞི་ཐད ་གཅིག་ཆར་བཅའ་བར་མི་མཛད་དོ།། གསོལ་པ། དེ་བཞིན་གཤེགས་པས་མཁྱེན་བཞིན་དུ། དེ་བཞིན་དུ་དེ་དག་མནར་མེད་པ་ཤིན་ཏུ་འཇིགས་པའི་སར་བཏབ་པར་མཛད་དམ་ཅི ་ལགས། དཔེར་གསོལ་ན། འགྲོན་པོ་དག་ཅིག་ཤུལ་དུ་ཞུགས་ཏེ། ཤུལ་དྲང་པོར་འཚལ་བ་ལས། དེར་ཤུལ་གཅིག་ནི་ལོགས་ཤིག་ཏུ་འཆི་བ་ལགས་ལ། དེ་དག་གིས་ཀྱང ་ཤུལ་བོར་ཏེ་ལོག་པར་ཞུགས་ཤིང་མ་རུང་བར་གྱུར་ཀྱང་། བདག་ཅག་ནི་ཤུལ་ལོག་པར་ཞུགས་སོ་སྙམ་དུ་མ་ཚོར་ནས། འདི་ནི་ཤུལ་བཟང་པོ་ལགས་སོ།། སྙམ་དུ་འཛིན་ཅིང ་དོང་ལ། ཕ་རྒྱུ་བའི་འགྲོན་པོ་ཡང་མ་མཐོང་བ་དེ་བཞིན་དུ། ཆོས་ལ་རྨོངས་པའི་སེམས་ཅན་དམ་པའི་ཆོས་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ལ། བཅོམ་ལྡན ་འདས་ཀྱིས་ཐོག་མ་ཁོ་ནར་ཤལ་བསྟན་འཚལ་བ་ལས། སྔར་སྣོངས་རྨངས་ཆེ་ཆུང་མ་བསྟན་པས་དགེ་སློང་རྣམས་ཉེས་པ་རྣམས་ཀྱི་ནང་དུ་ལྷུང་བར་འགྱུར་ན། འདི་ལྟར་བཅོམ་ལྡན ་འདས་བདེན་པའི་འགྲོན་པོ་བདེན་པའི་ལམ་གྱི་ཁྱད་པར་གཟིགས་པ། ཆོས་ཀྱི་ལམ་གྱི་ཡོན་ཏན་གྱི་ཁྱད་པར་གྱི་ཕན་ཡོན་ཡང་དག་པར་གཟིགས་པ་ལྷའི་ཡང་ལྷ་བཅོམ་ལྡན་འདས ་ཀྱིས་དེའི་ཚེ་ཆེད་དུ་བསླབ་པའི་གཞི་བཅའ་བ་བསྟན་དུ་གསོལ། བཀའ་སྩལ་པ་འོད་སྲང་ཆེན་པོ་དང་དུས་ཅིག་པ་ཁྱོད་དེ་བཞིན་གཤེགས་པ་ལ་དེ་སྐད་མ་ཟེར་ཅིག་དེ་བཞིན་གཤེགས ་བ་ནི་ཡོན་ཏན་གྱི་ཁྱད་པར་གྱི་ཆོས་བཅུ་ཡང་དག་པར་གཟིགས་པ་ཡིན་ལ། སེམས་ཅན་ཐམས་ཅད་ལ་ཡང་སྒྲ་གཅན་འཛིན་བཞིན་དུ་གཟིགས་ན། ཇི་ལྟར་དགེ་སློང་རྣམས་མནར ་མེད་པར་འགྲོ་བར་མཛད། དེ་བཞིན་གཤེགས་པ་ནི་གལ་ཏེ་སེམས་ཅན་གཅིག་གིས་རྒྱུ་དེ་འདྲ་བ་ཞིག་གཟིགས་ན་ཡང་། དེ་ངེས་པར་བསྒྲལ་བའི་ཕྱིར་བསྐལ་པ་འམ་བསྐལ་པ ་བས་ལྷག་པར་སེམས་ཅན་དམྱལ་བར་བཞུགས་སྤྲོད་ན། ཐུགས་བརྩེ་བ་དང་ལྡན་པ་ཇི་ལྟ་བ་ཉིད་ཀྱི་སྲས་རྣམས་བསླུས་པར་མཛད། འོད་སྲུངས་ཆེན་པོ་དང་རུས་ཅིག་པ་དཔེར་ན། ་གྲོང་ཁྱེར་རམ། རི་ཁྲོད་ཀྱི་གྲོང་ཞིག་ཐ་ག་པ་ཞིག་ཡོད་ན་དེ་ནི་དེར་རས་ཐག་པའི་ཡོ་བྱད་ཐགས་ཤ་གང་ཁ་རྒྱལ་བ་འདོར་བྱེད་པ་དང་། དཔེར་ན་འཁོར་ལོས་བསྐུར་བའི་རྒྱལ ་པ་ནི། ཐོག་མ་ཁོ་ནར་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཅིག་ཆར་སྦྱོར་བ་མི་བྱེད་ཀྱི། སེམས་ཅན་གང་དང་གང་ཆོས་མ་ཡིན་པ་དེ་དང་དེ་དག་འཁོར་ལོ་རིན་པོ་ཆེས་བཏུལ་བ་ནས། ་དམ་པའི་ཆོས་ལ་བཀོད་པ་དེ་བཞིན་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱང་ཐོག་མ་ཁོ་ནར་སོ་སོར་ཐར་པའི་བསླབ་པའི་གཞི་གཅིག་ཆར་འཆའ་བར་མི་མཛད་ཀྱི། དགེ་སློང ་གང་དང་གང་གི་ཉེས་པ་ཅི་དང་ཅི་བྱས་པའི་དོན་གྱི་དམིགས་བྱང་བ་དེ་དང་དེ་གཞིར་མཛད་ནས། བསླབ་པའི་གཞི་བཅའ་བར་འདོད་ལ། སེམས་ཅན་ཆོས་འདོད་པ་རྣམས་ཀྱིས ་དེ་དང་དེ་མཐོང་ན་ཡིད་ཆེས་པར་འགྱུར་ཏེ། དེ་དག་དབང་དུ་མཆོག། དེ་ལྟར་ན་ཤིན་ཏུ་དཀའ་བའི་ཆོས་ཡང་དག་པར་གཟིགས་ནས། ཐ་ག་པ་དང་འཁོར་ལོས་བསྐུར་བའི ་རྒྱལ་པོའི་ཆོས་ཉིད་ཇི་ལྟ་བ་བཞིན་དུ། ཆོས་ཀྱི་འཁོར་ལོ་བསྐོར་བའི་སངས་རྒྱས་རྣམས་ཀྱིས་ཆོས་ཀྱང་དེ་དང་འདྲ་སྟེ་དེ་ལྟར་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་བསམ ་གྱིས་མི་ཁྱབ་པོ།། ཆོས་བསྟན་པ་ཡང་བསམ་གྱིས་མི་ཁྱབ་པོ།། དེ་བཞིན་དུ་ཉན་པ་པོ་རྣམས་དང་ཡིད་ཆེས་པ་རྣམས་ཀྱང་བསམ་གྱིས་མི་ཁྱབ་སྟེ། འདི་ནི་དོན་གྱི་དམིགས ་པའི་དབང་ཞེས་བྱའོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དོན་གྱི་དམིགས་འབྱུང་བའི་ཕྱིར་དང་། ཡོངས་སུ་མྱ་ངན་ལས་འདས་པའི་ཕྱིར། ཆོས་ཀྱི་རྣམ ་གྲངས་འདི་བཞིས་ཆོས་སྟོན་པར་བྱེད་དེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་དོན་གྱི་དམིགས་བྱུང་བའི་དབང་ཞེས་བྱ་བར་ཡིན་པར་རིག་པར་བྱའོ།། བདག ་ག་གི་ལྷག་པའི་བསམ་པ་ཞེས་བྱ་བ་ནི། དེང་ངའི་ལྷག་པའི་བསམ་པས་བསྟན་པ་བཤད་པས་ན། བདག་གི་ལྷག་པའི་བསམ་པ་ཞེས་བྱ་བ་ཡང་ཡོངས་སུ་མྱ་ངན་ལས་འདས ་པ་ཆེན་པོའི་མདོ་ཡིན་པར་རིག་པར་བྱའོ།། གཞན་གྱི་ལྷག་པའི་བསམ་པ་ཞེས་བྱ་བ་ཡང་། ངས་དགེ་སློང་རྣམས་ཀྱི་བསམ་པ་རྟོག་ནས་ང་ནི་རྟག་གོ་ཞེས་བསྟོན་པས་ན། གཞན ་གྱི་ལྷག་པའི་བསམ་པ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཡིན་པར་རིག་པར་བྱའོ།། འདྲའི་དབང་ཞེས་བྱ་བ་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཆོག་ཏུ ་ཕྲ་བའི་ཡེ་ཤེས་དང་ལྡན་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ་ཁྱོད་ཀྱི་དབང་དུ་བྱས་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་སྔོན་མ་ཐོས་པའི་ཚིག་ཡི་གེ་འབྲུ་ཅིག ་པའི་ཐིག་ལེའི་གཏམ་དགོངས་པའི་ཚིག་གསང་བ་སྣ་ཚོགས་བསྟན་པས་ན། དེའི་ཕྱིར་དྲི་བའི་དབང་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པར་རིག་པར ་བྱའོ།། དེ་ལ་ལ་ལ་ཞིག་འདི་ལྟར་ན་ནི་བསླུ་བར་འགྱུར་ལ། འདི་ལྟར་ན་ནི་བསླ་བར་མི་འགྱུར་རོ།། སྙམ་དུ་རྟག་སྟེ་དཔེར་ན། མི་ལ་ལ་ཞིག་ནམ་མཁའ་ཞེས་ཀྱང་བ། མཁའ་ཞེ ་ཀྱང་བ། ཅི་ཡང་མེད་པ་ཞེས་ཀྱང་ཟེར། ཐོགས་པ་མེད་པ་ཞེས་ཀྱང་ཟེར་ཏེ། དེ་སྐད་ཟེར་ན་གཞན་དག་བསླུ་བ་མ་ཡིན་ནོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ ་ཆེན་པོའི་མདོ་ཆེན་པོ་འདི་ལས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་བཅོམ་ལྡན་འདས་ཀྱིས་གསུངས་པའི་རྟག་པ་འདི་ལ་མོས་ནས། ཆོས་ཀྱི་རྣམ་གྲངས་བཞི་པོ་བརྗོད་ནས། ་གཞན་བསླ་བ་མ་ཡིན།། ལྕགས་ཀྱི་གར་བུ་མེ་འབར་བ།། རྡུང་བའི་ཆེན་ཁད་ཀྱི་ནི།། གྲང་བར་འགྱུར་ཡང་མེའི་དྲོད།། གང་དུ་སོང་བ་མི་རིག་ལྟར།། དེ་བཞིན་ཡང་དག ་རྣམ་པར་གྲོལ།། འདོད་པའི་འདམ་དང་ཆུ་བོ་རྒལ།། མི་གཡོ་བདེ་བ་ཐོབ་རྣམས་ཀྱང་།། གང་དུ་སོང་བ་བདགས་སུ་མེད།། ཡང་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལྟར་ཁྱོད་དེ ་བཞིན་གཤེགས་པ་རྣམས་མེད་པར་འགྱུར་བའི་འདུ་ཤེས་སུ་ལྟ་བས་ཀྱང་མི་དགར་མ་བྱེད་ཅིག། ལྕགས་དང་མདོ་ལྗགས་ཞེས་བྱ་ནི་དོན་མཐའ་དད་པ་ཡིན་ཏེ། ལྕགས་མེ་འབར ་བ་ལས་གྲངས་པ་བཞིན་དུ་དེ་བཞིན་གཤེགས་པ་རྣམས་མེད་པར་འགྱུར་བའི་གནས་མེད་དོ།། ལྕགས་མེ་འབར་བ་ལས་གྲངས་པ་བཞིན་དུ། ཉོན་མོངས་པའི་རྣམ་པ་བཞི་པར་འགྱུར ་མོད་ཀྱི། གང་གི་ཚེ་ལྕགས་མེ་འབར་བ་གྲངས་པར་འགྱུར་བ་ན། ཚ་ཚ་འཕྲོ་བ་ཐམས་ཅད་དང་བཅས་ཏེ་མེད་པར་གྱུར་ན་ནི་དེའི་ཚེ་དེ་བཞིན་གཤེགས་པ་ཡང་མེད་པར་གྱུར་ན། ་ལྕགས་དེ་འོད་བཅས་པར་འགྱུར་བ་ནི་མི་སྲིད་དོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་མྱ་ངན་ལས་འདས་པ་ཆེན་པོ་འདི་དང་བཅས་ཏེ་མི་རྟག་པར་འགྱུར་བ་ནི་མི་སྲིད་དོ།། དེ་བཞིན ་གཤེགས་པ་ཡང་བསྐལ་པ་མང་པོར་གྲངས་མེད་པར་བེ་མ་སྙེད་དུ་བསགས་པའི་ཉོན་མོངས་པ་རྣམས་ཟད་ནས། རྟག་པ་དང་། ཐེར་ཟུག་པ་རྣམས་པར་འགྱུར་ཏེ། དེ་ལྟར་ན་ཡང་དག ་བར་རྣམ་པར་གྲོལ་བའི་དེ་བཞིན་གཤེགས་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ནོ།། འདོད་པའི་འདམ་ནི་ཉོན་མོངས་པ་རྣམས་ཞེས་བྱ་བའི་དོན་ཏོ།། ཉོན ་མོངས་པའི་འདམ་དེ་ལས་བསྐལ་པ་གྲངས་མེད་པ་བསྒྲལ་བས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ལས། དེ་བཞིན ་གཤེགས་པའི་གནས་གདགས་པར་མི་བྱ་ནུས་ཏེ། ཡང་དག་ཤེས་པས་རྣམ་གྲོལ་བ།། འདོད་པའི་འདམ་དང་ཆུ་བོ་བརྒལ།། མི་གཡོ་བདེ་བ་ཐོབ་རྣམས་ཀྱང་།། གང ་དུ་སོང་བའི་གདགས་སུ་མེད། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཇི་ལྟར་ལྕགས་གྲངས་པར་གྱུར་ཀྱང་སླད་ཀྱིས་ཡང་ཞུགས་ཀྱིས་ཚ་བར་འགྱུར་བ་བཞིན་དུ། གལ ་ཏེ་དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་ན་ནི་མི་རྟག་པར་འགྱུར་ལགས་སོ།། བཀའ་སྩལ་པ་དེ་བཞིན་གཤེགས་རྟག་ཏེ། བདག་ཉིད་ལྟ་བུར་གྱུར་ནས། ལྕགས་འདྲ ་བའི་སེམས་ཅན་རྣམས་ཡེ་ཤེས་ཀྱི་བརྡ་སྤྲད་ནས། ཇི་ལྟར་ལྤགས་ཀྱི་མེ་གྲངས་པར་འགྱུར་བ་དེ་བཞིན་དུ། ཡང་དག་པ་མ་ཡིན་པའི་ཉོན་མོངས་པ་ཟད་པར་འགྱུར་རོ།། ་གསོལ་པ་བཅོམ་ལྡན་འདས་ལེགས་སོ་ལེག་སོ།། དེ་བཞིན་གཤེགས་པའི་རྟག་པ་ཉིད་མ་ལུས་པར་བཤད་དུ་གསོལ། བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན། ་འཁོར་ལོས་བསྒྱུར་བའི་རང་གི་བཙུན་མོའི་འཁོར་དུ་སོང་བ་ལས། ཐད་ཅིག་སྐྱེད་མོའི་ཚལ་གཞན་ཞིག་ཏུ་བྱུང་ཏེ། དེར་སོང་ནས་རྩེ་བར་བྱེད་པ་ན། གང་གི་ཚེ་རྒྱལ་པོ། ་དེ་བཙུན་མོའི་འཁོར་ནས་མི་སྣང་བར་གྱུར་པ་དེའི་ཚེ་ཤིའོ།། སྙམ་པའི་འདུ་ཤེས་བསྐྱེད་པར་མི་བྱའོ།། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པ་ནི་ཆོས་ཉིད་ལས་མི་ཉམ ་ཏེ། རྒྱལ་པོ་དང་འདྲ་བར་འཛམ་བུའི་གླིང་དུ་དེ་བཞིན་གཤེགས་པ་མི་རྟག་པར་འགྱུར་རོ་ཞེས་གྲོངས་པའི་འདུ་ཤེས་བསྐྱེད་པར་མི་བྱའོ།། ཇི་ལྟར་རྒྱལ་པོ་བཙུན་མོའི་འཁོར་ནས ་སྙེད་མོས་ཚལ་དུ་སོང་ཏེ། རྩེ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་ཉོན་མོངས་པའི་རྣམ་པ་ཉིད་ཀྱིས་བཙུན་མོའི ་འཁོར་ལྟ་བུ་ལས་ངེས་པར་བྱུང་སྟེ། ཉོན་མོངས་པ་མེད་པ་བཅོམ་ལྡན་འདས་གཟུངས་སྣ་ཚོགས་དང་། བྱང་ཆུབ་ཀྱི་ཡན་ལག་གི་ཡན་ལག་གང་ལྡན་པའི་སྐྱེད་མོའི་ཚལ་དུ ་གཤེགས་ནས་དེ་བཞིན་གཤེགས་པ་ཉོན་མོངས་པ་དང་བྲལ་བ་ཉིད་ཀྱི་སྐུའི་ཐབས་སྟོན་པ་སྣ་ཚོགས་ཀྱི་རོལ་པར་མཛད་དོ།། གསོལ་པ། དེ་བཞིན་གཤེགས་པ་བསྐལ་པ་གྲངས ་མེད་བྱེ་བ་མ་སྙེད་ཀྱིས་ཉོན་མོངས་པའི་རྒྱ་མཚོ་ངེས་པར་བརྒལ་ཅེས་ཀྱི་བེ་འདི་ལ་གཏན་ཚིགས་བཀའ་སྩལ་འཚལ་ལོ།། དེ་ལྟར་མངོན་སུམ་དུ་དེ་བཞིན་གཤེགས་པ་སྒྲ་གཅན ་ཟིན་གྱི་མ་དང་ལྷན་ཅིག་འདོད་པ་རྣམས་རྟེན་པ་དང་། སྒྲ་གཅན་ཟིན་གྱི་ཡབ་ཏུ་གྱུར་པར་ཡང་བརྟེན་ཏེ་དེ་བས་ན་དེ་བཞིན་གཤེགས་པ་ནི་བསྐལ་པ་དུ་བྱེ་སྙེད་ཀྱི་འདོད་པའི ་ཆུའི་ལས་ངེས་པར་བརྒལ་བ་མ་ལགསོ།། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟར་མངོན་སུམ ་དུ་སྒྲ་གཅན་ཟིན་གྱི་མ་དང་ལྷན་ཅིག་ཏུ་འདོད་པ་རྣམས་བསྟན་པ་དང་། སྒྲ་གཅན་ཟིན་གྱི་ཡབ་ཏུ་གྱུར་པ་ཡང་བསྟན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་ནི་བསྐལ་པ་དུ ་མ་སྙེད་ཀྱིས་འདོད་པའི་ཆུའོ་ལས་ངེས་པར་བརྒལ་བ་མ་ཡིན་ནོ།། ཞེས་དེ་སྐད་མ་ཟེར་ཅིག། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་རྟག ་བ་ཆེན་པོ་ཞེས་བྱ་སྟེ། སེམས་གུད་དུ་མ་ཡིད་པར་ཉོན་ལ། ཐོས་ནས་གཞན་དག་ལ་སྟོན་ཅིག། དེས་སྐྲག་པར་ཡང་མ་བྱེད་ཅིག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི ་མདོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་རི་རབ་རིའི་རྒྱལ་པོ་དེ་ལྟར་མཐོ་ཞིང་དེ་ལྟར་ཐ་གྲུ་ཆེ་བ་ཡུངས་འབྲའི་ཁོང་དུ་ཆུད་པར་བྱེད་ལ། རི་རབ ་ལ་གནས་པའི་སེམས་ཅན་རྣམས་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གི་བདག་ཅག་གང་དུ་སོང་། གང་དུ་ཁྱེར་གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི ་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདིས་རིའི་རྒྱལ་པོ་རེ་རབ་ཡུང་འབྲིའི་ནང་དུ་བཅུག་སྟེ། སྦས་སོ་སྙམ་དུ་ཡང་དག ་པར་ཤེས་ཤིང་མཐོང་ངོ་།། དེ་ནས་ཡང་དེ་རང་གིས་གནས་སུ་འཇོག་པར་བྱེད་དེ། མདོ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་ཡུལ་ནི་དེ ་ལྟར་ཡིན་ནོ།། རིགས་ཀྱི་བུ་དེ་ལྟ་བས་ན་ལྷག་པར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཡུངས་འབྲུའི་ཁོངས་སུ་ཆུད་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང ་དུ་སོང་། གང་དུ་ཁྱེར་གང་དུ་བཅུག་སྙམ་དུ་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་། ་དག་པར་མཐོང་ངོ་།། དེ་ནས་ཡང་རང་གི་གནས་སུ་ཟློག་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོས་ནི། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རང་གི་བ་སྤའི་ཁུང་བུ་འཇོག་པར་བྱེད་ལ་སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར ་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་། གང་དུ་ཁྱེར་གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས། ་སྙམ་དུ་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།། རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོས་ནི་འཇིག་རྟེན་གྱི་ཁམས་འདི་ན་འདུག་བཞིན་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཁབ་ཀྱི་རྩེ་མོས་རྒྱ་ཤུགས་ཀྱི་རྩེ་མོ་བཞིན་དུ་བླངས་ཏེ། འཇིག་རྟེན་ཁྱམས ་གཞན་དུ་འདོར་བར་བྱེད་ལ། སེམས་ཅན་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གི་བདག་ཅག་གང་དུ་སོང་གང་དུ་ཁྱེར་གང་དུ་བཅུག་སྙམ་དུ་མི་མཐོང་ངོ་།། སེམས ་ཅན་གཞན་དག་གིས་ནི་འདིས་དེ་ལྟར་བྱས་སོ་ཞེས་ཡང་དག་པར་ཤེས་ཡང་དག་པར་མཐོང་ངོ་།། དེ་ནས་ཡང་དེ་རང་གི་གནས་སུ་འཇོག་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ལག ་པ་གཡས་པས་རྫ་མཁན་གྱི་འཁོར་ལོ་བཞིན་འཇིག་རྟེན་གྱི་ཁམས་རྡལ་ཕྲ་མོའི་རྡུལ་སྙེད་ཀྱི་ཕ་རོལ་གྱི་ཡང་ཕ་རོལ་ཏུ་འཕེན་པར་བྱེད་ལ། སེམས་ཅན་ལ་ཡང་གནོད་པར་མི་འགྱུར ་ཏེ། སེམས་ཅན་དེ་དག་གི་བདག་ཅག་གང་དུ་བཅུག་སྙམ་དུ་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདི་ལྟར་བྱས་སོ་ཞེས་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།། ། ་དེ་ནས་དེ་ཡང་རང་གི་གནས་སུ་འཇོག་པར་བྱེད་དོ།། རིགས་ཀྱི་བུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི་ཕྱོགས་བཅུའི ་འཇིག་རྟེན་གྱི་ཁམས་རྣམས་རང་གི་ལུས་ལ་འཇུག་པར་བྱེད་ལ། སེམས་ཅན་གཅིག་ལ་ཡང་གནོད་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གི་བདག་ཅག་གང་དུ་སོང་གང་དུ་ཁྱེར ་གང་དུ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱའོ།། ཞེས་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།། དེ་ནས་དེ་ཡང ་རང་གི་གནས་སུ་འཛེགས་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་ནི། ཕྱོགས་བཅུའི་འཇིག ་རྟེན་གྱི་ཁམས་རྣམས་རྡུལ་ཕྲ་རབ་ཀྱི་ཁོངས་སུ་འཇུག་པར་བྱེད་ལ། སེམས་ཅན་གཅིག་པར་མི་འགྱུར་ཏེ། སེམས་ཅན་དེ་དག་གིས་བདག་ཅག་གང་དུ་སོང་གང་དུ་ཁྱེར་གང་དུ ་བཅུག་སྙམ་དུ་མི་ཤེས་ཤིང་མི་མཐོང་ངོ་།། སེམས་ཅན་གཞན་དག་གིས་ནི་འདིས་འདི་ལྟར་བྱས་སོ།། ཞེས་ཡང་དག་པར་ཤེས་ཤིང་ཡང་དག་པར་མཐོང་ངོ་།། དེ་ནས་དེ་ཡང་རང ་གི་གནས་སུ་འཇོག་གོ། རིགས་ཀྱི་བུ་གཞན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ་སོགས་སྒྱུ་མ་འཕྲུལ་ཆེན་པོའི་སྟོབས ་རྣམ་པ་སྣ་ཚོགས་སྟོན་པས་ན། མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། ཡོངས་སུ་མྱ་ངན་ལས་འདས་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། སེམས ་ཅན་ཐམས་ཅད་ཀྱིས་ས་ཀྱང་འདི་འདྲ་བ་ཞིག་གོ། དེ་འདྲ་བ་ཞིག་གོ་འདི་ལྟར་བྱས་སོ།། སྙམ་དུ་ཤེས་པར་མི་ནུས་ན། རིགས་ཀྱི་བུ་ཁྱོད་དེ་བཞིན་གཤེགས་པ་ལ་འདོད་པ་ལ ་སྤོད་དོ།། སྒྲ་གཅན་ཟིན་གྱི་ཕར་གྱུར་ཏོ་སྙམ་དུ་ཤེས་རེ་སྐན། རིགས་ཀྱི་བུ་གཞན་ཡང་དེང་ངས་ཡོངསུ་མྱ་ངན་ལས་འདས་པ་ལ་གནས་ནས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས ་གང་ན། ཉི་མ་དང་ཟླ་བ་ཐེར་འབུམ་ཡོད་པ་དག་འཛམ་བུའི་གླིང་ཐེར་འབུམ་ཡོད་པའི་སྟོང་ཁམས་དག་ཏུ་ཆོ་འཕྲལ་ཆེན་པོ་བསྟན་པར་བྱའོ།། དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག ་རྟེན་གྱི་ཁམས་ན། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་དཀྱི་ལུགས་བཞིན་དུ་རྒྱས་པར་སྦྱར་བར་བྱའོ།། ང་ནི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ། འཛམ་བུའི་གླིང ་ལ་ལར་ནི། ཡོངས་སུ་མྱ་ངན་ལས་འདས་འབ་ཆེན་པོ་བྱེད་པ་ལྟ་བུར་སྟོན་ལ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་བསྟན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་ཡང་མི་བྱེད་དོ།། ་འཛམ་བུའི་གླིང་ལ་ལར་ནི་ཕ་མ་གཉིས་ཀྱི་ཟླ་མཚན་གྱི་དུས་སུ་མངལ་དུ་སྐྱེས་པར་སྟོན་ཏེ། དེ་གཉིས་ཀྱང་བདག་ཅག་གཉིས་ཀྱི་བུར་འགྱུར་རོ།། ་སྙམ་དུ་ཡང་དག་པར་ཤེས་སོ།། ང་ནི་བསྐལ་པ་བྱེ་བ་མང་པོ་ཕྲག་གྲངས་མེད་པ་ནས་ལན་འགའ་ཡང་འཁྲེགས་པ་ལས་མ་སྐྱེས་པ་སྟེ་འཁྲིག་པ་ལས་སྐྱེས་པའི་ལུས་ལས་བརྒལ ་བ་ནི། ཤའི་ལུས་མ་ཡིན་གྱིས་ཆོས་ཀྱི་སྐུ་ཡིན་ནོ།། འཁྲིག་པའི་མངལ་དུ་འདུག་པ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བའི་ཐབས་ཙམ་དུ་ཟད་དོ།། རིགས་ཀྱི་བུ་འཛམ་བུའི་གླིང་ལ ་ལར་ནི་བུ་གའི་ནང་དུ་སྐྱེ་བར་ཡང་སྟོན་ཅིང་། སྐྱེད་མོས་ཚལ་གྱི་གནས་སུ་བུ་བཙལ་བ་ལྟ་བུར་གྱུར་ཏེ། རྐྱེན་པར་ལངས་ནས་བྱང་ཕྱོགས་སུ་བལྟས་ཏེ། གོམ་པ་བདུན་བོར་ཏེ། ་ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་གྱི་བླ་ན་མེད་པར་འགྱུར་བར་བྱའོ་ཞེས་ཟེར་ཏེ། སེམས་ཅན་རྣམས་ཀྱིས་ནི་བྱིས་པ་བཙས་མ་ཐག་ཏུ་གོམ་པ་བདུན་བོར་བ། སྔན ་ཆད་བདག་གིས་མ་མཐོང་ཏེ། ཀྱེ་མ་བདག་གི་བུ་ནི་ལྷ་ཞིག་གོ་སྙམ་དུ་ཡང་དག་པར་ཤེས་སོ།། སེམས་ཅན་མང་པོ་གཞན་དག་ཀྱང་ངོ་མཚར་དུ་གྱུར་ཏེ། འོན་ཀྱང་ང་ནི་བསྐལ་པ ་གྲངས་མེད་པ་ནས་བྱིས་པའི་དངོས་པོ་ལོག་པས། ནམ་ཀྱང་བྱིས་པར་མ་གྱུར་ཏེ། ང་ནི་ཆོས་ཀྱི་སྐུ་ཡིན་ནོ།། རུས་པ་དང་རྒྱུས་པ་དང་། ཤ་དང་། ཁྲག་གི་ལུས་མ་ཡིན་ལ། ་བྲིས་པར་འགྱུར་ལ་སྟོན་པ་འདི། འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། གང་ཕོགས་ནས་ལངས་ཏེ། ལྷོ་ཕྱོགས་ལོགས་སུ་གོམ་པ་བདུན་བོར་ནས་འཇིག་རྟེན་ཐམས་ཅད ་ཀྱི་ཡོན་གནས་སུ་འགྱུར་བར་བྱའོ།། ཞེས་ཟེར་རོ།། ནུབ་ཕྱོགས་ལོགས་སུ་གོམ་པ་བདུན་བོར་ནས། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་སྤངས་ཏེ། ལུས་ཀྱི་ཐ ་མར་བཏུགས་པར་བྱའོ།། ཞེས་ཟེར་རོ།། ཤར་ཕྱོགས་སུ་ཁ་ལྟས་ཏེ་གོམ་པ་བདུན་བོར་ཏེ། སེམས་ཅན་ཐོག་མར་གྲོལ་བར་བྱའོ།། ཞེས་ཟེར་རོ།། ཕྱོགས་མཚམས་སུ་ཆ ་ལོགས་སུ་གོམ་པ་བདུན་བོར་ནས་མྱུར་དུ་ནམ་མཁའ་བཞིན་ཉོན་མོངས་པ་རྣམ་པ་སྣ་ཚོགས་ཀྱི་རང་བཞིན་གྱི་བདུད་བཅོམ་ཏེ། དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་སུ་འགྱུར་བར་བྱའོ།། ཞེས་ཟེར་རོ།། སྟེང་གི་ཕྱོགས་ཆ་ལོགས་སུ་གོམ་པ་བདུན་བོར་ནས། མྱུར་དུ་ནམ་མཁའ་བཞིན་དུ་རུང་བ་མ་ཡིན་པའི་ཆོས་ཐམས་ཅད་ཀྱིས་ལུས ་ལ་མི་གོས་པར་བྱའོ་ཞེས་ཟེར་རོ།། འོག་གི་ཕྱོགས་ཆ་ལོགས་སུ་གོམ་པ་བདུན་བོར་ནས། སེམས་ཅན་དམྱལ་བ་ཐམས་ཅད་ཀྱི་སེམས་ཅན་དམྱལ་བའི་མེ་བསད་པའི་ཕྱིར། ་སྤྲིན་ཆེན་པོ་ཆོས་ཀྱི་ཆར་དབབ་པར་བྱེད་དེ། དེ་དག་བདེ་བ་དང་ལྡན་པར་འགྱུར་རོ།། ཚུལ་ཁྲིམས་འཆལ་པ་རྣམས་ལ་ནི་སེར་བ་ལྟ་བུར་འགྱུར་བར་བྱའོ་ཞེས་ཟེར་རོ།། འཛམ ་བུའི་གླིང་ལ་ལར་ནི་ང་གཙུག་ཕུད་འཆང་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་བྱིས་པའི་གཙུག་ཕུད་བཅས་སོ།། སྙམ་དུ་ཡང་དག་པར་ཤེས་མེད་ཀྱིས། ལྷ་དང་བཅས་པའི་འཇིག ་རྟེན་གྱིས་ངའི་མགོ་ནས་ཆེན་ཅིང་སྐྲ་གཅོད་པའི་མི་སུ་ཡང་མེད་དོ།། སྔོན་སྐལ་པ་གྲངས་མེད་པ་ནས་ཀྱང་ངས་གཙུག་བུད་ངའི་མཐར་གཏུགས་ཟིན་པས་ན། སྤུ་གྲིས་ངའི་སྐྲ ་གཅོད་པར་འགྱུར་བ་ནི་མི་སྲིད་དོ།། འདི་ནི་འཇིག་རྟེན་མཐུན་པ་ཙམ་དུ་ཟད་དོ།། གཙུག་ཕུད་བཅའ་བ་ནི་བྱིས་པ་འབའ་ཞིག་ལ་བཅའ་བ ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་འགྲོ་བར་སྟོན་ཏེ། དེར་དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། འཇིག་རྟེན་སྐོང་བ་རྣམས་ཀྱིས ་ང་མཐོང་ན། ངའི་ཞབས་ལ་ཕྱག་འཚལ་ཐལ་མོ་སྦྱར་ཞིང་འདུག་གོ།། དེ་ནི་སྔོན་བསྐལ་པ་གྲངས་མེད་པ་ནས་ཀྱང་། ལྷ་དང་མི་དང་ལྷ་མ་ཡིན་རྣམས་ཀྱིས་ལྷའི་ལྷ ་ཡིན་པས་ན། ནམས་ཀྱང་དབང་ཕྱུག་ཆེན་པོའི་ལྷ་ཁང་དུ་མི་འགྲོ་བ་སྟེ། དེར་འགྲོ་བ་ལྟ་བུར་བསྟན་པ་འདི་ནི་འཇིག་རྟེན་དང་མཐུན་པ་ཙམ་དུ་ཟད་དོ།། འཛམ་བུའི་གླིང་ལ ་ལར་ནི་རྣ་བ་འབུག་པ་ལྟ་བུར་བསྟོན་མོད་ཀྱི། ངའི་རྣ་བའི་འབིབས་ནུས་པ་སུ་ཡང་མེད་དོ།། འཛམ་བུའི་གླིང་ལ་ལར་ནི་ངས་སྣ་བ་གདུབ་སྐོར་སེང་གེ་ཅན་ཐོགས་པར ་བསྟན་ཏེ། སེམས་ཅན་རྣམས་ཀྱིས་བྲིས་པ་འདི་དག་ནི་རྣ་ཆ་གདུབ་གོར་སེང་གེ་ཅན་ཐོགས་པའོ་སྙམ་དུ་ཡང་དག་པར་ཤེས་མོད་ཀྱི་ང་ནི་སྔོན་བསྐལ་པ་བྱེ་བ་གྲངས་མེད་པ་ནཱ ་ཀྱང་བྱིས་པ་དངོས་པོ་ནས་ལོག་པས་ན། ང་ལ་སྣ་ཆ་གདུབ་བཀོར་སེང་གེ་ཅན་བཏགས་མེད་དེ། རྣ་ཆ་གདུབ་ཀོར་སེང་གེ་ཅན་ཐོགས་པར་བསྟན་པ་ནི་འཇིག་རྟེན་དང་མཐུན ་པར་བྱ་བ་ཙམ་དུ་ཟད་དོ།། འཛམ་བུའི་གླིང་ལ་ལར་ངས་ཡི་གེ་སློང་བའི་སར་འགྲོ་བ་ལྟ་མོད་ཀྱི་འཇིག་རྟེན་གསུམ་ན་ངའི་མཁན་པོར་རུང་བ་མ་མཐོང་སྟེ། ང་ཉིད་སེམས ་ཅན་རྣམས་ཀྱིས་མཁན་པོ་ཡིན་ཏེ། དེ་བས་ན་ངའི་མིང་ཐམས་ཅད་མཁྱེན་པ་ཞེས་བྱའོ།། ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་ཡི་གེ་སློབ་པའི་ས་ན་གནས་པ ་ལས་འདས་པ་ཡིན་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བསྙེས་ནས། འོན་ཀྱང་སེམས་ཅན་རྣམས་ཀྱིས་ཁྱེའུ་འདི་ཡི་གེ་སློབ་པའི་སར་སོང་ངོ་སྙམ་དུ་ཡང ་དག་པར་ཤེས་སོ།། འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་པར་ཁོང་དུ་ཆུད་པར་གྱིས་ཤིག། འཛམ་བུའི་གླིང་ལ་ལར་ནི་ངས་གླང་པོ་ཆེ་དང་། རྟ་དང་། ཤིང་རྟ ་དང་། དཔུང་བུ་ཆུང་དང་། རིན་པོ་ཆེ་སྣ་བ་ཚོགས་དང་། གཏེར་དང་། རྒྱལ་སྲིད་ཀྱི་དབང་ཕྱུག་རྣམས་ཀྱང་བསྟན། རྒྱལ་ཚབ་བྱེད་པ་ཡང་བསྟན་ཏེ། ད་ནི་སྔོན་བསྐལ ་པ་བྱེ་བ་གྲངས་མེད་པ་ནས་ཀྱང་། འདོད་པ་ལ་ལོངས་སྤྱོད་པ་རྣམས་སྤངས་མོད་ཀྱི་སེམས་ཅན་རྣམས་ཀྱིས་རྒྱལ་ཚབ་འདི་འདོད་པ་རྣམས་ལ་ལོངས་སྤྱོད་དོ་སྙམ་དུ་ཡང་དག ་པར་ཤེས་སོ།། འཛམ་བུའི་གླིང་ལ་ལར་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་པ་བསྟན་ཏེ། ངས་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་དེ་སྤངས་ནས་ཆོས་ཀྱི་འཁོར་ལོ ་བསྐོར་ཏེ། ངས་དེ་དག་བུའི་ཤ་བཞིན་དུ་བོར་ནས་རྒྱལ་སྲེད་ཀྱི་ལོངས་སྤྱོད་ཡོངས་སུ་སྤངས་མོད་ཀྱི། འོན་ཀྱང་སེམས་ཅན་རྣམས་ཀྱིས་འཁོར་ལོས་བསྒྱུར་བའི་རྒྱལ་པོ ་འོ།། སྙམ་དུ་ཡང་དག་པར་ཤེས་ཏེ། འདི་ནི་འཇིག་རྟེན་དང་མཐུན་པ་ཙམ་དུ་ཟད་དོ།། འཛམ་བུའི་གླིང་ལ་ལར་ནི་ངས་རྒས་པ་དང་། ནད་པ་དང་། ཤི་བི་མཐོང་ནས་སྒོ ་བར་གྱུར་ཏེ། གར་ཐབས་ལྟ་བུའི་བདེ་བ་ཐམས་ཅད་སྤངས་ནས་རབ་ཏུ་བྱུང་བ་བསྟན་ཏེ། སེམས་ཅན་རྣམས་ཀྱིས་སྐྱེས་མ་གཞོན་ནུ་ནི། ་རབ་ཏུ་བྱུང་ངོ་སྙམ་དུ་ཡང་དག་པར་ཤེས་སོ།། ངས་ནི་བསྐལ་པ་བྱེ་བ་གྲངས་མེད་པ་ནས་རབ་ཏུ་བྱུང་བའི་མཐར་བཏུགས་འཛིན་མོད་ཀྱི། སྐྱོ་བར་སད་ནས་རབ་ཏུ་བྱུང་བ་ལྟ ་བུར་སྟོན་པ་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། ངས་བསྙེན་པར་རྫོགས་པ་ལྟ་བུར་བསྟན་པ་དེ་ཡང་འཇིག་རྟེན་ངེས་པར་སྐལ་བའི་ཕྱིར་རོ།། ངས་རྒྱན་ཏུ་ཞགས ་པ་དང་། ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཉིད་ལ་སོགས་པ་དང་། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་རྣམས་ཀྱང་བསྟན་ཏེ། ་སེམས་ཅན་རྣམས་ཀྱི་ཀྱེ་མ་མྱུར་བ་ཁོ་ནར། བླ་ན་མེད་པའི་དགྲ་བཅོམ་པར་གྱུར་ཏོ།། སྙམ་དུ་ཡང་དག་པར་ཤེསོ།། ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཀྱང་། དགྲ ་བཅོམ་པའི་བྱ་བ་མཐར་བཏུགས་ཟིན་མོད་ཀྱིས། བྱང་ཆུབ་ཀྱིས་ཤིང་དྲུང་དུ་རྩ་བཏིང་བ་ལ་འདུག་པ་དང་། བདུད་བཏུལ་བ་འདི་ནི་འཇིག་རྟེན་ངེས་པར་སྒྲལ་བའི་ཕྱིར་ཏེ། བདུད ་འཕམ་པ་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པོ་སྙམ་དུ་སེམས་ཅན་རྣམས་ཀྱིས་ཡང་དག་པར་ཤེས་སོ།། ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས་ཉོན ་མོངས་པའི་རྣམ་པ་དང་། ལྷ་དང་རང་བཞིན་གྱི་བདུད་འཕམ་པར་བྱས་ནས། བདུད་རྩིའི་མཆོག་ཏོགས་སོ།། ངེས་ནི་བཤང་བ་དང་། གཅི་བ་དང་། དབུགས་རྔུབ་པ་དང་། ་དབུགས་འབྱུང་བ་སྟོན་མོད་ཀྱི། ངའི་ལུས་ལ་རྒྱུ་དང་མཐུན་པ་དང་། རྣམ་པར་སྨིན་པ་མེད་དོ།། སེམས་ཅན་རྣམས་ཀྱིས་ནི་མི་དང་འདྲའོ་སྙམ་དུ་ཡང་དག་པར་ཤེས་ཏེ། འདི་ནི ་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། སེམས་ཅན་རྣམས་ཀྱི་ང་ཟས་ཟའོ་སྙམ་དུ་ཡང་དག་པར་ཤེས་མོད། ངའི་ལུས་ལ་བཀྲེས་པ་མེད་དེ། འདི་ནི་འཇིག་རྟེན་དང ་མཐུན་པ་ཙམ་དུ་ཟད་དོ།། ངས་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒྲུབས་ཏེ། སྲིད་པ་རྣམ་པར་སྤངས་ཀྱང་ཉལ་བ་ལྟ་བུར་སྟོན་ཏེ། འོན ་ཀྱང་ངའི་ལུས་ལ་གཉིད་དང་། སྐྱིགས་བུ་དང་། གླལ་བ་དང་། རུ་ཤིང་ན་བ་དང་། གླང་བ་རྣམས་མེད་དོ།། ཉལཾ་བར་བྱེད་པ་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད ་དོ།། འགྲེང་བ་དང་། འཆབ་པ་དང་། མིག་མཛུམ་པ་དང་། རྐང་པ་བརྐང་པ་དང་། ལུས་ཀྱི་སྤྱོད་ལམ་བྱེད་པར་སྣང་མོད་ཀྱི། དེའི་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་མེད་དོ།། ་རྐང་པ་བཀྲུ་བ་དང་། སྣུམ་པའི་བྱུག་པ་དང་། གསོ་ཤིང་ཟ་བ་དང་། སྨིག་སྨན་གྱིས་སྐད་པ་ཡོད་སྣད་མོད་ཀྱི། ངའི་ལུས་ལ་དེ་ལྟ་བུའི་གནོད་པ་རྣམས་མེད་དོ།། རྐང་པ་པད ་མའི་མདའ་མའི་མདོག་འདྲ་བ་དང་། ཁ་ནས་ཨུད་པ་ལའི་དྲི་འབྱུང་བ་དང་། མིག་དཔེ་མེད་པར་བཟང་བདག་ཀྱང་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། སེམས་ཅན ་ཀྱི་ནི་ཐམས་ཅད་ཀྱིས་ནི་མིའི་ཚུལ་དང་འདྲའོ་སྙམ་དུ་ཡང་དག་པར་ཤེས་སོ།། ཕྱག་དར་ཁྲོད་ཀྱི་གོས་ལ་བླངས་ཏེ་བཀྲུ་བ་ལྟ་བུར་སྣང་མོད་ཀྱི་ང་ལ་དེས་དགོས་པ་མེད་དོ།། སེམས ་ཅན་རྣམས་ཀྱིས་ནི་མའི་དངོས་པོར་ཡང་དག་པར་ཤེས་ཏེ། སྒྲ་གཅན་ཟིན་གྱི་ཕར་བསྟན་པ་དང་། ཟས་གཙང་མར་བསྟན་པ་ཡང་འཇིག ་རྟེན་གྱི་དོན་ཡིན་ནོ།། འཇིག་རྟེན་གྱི་བདེ་བ་མྱོང་ནས་ངེས་པར་བྱུང་སྟེ། ནགས་ཚལ་དུ་རབ་ཏུ་བྱུང་བ་དང་། རྒྱལ་པོའི་བུ་གོའུ་ཏ་མ་ཞེས་བྱ་བ་ནི་འདོད་པ་དང་། འདོད་པ་མ་ཡིན ་པ་དང་། བདེ་བ་དང་། བདེ་བ་མ་ཡིན་པ་བྱེ་བྲག་ཏུ་མེད་པར་གྱུར་ནས། མྱ་ངན་ལས་འདས་པའི་བདེ་བ་འཚོལ་ལོ་ཞེས་བྱ་བ་འདི་ཡང་། བྱིས་པ་རྣམས་ངེས་པར་སྒྲལ་བའི ་ཕྱིར་རོ།། དེ་བཞིན་གཤེགས་པ་ནི་འཁྲིག་པ་ལས་བྱུང་བ་མ་ཡིན་ཏེ། སྒྲ་གཅན་གྱི་ཕར་གྱུར་པ་བསྟན་པ་དང་རང་གི་ཕ་མར་གྱུར་པ་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད ་དོ། ལྷ་དང་མི་དང་། ལྷ་མ་ཡིན་རྣམས་ཀྱིས་ནི། མིའི་དེ་བཞིན་གཤེགས་པའོ་སྙམ་དུ་ཡང་དག་པར་ཤེས་ཏེ། རིགས་ཀྱི་བུ་འཛམ་བུའི་གླིང་ལ་ལ་ར་ང་ཡང་དང་ཡང་དུ་ཡོངས་སུ ་མྱ་ངན་ལས་འདས་པ་ལྟ་བུར་སྟོན་ཏེ། འོན་ཀྱང་གཏན་དུ་ཡོངས་སུ་མྱ་ངན་ལས་འདའ་བར་མི་བྱེད་དོ།། རེས་འགའ་ནི་སེམས་ཅན་རྣམས་ཀྱིས་དེ་བཞིན་གཤེགས་པ་གྲོངས་སོ་སྙམ ་དུ་ཡང་དག་པར་ཤེས་སོ།། དེ་བཞིན་གཤེགས་པ་ནི་དུས་ཐམས་ཅད་དུ་རྟག་པ་དང་། བསྟན་པ་དང་། ཐེར་ཟུག་པ་ཡིན་ཏེ། ཡོངས་སུ་མྱ་ངན་ལས་འདས་པ་སྟོན་པ་ནི། སངས ་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། འཛམ་བུའི་གླིང་ལ་ལར་ནི་སྐྱེ་བ་སྟོན་ཏེ། སེམས་ཅན་རྣམས་ཀྱིས་སྐྱེས་སྙམ་དུ་ཡང་དག་པར་ཤེས། ང་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། ་བྱ་བ་བྱས་ཟིན་མོད་ཀྱི། དེར་ཡང་གོ་འཕངས་ཐམས་ཅད་ཀྱི་མཐར་ཐུག་པ་ཡིན་ཏེ་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་ཙམ་དུ་ཟད་དོ།། འཛམ་བུའི་གླིང་ལ་ལར་ནི་ངས་ཚུལ ་ཁྲིམས་འཆལ་པ་ཕམ་པར་བྱང་བ་ལྟ་བུར་བསྟན་ཏེ། སེམས་ཅན་རྣམས་ཀྱིས་སྐྱེས་མའོ།། སྙམ་དུ་ཡང་དག་པར་ཤེས་སོ།། ང་ནི་སྔན་ཆད་གཡེལ་བར་གྱུར་པ་མེད་དོ།། འཇ ་བུའི་གླིང་ལ་ལར་ནི་ངས་བདག་ཉིད་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་བྱུང་བ་དང་། དགྲ་བཅོམ་པ་དང་། ཕ་མ་གསོད་པ་དང་། བདག་ཉིད་དགེ་འདུན་གྱི་དབྱེན་བྱེད ་པར་སྟོན་ཏེ། སེམས་ཅན་རྣམས་ཀྱིས་ཀྱེ་མ་སེམས་ཅན་འདི་ནི་མཚམས་མེད་པ་ལྔའི་ལས་བྱས་པ་ཡིན་ནོ།། སྙམ་དུ་ཡང་དག་པར་ཤེས་མོད་ཀྱི། ང་ཡང་དེ་ལྟ་བུའི་ལས་བྱེད ་པ་མ་ཡིན་ལ། ལྷ་དང་བཅས་པའི་འཇིག་རྟེན་ན་སུས་ཀྱང་དགེ་འདུན་དབྱེན་མི་ནུས་སོ།། འཛམ་བུའི་གླིང་ལ་ལར་ནི་ངས་དམ་པའི་ཆོས་སྤོང་བ་དང་། བདག་ཉིད་འདོད་ཆེན་པོར ་སྟོན་ཏེ། སེམས་ཅན་རྣམས་ཀྱི་མ་སེམས་ཅན་འདི་དག་ནི་དམ་པའི་ཆོས་སྤོང་བ་དང་འདོད་ཆེན་པོའོ་སྙམ་དུ་ཡང་དག་པར་ཤེས་ལ། འདོན་ཆེན་པོ་ལྟ་བུར་བསྟན་པ་ནི་མ་འོངས་པའི ་སེམས་ཅན་རྣམས་ཀྱི་ཕྱིར་ཏེ། འཇིག་རྟེན་ནི་རྟག་ཏུ་འདོད་ཆེ་བ་ཡིན་གྱི་སངས་རྒྱས་ནི་འདོད་ཆེ་བ་མ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི་ངས་དམ་པའི་ཆོས་འབྱིན་པར་བསྟན་ཏེ། ་སེམས་ཅན་རྣམས་ཀྱི་ཀྱེ་མ་སེམས་ཅན་འདི་ནི་དམ་པའི་ཆོས་ཕྱོགས་འཛིན་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འདི་ནི་སངས་རྒྱས་ཀྱི་རང་བཞིན་ཏེ། འདི་ཆོས་ཉིད་ཡིན་པས ་སུ་ག ་ངོ་མཚར་ཆེ་བ་མེད་དོ།། འཛམ་བུའི་གླིང་ལ་ལར་ནི་བདུད་བགེགས་བྱེད་པ་ལྟ་བུར་སྟོན་ཏེ། སེམས་ཅན་རྣམས་ཀྱི་ཀྱེ་མ་བདུད་ཅན་ནོ་སྙམ་དུ་ཡང ་དག་པར་ཤེས་སོ།། པད་མ་ཆུའི་མི་གོས་པ་བཞིན་དུ་ང་ལ་བདུད་ཀྱི་ཉེས་པས་མི་གོས་སོ།། འཇ་བུའི་གླིང་ལ་ལར་ནི་བུད་མེད་ཀྱི་གཟུགས་ཀྱིས་འཚང་རྒྱ་བར་སྟོན་ཏེ། སེམས ་ཅན་རྣམས་ཀྱི་ཀྱེ་མ་བུད་མེད་འཚང་རྒྱ་བར་བྱེད་དོ།། སྙམ་དུ་ཡང་དག་པར་ཤེས་ལ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སྐྱེས་པ་ཁོ་ན་བཞིན་དུ་སེམས་ཅན་འདུལ་བའི་ཕྱིར་གཉིས་ཀར ་ཡང་སྟོན་ཏོ།། དེ་བཞིན་དུ་གཟུགས་དུ་མའི་ཐབས་ཀྱིས་ཕྱོགས་ལ་འཇུག་པར་བསྟན་ཏེ། དེ་དག་ཐམས་ཅད་ཀྱང་འཇིག་རྟེན་དང་མཐུན་པ་ཙམ་དུ་ཟད་དོ།། འཛམ་བུའི་གླིང་ལ ་ལར་ནི་ངས་འགྲོ་བ་བཞི་པོ་རྣམས་སུ་སྐྱེ་བ་བསྟན་ཏེ། ཚངས་པ་ལ་དེའི་ལས་བྱེད་པ་ཡང་མ་ཡིན་ནོ།། དུད་འགྲོའི་སྐྱེ་གནས་སུ་འཇུག་པ་ཡང་འཇིག་རྟེན་དང་མཐུན་པར་བྱ་བ་ཙ ་དུ་ཟད་དོ།། འཛམ་བུའི་གླིང་ལ་ལར་ནི་ཚངས་པའི་གཟུགས་སུ་བསྟན་ཏེ། ཚངས་པ་ལ་དད་པའི་སེམས་ཅན་རྣམས་ལ་བགེགས་བྱ་བ་བསྟན་ནས། དམ་པའི་ཆོས་ལ་འགོད ་བར་བྱེད་ལ། དེའི་ལས་བྱེད་པ་ཡང་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་ཚངས་པའི་བདག་པོའོ་སྙམ་དུ་ཡང་དག་པར་ཤེས་སོ།། དེ་བཞིན་དུ་ལྷ་རྣམས་ཀྱི་གནས་སུ་དེའི ་གཟུགས་ཀྱིས་བགེགས་བྱས་ནས་སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་འགོད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་ལྷ་ཐམས་ཅད་ཀྱི་བདག་པོ་སྙམ་དུ་ཡང་དག་པར ་ཤེས་སོ།། འཛམ་བུའི་གླིང་ལ་ལར་ནི་ངས་སྨད་དུ་མཚོང་མ་རྣམས་བསྒྲལ་བའི་ཕྱིར། སྨད་མཆོངས་མའི་ཁྱིམ་དུ་འགྲོ་བ་བསྟན་ལ། དེ་ལ་འདོད་པའི་ཉེས་པ་ཡང་མི་མངའ ་སྟེ། ཆུའི་ནང་གི་པད་མ་བཞིན་དུ་ང་ལ་འདོད་པ་རྣམས་ཀྱིས་ཉེས་པས་མི་གོས་སོ།། ང་ནི་འདོད་པ་ལ་ཆགས་པའི་སེམས་ཅན་རྣམས་འདོད་པའི་ཆུ་བོ་ལས་སྒྲལ་བའི་ཕྱིར། ་བཞི་མདོ་དང་སུམ་མདོ་ཐམས་ཅད་དུ་ཡང་སྣང་མོད་ཀྱི་དེའི་ལས་བྱེད་པ་ཡང་མ་ཡང་མ་ཡིན་ཏེ། སེམས་ཅན་རྣམས་ཀྱིས་འདི་ནི་ཡུལ་རྒྱུ་བ་ཡིན་ནོ།། སྙམ་དུ་ཡང་དག་པར་ཤེསོ།། ། ་འཛམ་བུའི་གླིང་ལ་ལར་ནི་དམངས་མོ་རྣམས་དམ་པའི་ཆོས་ལ་འཛུད་པའི་ཕྱིར། ང་རོལ་མོའི་གནས་སུ་འགྲོ་བར་བྱེད་མོད་ཀྱི། ང་དེ་ལས་བྱེད་པ་ཡང་མ་ཡིན་ནོ།། འཛམ་བུའི ་གླིང་ལ་ལར་ནི་བྱིས་པ་རྣམས་བསྒྲལ་བའི་ཕྱིར། ཡི་གེ་སློབ་པའི་སར་སོང་སྟེ། གྲ་དཔོན་བྱེད་ཅིང་བྲིས་པ་རྣམས་སློབ་པར་བྱེད་དོ།། འཛམ་བུའི་གླིང་ལ་ལར་ནི་སེམས་ཅན་རྣམས ་བསྒྲལ་བའི་ཕྱིར། ང་ཆད་མཐུང་བ་བྱེད། རྒྱན་པོས་རྩེ་བར་བྱེད། གཡེངས་པ་ལ་དགའ་བར་བྱེད། ལས་ཆེན་པོ་དེ་དག་བྱེད་མོད་ཀྱི། ང་ནི་ལས་དེ་བྱེད་པ་མ་ཡིན ་ལ། སེམས་ཅན་རྣམས་ཀྱིས་ནི་ལས་དེ་བྱེད་པ་ཡིན་ནོ།། སྙམ་དུ་ཡང་དག་པར་ཤེས་པར་བྱའོ།། འཛམ་བུའི་གླིང་ལ་ལར་ནི་བྱ་རྒོད་དང་། ཁྲ་རྣམས་ངེས་པར་བསྒྲལ ་བའི་ཕྱིར། དུར་ཁྲོད་དུ་འགྲོ་བར་བྱེད་མོད་ཀྱི། དེ་ལྟར་ང་ལྟ་བུའི་འདུ་ཤེས་མི་འཇུག་གོ།། འཛམ་བུའི་གླིང་ལ་ལར་ནི་དམ་པའི་ཆོས་གནས་པར་བྱའོ།། ང་ཁྱིམ་བདག་ཏུ ་། ཡང་དག་བསྟན་ཏོ།། དམ་པའི་ཆོས་སྐྲོད་པ་དང་། འཇིག་རྟེན་སྟོང་བསྲུང་བའི་ཕྱིར། བློན་པོ་རྣམས་ཀྱི་ནང་དུ་བློན་བ་ཀུར་རོ།། ་གཞོན་ནུ་རྣམས་ལ་དམ་པའི་ཡང་དག་པར་བསྟན་པའི་ཕྱིར། གཞོན་རྣམས་ཀྱི་ནང་དུ་གཞོན་ནུར་བཀུར་རོ།། དམ་པའི་ཆོས་ཀྱི་རྒྱལ་པོའི་ཆོས་ལུགས་ཡང་དག ་པར་བསྟན་པའི་ཕྱིར། དམ་པའི་ཆོས་ཀྱི་རྒྱལ་པོས་སེམས་ཅན་རྣམས་ལ་ཆོས་ཀྱི་སྨན་བྱིན་ནས་དེ་དག་དམ་པའི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱི་ནད་ཀྱི ་བར་གྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམ་བུའི་གླིང་ལ་ལར་ནི་མུ་གེའི་བར་གྱི་བསྐལ་པའི་ནང་དུ། བཀྲེས་ཤིང་ཉམས་ཆུང་བའི་སེམས་ཅན་རྣམས་བདུད ་རྩིའི་ཟས་ཀྱིས་ཚིམ་པར་བྱས་ནས། དམ་པའི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱི་མུ་གེའི་བར་གྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམ་བུའི་གླིང་ལ ་ལར་ནི་མཚོན་གྱི་བར་གྱི་བསྔལ་པ་བསྟན་ཏེ། དེ་དག་ཚོགས་ཀྱང་ཅིག་ལ་གཅིག་གསོད་པའི་དུས་ལ་བབ་པ་ན། དེ་དག་དམ་པའི་ཆོས་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམ ་ཀྱིས་མངོན་པར་གྱི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམ་བུའི་གླིང་ལ་ལར་ནི་སེམས་ཅན་རྣམས་རྟག་པའི་འདུ་ཤེས་ཅན་རྣམས་ལ་མི་རྟག་པའི་འདུ་ཤེས་བསྟན་པའི ་ཕྱིར་སྲེག་པའི་བསྐལ་པ་ལ་འཛུད་པར་བྱེད་དེ། སེམས་ཅན་རྣམས་ཀྱིས་སྲེག་པའི་བསྐལ་པའོ་སྙམ་དུ་ཡང་དག་པར་ཤེས་སོ།། འཛམ་བུའི་གླིང་ལ་ལར་ནི་སེམས་ཅན་ལ་སྒྲ ་སྐད་བསྟན་ཏེ། དེ་དག་སྒྲ་སྐད་ཀྱིས་གྲངས་ནས་ངེས་པར་སྒྲོལ་བར་བྱེད་དོ།། འཛམ་བུའི་གླིང་ལ་ལར་ནི་སེམས་ཅན་རྣམས་ངེས་པར་བསྒྲལ་བའི་ཕྱིར། བདག་ཉིད་ཁམས་བཞི་པོ་རྣམས ་སུ་བསྒྱུར་བར་བྱེད་ཅིང་། སེམས་ཅན་རྣམས་ཀྱི་ནད་སེལ་བའི་ཕྱིར། བདག་ཉིད་སླད་དང་། ཤིང་ཐམས་ཅད་དུ་བསྒྱུར་བར་བྱའོ།། འཛམ་བུའི་གླིང་ལ་ལར་ནི་ཡ་མཚན་ཅན ་ཐམྲ་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་བར་བསྟོན་ཏེ། ཐམས་ཅད་དུ་མཁན་པོ་བྱེད་ཅིང་མཆོད་པར་འགྱུར་རོ།། དེ་བཞིན་གཤེགས་པ་ནི་སྔོན་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་ནས། ་རབ་ཏུ་བྱུང་བའི་དེ་ཁོ་ན་ཉིད་མཐར་ཐུག་ཟིན་བཞིན་དུ་ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་འབྱུང་བ་སྟོན་ཏོ།། དེ་དག་ངེས་པར་བསྒྲལ་བའི་ཕྱིར་རོ།། དེ་བཞིན་གཤེགས་པ་ནི་རྟག ་པར་རང་གི་སྐར་བསྟན་མོད་ཀྱི། སེམས་ཅན་ཐམས་ཅད་ངེས་པར་བསྒྲལ་བའི་ཕྱིར། བཟོའི་གནས་ཐམས་ཅད་དུ་ཡང་སློབ་དཔོན་བྱེད་དེ། རིག་སྔགས་དང་། སྤྲུལ་པ་ཐམས་ཅད ་ཀྱང་སྟོན་ལ། ཡ་མཚན་ཅན་ཐམས་ཅད་ཀྱི་རྒྱགས་པ་དང་། ང་རྒྱལ་བཅོམ་ནས། དེ་དག་ལ་ཤིང་བལ་ལྟ་བུར་སྙིང་པོ་མེད་པར་ཡང་དག་པར་སྟོན་ཅིང་། དེ་དག་དམ་པའི་ཆོས ་ལ་འཛུད་པར་བྱེད་པ་འདི་ནི། འཇིག་རྟེན་དང་མཐུན་པར་བྱ་བ་ཡིན་ཏེ། དེ་ལྟར་སེམས་ཅན་ལྟ་བའི་འདུ་ཤེས་ཅན་རྣམས་ཀྱིས་སེམས་ཅན་འདི་ནི་འཇིག་རྟེན་པའོ་སྙམ་དུ་ཡང་དག ་པར་ཤེས་མོད་ཀྱི། དེ་བཞིན་གཤེགས་པ་ནི་འཇིག་རྟེན་པ་མ་ཡིན་གྱི། འཇིག་རྟེན་ལས་འདས་པའི་ཆོས་གཟིགས་པ་ཡིན་ནོ།། འཛམ་བུའི་གླིང་ལ་ལར་ནི། འཇིག་རྟེན ་དང་མཐུན་པར་བྱ་བས་ངེས་བསྒྲལ་བའི་ཕྱིར། བྲན་མ་དང་བྲན་མོར་ཡང་སྟོན་ཏེ་སྙམ་དུ། ཡང་དག་པར་ཤེས་པ་ནི་རིགས་དམའ་བར་སྟོན་པ་ཡིན་ནོ།། ་འཛམ་བུའི་གླིང་ལ་ལར་ནི། ངས་འཇིག་རྟེན་བྱ་བ་ཐམས་ཅད་བསྟན་ཏེ། སེམས་ཅན་རྣམས་ཀྱིས་སེམས་ཅན་འདི་ནི་འཇིག་རྟེན་ལྷུར་ལེན་པ་ཡིན་ནོ།། སྙམ་དུ་ཡང་དག་པ་ཤེསོ།། ། ་དེ་ལྟར་བསྟན་དུ་ཟིན་ཀྱང་དེ་བཞིན་གཤེགས་པ་ནི་ལས་དེ་བྱེད་པ་མ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་མཐུན་པར་བྱ་བ་ནི་འཇིག་རྟེན་བསྒྲལ་བའི་ཕྱིར་རོ།། དེ་བཞིན་བྱང་གི་སྒྲ ་མི་སྙན་དང་། ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་ལང་སྤྲོད་རྣམས་དང་། སྲིད་པའི་ཉི་ཤུ་རྩ་ལྔ་དག་ཏུ་ཡང་འཇིག་རྟེན་དང་མཐུན་པའི་མགོ་ནས། དེ་དང་དེ་དག་དེ་བཞིན ་དུ་སྦྱར་ཏེ། ངའི་བསྟན་པ་ལ་ནི་གསང་བ་མེད་དེ། སངས་རྒྱས་ཀྱི་གསུང་ནི་སྟོན་གྱི་ཟླ་བ་རྒྱས་པ་བཞིན་དུ། སྐྱོན་མེད་པ་དང་། མཚན་མས་མ་བཏང་བ་དང་། རྨོངས་པ་མེད་པ ་དང་། གསང་བ་དང་། གསང་བ་ཆེན་པོ་དང་བྲལ་བ་དང་། གསལ་བ་ཡིན་ནོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ།། ་བམ་པོ་ལྔ་པའོ།། ། རིགས་ཀྱི་བུ་དཔེར་ན། ཁྱིམ་དག་བྲན་གཟའ་ཅན་ནོར་བྱེད་པ་དོགས་པ་ཞིག་ལ་བུ་ཅིག ་བསྡུག་ཅིང་བངས་ལ་ཅེས་ཤིང་ཡིད་དུ་འོང་བ་ཡོད་དོ།། དེས་བུ་དེབུས་སློབ་དཔོན་ལས་ཕྱིར་བཀུག་ནས། བུ་ལ་བྱམས་པའི་ཕྱིར་བདག་ཉིད་ཀྱིས་བསྒྲིམས་ཏེ། ཡི་གེ་བྱེད་པ། ་སློབ་པར་བྱེད་ན། ངས་བསྒྲིམས་ཏེ་ཡི་གེ་ཆེ་བ་བསླབ་ཏུ་ཟིན་ཀྱང་། ཅི་བརྡ་སྤྲོད་པའི་དོན་གྱི་བྱེ་བྲག་སྟོན་པར་ནུས་སམ། བསྟན་པར་ནུས་སུ་ཟིན་ཀྱང་། དེས་ཡི་གེ་ཕྱེད ་བ་བསླབས། བརྡ་སྤྲོད་པའི་དོན་ཤེས་པར་འགྱུར་རམ། ཅི་ཁྱིམ་བདག་བྲན་ཟ་ཅན་རང་གི་བུ་བསད་བྱེད་དམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། ་བུའི་ཤེས་པའི་རྩལ་དང་། ཡིད་རྣོ་བརྟུལ་ཏེ་འདྲ་བ་དང་། ཤེས་པའི་རྩལ་དང་མི་ལྡན་པའི་རྒྱས་ན་དེས་ལ་གསང་བ་དང་འདྲ་བར་འགྱུར་ལགས་སོ།། དེ་ལ་ཡིད་མི་བདེ་བ ་དང་། གཡོ་བ་དང་། སེར་སྣ་གང་ལེགས་པ་དེ་ནི་བསང་བ་ལགས་པར་བགྱིའོ།། དད་པ་དང་དགའ་བ་བུ་གཅིག་པའི་འདུ་ཤེས་དང་ལྡན་པ་གང་ལགས་དེ་ནི། གསང་བ་ཞེས་མི ་བགྱིད་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། སྡང་བ་དང་། གཡོ་དང་། སེར་སྣ་དང་། ལྡན་པ་གང་ཡིན་པ་དེ་ནི། བསང་བ་ཡིན་ཏེ། དེའི ་སྟོབས་དང་། བྱམས་པས་ཀྱང་ཁྱིམ་བདག་བྲན་བཟའ་ཅན་དེ་སྟོན་པར་མི་བྱེད་པ་བཞིན་དུ། ཁྱིམ་བདག་བྲན་བཟའ་ཅན་ལྟར་ང་སེམས་ཅན་ཐམས་ཅན་ལ་བུ་གཅིག་པའི་འདུ་ཤེས ་སྒོམ་པ་དང་ལྡན་མོད་ཀྱི། བྱིས་པ་དེ་དག་གིས་མི་བཟོད་པའི་ཕྱིར་ང་དགོངས་པའི་ཚིག་མི་སྟོན། ངས་ཡི་གེ་ཕྱེད་པར་འདྲ་བར་གསུངས་རབ་ཡན་ལག་དགུ་སྟོན་ཏོ།། བརྡ་སྤྲོད་པ ་དང་འདྲ་བར་ནི། སྟོབས་བཅུ་དང་། འཕགས་པའི་བདེན་པ་དང་། འཕགས་པའི་བདེན་པ་བཞི་དང་། འཕགས་པའི་ལམ་ཡན་ལག་བརྒྱད་པ་དང་། ཐེག་པ་ཆེན་པོ་ཤིན་ཏུ་རྒྱས ་པའི་བརྡ་སྤྲོད་པ་སྟོན་ཏོ།། ཡི་གེ་ཕྱེད་པ་བསླབས་པ་ནས། སྐྲ་ག་རིག་པའི་འོས་སུ་གྱུར་པ་དེའི་ཚེ། ཁྱིམ་བདག་བྲན་བཟའ་ཅན་གྱིས། གལ ་ཏེ་བརྡ་སྤྲོད་པའི་དོན་སློབ་པར་མི་བྱེད།། དེ་ལྟར་སར་སྣ་བྱེད་པའི་གསང་བ་ཅེས་བྱའོ།། གལ་ཏེ་བརྡ་སྤྲོད་པའི་དོན་ཤེས་པ་ནི། བྱིས་པས་བརྡ་སྤྲོད་པ་རྫོགས་པར་ལོངས་པར་འགྱུར ་བ་དེ་བཞིན་དུ། ང་ཡང་ཉན་ཐོས་རྣམས་ལ་ཇི་སྲིད་དུ་ཐེག་པའི་སྣོད་དུ་མ་གྱུར་པ་དེ་སྲིད་དུ། གསུང་རབ་ཡན་ལག་དགུ་སྟོན། གལ་ཏེ་ངས་ཅན་སེམས་ཅན་སྣོད་དུ་གྱུར་པ་རྣམས་ལ། ་ཐེག་པ་ཆེན་པོའི་བསླབས་པར་མ་བྱས་ན་ནི། དེ་ལྟ་ན་ནི་ང་བརྡ་སྤྲོད་པ་དང་། འདྲ་བར་གསང་བར་བྱའོ།། སྙམ་དུ་སྨྲ་བའི་རིགས་སོ།། ང་ནི་ད་བརྡ་སྤྲོད་པ་དང་འདྲ་བར་དེ་བཞིན ་གཤེགས་པ་རྟག་པ་དང་། བསྟན་པ་དང་། ཐེར་ཟུག་པར་བསྟན་ཏེ། ཁྱིམ་བདག་བྲན་བཟའ་ཅན་དང་འདྲ་བར་རང་གི་སྲས་ཚར་མཛད་དོ།། དེ་ལྟར་ན་རིགས་པ་ཐམས་ཅད་ཚར ་བྱིན་པར་བྱེད་པ་བཞིན་དུ། ཚར་ཕྱིན་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། སྤྲིན་ཆེན་པོ་རྣམས་འབྲུག་དི་རི་རི་སྒྲོགས་ཤིང་། ཆར་ཆེན་པོ་འབེབས་སུ་ཟིན་ཀྱང་། ་སེམས་ཅན་ཁ་ཅིག་གིས་ས་བོན་མ་སྐྱེས་ན། ཅི་དེ་ལ་སྤྲིན་ཆེན་པོ་རྣམས་ཀྱིས་ཉེས་སམ། ཅི་སྤྲིན་ཆེན་པོ་རྣམས་འབེབས་སམ། དེ་བཞིན་དུ་ངེས་པར་ཡོངས་སུ་མྱ་ངན་ལས ་འདས་པ་ཆེན་པོ་གསང་བ་ཆེན་པོ་མ་ལུས་པར་བསྟན་ཀྱང་། སེམས་ཅན་སྣོད་དུ་མ་གྱུར་པ་གང་ཡིན་པ་དེ་དག་གིས་མི་ཤེས་སོ།། ཡང་བཀའ་སྩལ་པ། གང་དག་ལ་ནི་ཡོངས་གསགས ་མེད།། གང་དག་གི་ནི་ཟས་མི་རྟོགས།། མཁའ་ལ་བྱ་རྣམས་རྗེས་འདྲ་བར།། དེ་དག་རྗེས་བཅད་བཀའ་བ་ཡིན།། བསྟན་པ་ཆེན་པོ་ཇི་ལྟ་བུ།། སུ་དག་ལ་ནི་ཡོངས་ས་བསག་མེད།། ་སུ་དག་གི་ནི་ཟས་མི་རྟོགས།། སུ་སོང་གང་དུ་སོང་བ་ནི།། དེ་ལ་རྗེས་བཅད་བཀའ་བ་ཡིན།། དེ་ལ་རིན་པོ་ཆེ་ལ་སོགས་པ་ནི་བསོགས་པའོ།། ཡོངས་སུ་ཤེས་པ་ནི་ཕྲད་ཀྱི་བྱེ་བྲག ་གི་ཚིག་གོ། ཡོངས་ཤེས་བྱ་བ་ནི་བསྡུས་པའི་དོན་ཏེ། འདིར་རྫས་བཟང་པོ་སྒྲུབ་པའི་ཐ་ཚིག་གོ། བརྩེགས་ཞེས་བྱ་བ་དང་། ནོར་ཞེས་བྱ་བ་ནི་དོན་ཅིག་གོ།། གང་དག་ཡོངས ་སུ་གསགས་པར་བྱེད་པ་དེ་དག་ནི། དེ་དག་གིས་ཡོངས་སུ་གསགས་ཞེས་བྱའོ།། དེ་ལ་ཡོངས་སུ་བསགས་པ་ཞེས་བྱ་བ་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཡོངས་སུ་གསགས ་པ་དང་། འདུས་མ་བྱས་ཡོངས་སུ་གསགས་པའོ།། དེ་ལ་ཉན་ཐོས་ནི་འདུས་བྱས་ཡོངས་སུ་གསགས་པའི་རྣམ་པའོ།། དེ་བཞིན་གཤེགས་པ་ནི་འདུས་མ་བྱས་ཡོངས་སུ་གསགས ་བའི་རྣམ་པའོ།། དགེ་འདུན་ནི་རྣམ་པ་གཉིས་ཏེ། འདུས་བྱས་ཀྱི་དགེ་འདུན་དང་། འདུས་མ་བྱས་ཀྱི་དགེ་འདུན་ནོ།། དེ་ལ་འདུས་བྱས་ཀྱི་དགེ་འདུན་ཞེས་བྱ་བ་ནི། ཉན་ཐོས ་ལ་ཡོངས་སུ་གསགས་པ་ཡང་མེད་ན། བྲན་དང་བྲན་མོ་ལ་སོགས་རྫས་ངན་པ་རྣམས་དང་། མཛོད་དང་བང་བ་ཡོང་སུ་འཛིན་པ་ལྷ་ག་ལ་ཡོད་དེ། འོས་མ་ཡིན་པས་ན། དེ་དག་ལ ་ནི་ལན་ཚྭ་དང་། ཏིལ་ཙམ་ཡོངས་སུ་གསགས་པ་ཡང་མེད་ན། གང་དག་བཅོམ་ལྡན་འདས་ཀྱི་བདག་ཅག་གི་བྲན་དང་བྲན་མོ་ལ་སོགས་པ་འཚང་དུ་གནང་ངོ་།། ཞེས་ཟེར་བ་དེ་དག་གི ་ལྕེ་ནི་ལྐུག་པར་འགྱུར་སྲིད་དོ།། ཉན་ཐོས་དེ་དག་ནི་ཡོངས་སུ་གསགས་པ་མེད་པའི་རྣམ་པ་ཡིན་ཏེ། དེ་དག་ནི་ཟས་སུ་ཤེས་པའོ།། གང་དག་ཟས་ཞེན་པ་མེད་པ། ་ནི་རྫས་ཡོངས་སུ་ཤེས་པ་ཡིན་ནོ།། དེ་ལ་འགྲོ་བའི་ལམ་དུ་རྗེས་བཅད་དཀའོ།། དེ་དག་ནི་མྱུར་བ་ཁོ་ནར་སངས་རྒྱས་ཉིད་དུ་ཉེ་བར་གནས་སོ།། དེ་དག་གི་འགྲོ་བ་ནི་ཆེས་དཀའོ།། ་ཞེས་དེ་བཞིན་གཤེགས་པས་གསུངས་སོ།། ཡང་བཀའ་སྩལ་པ། གལ་ཏེ་འདུས་བྱས་ཀྱི་དགེ་འདུན་ལ་ཡོངས་སུ་གསགས་པ་མེད་ན། འདུས་མ་བྱས་ཀྱི་དགེ་འདུན་ནི་ལྟ་བ་ག ་ལ་ཡོད། འདུས་མ་བྱས་ཀྱི་དགེ་འདུན་ནི་དེ་བཞིན་གཤེགས་པས་ཏེ། དེ་བཞིན་གཤེགས་པ་ལ་གསང་བའི་ཆོས་བསྟན་པ་ག་ལ་ཡོད། གསང་བ་གང་ཡིན་པ་དེ་ནི་ཡོངས་སུ་གསགས ་བའོ།། རྗེས་བཅད་པ་མེད་པ་ནི་མི་གཡོ་བའི་བདེ་བ་སྟེ། མྱ་ངན་ལས་འདས་པའི་དོན་ཏོ།། དེ་ལ་ནི་ནམ་མཁའ་ཡང་མེད། ལོ་དང་ཉི་མ་དང་ཟླ་བ་རྣམས་ཀྱིས་ཀྱང་བར་མེད། མཇུག ་རིངས་དང་སྐར་མའི་ཚོགས་རྣམས་དང་། རི་རྣམས་དང་། དུས་དུས་དང་། སྤྲིན་རྣམས་ཀྱང་མེད་དེ། སྐྱེ་བའི་རྒྱུན་ཆད་པ། འཆི་བ་དང་། ན་བ་དང་། རྒ་བ་དང་། སྲིད་པ ་ཉི་ཤུ་རྩ་ལྔ་སྤངས་པ། སྡུག་བསྔལ་གྱི་རྣམ་པ་དང་། ཉོན་མོངས་པ་དང་། བྲལ་བ་སྟེ། དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། བདེ་བ་དང་། མི་གཡོ་བ་དང་། ་གནས་མེད་པ་ནི་མྱ་ངན་ལས་འདས་པ་སྟེ། དེར་འགྲོ་བའི་ཕྱིར་དེ་བཞིན་གཤེགས་པ་གྲོང་པོར་ཤེས་སོ།། ཆེན་པོ་ཞེས་བྱ་བ་དང་། ཆེ་བ་ཞེས་བྱ་བ་ནི་དོན་གཅིག་གོ། ཆེན་པོ་ཞེས་བྱ་བ་ནི། ་ལྷག་མ་དང་བཅས་པའི་ཚིགས་བླ་དགས་སོ།། འདི་ལ་མི་ལ་ལ་ཆེ་དཔག་ཏུ་མེད་པར་གྱུར་ན། མི་དེ་སྐྱེས་བུ་ཆེན་པོའི་གྲངས་སུ་གཏོགས་ཏེ། ཆོས་དང་ལྡན་པ་ནི་མི་དེ་སྐྱེས་བུ ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། ཡང་འདིར་སྐྱེས་བུ་ཆེན་པོའི་རྣམ་པར་རྟོག་པ་བརྒྱད་ཀྱིས་བུ་གཅིག་པུར་འགྱུར་ཏེ། སྐྱེས་བུ་ཆེན་པོ་དུ་མ་ཡོད་པའི་ནང་ན་གང་ལ་སྐྱེས་བུ་ཆེན ་པོའི་རྣམ་པར་རྟོག་པ་བརྒྱད་ཡོད་པ་དེ་ནི། སྐྱེས་བུ་ཆེན་པོ་ཐམས་ཅད་ཀྱི་ནང་ན་ཡང་སྐྱེས་བུ་ཆེན་པོ་ཞེས་ང་བཤད་པས་ན། དེའི་ཕྱིར་ཆེ་བ་ཞེས་བྱའོ།། ལྷག་མ་དང་བཅས་པའི་མྱ ་ངན་ལས་འདས་པ་ཞེས་བྱ་བ་འམ། གང་ལ་རྨ་མེད་པ་དེ་ནི་མྱ་ངན་ལས་འདས་པའོ་ཞེས་བཤད་པས་ན། དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དཔེར་ན་མི་ལ་ལ་ཞིག་གདུག་པའི་ཟུག ་རྔུས་ཕོག་སྟེ། བབ་རྡོའི་གནོད་པས་ཐེབས་པས་མི་དེ་ཟུག་རྔུ་འབྱིན་པའི་སྨན་པ་ཞིག་གིས་གསོས་ཏེ། གདུག་པའི་ཟུག་རྔུ་བསལ་ནས་བདེ་བར་བྱས་ཏེ། དེ་གནོད་པ་མེད་པ ་སྔ་མ་ཁོ་ན་བཞིན་དུ་བྱས་ནས། སྨན་པ་དེས་མི་དེ་བོར་ཏེ། ཡུལ་གཞན་ནམ། ཁྱིམ་གཞན་གང་ན་སྨན་པ་དང་། གང་ན་རླའི་ལས་བྱར་ཡོད་པ་དེ་ན་གནས་པ་དེ་བཞིན་དུ། དེ ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་པ་ཆེན་པོ་ཟུག་རྔུ་འབྱིན་པས་ཀྱང་། འཛམ་བུའི་གླིང་བའི་སེམས་ཅན་བསྐལ་པ་བྱེ་བ་ཕྲག་གྲངས ་མེད་པ་ཚུན་ཆད་ནས། འདོད་ཆགས་དང་། ཞེ་སྡང་དང་། ཉོན་མོངས་པའི་དུག་གི་ཕོག་པའི་སེམས་ཅན་ཤིན་ཏུ་རྨན་པ་ཐམས་ཅད་ཀྱི་ཟུག་རྔུ་རྣམས། ཐེག་པ་ཆེན་པོའི ་མདོ་སྡེ་སྣ་ཚོགས་ཀྱིས་གསོ་བ་མཛད་དོ།། གསོས་ནས་དེ་རྣམས་མྱ་ངན་ལས་འདས་ཏེ། གང་ན་སེམས་ཅན་དམན་པ་རྣམས་ཡོད་པ་དེར། བཅོམ ་ལྡན་འདས་ཡང་དག་པར་སྣང་བར་འགྱུར་རོ།། དེ་བས་ན་མྱ་ངན་ལས་འདས་པ་ཆེན་པོ་ནི་རྣམ་ཡང་དག་པའི་དོན་ལ་རྟོགས་པ་ཡིན་ནོ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་བ་ནི། ་སྲིད་པ་ཐམས་ཅད་ན་ཐར་པའི་གྲོང་ཁྱེར་གྱི་ཚིག་བླ་གདགས་ཡིན་ཏེ། གང་ན་འདུལ་བར་བྱ་བ་ཡོད་པ་དེར། རྫོགས་པར་སངས་རྒྱས་པར་སྣང་བ་འདི་ནི་ཚིགས་གྲགས་པའོ།། ཡང ་དག་པའི་དོན་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས་སྨན་པས་ཐམས་ཅད་གསོས་པར་བགྱིས་ན། ཡུལ་དང་། གྲོང་ཁྱེར ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་གང་ན་སྨན་པ་རྣམས་མཆིས་པ་དེར་སྣང་བར་འགྱུར་རོ།། ཞེས་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་སྲོག་ཆགས་ཐམས ་ཅག་ཀྱིས་ནད་གསོས་པར་བྱེད་ཅེས་དེ་སྐད་མ་ཟེར་ཅིག། གསོར་མི་རུང་བའི་སེམས་ཅན་གཞན་རྣམས་ནི་གསོ་བར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ནད་ནི་གསོར་མི་རུང་བ་ལགྲ་ཏེ། ་དེ་བཞིན་དུ་དེ་བཞིན་གཤེགས་པ་ནི་གསོར་མི་རུང་བའི་ནད་འདོད་པ་མ་གཏོགས་པར། ནད་ཐམས་ཅད་གསོ་བར་མཛད་དེ། གང་མྱ་ངན་ལས་འདས་པ་དེ་དག་གསོས་པ་ཡིན་ནོ།། ་གསོལ་པ། ཐར་པ་ཇི་ལྟ་བུ་ལགས། གཟུགས་ཅན་ལགས་སམ། གཟུགས་ཅན་མ་མཆིས་པ་ལགས། བཀའ་སྩལ་པ། ཁ་ཅིག་ནི་གཟུགས་ཅན་ནོ།། ཁ་ཅིག་ནི ་གཟུགས་ཅན་མ་ཡིན་པ་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིའོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིའོ།། ཁ་ཅིག་ནི་གཟུགས་མེད་པ་ལ་ཡིན་ལ། གཟུགས་ཡིན་ནི། ཞེས། ་བྱ་བར་ཡང་མི་རུང་སྟེ། གསོལ་པ། ཅིའི་སླད་དུ་ལགས། བཀའ་སྩལ་པ། འོད་སྲུངས་ཆེན་པོ་དང་རུས་གཅིག་པ། དཔེར་ན། འདུ་ཤེས་མེད་མིན་གྱི་ལྷ་རྣམས་ཀྱི ་ལུས་ནི། གཟུགས་དང་གཟུགས་མེད་པ་ཡིན་ལ། གཟུགས་ཡིན་ནོ་ཞེས་བྱ་བར་ཡང་མི་རུང་བ་བཞིན་ནོ།། འདུ་ཤེས་མེད་མིན་གྱི་ལྷ་རྣམས་གཟུགས་དང་གཟུགས་མ ་མཆིས་པ་ལགས་ན། གཟུགས་དང་མེད་པ་ཡིན་ལ། དེ་དག་ཇི་ལྟར་མཆིས་པ་དང་། ཇི་ལྟར་རྒྱུ་བ་བསྟན་དུ་གསོལ། བཀའ་སྩལ་པ། འདི་སངས་རྒྱས་ཀྱི་ཡུལ་ཡིན་ཏེ། ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་མ་ཡིན་གྱིས་ཞོགས་ཤིག། དེ་བཞིན་ཐར་ཡང་གཟུགས་དང་གཟུགས་མེད་པ་ཡིན་ལ། གཟུགས་ཀྱང་མ་ཡིན་པས་ན་ཉན་ཐོས ་སངས་རྒྱས་ཀྱི་ཡུལ་ཡིན་གྱིས། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པས། ཡོངས་སུ་མྱ་ངན་ལས་འདྲ ་པ་ཆེན་པོའི་ཚུལ་གྱི་ཐར་པ་བསྟན་དུ་གསོལ། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། ཐར་པ་ཞེས་བྱ་བ་ནི་བཅིངས་པ་ཐམས་ཅད་དང་བྲལ་བའོ།། ཡང་བཀའ ་སྩལ་པ། ཐར་པ་ཞེས་བྱ་བ་གང་ཡིན་པ་དེ་ནི། མ་སྐྱེས་པའི་ཕྱིར། དེ་ནི་འཆིང་བ་ཐམས་ཅད་དང་ཤིན་ཏུ་བྲལ་བ་སྟེ། ཇི་ལྟར་ཕ་མ་ཕྲད་པའི་ཡོན་ཏན་ལས་བུ་སྐྱེས་པ་དེ་བཞིན ་དུ། སྐྱེས་བུ་མ་ཡིན་ཏེ། ཐར་པ་རང་གི་ཡུལ་དུ་གནས་པའོ།། མ་སྐྱེས་པ་ཞེས་བྱ་བ་ནི། འདི་ལྟར་མར་གྱི་སྙིང་པོ་ཁུ་རང་བཞིན་གྱིས་རང་། ་གི་ངོ་བོ་ཉིད་འདུག་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་ནི་ཡབ་ཡུམ་འཁྲིག་པ་ལས་བྱུང་བ་མ་ཡིན་ལ། དེ་བཞིན་གཤེགས་པས་ནི། འདུལ་བར་བྱ་བའི་དབང་གིས་ཡབ ་ཡུམ་གཉིས་ཀྱང་བསྟན་ཏོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ་མ་བྱུང་བ་བྱུང་བ་བྱུང་བའི་ཕྱིར་རོ།། དཔེར་ན་སྲེ་གྲེའུ་འམ། སྲན་གྲེའུ་སྒྱིད་ཟླ་ར་བའི་ངོ ་འམ། དབྱར་གྱིས་དུས་སམ། སྟོན་ཟླ་ཐ་ཆུང་གི་ངོ་ལ་ས་བོན་བཏབ་ན། དེ་དག་ལ་མྱུ་གུ་འབྱུང་བ་དེ་བཞིན་དུ། ཐར་པ་ནི་དེ་ལྟ་བུ་མ་ཡིན་ནོ།། མ་བྱུང་བ་གང་ཡིན་པ ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པས་ཏེ། མ་བྱུང་བའོ།། དེ་བཞིན་གཤེགས་པ་ནི་མ་བྱང་བ་ཁོ་ན་ཏེ། དེ་བཞིན་གཤེགས་པ་ནི་མྱུ་གུ་ཡོད་པ ་དང་། མ་བྱང་བ་བཞིན་ཡོངས་སུ་བརྟག་པར་མི་བྱའོ།། དེ་བཞིན་གཤེགས་པ་ནི་རང་བཞིན་གྱིས་མ་བྱང་བ་སྟེ། དེ་བས་ནམ་བྱང་བའོ།། མ་བྱུང་བ་ཞེས་པ་པོ་ནི་མ་བྱས་པའོ།། ་མ་བྱུང་བ་ཞེས་བྱ་བ་ནི། ཇི་ལྟར་གྲོང་ཁྱེར་དང་། གྲའི་ཡང་ཐོག་དང་། སྒོ་ཁང་བྱེད་པ་དེ་བཞིན་གཤེགས་པ་ནི་དེ་ལྟར་མ་ཡིན་ཏེ། མ་བྱས་པ་གང་ཡིན་པ་དེ་ནི་ཐར་པའོ།། ། ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདུས་མ་བྱས་འདུས་མ་བྱས་ཞེས་བྱ་བ་ནི། ཇི་ལྟར་རྫ་མཁན་གྱི་སྣོད་བྱས་ནས། དེའི་འོག་ཏུ་ཞིག་པར་འགྱུར་བ ་བཞིན་དུ། ཐར་པ་ནི་དེ་ལྟར་མ་ཡིན་ནོ།། ཐར་པ་ནི་སྐྱེས་པ་ཡང་མེད། འགག་པ་ཡང་མེད་དོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། སྐྱེ་བ་ཡང་མེད་འཆི ་བ་ཡང་མེད་དོ།། གང་མ་སྐྱེས་པ་དང་། མ་ཞིག་པ་དང་། རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། འདུས་མ་བྱས་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་དེ་བཞིན ་གཤེགས་པ་ནི། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བའོ།། རྒ་བ་མེད་པ་དང་། འཆི་བ་མེད་པ་ཞེས་བྱ་བ་ནི། མགོ་དཀར་བ་དང་། རྒ་བ་དང་། ན་བ་དང་། འཆི ་བའི་ཆོས་དང་། འདུས་བྱས་ཀྱི་རང་བཞིན་གྱི་རྟོག་པ་དེ་ལྟར་ཐར་པ་མ་ཡིན་གྱི། གང་གོང་དུ་སྨོས་པ་རྣམས་མེད་པ་དེ་ནི་ཐར་པ་ཡིན་ཏེ། དེ་བས་ན་གེ་བ་མེད་པ་ཞེས་བྱའོ།། ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བཞིན་གཤེགས་པ་ལ་ནི་མགོ་དཀར་བ་དང་། རྒ་བ་དང་། འདུས་བྱས་རྣམ་པར་འགྱུར་བ་མེད་དོ།། དེ་བས་ནི་དེ་བཞིན ་གཤེགས་པ་ནི་རྒ་བ་མེད་པའི་སྐུ་ཡིན། འཆི་བ་ལྟ་ག་ལ་འགྱུར། ནད་མེད་པ་ནད་པ་ཞེས་བྱ་བ་ནི། གློ་བུར་གྱི་ནད་བཞི་བརྒྱ་རྩ་བཞིའི་གནོད་པར་འགྱུར་བ་དང་། ཉེས་དམིགས ་དུ་མ་དང་ལྡན་པའི་ལུས་གང་ལ་མེད་པ་དེ་ལྟ་བུའི་རང་བཞིན་ཏེ། དེ་བས་ན་ཐར་པ་ནི་ནད་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་ལ་ཡང་ནད་ཀྱི་བག་མེད་ན། ་ཆོས་ཀྱི་སྐ་ལ་ལྟ་བ་ནད་ག་ལ་ཡོད། དེ་བས་ན་དེ་བཞིན་གཤེགས་པ་ནི་ནད་མེད་པའོ།། འཆི་བ་མེད་པ་འཆི་བ་མེད་པ་ཞེས་བྱ་བ་ནི། མིའི་ལུས་བཞིན་དུ་འཆི་བ་མེད་པའོ།། དེ་ནི་ཐར ་པ་ཡིན་ཏེ། དེ་ལ་ནི་དུས་འདི་ཙམ་གྱི་ནི། ཟད་པའི་མཐར་འགྱུར་བ་ནི། འཆི་བའི་མཐར་འགྱུར་རོ་ཞེས་བྱ་བའི་མིང་ཡང་མེད་དེ། འཆི་བ་དང་བྲལ ་བ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་འཆི་བར་འགྱུར་ཞེས་བྱ་བ་དེ་ནི་མི་སྲིད་དེ། སྐུ་རྡོ་རྗེ་ལྟར་འཁྲེགས་པ་མི ་རྟག་པར་ག་ལ་ཞིག་འགྱུར་ཏེ། དེ་བས་ན་འཆི་བ་མེད་པ་ནི་དེ་བཞིན་གཤེགས་པའོ།། ཉོན་མོངས་པ་ཅན་ཞེས་བྱ་བ་ལ། ཐར་པ་ནི་ནུར་ནུར་པོར་མི་གཙང་བས་མ་རུང་བར་འགྱུར ་བ་མ་ཡིན་ཏེ། ཐར་པ་ནི་ཇི་ལྟར་མེ་ཏོག་ཀུ་མུ་ཏ་དཀར་པོ་བཞིན་དུ་གསལ་བའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདོད་པས་ཉེན་པ་སྣ་ཚོགས་བསྟན་པ ་ནི་ཐབས་ཡིན་པར་ལྟ་བར་བྱའོ།། དེ་བས་ན་དེ་བཞིན་གཤེགས་པ་ཅན་མ་ཡིན་ནོ།། ཟག་པ་མེད་པ་ཟག་པ་མེད་པ་ཞེས་བྱ་བ་ནི། རྨ་མེད་པའི་དོན་ཏེ། དེ་ནི་ཐར་པ་ཡིན ་ནོ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པ་སྟེ། དེ་བས་ན་ཟག་པ་མེད་པ་ཞེས་བྱའོ།། གནོད་པ་མེད་པ་ཞེས་བྱ་བ་ནི། ཇི་ལྟ་ཇི་ལྟར་བཀྲེས་པས་གཡོས་བྱེད་པ་མ ་མཐོང་ན། གནོད་པར་འགྱུར་བ་དེ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། གནོད་པ་མེད་པ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ་ཞི་བ་ཞི་པ་ཞེས་བྱ་བ་ནི། འཇིག་རྟེན་པ་རྣམས་ཀྱི་ལྷའི་གཟུགས་ལ་ཞི་བ་ཞེས་བྱ་བས་ན། དེ་ནི་བརྫུས་ཏེ་ཐར་པ་མ་ཡིན་ནོ།། རང་བཞིན་གྱིས་ཞི་བ་གང་ཡིན་པ་དེ་ནི་ཐར་པ ་སྟེ། གང་གི་ཕྱིར་སེམས་ཅན་ཐམས་ཅད་ཀྱི་ཞི་བའི་མཆོག་ཡིན་པས་ན། དེའི་ཕྱིར་ཞི་བ་ཞེས་བྱའོ།། ཞི་བ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་ག ་པའོ།། བདེ་བ་བདེ་བ་ཞེས་བྱ་བ་ནི། ཇི་ལྟར་ཆོས་ཀུན་གྱི་འཇིགས་ནས། ལམ་བདེ་བར་འགྲོ་བ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། རང་བཞིན་གྱི་བདེ་བ་དེ་ལ་ནི་འཇིགས ་བའི་མིང་ཡང་མེད་དེ། དེ་བས་ན་བཅོས་མ་མ་ཡིན་པའི་བདེ་བ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སེམས་ཅན་ཐམས་ཅད་ལ་བདེ་བ་བྱེད་པ་དེ ་ནི་དེ་བཞིན་གཤེགས་པའོ།། གཉེན་པོ་མེད་པ་གཉེན་པོ་མེད་པ་ཞེས་བྱ་ལ། གཉེན་པོ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་རྒྱལ་པོ་ཤིར་དོགས་ཤིང་འཇིགས་པ་བཞིན་དུ། ཐར་པ་ནི ་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ཡེ་ནས་གཉེན་པོ་མེད་པོའོ།། གཉེན་པོ་མེད་པ་ཞེས་བྱ་བ་ནི། འཁོར་ལོ་བསྐུར་བའི་རྒྱལ་པོ་ལྟ་བུ་སྟེ། དེ་གཞན་སླར་འཇིགས་པར་བྱེད་ནས་པ་མེད ་དེ། ཡོད་མི་སྲིད་དོ།། དེ་བཞིན་དུ་ཐར་པ་ལ་ཡང་ཆོས་གཞན་གྱི་གཉེན་པོ་མེད་པའོ།། ཡོད་མི་སྲིད་དོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དེ་བཞིན་གཤེགས ་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ལ་ནི་དགྲ་གཞན་མེད་དེ། དེ་བས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་གཉེན་པོ་མེད་པའོ་ཐར་པ་གང་ཡིན ་བ་དེ་ནི་དེ་བཞིན་གཤེགས་པའོ།། མྱ་ངན་མེད་པ་མྱ་ངན་མེད་པ་ཞེས་བྱ་བ་ནི། གང་ལ་མྱ་ངན་མེད་པ་སྟེ། ཇི་ལྟར་རྒྱལ་པོ་དཀྲུགས་མ་བྱེད་པའི་རྒྱལ་པོ་གཞན་གྱི་རྒྱལ་སྲིད་ཕྲོག་ཏེ། ་ཡུལ་འཁོར་བཅོམ་པ་ན། ཤིན་ཏུ་མྱ་ངན་གྱིས་ཐེབས་པ་བཞིན་དུ། མྱ་ངན་ལས་འདས་པ་ནི་དེ་ལྟ་མ་ཡིན་ཏེ། ཇི་ལྟར་རྒྱལ་པོ་གཞན་གྱིས་མི་ཚུགས ་ཏེ། དགྲ་དང་བྲལ་ནས་མྱ་ངན་མེད་པ་བཞིན་དུ་ཐར་པ་རྣམས་ཀྱང་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི་མྱ་ངན་ལས་འདས་པའོ།། མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་དེ་བཞིན ་གཤེགས་པའོ།། མྱ་ངན་དང་བྲལ་བ་མྱ་ངན་དང་བྲལ་བ་ཞེས་བྱ་བ་ནི། ཇི་ལྟར་བུད་མེད་རང་གི་བུ་དམག་ཏུ་སོང་ནས། ཤིའོ་ཞེས་ཐོས་པ་ལས། ཕྱིར་འོང་བ་མཐོང་ནས། ་མྱ་ངན་དང་བྲལ་བར་འགྱུར་བ་བཞིན་དུ། མྱ་ངན་ལས་འདས་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་མྱ་ངན་དང་བྲལ་བའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ་རྡུལ་མེད་པ་རྡུལ་མེད་པ་ཞེས་བྱ་བ་ལ། རྡུལ་ཞེས་བྱ་བ་ནི། ས་རྡུལ་དང་། ཉལ་ཉི་ལ་ཡིན་ཏེ། ཇི་ལྟར་དཔྱིད་ཀྱི་དུས་ན། ཕྱི་དྲོ་རླུང་ལྡང་བས། སའི་རྡུལ་སླང་བ ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། རྡུལ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་རྒྱལ་པོའི་གཙུག་གི་ནོར་བུ་དག་པ་དེ་བཞིན་དུ། རང་བཞིན་གྱི་རྡུལ་མེད་པ་ནི་ཐར་པའོ།། རྡུལ ་དང་བྲལ་བས་རྡུལ་དང་བྲལ་བ་ཞེས་བྱ་བ་ནི། ཇི་ལྟར་གསེར་ཡོངས་སུ་དག་པ་སྟེ། གསེག་མ་དང་། རྡོ་མེད་པར་གྱུར་པ། མིག་ཏུ་རེག་པ། རང་བཞིན་དུ་གྱུར་པ་བཞིན ་དུ། སྐྱོན་བྱང་བའི་རང་བཞིན་ནི་ཐར་པའོ་ཐར་པ་གང་ཞི་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སོབ་སོབ་པོ་མ་ཡིན་པ་ཞེས་བྱ་བ། སོབ་སོབ་པོ་མ་ཡིན་པ་ཞེས་བྱ་བ་ནི། ཁམ་པའི་བཞིའི ་བུམ་པ་གས་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ལྕགས་དང་རྡོའི་བུམ་པ་བཞིན་དུ། སོབ་སོབ་པོ་མ་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ་སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་ཨེ་ནན་ངའི་འབྲས་བུ་རྡོས་ནས། སོས་གའི་དུས་སུ་ཁང་ཐོག་ཏུ་སྟོན་ཏེ། ཀུན་ནས་ཅོག ་ཙེག་ཟེར་ཞིང་། ཀུན་ནས་ས་པ་དེ་བཞིན་དུ། ཐར་པ་ནི་དེ་ལྟ་བུ་མ་ཡིན་ནོ།། སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་ཞེས་བྱ་བའི་ནི་ཇི་ལྟར་ལྕགས་དང་། རྡོའི་བུམ་པ་ཤིང་རྟ་པ་སྟོང ་གིས་མདའ་འཕངས་ཀྱང་ཕིགས་པར་མི་ནུས་པ་དེ་བཞིན་དུ། སོབ་སོབ་པོ་མ་ཡིན་པའི་ཆོས་ཅན་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཅི་ཡང་བྱར་མེད ་པ་ཅི་ཡང་བྱར་མེད་པ་ཞེས་བྱ་བ་ནི། ཇི་ལྟར་མི་དབུལ་པོ་ཞིག་ལ་བུ་ལོན་ཆགས་པ་ལས། ཕྱུག་པོའི་ལག་ཏུ་འོངས་ན་ཉོན་མོངས་སུ་ཟིན་ཀྱང་ཅི་ལ་ཡང་འཇལ་དུ་མེད་ནས་བཏང ་བ་བཞིན་དུ་ཐར་པ་ནི་དེ་ལྟར་མ་ཡིན་ནོ།། ཅི་བྱར་ཡང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བརྗོད་པ་ཡང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་ལུགས་བཞིན་སྦར ་བར་བྱའོ།། དེ་བཞིན་གཤེགས་པས་བྱ་བ་ཐམས་ཅད་བསྟན་པའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ། འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཚོན ་བོ་ནི། བྱ་བ་ཆེན་པོ་ཐམས་ཅད་དང་། ཆོ་འཕྲུལ་ཆེན་པོ་མི་འཇིགས་པ་འགོད་པར་བྱེད་པས་ན། རྟག་པ་ཆེན་པོའི་ཞེས་བྱ་བ་སྟེ། ཇི་ལྟར་བྱེད་ཅེས་འབྲི་བར་བྱའོ།། དེ་བཞིན་གཤེས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་སྒྲ་ཅན་ཟིན་གྱི་ཕར་གྱུར་པར་བསྟན་པའི་ཐབས་ལ་འཇུག་པ་ལྟ་བུས་འཇིག ་རྟེན་དང་འཇིག་རྟེན་མཐུན་པར་མཛད་དོ་སྙམ་དུ་ཁོང་དུ་ཆུད་པར་བྱ་སྟེ། བསྐལ་པ་བྱེ་བ་ཕྲག་དུ་མ་ནས་འདོད་པའི་ཆུའོ་ལས་བརྒལ་ཟིན་པས་ན། དེའི་ཕྱིར་དེ་བཞིན་གཤེགས་པ་ནི་རྟག་པ ་དང་། བརྟན་པ་དང་། ཐེར་ཟུག་པ་ཡིན་ནོ།། གསོལ་པ། འདི་ལྟན་མར་མེ་གུམ་པ་གང་དུ་འཆི་བའི་གནས་གདགས་སུ་མ་མཆིས་པར་བཀའ་སྩལ་པ། དེ་བཞིན་དུ་གཤེགས་པའི་མྱ ་ངན་ལས་འདས་པའི་གནས་ཀྱང་འདྲ་བར་གསུངས་ན། ཇི་ལྟར་དེ་བཞིན་གཤེགས་པ་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་མྱ་ངན ་ལས་འདས་པ་ནི་མར་མེའི་གནས་དང་འདྲ་བར་མ་བཤད་དེ། རིགས་ཀྱི་བུ་འདི་ལྟར་སྐྱེས་པ་དང་། བུད་མེད་གང་ཡང་རུང་བ་ཞིག་གིས་སྣོད་ཆེན་པོ་འམ། ཆུང་དུ་ཡང་རུང་སྟེ། མར ་རམ་ཏིལ་མར་གྱི་བཀང་ནས། མར་མེ་སྦར་ན། མར་མེའི་ལྕེ་དེ་ཏིལ་མར་ཇི་སྲིད་དུ་འབར་ནས། ཏིལ་མར་ཟད་ནས་མར་མེ་ཟད་པར་འགྱུར་རོ།། དེ་ཉོན་མོངས་པ་ཟད་པ་ནི་མར་མེ ་ཟད་པ་དང་འདྲ་བར་བསྟན་ཏེ། དེ་བཞིན་གཤེགས་པ་ནི་སྣོད་བཞིན་དུ་རྟག་པ་ཡིན། ཉོན་མོངས་པ་ཟད་པ་ནི་མར་མེ་དང་ཏིལ་མར་དང་། ཅི་སྣོད་ཀྱང་མར་མེ་དང་མཉམ་དུ་མེད་པར ་འགྱུར་རོ།། གསོལ་པ། བཅོ་ལྡན་འདས་དེ་ནི་མ་ལགས་སོ་སྣོད་མ་མཆིས་པར་མི་འགྱུར་ལགས་ན། ཅི་ལགས་དེ་བཞིན་གཤེགས་པ་ཡང་འདྲ་བར་འགྱུར་རམ། གལ་ཏེ་དེ་བཞིན་གཤེགས ་པ་ཡང་ཏིལ་མར་གྱི་སྣོད་དང་འདྲ་ན་ནི། དེ་བཞིན་གཤེགས་པ་ཡང་ཟད་པར་འགྱུར་བར་བཀའ་སྩལ་པར་འགྱུར་ལགས་སམ། བཀའ་སྩལ་པ། དེ་བཞིན་གཤེགས་པ་ནི་སྣོད་དང ་འདྲ་བར་མ་ཡིན་ཏེ། མཆོག་ཏུ་རྟག་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པས་ཏེ། དེ་བས་ན་མྱ་ངན་ལས་འདས་པ་རྟག་ཏུ་བདེ་བ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་མར་མེའི་ག ་དང་བར་ནི་དགྲ་བཅོམ་པ་ཡིན་ཏེ། དེ་བས་ན་མྱ་ངན་ལས་འདས་པའི་གནས་དགྲ་བཅོམ་པ་ཉིད་ཐོབ་པ་ནི་འབྲས་བུའི་མཆོག་ཅེས་བྱའོ།། དགྲ་བཅོམ་པ་ནི་ཟད་ཟིང་ལ་ཞེན་པ་དང ་བྲལ་ཏེ་ཟང་ཟིང་མེད་པ་དང་། མར་མེའི་གནས་བཞིན་དུ་མཐུག་པ་དང་། ཟང་ཟིང་མེད་པ་དག་ལ་དགའ་བ་ཡིན་ནོ།། ཕྱིར་མི་འོང་བ་ཡང་ཟང་ཟིང་མེད་པའི་དོན་ཡིན་པས་ངས ་དངོས་པོའི་ཚིག་གིས་བསྟན་ཏེ། མྱ་ངན་ལས་འདས་པའི་གནས་ནི་མ་ཡིན་ནོ།། གསོལ་པ། ཕྱིར་མི་འོང་བ་ཞེས་བཀའ་སྩལ་པ་དེ་ཅི་ལགས། བཀའ་སྩལ་པ། ཡང་སྲིད་པ་ལེན། ་པ་གང་ཡིན་པ་དེ་ནི་ཕྱིར་མི་འོང་བ་ཞེས་བྱའོ།། གསོལ་པ། བཅོམ་ལྡན་འདས་ཕྱིར་མི་འོང་བ་ཞེས་བགྱི་བ་ལགས་ན། ཕྱིར་མི་འོང་བ་གང་ལགས་པ་དེ་ལ་ཡང་སྲིད་པ་ལེན་པ་མཆིས ་པར་གྱུར་ན། ཅིའི་སླད་དུ་ཕྱིར་མི་འོང་བ་ཡང་སླར་རང་བཞིན་གྱིས་མི་རྩང་བའི་སྲིན་བུ་འཚལ་བའི་ལུས་ཅན་དུ་སྐྱེ་བར་མི་འགྱུར་ལགས། བཀའ་སྩལ་པ། ལུས་དེ་ནི་མེ་ལོང་མོད ་ཀྱི་དུག་སྨན་བཞིན་དུ་ལུས་ལེན་ཏོ།། དེ་བས་ན་ཕྱིར་མི་འོང་བ་ཞེས་བྱའོ།། ཕྱིར་མི་འོང་བ་ཞེས་བྱ་བའི་ཐ་ཚིག་གོ། ཕྱིར་འོང་བ་ཞེས་བྱ་བ་ནི། ཕན་ཚུན་དུ་འགྲོ་བ་ཞེས་བྱ་བའི་ཐ་ཚིག་གོ།། ་གསོལ་པ། བཅོམ་ལྡན་འདས་ཅི་ལགས། བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་མཆིས་སམ། དགོངས་པའི་ཚིག་དགོངས་པའི ་ཚིག་ཅེས་བྱ་བར་མི་མཛད་དུ་གསོལ། བཅོམ་ལྡན་འདས་ཅི་ལགས། སངས་རྒྱས་ཀྱི་གསུང་མིག་འཁྲུལ་མཁན་གྱི་འཁྲུལ་འཁོར་དང་སྒྱུ་མ་མཁན་གྱི་བགྱིས་པའི ་འཁྲུལ་འཁོར་གྱི་སྒྱུ་མའི་བུ་དང་འདྲ་བ་ལགས་སམ། བཀའ་སྩལ་པ། མེད་པ་ཞེས་བྱ་བ་ནི་ཇི་ལྟར་མི་ནོར་བྱེད་པ་བདོགས་པ་སུའི་བུ་ལོན་ཡང་ཆགས་པ་དེ་བཞིན་དུ། ཆོས ་བྱེ་བ་ཕྲག་མང་པོ་བེ་དགོས་པའི་མཆོག་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དེས་སེམས་ཅི་བར་ཡང་མེད་པའི་ཆོས་ཅན། ཅི་བྱར་ཡང་མེད་པའི་ཆོས ་ཅན་ཞེས་བྱ་བ་ནི། ཇི་ལྟར་མི་དབུལ་པོས་རང་གི་ཁྱིམ་ན་ཡང་ནོར་མེད་དེ། བདག་གིས་སྦྱིན་པ་བླང་ངོ་སྙམ་དུ། དེས་སེམས་ཁོང་ན་ཆུད་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ ་ཡིན་ཏེ། ཅི་བྱར་ཡང་མེད་པའི་ཆོས་ཅན་ཞེས་བྱ་བ་ནི་ཇི་ལྟར་ཁྱིམ་བདག་ནོར་བྱེ་བ་མེ་བདོག་པ་ཉི་མ་དང་། ཟླ་བ་ཡང་རག་མ་ལུས་ཏེ། དེ་ལྟར་སྦྱོར་བ་དང་ལྡན་པའི་ཁྱིམ ་བདག་གིས་ནི། ཞི་མ་ལྷན་ནི་འདུག་གོ་ཞེའམ། ཟླ་བ་ཤར་ཏོ་ཞེས་པའི་སྒྲ་ཡང་མི་ཐོས་སོ།། དེ་ལྟར་མཆོག་ཏུ་སྐྱིད་པའི་ཁྱིམ་བདག་འཁོར་ལོས་སྒྱུར་བའི་རིགས་སུ་སྐྱེས་པ་དེ་ནི ་ཇི་སྲིད་དུ་བྱ་བའི་ཕྱིར་གཞན་ལས་སྦྱིན་པ་ལེན་ཆེ་འམ། ཡང་ན་གཞན་གྱིས་འདི་ནི་ཕ་རོལ་ལས་སྦྱིན་པ་ལེན་ཅིང་ཟའོ་ཞེས་བརྗོད་པ་མེད་དེ། དེ་ནི་མི་སྲིད་དོ།། དེ་བཞིན་དུ་ཐར་པ ་ཡང་དག་པའི་གནས་གཞན་ལེན་ཏོ།། ཞེས་བྱ་བ་ནི་མི་སྲིད་དོ།། དེ་བསྲན་ཅི་བྱེར་ཡང་མེད་པའི་ཆོས་ཅན་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནོད་པ་མེད་པ་ཞེས་བྱ་བ ་ནི་ཇི་ལྟར་སོས་ཀའི་དུས་ཧ་ཅང་ཆ་ཆེས་པ་བསྟེན་པ་དང་། དབྱར་གྱི་དུས་ན་ཧ་ཅང་དངར་ཆེས་པསྟེན་པ་དང་། དགུན་གྱི་དུས་སུ་ཧ་ཅིང་གསིལ་ཆེས་པ་བསྟེན་པས། བདག་ཉིད་གནོད་པ་རྣམས ་ཀྱིས་ཉན་པ་དེ་ལས་གནོད་པ་རྣམས་འབྱུང་བར་འགྱུར་བ་དེ་བཞིན་དུ། ཐར་པ་ནི་དེ་ལྟར་ནད་མང་པོས་གནོད་པར་འགྱུར་བ་མ་ཡིན་ནོ།། གཞན་ཡང་གནོད་པ་ཞེས་བྱ་བ་ནི། ཇི་ལྟར་ཤ ་ཟོས་པའི་འོག་ཏུ་འོ་མ་མཐུང་བ་ནི་འཆི་བར་འགྱུར་བ་བཞིན་དུ། ཐར་པ་ནི་གནོད་པའི་ཆོས་ཅན་མ་ཡིན་ནོ།། གནོད་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་ཁ་ཟས་མཐུན་པ་ཟ་བས། རོ། ་ཞིམ་པ་ཡང་མྱོང་བ། བདུད་རྩི་ཡང་ཟོས་པར་འགྱུར་བ་དེ་བཞིན་དུ། ཐར་པཾ་ནི་རང་བཞིན་གྱིས་བདྨོད་རྩི་ལྟ་བུའི་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ། ་གནོད་པ་མེད་པའི་ཆོས་ཅན་གནོད་པ་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་ང་རྒྱལ་གྱི་ཁྱད་པའི་མི་ང་རྒྱལ་གྱིས་དྲེགས་ཤིང་མྱོས་ནས། ང་མཆིའོ་སྙམ་སྟེ། སྦྲུལ་ལམ་སྟག ་ལས་འཛིན་དུ་བརྩོལ་བ་ལས། དེས་ཟིན་ནས་དུས་མ་ཡིན་པརའི་ཆི་བའི་ཆི་བར་གྱུར་པ་དེ་བཞིན་དུ། ང་རྒྱལ་གྱི་ཁེངས་པ་ནི་ཐར་པར་མི་འགྱུར་རོ།། གནོད་པ་མེད་པའི་ཚུལ ་ཅན་ཞེས་བྱ་བ་ནི། ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་ཁང་པ་རིན་པོ་ཆེའི་གཟི་བརྗིད་ཀྱིས། སྲོག་ཆགས་བདུག་པ་བུ་རུ་དང་། སྦྲུལ་དང་། ཀ་ན་བྷ་དང་། དོན་ལ ་སོགས་པའི་རིགས་དྲུག་ཅུ་རྩ་དྲག་པོ་རྣམས་ཀྱིས། ཐག་རིང་པོ་ནས་དེའི་དྲི་ཚོར་བ་རྣམས་ཀྱིས། ཁར་རིན་པོ་ཆེའི་རང་བཞིན་གྱིས་དྲིས ་སྐྲག་ནས་དག་པར་འགྱུར་བ་དེ་བཞིན་དུ་ཐར་པ་ནི་རང་བཞིན་གྱིས་སྲིད་པའི་ཉེས་པ་ཉི་ཤུ་རྩ་ལྔ་དང་། བྲལ་བ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གཉེན ་མེད་པ་གཉེན་མེད་པ་ཞེས་བྱ་བ་ནི། ཐར་པའོ།། ཨེ་ལ་སྔོན་པོ་དང་ལྗང་ཁུའི་འདོག་ལྟ་བུ་མ་ཡིན་ནོ།། གཉེན་མེད་པ་ཞེས་བྱ་བ་ནི་ཇི་ལྟར་ནམ་མཁའ་ལ་གཉེན་པ་བཞིན་དུ་ཐར་པ་ཡང ་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཉེན་མེད་པའི་ཆོས་ཅན་ཉེན་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་རྟེན་ལ་མར་མེ་གཉེན་དུ་འགྱུར་བ་དེ་བཞིན ་དུ། ཐར་པ་ནི་དེ་ལྟར་མ་ཡིན་ཏེ། གཉེན་མེད་པའི་ཆོས་ཅན་ཞེས་བྱའོ།། ཇི་ལྟར་ཟླ་བའི་འོད་སེམས་ཅན་ཐམས་ཅན་ལ་གཉེན་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲའོ།། སེམས ་ཅན་ཐམས་ཅད་ལ་ཉེན་མེད་པའི་ཚུལ་ཅན་ཡིན་ནོ།། དེ་བས་ན་གཉེན་མེད་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཅི་ཡང་མེད་པ་ཅི་ཡང་མེད་པ་ཞེས ་བྱ་བ་ནི། ཇི་ལྟར་མིའི་འཛའ་བ་དང་། དགྲ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཅི་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་དགྲ་ཡོད་ཅེས་བྱ་བ་ནི་མི ་སྲིད་དོ།། ཐར་པ་ཡང་དེ་དང་འདྲའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཅི་ཡང་མེད་པ་ཞེས་བྱ་བ་ནི་ཇི་ལྟར་རིས་དཀར་པོ་དགོས་པ་དགོའོ་ཕྱིར་སྦྱར་ན། ་སྔོན་པོ་དང་དམར་པོར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ།། ཅི་ཡང་མེད་པ་ཞེས་བྱ་བ་ནི། ཇི་ལྟར་ཀླུ་ཤིང་གི་མེ་ཏོག་དྲིང་བར་འགྱུར་བ་འམ། སྔོན་པོར་འགྱུར་མི་སྲིད ་པ་དེ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཅུང་ཟད་ཅིག་ཡོད་དོ་ཞེས་བྱ་བ་མི་སྲིད་དོ།། མེ་ཏོག་དེའི་དྲི་གཅིག་པོ་ཁོ་ནར་ཟད་པ་བཞིན་ནོ།། ཐར་པ་གང་ཡིན་པ་དེ་ནི། དེ་བཞིན ་གཤེགས་པའོ།། ངོ་མཚར་རོ།། ངོ་མཚར་རོ།། ཞེས་བྱ་བ་ནི་ཇི་ལྟར་ཆུའི་ནང་ན་པད་མ་ཡོད་པ་དེ་མི་མཚར་མི་ཆེ་བ་དེ་བཞིན་དུ། ཐར་པ་ནི་དེ་ལྟར་མ་ཡིན་ཏེ་ངོ་མཚར་ཞེས་བྱ་བ་ནི། ་ཇི་ལྟར་མེའི་ནང་དུ་མེ་ཏོག་པད་མ་རྒྱས་པ་མཐོང་ན་དགའ་བ་སྐྱེ་བ་དེ་བཞིན་དུ་ཐར་པ་ཡོད་ན་དགའ་བ་སྐྱེད་པར་འགྱུར་རོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྨད ་དུ་བྱུང་བ་རྨད་དུ་བྱུང་བ་ཞེས་བྱ་བ་ཡིན་ཏེ། ཇི་ལྟར་བྱིས་པ་སོ་སོ་རྣམས་ཕྱིས་སྐྱེ་བ་དེ་བཞིན་དུ་ཐར་པ་ནི་དུས་ལ་བབ་པ་དང་དུས་ལ་མ་བབ་པ་ལས་འགྱུར་རོ།། ཡ་མཚན་ཞེས་བྱ་བ ་ནི་ཇི་ལྟར་འདོད་ཆེན་པོ་རྣམས་ཀྱིས་འདོད་ཆེན་པོར་ལྷུང་ལ། སངས་རྒྱས་སུ་འགྱུར་ཞེས་བྱ་བ་ནི་མི་སྲིད་དོ།། གང་གི་ཚེ་དམ་པའི་ཆོས་ལ་དད་པ་དང་ལྡན་པའམ། དགེ ་བསྙེན་དུ་གྱུར་པ། དེ་ནི་ཐར་པ་ཟད་པར་འགྱུར་རོ།། ཞེས་བྱ་བ་ནི་མི་སྲིད་དོ།། ཁམས་དེ་ནི་རང་བཞིན་གྱི་རྨད་དུ་བྱང་བའོ།། དེ་བས་ཐར་པ་ནི་རྨད་དུ་བྱུང་བ་ཅེས་བྱའོ།། འདོད ་ཆེན་པའི་ལྟར་དེ་བཞིན་གཤེགས་པའི་ཟད་པ་མེད་དོ།། དགེ་བའི་རྩ་བའི་སེམས་ལ་ནི་ཆོས་རྣམས་སྐྱེ་བ་མེད་དེ། སྐྱེ་བ་མེད་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས། ་པའོ།། དཔག་ཏུ་མེད་པ་དཔག་ཏུ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་འབྲུའི་བློ་འམ། འབྲས་ས་ལུའི་ཕུང་པོ་གཞལ་དུ་ཡོད་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ ་ཡིན་ནོ།། དཔག་ཏུ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་རྒྱ་མཚོའི་ཆུ་དཔག་ཏུ་མེད་པ་བཞིན་དུ། ཐར་པ་ཡང་དེ་དང་འདྲ་བར་དཔག་ཏུ་མེད་དོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེག ་བའོ།། ཚད་མེད་པའི་ཆོས་ཅན་ཚད་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་སེམས་ཅན་གཅིག་གིས་ལས་ཀྱི་རྣམ་པར་སྨིན་པ་ཚད་ཡོད་པའི་ཆོས་ཅན་བཞིན་དུ། ཐར་པ་ནི་དེ ་ལྷ་མ་ཡིན་ཏེ། ཚད་མེད་པའི་ཆོས་ཅན་ཞེས་བྱ་བ་ནི། ཇི་ལྟར་སེམས་ཅན་རྣམས་ཀྱི་འཁོར་བའི་མཐའ་ལས་པར་ངེས་པར་འབྱུང་བ་ཚད་མེད་པ་བཞིན་དུ། ཐར་པ་ཡང་དེ ་དང་འདྲའོ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཆོག་དང་ཕུལ་དང་། གཙོ་བོ་མཆོག་དང་། ཕུལ་དང་། གཙོ་བོ་ཞེས་བྱ་བ་ནི་གང་ལ་མཆོག་དང་ཕུལ་དང ་གཙོ་བོར་གྱུར་པའི་མཐར་པ་གཞན་མེད་པ་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ལ་དེ་དང་འདྲ་བའི་ཆུ་ཆེན་པོ་གཞན་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་རང་ཉིད་མཆོག ་དང་བུལ་དང་གཙོ་བོ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རབ་རབ་ཅེས་བྱ་བ་ནི་ཇི་ལྟར་ནམ་མཁའ་གཞན་ནམ་མཁའ་ལས་ལྷག་པའི་ཆོས་གཞན་མེད ་པ་དེ་བཞིན་དུ་ཐར་གློ་ཐར་པའི་ཆོས་གཞན་མེད་དེ། ཅིག་པུ་འོད་གསལ་བའི།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བླ་མ་བླ་མ་ཞེས་བྱ་བ་ནི་ཇི་ལྟར་ཕྱོགས ་ཐམས་ཅད་ཀྱི་ནང་ན་བྱང་ཕྱོགས་མཆོག་ཅེས་བྱ་བ་ཤིན་ཏུ། ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ངེས་པ་ངེས་པ་ཞེས་བྱ་བ་ནི་ཇི་ལྟར་ལྷ ་རྣམས་ཀྱི་འཆི་བ་ནི་ངེས་ལ་སྲོག་ནི་མ་ངེས་ཏེ། ཐར་པ་ནི་ལྷ་དང་མི་རྣམས་འཆི་བར་ངེས་པ་བཞིན་དུ་ངེས་པ་དང་གནས་པའི་ཆོས་ཅན་ཡིན་ཏེ། མི་བརྟན་ཞེས་བྱ་བ་ནི་མར་གྱི ་སྙིང་ཁུ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མི་བརྟན་པ་མ་ཡིན་ཏེ། མི་བརྟན་པ་ཞེས་བྱ་བ་ནི་ཇི་ལྟར་འདམ་བུ་དང་། ཨེ་རན་འདའ་དང་། དབུ་བ་རྣམས་ནི། ་བརྟན་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། མི་བརྟན་ཞེས་བྱ་བ་ནི་མར་གྱི་སྙིང་ཁུ་ལྟ་བུའོ།། ཐར་པ་ནི་བརྟན་པ་མ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས ་བའོ།། འཇིག་པའི་ཆོས་ཅན་མ་ཡིན་པ། འཇིག་པ་ཡིན་པའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི། ཇི་ལྟར་རྩིག་པ་ངོས་ལ་སྦྲང་དུ་འཁོད་པ་རྣམས་ཁ་ཅིག་ནི་འབར། ཁ་ཅིག་ནི ་འགྲོ། ཁ་ཅིག་ནི་རྩི་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ།། འཇིག་པའི་ཆོས་ཅན་མ་ཡིན་པ་ཞེས་བྱ་བ་ནི་ཇི་ལྟར་རི་མོ་མཁན་གྱིས་རིམོ་བྲིས་པའི་རྩིག་ངོས་ལ་དེ་དག་འཁོད ་པར་མི་ནུས་ཤིང་འབྱར་བར་མི་འགྱུར་བ་དེ་བཞིན་དུ། ཐར་པ་ནི་ཉེས་པ་ཐམས་ཅད་ཀྱིས་མི་གོས་པས་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཐའ་ཡས་པ་མཐའ ་ཡས་པ་ཞེས་བྱ་བ་ནི། ཐར་པ་ནི་གོང་ཕྲག་ལྟ་བུ་མ་ཡིན་ཏེ། མཐའ་ཡས་པ་ནི་ཇི་ལྟར་ནམ་མཁའ་ལ་མཐའ་མེད་པ་དེ་བཞིན་དུ། བདེ་བའི་རྣམ་པ་མཐའ་ཡས་པ་ནི་ཐར་པ། ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བསྟན་ཏུ་མེད་པ་བསྟན་དུ་མེད་པ་ཞེས་བྱ་བ་ནི། ཇི་ལྟར་ནམ་མཁའ་ལ་བྱའི་རྗེས་མི ་སྣང་བ་བཞིན་དུ་ཐར་པ་ནི་རྟག་པར་དཀའ་བ་སྟེ། ཐར་པ་ག་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཟབ་མོ་ཟབ་མོ་ཞེས་བྱ་བ་ནི་ཤིན་ཏུ་ཐང་པས་འཇུག་པའི་ཆོས་ཅན་ཡིན་ཏེ། ་ཇི་ལྟར་ཕ་མ་དཀའ་བ་བྱེད་པའི་ཡོན་ཏན་རྣམས་ཤིན་ཏུ་ཤ་ཐང་བས་འཇུག་པའི་སྒོ་ནས་ཤིན་ཏུ་ཟབ་པ་བཞིན་དུ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཤིན་ཏུ་ལྟ ་དཀའ་ཞེས་བྱ་བ་ནི། ཇི་ལྟར་མིས་རང་གི་མགོ་བོའི་སྟེང་ཤིན་ཏུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ།། གནས་མེད་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་ཤིན་ཏུ་ལྟ་དཀའ་སྟེ། ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནས་མེད་པ་གནས་མེད་པ་ཞེས་བྱ་བ་ནི་ཁྱིམ་བདག་ནམ་མཁའི་ཚིག་བླ་དགས་ཏེ་ཐར་པ་ནི་དེ་ལྟ་མ་ཡིན་ནོ།། གནས་མེད་པ ་ཞེས་བྱ་བ་ནི་གོ་སྐབས་མེད་པའི་ཚིག་བླ་དགས་ཏེ། གང་ལ་སྲིད་པའི་གནོད་པ་ཉི་ཤུ་རྩ་ལྔ་མེད་པ་དེ་ནི་ཐར་པའོ།། ཉོན་མོངས་པ་མེད་པ་ཉོན་མོངས་པ་མེད་པ་ཅེས་བྱ་བ་ནི་ཇི་ལྟར ་མིའི་ཆང་པར་བསྒྱུར་རུ་ར་བཟུང་དུ་མེད་པ་བཞིན་དུ་ཐར་པ་ནི་དེ་དང་འདྲ་བར་ཅི་ཡང་བཟུང་དུ་མེད་དོ།། ཉོན་མོངས་པ་མེད་པ་ཞེས་བྱ་བ་ནི་ཇི་ལྟར་སྒྱུ་མ་མཁན་གྱི་སྤྲུལ་པའི ་སྒྱུ་མ་ལ་ཡང་བཟུང་དུ་མེད་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་དེ་བཞིན་གཤེགས་པའོ།། སྐྱོན་མེད་པའི་ལུས་སྐྱོན་མེད་པའི་ལུས་ཞེས་བྱ་བ ་ནི་ཇི་ལྟར་མིའི་ལུས་ལ་སྨེ་བ་དང་།། ཞུ་བ་དང་མཛེ་དང་ལྷགས་པའི་ནད་དང་། སྐྱོན་རྣམས་མེད་པར་གྱུར་བ་བཞིན་དུ་ཐར་བ་ནི་དེ་ལྟ་མ་ཡིན་ནོ།། སྐྱོན་མེད་པའི་ལུས་ཤེས་བྱ་བ ་ནི་ཇི་ལྟར་བའི་འོ་མ་རང་བཞིན་གྱིས་མདོག་ཅིག་པ་བཞིན་དུ་ཐར་པ་ཡང་མཚན་ཉིད་གཅག་པ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དག་པ་གདག་པ་ཟླ་བྱ་བ་ནི། ་ཇི་ལྟར་རྙོགས་པའི་དྲི་མ་དང་། འདྲེས་པའི་ཆུའི་ནང་དུ་ཀ་ཏ་ཀའི་འབྲས་བུ་བདར་ན། ཆུའི་རང་བཞིན་དག་པར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ།། དག་པ ་ཞེས་བྱ་བ་ནི། ཇི་ལྟར་ནམ་མཁའ་ལ་ཆར་པོའི་ཆུ་བོ་གཅིག་ཅིང་རྣམ་པར་དག་པ་བཞིན་དུ། ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི། དེ་བཞིན་གཤེག་པའོ།། ་གྲོལ་བ་གྲོལ་བ་ཞེས་བྱ་བ་ནི་ཐར་པ་ཟླ་བ་ཚེས་བཅཝོ་ལྔའི་དྲི་མ་མེད་པ་དང་འདྲ་སྟེ། ཟླ་བ་སྤྲིན་གྱིས་གཡོགས་པ་ལྟ་བུ་མ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ་ཞི་བ་ཞི་པ་ཞེས་བྱ་བ་ནི་ཇི་ལྟ་ཇི་ལྟར་སེམས་ཅན་རིམས་ནད་ཀྱིས་ཐེབས་པ་ལས་རིམས་ནད་དང་བྲལ་བར་གྱུར་པ་དེ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཞི་བ་ཞེས་བྱ་བ་ལ ་ཐར་པ་ནི་སེམས་ཅན་ནད་མེད་ཅིང་གནོད་པ་མེད་པ་བཞིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཉམ་པ་ཉིད་ཅེས་བྱ་བ་ནི། ཇི་ལྟར་ལུག་ཐུག་རེ་གཉིས ་ཕན་ཚུན་འཐབ་པ་ནི་སྟོབས་མཉམ་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ། ཇི་ལྟར་མ་དང་བུ་མཐུན་པར་སྨྲ་བ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི ་དེ་བཞིན་གཤེགས་པའོ།། ཉེ་བར་ཞི་བཉེ་བར་ཤི་བ་ལ་གནས་ཀྱིས་ཆོག་དཐོབ་པའི་གནས་གཞན་འདོད་མི་སྲིད་དོ།། མཆོག་པ་ཤེས་པན ་བྱ་བ་ནི་ཇི་ལྟར་ནམ་ཆུང་བའི་ཚེ། ཁ་ཟས་ཀྱི་མཆོག་ཟོས་པའི་འོག་ཏུ་དར་བ་མཐུང་བའི་སེམས་སྐྱེ་བར་འགྱུར་བ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན ་གཤེགས་པའོ།། ཆད་པ་ཆད་པ་ཞེས་བྱ་བ་ལ་སྲེད་པའི་ཞགས་པ་ལྟ་བུའི་ནང་གི་འདོད་པ་གང་ཡིན་པ་དེ་ནི་ཆད་པའི་སྒོ་ནས་ཐར་པ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེག ་བའོ།། ཕ་རོལ་ཕ་རོལ་ཞེས་བྱ་བ་ནི། ཇི་ལྟར་ཆུ་ཀླུང་ལ་ཚུ་རོལ་དང་ཕ་རོལ་གྱི་དོགས་ཡོད་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ་ཐར་པ་ནི་ཕ་རོལ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི ་དེ་བཞིན་གཤེགས་པའོ།། ཆུ་ཀླུང་བཞིན་ཞེས་བྱ་བ་ནི། ཆུ་ཀླུང་ཉིད་དཔེར་རུང་བར་ཟད་ཀྱི། འཇིག་རྟེན་ན་རུ་ཀླུང་གཞན་དཔེར་རུང་བ་མེད་དོ།། ཆུ་ཀླུང་ཞེས་བྱ་བ་ནི་རྒྱ་མཚོ་ཞེས་བྱ་སྟེ། ་ཆུ་ཀླུང་ཐམས་ཅད་ཀྱི་ནང་ན་རྒྱ་མཚོ་འབའ་ཞིག་ཆུ་ཀླུང་ཡིན་པས་ན། རྒྱ་མཚོ་ནི་ཆུ་ཀླུང་ཞེས་བྱའོ།། གྲངས་སུ་གཏོགས་སོ།། ཆུ་ཀླུང་ཞེས་བྱ་བ་ནི་སྒྲ་ཆེན་པོ་སྒྲོགས་པའི་ཕྱིར་ཏེ།། ་ཐ་བ་ཏུ་ཀྲུང་རྒྱ་ལ་མང་བ་རས་དང་འདྲའོ།། བར་མི་གང་ཡིན་པ་དེན་བཞིན་གཤེགས་པའོ།། བབང་པོ་བབང་བ་ཞེས་བྱ་བ་ན། གང་ལ་ཤིག་ཀའི་འབྲས་བུ་ལྟ་བུའི་ཆེ་བ་མེད ་བས་ཏེ། ཟེར་བ་ནི་ཀོ་ཤ་ཏ་ཀའི་འབྲས་བུ་མ་ཡིན་གྱི། ཐར་པ་ནི་ཆུ་འབྲུམ་ལྟ་བུ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཇི་ལྟར་སྨན་པ་རྩི་དང་སྨན་ཐམས ་ཅད་ཀྱི་སེམས་གནས་བྱས་ནས་ནད་དོ་ཅོག་སེལ་བ་དེ་བཞིན་དུ། ཐར་པ་ཡང་ཉེས་ཐམས་ཅད་དང་བྲལ་བའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདུན་པ་དྲག་པོ ་འདུན་པ་དྲག་པོ་ཞེས་བྱ་བ་ནི། ཇི་ལྟར་གྲོང་ཆུང་ངུར་སྐྱེའོ་ཕལ་པོ་ཆེ་འཇུག་པའི་སྐབས་མེད་པ་བཞིན་དུ། ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ་སྲིད་པ་དང་དགའ་བ་ཟད་མི་ཤེས་ཞེས་བྱ་བ་ནི། སྒྱུ་མེ་སྤྲུལ་པ་དང་བྲལ་བ་ལྟ་བུ་སྟེ། གང་ལ་སྐྱེས་པ་དང་བུད་མེད་འཁྲིག་པའི་ཆོས་ཅན་རྣམས་ཀྱིས་ཕན་ཚུན་དུ་གཏམ་ཟེར་བ་ཡོད ་བ་བཞིན་དུ། ཐར་པ་དེ་ནི་དེ་ལྟ་མ་ཡིན་ཏེ། རང་བཞིན་གྱི་ངོ་བོ་ཉིད་ཆོས་ཅན། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དང་བྲལ་བ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན ་གཤེགས་པའོ།། སྐོམ་པ་འདུལ་བ་སྐོམ་པ་འདུལ་བ་ཞེས་བྱ་བ་ནི། གང་ལ་སྲེད་པའི་བག་ཙམ་ཡང་མེད་དོ།། ཡི་དགས་ཀྱི་སྲིད་པ་མེད་པ་ནི་ཆོས་ཀྱི་སྲེད་པའོ།། ཆོས་ཀྱི་སྲིད་པ ་ཞེས་བྱ་བ་ནི་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའོ།། ཐར་པ་ནི་ཡི་དགས་ཀྱི་སྲིད་པ་ལྟ་བུ་མ་ཡིན་ཏེ། བདག་གིས་འཛིན་པ་དང་། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ་འགོག་པ་འགོག་པ་ཞེས་བྱ་བ་ནི་ཐར་པའོ།། སྲིད་པ་ལ་ཞེན་པ་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནས་གནས་ཤེས་བྱ་བ་ནི་ཐར་པ་སྟེ། སྲིད་པ་ཐམས ་ལས་ངེས་པར་སྒྲོལ་བ་ཞིང་སྐྱོབ་པ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་བཞིན་གཤེགས་པའོ།། སྐྱབས་སྐྱབས་ཤེས་བྱ་བ་ནི་ཇི་ལྟར་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ནས། སྐྱབས ་གཞན་མི་ཚོལ་བ་ལྟ་བུའོ།། ཇི་ལྟར་རྒྱལ་པོ་ལ་སྦུབས་སུ་འགྲོ་བ་མི་བརྟན་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། བདེ་བ་བརྟན་པ་ནི་ཐར་པའོ།། ་ཐར་བ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། དཔུང་གཉེན་དཔུང་གཉེན་ཞེས་བྱ་བ་ནི། ནགས་ཁུང་དགོན་པ་མཆོག་ཏུ་འཇིགས་པ་བཞིན་དུ་ཐར་པ་ནི་དེ་ལྟ་མ་ཡིན་ཏེ། ་ལྟར་རི་དགས་ཀྱི་རྒྱལ་པོའི་དཔུང་གཉེན་རི་དགས་གཞན་རྣམས་ལ་མེད་པ་བཞིན་ནོ།། རི་དགས་ཀྱི་རྒྱལ་པོ་ནི་མཆེ་བས་འཇིག་པ་ཐམས་ཅད་ཀྱིས་འཇིགས་པ་མེད་པ་དེ་བཞིན ་དུ། ཐར་པ་ནི་དཔུང་གཉེན་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། བདེ་བ་བདེ་བ་ཞེས་བྱ་བ་ནི། རིན་པོ་ཆེའི་གླིང་དང་འདྲ་སྟེ། དེ་བཞིན་དུ་ཐར་པ་ནི་ཆོས ་ཐམས་ཅད་ཀྱིས་བྱང་ཁུང་ངོ་།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཉམ་ང་བ་ཉམ་ང་བ་ཅེས་བྱ་བ་ནི། ཇི་ལྟར་རྟག་གིས་འཇིགས་ཤིང་སྐྲག་ནས་ཁྲོན་པར་སོང ་བའི་འོག་ཏུ་ཁྲོན་པོའི་ནང་ནས་བདག་འབྱིན་ནས་པ་སུ་ཡོད་ཅེས་ཟེར་བ་བཞིན་དུ་ཐར་པ་ནི་ཁྲོན་པ་ལྟ་བུ་མ་ཡིན་ནོ།། ཉམ་ང་བ་ནི་ཇི་ལྟར་གྲུ་གཞན་ཞིག་རྙེད་དེ། རྒྱ་མཚོ་ཆེན་པོ ་ལས་ངེས་པར་བརྒལ་ནས། ཉམ་ང་བ་མེད་ཅིང་བདེ་བར་གྱུར་པ་དེ་བཞིན་དུ་ཐར་པ་ནི་ཉམ་ང་བ་མེད་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནས་བཅོམ ་བ་ཞེས་བྱ་བ་ནི་གོ་སྐབས་ཟད་པས་ཏེ། ཇི་ལྟ་ཇི་ལྟར་འོ་མ་ལ་ཞོ་འབྱུང་། ཞོལ་མར་སར་འབྱུང་། མར་སར་ལས་ཞུན་མར་འབྱུང་། ཞུན་མར་ལས་མར་གྱི་སྙིང་ཁུ་འབྱུང་། ་བ་བཞིན་དུ་ཐར་པ་ནི་གནས་ཐམས་ཅད་ཡོངས་སུ་ཅད་པསྟེ། མར་མ་སྙིང་ཞུ་ལྟར་རང་བཞིན་དུ་གནས་པའོ།། བར་བ་གྲང་ཡིན་པདོན་དེ་བཞི་གཤེགས་པའོ།། ་པོ་འདུལ་བ་རྒྱལ་པོ་འདུལ་བ་ཅེས་བྱ་བ་ནི་ཇི་ལྟར་སའི་མངལ་བདག་རྒྱལ་པོ་ནི་རྒྱལ་པོ་ཐམས་ཅད་ཀྱི་མཆོག་ཡིན་ནོ།། སྒྲུམ་པའི་ང་རྒྱལ་འདུལ་བ་དེ་བཞིན་དུ་ཐ ་བ་ནི་དེ་ལྟ་མ་ཡིན་ཏེ། ཐར་པ་ནི་ང་རྒྱལ་མེད་ཅིང་ང་རྒྱལ་དུ་ཟིན་པ་མེད་དོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྒྱགས་པ་འདུལ་བ་རྒྱགས་པ་འདུལ། ་བ་ཞེས་བྱ་བ་ནི། གང་ལ་འཁྲིག་པའི་འདུན་པའི་མིང་ཡང་མེད་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མི་རིག་པ་འདུལ་བ་མ་རིག་པ ་འདུལ་བ་ཞེས་བྱ་བ་ནི། ཇི་ལྟར་འོ་མ་ལས་ཅིག་ཏུ་གྱུད་དེ། དྲི་མའི་ཉེས་པ་གང་དང་གང་ཟད་པར་འགྱུར་བ་དེ་དང་དེ་ལས་མར་གྱི་སྙིང་ཁུ་འབའ་ཞིག་འབྱུང་བར ་འགྱུར་བ་དེ་བཞིན་དུ། མ་རིག་པ་མ་རིག་པ་འབའ་ཞིག་འབྱུང་བར་འགྱུར་ཏེ། མ་རིག་པ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ། ་དབེན་པ་དབེན་པ་ཞེས་བྱ་བ་ནི་གང་ལ་ཟླ་བའི་ཆོས་གཞན་མེད་པ་སྟེ། གླང་པོ་ཆེའི་དགོན་པ་གླང་པ་ཆེ་ཅིག་པུ་གནས་པ་དེ་བཞིན་དུ་ཐར་པའོ་ཇི་ལྟར་ནི་དེ་དང་འདྲའོ།། ཐར་པ ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རྣམ་པར་སྤོང་བ་རྣམ་པར་སྤོང་བ་ཞེས་བྱ་བ་ནི་བདག་མེད་པར་བཟུང་བར་བསྟན་ཏེ། དེ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ། ་ཨེ་རན་དང་། འདམ་བུའི་སྡོང་པོ་ནི་འབྲས་བུ་མ་གཏོག་པར་ཐོད་མ་ཐག་ཏུ་སྙིང་པོ་མེད་པ་དེ་བཞིན་དུ། ལྷ་དང་མི་དང་ལྷ་མ་ཡིན་དག་གི་ལུས ་ཐམས་ཅད་ནི་དེ་བཞིན་གཤེགས་པའི་སྙིང་པོ་མ་གཏོགས་པར་ཐམས་ཅད་ཨེ་རན་དང་། འད་བུ་བཞིན་དུ་སྙིང་པོ་མེད་དོ།། སྲིད་པ་སྙིང་པོ་མེད་པ་དེ་བཞིན་དུ་ཐམས་ཅད་རྣམ་པར ་སྤངས་པ་ནི་ཐར་པའོ།། ཐར་པ་ནི་བརྡ་སྤྲོད་པ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། སྤོང་བ་སྤོང་བ་ཞེས་བྱ་བ་ནི། ཁ་ཟས་མ་ཞུ་བས་ཁ་ཟས་མ ་ཚོས་པ་སྤོང་བ་དེ་བཞིན་དུ་སྲིད་པ་ཐམས་ཅད་བཅད་པ་དང་སྤངས་པ་སྟེ། དེ་ལྟར་ན་ཐར་པ་ནི་ཐར་པ་ནི་མཁས་པའོ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། རང་གི་སངས ་རྒྱས་ཀྱི་ཆོས་སངས་རྒྱས་ཀྱི་ཆོས་ཞེས་བྱ་བ་ནི། ཇི་ལྟར་ཀླུང་ཤིང་མེ་ཏོག་པ་འགལ་གྱི་མེ་ཏོག་མ་ཡིན་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན ་གཤེགས་པའོ།། སྐྱེ་མཆེད་སྐྱེ་མཆེད་ཅེས་བྱ་བ་ནི་གང་ལས་འབྱུང་བའི་སྒོ་ཡོད་པས་དེ། བདག་མེད་པ་བསྒོམས་པས་བདག་གི་ལམ་ལ་འཇུག་པ་ནི་ཐར་པའོ།། ཐར་པ་གང་ཡིན ་བ་དེ་ནི་དེ་བཞིན་གཤེགས་པའོ།། དགེ་བ་དགེ་བ་ཅེས་བྱ་བ་ནི་ཇི་ལྟར་རྗེས་སུ་བསྟན་པར་བྱ་བ་རྣམས་ལ་བླ་མའི་ཚིག་གཅིག་ཏུ་མེད་པ་ལྟ་བུའོ།། དགེ་བ་ཅེས་བྱ་བ་ནི་ལེགས་པ་ཡིན་ཏེ། ་དེ་ནི་ཐར་པའོ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འཇིག་རྟེན་ལས་འདས་པ་འཇིག་རྟེན་ལས་འདས་པ་ཅེས་བྱ་བ་ནི། ཆོས་ཐམས་ཅད་ཀྱི་ནང་ན་གནས་ཀྱི་དམ་པ་སྟེ། ་དེ་ནི་པར་བའོ།། ཇི་ལྟར་ཁུ་བཅུད་ཐམས་ཅད་ཀྱི་ནང་ན་མཆོག་ནི་བའི་འོ་མ་བཞིན་འཇིག་རྟེན་ལས་འདས་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ་གཡོ་བ་མི་གཡོ་བ་ཞེས་བྱ་བ་ནི། ཇི་ལྟར་སྒོ་བསྟན་གྱི་རྟེན་མ་ཕྱོགས་བཞིའི་རླུང་གི་བསྐྱོད་མི་ནུས་པ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་བར་བསྟན་ཞིང་ཐར་པ་ཡིན་ནོ།། ཐར་པ་གང་ཡིན ་པ་དེ་ནི་དེ་བཞིན་གཤེགས་པའོ།། རྒྱ་མཚོའི་བརླབས་ལ་མི་བརྟན་པའི་རང་བཞིན་ཅན་ཡིན་ཏེ། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། གནས ་གནས་ཞེས་བྱ་བ་ནི་རྒྱལ་པོའི་ཕོ་བྲང་ཁང་བཟངས་འཕན་སྐྱོན་མེད་པ་དེ་ཡང་བཅོས་མ་ཡིན་ནོ།། ཐར་པ་ནི་དེ་ལྟ་མ་ཡིན་ནོ།། ཐར་པ་གང་བ་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ངེས་པ ་ངེས་པ་ཅེས་བྱ་བ་ནི། ཇི་ལྟར་འཛམ་བུའི་ཆུའོ་གསེར་སྐྱོན་མེད་ཅིང་ཐམས་ཅད་དུ་ལས་སུ་རུང་བ་བཞིན་དུ་ཐར་པ་ཡང་དེ་དང་འདྲ་སྟེ། ཐར་པ་ནི་བྱིས་པའི་སྨོད་པ་ལྟ་བུ་མ་ཡིན་ནོ།། ་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཤིན་ཏུ་རྒྱ་སྤངས་པ་ཅེས་བྱ་བ་ནི། ཇི་ལྟར་རྒྱལ་བསྲིད་ཀྱི་དབང་ཕྱུག་ཐོབ་པས་མཐུ་ཆེ་ཞིང་བག་ཡོངས་སུ་འདུག་པ་བཞིན་དུ ་ཕུང་པོ་ཡོངས་སུ་སློང་བ་ནི་ཐར་པ་མ་ཡིན། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། མཐར་བ་ཐུག་པ་མཐར་ཐུག་པ་ཞེས་བྱ་བ་ནི། ཉོན་མོངས་པ་མི་གཙང་བ་ཟད་པ་སྟེ། ་ཐར་པ་ནི་རྒྱལ་པོའི་བཙོན་ར་ནས་ཕྱིན་པས་ད་མི་དང་འདྲའོ།། ཐར་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་བདེ་བའོ།། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྤོང་བ། འདོད ་@ཆགས་དང་ཞེ་སྡང་དང་གཏི་མུག་སྤོང་བ་ཞེས་བྱ་བ་ནི། གསུམ་གྱི་བཏང་བ་སྟེ། ཇི་ལྟར་མི་སྤྲུལ་བདུག་པས་ཟིན་པས་བདག་ཉིད་གསོས་པར ་བྱ་བ་ཕྱིར། བད་ཀན་སྐྱུགས་པར་བྱེད་པ་བཞིན་དུ། ཉོན་མོངས་པ་བད་ཀན་ཟད་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པའོ།། ཉོན་མོངས་པ་སྤོངས་པ ་ཉོན་མོངས་པ་སྤོང་བ་ཞེས་བྱ་བ་ལ། སྦྲུལ་བདུག་པ་དང་འདྲ་བའི་ཉོན་མོངས་པ་ཟད་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཕུང་པོ་སྤོང་བ་བུང ་པོ་སྤོང་བ་ཞེས་བྱ་བ་ནི་ལ་སྡུག་བསྔལ་ཐམས་ཅད་བོར་ཏེ་ཤས་ཆེར་བདེ་བ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདོད་ཆགས་དང་ཞེ་སྡང་དང་གཏི ་མུག་ཟད་པ་ཞེས་བྱ་བ་ལ། གསུམ་པར་འགྱུར་ཏེ། རྩ་ནས་བཏོན་པ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་བཞིན་གཤེགས་པའོ།། ཕུང་པོ་ཐམས་ཅད་སྤངས་པ་ཞེས་བྱ་བ་ནི། ་ཉེས་པ་ཐམས་ཅད་སྤངས་པ་སྟེ། ལེགས་པར་མཐོང་བའི་ཕྱིར་རོ།། དེ་ནི་ད་ཐར་པ་ཡིན་ཏེ། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདུས་བྱས་ཐམས་ཅད་སྤང ་པའི་དོན་ཅེས་བྱ་བ་ནི་ཐར་པ་སྟེ། དགེ་བ་ཐམས་ཅད་སྒྲུབས་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ལམ་ཆད་པ་ལམ་ཆད་པ་ཞེས་འདུས་བྱས་པམས་ཅད་གྲངས་པ་དོན་བྱས་བྱ་བ་ནི། ་བདག་མེད་པ་བསྒོམས་ནས། རྒྱུན་མི་ཆད་པའི་ཚུལ་གྱིས་བདག་མེད་པ་འཛིན་པ་དང་། བདག་བསྒོམས་ནས་རྒྱུན་མི་ཆད་པའི་ཚུལ་གྱིས་བདག་འདིན་པ་དང་། གཉིས་ཀའི ་ཕྱོགས་པསྒོམས་པ་ནས་སངས་རྒྱས་ཀྱི་ཁམས་གང་ཡིན་པ་དོན་ཡོད་དོ།། ཞེས་བྱ་བ་དེ་འཛིན་པ་གང་ཡིན་པ་ད་ཐཔར་བའོ།། ཐར་པ་གང་ཡིན་པ་དན་དེ་བཞིན་གཤེགས་པ་ལ ་སྟོང་པ་ཉིད་སྟོང་བ་ཉིད་ཅེས་བྱ་བ་ནི། གང་གི་ཚེ་བཙལ་ཀྱང་ཅི་ཡང་བརླད་པ་སྟེ། ཅི་ཡང་མེད་པ་ཞེས་བྱ་བ་ནི། གཅེར་བུ་པ་རྣམས་ལ་ཡང་མ་ཡང་མོད་ཀྱི་ཐར་པ་གང་ཡིན ་བ་དེ་ནི་དེ་ལྷ་མ་ཡིན་ནོ།། སྟོང་པ་ཉིད་ཅེས་བྱ་བ་ནི། ཇི་ལྟར་སྦྲང་རྩི་དང་ཞུན་མར་དང་འབྲུ་མར་དང་ཆུ་དང་ཤེའི་བུམ་པ་རྣམས་ལ་ཞོ་ཡོད་ཀྱང་རུང་མེད་ཀྱང་རུང་ཞོའི་བུམ་པ ་ཞེས་བྱ་བ་དང་། དེ་བཞིན་སྦྲང་རྩི་དང་། ནུ་ཡོད་ཀྱང་རུང་མེད་ཀྱང་རུང་། སྦྲང་རྩི་དང་ཆུའི་བུམ་པ་ཅེས་བྱ་བ་ནི། ཅི་ལ་བུམ་པ་སྟོང་པ་ཞེས་བྱ་བ་འམ། དེ་དག་མེད ་པ་ལ་བུམ་པ་རང་ཉིད་སྟོང་ངམ། གཟུགས་ཀྱང་ཁ་དོག་ཀྱང་ཡོད་ན། ཇི་ལྟར་སྟོངངོ་ཞེ་ན། ཐར་པ་ནི་གཟུགས་དང་ཁ་དོག་ཕུན་སུམ་ཚོགས་པ་ཡང་ཡོད་ན། ཇི་ལྟར་ཞོའི ་བུམ་པ་སྟོང་པ་མ་ཡིན་དུ་ཟིན་ཀྱང་ཞོ་མེད་པའི་ཕྱིར་སྟོང་པ་ཞེས་བྱ་བ་བཞིན་དུ་སྟོང་པ་མ་ཡིན་པ་གཞིན་དུ་སྟོང་པ་ཞེས་བྱ་སྟེ། གཟུགས་ཡོད་བཞིན་དུ་ཇི་ལྟར་སྟོང་པ ་ཞེས་བྱ་ཞེ་ན། སྟོང་པ་ཉིད་ཅེས་བྱ་བ་ནི་ཉོན་མོངས་པའི་རྣམ་པ་དང་སྲིད་པའི་ཐ་སྙད་ཉི་ཤུ་རྩ་ལྔ་དང་། སྡུག་བསྔལ་དང་། འཇིག་རྟེན་གྱི་ཆོས་ལུགས་དང་། ཆོ་ག་དང་། ་སྤྱོད་ཡུལ་འབྱུང་བ་རྣམས་མེད་པའི་ཕྱིར། ཞེའི་བུམ་པ་ཞོ་མེད་པ་བཞིན་དུ་ཐར་པ་ལ་སྟོང་པ་ཞེས་པའི་སྟེ། དེ་ནི་བུམ་པའི་གཟུགས་མི་གཡོ་བ་བཞིན་དུ། ཤས་ཆེར ་བདེ་བ་དང་དགའ་བ་དང་། དག་པ་དང་། བརྟན་པ་དང་ཐེར་གས་དང་། འཇིག་རྟེན་ལས་འདས་པའི་ཆོས་དང་ཚིག་དང་། སྤྱོད་སུམ ་རྣམས་ཡོད་དོ།། ཐར་པ་ནི་བུམ་པའི་གཟུགས་བཞིན་དུ་རྟག་པ་བརྟན་པ་དང་ཐེར་ཟུག་མ་ཡིན་གྱིས། བུམ་པ་ནི་ཆག་པར་འགྱུར་ཏེ། སྒྲའི་སྒོ་ནས་བཞག་པ་ཙམ་དུ་ཟད་དོ།། ་ཐར་པ་ནི་བྱས་པ་མ་ཡིན་པའི་ཕྱིར་ཆག་པར་མི་འགྱུར་རོ།། ཐར་པ་གང་ཡིན་པ་དེ་ནི་བཅོས་མ་མ་ཡིན་པའི་ཁམས་ཡིན་ཏེ། དེ་བཞིན་གཤེགས་པའོ།། སྲེད་པ་ཟད་པ་སྲེད་པ་ཟད་པ་ཞེས ་བྱ་བ་ནི། སངས་རྒྱས་སུ་གྱུར་པའི་མོད་ལ་བདག་དབང་པོར་གྱུར་ཅེས་པ་འམ། དབང་ཕྱུག་ཆེན་པོའམ། མི་མཇེད་ཀྱི་བདག་པོ་ཚངས་པར་གྱུར་ཅིག་ཅེས་བྱ་བའི་སྲིད་པ་དང་། འདོད་པ་གཞན ་དེ་ན་མེད་དེ་ཡོད་ཅེས་བྱ་བ་འམ་སྐྱེ་བར་འགྱུར་ཞེས་བྱ་བར་མི་སྲིད་དོ།། སྲེད་པ་ཟད་པ་གང་ཡིན་དེ་ནི་སངས་རྒྱས་སོ།། དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདོད ་ཆགས་དང་བྲལ་བ་འགོག་པ་འདོད་ཆགས་དང་བྲལ་བ་འགོག་པ་ཞེས་བྱ་བ་ལ། སྲེད་པ་ཐམས་ཅད་ལ་ཞེན་པ་དང་། འདོད་པ་མ་ཡིན་ལུས་པ་ལུས་པ་མེད་པ། ལྷག་མ་མེད་པ་ཐམས་ཅད་ལས་འདོད ་ཆགས་དང་བྲལ་བ་རྣམས་གཏན་ཏུ་ཞི་བར་འགྱུར་བ་ནི་ཐར་པ་ཡིན་ཏེ། འཆིང་བ་ཐམས་ཅད་འགོག་པའོ།། དེ་ལྟར་འགོག་པ་གང་ཡིན་པ་དེ་དག་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་དག་ནི་དེ ་བཞིན་གཤེགས་པའོ།། ར་མྱ་ངན་ལས་འདས་པ་མྱ་ངན་ལས་འདས་པ་ཞེས་བྱ་བ་ནི། ཇི་ལྟར་རི་དགས་ཀྱི་ཁྱུ་རྔོན་པའི་ལག་ན་ཤོར་བ་འཆི་བས་འཇིགས་ཤིང་སྐྲགས་ནས་ཐབས་ཅི་ཡོད་པས ་རྒྱུག་ཅིང་དྲང་སྲོང་གིས་གནས་སུ་ཕྱིན་ནས་བདེ་བར་འགྱུར་ཞིང་། དབུགས་བྱིན་པར་འགྱུར་བ་དེ་བཞིན་དུ་ཇི་ལྟར་དབུགས་ཕྱིན་ཅིང་བདེ་བར་འགྱུར་བ་དེ་ལྟ་བུར་སེམས་ཅན་མང་པོ་མྱ་ངན་ལས། ་འདས་པ་ཟད་མི་ཤེས་པ་སྲིད་པ་མངོན་དུ་བྱེད་པ་དང་། ཉོན་མོངས་པའི་རྣམ་པའི་དགྲ་ཐམས་ཅད་ཀྱི་ལག་ནས་ཤོར་ནས་འཆི་བས་འཇིགས་ཤིང་སྐྲག་ནས་ཐབས་ཅི་ཡོད་པས་རྒྱུག་ཅིང་དྲང་སྲོང ་གི་གནས་དེ་བཞིན་གཤེགས་པ་ཐུབ་པའི་བཞུགས་ཡུལ་ཟླ་མེད་པའི་སྐྱབས་སུ་དོང་ནས། དབུགས་འབྱིན་པར་གྱུར་ནས། དེ་དག་གང་ཚེ་དབུགས་ཕྱིན་ཅིང་བདེ་བར་གྱུར་པ་དེ་ནི་མྱ་ངན ་ལས་འདས་པ་ཟད་མི་ཤེས་པའི་མྱ་ངན་ལས་འདས་པ་ཆེན་པོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ།། ་བམ་པོ་ལྔ་པ།། ། དེ་ནས་བཅོམ་ལྡན་འདས་ལ་འོད་སྲུངས་ཆེན་པོ་དང་རིགས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། གལ་ཏེ་དེ་ལྟར་ལགས་ན ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་མཁྱེན་པ་རྣམས་མཆིས་པའི་སླད་དུ་ལུས་ཡོངས་སུ་གཏོང་བའི་སྒོ་ནས། མྱ་ངན་ལས་འདས་པ་མཆོག་ཏུ་བདེ་བ་ཐོབ་པར ་མི་འགྱུར་ཏེ། གསུམ་ལ་སྐྱབས་སུ་མཆིས་པ་རྣམས་མྱ་ངན་ལས་འདས་པར་མི་འགྱུར་ལགས་སོ།། བཀའ་སྩལ་པ། ཇི་ལྟར་མི་བརྒྱལ་བ་ལས་སངས་པའི་དྲུང་དུ་མི་དག་དོང་སྟེ། ཁྱོད་ས ་ཤིང་བདེ་བར་གྱུར་ཏཔ་ཞེས་དྲིས་ན་སངས་ནས་བདག་སངས་ཏེ་བདེ་བར་གྱུར་ཏོ།། ཞེས་ཟེར་ཏེ་དེ་བརྒྱལ་བ་ལས་སངས་པ་བཞིན་དུ་སྲིད་ཉི་ཤུ་རྩ་ལྔ་པོ་ཐམས་ཅད་ལས་གྲོལ་ནས་སངས་རྒྱས ་ཀྱི་ཡོངས་སུ་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ།། མཆོག་ཏུ་བདེ་བ་ཞེས་བྱ་བ་དེ་ནི་དེར་ཟད་མི་ཤེས་པའི་འདུ་ཤེས་ཀྱིས་མཆོག་ཏུ་བདེ་བའི་རྣམ་པ་གང་ཡི ་ངསྟེ། དེ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཡིན་ནོ།། དེ་ནི་ཐར་པ་ཡིན་ནོ།། མཆོག་ཏུ་བསྟན་པ་དང་མི་གཡོ་བ་དང་བདེ་བ་དང་། རྟག་པ་མྱོང་བ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ ་བཞིན་གཤེགས་པའོ།། དེ་ནས་བཅོམ་ལྡན་འདས་ལ་འོད་སྲུངས་ཆེན་པོ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། མ་སྐྱེས་པ་དང་མ་བྱུང་བ་གང་ལགས་པ་དེ་ཐར་པ་ལགས་ཏེ། དེ་བཞིན་གཤེག ་པ་ལགས་ཤེས་ཀྱི་འམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ལས་སྟོན་ཏེ། དེ་ནི་ཐར་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཡིན་ནོ།། གསོལ་པ། འོ་ན་ན་མཁའི ་ཁམས་ཀྱང་མ་སྐྱེས་པ་མ་བྱུང་བ། ལགས་ནས་ཐར་པ་ཡང་དེ་དང་འདྲ་འམ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་ཞེས་བགྱི་འམ། བཀའ་སྩལ་པ། དེ་ལྟ་མ་ཡིན་ཏེ། ་ཐར་པ་ནི་ནམ་མཁའི་ཁམས་དང་འདྲ་བ་ཡིན་ནོ།། གསོལ་པ་འོ་ན་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན། བྱ་ཤང་ཤང་དེའུ་དང་། ཀ་ལ་པིང་ཀ་གང་ཚེ ་སྐད་འབྱིན་པ་དེའི་ཚེ། ཁ་ལྟར་སྐད་འབྱིན་ཞེས་བྱའམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། གཞན་རྣམས་ཀྱི་སྐད་ནི་དེ་དག་གི་སྐད་ཀྱིས་དཔེར་ཡང་མི་རུང ་ལགས་སོ།། ཁྲའི་སྐད་ནི་ཤང་ཤང་ཏེའུ་དང་། ཀ་ལ་པིང་ཀའི་སྒྲ་སྐད་ཀྱིས་རྒྱའི་ཆར་ཡང་མི་སྤྱོད། སྟོང་གི་ཆར་ཡང་མི་སྤྱོད་གྲངས་དང་། ཆ་དང་དཔེ་དང་རྒྱུར་མི་བཟོད་ལག ་སོ།། བུ་དེ་དག་ནི་དཔེ་མ་མཆིས་པ་ལགས་སོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་གསུང་ནི་རྒྱུའི་སྒོ་ནས་དཔེ་མ་མཆིས་པ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཟབ་པར་བྱ་བའི་རིགས་ཏེ་ལེགས་སོ།། དེ་བས་ན་ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། ཐར་པའི་རྒྱུ་དང ་དཔེ་གཞན་གྱི་ལྷ་དང་ལྷ་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མེད་དེ། དཔེ་མེད་བཞིན་དུ་འདུལ་བར་བྱ་བའི་དབང་གིས་ཡོན་ཏན་འདི་དང་འདྲའོ།། དེ་འདྲའོ་ཞེས་དཔེ ་བསྟན་ཏོ།། ཐར་པའི་དཔེ་ནི་བཞིན་གཤེགས་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་ཐར་པའོ།། ཐར་པ་གང་ཡིན་པ་དེ་ནི་དེ་བཞིན་གཤེགས་པའོ།། འདི ་ལ་གཉིས་སུ་བྱར་མེད་ཅིང་ཐ་དད་པར་བྱར་མེད་དོ།། རིགས་ཀྱི་བུ་དཔེར་ན། དཔེ་མེད་བཞིན་དུ་རྒྱུའོ།། དོན་ཀྱང་དཔེར་ལེགས་པ་ཡང་ཡོད་དོ།། ཀྱེ་མ་བཞིན་བཟངས་ཀྱང་ཟླ ་བ་ཉ་བ་བཞིན་ཞེས་བྱ་བ་དང་། གླང་པོ་ཆེ་བཟང་སྐྱོང་གངས་ཀྱི་རི་བཞིན་བྱ་མོད་ཀྱི། ཅི་ཟླ་བ་བཞིན་དང་འདྲའམ། ཅི་གླང་པོ་ཆེ་རི་དང་འདྲ་འམ། རི་ཡང་གླང་པོ་ཆེ་དང་འདྲ་འམ། ་རིགས་ཀྱི་བུ་དེ་བཞིན་དུ། སེམས་ཅན་ངེས་པར་སྒྲལ་བའི་ཕྱིར་དེའི་རྒྱུ་དབང་གིས་ཆོས་བསྟན་པར་རིག་པར་བྱའོ།། ཆོས་ཀྱི་དེ་ཁོ་ན་ཉིད་དུ་རིགས་པར་བྱའོ།། གསོལ་པ། ཅིའི ་སླད་དུ་དེ་བཞིན་གཤེགས་པ་རྣམ་པ་གཉིས་སུ་སྟོན་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན། མི་ལ་ལ་ཞིག་རལ་གྲི་ཐོགས་ནས། ངས་དེ་བཞིན། ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སང་རྒྱས་གསད་དོ་སྙམ་ཏེ། གསོད་པར་བྱེད་ལ། དེ་བཞིན་གཤེགས་པ་ནི་ལོག་པ ་ཟད་ཀྱང་མི་མཛད་དེ། ཞུམ་པ་མེད་ཅིང་དགྱེས་བཞིན་དུ་བཞུགས་ན་ཅི་མི་དེ་མཚམས་མེད་པར་བཞུགས་ཞེས་བྱའམ་འོན་ཏེ་མི་བྱ། གསོལ་པ། དངོས་པོའི་སྒོ་ནས་མཚམས ་མེད་པ་བགྱིད་པ་ཞེས་མི་བྱ་གྱི་ལགས་སོ།། དེ་ཅིའི་སླད་དུ་ཞེ་ན། བསགས་པའི་ཁམས་མ་ཤིགས་པས་ན། དངོས་པོའི་སྒོ་ནས་མཚམས་མེད་པ་བགྱིད་པ་མ་ལགས་སོ།། དེ་བཞིན ་གཤེགས་པའི་སྐུ་ལ་ནི་བསགས་པའི་ཁམས་ཀྱི་བག་ཀྱང་མ་མཆིས་ཏེ། ཆོས་ཀྱི་ཁམས་ལགས་ན་ཇི་ལྟར་འགྲོངས་རུང་། དེ་བས་ན་སེམས་བསྐྱེད་པ་དང་སྩལ་པ་ཙམ་ལས ་མཚམས་མེད་པར་བགྱིད་པ་ཅེས་གྱི་དེ། འདིར་རྒྱུའི་དབང་གིས་ཆོས་ཀྱི་དེ་ཁོ་ན་ཉིད་རིག་པར་བགྱི་བ་ལགས་སོ།། བཀའ་སྩལ་པ་རིགས་ཀྱི་བུ་ལེགས་སོ།། ངས་ཀྱང་ཚིག་དེ ་སྐད་དུ་སྨྲ་བར་བསམ་མོ་རིགས་ཀྱི་བུ་གཞན་ཡང་འདི་ནི་མི་སྡིག་ཅན་ལ་ལ་ཞིག་བདག་གིས་མ་བསད་དོ་སྙམ་ནས། དགོན་པ་ཞིག་ན་ཁེ་རྒོ་དང་། སྲིན་ཆུང་གི་ཡུལ་དུ་བྱར་བྱས ་ནས་མ་དེར་འོངས་པ་དང་། ཁྱོད་ཀྱིས་ངའི་ཐུག་པ་ལེགས་པར་ཁྱེར་ཏེ་མ་འོངས་སོ་ཞེས་ཟེར་ཏེ། དགྲ་སྟ་བདར་ནས་བསད་པར་བྱས་པ་དང་། དགྲ་སྟ་བདར་བའི་བར་དེའི་སྐབས། ་དེའི་མ་སྐྲག་ནས་སོགས་མའི་ནང་དུ་ཞུགས་སོ།། དེ་ནས་སྒྲ་སྟེ་ཐོགས་ཏེ་སོག་མའི་ཕུང་པོ་ལ་བསྣུན་ནས་ད་ནི་བདག་གི་མ་ཤིའོ་སྙམ་སྟེ། མི་གཞན་གྱིས་འཇིགས་ནས་སོག་མ་ལེག ་པར་མ་བརྟགས་སོ།། དེ་ནས་མ་དེ་དེ་ནས་བྱུང་སྟེ་སོང་ངོ་།། དེ་ནས་བདག་གི་མ་ཤི་ཟིན་ནོ།། སྙམ་ཏེ་སེམས་དགའ་བར་གྱུར་ན། མཚམས་མེད་པ་བྱེད་པ་མཚམས་མེད་པ་བྱེད་པ། ་ཞེས་བྱའམ། འོན་ཏེ་མྱི་བྱ་གསོལ་པ། མ་གསོད་པ་ཅེས་མི་བགྱིད་ལགས་སོ།། ཡང་གསོལ་པ། ཅི་ལགས་མཚམས་མ་མཆིས་པའི་ལས་ཀྱི་རྒྱུའི་དངོས་པོ་ཞུ་བར ་འཚལ་ལམ། བཀའ་སྩལ་པ། ཕ་མའི་ཕུང་པོ་བཤིག་པས་མཚམས་མེད་པ་བྱེད་པ་ནི་མ་ཡིན་གྱི། མ་གསོད་པའི་སེམས་བསྐྱེད་པ་དང་བཅལ་བས་ན། མཚམས་མེད ་པ་བྱེད་པ་དང་འདྲ་བར་ཡིན་ནོ།། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་དངོས་པོ་མ་ཤིག་གི་བར་དུ། མཚམས་མེད་པ་བྱེད་པ་རྫོགས་པ་ཞེས་མི་བྱ་སྟེ། འདིར་རྒྱུའི་དབང་གིས ་ཆོས་ཀྱི་དེ་ཁོ་ན་ཉིད་རིག་པར་བྱའོ།། གསོལ་པ་བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། དེ་ལྟར་རྒྱུའི་དབང་གི་རིག་པར་བགྱི་ལགས་སོ།། བཀའ་སྩལ་པ། རིགས ་ཀྱི་བུ་དེ་བཞིན་དུ་ངས་རྒྱའི་དབང་གིས་ཐར་པ་བརྗོད་པ་ཡིན་ནོ།། རྒྱའི་སྒོ་ནས་མྱ་ངན་ལས་འདས་པ་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཁོ་ན་ཡིན་ནོ།། དེ་བཞིན་དུ་ཡོངས ་སུ་མྱ་ངན་ལས་འདས་པ་ཆེན་པོར་འགྲོ་བ་ཡང་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་མཛད་དེ་བས་ན་ཡོངས ་སུ་མྱ་ངན་ལས་འདས་པ་ཆེན་པོའི་དོན་ནི་དེ་ཡིན་ནོ།། གསོལ་པ། དེ་བཞིན་གཤེགས་པ་ནི་ཟད་པར་འགྱུར་བ་མ་ལགས་སོ།། དེ་བཞིན་གཤེགས་པ་ནི་སྐུ་ཚེ་ཚད་ཤེས་པ ་ལགས་པར་བགྱིའོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། དམ་པ་ཆོས་ཀྱི་སྲུང་བས་ནི་དེ་སྐད་བྱ་བར་རིགས་སོ།། བདག ་གིས་ཐེ་ཚོམ་ངེས་པར་བྱེད་པས་ནི་དེ་ལྟར་བྱ་བར་རིགས་སོ།། དེ་ལྟར་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི། རྣམ་གྲངས་འདི་བཞིས་ཆོས་བསྟན་པར་བྱེད་དོ།། ་བྱང་ཆུབ་སེམས་དཔར་སྣ་གྲངས་བཞིས་ཆོས་བསྟན་པའི་ལེའུ་སྟེ་བཞི་པའོ།། ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ལ་དམ་པའི ་ཆོས་ཀྱི་ཚུལ་འཐོབ་པ་དང་། དམ་པའི་ཆོས་ཀྱི་ཚུལ་འབྱིན་པ་དང་། རྟེན་དུ་འགྱུར་བའི་གང་ཟག་བཞི་ཡོད་དེ། སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར ་འཇིག་རྟེན་དུ་འབྱུང་ངོ་།། བཞི་གང་ཞེ་ན། ཀུན་ནས་ཉོན་མོངས་པའི་རང་བཞིན་ཅན་གྱི་མི་གང་ཟག་དེ་ལྟ་བུ་སྐྱེ་བོ་མ་པོ་ལ་ཕན་པའི་ཕྱིར། འཇིག་རྟེན་དུ་འབྱུང་སྟེ། འདི་ནི ་གང་ཟག་དང་པོའོ།། རྒྱུན་དུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མི་འོང་བའི་འབྲས་བུ་དང་ལྡན་པའི་གང་ཟག་དེ་ལྟ་བུ་ནི་གཉིས་པའོ།། ། ་ཕྱིར་མི་འོང་བ་ནི་གསུམ་པའོ།། དགྲ་བཅོམ་པ་ནི་བཞི་པ་སྟེ། གང་ཟག་བཞི་པོ་འདི་རྣམས་ནི་འཇིག་རྟེན་དུ་འགྱུར་བ་ཡིན་ནོ།། དེ་ལ་སོ་སོའི་སྐྱེ་བོ་ཞེས་བྱ་བ་ནི། གང ་བདག་ཉིད་ཚུལ་ཁྲིམས་དང་ཆོ་ག་དང་ཡོན་ཏན་དང་ལྡན་པར་གྱུར་ནས། ཆོས་འབྱིན་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་རྩ་བ་དང་ལྡན་པ་གང་ཡིན་པ་དེ་དག་ཐོག་མ ་ཁོ་ན་རྒྱས་པར་བྱེད་ཅིང་། དོན་ཡང་རྟོག་པར་བྱེད་ལ། ཆོས་འདི་ནི་འདོད་ཆེན་ཆེ་བ་མ་ཡིན་པའོ།། ཞེས་དོན་བརྡ་སྤྲོད་པར་བྱེད་པ་དང་། སྐྱེས་བུ་ཆེན་པོའི་རྣ་བར་རྟོག་པ་བརྒྱད་སྟོན ་པར་བྱེད་པ་དང་། ཉེས་པ་བྱུང་ན་དེ་ལས་བླང་བའི་ཕྱིར་གཞན་དག་ལ་འཆགས་པར་བྱེད་པར་དང་། བྱང་ཆུབ་སེམས་དཔའི་སྨད་པ་སྐྲོད་པ་ན། དགོངས་པའི་ཚིག་ལ་མཁས་ཤིང ་དམ་པའི་ཆོས་འབྱིན་པར་བྱེད་པ་འདི་ནི་གང་ཟག་དང་པོ་སྟེ། སོ་སོའི་སྐྱེ་བོའི་གྲངས་སུ་གཏོགས་མོད་ཀྱི། འདི་ནི་སོ་སོའི་སྐྱེ་བོའི་ཐོས་པ་དང་མི་ལྡན་པ་མ་ཡིན་ཏེ། བརྒྱད་པའི་སོ ་སོའི་སྐྱེ་བོ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་སངས་རྒྱས་སུ་འགྱུར་བར་བསམ་སྟེ། ལུང་བསྟན་པས་ལུང་བསྟན་པ་ཡིན་ནོ།། དེ་ལ་རྒྱན ་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ཞེས་བྱ་བ་ནི། གང་ཐོབ་ནས་དམ་ཆོས་འབྲི་བ་དང་། འཆང་བ་དང་བྲལ་བར་འགྱུར་མི་སྲིད་པ་དང་། གཞན་དག་ལ་ཡང་སངས་རྒྱས ་ཀྱིས་པ་གསུངས་པ་མ་ཡིན་པ། རང་ཟོའི་ཚིག་དང་ཡི་གེ་སྣ་ཚོགས་དང་། བྲན་དང་བྲན་མོ་ཡོངས་སུ་འཛིན་པ་སྟོན་པ་མི་སྲིད་པ་སྟེ། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང ་བའི་གྲངས་སུ་གཏོགས་མོད་ཀྱི། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་ནི་མ་ཡིན་ནོ།། དེ་ལྟར་ས་དང་པོ་དང་གཉིས་པ་དང་། གསུམ་པོ་ཐོབ་པའི་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་ནི་མདོ་གསུམ་དུ་ལུང་བསྟན་པས། སངས་རྒྱས་ཀྱི་གནས་སུ་འགྱུར་བར་ལུང་བསྟན་ཏོ།། ཕྱིར་མི་འོང་བ་ཞེས་བྱ་བ་ནི། ཆོས་དེ་ཐོབ་ནས་འབྲལ་མི་སྲིད་པ ་དང་། གཞན་དག་ལ་ཡང་སངས་རྒྱས་ཀྱི་གསུངས་པ་མ་ཡིན་པ་རུང་བ་མ་ཡིན་པའི་མདོ་རང་བཟོ་སྣ་ཚོགས་ཀྱི་ཚིག་དང་ཡི་གེ་དང་བྲན་དང ་བྲན་མོ་ལེ་སོགས་པ་ཡོངས་སུ་སྟོན་མི་སྲིད་པ་དང་། བློ་བུར་གྱི་ཞོན་མོངས་པའི་ཉེ་བ་རྣམས་ཀྱིས་དེ་ལ་གནོད་པར་འགྱུར་མི་སྲིད་པ་དང་། ནང་གི་ཉོན་མོངས་པ་རྣམས་ཀྱི་དེ་ལ་གནོད ་པར་འགྱུར་མི་སྲིད་པ་དང་། དེ་བཞིན་གཤེགས་པའི་ཁམས་བཅབས་ཏེ་ཆོས་སྟོན་པ་མི་སྲིད་པ་དང་། ཁམས་བཞིའི་སྦྲུལ་བདུག་པ་ལ་རྟེན་པའི་བློ་བུར་གྱི་ནད་རྣམས་ཀྱིས་དེ་ལ་གནོད་པ ་བྱེད་འགྱུར་མི་སྲིད་པ་དང་། བདག་མེད་པར་སྨྲ་བ་ཚར་གཅོད་པ་ཡང་ཡིན་ལ། འཇིག་རྟེན་པའི་བདག་རྣམ་པར་སྤངས་པ་དང་། འཇིག་རྟེན་པའི་བྱ་བ་རྣམས་ཀྱིས་ཀྱང་འཇིག་རྟེན ་ན་མཐུན་པར་བྱེད་པ་དང་ཐེག་པ་ཆེན་པོ་མ་ཡིན་པའི་ཐེག་པ་གཞན་འབར་བྱེད་མི་སྲིད་པ་དང་། སྲིན་བུའི་རིགས་བརྒྱད་ཅུ་དང་། ཉེས་དམིགས་ཆེན་པོའི་ལུས་འཛིན་པ་མ་ཡིན་དང་། ་འདོད་པའི་བསམ་པ་རྣམ་པར་སྤངས་དེའི་ལུས་རྨི་ལམ་དུ་ཡང་ཁུ་ཆུ་འབྱུང་མི་སྲིད་པ་དང་། འཆི་བའི་འཇིགས་པ་རྣམས་འོང་བ་མཐོང་ན། འཇིགས་མི་སྲིད་དོ།། གང་ཟག་དེ་ལྟ་བུ་ནི་ཕྱིར ་མི་འོང་བ་ཞེས་བྱའོ།། གང་ཟག་གསུམ་པོའི་དེ་ཡང་ངེས་བྱའི་ཕྱིར་འོང་བ་ཞེས་བྱའོ།། གང་ཟག་དེ་ལ་ནི་ཕྱིར་མི་འོང་བ་ཐོབ་པ་ཞེས་ཀྱང་མི་བྱའོ།། སྔར་བསྟན་པའི་ཡོན་ཏན་རྣམས་ཀྱང ་ཡོད་ལ་འདིར་སྐྱེས་ནས་ཡང་སྔར་བསྟན་པའི་ཉེས་པ་རྣམས་ཀྱིས་མི་གོས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའང་བ་དང་འགྲོ་བའི་ཚུལ་གྱིས་རྒྱུ་བར་བྱེད་ཀྱང་ཕྱིར་མི ་འོང་བའི་གྲངས་སུ་གཏོགས་ཏེ། སེམས་ཅན་བསྐྱེད་མ་ཟག་པའི་ལུང་བསྟན་པ་དང་སངས་རྒྱས་སུ་བསྟན་པ་དང་། སེམས་བསྐྱེད་མ་ཐག་ཏུ་རིང་པོ་མི་ཐོགས་པར་སངས་རྒྱས་སུ ་འགྱུར་བ་ཡིན་ཏེ། གང་ཟག་དེ་ལྟ་བུ་ནི་གང་ཟག་གསུམ་པའོ།། དགྲ་བཅོམ་པ་ཟག་པ་ཟད་པ་ནི་གང་ཟག་བཞི་པ་སྟེ། དགྲ་བཅོམ་པ་ཞེས་བྱ་བ་ནི་ཉོན་མོངས་པ་མེད་པ། ཁུར་བོར ་བ་རང་གི་བྱ་བ་བྱས་པ་དོན་གྲགས་པས་བཅུ་ཐོབ་པ་ཞེས་བྱ་བའོ།། དོན་གཞན་ཡང་རྒྱས་པར་བྱེད་དོ།། མི་སྐྱེ་བའི་ཆོས་ལ་བཟོད་པའི་ལུང་བསྟན་པས་དང་བདག་ཉིད་ཀྱིས་ཇི་ལྟར་ནུས ་པའི་གཟུགས་དང་། ཇི་ལྟར་འདོད་པའི་གཟུགས་མངོན་པར་སྤྲུལ་པར་བྱེད་པ་དང་། གང་གིས་ལུས་ཀྱི་སངས་རྒྱས་སུ་འགྱུར་བ་འདོད་པ་དེའི་ལུས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བར་བྱེད་དེ།། ཡོན་ཏན་འདི་རྣམས་དང་ལྡན་ནི་ནི་དགྲ་བཅོམ་པ་ཞེས་བྱ་སྟེ། ཡོངས་སུ་མྱ་ངན་ལས་འདས་པའི་མདོ་འདི་ལ། གང ་ཟག་བཞི་པོ་འདི་རྣམས་ཀྱི་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་འཇིག་རྟེན་དུ་འབྱུང་ངོ་།། དེ་དག་ནི་དེ་བཞིན་གཤེགས་པ་བཞིན་དུ་ལྷ་དང་མི་རྣམས་ཀྱི་སྟོན་པ་ཡིན ་བཞི་ཆར་ཡང་སྐྱེས་བུ་ཚད་མ་ཡིན་ན་རྟེན་དུ་གྱུར་པ་ཡིན་ནོ་གསོལ་བ་གང་ཟག་བཞི་པོ་དེ་དག་གིས་ཚད་མ་ཡང་ལྗགས། དེ་དག་ནི་རྟེན་དུ་གྱུར་པ་ཡང་མ་ལགས་སོ།། ་དེའི་སླད་དུ་ཞེ་ན། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལས་བརྩམས་ཏེ། བདུད་ཚར་བཅད་པར་བཀའ་སྩལ་པའི་ཚེ། གང་ཏེ་ལྷ་འམ་བདུད་དམ་མཆིས ་པ་ཡང་རུང་སྟེ། ང་དང་འདྲ་བར་ལུས་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱེད་བཟང་པོ་བརྒྱད་བཅུའི་བརྒྱན་པ་དང་། འོད་འདོམ ་གང་དང་ལྡན་པ་དང་། བཞིན་མཛེས་པུས་བརྒྱན་པའི་སངས་རྒྱས་ཀྱི་སྐུའི་ཚུལ་གྱིས་ཡོངས་སུ་ཟིན་ཀྱང་དེ་ཁྱེད་ཀྱིས་ཚར་གཅོད་ཅིག་ཅེས་ངས་གནང་སྟེ། སྡིག་ཅན་ཁྱོད་འདི ་ལྟར་དགྲ་བཅོམ་པའི་གཟུགས་སུ་ཀྱིས་དགྲ་བཅོམ་པ་བཞིན་དུ་བདག་ཉིད་མ་འདུག་ཅིག། སྡིག་ཅན་ཁྱོད་ནམ་མཁའ་ལ་ཉལ་བར་མ་བྱེད་ཅིག། བློ་གཡོན་ཕྱོགས་འབར ་བར་བྱེད་པ་དང་། གཡས་ཕྱོགས་ནས་ཆུ་འབེབས་པ་དང་། མེ་བཞིན་དུ་འབར་ཞིང་གཟི་བརྗིད་དང་ལྡན་ལ་དུད་པར་འདུལ་དུ་ཟིན་ཀྱང་། ང་ཁྱོད་ཀྱི་ཚིག་མི་ཉན་ཏོ།། ་ཡིད་ཆེས་པར་ཡང་མི་བྱེད་དོ།། གསུངས་རབ་ཡན་ལག་དགུ་ལྟ་བུ་སྟོན་དུ་ཟིན་ཀྱང་། ང་དང་བར་མི་བྱེད་དོ།། ཞེས་གྱིས་ཤིག། རིགས་ཀྱི་བུ་ཁྱེད་དེ་ལྟར་དོག་ན་ང་ཡང་ཚར་ཆོད ་ཅིག། རིགས་ཀྱི་བུ་དཔེར་ན་མཚན་མོ་མུན་པའི་ནང་དུ་ཁྱི་རྐུན་ཡོངས་སུ་ཚོར་ན། ཁྱིམ་བདག་པའམ་བྲན་མོས་དེ་ལ་འདི་སྐད་དུ། ཁྱི་རྐུན་ཁྱོད་དང་ངས་མ་བསད་པར་རྐྱེན ་བར་ཕྱིས་སོང་ཞིག་ཅེས་བྱས་ནས་ཁྱི་རྐུན་དེས་དེ་སྐད་ཐོས་པ་དང་ཕྱིས་རྒྱུགས་ཏེ་སོང་ལ། ཕྱིན་ཆད་ཀྱང་ཁྱིམ་དེར་མི་འོངས་དེ་བཞིན་དུ། ཁྱོད་ཀྱིས་བདུད་སྡིག་ཅན་ཁྱི ་རྐུན་བཞིན་དུ་ཚར་གཅོད་ལ་སྡིག་ཅན་དེ་ལྟར་མ་བྱེད་པར་ངས་བཅིང་པོ་རྣམ་པ་ལྔས་མ་བཅིངས་པར་རྐྱེན་པར་ཕྱིར་སོང་ཞིག་ཅེས་དེ་སྐད་གྱིས་ཤིག་དང་དེས་དེ་སྐད་ཐོས་མ ་ཐག་ཏུ་ཁྱི་རྐན་བཞིན་དུ་ཕྱིར་ལོག་པར་འགྱུར་ཏེ། དེ་ལྟར་བདུད་ཚར་གཅོད་པར་འགྱུར་པ་གང་ཡིན་པ་དེ་དག་ནི་དམ་པ་ཡིན་ཏེ།། མྱ་ངན་ལས་འདས་པའི་དྲུང་ཁོ་ན་ན་འདུག་གོ། ཞེས ་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་གདངས་ཅན་ལས་གླེང་སྟེ་བདུད་ཚར་གཅོད་པ་ན་བཀའ་བསྐུལ་ལགས་ན། བཅོམ་ལྡན་འདས་ཅིའི་སླད་དུ་གང་ཟག་བཞི་པོ་རྣམས་རྟེན་དུ་གྱུར་པར ་བཞོག་པར་མཛད་ལགས། བདག་ནི་དེ་རྣམས་ལ་མི་མཉན་ཞིང་བློ་བ་མི་ཆེས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ངས ་ཇི་སྐད་སྨྲས་པ་དེ་ཁོ་ན་བཞིན་ནོ།། དེ་ལྟ་མོད་ཀྱིས་ངས་བདུད་ཚར་བཅད་པར་སྨྲས་པ་ནི། བྱིས་པ་ཉན་ཐོས་ཀྱི་ཐེག་པ་ཤའི་མིག་དང་ལྡན་པ་རྣམས་ཀྱི་དོན་དུ་སྨྲས་པ་ཡིན་གྱིས ་ཐེག་པ་ཆེན་པོ་རྣམས་ཀྱིས་དོན་དུ་བདུད་ཚར་བཅད་པར་སྨྲས་པ་མ་ཡིན་ནོ།། ཉན་ཐོས་ཀྱི་ཐེག་པ་རྣམས་ལ་ཡང་ལྷའི་མིག་དང་ལྡན་པ་དག་ཀྱང་ཡོད་མོད་ཀྱི་དེ་དག་ནི་ཤའི་མིག ་ཅེས་བྱ་བའི་གྲངས་སུ་གཏོགས་སོ།། ཐེག་པ་ཆེན་པོ་རྣམས་ལ་ཡང་ཤའི་མིག་དང་ལྡན་པ་དག་ཡོད་མོད་ཀྱི། དེ་དག་ནི་སངས་རྒྱས་ཀྱིས་སྦྲན་ཞེས་བྱ་བའི་གྲངས་སུ་གཏོགས་སོ།། ་དེ་ཅིའི་ཕྱིར་ཞེ་ན། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་ཐེག་པའི་མདོ་སྡེ་ཁོ་ན་ཉིད་འཛིན་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། མི་དཔའ་བོ་ཡུལ་ཕྱོགས་གྲགས་པ་སྙིང ་སྟོབས་ཅན་བརྟུལ་བོད་པ་འགའ་ཞིག་ཡོད་ལ། དེ་ལ་མི་སྔར་མ་འགའ་ཞིག་རྟེན་ཏེ། སྔར་མ་དེ་དཔའ་བོ་དེ་ལ་དཔའ་སློབ་པ་ན། དེ་ལ་བསྒོབ་ཀྱིའི་མི་ཁྱོད་དཔའོར་གྱུར ་པ་འདོད་ན། རལ་གྲི་སོ་བརྔམས་པའི་སྟེང་དུ་འགྲོ་བར་གྱིས་ཤིག་གང་དང་གང་གི་ཚེ་འཐབ་པ་དེའི་ཚེ། སུས་ཀྱང་མི་འཇིགས་པར་གྱིས་ཤིག ་ལྷ་ཡང་རུང་གཏུམ་པོ་ཡང་རུང་སྟེ། རྩམ་དུ་སྔོས་ཤིག་སྙིང་སྟོབས་དང་བརྟུལ་ཕོད་པ་ལ་བརྩོན་པར་གྱིས་ཤིག། རུང་བ་ངན་པ་ཁ་ཅིག། དཔའ་བོའི་ཆ་ལུགས་སུ་བསྒྱུར་ནས། ་དཔའ་བོའི་མཚོན་ཆ་ཐོགས་ནས། ཨུད་མོའི་རལ་གྲི་ཤུབ་ནས་ཕྱུང་ནས། ཕྱེ་མར་གློག་ལྟར་བྱེད་ཅིང་འོང་ལ། རལ་གྲི་གཅིག་ལ་གཅིག་བརྡེབས་པ་ལས་མེ་སྟག་འཕྲོ་བར་བབེདེ། ་ཁུག་འདེབས་ཤིང་ཁྲོམ་གྱིས་ནང་དུ་འོང་བ་དེ་ལྟར་བུ་དག་མཐོང་ན། མ་བྲོས་ཤིག་དང་། རུང་བ་ངན་པ་གང་ཡིན་པ་དེ་དག་གིས་དེ་དག་མཐོང་ནས། འདི་དག་དཔའ་བོ་ཡིན་སྙམ་དུ ་རིག་ནས། ཁྱིམ་རྐུན་བཞིན་དུ་བྱེད་པར་འགྱུར་ལ། རུ་བ་བཟང་པོ་གང་པོ་གང་ཡིན་པ་དེ་དག་ནི་ཁྲེལ་གྱི་དོགས་ཏེ། ཐེན་པར་བྱེད་དོ།། རུ་ངན་པ་དེ་དག་ནི་དེ་དག་གིས་སྐྲག་ནས ་འབྱེར་བར་འགྱུར་བ་བཞིན་དུ། དེ་བཞིན་གཤེགས་པ་ཡང་ཉན་ཐོས་ཀྱི་ཐེག་པ་རྣམས་ལ་དཔའ་བོ་སློབ་པར་མཛད་དེ་ཁྱེད་བདུད་སྡིག་ཅན་རུ་བ་སྔར་མ་ལྟ་བུས་མ་འཇིགས་པར ་དཔའ་བོ།། སློབ་པ་བཞིན་དུ་བརྟུལ་ཕོད་གྱིས་ཤིག་དང་། བདུད་ཡིད་མི་བདེ་བར་འགྱུར་རོ་ཞེས་སྟོན་ཏོ།། རིགས་ཀྱི་བུ་གཞན་ཡང་རིགས་ཆེན་པོའམ། དཔའ་བོ་ལྟ་བུ་ལ ་ལ་ཞིག་སུ་ལ་ཡང་དཔའོ་མ་བསླབས་ཏེ། དེའི་སློབ་དཔོན་སུ་ཡང་མེད་བཞིན་དུ། དེ་རང་བཞིན་གྱིས་དཔའོ་ལ་རིགས་ཀྱི་བུ་ཆོས་ལུགས་གྱུར་པ་རང་གི་དཔའ་རིགས་ཀྱི ་རྐྱེན་དུ་མཚམ་པར་དཔའ་བ་དེ་བཞིན་དུ་ཐེག་པ་ཆེན་པོ་ལ་སྐྱེས་པ་འམ་བུད་མེད་དམ་ཁྱེའུ་འམ་བུ་མོ་ཡང་རུང་སྟེ། དེ་དག་གི་དགོགས་ཏེ་གསུངས་པའི་མདོའི་ཚིག་སྣ་ཚོགས་ཐོས ་ན་མི་སྐྲག་མི་དངངས་པ་དེ་དག་ནི། སྔོན་སོངས་རྒྱས་དུ་མ་ལ་བསྙེན་བཀུར་བྱེད་བྱེད་པ་ཡིན་ཏེ། དེས་ན་ཐེག་པ་ཆེན་པོ་འདི་ཁོང་དུ་ཆུད་པ་ནས་མངོན་པར་དད་པར་གྱུར་ན། ་བདུད་དང་བདུད་བྱེ་བའང་རུང་། དེ་དག་མཐོང་ན་ཐེག་པ་ཆེན་པོ་རྣམས་སྐྲག་པར་མི་འགྱུར་ཏེ། ཅུང་ཟད་ཀྱི་ཡ་མཚན་དུ་འཛིན་ཏོ།། དཔེར་ན་སྦྲུལ་འཛིན་པའི་མི་ལ་ལ་ཞིག་གིས ་སྨན་གནོད་སེལ་དང་། སྔགས་ཀྱིས་མཐུས་སྦྲུལ་བདུག་པ་རྣམས་ཀྱི་དུག་མེད་པར་བྱེད་ལ། དེ་དག་གིས་མི་འཇིགས་པ་དེ་བཞིན་དུ་བདུད་བྱེ་བ་རྣམས་ཀྱང་ཐེག་པ་ཆེན་པོའི་མདོའི ་ཚིག་གི་སྔགས་ཀྱིས་ཀྱིས་གཟི་བྱིན་དང་མཐུས་བརྒྱགས་པ་མེད་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་ཀླུའི་སྦྲུལ་བདུག་པ་རྣམས་ཀྱིས་གླང་པོ་ཆེ་དང་སྟག་དང་། གཟིག་དང་ཁྱི ་རྣམས་ཀྱིས་སྐྲག་པར་བྱེད་དེ། ཁ་ཅིག་ནི་འཆི་བར་འགྱུར། ཁ་ཅིག་ནི་ཤིར་དོགས་ནས་སྒྲ་ཐོས་པ་ཙམ་གྱིས་ཀྱང་འབྱོར་བར་འགྱུར་རོ།། མི་ཁ་ཅིག་ནི་སྦྲུལ་བདག་པ་དང་། ནམ ་མཁའ་ལྡིང་དང་གླང་པོ་དང་སེང་གེ་དང་སྟག་དང་རྣམས་ཀྱང་ཞོན་ཏེ། རྒྱུ་བར་བྱེད་པ་ཡང་ཡོད་དོ།། ཁ་ཅིག་ནི་ཀླུ་དང་། ནམ་མཁའ་ལྡིང་དང་། སེང་གེ་དང་། སྲིན་པོ་དེ་དག ་མཐོང་ན། བརྒྱགས་པ་མེད་པར་འགྱུར་ཏེ། མི་སྔར་མ་དེ་དང་འདྲ་བར་ཉན་ཐོས་དང་། རང་སངས་རྒྱས་རྣམས་ནི་བདུད་མཐོང་ན་སྐྲག་པར་འགྱུར་ལ། བདུད་ནི་དེ་དག་གི་འཇིགས། ་རབ་མེད་དེ། བདུད་ཀྱི་ལས་ཀྱང་བྱེད་དོ།། ཐེག་པ་ཆེན་པོ་རྣམས་ནི་བདུད་ལ་ཞོན་ཏེ། དེ་དག་གི་གཟི་བྱིན་ཆེན་པོ་དང་། སྟོབས་ཆེན་པོ ་དང་སྙིང་སྟོབས་བརྟུལ་ནས་ཆོས་སྟོན་པར་བྱེད་དེ། ཀླུ་ལ་སོགས་པ་དང་འདྲ་བའི་བདུད་སྟོབས་པོ་ཆེ་དེ་དག་སྐྲག་ནས། མོད་ལ་དམ་པའི་ཆོས་ལ་དགེ་བར་འགྱུར་ཏེ། འདི་སྐད་དུ ་ཕྱིན་ཆད་དམ་པའི་ཆོས་ཀྱི་བར་ཆད་མི་བགྱིད་དོ།། ཞེས་ཀྱང་ཟེར་རོ་ཉན་ཐོས་ཀྱི་ཐེག་པ་རྣམས་ནི་ཉོན་མོངས་པའི་རྣམ་པས་སྐྲག་གོ།། ཐེག་པ་ཆེན་པོ་པ་རྣམས་ནི། ཉོན་མོངས་པ་རྣམ་པ ་ཆུང་བར་འཛིན་ཏེ། དེ་ལྟར་ན་ཐེག་པ་ཆེན་པོ་པ་རྣམས་ནི། བརྟུལ་ཕོད་པ་ཡིན་ནོ།། དེ་བས་ན་སྔར་བཤད་པའི་རྒྱུ་ནི་དེ་ཡིན་ཉན་ཐོས་ཀྱི་ཐེག་པ་རྣམས་ཀྱི་དོན་དུ་ངས་བདུད་ཚར་བཅད་པར ་བསྟན་པ་ཡིན་ནོ།། དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ནི་མཆོག་ཏུ་བཟོད་པར་དཀའོ།། ཀྱེ་མ་མདོ་ཆེན་པོ་འདི་དང་། དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ཐོས་ན་ཡིད ་ཆེས་པར་འགྱུར་བ་དེ་དག་ནི་མཆོག་ཏུ་དཀའ་བར་བྱེད་པ་ཡིན་ཏེ། འཇིག་རྟེན་ན་ཨུ་དུམ་པ་རིའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན་ནོ།། ང་འདས་པའི་འོག་ཏུ་མདོ་སྡེ་ཆེན་པོ་འདི་ཤིན་ཏུ ་སྙེད་དཀའ་བར་འགྱུར་ཏེ། མ་འོངས་པའི་དུས་ན་སེམས་ཅན་གང་དག་མདོ་སྡེ་ཆེན་པོ་འདི་ཐོས་པར་བྱ་བའི་ཕྱིར་གྲུབ་པར་བྱེད་པ་དེ་དག་ནི་སེམས་ཅན་མང་པོས་སྤོང་བར་འགྱུར་རོ།། ། ་གསོལ་པ། ཡུལ་ཇི་སྲིད་ཅིག་སེམས་ཅན་རྣམས་ཀྱིས་སྤང་བར་འགྱུར་ལགས། སེམས་ཅན་ཇི་ལྟ་བུ་དང་ནི་དམ་པའི་ཆོས་འབྱིན་པ་ལགས། བཀའ་སྩལ་པ། རིགས་ཀྱི་བུ ་འདས་པའི་འོག་ཏུ་འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་ཏེ། དེའི་རྗེས་སུ་སའི་འོག་ཏུ་ནུབ་པར་འགྱུར་རོ།། རིགས་ཀྱི་བུ་དཔེར་ན་ཡུལ་གང་ན་བུ་རམ་ཤིང་དང་འབྲས་ས་ལུ་དང་། ་འབྲུ་དང་། སྦྲང་རྩི་དང་། ཁ་ར་དང་བའི་འོ་མ་དང་། མར་གྱི་སྙིང་ཁུ་རྣམས་མོད་པ་དེ་ཉིད་ཀྱི་ན། སེམས་ཅན་རྣམས་པར་སྨིན་པས་སྨན་ཞིང་བསོད་ནམས་མ་བྱས་པ་གཞན ་དག་ཀྱང་ཡོད་དེ། དེ་དག་འདི་སྐད་དུ་བདག་ཅག་གིས་ལུས་ཀྱི་ཁམས་འདི་ནི་ཁ་ཟས་བཟང་པོ་ཟོས་ནས་ནད་དུ་འགྱུར་རོ།། ཞེས་ཟེར་ནས་ཅི་རྩི་དང་ཁྲེ་དང་། ཁྲེ་རྒོད ་རྣམས་ཟ་བར་བྱེད་དོ།། ཡུལ་དེ་ཉིད་ན་གཞན་ཁ་ཅིག་ནི་ཅི་རྩི་དང་། ཁྲེ་དང་ཁྲེ་རྒོད་རྣམས་ཀྱི་མིང་ཡང་ཐོས་པར་མི་འདོད་དེ། བུ་རམ་ཤིང་དང་། འབྲས་ས་ལུ་དང་། འབྲུ ་རྣམས་འབའ་ཞིག་ཟ་བར་བྱེད་པ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་སེམས་ཅན་ཁ་ཅིག་ཐོས་པ་ཡང་མི་འདོད་དེ། བསོད་ནམས་མ་བྱས་པ ་རྣམས་ཅི་རྩེ་དང་ཁྲེ་དང་། ཁྲེ་རྒོད་ཟ་ཞིང་བུ་རམ་ཤིང་དང་འབྲས་ས་ལུ་ལ་སྡང་བ་བཞིན་དུ་ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཐེག་པ་ཆེན་པོ་ལ་སྡང་བར་འགྱུར་རོ།། དེ་ན་ཉན་ཐོས ་བསོད་ནམས་བྱེད་བྱེད་པ་གཞན་ཁ་ཅིག་ནི། འབྲས་ས་ལུ་ཟ་བཞིན་དུ་ཐེག་པ་ཆེན་པོར་འགྱུར་རོ།། རིགས་ཀྱི་བུ་དཔེར་ན་རི་ཁྲོད་གཅོད་རོང་ཡུལ་ངན་པ་ན་གནས་པའི་རྒྱལ ་པོ་རྣམས་བུ་རམ་ཤིང་དང་། འབྲས་ས་ལུ་རྣམས་དང་ལྡན་པར་ཡོད་དུ་ཟིན་ཀྱང་འདི་རྣམས་ནི་དཀོན་པ་ཡིན་ཏེ། ཟད་པ་ན་མི་རུང་ངོ་སྙམས་ནས་བདག་ཅག་མི་ཟ་བར་ཙེ་རྩེ ་@དང་ཁྲེ་དང་ཁྲེ་རྒོད་ཟ་ཞིང་། བུམ་ཤིང་དང་འབྲས་ས་ལུ་རྣམས་ནི་ཤིང་རྟ་རྣམས་བཀང་ནས་རྒྱལ་པོ་ཆེན་པོལ་འབུལ་བར་བྱེད་དོ།། དེ་ན་སེམས ་ཅན་གཞན་དག་རང་གི་ཡུལ་ན་འབྲས་ས་ལུ་ལ་སོགས་པ་སྔོན་མ་མཐོང་དུ་ཟིན་ཀྱང་རྒྱལ་པོའི་ལོངས་སྤྱོད་ཀྱིས་མཐུས་ཟ་བར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་གང་ཟག་ཆོས་ཀྱི་དེད་དཔོན ་བྱེད་པ་བཞི་པོ་དེ་དག་གནས་པ་ཉིད་དུ་གང་གི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གཅིག་ཀྱང་འཇིག་རྟེན་དུ་འབྱེད་དམ། ཡང་ན་གང་ན་གནས་ཀྱང་རུང་སྟེ། དེར་དེའི་དོན་དུ ་དེ་དག་གིས་ཐེག་པ་ཆེན་པོའི་སྡེ་ཚན་དང་བླ་ངན་གྱིས་འདྲི་ཞིང་འདིར་འདུག་སྟེ་བསྒྲུབས་ནས། གླེགས་བམ་གྱི་ཆས་སུ་བཅུག་སྟེ་སྙེད་པ་དང་བཀུར་སྟིའི་ཕྱིར་རམ། ཆོས་སྤྱོད་པའི ་ཕྱིར་རམ་བརྟེན་བཅས་པའི་ཕྱིར་བསྐུལ་བར་བྱེད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བསྙེན་བཀུར་བྱེད་ཅིང་། སྐྱེ་བོ་མང་པོ་ཐེག་པ་ཆེན་པོའི་བཅུད་ཀྱི་ལོངས་སྤྱོད་པར ་བྱེད་དེ། རྒྱལ་པོས་མཐུས་འབྲས་ས་ལུ་ཟ་བ་བཞིན་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེའི་གཟི་བརྗིད་ཀྱི་མཐུས་སེམས་ཅན་རྣམས་ཀྱིས་སྔོན་མ་ཐོས་པའི་ཚིག་གིས ་ཡི་གེ་འབྲུ་ཅིག་པའི་ཐིག་ལེ་ཐོས་པར་འགྱུར་རོ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོས་ཕྱོགས་གང་ན་སྤྱོད་པའི་ས་ཕྱོགས་ན་རྡོ་རྗེའི་རང་བཞིན་དུ་འགྱུར་རོ།། ་སེམས་ཅན་དེ་དག་ཀྱང་རྡོ་རྗེའི་རང་བཞིན་དུ་འགྱུར་རོ་ཞེས་ངཟེར་རོ།། སེམས་ཅན་ཕལ་ཆེར་བསོད་ནམས་ཆུང་ངུ་ན་རྣམས་ཐེག་པ་ཆེན་པོ་ཐོས་ན། ཐེག་པ་ཆེན་པོའི་མདོ་སྡེ་མནན ་གྱི་དོན་འཛིན་པར་མི་བྱེད་པ་ཟོས་ན་འཛིན་པར་མི་བྱེད་པའི་སེམས་ཅན་པ་དེ་དག་ནི་ཁྲེ་རྒོད་ཟ་བ་བཞིན་དུ་མྱ་ངན་ལས་འདས་པར་བྱ་བ་མ་ཡིན་ནོ།། གསོལ་པ། དེ་བཞིདག་ཏུ ་པ་འདས་ནས་ལོ་བཞི་སྟོང་གི་བར་དུ་འཛམ་བུའི་གླིང་དུ་གནས་པའི་རྗེས་ལ་སའི་འོག་ཏུ་ནུབ་པར་གྱུར་ནས་ཡུན་ཇི་སྲིད་ཅིག་ན་སླར་ཡང་འབྱུང་བར་འགྱུར་ལགས། བཅོམ་ལྡན་འདྲ ་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་གང་གི་ཚེ་ངའི་དམ་པའི་ཆོས་ཀྱི་འཇུག་ལོ་བརྒྱད་ཅུ་ལུས་པར་གྱུར་ཏེ། དམ་པའི་ཆོས་ནུབ་ཏུ་ཆས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི ་མདོ་ཆེན་པོ་འདིས་འཛམ་བུའི་གླིང་དུ་འབྱུང་བར་འགྱུར་ཏེ། ལོ་བཞི་བཅུའི་བར་དུ་དམ་པའི་ཆོས་ཀྱི་ཆར་ཕབ་ནས་ནུབ་པར་འགྱུར་རོ།། གསོལ་པ་དམ་པའི་ཆོས་ནུབ་པའི་དེས་ན ་དང་། ཚུལ་ཁྲིམས་ཅན་པའི་དུས་ན་དང་། དམ་པའི་ཆོས་མ་ཡིན་པ་རྣམ་པར་འཕེལ་བའི་དུས་ན་དང་། སྒྲུབ་པ་མ་མཆིས་པའི་དུས་ན། མྱ་ངན་ལས་འདས་པ་ཆེན་པོའི་མདོ ་ཆེན་པོ་འདི་འབྱུང་བའི་ཚེ་འདི་ཉན་པ་ནི་ཅི་འདྲ་བ་དག་ཅིག་འབྱུང་བར་འགྱུར་ལགས། འཆང་བ་ནི་ཅི་འདྲ་བ་དགེ་ཅིག་ལགས། ཀློག་པ་ནི་ཅི་འདྲ་བ་དག་ཅིག་ལགས། སུ་དག ་ནི་སྲུང་བར་འགྱུར། འཛིན་པར་འགྱུར། མཆོད་པ་བགྱིས་ནས་སྟོན་པར་འགྱུར་ལགས། འདྲིར་འཇུག་པ་ནི་ཅི་འདྲ་བ་དག་ཅིག་ལགས་པ་སྟེ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ལ་སྨན་པའི་སླད་དུ་བཀའ་སྩལ་དུ་གསོལ། བྱང་ཆུབ་སེམས་དཔའ་ཡང་དག ་པར་སློབ་པར་འཚལ་བ་དག་མཆིས་ཏེ། དེ་དག་གིས་ཐོས་ན། ཅི་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཡོངས་སུ ་ཉམས་པར་མི་འགྱུར་བ་གསྒྲུབ་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། རིགས་ཀྱི་བུ་ཁྱོད་དོན་འདི་འདྲི་བ་ནི་ལེག་སོ།། ་རིགས་ཀྱི་བུ་གང་དག་གིས་སངས་རྒྱས་ཆུའི་ཀླུང་གསེར་ལྡན་གྱི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མའི་དུས་ན་བྱང་ཆུབ་ཀྱི་སེམས་ཉམས་སུ་ལེན་པར་འགྱུར་ཏེ། ་ཉམས་སུ་ལེན་པར་མི་འགྱུར་རོ།། མདོ་སྡེ་སྤོང་བར་མི་འགྱུར་རོ།། གང་དག་གྲི་སངས་རྒྱས་གང་གིའི་ཀླུང་གི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མའི་དུས ་ན་མཚུངས་པ་མེད་པ་སྤོང་བའི་སེམས་བསྐྱེད་པར་མི་བྱེད་དེ། མོས་པར་བྱེད་ཅིང་དེར་ཚིག་གིས་སྐྱེ་བོ་ཐམས་ལ་ཅད་ལ་རྒྱས་པར་བསྒོ་བར་བྱེད་པར་འགྱུར་རོ།། གང་དག་གིས་སངས ་རྒྱས་གང་གའི་ཀླུང་གཉིས་ཀྱིས་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི་ཕྱི་མིའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། སྤོང་བར་མི་འགྱུར་རོ།། གང ་དག་གིས་སངས་རྒྱས་གང་གིའི་ཀླུང་གསུམ་གྱི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། ལུང་ནོད་པར ་བྱེད་ལ། འདྲི་བར་བྱེད་ལ་དོན་ནི་རྟོགས་པར་མི་འགྱུར་རོ།། གང་དག་གིས་སངས་རྒྱས་གོང་གཱའི་ཀླུང་བཞིའི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སོས་བསྐྱེད་པ་དེ་དག་ནི། ཕྱི་མའི་དུས་ནི་ཡང ་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ཏེ། མཚུངས་པ་མེད་སློང་པར་མི་འགྱུར་ཅིང་། ལུང་ནོད་པར་བྱེད། ཉན་པར་བྱེད་ལ། འདྲི་བར་བྱེད་ལ། དོན་ནི་བཅུ་དྲག་ཆ་ཅིག་རྟོགས ་པར་མི་འགྱུར་རོ།། གོང་དག་གིས་སངས་རྒྱས་གང་གིའི་ཀླུང་ལྔའི་བྱེ་མེ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དག་ནི་ཕྱི་མའི་ཚེ་མརུངས་པ་མེད་པར་སྤོང་བར་མི་འགྱུར་ཏེ། ལུང ་ནོད་པར་བྱེད། ལྟ་བར་བྱེད། འདྲི་བར་བྱེད་དེ། བྲིས་ནས་ཀྱང་བདག་ཉིད་འཆང་བ་ལ། དོན་ནི་བརྒྱད་ཆ་གཅིག་རྟོགས་པར་འགྱུར་ཏེ། དོན་རྫོགས་པར་རྟོགས་པར་མི ་འགྱུར་རོ།། གང་དག་གིས་སངས་རྒྱས་གང་གའི་ཀླུང་དྲག་གི་བྱེ་མ་སྙེད་ལ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མའི་དུས་ན་མཚུངས་པ་མེད་པ་སློང་བར་མི་བྱེད་དེ། ་ལུང་ནོད་པར་བྱེད། འདྲི་བར་བྱེད། བྲིས་ནས་ཀྱང་འཛིན་པར་བྱེད་ལ། དོན་ནི་བཞི་ཆ་གཅིག་རྟོག་པར་འགྱུར་ཏེ། དོན་རྫོགས་པར་ནི་རྟོགས་པར་མི་འགྱུར་རོ།། གང་དག ་གིས་སངས་རྒྱས་གང་གའི་ཀླུང་བདུན་གྱི་བྱེ་མ་སྙེད་ལ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མའི་ད་ས་ན་མཚུངས་པ་མེད་པ་སྤོང་བར་མི་བྱེད་དེ། ལུང་ནོད་པར ་བྱེད་འདྲི་བར་བྱེད། བྲིས་ནས་ཀྱང་འཛིན་པར་བྱེད་ལ། དོན་ནི་ཕྱེད་རྟོགས་པོར་འགྱུར་རོ།། གང་དག་གིས་སངས་རྒྱས་གང་གའི་ཀླུང་བརྒྱད་ཀྱི་བྱེ་མ་སྙེད་ལ་བྱང་ཆུབ ་ཏུ་སེམས་བསྐྱེད་པ་དེ་དག་ནི། ཕྱི་མའི་དུས་ན་མཚུངས་པ་མེད་པ་སྤོང་བར་མི་འགྱུར་ཏེ། ལུང་ནོད་པར་བྱེད། ཉན་པར་བྱེད། འདྲི་བར་བྱེད། བྲིས་ནས་འཛིན་པར་བྱེད། འཆང ་བར་བད། ཀློག་པར་བྱེད། སྟོན་པར་བྱེད། སྦས་པར་བྱེད། བསྲུང་བར་བྱེད། འཆད་པར་བྱེ་དེ། འཇིག་རྟེན་ཐམས་ཅད་ལ་སྙིང་བརྩེ ་བའི་ཕྱིར། གླེགས་བམ་རྣམས་ལ་མཆོད་པ་དང་བཀུར་སྟི་བྱེད། གཞན་དག་ཀྱང་བྱེད་དུ་བཅུག་ཅིང་། བླ་མ་ལ་གུས་པ་ལྟ་བུར་བྱེད་ལ། དོན་ཡང་རྫོགས་པར་རྟོགས་པར ་འགྱུར་ཏེ། བཅོམ་ལྡན་འདས་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། མི་གཡོ་བ་དང་། ཤིན་ཏུ་བདེ་བའོ་ཞེས་བྱ་བ་དང་། སེམས་ཅན་ཐམས་ཅད་ལ་དེ་བཞིན ་གཤེགས་པའི་སྙིང་པོ་ཡོད་དོ།། ཞེས་ཤེས་པར་བྱའོ།། དེ་ལྟར་ན་གདོད་སངས་རྒྱས་དུ་མ་ལ་བསྙེན་བཀུར་པའི་སེམས་ཅན་རྣམས་ནི། དམ་པའི་ཆོས་ཀྱི་ཕྱོགས་འཛིན་པར་འགྱུར ་ཞིང་། དམ་པའི་ཆོས་ཀྱི་ཕྱོགས་འཛིན་པར་འགྱུར་རོ།། གང་དག་གིས་ནི་དེ་ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་པ་དེ་དག་ནི་ཕྱི་མའི་དུས་ན་དམ་པའི་ཆོས་འབྱིན་པར་འགྱུར ་ཞིང་། དམ་པའི་ཆོས་ཀྱི་ཕྱོགས་འཛིན་པར་འགྱུར་ཏེ། དེའི་ཚེ་སེམས་ཅན་དེ་ལྟ་བུ་དག་འབྱུང་བར་འགྱུར་གྱིས། རིགས་ཀྱི་བུ་མ་འོངས་པའི་དུས་ན། སེམས་ཅན་དམ་པའི ་ཆོས་འབྱིན་པ་རྣམས་ལ་དེ་ལྟར་མ་ལྟ་ཞིག། གང་དག་གིས་ད་ལྟར་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་དག་ནི། མ་འོངས་པའི་དུས་ན་ཡང་བྱང་ཆུབ་ཏུ་སེམས་བསྐྱེད་ནས། དམ ་པའི་ཆོས་འབྱིན་པར་བྱེད་པར་ཤེས་པར་གྱིས་ཤིག། རིགས་ཀྱི་བུ་གང་དག་ང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདའ་བ་ཡིད་མི་དགའ་ལ་ཡིད་མི ་དགའ་བར་མ་བྱེད་ཅིང་རབ་ཏུ་དགའ་བར་བྱེད་དེ། སངས་རྒྱས་བདག་ཅག་གིས་སྙེད་པ་དང་། བཀུར་སྟི་ལ་དགེས་པར་བྱེད་པ་སྟེ། ད་ནི་གྲོངས་པར་འགྱུར་གྱི་བདག་ཅག་དགའ ་བོ་སྙམ་སྟེ། དེ་ལྟར་སངས་རྒྱས་གྲོངས་པར་སྙམ་ནས་རབ་ཏུ་དགའ་སྟེ། ཡིད་མ་དགའ་བར་མི་བྱེད་པ་དེ་དག་ནི། དེའི་ཚེ་གཡོལ་བར་འགྱུར་ཏེ། ཆོས་གོས་ཀྱི་མཚན་མ་ཅན ་མདོ་སྡེ་སྤོང་བར་རིགས་པར་གྱིས་ཤིག། སེམས་ཅན་གང་དག་ཡོན་དཔག་ཏུ་མེད་པ་དེ་དག་ལྡན་པ་དེ་དག་ནི། ཐེག་པ་ཆེན་པོ་ཐོས་ནས་མངོན་པར་དད་པར་འགྱུར་ཏེ། ་དམ་པའི་ཆོས་འདོད་པའི་རིགས་ཀྱི་བུ་དེ་དག་ནི་སྡིག་པའི་ལས་གྲངས་མེད་པ་བྱེད་པ་རྣམས་ཀླད་པ་ན་བ་དང་། རིམས་ཀྱིས་གདུང་བ་དང་། ཟུག་རྔུ་དང་། བསྐུར་པ་ཙམ ་གྱིས་འབྱུང་བར་འགྱུར་རོ།། གཞན་ཡང་ཕྱི་མིའི་དུས་ན་གཞན་གྱིས་བསྐས་པར་འགྱུར་བ་དང་། མདོག་ངན་པར་འགྱུར་བ་དང་། ངམ་ཆ་དང་སྟན་དང་ཁ་ཟས་ངན་པར་འ ་འགྱུར་བ་དང་། རྙེད་པ་མེད་པར་འགྱུར་བ་དང་། དབུལ་པོའི་རིགས་སུ་སྐྱེ་བ་དང་། ཕལ་པའི་རིགས་སུ་སྐྱེ་བ་དང་། ལོག་པར་ལྟ་བའི་རིག་སུ་སྐྱེ་བ་དང་། རྒྱལ་པོ་འཁྲུགས ་པ་དང་ཡུལ་འཁྲུགས་པ་དང་། སྡུག་པའི་དངོས་པོ་འཁྲུགས་པ་དང་། དགེ་བའི་བཤེས་གཉེན་མི་མཐོང་བ་དང་། གོས་དང་། ཟས་དང་། མལ་ཆ་དང་། སྟན་དང་། ་ནད་གསོས་དང་། སྨན་སོང་མེད་པ་དང་། རྙེད་པ་ཆུང་བ་དང་། བཀྲེས་པ་དང་། སྐོམ་པས་ཉམས་ཆུང་བའི་གནོད་པ་དང་ལྡན་པ་དང་། སྐྱེ་བོ་ཕལ་པས་དགའ་བར་བྱེད་པ། ་དང་། རྒྱལ་པོ་དང་། བློན་པོ་དང་། ཕོ་བྲང་འཁོར་གྱི་མི་རྣམས་ཀྱིས་གཏམ་མི་འཛིན་པ་དང་ཆོས་སྨྲས་པའི་ཕྱོགས་མི་བྱེད་པ་དང་། ་སློབ་དཔོན་དང་། སྡེ་དཔོན་པ་གང་དག་ཕྱོགས་དང་། མགོན་མེད་དུ་རེ་བ་དེ་དག་ཀྱང་སུ་ཤི་བ་ཏོལ་མེད་པར་འགྱུར་བ་དང་། དམ་པའི་ཆོས་ཀྱི་ཕྱོགས་མི་བྱེད་པ་དང་། ་བཟང་ན་ཡང་མི་མཛེས་པ་དང་། བལྟ་ན་སྡུག་པ་ཡང་ལྟ་ན་མི་སྡུག་པ་དང་། དེ་ལྟར་ན་ངའི་ཉན་ཐོས་གང་དག་འཇིག་རྟེན་ན་མདོ་ཆེན་པོ་སྟོན་པ་རྣམས་ནི་དཀའ་བ་བྱེད ་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན། ལྷོ་འུར་ཤིན་ཏུ་སྟུག་པོ་ཡང་ཉི་མ་ཤར་གྱི་བར་ལ་གནས་ལ། ཉི་མ་ཤར་མ་ཐག་ཏུ་ནི་མ་ལུས་པ་སངས་པར་འགྱུར་བ་དེ་བཞིན་དུ། ་རིགས་ཀྱི་བུ་སེམས་ཅན་དེ་དག་གི་སྡིག་པ་གྲངས་མེད་པ་ཡང་གང་གི་ཚེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཉི་མ་ཤར་གྱི་བར་དུ་ནི་གནས་ལ། གང་གི་ཚེ་ཡོངས ་སུ་མྱ་ངན་ལས་འདས་པ་ཆེན་པོའི་ཉི་མ་ཤར་བ་དེའི་ཚེ་ན། སྡིག་པ་དེ་དག་མ་ལུས་པར་བྱང་བར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ལ་ལ་ཞིག་ཁྱིམ ་ནས་ཁྱིམ་མེད་པར་རབ་ཏུ་འབྱུང་བར་འདོད་ལ། ད་དུང་གཞོན་ནུའི་ཚུལ་ཁྲིམས་མ་བླངས་པར། མི་ལ་ལ་ཞིག་གིས་དེ་བཞིན་གཤེགས་པ་ལ་སོགས་པ་དགེ་སློང་གི ་དགེ་འདུན་མཆོད་གསོལ་བ་དེའི་ཚེ། ཁྱིམ་པ་དེ་ཡང་ཆོས་གོས་བགོས་ནས། དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་དང་ཐབས་ཅིག་ཏུ་གྲོང་གི་ནང་དུ་སོང་སྟེ། ་བཀའ་ན་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱི་གྲངས་སུ་གཏོགས་པ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་མདོ ་སྡེ་འདི་ལ་སློབ་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་པ་ཐོབ་པ་རྣམས་ཀྱི་གྲངས་སུ་གཏོགས་སོ།། འདི་ལས་ཕྱི་རོལ་ཏུ་གྱུར་པ། རྫས་ཀྱིས ་བྲིད་པའི་ཕྱིར་རམ། གཏམ་ཟླར་བྱས་པའི་ཕྱིར་རམ། རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པ་འདོད་པའི་ཕྱིར་ཐོས་པ་ཙམ་དུ་ཟད་དེ། མདོ་སྡེ་སྤོང་བར ་མི་བྱེད་ན། ང་རྒྱལ་གྱི་དབང་གིས་སྤོང་བ་མ་གཏོགས་པར་སེམས་ཅན་གཞན་དེ་དག་ནི། སངས་རྒྱས་དགྲ་བཅོམ་པ་རྣམས་ཀྱི་ཡང་དག་པར་རྫོགས་པའི་བྱངས ་ཆུབ་གང་ཡིན་པ་དེ་དག་ནི། རིགས་ཀྱིས་ཐོབ་པར་འགྱུར་རོ།། རིགས་ཀྱི་བུ་དེ་བས་ན། སྔར་བསྟན་པའི་གང་ཟག་བཞི་པོ་རྣམས་རྟེན་དུ་གྱུར་པ་ཡིན་ཏེ། ་དེ་དག་ནི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་པའི་མདོ་སྡེ་ལ། སངས་རྒྱས་ཀྱི་གསུངས་སོ་ཞེས་སྟོན་པ་སྲིད་དེ་སྐབས་མེད་དོ།། དེ་བས་ན་རྟེན་དུ་གྱུར་པ་ཡིན།། ། ་གང་ཟག་བཞི་པོ་འདི་རྣམས་ཀྱི་ནང་ནས། གཅིག་ཙམ་ཞིག་འདུག་ན་ཡང་དེ་ལ་མཆོད་པ་གྱིས་ཤིག། བསྲུང་བར་གྱིས་ཤིག། གསོལ་པ། དེ་ལ་མཆོད་པ་ཇི་ལྟར་འཚལ ་བཀའ་སྩལ་པ། གང་ཟག་དེ་ནི་བདག་གི་སྲོག་ཡོངས་སུ་བཏང་ནས་དམ་པའི་ཆོས་འཛིན་པ་ཡིན་གྱིས། དེ་ལ་བདག་དམ་པའི་ཆོས་སྲུང་བ་བསླབ་པར་གྱིས་ཤིག། བསླབས ་@ནས་ཀྱང་སློབ་དཔོན་དེ་ལ་མཆོད་ཤིག། ཉན་ཐོས་ཀྱི་ཐེག་པ་ལས་ཀྱང་ངས་བསྟན་ཏེ། རྒན་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི་རྟོག ་གྱུར་པ།། བྲམ་ཟེ་སྲེག་བཞིན་མེ་བཞིན་དུ།། དེ་ལ་བཀུར་སྟིས་ཕྱག་ཀྱང་བས།། རྒན་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི་རྟོགས་འགྱུར་བ།། དབང་ཆེན་ལྷ་ལ་བྱ ་བ་བཞིན།། དེ་ལ་བཀུར་སྟིས་ཕྱག་ཀྱང་བྱ།། ཞེས་བྱ་བ་བསྟན་ཏོ།། གསོལ་པ། སློབ་དཔོན་ལ་མཆོད་པ་བགྱིས་པ་ནི་རིགས་ལགས་སོ།། དགེ་སློང་རྒན་པོ་དེ་ཚུལ་ཁྲིམས ་དང་ལྡན་པས། གསར་བུ་ལ་ཕྱག་གྱི་བ་ནི་མི་རིགས་ཏེ། འདི་ནི་དཔྱད་འཚལ་ལགས་སོ།། ཅི་ལགས་ཏེ་དགེ་སློང་ཆེན་པོ་གསར་བུ་ལ་ཕྱག་བགྱི་འཚལ་ལམ། གལ་ཏེ ་ཕྱག་བགྱི་འཚལ་ན་ནི། དེ་ལྟ་ན་རྒན་པོ་དེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་མ་ལགས་པར་འགྱུར་མ་ལགས་སོ།། གཞན་ཡང་གླེང་འཚལ་བ་མཆིས་ཏེ། གལ་ཏེ་དགེ་སློང ་རྒན་པོ་ནི་ཚུལ་ཁྲིམས་འཆལ་པ་ལགས། གསར་བུ་ནི་ཚུལ་ཁྲིམས་དང་ལྡན་པ་ལགས་ལ། དེ་ལ་ཆོས་ཀྱི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་ན་ཅི་ལགས་གསར་བུ་གློ་བར་ཆུད་བཞིན ་དུ། རྒན་པོ་ཚུལ་ཁྲིམས་འཆལ་པ་ལ་ཕྱག་བགྱི་འཚལ་ལམ། གཞན་ཡང་གླེང་འཚལ་བར་མཆིས་ཏེ། ཅི་ལགས་ཁྱིམ་ན་གནས་པ་ལས་ཆོས་རྟོགས་པར་འགྱུར་ན་ཡང་། ་ཁྱིམ་ན་གནས་པ་ལ་ཕྱག་འཚལ་ལོ།། ཧ་ཅང་ཞེས་ཆེར་བགྱི་བ་མི་རིགས་སོ།། ཁྱིམ་ན་གནས་པ་རྣམས་ནི་རབ་ཏུ་བྱུང་བ་མཆོད་པར་འོས་པ་དང་། ཡོན་གནས་མ་ལགས་སོ།། ་བསྟན་པ་འདི་ལ་ནི་གཞོན་ནུ་རྒན་པོ་རྣམས་ལ་ནི་མཆོད་པ་བགྱི་བའི་རིགས་སོ་ལགས་སོ།། རྒན་པོ་མཆོད་པའི་འོས་ཞེས་བྱ་བ་ནི། བསྟན་པ་རྫོགས་པ་འདུལ་བ་དང་། ཆོ་ག་དང་། སྤྲོད ་ཡུལ་གནས་པ་ལགས་ན། བཅོམ་ལྡན་འདས་ཀྱིས་ཀྱང་ཚུལ་ཁྲིམས་འཆལ་པ་རྣམས་ནི་ཞིང་གི་རྡོ་དང་འདྲའོ་ཞེས་གསུང་ན། ད་ནི་རྒན་ནམ་ཡང་ན་གཞོན་ཡང་རུང་། གང་ལོས ་ཆོས་ནི་རྟོག་འགྱུར་བ། དབང་ཆེན་ལྷ་ལ་ཕྱག་བྱ་ཞིང་། དེ་ལ་བཀུར་སྟི་པ་ཕྱག་ཀྱང་བྱ་ཞེས་གསུང་ངམ། ཚིག་གི་དོན་འདི་གཉིས་ནི་དཔྱད་འཚལ་ལགས་སོ།། དེ་མ་ལགས། ་ན་དེ་ལྟར་བགྱིས་ནང་། ཆད་པའི་གནས་སུ་འགྱུར་ལགས་སོ།། བཅོམ་ལྡན་འདས་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་བསླུ་བར་མཛད་ལགས་སམ། འདི་ན་ནོངས་པ ་མང་དུ་བགྱིད་ལགས་ན། བཅོམ་ལྡན་འདས་ཀྱིས་མདོ་མང་པོ་དག་ལས་ཚུལ་ཁྲིམས་འཆལ་པ་རྣམས་ཆད་པཱརརཾ་སྨད་པར་བཀའ་སྩལ་ན། ཅི་ལགས་དེ་བཞིན་གཤེགས་པས་འདིར ་དགོངས་ཏེ་གསུང་ལགས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་ནམ་ཡང་ན་གཞོན་ཡང་རུང་། གང་ལས་ཆོས་ནི་རྟོགས་འགྱུར་བ། དབང་ཆེན་ལྷ་ལ་བྱ་བ ་དང་། དེ་ལ་བཀུར་སྟི་ཕྱག་ཀྱང་བྱ་ཞེས་བྱ་བ་ནི། མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་བསྟན་པ་ཡིན་གྱི། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ཀྱི་ཕྱིར་དེ་སྐད ་བསྟན་པ་ནི་མ་ཡིན་ནོ།། རིགས་ཀྱི་བུ་ངས་སྔར་བསྟན་པ། དམ་པའི་ཆོས་ནུབ་དུས་དང་། ཚུལ་ཁྲིམས་འགྲིབ་པའི་དུས་དང་། ཚུལ་ཁྲིམས་འཆལ་པའི་ཕྱོགས་རྣམ་པར ་འཕེལ་བའི་དུས་དང་། ངེས་པར་གྲོལ་བ་དང་། ཆགས་པ་མེད་པར་ཟད་པའི་དུས་དང་། བྲན་དང་བྲན་མོ་ལ་སོགས་རྫས་ངན་པ་དུ་མ་ཡོངས་སུ ་འཛིན་པར་བྱེད་པའི་དུས་ན། སྐྱེས་བུ་བཞིའི་ནང་ནས་གཅིག་ཙམ་ཡང་བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ཡོངས་སུ་འཛིན་པའི་དགེ་འདུན་གྱི་ནང་ཁྱིམ་ནས་ཁྱིམ་མེད་པ ་རབ་ཏུ་བྱུང་ནས། དེ་རྣམས་ཀྱི་རུང་བ་དང་། རུང་བ་མ་ཡིན་པ་དང་། འདུལ་བ་དང་། འདུལ་བ་མ་ཡིན་པ་བྱེ་བྲག་ཀྱང་མི་ཤེས་པ་དེ་དག་གི་གཡེལ་བ་དང་། བདག་ཉིད་ཀྱི་ཉེས་པ ་མང་པོའི་གཞི་ཡང་ཤེས་ཏེ། སྨོད་པ་འདི་ནི་བཅོམ་ལྡན་འདས་ཀྱིས་སྤྲོད་པ་མ་ཡིན་ནོ།། སྙམ་དུ་ཡང་ཤེས་ནས། ཡུལ་དང་དུས་ལྟ་སྟེ། གསེར་བུ་རྣམས་ལས་གསུང་རབ་ཡན ་ལག་དགུ་སློབ་པར་བྱེད་ཅིང་། དེ་དག་ཕན་པར་བྱང་བ་ཡིན་པར་ཤེས་སུ་ཟིན་ཀྱང་། དམ་པའི་ཆོས་བྱང་བར་བྱའོ།། སྙམ་སྟེ། ཁ་རོག་པར་འདུག་ནས་དེ་འབའ་ཞིག་སེམས་ཤིང ་དམ་པའི་ཆོས་ཁོ་ན་བསྲུང་བའི་ཕྱིར་འཇིག་རྟེན་དུ་བྱུང་ངོ་།། རིགས་ཀྱི་བུ་དཔེར་ན། འགའ་ཞིག་གིས་རྒྱལ་པོ་ཞིག་ཤི་ནས་དེའི་བུ་རྣམས་ཀྱི་ནང་ན་རྒྱལ་བ་ནུས་པ་མེད་དེ། རྒྱལ ་པོ་དེ་ཉིད་ཀྱི་ཁམས་ཀྱི་གདོལ་པ་འབྲུག་སྒྲ་ལྟ་བུའི་སལི་སྙན་དང་ལྡན་པ་ཞིག། གདོལ་པ་དག་དེད་དེ་མཐུས་རྒྱལ་སྲིད་འཕྲོགས་ནས་རྒྱལ་པོ་བྱེད་ལ། གདོལ་པ་དེ་ཡང་རང་བཞིན་གྱིས ་ནོར་དང་ལྡན་པ་ཞིག་སྟེ། དེ་ནས་གདོལ་པ་དེ་རྒྱལ་པོ་བྱེད་པ་ན་བྲམ་ཟེ་དང་ཁྱིམ་བདག་དེ་ན་གནས་པ་རྣམས། གདོལ་པས་བཀོལ་ན་མི་རུང་སྙམ་ནས། ཡུལ་བོར་ཏེ་གང་ན་རྒྱལ་པོའི ་རིགས་རྒྱལ་པོ་བྱེད་པའི་ཡུལ་དེར་འགྲོ་བར་བྱེད་ལ། བྲམ་ཟེ་དང་ཁྱིམ་བདག་གཞན་ཁ་ཅིག་ནི་བདག་གི་ཡུལ་འདོར་མ་ཕོད་ནས། ཇི་ལྟར་ཤིང་གང་དུ་སྐྱེས་པ་དེ་ཉིད་དུ། སྐམ་པ ་འགྱུར་བ་དེ་བཞིན་དུ། དེ་དག་ཡང་ཤིང་དང་འདྲ་བར་ཡུལ་དེ་ཉིད་དུ་འཁོད་དོ།། དེ་ནས་དེས་མི་མང་པོ་བྱར་རོ།། སྙམ་ནས། གདོལ་པ་རྣམས་ལམ་ཐམས་ཅད་བསྲུང་དུ་བཅུག་སྟེ། ་མི་རྣམས་བསྲུང་བའི་ཕྱིར་ཡང་བྲམ་ཟེ་གཙང་སྦྲ་ཅན་རིགས་བྱེད་ཀྱི་མཐར་ཕྱིན་པ་དང་། ངའི་རྒྱལ་སྲིད་ཀྱི་ཕྱེད་ལོངས་སྤྱད་པར་འདོད་པ་དེས་ནི། ངའི་འདུན་ན་འདོན་གྱིས་ཤིག ་ཅེས་བསྒྲགས་ཏེ། དེ་ལྟར་གྲོང་ཁྱེར་དུ་ཞག་བདུན་གྱི་བར་དུ་རྔ་བོ་ཆེ་བསྔངས་ཀྱང་བྲམ་ཟེ་གཙང་སྦྲ་ཅན་གདོལ་བའི་བླ་མཁྱེན་བྱེད་པ་སུ་ཡོད་ཅེས་ཟེར་ཏེ་སུ་ཡང་མ་གདུག་པོ། ་དེ་ནས་གདོལ་བ་དེས་བསྒོ་བ། གལ་ཏེ་སུ་ཡང་དེ་ལྟར་བྱེད་དེ་མི་བཏུབ་ནི། བྲམ་ཟེ་ཐམས་ཅད་གདོལ་པའི་ཁྱིམ་དུ་གདོལ་པ་དང་ལྷན་ཅིག་ཏུ་ཟས་ཟོ་ཞིག། ཉོན་ཅིག་གལ་ཏེ ་མི་བཏུབ་ན། དེ་ཡང་ངས་ནན་གྱིས་བྱེད་དུ་གཞུག་གོ།། དེ་ལྟེ་ལ་ལ་ཞིག་བཏུབ་ན་ནི། ངས་རྒྱལ་སྲིད་ཀྱི་ཕྱེད་ཀྱང་སྦྱིན་པ་ནོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བདད་རྩི ་མཐུང་ན་ལྷར་འགྱུར་བ་ཐོབ་པར་འགྱུར་བ་ཛཾ་འཇིག་རྟེན་ན་དཀོན་པ་གང་ཡིན་པ་སྟེ། ང་དང་ལྷན་ཅིག་ཏུ་མཐུང་ནི། ལྷར་འགྱུར་བར་བྱའོ་ཞེས་བསྒོའོ།། དེ་ནས་དེར་བྲམ ་ཟེ་གཞོན་ནུ་གཙང་སྦྲ་ཅན་ཐོར་གཙུགས་དང་ལྡན་པ། རིག་བྱེད་ཀྱི་མཐར་ཕྱིན་པ་གཞོན་ནུ་ཚངས་པར་སྤྱོད་པ་ཞིག་གིས་བསྒོ་བ་དེ་ཐོས་ནས། རང་གི་ཐོར་གཙུགས་ཤིག་སྟེ། ་གདོལ་པ་དེའི་ཐད་དུ་དོང་ནས་དེ་ལ་ཕྱག་འཚལ་ཏེ། སྨྲས་པ་རྒྱལ་པོའི་ཞལ་མངའ་ནས་བཀའ་སྩལ་པ་དེ་བཞིན་དུ་བགྱིའོ་ཞེས་བྱས་ཏེ། ་དེ་ནས་རྒྱལ་པོ་དེས་དེ་མདུན་ན་འདོན་དུ་དབང་བསྐུར་རོ།། དེ་ནས་བྲམ་ཟེ་རྣམས་ན་རེ། གདོལ་པའི་མདུན་ན་འདོན་པར་ཁས་བླང་བ། ངན་པ་འདི་ངན་པ་འདི་ཞེས་ཟེར་རོ།། ་དེ་ནས་དེ་བཞིན་དུ་རྒྱལ་པོས་དེ་ལ་རྒྱལ་སྲིད་ཀྱི་ཕྱེད་བྱིན་ནས། དེ་དང་ལྷན་ཅིག་ཏུ་རྒྱལ་པོ་བྱེད་དོ།། དེ་ནས་སྐབས་ཤིག་ཏུ་བྲམ་ཟེ་དེས་གདོལ་པའི་རྒྱལ་པོ་དེ་ལ་སྨྲས་པ། རྒྱལ ་པོ་ཆེན་པོ་བདག་གིས་བྲམ་ཟེའི་ཚུལ་བོར་ནས་ཁྱོད་ཀྱི་མདུན་ན་འདོན་བགྱིད་པར་ཁས་བླངས་ཏེ། ཁྱོད་ལ་རིག་པ་རེ་རེ་ནས་བསླབས་སྙམ་ན། ཁྱོད་ད་དུང་བདག་ལ་ཐུགས་མི ་བསྟན་ཏོ།། དེ་ནས་རྒྱལ་པོ་དེས་དེ་ལ་སྨྲས་པ། ཁྱོད་ལ་ང་ཅི་སྟེ་ཡིད་མི་སྟོན་འདི་ལྟ་བུའི་ཡོན་ཏན་དང་ལྡན་པ་ཁྱོད་ལ་ཡིད་སྟོན་གྱིས། ད་ནི་རྒྱལ་པོ་མི་ཤི་བ་དེའི་བདུད་རྩིའི་བུམ ་བ་འདི་ཕྱེད་ཕྱེད་མཉམ་དུ་བཏུང་ངོ་ཞེས་བྱས་སོ།། དེ་ནས་ཐོག་མ་ཁོ་ནར་བློན་པོ་དེས་འཐུང་བའི་འོག་ཏུ་བདུད་རྩིའི་འོག་ཏུ་ཐབས་ཀྱིས་བཏུང་བ་གཞན་བླུ་ནས་རྒྱལ་པོ་དེས ་འཐུངས་པ་དང་རྒྱལ་པོ་དེ་ཤི་བ་བཞིན་དུ་འདུག་གོ།། དེ་ནས་བྲམ་ཟེ་དེས་རྒྱལ་པོ་སྔ་པའི་བུས་རྒྱལ་པོ་ནུས་པ་རྒྱལ་པོར་བཅུག་ནས་སྨྲས་པ་རྒྱལ་སྲིད་འདི་ལོང་ལ་ཆུང་མ་ཟོས ་གདོལ་པ་ནི་རྒྱལ་སྲིད་འདི་ལ་རྒྱལ་པོའི་འོས་མ་ཡིན་ཏེ། ཁྱོད་ཉིད་རྒྱལ་པོར་འོས་པ་ཡིན་ནོ་གདོལ་པས་རྒྱལ་པོ་བྱ་བ་ནི་མི་སྲིད་དོ།། ཞེས་བྱས་སོ་དེ་ནས་རྒྱལ་པོ་དེ་རྒྱལ་བ ་སངས་པར་འགྱུར་བའི་སྨན་བྱིན་ནས་གསོས་པར་བྱས་ནས་དེ་སྐྱུགས་འགལ་བར་བྱེད་པའི་ཆད་པས་བཅད་དོ།། དེ་ལྟར་བྲམ་ཟེ་དེས་རྒྱལ་སྲིད་བླར་བཙུགས་ཏེ། གདོལ་པ་དེ་སྔགས ་ནས་བྲམ་ཟེ་ལས་ཉམས་པར་ཡང་མ་གྱུར་ལགས། བྲམ་ཟེ་ཁྱིམ་བདག་རྣམས་ཀྱང་འདི་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ་ཞེས་ཟེར་ཞིང་དེ་ལ་ལེགས་སོ་ལེགསོ ་ཞེས་བྱས་ཏེ། མཆོད་པར་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་ང་འདས་པའི་འོག་ཏུ་དམ་པའི་ཆོས་དབྱུང་བའི་དོན་དུ་ཐབས་ཅི་ཡང་བྱེད་དེ། རྫས་ངན་པ་ལ་འདུན ་ཅིང་སྤྱོད་པ་ལྡན་པའི་དགེ་འདུན་གྱི་ནང་དུ། ཚུལ་ཁྲིམས་འཆལ་པ་དག་དང་ཚུལ་མཐུན་པར་སྟོན་ཏེ། ཚུལ་ཁྲིམས་འཆལ་པ་དེ་རྣམས་ཀྱི་ཆོས་གོས་དང་། གླེགས་བམ་དང་། ་ཡོ་བྱད་དེ་རྣམས་དེ་དག་ལས་འཕྲོགས་ནས། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་རྣམས་ལ་སྦྱིན་པར་གང་གིས་ནུས་པ་དང་། བསྒྲུབ་པ་དང་བཙོ་བ་དང་། འབྲུ་བསྡུ་བ་ཡང ་བརྟེན་ཏེ། རུང་བ་མ་ཡིན་པ་བརྒྱད་ཀྱི་དངོས་པོ་ལེན་པར་བྱེད་པ་རྣམས་མེད་པ་གང་གིས་བྱེད་པ་དང་། བྲམ་ཟེ་གདོལ་པའི་རྒྱལ་པོ་ལ་བྱ་བ་བཞིན་དུ་དེ་དག་དང་ལྷན་ཅིག་ཏུ་སྐབས ་དབྱེ་བ་དང་། གསོ་སྦྱོང་དང་ཐལ་མོ་སྦྱར་བས་བཏུད་པའི་ལས་བྱེད་ཅིང་། འགལ་བར་བྱེད་པ་ཆར་གཅོད་པར་བྱེད་པ་གང་གིས་ནུས་པ་དང་། གཡེལ་བ་རྣམས་ཀྱང་དག་པའི ་དགེ་འདུན་དུ་བསྒྱུར་ཅིང་། སྐྱེ་བོ་མང་བ་ལ་ཕན་པའི་ཕྱིར་ཐེག་པ་ཆེན་པོའི་སྡེ་མཚན་སྟོན་པར་གང་གིས་ནུས་པའི། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གང་ཡིན་པ་དེའི ་ཆེད་དུ། ཚིགས་སུ་བཅད་པ་དེ་གསུངས་པ་ཡིན་ཏེ། དེ་ལྟར་བྱེད་པ་ལ་ནི་དམ་པའི་ཆོས་འབྱིན་པའི་ཕྱིར། བྲམ་ཟེ་དང་ཁྱིམ་བདག་རྣམས ་མག་པར་བྱེད་དེ། བྲམ་ཟེ་ཡིན་བཞིན་དུ་འདིས་རྒྱལ་སྲིད་དང་དམ་པའི་ཆོས་བཙུགས་སོ་སྙམ་ནས། དེ་ལ་མཆོད་པར་བྱེད་དོ།། གང་དེ་ལྟར་སྟོན་པ་ནི་བྱང་ཆུབ་སེམས་དཔའ ་ཁོ་ན་ཡིན་ཏེ། ཐབས་དང་སྦར་ཞིང་བྱེད་པས་ནས། དེ་ལ་ཉེས་པ་སྐྱེད་པར་མི་བྱའོ།། དེ་ལ་ཉེས་པ་སྐྱེད་ན་ཕྱིར་ཉེས་པ་ཐོབ་པར་འགྱུར་ཏེ། བཤགས་པར་འོས་པའི་ཉེས་པ་ལྟ ་བུར་འགྱུར་ལ། ང་རྒྱལ་གྱི་དབང་གིས་ཆགས་པར་ཡང་མི་བྱེད་དོ།། བྱང་ཆུབ་སེམས་དཔའ་སློབ་དཔོན་དེ་ནི་མཆོག་ཏུ་གཡེལ་བ་ལྟ་བུ་སྟོན་ཀྱང་ཉེས་པར་མི་འགྱུར་ཏེ། ་དགོངས་པའི་ཚིག་འདི་ནི་བྱང་ཆུབ་སེམས་དཔའི་ཆེད་དུ་བསྟན་ཏེ། རྒད་ནམ་ཡང་ན་གཞོན་ཡང་རུང་།། གང་ལས་ཆོས་ནི་རྟོགས་འགྱུར་བ།། བྲམ་ཟེ་སྲེག་བཞིན་མི་བཞིན་དུ།། ་དེ་ལ་བཀུར་སྟིས་ཕྱག་ཀྱང་བྱས།། རྫོགས་སངས་རྒྱས་ཀྱི་བསྟན་པའི།། ཆོས་སྣ་གང་ལས་རྟོགས་གྱུར་པ།། དབང་ཆེན་ལྷ་ལས་བྱ་བ་བཞིན།། དེ་ལ་བཀུར་སྟིས་ཕྱག་ཀྱང ་བྱ།། ཞེས་བྱ་བ་ནི་ཉན་ཐོས་རྣམས་ཀྱི་ཆེད་དུ་བསྟན་པ་མ་ཡིན་གྱིས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་བསྟན་ཏོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས། ་བྱང་ཆུབ་སེམས་དཔའ་གཡེལ་བ་དེ་ལྟ་བུ་དག་ལ་མ་རྟེན་པར་རྫོགས་པར་རུང་ངམ། འོན་ཏེ་མི་རུང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ ་སྐད་མ་ཟེར་ཅིག་དེ་ཉིད་དེ་དག་གིས་བསྙེན་པར་རྫོགས་པ་ཡིན་ན་ཏེ། དེ་དག་གིས་ཉེས་པ་གང་དང་གང་བཤགས་པ་དེ་དག་ནི་བཤགས་པ་བཟོད་པ་ཡིན་ནོ།། དཔེར་ན། རྫིང ་སྙིང་པ་རལ་པའི་ཆུ་ནི་ཐམས་ཅད་དུ་ཟགས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། སྐྱེ་བོ་ཆོས་བཞིན་བྱེད་པ་རྣམས་ནི་འགྲིབས། སྐྱེ་བོ་ཆོས་བཞིན་མི་བྱེད་པ་རྣམས་ནི་འཕེལ་བའི ་ཕྱིར་རོ།། གལ་ཏེ་རྫིང་དེ་དེག་ལ་ལ་ཞིག་གིས་ཕྱིར་བཅོས་ན་ནི། དེས་ན་དེའི་ནདེ་ནས་ཆུ་འཛག་པར་མི་འགྱུར་བ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཡང་དགེ་སློང་ཚུལ ་ཁྲིམས་དང་ལྡན་པ་རྣམས་མེད་པའི་ཕྱིར་དང་། དགེ་འདུན་གྱི་སྒྲུབ་པ་ཉམས་པའི་ཕྱིར་དང་། ཐེག་པ་ཆེན་པོ་ལ་གཡེལ་བ་ཡོངས་སུ་འཕེལ་བའི་ཕྱིར། གཡེལ་བ་རྣམས ་དང་ལྷན་ཅིག་ཏུ་བསྙེན་པར་རྫོགས་པ། སྐབས་དབྱེ་བ་དང་། གསོ་སྦྱོང་དང་། ཐལ་མོ་སྦར་བས་བཏུད་པའི་ལས་བྱེད་པ་དང་། རྫིང་འཛག་པ་བཞིན་དུ། ཚུལ་ཁྲིམས་དང་། ་ཆོ་ག་ཟགས་པར་འགྱུར་མོད་ཀྱི། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའི་དམ་པའི་ཆོས་འབྱིན་པར་འདོད་པའི་ཚུལ་ཁྲིམས་དང་ལྡན་པའི་མི་ནི་རྫིང་བཅོས་པ་བཞིན་དུ་དེ་ཉིད ་བསྙེན་པ་རྫོགས་པ་ཡིན་ཏེ། དྲི་མ་མེད་པ་དང་། བཤགས་པས་བདག་ཉིད་དག་པ་དང་། མདོ་སྡེ་དང་འདུལ་བའི་དེ་ཁོ་ན་ཉིད་ཀྱིས་རྫིང་བཅོས་པ་བཞིན་དུ་འཆོས ་པར་བྱེད་དོ།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ།། །། བམ་པོ་དྲུག་པ།། ་@#།། གསོལ་པ། བཅོམ་ལྡན་འདས་ཀྱིས་ཨ་མྲིའི་འབྲས་བུ་རྣམ་པ་བཞི་ལྟ་བུའི་ལས་གསུངས་པའི་ཚུལ་ཁྲིམས ་དང་ལྡན་པ་དང་། ཚུལ་ཁྲིམས་འཇལ་བ་དང་ཇི་ལྟར་རྟོགས་པར་གྱི་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཚུལ་ཁྲིམས་དང་ལྡན་པ། ཚུལ་ཁྲིམས་འཆལ་པ་ནི་ཡོངས ་སུ་མྱ་ངན་ལས་འདས་པ་ཆེན་པོ་ལས་རྟོགས་པར་བྱའོ།། གསོལ་བ་ཇི་ལྟར་རྟོགས་པར་གྱི་ལགས། བཀའ་སྩལ་པ། ཁྱིམ་བདག་ཞིང་པ་གང་ལ་ལ་ཞིག་གིས་འབྲས་ས་ལུ ་དང་། འབྲུ་དང་། ཁྲེ་རྒོད་ཀྱི་ཞིང་ལ་ཐོག་མ་ཁོ་ནར་ཞིང་གི་ངོ་དང་། སྐེ་ལོང་རྣམས་གསལ་ཏེ་དག་པར་བྱས་པ་དེ་ལ། དེ་ཕྱིན་ཆད་ནས་འབྲས་བུར་མ་གྱུར་གྱི་བར་དུ། ་ཤའི་མིག་གིས་ཞིང་གི་གྲངས་སུ་བརྩི་བར་བྱེད་ལ། འབྲས་བུར་གྱུར་པའི་ཚེ་ནི། ཕུབ་མ་དང་། ཁོང་སྟོང་དང་། འབྲས་བུ་དང་། སྙིང་པོའི་བྱེ་བྲག་དང་། འདི་ནི་འབྲུ ་མ་ཡིན་ནོ་སྙམ་དུ་ཡང་དག་པར་ཤེས་པ་དེ་བཞིན་དུ། གཞི་ཆེན་པོ་བརྒྱད་ནི་དགེ་འདུན་གྱི་སྐྱོན་ཡིན་ཏེ། དེ་རྣམས་ཞིང་གི་ངོ་སྟེ་ལོང་བཞིན་དུ་གསལ་ནས། དེའི་འོག་ཏུ་ཤའི ་མིག་གིས་དགེ་འདུན་གྱི་ནང་དུ། ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་གི་གྲངས་བརྩི་བར་བྱེད་དོ།། སུ་ཡང་རུང་སྟེ་མི་སྐྱོན་དུ་མར་གྱུར་པ་དང་། ཡོན་ཏན་གྱི་འབྲས་བུ་གསལ ་བར་མ་གྱུར་ཀྱི་བར་དུ་འདི་ནི་འབྲུའོ།། འདི་ནི་འབྲུ་ངན་པའོ་ཞེས་བྱ་བ་ལྟ་བུར། ཤའི་མིག་གིས་རྟོགས་པར་མི་ནུས་ཏེ། དེའི་དུས་ཀྱི་བར་སྐབས་སུ་ནི་ཞིང་བཞིན་དུ། དགེ ་འདུན་གྱི་གྲངས་སུ་འགྲོ་སྙམ་དུ་བརྩི་བར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ཞིང་གི་སྐྱོན་ནི་ཞིང་གི་ངོ་ཡིན་ལ། དགེ་འདུན་གྱི་སྐོན་ནི་གཞི་ཆེན་པོ་བརྒྱད་ཡིན་པའི་ཕྱིར་རོ།། ཉེས་པའི ་མཆོག་ནི་སྦྲུལ་བདུག་པ་ལྟ་བུ་དང་བྲལ་བའི་དགེ་འདུན་ནི་ཞིང་ཞེས་བྱ་བ་ཏེ། དགེ་སློང་སུ་ཡང་རུང་ཞིང་རྣམ་པར་དག་པ་ལྟ་བུར་གྱུར་པ་དེ་ནི་ལྷ་བཞིན་དུ་མཆོད་པར་བྱ་དང་། ཡོན ་གནས་སུ་བྱེ་བ་ཡིན་ནོ།། འབྲས་བུར་གྱུར་པ་དེའི་སྔ་རོལ་དུ་ནི་ཤའི་མིག་གི་སྐྱོན་དང་། ཡོན་ཏན་རྟོགས་པར་མི་ནུས་སོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་གྲོང་གི་ས་འཁོར་གཅིག ་གི་ནང་ན། ཤིང་ཀ་རཱ་ཀ་མང་པོ་ཡང་ཡོད། དེའི་ནང་དུ་ཤིང་རྟེན་དུ་ཀ་ཅིག་ཀྱང་ཡོད་ལ། རྟེན་དུ་ཀའི་ཤིང་དེ་ལ་ཡང་འབྲས་བུ་ཡོད། ཀ་ར་ཀའི་ཤིང་དེ་དག་ལ་ཡང་འབྲས ་བུ་ཡོད་པ་ལས་དེ་ནས་བུ་མོ་གཞོན་ནུ་དབུལ་མོ་ཤིང་ཐོག་ཐུ་བ་ཤིག་གིས། རྟེན་དུ་ཀ་དེའི་འབྲས་བུ་བཏུས་ནས། ཀ་ར་ཀའི་འབྲས་བུ་ཡང་དེའི་བཅུ་འགྱུར་ཙམ་བཏུས་ཏེ། ་རྟེན་དུ་ཀའི་འབྲས་བུ་ཡིན་ནོ་སྙམ་ནས། དེ་རྣམས་ཀྱིས་དཀོན་པ་བཀང་སྟེ། གྲོང་དེ་ཉིད་དུ་འཚོང་བར་བྱེད་ལ། དེ་ནས་བྱིས་པ་རྣམས་ཀྱིས་བྱ་རྣམས་པ་གཉིས་གརྟེན་དུ ་ཀའི་འབྲས་བུ་ཡིན་ནོ་སྙམ་ནས། ཉོས་ཏེ་ཟོས་པ་དང་ཤིའོ།། དེ་ན་བྱེ་བྲག་བྱེད་པའི་མི་རྟེན་དུ་ཀའི་འབྲས་བུ་ཟ་འདོད་པ་གང་ཡིན་པ་དེ་དག་གིས་ནི། བུ་མོ་གཞོན་ནུ་དེ ་ལ་ལེགས་པར་བྲིས་ཏེ། ཆེ་ཞེས་འདི་དག་ཕྱོགས་གང་ལོགས་ནས་བླང་ཤེས་པ་དང་། དེས་དེ་དག་ལ་ཕྱོགས་བསྟན་ཏེ། དེ་དག་ལ་ཕྱོགས་བསྟན་པ་དང་། དེ་ན་ཀ་ར ་ཀའི་ཤིང་ནི་མང་ལ། རྟེན་དུ་ཀའི་ཤིང་ནི་ཅིག་པུ་ལས་མེད་པ་ཤེས་ཏེ། འདི་དག་ནི་དེ་ནས་བླངས་སོ་སྙམ་དུ་རིག་ལ། རྟེན་དུ་ཀའི་འབྲས་བུ།། ་དེ་དག་བཙལ་ཏེ་མ་སྙེད་ནས། ཀ་ར་ཀའི་འབྲས་བུས་འཇིགས་ཤིང་སྐྲག་སྟེ། འཇིགས་པ་དེ་ཉིད་ཀྱིས་འཕྱ་བར་བྱེད་ཅིང་། མ་ཉོས་པར་ཕྱིར་དོར་བ་དེ་བཞིན་དུ། རིགས་ཀྱི ་བུ་དགེ་འདུན་གང་དག་གཞི་ཆེན་པོ་བརྒྱད་ཤེས་བཞིན་དུ་སྤྱོད་པར་བྱེད་པ་དེར་གལ་ཏེ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློད་འཁོད་ན། དེ་དག་ཇི་ལྟར་ཀ་ར་ཀའི་ཚལ་ནི་རྟེན་དུ་ཀའི ་ཤིང་འདུག་པ་བཞིན་དུ། དེ་དག་མཐོང་ན་ཚུལ་ཁྲིམས་དང་ལྡན་པ་ཡིན་དུ་ཟིན་ཀྱང་། དགེ་བསྙེན་ཤེས་རབ་ཅན་གྱིས་དེ་དག་ལ་ཕྱག་མི་བྱ་ཞིང་མཆོད་པའི་གནས་སུ་མི་བྱའོ།། གལ་ཏེ ་དེ་དག་ལ་ཕྱག་བྱ་བར་འདོད་ན། ཅི་ཁྱེད་གཞི་ཆེན་པོ་བརྒྱད་ལེན་པར་བྱེད་དམ། འོན་ཏེ་ལེན་པར་མི་བྱེད་དྲིས་ནས་འདོད་ཕྱག་བྱ་སྟེ་ལེན་པ་གང་ཡིན་པ་དེ་དག་དང་ལྷན་ཅིག་སྐབས་དབྱེ ་བ་དང་། གསོ་སློང་གི་ལས་རྣམས་བྱེད་པ་དང་། མི་བྱེད་ཅེས་དྲི་བར་བྱའོ།། གལ་ཏེ་འདི་སྐད་ཅེས་ཟེར་ཏེ། དགེ་འདུན་གྱི་གཞི་ཆེན་པོ་བརྒྱད་ནི་ལེན་མ་བྱེད་དེ། བཅོམ་ལྡན ་ལྔ་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བས་ཀྱང་། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་དུ་གསེར་དངུལ་དག་བཞེས་སོ་ཞེས་ཟེར་ལ། དེའི་ནང་ན་ཁང་ཅིག་ལེན་པར་མི་བྱེད་དེ། ་བདག་ཅག་ནི་ལེན་པར་བྱེད་པ་དག་དང་ལྷན་ཅིག་ཏུ་སྐབས་འབྱེད་པར་དང་། གསོ་སློང་དང་ཐལ་མོ་སྦྱར་བར་བཏུད་པའི་ལས་ཀྱང་མི་བྱེད། ཐུག་པ་ཡང་མི་འཐུང་དེ་དག་ལས་སྙེད ་བ་དང་། བཀུར་སྟི་ཡང་མི་ལེན་ནོ་ཞེས་ཟེར་བ་དང་། ལྷའི་ཡང་ལྷ་སངས་རྒྱས་བཅོམ་ལྡན་འདས་འདིས་ཀྱང་བཞེས་ན། དགེ་འདུན་གྱིས་བཞེས་པ་ལ་མི་བཟོད་པ་ཅི་ཡོད་ཅེས་དེ་སྐད ་ཟེར་དུ་ཟིན་ཀྱང་དེ་དག་དང་། ལྷན་ཅིག་ཏུ་ཁྱེར་སྐབས་འབྱེད་པ་དང་། གསོ་སྦྱོང་དང་ཐལ་མོ་སྦྱར་བས་བཏུད་པའི་ལས་མི་བྱས། གྲང་ཞེས་སྨྲ་བར་བྱས་ཏེ། གལ་ཏེ་ཚིག ་མཉན་དུ་མི་བཏབ་པ་དེ་དག་ནི་ཡང་དག་པའི་མདོ་སྡེ་ཤེས་པ་ཡིན་ནོ།། ལེན་པར་བྱེད་པ་བྲིས་པ་དང་འདྲ་བར་དེ་དག་ནི། སེམས་ཅན་དམྱལ་བ་ཡིན་པར་རིག་པར་བྱའོ།། སེམས ་ཅན་དེ་དག་ནི་བྱིས་པ་འཆི་བ་དང་འདྲའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། གྲོང་ཁྱེར་ཆེན་པོ་ཞིག་སྤོས་ཀྱི་མཆོད་དུས་དག་ན་སྤོས་མ་ཏུ་ར་ཀ་དང་། གཞན་ཡང་སྤོས་ཀྱི་སྣ་གྲངས་དང་། ་སྨན་རྣམས་འཚོད་པ་དག་འཚོང་བར་བྱེད་ལ། དེ་ལ་ཉོ་བའི་སེམས་ཅན་རྣམས་ཀྱིས་གངས་ཀྱི་རི་ལས་བྱུང་བའི་སྨན་ཅི་འདྲ་བ་མི་ཤེས་ནས། དེ་དག་གིས་དྲིས་ཏེ་གལ་ཏེ་གདས་ཀྱི་རི ་ལས་བྱུང་བའི་སྤོས་མ་ཏུ་ཀ་ལྔ་ཅུང་ཟད་ཅིག་ཡོད་དམ། ཡོད་ན་བྱིན་ཅིག་ཅེས་བྱས་པ་དང་། དེས་གངས་ཀྱི་རི་ལས་བྱུང་བའི་སྤོས་ལྟར་བཅོས་པ་ལ། གད་ཀྱི་རི་ལས་བྱང་བའི ་སྤོས་ཡིན་ནོ།། ཞེས་བྱས་ཏེ་བྱིན་ནས་དེ་དག་གིས་འདི་ནི་གངས་ཀྱི་རི་ལས་འབྱུང་བ་ཡིན་ནོ་སྙམ་པར་ཡིད་ཆེས་ཏེ། འདི་དག་ནི་དགེ་འདུན་དག་ཡིན་ནོ།། འདི་དག་ནི་དགེ་འདུན ་མཐུན་པ་ཡིན་ནོ་སྙམ་དུ་བསམ་སྟེ། ཤའི་མིག་དང་ལྡན་པའི་དགེ་བསྙེན་དེས། དེ་དག་ལ་ཕྱག་ཀྱང་བྱའོ།། སྦྱིན་པ་ཡང་སྦྱིན་པར་བྱའོ།། ཤའི་མིག་དང་ལྡན་པའི་དགེ་བསྙེན ་གྱིས་སྤོས་ཀྱི་འཚོང་དུས་སུ་གངས་ཀྱི་རི་ལས་བྱུང་བའི་སླད་བཞིན་དུ་བཅོས་པ་མ་ཡིན་པར་རྟོགས་པར་དཀའོ།། དེ་བཞིན་དུ་ལྷའི་མིག་མེད་པས་བྱེ། ་བྲག་མི་བྱེད་པས། གངས་ཀྱི་རི་ལས་བྱུང་བའི་སྨན་བཞིན་དུ་འདི་ནི་ཚུལ་ཁྲིམས་དང་ལྡན་པའོ།། འདི་ནི་རྡུལ་ཁྲིམས་འཆལ་པའོ།། དགེ་འདུན་འདི་དག་ནི་གཞི་ཆེན་པོ་བརྒྱད་ཀྱི་ཉེས ་པ་དང་བྲལ་བ་ཡིན་ནོ་སྙམ་དུ་རྟོགས་པར་མི་ནུས་སོ།། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཆལ་པ་ནི་ལྷའི་མིག་དང་ལྡན་པ་རྣམས་ཀྱི་ཡུལ་ཡིན་གྱིས། ཤའི་མིག ་དང་ལྡན་པ་རྣས་ཀྱི་ཡུལ་མ་ཡིན་ནོ།། གལ་ཏེ་མ་དག་པ་མཐོང་ན་ནི། ཇི་སྲིད་དུ་བཤགས་སུ་རུང་བའི་ཉེས་པ་བྱུང་བ་མ་བཤགས་ཀྱི་བར་དུ་དེ་དག་ལ་ཕྱག་ཀྱང་མི་བྱའོ།། སྦྱིན་པ ་ཡང་སྦྱིན་པར་མི་བྱའོ།། གཞི་ཆེན་པོ་བརྒྱད་ལེན་པའི་དགེ་འདུན་དག་ལ་ཇི་སྲིད་དེ་བདག་ཉིད་ཀྱི་ཉེས་པ་བཤགས་སུ་རུང་བ་བཤགས་པས་གདས་ཀྱི་རི་ལས་བྱུང་བའི་སྨན་བཞིན་དུ་དག ་པར་མེ་གྱུར་གྱི་བར་དུ་གོས་མཚོན་ཅན་དགོས་པ་ཙམ་ལ་ཡིད་བརྟེན་ཏེ་ཕྱག་མི་བྱའོ།། དེ་དག་ལ་སྦྱིན་པ་ཡང་སྦྱིན་པར་མི་བྱའོ།། གསོལ་པ་བཅོམ་ལྡན་འདས་ལེགས་སོ་ལེགསོ།། ་བཅོམ་ལྡན་འདས་ཀྱི་བཀའ་འདི་ནི་ལེགས་པར་གསུངས་པ་ལེགས་ཏེ། རྡོ་རྗེ་རིན་པོ་ཆེ་བཞིན་དུ། སྤྱི་བོས་ནོས་པར་འཚལ་ལོ།། འདི་ལ་བཅོམ་ལྡན་འདས་ཀྱི་གསུངས་པ ་དགེ་སློང་དག་བཞི་པོ་འདི་དག་ནི་རྟེན་བཞི་ཡིན་ཏེ། བཞི་གང་ཞེ་ན། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཆོས་ཉིད་ཡིན་གྱི། གང་ཟག་མ་ཡིན་ནོ།། དགེ་སློང་དག་ཁྱེད་རྟེན་ནི་ངེས་པའི ་དོན་ཡིན་གྱི། དྲང་བའི་དོན་པ་ཡིན་ནོ།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཡེ་ཤེས་ཡིན་གྱི། རྣམ་པར་ཤེས་པ་མ་ཡིན་ནོ།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་གྱི། ཡི་གེ་མ་ཡིན་ནོ།། ། ་བདག་ཅག་ལ་ནི་རྟེན་བཞི་པོ་འདི་དག་ཚད་མ་ཡིན་གྱིས་གང་ཟག་བཞི་པོ་རྣམས་ཚད་མ་མ་ཡིན་ནོ།། ཞེས་བགྱི་བ་ལེགས་པར་གསུངས་སོ།། བཀའ་སྩལ་པ། ཆོས་ཉིད་ཅེས་བྱ ་བ་འདི་ནི། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པའོ།། དེ་བཞིན་གཤེགས་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པའོ།། ཞེས་བྱ་བ་འདི་ནི་སངས་རྒྱས ་ཐམས་ཅད་ཀྱི་ཆོས་ཉིད་དོ།། དེ་བཞིན་གཤེགས་པ་མི་རྟག་པར་མཐོང་བ་གང་ཡིན་པ་དེ་དག་ནི་ཆོས་ཉིད་མི་ཤེས་པ་ཡིན་ནོ།། ཞེས་ང་ཟེར་རོ།། དེ་དག་ནི་གང་ཟག་ཡིན་ནོ་ཞེས་པ ་ཟེར་རོ།། དེ་དག་ནི་ཚད་མ་མ་ཡིན་ནོ་ཞེས་ང་ཟེར་རོ།། དེ་མ་ཡིན་པའི་གང་ཟག་བཞི་པོ་དེ་དག་ནི་ཚད་མ་མ་ཡིན་ནོ།། གང་ཟག་བཞི་པོ་དགོངས་པའི་ཚིག་ལ་མཁས་པ་དང་། དེ་བཞིན ་གཤེགས་པའི་གསང་བའི་ཁོ་ན་ཉིད་ཤེས་པ་དང་། རྟག་པ་ཡིན་པར་ཤེས་པ་གང་ཡིན་པ་དེ་དག་ནི་དེ་བཞིན་གཤེགས་པ་མི་རྟག་གོ་ཅེས་སེམས་བསྐྱེད་ཀྱང་མི་སྲིད་དེ། གང ་ཟག་བཞི་པོ་དེ་དག་ནི་རང་ཉིད་དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ།། སེམས་ཅན་གཞན་གང་དག་དེ་བཞིན་གཤེགས་པ་རྟག་ཏུ་གོ་ཞེས་བྱ་བའི ་དགོངས་པའི་ཚིག་ཐམས་ཅད་ལ་མཁས་པའི་གང་ཟག་དེ་དག་ཀྱང་ཚད་མ་དང་རྟེན་དུ་གྱུར་པ་ཡིན་ནོ།། ཞེས་ང་ཟེར་དེ་བཞི་པོ་དེ་དག་ལྟ་རྟེན་ཅི་སྟེ་མ་ཡིན། དགེ་སློང་དག་ཁྱེད་ཀྱི ་རྟེན་ནི་ཆོས་ཉིད་ཡིན་ཏེ། ཉན་ཐོས་རྣམས་ཀྱི་མངོན་པར་ཤེས་པ་ཞེས་བྱ་བའི་དོན་དང་། ཆོས་ཉིད་མརྗེད་པར་གྱིས་ཤིག་ཅེས་བྱ་བའི་དོན་ཏོ།། ་ཆོས་ཉིད་ཅེས་བྱ་བའི་དོན་ཏོ།། ཆོས་ཉིད་ཅེས་བྱ་བ་ནི་དེ་བཞིན་གཤེགས་པ་རྟག་གོ་ཞེས་བྱ་བ་ལ་བརྩོན་པར་བྱ་བ་ཡིན་ཏེ་གལ་ཏེ་གང་ཟག་ལ་བརྩོན་པ་པ་ཡིན་ཏེ། གལ ་ཏེ་གང་ཟག་ཚུལ་ཁྲིམས་འཆལ་པའི་ཟང་ཟིང་ལ་ཆགས་པ་རྣམས། དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་ཟེར་ན། གང་ཟག་དེ་དག་ནི་ཚད་མ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ།། ། ་དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ངེས་པའི་དོན་ཡིན་གྱི། དྲན་པའི་དོན་མ་ཡིན་ནོ་ཞེས་བྱ་བ་ལ་ངེས་པ་ཞེས་བྱ་བ་ལ་ནི་ཐེག་པ་ཆེན་པོ་རྣམས་ཡིན་ཏེ། དགོངས་པའི་ཚིག་དེ ་བཞིན་གཤེགས་པའི་གསང་བ་ཐོས་ན། ཐེ་ཙོམ་གྱི་ཉེས་པ་མེད་པའི་ཕྱིར་ངེས་པ་ཞེས་བྱའོ།། ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལས་བརྒལ་ཅིང་། དེ་ལས་བྱུང་བ་ཞེས་བྱ་བའི ་དོན་ཏོ།། ངེས་པའི་ཡེ་ཤེས་ནི་ཐེག་པ་རིན་པོ་ཞེས་བྱ་བ་ནི་ཐོག་མ་མེད་པའི་ཡེ་ཤེས་ལས་ཤེས་བྱའོ།། ཐོགས་མ་མེད་པའི་ཡེ་ཤེས་ནི་ཉན་ཐོས་ཀྱི་ཐེག་པའོ།། ངེས་པའི ་ཡེ་ཤེས་ནི་ཡེ་ཤེས་ཆེན་པོ་དང་། ཐེག་པ་ཆེན་པོ་ཞེས་བྱ་བ་སྟེ། བྱང་ཆུབ་སེམས་དཔའ་གང་དག་དེ་བཞིན་གཤེགས་པ་རྟག་པར་ཡང་དག་པར་ཁོང་དུ་ཆུད་པ་དེ་དག་ངེས ་བར་བྱེད་པས་ན། དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚིག་ནི་ཆད་མ་ཡིན་གྱི། དྲང་བའི་དོན་ནི་དེ་ལྟ་མ་ཡིན་ནོ།། དེ་བཞིན་གཤེགས་པ་ནི་ཤའི་སྐུ་མ་ཡིན་ཏེ། བུད ་ཤིང་ཟད་པའི་མེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་འདི་ནི་ཉན་ཐོས་ཀྱི་ཐེག་པ་མ་ཡིན་ཏེ་ཚད་མ་ཡིན་ནོ།། མདོ་སྡེ་དེ་དག་ནི་འདུལ་བར་བྱ་བའི་དབང་གིས ་གསུངས་པ་ཡིན་ནོ།། ཉན་ཐོས་ཀྱི་ཐེག་པ་ནི་ཡི་གེའི་ཕྱེད་སྦར་བ་དང་འདྲ་ཞིང་། བྱེ་བྲག་ཏུ་འབྱེད་པ་ཡིན་ཏེ་སློབ་དཔོན་བྱེད་པ་མ་ཡིན་ནོ།། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ནི ་དྲང་བའི་དོན་རྣམས་ཀྱིས་གྲངས་སུ་གཏོགས་སོ།། ཡེ་ཤེས་ལས་གསུངས་པའི་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཁོང་དུ་ཆུད་པའི་ཤེས་པ་གང་ཡིན་པ་དེ་ནི་ཉན་ཐོས་ཀྱི ་ཐེག་པ་ཡིན་ཏེ། དེ་བས་ན་དྲང་བའི་དོན་ནི་ཚད་མ་མ་ཡིན་ནོ།། གང་ཟག་བཞི་པོ་དེ་དག་ནི་ཚད་མ་མ་ཡིན་ཏེ། ངེས་པའི་དོན་ཡིན་དེ་དྲང་བའི་དོན་མ་ཡིན་ནོ།། དེ་བས་ན ་དེ་དག་ནི་འཇིག་རྟེན་དུ་གྱུར་པ་དང་། ངེས་པའི་དོན་མ་ཡིན་ནོ།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་ཡེ་ཤེས་ཡིན་ནོ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཚིག་བླ་དགས་སོ།། ཆོས་ཀྱི ་སྐྲ་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ།། ཐབས་ཀྱི་སྐུ་གང་ཡིན་པ་དེ་ནི་ཚད་མ་ཡིན་ནོ།། ཐབས་ཀྱི་སྐུ་ལ་ལྟས་ན། དེ་བཞིན་གཤེགས་པའི་སྐ་ལ་ཕུང་པོ་དང་། ཁམས་དང་། ་སྐྱེ་མཆེད་རྣམས་ཇི་ལྟར་ཡོད། གལ་ཏེ་མེད་ན་ཡང་སྐུ་གདུང་གི་ཕུང་པོ་ག་ལས་འོངས་དེ་བས་ན་སྐུ་གདུང་གི་ཕུང་པོ་ག་ལས་འོངས་དེ་བས་ན་སྐུ་གདུང་གི་ཕྱིར་འཇིག་རྟེན་ན་མཆོད ་རྟེན་འབྱུང་བ་ཡོད་ཀྱི་ཆོས་ཀྱི་སྐུ་ནི་འབྱུང་བ་མེད་དོ།། དེ་བཞིན་གཤེགས་པ་ཤའི་སྐའོ་ཞེས་བྱ་བ་ནི་རྣམ་པར་ཤེས་པ་རྟག་པ་ལས་བསྟན་ཏེ། རྣམ་པར་ཤེས་པ་ནི་ཚད་མ་མ་ཡིན།། ། ་དེ་བས་ན་རྣམ་པར་ཤེས་པ་མ་ཡིན་ཞེས་བྱའོ།། སེམས་ཅན་གང་དག་དེ་ལྟར་རྟོགས་པ་དེ་དག་ཀྱང་ཚད་མ་མ་ཡིན་ནོ།། དེ་ལྟ་བུའི་མདོ་སྡེ་རྣམས་ཀྱང ་ཚད་པ་མ་ཡིན་ནོ།། དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་ནོ་ཞེས་བྱ་བ་ལ་དོན་ཞེས་བྱ་བ་ནི་གསལ་བའི་དོན་ཏོ།། གསལ་བའི་དོན་ཞེས་བྱ་བ་ནི་སྣང་བའི་དོན་ཏོ།། སྣང་བའི་དོན་ཞེས་བྱ་བ་ནི ་ཞེན་པ་མ་ཡིན་པའི་དོན་ཏོ།། ཞེན་པ་མ་ཡིན་པའི་དོན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་རྟག་ཅེས་བྱ་བའི་དོན་ཏོ།། དེ་བཞིན་གཤེགས་པ་རྟག་པའི་དོན་ཞེས་བྱ་བ་ནི། ཆོས་རྟག་པའི ་དོན་ཏོ།། ཆོས་རྟག་པའི་དོན་ཞེས་བྱ་བ་ནི། དགེ་འདུན་རྟག་པའི་དོན་ཏེ་དོན་ནི་དེ་ཡིན་ནོ།། རྟེན་དེ་ཡིན་ནོ།། ཡི་གེ་མ་ཡིན་ནོ་ཞེས་བྱ་བ་ནི་ཆོག་མི་ཤེས་པ་དང་། ཡོ་བྱད་མ་བསྙུངས ་བ་དང་། འདོད་ཆེན་དང་། ཚུལ་འཆོས་པ་དང་། ཁ་བསགས་མེད་པར་འགྱུར་བའི་རང་བཟོའི་ཡི་གེ་དང་། ཚིག་སྣ་ཚོགས་སངས་རྒྱས་ཀྱི་གསུངས་པ་མ་ཡིན་པའི་མདོ་སྡེ ་རྣམས་ཡིན་ཏེ། བཅོམ་ལྡན་འདས་ཀྱི་བདག་ཅག་ལ་ཐུགས་བརྩེ་ནས་མུ་གེ་བྱང་བའི་ཚེ་ཉིད་ཀྱི་སྲས་རྣམས་ཉོན་མོངས་པར་མི་མཛད་པའི་ཕྱིར། བྲན་དང་བྲན་མོ་ལས་སོགས་པ ་དང་། ཡོངས་སུ་བྱ་བ་རྣམ་པ་དུ་མ་སྣང་བ་བསླབ་པའི་གཞི་གསུངས་ཏེ། བྲན་དང་བྲན་མོ་ལས་སོགས་པ་དང་གསེར་དངུལ་དང་། བ་ལང་མ་ཧེ་དང་། འབྲུ་རྣམས་བསྡུ་བ ་དང་ཉོ་ཚོང་དང་། ཞིང་རྨོ་བ་ལ་སོགས་པ་ངས་གནང་ངོ་ཞེས་གསུངས་སོ།། ཞེས་བྱ་བ་དེ་དག་ནི་ཡི་གེ་ཞེས་བྱ་སྟེ། དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་ཚད་མ་མ་ཡིན་ནོ།། དེ ་བས་ན་ཡི་གེ་འདོད་པའི་གང་ཟག་དེ་དག་ཀྱང་ཚད་མ་མ་ཡིན་ཏེ། དེའི་ཕྱིར་དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་ནོ་ཞེས་གསུངས་སོ།། དོན་མེད་པ་ཞེས་བྱ་བ་ནི། གཞི་གསུམ ་ལ་འཇིག་པ་དང་། ལྟུང་བ་དང་རྣམ་པར་མཐོར་བ་དང་། རྣམ་པར་འཇིག་པ་དང་། ལས་སོགས་པའི་མི་རྟག་ཏུ་པ་ཉིད་ཡོད་པར་ལྟ་བ་སྟེ། འདི་ནི་དོན་མེད་པ་ཞེས་བྱའོ།། ། ་འདི་ནི་ཡི་གེ་ཞེས་བྱའོ།། དེ་བས་ན་དགེ་སློང་དག་ཁྱེད་ཀྱི་རྟེན་ནི་དོན་ཡིན་གྱི་ཡི་གེ་མ་ཡིན་ནོ་ཞེས་གསུངས་སོ།། དོན་གྱི་ཕྱོགས་ནི་ཐེག་པ་ཆེན་པོ་རྣམས་ཡིན་ཏེ། དེ་བས་ན་ཐེག ་བ་ཆེན་པོ་པ་རྣམས་ཏེ་ཚད་མ་ཡིན་གྱི། འདི་ལས་ཕྱི་རོལ་པ་ཡི་གེ་ལ་རྟེན་པ་རྣམས་ནི་དེ་ལྟར་མ་ཡིན་ཏེ། དེ་བས་ན་དེ་དག་ནི་རྟེན་མ་ཡིན་མོད་ཀྱི། ཤའི་མིག་དང་ལྡན་པ་རྣམས ་ཀྱི་ཕྱིར་གཞག་པ་མ་ཡིན་ནོ།། གསོལ་པ་སྔར་བཀའ་སྩལ་པའི་གང་ཟག་བཞི་པོ་རྣམས་རྟེན་དུ་གྱུར་པ་ཞེས་བགྱི་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ་བཞི་པོ་རྣམས་རྟེན་དུ་གྱུར་པར་རིག་པར་བྱའོ།། དེ་མ་ཡིན་པ་བཞི་པོ་རྣམས་ནི་བདུད་ཡིན་ནོ་ཞེས་ང་ཟེར་རོ།། གསོལ་བ་ཅིའི་སླད་དུ་དེ་ལྟ་ལགས། བཀའ་སྩལ་པ། དེ་དག་ནི ་བདུད་ཀྱི་སྨྲས་པའི་མདོ་སྡེ་འཛིན་པའི་ཕྱིར་རོ།། གསོལ་པ། དེ་ཇི་ལྟ་བུ་ལགས། བཀའ་སྩལ་པ། བདུད་བཞི་དེ་བཞིན་གཤེགས་པ་ལ་བསྔོ་ཞིང་། འདི་ནི་བདུད་ཀྱི་སྨྲས ་བ་ཡིན་གྱིས། སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ།། སེམས་ཅན་འདི་དག་ནི་བདུད་དང་མཐུན་པར་བྱེད་པ་ཡིན་གྱིས། སངས་རྒྱས་དང་མཐུན་པར་བྱེད་པ་མ་ཡིན་ནོ།། ཞེས ་ཟེར་བ་ལྟ་བུའོ།། གསོལ་བ། བཅོམ་ལྡན་འདས་བདག་ནི་བདུད་ཀྱི་སྨྲས་པ་དང་། སངས་རྒྱས་ཀྱིས་གསུངས་པ་ཁོང་དུ་ཆུད་པར ་འཚལ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བདུད་སྡིག་ཅན་གྱིས་ནི། ང་འདས་པའི་འོག་ཏུ་ལོ་བདུན་བརྒྱ་ལོན་པ་ན། ངའི་བསྟན་པ་ཕྱེ་ཞིང ་བཞིག་པར་འགྱུར་ཏེ། དམ་པའི་ཆོས་ནུབ་པའི་ཚེ་བདུད་སྡིག་ཅན་ཟག་པ་ཅན་གྱིས་ཟག་པ་མེད་པར་འགྱུར་ཏེ། བྱ་བའི་རྟགས་ཀྱི་ཚུལ་སྦེད་པ་བཞིན་དུ། དགེ་སློང་གི་གཟུགས ་དང་། དགེ་སློབ་སྙེད་པའི་གཟུགས་དང་། རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོངས་པ་དང་། དགྲ་བཅོམ་པ་དང་། རང་སངས་རྒྱས་ཀྱི་གཟུགས ་དང་། སངས་རྒྱས་ཀྱི་གཟུགས་དང་། གཟུགས་ཀྱིས་ཤིག་པར་འགྱུར་ཏེ། དེ་སྐད་ཅེས་ཟེར་ཞིང་། སངས་རྒྱས་ནི་དགའ་ལྡན་གྱི་གནས་ནས་ཤི་འཕོས་ཏེ་རྒྱལ་པོ་ཟས་གཙང ་དང་། བཙུན་པོ་སྒྱུ་འཕྲུལ་འཕྲད་པ་ན་ཟླ་མཚན་གྱི་བྱེ་བྲག་གིས་འཁྲིག་པའི་ཆོས་ལས་སྐྱེས་སོ་ཞེས་ཟེར་ལ། དེ་བཞིན་གཤེགས་པ་ནི་འཁྲིག་པ་ལས་སྐྱེ་མི་སྲིད་དོ།། དེ་ལ ་མི་ཙམ་དུ་སྐྱེས་པ་ལས་སྔོན་དཀའ་ཐུབ་སྤྲད་པའི་ཡོན་ཏན་གྱིས་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་གྱིས་མཆོད་ཅིང་བརྗོད་པར་གྱུར་ཅིང་། བདག་གི་ཚད་མ་དང ་འདོད་པ་རྣམ་པ་སྣ་ཚོགས་ཀྱི་སྦྱིན་པ་བྱིན་པས་ན་སངས་རྒྱས་སུ་གྱུར་ཏོ།། ཞེས་ཟེར་བ་དེ་ལྟ་བུ་ནི་བདུད་ཀྱི་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ།། དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ནི་འདུལ་བར་བྱ་བའི་དབང་གིས་ཞེས་པ་ལྟ་བུ་བདག་ཉིད་ཀྱིས་བསྟན་མོད་ཀྱི། འཁྲིག་པ་ལས་སྐྱེས ་བ་ནི་མ་ཡིན་ནོ།། དེ་བཞིན་གཤེགས་པས་ཡབ་ཡུམ་གཉིས་ཡོད་པ་ལྟ་བུར་བསྟན་པ་འདི་ནི་འཇིག་རྟེན་དང་མཐུན་པ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་ནི། དེ་བཞིན་གཤེགས་པས ་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པར ་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་བཞིན ་གཤེགས་པ་འཇིག་རྟེན་དུ་འབྱུང་བ་ནས། ཕྱོགས་དང་ཕྱོགས་མཚམས་སུ་གོམ་པ་བདུན་བདུན་གཤེགས་པར་བསྟན་ཏོ།། དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་མ་ཡིན་པར་རིག ་བར་བྱའོ།། དེ་བཞིན་གཤེགས་པ་བྱུང་ནས་ཕྱོགས་དང་ཕྱོགས་མཚམས་སུ་རྣམས་སུ་གོམ་པ་བདུན་བདུན་གཤེགས་པར་བསྟེན་པ་ནི། དེ་བཞིན་གཤེགས་པའི་ཐབས་ཀྱི ་སྐུ་འཛིན་པ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་ནི། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད ་མེར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་དེ་དག་བྱང ་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ལྔ་ཁང་གཤེགས་ཏེ་བྱོན་ནས་ལྷ་རྣམས་ཀྱི་ཞབས་ལ་ཕྱག་བཞེས་ཏེ། ་ལྷ་རྣམས་ནི་དེ་བཞིན་གཤེགས་པའི་ཞབས་ལ་མགོ་བོས་ཕྱག་མི་འཚལ་ལོ།། ལྷ་རྣམས་ལ་མཆོད་པའི་འོག་ཏུ་དེ་བཞིན་གཤེགས་པར་གྱུར་ནས་མངོན་པར་སངས་རྒྱས་ནས ་དེ་ལྷ་རྣམས་ནི་སྔ། འདི་ནི་ཕྱི་བས་ན་དེའི་ཕྱིར་མངོན་པར་རྫོགས་པར་སངས་རྒྱས་པ་ཞེས་བྱའོ།། ཞེས་ཟེར་བ་ལ་སོགས་པ་ནི་བདུད་ཀྱི་སྨྲས་པ་ཡིན་པར་རིག་པ་བྱའོ།། ་དེ་བཞིན་གཤེགས་པ་ལྷ་ཁང་དུ་གཤེགས་ཏེ་ཕྱིན་པ་མཐོང་ནས། དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་དང་བརྒྱ་བྱིན་ལས་སོགས་པ་ལྷ་ཐམས་ཅད་ཀྱི ་ཐལ་མོ་ལེགས་པར་སྦར་ཏེ་ཞབས་ལ་སྤྱི་བོས་བཏུགས་སོ།། ཞེས་ཟེར་བ་དེ་ལྟ་བུ་ནི་དེ་བཞིན་གཤེགས་པས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིགས་པར་བྱའོ།། ་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུ་ལོ་བ་ཚད་པར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་འབྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པས་ལྷའི་བུ་མོ་ལྷ་ལྟ་བུའི་བུད་མེད་དག་ཀྱང་རྒྱལ་ཚབ་ཏུ ་གྱུར་ཏེ། ཉེ་འདབ་ཀྱི་རྒྱལ་པོའི་བུ་མོ་དག་དང་ལྷན་ཅིག་ཏུ་འདོད་པ་ཤིན་ཏུ་བསྟན་ཏོ་ཞེས་ཟེར་བ་ལ་སོགས་པ་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར། ་བྱའོ།། དེ་བཞིན་གཤེགས་པས་ནི་ལྷའི་བུ་མོར་རམ་ལྷ་ལྟ་བུའི་བུད་མེད་དག་ཀྱང་འཆིལ་མ་བཞིན་དུ་བོར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ངོ་ཞེས་ཟེར་བ་དེ་ལྟ་བུའི ་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ལྟ་བར་བྱའོ།། བདད་ཀྱིས་སྦས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག ་ནི་བདད་དང་མཐུན་པར་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར ་རིག་པར་བྱའོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་འཇིག་རྟེན་ཐམས་ཅད་ལ་ཐུགས་བརྩེ་བའི་ཕྱིར།། རྒྱལ་པོ་རྒྱལ་བྱེད་ཀྱི་ཚལ ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བར་དབྱིག་དང་། གསེར་དང་། བྲན་དང་། བྲན་མོ་དང་། བ་ལང་དང་། མ་ཧེ་དང་། ར་དང་ལུག་དང་། བྱ་གག་དང་། ཕག་དང་། ཁྱི་དང་། ་བྱི་ལ་དང་། ཟངས་དང་། ལྕགས་བཟངས་དང་། ནོར་བུ་དང་། མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྦྲམ་དང་། དངུལ་དང་། འཆོག་ཆས་རྣམ་པ་སྣ ་ཚོགས་དང་། ཞིང་ས་དང་། འཚོང་དུས་དང་། སྲས་དང་། ཉོ་ཚོང་བྱེད་པ་དང་། ཁྱེའུ་དང་། བུ་མོ་དང་། མཛོད་དང་། བང་བ་རྣམས་བཞེས་སོ་ཞེས་དེ་ལྟ་བུ་ནི་བདུད་ཀྱིས ་སྨྲས་པའི་མདོ་སྡེ་དང་དེ་འདུལ་བ་ཡིན་པར་རིག་པར་བྱའོ།། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ན་འདས་བུ་དང་། ཨེ་རན་དའི་རལ་དང་། ཤིང་བི་རྩ་མ་བརྡའི་དྲུང་ན་བཞུགས་པའི་རྩེ། ་བྲམ་ཟེ་ལུ་དཔལ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ཏེ་བཀའ་སྩལ་པ། མིག་དང་། གསེར་དང་། བྲན་དང་། བྲན་པོ ་དང་། བ་ལང་དང་། མ་ཧེ་དང་། རཱ་དང་། ལུག་དང་། བྱ་གག་དང་། བག་དང་། ཁྱི་དང་། བྱི་ལ་དང་། སྦྲུལ་དང་། ནེའུ་ལེ་དང་། ཟངས་དང་། ལྕགས་ཟངས་དང་། ནོར་བུ་དང་། ་མུ་ཏིག་དང་། དུང་དང་། མན་ཤེལ་དང་། བྱི་རུ་དང་། ས་ལེ་སྒྲུབ་དང་། དངུལ་དང་། ནོར་བུ་དང་། འཆོག་ཆས་རྣམ་པ་སྣ་ཚོགས་ཚང་བ་དང་། ཞིང་ས་དང་། ཚོང་འདུས་དང་། སྲས ་དང་། ཉོ་ཚོང་བྱེད་པ་དང་། ཁྱིའུ་དང་། བུ་མོ་དང་། མཛོད་དང་། བང་བ་འཆད་དང་། རང་གི་ལག་གི་དར་ཏེ་གཡོས་བྱེད་དང་། འཚེད་པ་དང་། འཆེད་དུ་འཇུག་པ་དང་། ་ལྟས་དང་། ཡན་ལག་གི་རིག་པ་དང་། མོ་ཡིག་དང་། ཁ་དོན་འདོན་པ་དང་། བྱ་ལྟས་ཤེས་པ་དང་། སྒྲ་གཅན་དང་། ཉི་མ་དང་། ཟླ་བ་དང་། བ་ཝ་སངས་དང་། བཟའ་ལག་རྒྱུ ་བ་དང་། མེ་ཏོག་གི་ཤིང་རྟ་དང་། ལག་སྲུབས་ལྟ་བ་དང་། རྨིས་ལྟས་དང་། སྐྱེས་པ་དང་། བུད་མེད་དང་། མ་ནིང་གི་མཚན་ལྟ་བ་དང་། སྒྲ་རྩལ་དྲུག་ཅུ་རྩ་བཞི་དང་། རིག་པའི ་གནས་བཅོ་བརྒྱད་དང་། མཁན་བཟོ་དང་། བཟོའི་ལས་ཐམས་ཅད་སྟོན་པ་དང་། བསྲུང་གཏམ་བྱེད་པ་དང་། སྤོས་ཀྱི་ཕྱེ་མས་འདེབས་པ་དང་། མེ་ཏོག་དང་། བདུག་པ་དང་། སྤོས ་དང་། མེ་ཏོག་ཕྲེང་དང་། བྱུག་པ་འཆད་པ་དང་། མགོ་བོ་ལ་འོ་བྱེད་པ་དང་། ཚུལ་འཆོས་པ་དང་། ཁ་བསག་བྱེད་པ་དང་། ཆོས་མི་ཤེས་པ་དང་། འདོད་ཆེན་ཅན་དང་། འདུ ་འཇིལ་དགའ་བ་དང་། སྒྲ་འདོད་པ་དང་། ནོར་དང་། འབྲུ་དང་། ཤེ་དང་། ཉ་ཤ་དང་། དུག་སྦྱོར་བ་དང་། སྤོས་ཀྱི་ཏིལ་མར་དང་། སྨན་གྱི་སྦུ་བུ་དང་། གདུགས་དང་། ལྷམ ་དང་། ཏ་ལའི་ལོ་མའི་གསིལ་ཡབ་དང་། ཆུ་སྣོད་དང་། བུ་དོན་དང་། བེང་དཔུང་འཆང་བ་དང་། ཤིང་ཐོག་སྡུད་པ་དང་། སོ་རྩི་དང་། སྨན་མར་དང་། གཙོ་བའི་ཕྱེ་མང་པོ་དང་། ་ཀ་ཀོ་ལ་དང་། འབྲས་བུ་ཚ་བ་བརྟེན་པ་དང་། གཞན་ལ་བརྟེན་པ་དང་། དྲོང་མི་ཐུབ་པ་དང་། མི་སྨྲ་བ་དང་། བུད་མེད་ལྟར་རྟོགས་པའི་ཤས་ཆེ་བ་དང་། མང་དུ་སྨྲ་བ་དང་། དུ་བ ་དང་། བཟང་སྤྲོད་པ་དང་། སུན་འབྱིན་པ་དང་། འགྲོས་འཆོས་པ་དང་། གོས་དཀར་པོ་དང་། ཨ་ར་མོ་ནི་ཀ་དང་། ཁང་བཟང་དང་། གཙང་ཁང་ཕྱུག་པོའི་ལས་ལ་སོགས ་པ་བྱེད་པ་དང་། རུང་བ་མ་ཡིན་པ་དང་། རྫས་ངན་པ་ཡོངས་སུ་འཛིན་པ་དང་། སྨིན་པ་པོའི་བསྔགས་པ་བརྗོད་པ་དང་། ཆང་རྟེན་པ་དང་། སྨད་འཚོང་མའི་ཁྱིམ་དུ་འགྲོ ་བ་རྣམས་དང་། དེ་ལྟ་བུའི་བྱེད་པ་དང་། དམ་པ་མ་ཡིན་པ་དང་། ཚུལ་ངན་པ་དང་ལྡན་པ་དེ་དག་ལ་ནི་གོས་དཀར་པོ་དག་བྱིན་ལ་འཇིག་རྟེན་པའི་ལས་རྣམས་བྱེད་དུ་གཞུག་པ ་ངས་གནང་ངོ་།། ཡང་ན་འབྲས་སཱ་ལུའི་ཞིང་གི་ངོ་གསལ་བ་བཞིན་དུ་ཡུལ་ཕྱོགས་ནས་བསྐྲད་པར་ངས་གནང་ངོ་།། ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས ་གསུངས་པ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཚད་མེར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པ་ཡིན་པར་རིག་པར་བྱའོ།། ་སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ ་བཞིན་གཤེགས་པ་ནི་ཚངས་པ་དང་། འབྱུང་པོ་དང་། སྐེམས་བྱེད་གཞོན་ནུ་དང་། འཇིག་རྟེན་གྱི་མེས་པོ་དང་། ཀ་ཏྱ་ཡ་ན་ལ་སོགས་པའི་ལྷའི་གནས་ཐམས་ཅད། ་དེ་དག་གིས་བརྒྱགས་པ་གཞོམ་པའི་ཕྱིར་མི་གཤེགས་ཏེ། གཤེགས་མི་སྲིད་དོ།། ཡ་མཚན་ཅན་ཐམས་ཅད་ཀྱི་ནང་དུ་རབ་ཏུ་མི་འབྱུང་ངོ་།། སེམས་ཅན་ཐམས་ཅད ་ཀྱི་ཀུན་ཏུ་རྟོག་སྐུ་སྟོན་པ་མ་ཡིན་ནོ།། གསང་སྔགས་དང་། རིགས་སྔགས་ཐམས་ཅད་མི་འཆད་དོ།། ཁོལ་པོ་དང་། བྲན་དང་། བྲན་མོ་དང་། འདུལ་བ་དང་། ་ཐབས་སྦྱོར་བར་མི་མཛད་དོ།། སྐྱེས་པ་དང་། བུད་མེད་དང་། སྨད་དང་། རྒྱལ་དང་། བློན་པོ་གཅེས་པར་མཛད་དོ།། གལ་ཏེ་དེ་བཞིན་གཤེགས་པ་དེ་ལྟ་བུར་གྱུར་ན། ་དེ་བཞིན་གཤེགས་པ་ཡང་མ་ཡིན་ཏེ་ལོག་པར་ལྟ་བ་ཅེས་བརྗོད་པར་བྱའོ།། དེ་བཞིན་གཤེགས་པ་སྟེའུ་དང་། ཙན་དན་དུ་མཚུངས་ཏེ་སུ་ལ་ཡང་ཚར་གཅོད་པར་ཡང ་མི་མཛད་དོ།། ཕན་འདོགས་པར་ཡང་མི་མཛད་དོ།། དེ་བས་ན་དེ་བཞིན་གཤེགས་པ་དབུ་མའི་ལམ་གཟིགས་པ་ཞེས་བྱའོ།། ཞེས་ཟེར་བ་དེ་ལྟ་བུ་ནི་མགོ་རྨོངས་པར ་བྱེད་པའི་མདོ་སྡེ་བདུད་ཀྱིས་སྨྲས་པ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤིགས་པ་ནི་ལྷའི་གནས་ཐམས་ཅད་དུ་གཤེགས་སོ།། ཡ་མཚན་ཐམས་ཅད་ཀྱི་ནང ་དུ་རབ་ཏུ་འབྱུང་ངོ་།། སེམས་ཅན་ཐམས་ཅད་ཀྱི་ཀུན་ཏུ་རྟོགས་པ་སྟོན་ཏོ།། གསང་སྔགས་དང་། རིགས་སྔགས་དང་། སྨན་ནོ་ཅོག་ལྟ་བུར་གྱུར་པ་དང་། དེ་དག ་སྤྱོད་པར་མཛད་དོ།། མདུན་མའི་ནང་དང་། རོལ་མོའི་གནས་སུ་གཤེགས་སོ།། བྲན་དང་། བྲན་མོ་དང་། སེམས་ཅན་ཐམས་ཅད་སྡུད་པ་མཛད་དོ།། གཞོན་ནུ་དང་། ་གཞོན་ནུ་མ་དང་། བཙུན་མོའི་འཁོར་དང་། ཕོ་བྲང་འཁོར་གྱི་མི་དང་། ཡུལ་མི་དང་། ཁྱིམ་དང་། བྲམ་ཟེ་དང་། ཡི་དགས་དང་། མགོན་མེད་པ་དང་། སྐྱེས ་པ་དང་། བུད་མེད་རྣམས་ཀྱི་ལུས་རྣམ་པ་སྣ་ཚོགས་ཀྱང་སྟོན་ལ། འཇིག་རྟེན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་བའི་ཕྱིར། དེ་དང་དེར་གཤེགས་པ་ན་ཡང་པདྨ་ལ ་ཆགས་པ་བཞིན་དུ། ལྟ་བ་རྣམས་ཀྱིས་གོས་པར་མི་འགྱུར་བར་ཁོང་དུ་ཆུད་པར་བྱས་ཏེ། འདི་ནི་འཇིག་རྟེན་ཐམས་ཅད་དང་མཐུན་པར་མཛད་པ་ཡིན་ནོ་ཞེས་ཟེར་བ་དེ ་ལྟ་བུ་ནི། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང ་ཡིན་པ་དེ་དག་ནི། བདུད་དང་མཐུན་པར་བྱེད་པར་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་པར་བྱེད་པ་གང་ཡིན་པ་དེ་དག ་ནི་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། འདི་ལྟར་ངེད་ཀྱི་འདུལ་བ་ལས། སྡིག་པ་དང་ཉེས་པ་དང་། ལྕི་བ་དང་ཉེས་པ་སྦོམ་པོ་རང་བཞིན་གྱིས་སྤང་བར་བྱ་བ་ཡིན། ་བའི་ཕྱིར། སྤང་བར་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེ་ལྟ་བུ་ནི་ངེད་ཀྱིས་འདུལ་བ་དང་མཐུན་པ་མ་ཡིན་ན། ཅིའི་ཕྱིར་བདག ་ཅག་ཉིད་ཀྱི་འདུལ་བ་ལས་འགལ་བར་བྱས་ཏེ། ཁྱེད་ཀྱིས་འདུལ་བ་ནི་རང་བཟོར་བྱས་པ་ཡིན་ལ། ངེད་ཀྱི་འདུལ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ནོ།། བཅོམ ་ལྡན་འདས་ཀྱིས་གསུངས་རབ་ཡན་ལག་དག་ལས། ཕྱག་རྒྱ་དགུ་མཛད་ཅེས་གྲགས་ཏེ། བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་དག་པོ་དེ་རྣམས་ཀྱི་ཕྱག་རྒྱས་བཏབ་པོ།། བདག ་ཅག་གིས་ནི་ཤིན་ཏུ་རྒྱ་བཏབ་པོ།། བདག་ཅག་གིས་ནི་ཤིན་ཏུ་རྒྱས་བཏབ་པ་ཞེས་བྱ་བའི་སྒྲ། ཚིག་དང་ཡི་གེ་དང་ཐིག་ལེ་ཅིག་ཀྱང་སྔོན་མ་མཐོས་སོ།། བཅོམ་ལྡན་འདས ་ཀྱིས་མདོ་སྡེ་དུ་ཤིག་གསུངས། མདོ་སྡེ་བཅུ་གཅིག་གསུང་ངམ། བདག་ཅག་ཅི་གསུང་རབ་ལ་ནི་ཤིན་ཏུ་རྒྱས་པ་ཞེས་བྱ་བའི་སྒྲ་ཡང་མེད་དོ།། འདི་དག་ནི་མ་ལུས་པར ་ལྷ་སྦྱིན་གྱིས་བྱས་པ་ཡིན་ཏེ། དོན་ཐམས་ཅད་མ་རུང་བར་བྱས་ནས་རྩོད་པར་བྱེད་དེ། ཤིན་ཏུ་རྒྱས་པ་ནི་རང་གི་རང་བཟོར་བྱས་པར་མི་བརྩན་གྱི། ངེད་ཀྱི་འདུལ་བ་ནི་དམ ་པ་མེ་ཡིན་ངེད་ཀྱི་ནི་འདི་ལྟ་བུ་ཡིན་ནོ།། ཞེས་བསྟན་པར་མ་རུང་བར་བྱ་བའི་ཕྱིར་སྦྱར་བ། ཤིན་ཏུ་རྒྱས་པ་སྤོང་བར་བྱེད་པ་འདི་ནི་བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ ་ཡིན་པར་བྱའོ།། མ་འོངས་པའི་དུས་ན་ཡང་ངེད་ཀྱི་འདུལ་བ་ནི་འདི་ལྟ་བུ་ཡིན་ནོ།། ངེད་ཀྱི་འདུལ་བ་ལས་ནི་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་གསུངས་སོ་ཞེས་ལོག ་པའི་འདུལ་བ་དང་། མདོ་སྡེ་སྨྲ་བའི་དགེ་སློང་དག་འབྱུང་བར་འགྱུར་རོ།། ངས་ད་ནི་ཐེག་པ་ཆེན་པོ་གསུང་རབ་ཡན་ལག་དགུ་ལས། རྒྱུད་ཕྱི་མ་ཐེག་པ་ཆེན་པོ་ཤིན་ཏུ་རྒྱས ་བ་བརྟན་ཏོ།། ངའི་དྲུང་ན་ལྷན་ཅིག་ཏུ་སྒྲུབ་པ་གང་ཡིན་པ་དེ་དག་ནི། ལོག་པའི་འདུལ་བ་དང་ལྟ་བ་སྨྲ་བ་མ་ཡིན་ནོ།། ངའི་བསྟན་པ་ནི་རུང་བ་མ་ཡིན་པ་ཐམས་ཅད་སྤངས་པ། ་རྣམ་པར་དག་པ་དྲི་མ་མེད་པ། ཟླ་བ་ཉེ་བ་དང་འདྲ་བ་ཡིན་ཏེ། མདོ་སྡེ་རེ་རེ་དང་། འདུལ་བ་རེ་རེ་དང་། བསླབ་པའི་གཞི་རེ་རེའི་དོན་གང་གའི་ཀླུང་གི་བྱེ་མ་སྙེད་དུ་བསྟན་ལ ་དེ་དག་ཀྱང་སྒྲའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་བསྟན་ཏོ།། ངེད་ཀྱི་འདུལ་བ་ལ་བསླབ་པའི་གཞི་གང་དང་གང་ཡིན་པ་དེ་དང་དེ་ནི། བཅོམ་ལྡན་འདས་ཀྱིས་མ་གསུངས་སོ།། ་ཞེས་དེ་སྐད་ཟེར་བ་གང་ཡིན་པ་དེ་དག་ལ་ནི་ཉེས་པ་འབྱུང་བར་འགྱུར་རོ།། གང་དག་བདག་ཅག་གིས་བཟུང་བར་མི་ལངས་ཏེ། ཆོག་ཤེས་པ་དང་། ཡོ་བྱད་སྣང་བ་ལྷུར་ལེན་པ ་དང་། སངས་རྒྱས་ཀྱིས་གསུངས་པ་ཡིན་པར་འོས་པ་གང་དང་གང་ཡིན་པ་དེ་དང་དེ་དག་ནི། སེམས་ཅད་ཐམས་ཅད་པན་པ་དང་ཐུགས་བརྩེ་བའི་ཕྱིར། ཐེག་པ་ཆེན་པོའི ་ཚུལ་དུ་གསུངས་པས། བདག་ཅག་གིས་ཀྱང་ཤིན་ཏུ་རྒྱས་པ་ཞེས་བྱ་བ་བཤད་པ་བྱའོ།། ཞེས་དེ་ལྟར་དམ་བཅའ་བར་བྱེད་པ་དེ་དག་གིས་སྟོན་པ་ནི་ང་ཡིན་གྱིས། དེ་མ་ཡི། ་པ་རྣམས་ཀྱིས་སྟོན་པ་ནི་ང་མ་ཡིན་ནོ།། དེ་དག་ནི་ངའི་ཕྱིར་རབ་ཏུ་བྱུང་བ་མ་ཡིན་ཏེ། དེ་དག་ཐམས་ཅད་ནི་མུ་སྟེགས་པའི་བུ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུ་ནི། སངས་རྒྱས ་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར་བྱའོ།། ཞེས་དེ་སྐད་སྨྲས་པའི་མདོ་སྡེ་དང་། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། ་འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པར་བྱེད་པ་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད ་མར་བྱེད་པ་གང་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དེ་བཞིན་གཤེགས་པ་ནི་ཡོན་ཏན་དཔག་ཏུ་མེད་པ་དང་ལྡན་པ་ཡིན་ནོ།། མི་རྟག་གོ ་ཡོངས་སུ་མྱ་ངན་ལས་འདས་པའོ།། སྟོང་པར་གྱུར་པའོ།། བདག་མེད་པར་སྟོན་པའོ།། འཇིག་རྟེན་དང་མཐུན་པར་བྱེད་པ་མ་ཡིན་ནོ་ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་ནི་བདུད ་ཀྱིས་སྨྲས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་བྱའོ།། སངས་རྒྱས་བཅོམ་ལྡན་འདས་ནི་བསམ་གྱིས་མི་ཁྱབ་ཅིང་། ཡོན་ཏན་བསམ་གྱིས་མི་ཁྱབ་དཔག་ཏུ་མེད་གྲངས ་མེད་པ་དང་ལྡན་པ་ཡིན་ནོ།། རྟག་པའོ་བརྟེན་པའོ།། ཐེར་ཟུག་པའོ་ཞེས་ང་ཟིར་ཏེ། ཞེས་དེ་སྐད་སྦས་པ་ལའི་མགོ་བཅད་པ་བཞིན་དུ་ཕམ་པར་གྱུར་པ་ཞེས་བརྗོད་པར་མི ་བྱའོ།། ཕམ་པའི་ཆོས་བཞི་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱིས་གསུངས་པ་བཞི་ཆར་ལྟ་ཅི་སྨོས་ཏེ་ཕམ་པ་བཞིའི་ནང་ནས་ཕམ་པ་གང་ཡང་རུང་བ་ཞིག་བྱུང་ན། ཡང ་རྡོ་ཆག་པའི་འཕྲོ་བཞིན་དུ་འགྱུར་རོ་ཞེས་རྒྱུད་ཕྱི་མ་གཞུང་རྫོགས་པ་ལས། མིའི་ཆོས་ལས་བླ་མར་གྱུར་པའི་སྐབས་ནས་གསུངས་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བདག ་ནི་འབྲས་བུ་ཐོབ་པ་མ་ཡིན་ཞེས། འཆབ་པའི་དོན་ཏོ།། རྒྱུད་ཕྱི་མའི་ཡང་ཕྱི་མའི་ཆོས་སུ་དབབ་པ་ངས་གསུངས་པ་ནི་འདི་ནི་དགེ་སློང་འདོད་པ་ཉུང་བ་ཆོག་ཤེས་པ་ལ ་ལ་ཞིག་གནས་པ་དེས་རྒྱལ་པོ་འམ། རྒྱལ་པོའི་བློན་པོ་དག་གིས་མཐོང་ན། འབྲས་བུ་ཐོབ་པ་ཡིན་པར་སེམས་ཏེ་ཚིགས་སུ་བཅད་པའི་ཚུལ་སྦྱར་བའི་ཐབས་རྣམ་པ ་སྣ་ཚོགས་ཀྱིས་སྟོན་པར་བྱེད་ཅིང་བཙུན་པ་འདི་ནི་ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་སངས་རྒྱས་སུ་འགྱུར་རོ་ཞེས་ཟེར་བ་དགེ་སློང་དེ་དག་ལས་མངོན་སུམ་དུ་ཐོས་ནས་འདི་སྐད ་ཅེས་ཟེར་ཏེ་འབྲས་བུ་ངས་བྱས་པའི་གང་ཟག་ལ་འབྲས་བུ་ཐོབ་པ་བཞིན་དུ་སྟོན་པར་མ་བྱེད་ཅིག་ཆེ་འདོད་པ་ནི་སངས་རྒྱས་ཀྱི་སྨོད་དོ།། ཅང་མི་སླ་བ་ནི་སངས་རྒྱས་ཀྱིས ་བསྔགས་སོ།། བདག་ཇི་སྲིད་འཚོའི་བར་དུ་ཡང་ཆོས་འདི་ལྟ་བུ་ལ་དགའ་བ་མ་ཡིན་གྱིས། འདི་ལྟར་བདག་ཆེ་འདོད་པ་ལ་བཞིག་པར་མ་བྱེད་ཅིག། བདག་ནི་འབྲས་བུ ་ཐོབ་པ་སྟེ་སངས་རྒྱས་ཡིན་ནོ་སྙམ་ནས། འཇིག་རྟེན་ཐམས་ཅད་དུ་མཁས་པ་རྣམས་ཀྱི་ནང་དུ་སྒྲོགས་པར་བྱེད་ཅིང་བཙུན་མོ་འཁོར་དང་སྲས་རྣམས་ལ་ཡང་སྙན ་བསྔགས་བཞིན་དུ་མདོ་རྣམས་བསླབ་ཏུ་བཞུག་སྟེ་དེ་ལྟར་བྱས་ན་ཡང་བསྟོད་པར་བྱེད་པའི་རྒྱལ་པོ་དང་བློན་པོ་རྣམས་ལ་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ།། དགེ ་སྲེང་དེ་ནི་ཚངས་པར་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་ཙམ་དུ་ཟད་དེ། དགེ་སློང་དེ་ཡང་ཕས་པ་འབྱུང་བ་མ་ཡིན་ནོ་ཞེས་ང་ཟེ་རོ།། མིའི་ཆོས་ལ་བླ་མར་གྱུར་པར་བྱེད་པ་མ་ཡིན ་ཏེ། ཚུལ་ཁྲིམས་དང་ལྡན་པ་འདོད་པ་ཉུང་བ་ཅེས་ང་ཟེར་རོ།། དེ་ལྟར་སྟོན་དུ་ཟིན་ཀྱང་རང་གི་དད་པའི་དང་བས་ན་སངས་རྒྱས་ཀྱི་གསུང་རབ ་དང་མཐུན་པར་བྱེད་པའི་དགེ་སློང་ལ་ནི་ཉེས་པ་ཅུང་ཟད་མེད་དེ་ཅེས་ངཟེར་རོ།། གཞན་ཡང་འདི་ན་དགེ་སློང་ལ་ལ་དེ་བཞིན་གཤེགས་པའི་སྙིང་བའི་སྙིང་པོའི་མདོ་ཆེན་པོ་སྟེན་པར ་བྱེད་དོ།། སེམས་ཅན་ཐམས་ཅད་ལ་ནི་སངས་རྒྱས་ཀྱི་ཁམས་དེ་རང་རང་གི་ལུས་ལ་འཆང་སྟེ་སེམས་ཅན་རྣམས་ཀྱི་ཉོན་མོངས་པའི་རྣམ་པ་ཟད་པར་བྱས་ནས་སངས་རྒྱསུ་འགྱུར ་ཏེ། འདོད་ཆེན་པ་ནི་མ་གཏོགས་སོ།། དེ་ལ་རྒྱལ་པོ་འམ་རྒྱལ་པོའི་བློན་པོ་འགའ་ཞིག་འདི་སྐད་ཟེར་ཏེ། དགེ་སློང་སངས་རྒྱས་སུ་འགྱུར་རམ་མི་འགྱུར་སངས་རྒྱས་ཀྱི ་ཁྱོད་ལ་ཡོད་དམ་མེད་ཅེས་ཟེར་བ་ལ་དགེ་སློང་དེ་ན་རེ། ཚེ་དང་ལྡན་པ་བདག་སངས་རྒྱས་སུ་འགྱུར་རམ་མི་འགྱུར་བ་ལྟ་བུ་སུས་ཤེས་མོད་ཀྱིས། འོན་ཀྱང་བདག་གིས་ལུས ་ལ་སངས་རྒྱས་ཀྱི་ཁམས་ནི་ཡོད་དོ་ཞེས་ཟེར་རོ།། དེ་ནས་དགེ་སློང་དེ་ལ་སྨྲས་པ། དགེ་སློང་ཁྱོད་འདོད་ཆེན་པ་ཁོ་ན་མ་ཡིན་ན། བདག་ནི་སངས་རྒྱས་སུ་འགྱུར་རོ་སྙམ་དུ་སོམ ་ཤིག། དེ་ནས་དགེ་སློང་དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ་ཆོས་དེ་ནི་བདག་གི་ལུས་ལ་གོར་མ་ཆགས་པར་ཡོད་དོ།། ཞེས་གལ་ཏེ་དེ་སྐད་ཟེར་ན། དགེ་སློང་དེ་ལ་མིའི་ཆེས ་ལས་བླ་མར་གྱུར་པའི་ཉེས་པ་ཡོད་ཅེས་བྱ་བ་འམ། མེད་ཅེས་བྱ་ཞེ་ན། ཁམས་ཡོད་དུ་ཟིན་ཀྱང་སྦྱིན་པ་དང་། ཚུལ་ཁྲིམས་དང་། ཤེས་པ་དང་། ཆོས་དང་ལྡན་པ་རྣམས ་ལ་ཡོད་པར་ཟད་དོ།། ཞེས་བརྗོད་པར་བྱའོ།། གཞན་ཡང་དགེ་སློང་རབ་ཏུ་བྱུང་བ་ནས་སེམས་པར་བྱེད་དོ།། ཀྱེ་མ་བདག་སངས་རྒྱས་སུ་འགྱུར་རམ། མི་འགྱུར་སྙམ་པའམ། ་བདག་གིས་ནི་སངས་རྒྱས་ཉིད་ཐོབ་པར་འགྱུར་བ་མངོན་ནོ་སྙམ་དུ་སེམས་ན། འབྲས་བུ་ཐོབ་ཏུ་ཟིན་ཀྱང་བསོད་ནམས་མང་དུ་འཕེལ་བར་འགྱུར་རོ།། གལ་ཏེ་དེ་ལྟ་ཡིན་ན་དགེ་སློང ་ཐམས་ཅད་ཀྱང་མིའི་ཆོས་ལས་བླ་མར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། ངས་བསྐལ་པ་བྱེ་བ་ཕྲག་བརྒྱད་པའི་བར་དུ་རུང་བ་མ་ཡིན་པའི་དངོས་པོ་ཡོངས་སུ་འཛིན་པ་སྤངས་ཏེ། ཆོ་ག ་ཤེས་པ་དང་། ཡོ་བྱད་བསྙུངས་པའི་མཆོག་ལ་གནས་ནས། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་སྒོམ་སྟེ་མངོན་པར་རྫོགས་པར་སངས་རྒྱས་ནས། ཆོས་ཀྱི་ཕུང་པོ་འབུམ་སྟོན ་བའི་སངས་རྒྱས་བཅོམ་ལྡན་འདས་སྙིང་རྗེ་ཆེན་པོ་དང་ལྡན་པར་གྱུར་པའི་ཕྱིར་རོ།། ཞེས་ཟེར་བ་དེ་ལྟ་བུ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱའོ།། བདུད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་གྱུར་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། ་བདུད་དང་མཐུན་པར་ཡིན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་ཡིན་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར ་རིག་པར་བྱའོ།། ཕམ་པ་བཞི་ཡང་མེད། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཡང་མེད། སྤང་བའི་ལྟུང་བྱེད་སུམ་ཅུ་ཡང་མེད། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་རྩ་གཅིག་ཀྱང ་མེད། སོ་སོར་བཤགས་པར་བྱ་བ་བཞི་ཡང་མེད། བསླབ་པར་བྱ་བ་མང་པོ་ཡང་མེད། རྩོད་པ་ཞི་བར་བྱེད་པའི་ཆོས་བདུན་ཡང་མེད།། ་ཉེས་བྱས་རྣམས་ཀྱང་མེད། ཉེས་པ་སྦོམ་པོ་རྣམས་ཀྱང་མེད། འཇམ་མེད་པ་དང་འདོད་ཆེན་པོ་ཡང་མེད་དེ། སྔར་སྨོས་པའི་བཞི་རྣམས་མེད་པ་བཞིན་དུ། གལ་ཏེ་འགལ་བར ་བྱས་པས་དགེ་སློང་དག་སེམས་ཅན་དམྱལ་བར་འགྲོ་བར་འགྱུར་ན། དེ་དག་ལ་དེ་ནི་མུ་སྟེགས་ཅན་ཡིན་ནོ།། གང་དག་ལ་དེ་རྣམས་མེད་ན། དེ་ལྟར་ན་ནི་མ་བི་རིས་སུ་འགྲོ་བ་འགྱུ་རོ།། ་བཅོམ་ལྡན་འདས་ཀྱིས་ནི་སྡིག་པའི་ཕྱིར། འདུལ་བ་ལས་བསླབ་པའི་གཞི་རྣམས་བཀའ་སྩལ་ཏོ།། མི་ཚངས་པར་སྤྱོད་པ་རྟེན་པར་འདོད་པ་གང་ཡིན་པ་དེ་དག་ནི། གོས ་མཆོད་ཅན་དང་། ཆོས་གོས་སྤངས་ཏེ། གོས་དཀར་བ་དགོས་ནས། དེ་ལྟ་བུ་བྱས་པའི་འོག་ཏུ་དེ་བདག་ཉིད་ཀྱི་བསམ་པ། བདག་ཉིད་ཀྱིས་ནི་རུང་གི་ཡོན་ཏན་ཆུང་བའི་ཕྱིར། ་མནོག་ཆུང་བའི་འདོད་པ་རྟེན་གྱིས་མེད་དོ།། འོན་ཀྱང་བཅོམ་ལྡན་འདས་བཞུགས་པའི་ཚེ། ཡང་དགེ་སློང་དག་གིས་འདོད་པ་རྣམས་བསྟན་ནས་མཐོ་རིས་དང་ཐར་པ ་ཐོབ་པར་གྱུར་ན། ཅི་བདག་ཆོས་ཉིད་ལ་བཞུགས་པ་ཡིན་ནམ། འདི་ནི་གནས་ལུགས་ཀྱིས་ཡོད་པ་ཁོ་ནའོ་སྙམ་དུ་དེ་ལྟར་སྒོམ་པའི་དགེ་སློང་ནི། ཕམ་པ་འབྱུང་དུ་ཟིན་ཀྱང ་ཐར་པ་ཐོབ་པར་འགྱུར་རོ།། བསླབ་པའི་གཞི་ལྔ་ལས་འགལ་བར་བྱས་པ་དང་། རུང་བ་མ་ཡིན་པ་ཐམས་ཅད་ཡོངས་སུ་བཟུང་བ་ཡང་དེ་དང་འདྲའོ།། དེ་བཞིན་གཤེགས ་བས་ཉེས་བྱས་ཀྱི་ཉེས་པ་བྱུང་བས་ཀྱང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས་ལོ་བརྒྱད་ཁྲིའི་བར་དུ། སེམས་ཅན་དམྱལ་བར་འཆོད་པར་འགྱུར་རོ།། ཞེས་གསུང་མོད་ཀྱི། ་དེ་ཡང་ཉེས་བྱས་པས་ཀྱང་། སུམ་ཅུ་སྡིག་པར་ཟད་དེ། ཕམ་པ་ལས་ནི་གཅིག་གིས་འདའ་བ། ཉེས་པ་སྦོམ་པོའི་སྐོན་གང་ཡིན་པ་དེ་མི་ཟད་པ་མ་ཡིན་ཏེ། འདུལ་བ་འཛིན ་བ་མང་པོ་རྣམས་ཀྱི་རྫུན་སྤྲས་མོད་ཀྱི། དེ་མི་བཙན་ནོ་དེ་བཞིན་གཤེགས་པས་གསུངས་སོ།། ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་། འདུལ་བ་ནི་བདུད་ཀྱིས་སྨྲས་པ་ཡིན་པར ་རིག་པར་བྱའོ།། བསླབ་པའི་གཞི་ཐམས་ཅད་ཀྱི་ནང་ན་ནི། ཉེས་བྱས་བྱུང་བ་ཡིན་ནོ།། དེ་ལྟར་བྱུང་བའི་ཉེས་བྱས་བྱུང་ཟིན་ཀྱང་བདག་ལ་མ་བྱུང་ངོ་།། ཞེས་སྨོན་པར་བྱེད། ་ཉེས་པ་བྱང་བ་རུས་སྦལ་བཞིན་དུ་སྦེད་པར་བྱེད་པ་དེ་ལྟ་བུའི་གང་ཟག་ལ་རྟེན་པར་མི་བྱའོ།། རྫུན་དུ་སྨྲ་བའི་ཆོས་གཅིག་འགལ་བར་བྱས་པའི་སྐྱེས་པོ་འཇིག་རྟེན་ཕ་རོལ་སྤངས ་པས་ནི། མི་བྱ་བ་ཅི་ཡང་མེད་དེ་མི་བྱ་བའི་བག་ཅི་ཡང་མི་རྟེན་པ་མེད་ཅེས་བྱ་བའི་དོན་ཏོ།། སངས་རྒྱས་ཀྱི་བསྟན་པ་ནི་དེ་ལྟར་ཆ་ཕྲ་བ་ཡིན་ནོ། ཉེས་པ་སྦོམ་པོ་མི་སྡོམ ་བར་ལྟ་ག་ལ་མཛད། གལ་ཏེ་དེ་ཙམ་ཡང་སྡོམ་པར་མི་བྱེད་པ་ནི་ཆོག་ཏུ་མ་བསྡམས་པ་ཡིན་ནོ།། ཅི་ཞིག་བཟུང་སྟེ་ཚུལ་ཁྲིམས་བསྲུང་ཞེ་ན། སངས་རྒྱས་ཀྱི་ཁམས ་ཡོད་ལ། གསུང་རབ་ཡན་ལག་དགུའི་ཚུལ་གྱིས། སངས་རྒྱས་སུ་འགྱུར་བའི་རྟོགས་པ་ཅིག་པུས། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་དོ།། ཞེས ་བྱ་བ་དང་། ཤིན་ཏུ་རྒྱས་པ་ལས་བདག་མཆོག་ཡོད་དོ།། ཞེས་སྨྲས་པ་ནི། གསུང་རབ་ཡན་ལག་དགུའི་ཚུལ་གྱིས་མདོ་སྡེ་སྤོང་བ་མ ་ཡིན་ནོ།། གཞན་དུ་ན་ནི་དེ་ལྟར་འགྱུར་རོ།། གསོལ་པ། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་མཆིས་པར་གསུང་རབ་ཡན་ལག་དགུ་ལས་ངེས་པར་བསྟན་ན། ་གང་ཟག་ཏུ་ལྟ་བར་ཇི་ལྟར་མི་འགྱུར་བ་ལགས། བདག་གིས་ཐོས་པ་བཞིན་དུ་ཇི་ལྟར་བཟུང་བར་གྱི། དེ་ལྟར་ན་ནི་མིའི་ཆོས་ལས་བླ་མར་ཡང་འགྱུར་ལགས་སོ།། ཇི་ལྟར་རྒྱ ་མཆེའི་ནང་ན་ཡོན་ཏན་བརྒྱད་དང་ལྡན་པ་སྣ་ཚོགས་མེད་དོ།། ཞེས་སྨྲས་པ་དེ་བཞིན་དུ། གསུང་རབ་ཡན་ལག་དགུ་ལགས་སོ།། ཇི་ལྟར་རྒྱ་མཚོའི་དགུ་ཤིན་ཏུ་རྒྱས་པའི ་ཡེ་ཤེས་ཀྱི་རྒྱ་མཚོ་ཆེན་པོ་ལ། སངས་རྒྱས་ཀྱི་ཁམས་མེད་དོ་ཞེས་ཟེར་བ་ཡང་དེ་དང་འདྲ་སྟེ། སངས་རྒྱས་ཀྱི་གསུངས་འདི་ནི་དེ་དག་གི་ཡུལ་མ་ཡིན་ལ། སངས་ཀྱི ་གསུངས་ནི་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ།། ཞེས་བྱ་བའི་གཏན་ཚིགས་དང་རྟགས་རྣམས་ཀྱི་སྒོ་ནས་ཉན་ཐོས་དང་། རང་སངས་རྒྱས ་ཐམས་ཅད་ཀྱིས་ཡུལ་ཡང་མ་ཡིན་པར་མངོན་ནོ།། ཐེག་པ་ཆེན་པོ་ལས་ནི་བདག་དང་སྲོག་ཅིག་ཡང་མེད་དེ། དེ་བས་ན་སངས་རྒྱས་ནི་དབུ་མའི་ལམ་ཞེས་བྱའོ།། གང་དག ་བདག་གིས་ལུས་ལ་སངས་རྒྱས་ཡོད་དེ། བདག་གིས་སངས་རྒྱས་ཐོབ་པར་འགྱུར་མོད་ཀྱི། ཉོན་མོངས་པ་ཟད་པར་བྱ་དགོས་སོ།། ཞེས་དེ་སྐད་ཟེར་བ་དེ་དག་ནི་ངའི་ཉན ་མིའི་ཆོས་ལ་བླ་མའི་ཉེས་པར་འགྱུར་རམ། ཞེན ་ཐོས་ཡིན་ནོ།། ཅིག་ཤོས་ནི་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པར་འབྱུང་བར་འགྱུར་རོ།། ཞེས་ང་ཟེར་རོ།། ངས་དེ་སྐད་ཅེས་བསྟན་པའི་ཕྱིར་འདི་སྐད་ཅེས་ཟེར་ཏེ། ་བཅོམ་ལྡན་འདས་ཀྱིས་དམ་པའི་ཆོས་ཐོབ་པར་གྱུར་པའི་སངས་རྒྱས་ཀྱི་ས་ནས་གཟིགས་པས་ན། བདག་ཀྱང་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ།། ཞེས་ཟེར་བ ་གང་ཡིན་པ་སྟེ། མིའི་ཆོས་ལས་བླ་མཨཱ་རྱ་ཉེས་པར་འམི་འགྱུར་ཏེ། དེ་ནི་རིམས་ཀྱིས་སངས་རྒྱས་སུ་འགྱུར་རོ།། ཞེས་ང་སླའོ།། དེ་ལྟར་ན་སངས་རྒྱས་ཀྱིས་གསུངས་ནི ་ན་ཕྲ་ཞིང་། ཟབ་པ་ཡིན་ནོ།། གསོལ་བ། འདི་ན་རྒྱལ་པོ་ལ་ལ་ཞིག་སྐད་འདི་སྐད་ཅེས་མཆིས་ཏེ། ཇི་ལྟར་ན་དགེ་སློང་མའི་མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང ་བ་ཞེས་བགྱི། ཞེས་མཆི་བ་ལས་གདབ་པར་འཚལ་ལགས་སོ།། བཀའ་སྩལ་པ། འདི་ན་དགེ་སློང་རྙེད་པ་དང་། བཀུར་སྟིའི་ཕྱིར་རམ། ཟང་ཟིང་གི་ཕྱིར་ཚུལ་འཆོས ་པ་དང་། ཁ་ཟག་བྱེད་པ་ཡོད་དེ། ཇི་ལྟར་བྱས་ན་བདག་བསོད་སྙོམས་པ་ཡིན་པར་གཞན་དག་གིས་ཤེས་པར་འགྱུར་ཞིག་གུ། དེ་ལྟར་བྱས་པ་དང་རྙེད་པ་ཐོབ་པར་འགྱུར་རོ་སྙམ ་སྟེ། བསྔགས་པ་འདོད་པ་རྨོངས་པའི་རང་བཞིན་ཅན་དུ་གྱུར་པས། བདག་གིས་འབྲས་བུ་ཐོབ་པར་གཞན་གྱིས་ཤེས་པར་བྱའོ།། བདག་རྒྱུན་ཏུ་ཞུགས་པར་བྱའོ།། ལན་ཅིག ་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་ཡིན་པར་གཞན་དག་གིས་ཤེས་པར་བྱའོ།། དགེ་བསྙེན་མདུན་ན་ཁེད་པ་རྣམས་ཀྱང་། སྐྱེ་བོ་ཐམས་ཅད་ཀྱིས་བདག་དེ ་ལྟ་བུ་ཡིན་པར་ཤེས་པར་འགྱུར་བའི་ཚིག་སྨྲར་གཞུག་གོ།། སྙམ་ནས། ཆོས་ཐོབ་པར་བྱའ་བའི་ཕྱིར་མ་ཡིན་པར་ཡིད་ལ་དེ་བྱེད་པ་དེ ་ལྟ་བུ་རྙེད་པ་དང་། བཀུར་སྟི་དང་། བླ་མའི་མཆོད་པ་དང་། ཕྱག་བྱ་བ་དང་། ཟང་ཟིང་གི་ཕྱིར་དགྲ་བཅོམ་པ་འདྲ་བར་ཕན་ཚུན་ལྟ་བར་ཐབས་དང་། མིག་འཛུམ་པ་དང་། ་འགྲོས་རྣམས་ཆོས་པར་བྱེད་ཅིང་། ཆོས་གོས་དང་། སྣམ་སྦྱར་དང་། ལྷུང་བཟེད་རྣམས་འཆང་ལ། མལ་ཆ་དང་། སྟན་གསར་བའི་སྟེང་ན་འདུག་པ་དང་། སྐྱེ་བོ་དག ་གིས་བདག་དགེ་སློང་བཟང་པོ།། དགེ་སློང་དཀའ་ཐུབ་ཅན་ཡིན་ནོ།། ཞེས་བརྗོད་པར་འགྱུར་བར་བྱའོ།། འོན་ཀྱང་བདག་འཁོར་དང་སློབ་མ་དག་དང་ལྡན་པར་འགྱུར་རོ།། ་དེ་ནས་སྡེ་ཚན་བཅས་དང་། བཟའ་བ་དང་། བཅའ་བ་དང་། ལྡག་པ་དང་། བཏུང་བའི་ཡོ་བྱད་རྣམས་རྙེད་པར་འགྱུར་རོ།། བུད་མེད་རྣམས་ཀྱིས་ཀྱང་བཀུར་བ་འགྱུར་རོ།། ་སྙམ་པའི་སེམས་ཀྱི་རྟོག་པས། ནང་མི་དང་། གཡོག་འཁོར་རྣམས་ལ་ཤེས་པར་བྱེད་དེ། དེ་ལྟ་བུར་འཆབ་པའི་དགེ་སློང་ངམ་དགེ་སློང་མ་ནི། མིའི་ཆོས་ལས་བླ་མར ་གྱུར་པའི་ཉེས་པ་བྱུང་བ་ཡིན་ནོ་ཞེས་ང་ཟེར་རོ།། གཞན་ཡང་འདི་ནི་དགེ་སློང་ལ་ལ་དམ་པའི་ཆོས་འབྱུང་བར་བྱའོ།། སྙམ་པའི་སེམས་ཀྱི་མལ་ཆ་དང་སྟན་གསར་པ་ལ ་འདུག་ཅིང་། སྐྱེ་བོ་ཐམས་ཅད་ཀྱིས་སྐྱེ་མ་དགེ་སློང་འདི་ནི་དགེ་སློང་དགེ་བ་བཟང་པོ་ཞིག་གོ་སྙམ་དུ། བདག་དགྲ་བཅོམ་པ་འདྲ་བར་ཤེས་པར་བྱའོ།། བདག་དེ་ལྟ་བུ་ཡིན ་ཡིན་པར་ཤེས་པས། དགེ་སློང་མང་པོ་དག་བདག་གིས་འཁོར་དུ་འགྱུར་ལ། འདི་ལས་ཕྱི་རོལ་པ་དག་ཀྱང་དགེ་བསྙེན་དུ་འགྱུར་རོ།། ཚུལ་ཁྲིམས་འཆལ་པ་རྣམས ་ཀྱང་ཞུམ་པར་འགྱུར་རོ།། དེས་བདག་གིས་དམ་པའི་ཆོས་ཀྱང་འབྱུང་བར་བྱའོ།། དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཀྱང་བསྟན་པར་བྱའོ།། ཤིན་ཏུ་རྒྱས་པའི་མདོ་སྡེ ་རྣམས་ཀྱང་བསྒྲགས་པར་བྱའོ།། སེམས་ཅན་ཐམས་ཅད་ཀྱང་ངེས་པར་བསྒྲལ་བར་བྱའོ།། འདུལ་བ་དང་འདུལ་བ་མ་ཡིན་པར་བྱེ་བྲག་ཀྱང་ཕྱེ་བར་བྱའོ།། བདག་ལ ་སངས་རྒྱས་སུ་འགྱུར་བའི་ས་བོན་དེ་བཞིན་གཤེགས་པའི་སྙིང་པོ་ཞེས་བྱ་བ་ཡོད་དེ། བདག་གིས་སངས་རྒྱས་ཐོབ་པར་འགྱུར་རོ།། བདག་གིས་ཉོན་མོངས་པའི ་རྣམ་པ་རྣམས་གཞོམས་པར་བྱའོ།། དགེ་བསྙེན་ཁྱེད་རྣམས་ལ་ཡང་སངས་རྒྱས་ཀྱི་ཁམས་ཡོད་དེ། བདག་ཅག་ཀུན་ཀྱང་སངས་རྒྱས་སུ་འགྱུར་ཞིང་། དེ་བཞིན ་གཤེགས་པའི་ས་ཐོབ་པར་འགྱུར་རོ།། ཉོན་མོངས་པའི་རྣམ་པ་རྣམས་ཟད་པར་བྱའོ་སྙམ་དུ་སེམས་པ་དེ་ལྟ་བུ་ནི། དམ་པའི་ཆོས་ཀྱིས་རྟོགས་པའི་སྒོ་ནས། བྱང་ཆུབ ་སེམས་དཔའ་ཡིན་ཏེ། མིའི་ཆོས་ལས་བླ་མར་གྱུར་པའི་ཉེས་པ་བྱུང་བ་མ་ཡིན་ནོ།། ཞེས་ང་ཟེར་རོ།། ཉེས་བྱས་ཀྱི་ཉེས་པ་བྱང་བས་ཀྱང་། སུམ་ཅུ་རྩ་གསུམ ་བའི་ས་ལྷ་རྣམས་ཀྱི་ལོ་གྲངས་པས་ཀྱི་ལོ་གྲངས་པས་ཀྱང་ལྷག་པར་ལོ་བརྒྱད་ཁྲིའི་བར་དུ་སེམས་ཅན་དམྱལ་བར་འཆོད་པར་འགྱུར་ན། ཉེས་པ་སྦོམ་པོ་ལྟ་ཅི་སྨོས ་ཏེ། ཐེག་པ་ཆེན་པོ་འདི་ལ་ནི་ཉེས་པ་སྦོམ་པོའི་ཉེས་པ་འབྱུང་བ་དང་། བསྟེན་པར་མི་བྱའོ།། ཉེས་པ་སྦོམ་པོ་ཞེས་བྱ་བ་ནི།། བཅོམ་ལྡན ་འདས་ཀྱིས་མཆོད་རྟེན་སྲུང་བའི་ཕྱིར། གཞན་གྱིས་ཡོངས་སུ་བཟུང་བ་ལས་མེ་ཏོག་གི་འཕྲེང་བ་བཏགས་པ་དེ་རྙིང་ནས། སྲད་བུ་དགོས་པའི་ཕྱིར་སྙིང་ནས་ལེན་པར ་བྱེད་དེ། དགེ་སློང་རྣམས་ལ་མཛེས་ནས་དགེ་སློང་རྣམས་ལ་མ་འགྲོས་པར་དགེ་སློང་གིས་བླངས་ན། ཉེས་པ་སྦོམ་པོའི་ཉེས་པ་ཅན་དུ་འགྱུར་རོ།། གལ་ཏེ་འདི་ལྟ་ཞིག་གིས་ཅིར ་ཡང་མི་འགྱུར་རོ།། སྙམ་དུ་འཛིན་ཏེ་ལེན་པར་བྱེད་ན་ཡང་། དེ་ལྟ་བུ་དག་དང་བསྟེན་པར་མི་བྱའོ།། རྐུ་བའི་སེམས་ཀྱིས་མཆོད་རྟེན་གཤིག་ན་ཡང་ཉེས་པ་སྦོམ་པོའི་ཉེས་པ་ཅན ་དུ་འགྱུར་ཏེ། འདི་ལྟ་བུའི་ངག་དང་བསྟེན་པར་མི་བྱའོ།། འདི་ན་ཁྱིམ་བདག་གམ། བློན་པོ་ལ་ལ་ཞིག་གིས། གལ་ཏེ་ཆོས་ཀྱི་བསམ་པས་སྐུ་གདུང་ལ་བཀུར་སྟི་བྱ་བའི།། ་པ་དག་དགོས་པའི་ཕྱིར། མཆོད་རྟེན་རྙིང་པ་གཤིག་སྟེ་བླང་ནས། ཁྱིམ་བདག་གམ། བློན་པོ་དེས་མཆོད་པ་ལས་གསེར་དངུལ་ཞིག་བྱུང་ན། དེ་དགེ་སློང་འགའ་ཞིག་གིས ་ལག་ཏུ་གཏད་པ་ལས་དགེ་སློང་དེས་དེ་བླངས་ཏེ། བདག་གིས་ནོར་བུ་བྱས་ལ་བརྩོད་པར་བྱེད་དེ། དགེ་སློང་དེ་དག་ལེགས་པ་མ་ཡིན་ནོ།། དགེ་སློབ་སྙེན་དེ་དག་ནི་ཆོས་ལ་གནས ་པ་ཡིན་ནོ།། དགེ་བསྙེན་དེ་དག་ནི་ཆོས་ཡིད་བསྟན་དུ་མི་རུང་སྟེ་སྟོན་པར་མི་བྱའོ།། མ་ནིང་ཡིན་པར་ཤེས་པར་བྱའོ།། མཚན་ཉིད་པ་ཡིན་པར་ཤེས་པར་བྱའོ།། མཚན་ཉིད ་པ་ཞེས་བྱ་བ་ནི། གང་ན་མཚན་གཉིས་ཀྱི་ཡོད་པས་ཏེ། གང་གི་ཚེ་སྐྱེས་པའི་འདོད་ཆགས་སྐྱེས་པ་དེའི་ཚེ་ནི་བུད་མེད་དང་འདོད་པ་སྤྱོད་པར་བྱེད་ལ། གང་གི་ཚེ་བུད་མེད་ཀྱི་འདོད་ཆགས ་སྐྱེས་པའི་ཚེ་ནི། སྐྱེས་པ་དང་འདོད་ཆགས་སྨོད་པར་བྱེད་དོ།། དེ་བས་ན་མཚན་གཉིས་པ་ཞེས་བྱའོ།། དེ་དང་ཡང་རྟེན་པར་མི་བྱའོ།། དེ་ལྟར་དེ་ལྟ་བུ་དག་དང་། ཡང་རྟེན་པར་ཡང ་བྱ་ན། བསླབས་པའི་གཞི་ལྔའི་ཉེས་པ་བྱེད་པ་དེ་དག་ལ་རྟེན་དུ་ག་ལ་རུང་།། །། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པའི་མདོ།། ་བམ་པོ་བདུན་པ།། ་དགེ་སློང་རྣམས་ཀྱིས་ནི་ཐོག་མར་དགེ་སློང་གི་ཆོས་ཀྱི་གྲོག་སྦུར་རྣམས་ལའང་། སྙིང་རྗེ་བྱའོ།། དགེ་སློང་གི་ཆོས་ཀྱི་ཆང་གི་དྲི་བྲོ་བའི་བཏུང་བ་ཡང་སྤང་བར་བྱའོ།། དགེ་སྦྱོང་གི་ཆོས་ཀྱི ་རྨི་ལམ་དུ་ཡང་བརྫུན་དུ་སྨྲ་བའི་སེམས་བསྐྱེད་པར་མི་བྱའོ།། དགེ་སློང་གི་ཆོས་ཀྱི་རྨི་ལམ་དུ་ཡང་བུད་མེད་དང་ཕྲད་པའི་སེམས་བསྐྱེད་པར་མི་བྱའོ།། གསོལ་པ་ཅི་ལགས། རྨི་ལམ་དུ ་བུད་མེད་དང་ཕྲད་པར་གྱུར་ན། མི་ཚངས་པར་སྤྱོད་པའི་ནོངས་པར་འགྱུར་ལགས་སམ། བཀའ་སྩལ་པ། མི་འགྱུར་ཏེ། གལ་ཏེ་བློ་གྲོས་དང་། དྲན་པ་དང་ལྡན་པ། འདོད་པ་དྲིང ་བདག་ལ་ཚངས་པར་སྤྱོད་པའི་སེམས་མི་བསྐྱེད་ན། དེ་ནི་ཉོན་མོངས་པ་ནི་བུད་མེད་ཀྱི་གཏམ་སྨྲས་པས། རྟོག་པ་ཡང་དག་པར་ཆད་པའི་ཕྱིར་སེམས་བསྐྱེད་མི་སྲིད་དོ།། རྨི་ལམ་དུ་ཕྲད ་པར་གྱུར་ན། ཡང་ནད་པར་སད་པ་ན། མུ་གེ་བྱུང་བའི་ཚེ་དགེ་སློང་གི་རང་གི་བུའི་ཤ་ཟོས་ཟོས་པ་བཞིན་དུ་འགྱུར་བར་འགྱུར་ན། དེ་ལ་གཙང་པོ་སྐམ ་པའི་བྲེ་ག་ལ་འབྱུང་། གལ་ཏེ་སེམས་སྐྱེས་ན་ཡང་བྱིར་བཞིལ་བར་བྱའོ།། ཞེས་ཟེར་བ་དེ་ལྟ་བུའི་ཆོས་གོས་ཀྱི་སྒོ་ནི་སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་དང་འདུལ་བ་ཡིན་པར་རིག་པར ་བྱའོ།། བདད་ཀྱིས་སྨྲས་པའི་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། བདུད་དང་མཐུན་པར་ཡིན་པར་བྱའོ་སྟེ། སངས་རྒྱས་ཀྱིས་གསུངས་པའི ་མདོ་སྡེ་དང་། འདུལ་བ་ཚད་མར་བྱེད་པ་དེ་དག་ནི། བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། དཔའ་བོའི་འདུག་སྟངས་དང་། སྨྲ་བར་འདུག་པ་དང་། ག་ཡང་སར་འཚོང་བ ་དང་། དུག་ཟ་བ་དང་། བསྙུང་བར་འདུག་པ་དང་། བདག་ཉིད་འཆིང་བར་བྱེད་པ་དང་། བདག་ཉིད་གསོལ་བར་བྱེད་པ་དང་། ཞེ་ནོམ་བྱེད་དུ་འཇུག་པ་དང་། རིགས་སྔགས ་དང་། གསང་སྔགས་དང་། ཟློས་པ་དང་། བཀྲུན་པའི་ལས་བྱས་པར་བཅོམ་ལྡན་འདས་ཀྱིས་གནང་ངོ་།། གདོལ་པའི་བུ་དང་། མ་ནིང་དང་། མཚན་གཉིས་པ་དང་། ཡན་ལག ་ཉམས་པ་ཐམས་ཅད་རབ་ཏུ་འབྱུང་བར་བཅོམ་ལྡན་འདས་ཀྱིས་གནང་ངོ་།། དེ་བཞིན་གཤེགས་པས་ནི་ངའི་བཅུད་རྣམས་ལྔ་དང་། སྦྲང་རྩི་དང་། འབྲུ་མར་ལ་སོགས་པ་དང་། ་ཟབ་དར་དང་། དུང་དང་། ལྷམ་དང་། འབྲུ་ལ་སོགས་པ་སྤངས་ཏེ། ཤིང་དོ་ཅོག་ལ་སྲོག་དང་། འདུ་ཤེས་ཡོད་པར་གཟིགས་ནས་ཡོངས་སུ་མྱ་ངན་ལས་འདསོ།། ཞེས་ཟེར་བ་དེ ་ལྟ་བུའི་བདུད་ཀྱིས་སྨྲས་པའི་བདེ་སྡེ་དང་། འདུལ་བ་ཡིན་པར་རིག་པར་བྱ་སྟེ། དཔའ་བོའི་འདུག་སྟངས་ཀྱི་གནས་པ་དང་། འཇོག་པ་ལ་སོགས་པ་ཆེས་ཀྱི་བྱ་བ་ནི་མ་གཏོགས་སོ།། ་དུག་ཟ་བ་དང་། མེར་འཚོང་བ་དང་། བསྙུང་བར་འདུག་པ་དང་། ག་ཡང་སར་འཚོང་པ་དང་། བདག་ཉིད་འཆིང་བར་བྱེད་པར་དང་། བདག་ཉིད་གསོད་པར་བྱེད་པ་དང་། ཞེ་ནོམ ་བྱེད་དུ་འཇུག་པ་དང་། རིག་སྔགས་བཟློག་པ་དང་། བསྐྲུན་པའི་ལས་བྱེད་པ་རྣམས་ནི་ངས་མ་གནང་ངོ་།། བའི་བཅུད་རྣམ་ལྔ་དང་། སྦྲང་རྩི་དང་། འབྲུ་མར་ལ་སོགས་པ་དང་། ་ཟ་བ་དང་དང་། དུང་དང་། ལྷམ་དང་འབྲུ་དེ་ལ་སོགས་པ་ལ་ཤའི་འདུ་ཤེས་མེད་པས་དང་། ཤིང་ཐམས་ཅད་ལ་སྲོག་མེད་པའི་འདུ་ཤེས་དང་། སེམས་དཔའ་མེད་པའི་འདུ་ཤེས་མེད ་བ་ངས་གནང་ངོ་།། གཞན་དུ་ལྟ་བ་གང་ཡིན་པ་དེ་དག་ནི། མུ་སྟེགས་ཅན་གྱི་ཉན་ཐོས་ཡིན་ནོ།། ངའི་བཀའ་བཞིན་དུ་བྱེད་པ་དེ་དག་ནི་ངའི་ཉན་ཐོས་ཡིན་ཞེས་ང་ཟེར་རོ།། ཁམས་བཞི་ལ ་ནི་སྲོག་དང་འདུ་ཤེས་ཡོད་ཅེས་ང་མི་ཟེར་རོ།། ཞེས་ཟེར་བ་དེ་ལྟ་བུའི་མདོ་སྡེ་དང་འདུལ་བ་ནི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་རིག་པར་བྱའོ།། བདུད་ཀྱི་སྨྲས་པའི་མདོ་སྡེ་དང་འདུལ ་བ་ཚད་མར་བྱེད་པའི་སེམས་ཅན་གང་ཡིན་པ་དེ་དག་ནི་བདུད་དང་མཐུན་པར་རིག་པར་བྱའོ།། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་དང་འདུལ་བ་ཚད་མར་བྱེད་པ་གང་ཡིན་པ་དེ་དག་ནི།། ་བྱང་ཆུབ་སེམས་དཔའ་ཡིན་པར་རིག་པར་བྱའོ།། རིགས་ཀྱི་བུ་འདི་ནི་ངས་བདུད་ཀྱི་སྨྲས་པ་དང་། སངས་རྒྱས་ཀྱི་གསུངས་བྱེ་བྲག་རྒས་པར་བསྟན་པ་ཡིན་ནོ།། གསོལ་པ། བཅོམ ་ལྡན་འདས་བདག་ནི་དེང་གདོད་སངས་རྒྱས་ཀྱི་བཀའ་ལ་ཞུགས་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ།། རིགས་ཀྱི་ཁྱོད་ལེགས་ཏེ། ་མཁས་པས་ནི་དེ་ལྟར་བྱ་དགོས་སོ།། ཡང་བཀའ་སྩལ་པ། རིགས་ཀྱི་བུ་འདི་ནི་སྡུག་བསྔལ་ལོ་ཞེས་བྱ་བ་ནི། འཕགས་པ་རྣམས་ཀྱི་བདེན་པའོ་ཞེས་མི་བྱ་སྟེ། སྡུག་བསྔལ་དེ་ཡང ་གང་ཞེ་ན། སྡུག་བསྔལ་ཞེས་བྱ་བ་ནི། བ་ལང་དང་། བོང་བུ་ལ་སོགས་པ་དང་། སེམས་ཅདན་དམྱལ་བ་པ་རྣམས་ལ་ཡོད་དོ།། གལ་ཏེ་སྡུག་བསྔལ་དེ་བདེན་པ་ཡིན་དུ་ཟིན་ན། དེ ་རྣམས་ཀྱི་ཡང་བདེན་པ་ཡིན་པར་འགྱུར་རོ།། སྡུག་བསྔལ་ཞེས་བྱ་བ་འདི་ནི། ཀྱེ་མ་སྡུག་བསྔལ་ཤེས་པ་ཞེས་བྱ་བ་ལ་དེ་བཞིན་གཤེགས་པ་རྟག་པའོ།། ཆོས་ཀྱི་སྐུ་ཡིན་ཏེ། ཤའི་སྐུ ་མ་ཡིན་ནོ་ཞེས་དེ་བཞིན་གཤེགས་པའི་ཆེ་བ་ཉིད་ཤེས་པ་ནི། སྡུག་བསྔལ་ཤེས་པའོ།། དེ་མ་ཐོབ་ཀྱི་བར་དུ་སེམས་ཅན་རྣམས་ཀྱིས་ཆོས་མ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་ཡོངས་སུ ་རྟགས་ནས། འཁོར་ལེ་ཤིན་ཏུ་སྡུག་བསྔལ་བའི་གནས་སུ་ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་ནས་ངན་འགྲོར་འགྲོ་བར་འགྱུར་རོ།། གང་གི་ཚེ་དེ་བཞིན་གཤེགས་པ་རྟག་པར་ཤེས ་པ་དེའི་ཚེ་ནི། ཡི་གེ་འབྲུ་གཉིས་པོ་ཇི་ལྟ་བུར་ཤེས་ཀྱང་རུང་སྟེ། བདེ་འགྲོར་འགྲེར་བར་འགྱུར་རོ།། དེ་ནས་ཐར་པ་ཡང་ཐོབ་པར་འགྱུར་རོ།། དེས་ན་འདི་ནི་རྫུ་འཕྲུལ་གྱི་བདེན་པ་ཡིན ་ནོ་སྙམ་དུ་རང་གིས་རྟོགས་པར་འགྱུར་ཏེ། དེ་བཞིན་གཤེགས་པ་རྟག་ཅེས་བྱ་བ་ཐོས་པ་ཙམ་གྱིས་རྒྱུ་དེས་བདག་འདིར་འོངས་སོ།། དེ་བཞིན་གཤེགས་པ་རྟག་པར་མ་ཤེས་ཀྱི་བར ་དུ་ནི། ཡུན་དེ་སྲིད་ཀྱི་བར་དུ་སྡུག་བསྔལ་གྱི་བར་དུ་བདག་སྡུག་བསྔལ་རྣམས་ཀྱི་ནང་དུ་འཁོར་རོ།། ང་ནི་སྡུག་བསྔལ་ཤེས་སོ་ཞེས་བྱ་བ་འདི་ནི་བདེན་པ་ཡིན་ནོ།། གཞན་དག་གི་སྡུག ་བསྔལ་ཀུན་འབྱུང་བའོ་ཞེས་བྱ་བའི་ཆོས་ཀྱི་དེ་ཁོ་ན་ཉིད་མ་ཤེས་ནས། ཆོས་ལ་གོལ་ཕྱིར་བྲན་དང་བྲན་མོ་ལ་སོགས་པ་རྫས་ངན་པ་དུ་མ་ལེན་པར་བྱེད་ཅིང་ཆོས་མ་ཡིན་པ་ལ་ཆོས་མ་ཡིན ་ནོ་སྙམ་དུ་འཛིན་ཏེ། དམ་པའི་ཆོས་ནུབ་པར་བྱེད་ཅིང་དམ་པའི་མི་ཆོས་མི་སྣང་བར་འབྱེད་པར་འགྱུར་ཏེ། དམ་པའི་ཆོས་གནས་པར་བྱ་བའི་ཐབས་མི་ཤེས་པས་ཇི་ལྟར་འཛིན་ཏེ། ་དམ་པའི་རེས་འཇིག་པར་འགྱུར་རོ།། ཞེས་བྱ་བ་མེད་དོ་སྙམ་ནས་དེ་འབྲས་བུ་འཁོར་བའི་སྡུག་བསྔལ་རྣམས་ཀྱི་ནང་དུ་ཡོངས་སུ་འཁྱམ་མོ།། དེ་ནས་མཐོ་རིས་དང་ཐར་པའི་རྒྱུར་འགྱུརརོ།། ་མཐོ་རིས་དང་ཐར་པ་ཐོབ་པ་སྡུག་བསྔལ་ཀུན་འབྱུང་བའི་དེ་ཁོ་ན་ཉིད་བདག་གིས་མ་ཤེས་པས། དམ་པའི་ཆོས་འཇིག་པའི་རྒྱར་འགྱུར་ཏེ། ཉེས་པར་སྨྲ་བའི་ཡུན་འདི་སྲིད་ཀྱི་བར ་དུ་ཉོན་མོངས་པར་འགྱུར་ཏོ་སྙམ་དུ་ཤེས་པ་འདི་ནི། སྡུག་བསྔལ་ཀུན་འབྱུང་བ་ཤེས་པ་ཞེས་བྱའོ།། བཞིན་དག་གིས་ནི་དེ་མ་ཡིན་ནོ།། འདི་ནི་སྡུག་བསྔལ་འགོག་པ་ཞེས་བྱ་བ་ལ་སྨོང་པ་ཉིད་སྐོས་པ་ནི ་གཞན་སྟོང་པ་ཉིད་སྒོམ་པ་ཐམས་ཅད་ཟད་པ། དེ་བཞིན་གཤེགས་པའི་སྙིང་པོ་མེད་པར་བྱེད་པ་དེ་ལྟ་བུ་མ་ཡིན་ཏེ། སྡུག་བསྔལ་འགོག་པ་ནི། ཡ་མཚན་ཅན་ཐམས་ཅད་ལ་ཡང་དོན་དང་། ་འགལ་བའི་སྟོང་པ་ཉིད་ཡོད་དེ། དེ་རྣམས་ཀྱིས་ཀྱང་སྡུག་བསྔལ་འགོག་པ་ཞེས་བྱ་བར་འགྱུར་རོ།། སེམས་ཅན་ཐམས་ཅད་ལ་ནི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ།། དེ་ནི ་གསལ་བར་མི་མངོན་ནོ།། གང་གི་ཚེ་ཉོན་མོངས་པ་ཟད་དེ། དེ་བཞིན་གཤེགས་པའི་སྙིང་པོ་ལ་ལ་འཇུག་པ་ཁྱེད་ཀྱི་མཐོང་བར་འགྱུར་རོ།། ་གང་གི་ཚེ་སེམས་ཅིག་བསྐྱེད་པའི་ལས་ཀྱི་འབྲས་བུའི། བདག་གིས་ཆོས་ཀྱིས་དབང་ཕྱུག་རྟག་པ་དང་། བདེ་བ་ཐོབ་པོ་སྙམ་དུ་ཁྱོད་ཀྱིས་ཤེས་པར་འགྱུར་བ་དེ་ནི། སྡུག་བསྔལ་འགོག ་བསྒོམ་པར་བྱ་བ་ལ་སྒོམ་པོ་ཡིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་བདག་མེད་པར་སྒོམ་ཞིང་། གཏན་ཏུ་སྟོང་པ་ཉིད་སྒོམ་པས་ནི། སྡུག་བསྔལ་རྣམས་མ་འགགས་པར་ཕྱེ་མ་ལེབ ་མར་མེའི་ནང་དུ་སོང་བ་བཞིན་དུ་འགྱུར་རོ།། དེ་ལྟ་མ་ཡིན་པར་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་སྒོམ་པའི། སེམས་ཅན་རྣམས་ནི། ཉོན་མོངས་པ་རྣམས་ཡོད་བཞིན་དུ་ཉོན་མོངས ་བའི་རྣམ་པ་འགོག་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོའི་རྐྱེན་གྱི་ཕྱིར་ཏེ། དེ་ཤེས་པ་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བཀའ་ལས་སྡུག་བསྔལ ་འགོག་པའི་ཚིག་བདེན་པ་ཞེས་བྱའོ།། བཞིན་ནི་སྒོམ་པ་མ་ཡིན་པ་ལ་སྒོམ་པའོ།། འདི་ནི་སྡུག་བསྔལ་འགོག་པར་འགྱུར་བའི་ལམ་ཞེས་བྱའོ།། དེ་བཞིན་གཤེགས་པ་དང་། ་ཆོས་དང་། དགེ་འདུན་དང་། ཐར་པ་རྣམས་ཏེ། འདི་རྣམས་ལ་ཕྱིན་ཅི་ལོག་བཞིས་ཕྱིན་ཅི་ལོག་ཏུ། རྒྱར་བའི་དངོས་པོ་ནི་ཐར་པའོ།། ཐར་པ་ལ་ནི་ཅི་ཡང་མེད་དོ།། སྙམ་པ ་དེ་ནི་འདི་ལྟར་སྒྱུ་མར་འདུག་སྟེ། འཁོར་བའི་སྡུག་བསྔལ་གྱི་ནང་དུ་ཡོངས་སུ་འཁྱམས་པ་ཡིན་ལ། སྒོམ་ཉེས་པ་དེའི་འབྲས་བུ་ནས། ཡུན་རིང་པོར་སྡུག་བསྔལ་ཉམས་སུ་མྱོང་བར ་འགྱུར་རོ།། དེ་ནི་དེ་བཞིན་གཤེགས་པ་དང་། ཆོས་དང་། དགེ་འདུན་དང་། ཐར་པ་རྣམ་པ་རྣམས་རྟག་པ་དང་། བརྟན་པ་དང་། ཐེར་གཟུག་པ་དང་། འཇིགས་པར་མི་འགྱུར ་བར་སེམས་ཅིག་སྐེད་པའི་འབྲས་བུས། དབང་ཕྱུག་རྟག་པའི་འབྲས་བུ་ཐོབ་པོ།། ཕྱིན་ཅི་ལོག་བཞི་པོ་སྡུག་བསྔལ་བ་དང་བདག་མེད་པ་དང་། མི་གཙང་བ་རྣམས་ཆོས་མ ་ཡིན་པ་ལ་ཆོས་ཡིན་ནོ་སྙམ་དུ་འཛིན་པཱར། ལྟ་བ་དེན་པའི་འབྲས་བུ་མྱོང་བ་འདི་ནི། སྡུག་བསྔལ་འགོག་པར་འགྱུར་བའི་ལམ་ཞེས་བྱའོ།། གཞི་གསུམ་རྟག་པར་སྒོམས་པ་བསྒྲུབ ་པའི་ཕྱིར། མི་རྟག་པ་སྒོམ་པ་གང་ཡིན་པ་དེ་དག་ནི། མི་བདེན་པ་སྨྲས་པ་སྒོམ་པ་ལ་སྒོམ་པ་ཡིན་ནོ།། དེ་ལྟར་རྟག་པ་སྒོམ་པ་གང་ཡིན་པ་དེ་དག་ནི། ངའི་ཉན་ཐོས་ཡིན་ཏེ། ་འཕགས་པའི་བདེན་པ་བཞི་ཤེས་པའོ་ཞེས་ཟེར་རོ།། འདི་རྣམ་ནི་འཕགས་པའི་བདེན་པ་བཞི་ཡིན་པར་གསོལ། བཅོམ་ལྡན་འཕགས་པའི་བདེན་པ་བཞི་ལམ་འདིའི་ཚུལ་གྱིས ་སྒོམ་པར་བགྱིད་པ། བདག་གིས་ད་བཟོད་རྟོག་ལགས་སོ།། བཀའ་སྩལ་པ་སྡུག་བསྔལ་ལ་བདེ་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། བདེ་བ་ལ་སྡུག་བསྔལ་བར་འདུ ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ་དེ་བཞིན་གཤེགས་པ་མི་རྟག་ཅེས་བྱ་བ་དེ་ནི། སྡིག་པ་དང་སྡུག་བསྔལ་ཡིན་ནོ། དེ་བཞིན་གཤེགས་པ་ལ་བུད་ཤིང་ཟད་པའི་མེ་བཞིན་དུ ་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་བྱ་བ་དེ་ནི། སྡིག་པ་དང་། སྡུག་བསྔལ་མ་ཡིན་པ་ཞེས་བདག་ཉིད་སྒོམ་པར་བྱེད་པ་དང་། དེ་བཞིན་གཤེགས་པ་མི་རྟག་གོ་ཞེས་སྒོམ་ན། ་གང་ཟག་ཏུ་ལྟ་བར་འགྱུར་དུ་འོང་ངོ་སྙམ་ནས། སྒོམ་པ་འདི་ནི་སྡུག་བསྔལ་བའི།། སྙམ་པ་ནི་བདེན་པར་འདུ་ཤེས་པ་རྣམས་ཀྱི་ཕྱིན་ཅི་ལོག ་ཡིན་ཏེ། འདི་ནི་ཕྱིན་ཅི་ལོག་དང་པོའོ་མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། རྟག་པ་ལ་མི་རྟག་པར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ་གཏན་དུ ་སྟོང་པ་ཉིད་སྒོམས་ནས། མི་ཚེ་ཐུང་བར་འགྱུར་སྙམས་ནས། དེའི་ཚེ་མི་རྟག་པ་ཉིད་ལ་སྟོང་པ་ཉིད་མ་ཡིན་སྒོམ་ན། སྒོམས་པ་དེའི་འབྲས་བུས་ཆི་རིང་བར་འགྱུར་རོ།། སྙམ ་པ་དེ་ཡང་བྱིན་ཅི་ལོག་ཡིན་ཏེ་འདི་ཕྱིན་ཅི་ལོག་གཉིས་པའོ།། བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། བདག་ཡོད་པ་ལ་བདག་མེད་པར་འདུ་ཤེས་པ་ཕྱིན ་ཅི་ལོག་ཡིན་ནོ།། དེ་ལ་འཇིག་རྟེན་པ་རྣམས་ལ་བདག་ཡོད་ཅེས་ཏེ། འཇིག་རྟེན་པ་བཞིན་དུ་སངས་རྒྱས་ཀྱིས་གསུངས་པ་ཡང་བདག་ཡོད་པ་མ་ཡིན་ཏེ། དེ་བཞིན་གཤེགས ་བའི་སྙིང་པོའི་མིང་ཡང་མེད་དོ།། ཞེས་བདག་མེད་པ་སྒོམ་པ་འདི་ནི་ཕྱིན་ཅི་ལོག་གསུམ་པའོ།། མི་གཙང་བ་ལ་མི་གཙང་བར་འདུ་ཤེས་པ་ནི་ཕྱིན་ཅི་ལོག་ཡིན་ནོ།། དེ་ལ་དེ་བཞིན ་གཤེག་པ་རྟག་ཏེ་ཤའི་སྐུ་མ་ཡིན་པ་ལ། ཤའི་སྐུ་ཡིན་ཏེ། ཤ་དང་ཁྲག་དང་རྒྱུས་པས་འབྲེལ་བ་ཡིན་ནོ།། མི་གཙང་བའོ།། ཆོས་དང་དགེ་འདུན་གཉིས་ཀྱང་ཐར་པ་ཐོབ་ནས ་མི་སྣང་བར་འགྱུར་རོ་སྙམ་པ་ནི། གཙང་བ་ལ་མི་གཙང་བར་ཕྱིན་ཅི་ལོག་པ་ཡིན།། བདག་གི་ལུས་ཐམས་ཅད་ནི་མི་གཙང་བ་ཡིན་ཏེ། གཙང་བ་ཅི་ཡང་མེད་ན། བདག་གི་ལུས ་ནི་གཙང་ངོ་།། སྙམ་དུ་སྒོམས་པ་ནི། མི་གཙང་བ་ལ་གཙང་ངོ་སྙམ་དུ་འཛིན་པ་ཡིན་ནོ།། བདག་ཀྱང་གང་ན་ཅི་ཡང་མེད་པ་དེར་འགྲོ་སྙམ་པ་ནི། གཙང་བ་ལ་མི་གཙང་སྙམ ་དུ་སྒོམས་པ་རྨོངས་པར་བྱེད་པའི་ཆོས་ཡིན་ཏེ། འདི་ནི་ཕྱིར་ཅི་ལོག་བཞི་པ་ཡིན་པར་རིག་པར་བྱའོ།། གསོལ་པ། བཅོམ་ལྡན་འདས་བདག་ནི་ད་ཟོད་ཡང་དག་པའི་ལྟ་བ་ཅན ་དུ་གྱུར། འདི་སྲིད་ཀྱི་བར་དུ་ལོག་པར་ལྟ་བར་གྱུར་ལགས་སོ།། བཅོམ་ལྡན་འདས་ཅི་ལགས། སྲིད་པ་ཉི་ཤུ་རྩ་ལྔ་བདག་མཆིས་ཞེས་བགྱིའམ། མ་མཆིས་ཞེས་བགྱི། བཀའ ་བསྩལ་པ། བདག་ཉིད་ལ་ཡིན་བཞིན་དུ་སེམས་ཅན་རྣམས་ཀྱིས་མཐོང་བར་མི་འགྱུར་རོ།། འདི་ལྟ་སྟེ་དཔེར་ན། གྲོང་ཁྱེར་ཆེན་པོ་ཞིག་ན་དབུལ་པོའི་ཁྱིམ་ཞིག་ན། གསེར ་གྱི་གཏེར་ཟད་མི་ཤེས་པ་ཡོད་ལ། དེ་ན་བུད་མེད་དབུལ་མོ་ཞིག་འདུག་པ་དེས་ཀྱང་བདག་གི་ཁྱིམ་གྱི་སའི་འོག་ན་གཏེར་ཡོད་པར་མི་ཤེས་ཏེ། དེར་ཐབས་དང་ལྡན་པའི་མི ་ཞིག་གིས་བུད་མེད་དེ་ལ་སྨྲས་པ། སྲུ་ཚུར་ཤོག་བདག་གི་ཁྱིམ་ལ་སླ་བྱིན་གྱིས། བདག་གི་ཞིང་ལས་བྱེད་དུ་སོང་ཤིག་ཅེས་པ་དང་། དེས་དེ་ལ་སྨྲས་པ། ཇོ་བོ་བདག ་མི་མཆིའོ།། གལ་ཏེ་ཁྱོད་ཀྱིས་བདག་གི་བུ་ལ་གཏེར་སྟོན་ན་ནི་བདག་མཆི་བར་འཚལ་ལོ།། ཞེས་མ་ཐད་པས་གྲུབ་པའི་ཚིག་སྨྲ་བ་དང་། དེས་དེ་ལ་སྨྲས་པ། སྲུ་བདག ་གི་བུ་ཁྱོད་ལས་སྐྱེས་མ་ཐག་སྟེ། བདག་གི་རིན་པོ་ཆེ་དང་། གསེར་གྱི་གཏེར་མི་ཤེས་པ་སྦྱིན་པར་བྱའོ།། དེས་དེ་ལ་སྨྲས་པ་ཁྱོད་ཀྱིས་གང་ལ་སྦྱིན་ཏེ། བདག་ལ་ཐོབ ་རྩམ་པར་བྱའོ།། དེ་ནས་དེ་ལ་སྨྲས་པ། ཁྱོད་ཉིད་ཀྱི་ཁྱིམ་ན་གཏེར་ཡོད་མོད་ཀྱི། ཁྱོད་བདག་ཀྱང་མི་ཤེས་ན། གཞན་གྱིས་ལྟ་ཤེས་པ ་ག་ལ་ནུས། དེ་ནས་དེ་དག་གིས་ཐོབ་པར་འཚལ་ལོ་ཞེས། དེས་དེ་ལ་གསོལ་བ་འདེབས་སོ།། དེ་ནས་དེས་ཁྱིམ་དེའི་ནང་ནས་གཏེར་བརྒོད་པ་ནས་དེ་ཉིད་ལ་བྱིན་ནོ།། ་དེ་ནས་དེས་དེ་མཐོང་ངོ་མཚར་དུ་གྱུར་ཏེ། དེ་ལ་སྐབས་སུ་སོང་བ་དེ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་སེམས་ཅན་ཐམས་ཅད་ལ་ཡོད་པ་མཐོང་བར ་མི་ནུས་པ་ཙམ་དུ་ཟད་དེ། བུད་མེད་དབུལ་མོ་དེ་ཉིད་ལ་གཏེར་ཡོད་པ་དང་འདྲའོ།། རིགས་ཀྱི་བུ་ངས་སེམས་ཅན་ཐམས་ཅད་ལ། དེ་བཞིན་གཤེགས་པའི་སྙིང་པོའི་ཡོད། ་བ་ཡང་ཉོན་མོངས་པའི་རྣམ་པས་སེམས་ཅན་རྣམས་ཀྱིས་མི་ཤེས་ཤིང་མ་མཐོང་ནས། དེ་དག་ལ་དེ་བཞིན་གཤེགས་པས་བསྟན་ཏེ། གང་དེ་དག་གུས་ནས་དེ་བཞིན ་གཤེགས་པ་ཉིད་ནི་ཐབས་དང་ལྡན་པའི་མི་དེ་དང་འདྲ་བས་བལྟ་བར་བགྱི་དའོ།། སེམས་ཅན་ཐམས་ཅད་ནི་བུད་མེད་དབུལ་མོ་དང་འདྲ་བར་ལྟ་བར་བགྱིའོ།། བཀའ ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན། བུད་མེད་དང་ལྡན་པའི་མི་དེ་དང་འདྲ་བས་བལྟ་བར་བགྱིའོ།། སེམས་ཅན་ཐམས་ཅད་ནི་བུད་མེད་དབུལ་མོ་དང་འདྲ་བར ་ལྟ་བར་བགྱིའོ།། བཀའ་སྩལ་པ། རིགས་ཀྱི་བུ་གཞན་ཡང་དཔེར་ན། བུད་མེད་ཅིག་ཡོད་ལ་དེའི་བུ་ཤིན་ཏུ་རུང་བ་ནད་པ་ཞིག་ཡོད་དོ།། དེའི་སྐབས་སུ་བུད་མེད ་དེས་སྨན་པ་བཀུག་ནས། སྨན་པ་དེས་བྱིས་དེ་ཁ་ར་དང་སྦྱར་བའི་སྨན་མར་བླུད་ནས་དེའི་མ་ལ་བསྒོ་བ། ཆེ་ཞེས་ཁྱོད་ཀྱི་སྨན་མར་མ་ཞུ་བའི་བར་དུ་བྱིས་པ་རུ་མ ་གླུད་ཅིག་ཅེས་བྱས་ནས། བུད་མེད་དེས་དེ་རུར་མི་ཞུགས་པར་བྱ་བའི་ཕྱིར། བདག་གི་ན་མ་གཉིས་མིན་པའི་ལོ་མ་གཏགས་པ་དགའ་དེ་དགུས་བཀུས་ནས་རང ་གི་བུ་ལ་ཡང་འདི་སྐད་ཅེས་བསྒོ་སྟེ། བུ་ཅིག་ངའི་ནུ་མ་དུག་གྲི་བཀུས་ཀྱིས། བུ་ཁྱོད་མ་རུ་ཤིག་ཅེས་བྱས་སོ།། དེ་ནས་ཁྱེའུ་དེ་སྐོམ་སྟེ་ནུ་མ་རུའོ།། སྙམ་དུ་བསམས ་ན་ཡང་། ནུ་མ་རུབ་པའི་ལོ་མའི་དྲིའི་བྲོ་ནས་དུས་དེ་ཆོ་ག་མཐར་མ་བྱིན་གྱི་བར་དུ་རང་སྦེད་དོ།། དེ་ནས་ཆོ་ག་ཟིན་ནས་བུད་མེད་དེས་རང་གི་ནུ་མ་གཉིས་ཆུས་བསྒྲེས་ནས་བུ ་དེ་ལ་སྦས་པ། ཁྱེའུ་གཅིག་ད་ནི་ནུ་མ་ནུས་ཤིག་ཅེས་བྱས་ནས་ཁྱེའུ་དེས་དུག་ཡོད་སྙམ་དུ་ནས། ནུ་མ་ནུ་མ་གཏུབ་ནས་ངུ་ཞིང་འདུག་སྟེ་ལྟ་ཡང་མི་ལྟའོ།། དེ་ནས ་ཡང་སྦས་པ། སྔར་ནི་ཁྱོད་ཀྱི་སྨན་མར་དེ་མ་ཞུ་བ་ཐོགས་ཏེ། ནུ་མ་ནུ་ར་མི་བཞུགས་པའི་ཕྱིར་ངས་ནུ་མ་ནུས་སོ།། མིན་པའི་ལོ་མའི་ལྡི་གུས་བསྐུས་ཏེ། ཁྱོད་ལ་གནོད ་པར་འགྱུར་ཞིང་ཤིར་དོགས་ནས་ནུར་མ་བཅུག་པ་ཡིན་གྱིས། ད་ནི་ནུས་ཤིག་ཅེས་བྱས་ནུར་བཅུག་སྟེ། དེ་ནས་ཀྱང་ལ་ནས་ནུ་མ་ནུས་སོ།། རིགས་ཀྱི་བུ་དེ་བཞིན་དུ་ངས་ཀྱང ་སྔར་ནི་འདུལ་བར་བྱ་བའི་དབང་གི་བྱིས་པའི་སླན་མར་ཞུ་བར་བྱ་བ་བཞིན་ནོ།། དགེ་སློང་རྣམས་ཀྱིས་འཇིག་རྟེན་པའི་ལྟ་བ་གཞོམ་པར་བྱ་བའི་ཕྱིར་དང་། འཇིག་རྟེན་ལས། ་འདས་པའི་ཆེ་བ་ཉིད་ཡང་དག་པའི་ཕྱིར་དང་། འཇིག་རྟེན་པ་བདག་གི་དེ་ཁོ་ན་ཉིད་བརྫུན་པར་ཡང་དག་པར་བསྟན་པའི་ཕྱིར་དང་། བདག། ་མེད་པར་སྒོམས་པས་ལུས་རྣམ་པར་དག་པར་བྱ་བའི་ཕྱིར་དགེ་སློང་དག་ཆོས་ཐམས་ཅད་བདག་མེད་པ་སྒོམས་ཤིག། དེ་ལྟར་སྒོམས་དང་། ངར་འཛིན་པ་སྤོང་བར་འགྱུར་རོ།། ་ངར་འཛིན་པ་ཡོངས་སུ་སྤངས་ན། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ།། ཞེས་བྱ་སྟེ། ཇི་ལྟར་བྱིས་པའི་མས་རང་གི་ནུ་མ་མིན་པའི་ལོ་མའི་འདི་དགུ་བསྐུས་པ་དེ་བཞིན ་དུ་ངས་ཀྱང་ཆོས་ཐམས་ཅད་བདག་མེད་པ་སྟོང་པ་ཉིད་དུ་སྒོམས་ཤིག་ཅེས་བྱས་སོ།། ཇི་ལྟར་བྱིས་པའི་མ་དེས་ཕྱིས་རང་གི་ནུ་མ་སྨྲས་ཏེ། བུ་ལ་སྨྲས་པ་སྔ་རེ་ནི་ཁྱོད་ཀྱི ་སྨན་མར་ཞུ་བར་བྱ་བའི་ཕྱིར་ནུ་མ་ནུར་མ་བཅུག་གིས། ད་ནི་ནུས་ཅིག་ཅེས་ཟེར་བ་དེ་བཞིན་དུ། ངས་ཀྱང་འཇིག་རྟེན་པའི་ཆོས་སྦྱར་བའི་ཕྱིར་དེ་སྐད་ཅེས་བསྟན་ཏོ་བདག ་མེད་དོ་ཞེས་བྱས་ནས་དེ་ནི་ང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་གྱིས། དགེ་སློང་དག་བྱིས་པ་སྐྲག་པར་ཇི་ལྟར་བྱིས་པ་དེས་བརྟགས་ནས་ཕྱིར་ཡང་མའི ་ནུ་མ་ནུ་བར་བྱེད་པ་དེ་བཞིན་དུ། དགེ་སློང་དག་ཁྱེད་ཀྱིས་ཀྱང་བདག་ཅག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་སྙམ་དུ་རྟགས་ནས་བསྒོམ་པ་ལ་བརྩོན་པར ་གྱིས་ཤིག་དང་། ང་བསྟན་ཏོ།། གསོལ་པ། འདི་ན་བྱིས་པ་བཙས་མ་ཐག་ཏུ་ཤེས་པ་མ་མཆིས་པ་ནི་གསལ་བར་འགྱུར་བ་མི་སྲིད་ལགས་སོ།། གལ་ཏེ ་བདག་མཆིས་ན་ནི་ཤེས་པ་དང་། བློ་གྲོས་དང་། ཡང་ལྡན་པར་རིགས་སོ།། གལ་ཏེ་ཤེས་པ་ཞན་པ་ལགས་ན་ནི་གསལ་བར་འགྱུར་བ་ཡང་མི་རིགས་པས་ན་བདག ་ནི་བདག་མ་མཆིས་ཤེས་མཆིས་ལགས་སོ།། དེ་ཅིའི་ཕྱིར་ཞེ་ན། བདག་རྟག་པ་ལགས་ན། སྐེས་སླན་ཆད་འགྲམ་པར་མི་རིགས་ལགས་སོ།། གལ་ཏེ་དེ་བཞིན་གཤྱེ ་པའི་ཁམས་རྟག་པ་ལགས་ན། ཐ་དད་པའི་བྱེ་བྲག་ཀྱང་སྡང་སྟེ། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་དང་། གདོལ་པ་དང་། ་དུད་འགྲོའི་སྐེ་གནས་སུ་གྱུར་པའི་ལས་ཀྱི་བྱེ་བྲག་རྣམས་ལས། སྐྱེ་བའི་བྱེ་བྲག་ཐ་དད་པ་དག་ཀྱང་སྣང་ལགས་སོ།། གལ་ཏེ་བདག་མཆིས་ན་བྱེ་བྲག་མ་མཆིས་པའི ་བདག་ཉིད་མཉམ་པ་ཉིད་ལགས་ཏེ། དེ་ལྟ་ན་དེ་ལ་ཁམས་མ་མཚོས་ལགས་སོ།། གལ་ཏེ་ཁམས་མཆིས་ན་བསོད་པ་དང་ཕ་རོལ་ཏུ་ནོར་རྐུ་བ་དང་། འཁྲིག་པ ་ལ་སོགས་པའི་མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ལས་ཅིའི་སླད་དུ་འཇུག་ལགས། ཆང་འཐུང་བས་ཅིའི་སླད་དུ་ར་རོ་བར་འགྱུར་ལགས། གལ་ཏེ་སེམས་ཅན ་གྱི་ཁམས་རྟག་པར་ལགས་ན། དེ་ལྟ་ན་འོན་ཏེ་པ་རྣམས་ཀྱང་རྣ་བས་ཐོས་པའི་རིགས། ལོང་བ་རྣམས་མཐོང་བའི་རིགས། ལྷག་པ་རྣམས་ཀྱང་སྨྲས་མཁས་པར ་འགྱུར་བའི་ལྕགས་སོ།། གལ་ཏེ་བདག་སེམས་ཅན་གྱི་ཁམས་དེ་རྟག་པ་ལགས་ན། བད་ཀན་དང་། ནུར་ནུར་པོ་དང་། སྔོན་པོ་དང་། སེར་པོའི་ཚོགས་རྣམས་བདག་གི ་ནང་ན་གནས་ལགས། བདག་དེ་ཡང་དེ་རྣམས་ཀྱིས་གོ་སྐབས་གང་ན་གནས་ལགས་སམ། གལ་ཏེ་དེ་ལྟ་ན་ནི་མི་གཡུལ་གྱིས་མཆིས ་པའོ་སྣ་བ་དང་། སྣ་བཅད་ན་བདག་དེའི་ཡང་སྙིང་ལག་ཉམས་པར་འགྱུར་བ་འམ། ལག་རྡུམ་དུ་འགྱུར་བའི་རིགས་ལགས་སོ།། བཀའ་སྩལ་པ། རིག་ཀྱི་བུ་དཔེར་ན། རྒྱལ་པོ ་ལ་ལ་ཐིག་གི་གྱད་ཀྱི་ཕུལ་བའི་སྨིན་མཚམས་སུ་རིན་པོ་ཆེ་རྡོ་རྗེ་བརྟགས་པ་ལས། གྱང་དེ་གྱང་གཞན་ཞིག་དང་སྟོབས་འགྱེད་དེ། དེ་གཉིས་ལུག་བཞིན་དུ་འགྱེད་པ་ལས། གྱད་ཅིག ་ཤོས་ཀྱི་མགོ་བོས་བརྡུངས་ཏེ། གྱད་དེའི་དཔྲལ་བ་སྣང་བར་བྱས་ནས། སྨིན་མཚམས་ཀྱི་རྒྱན་གྱི་རིལ་གྱིས་ནང་དུ་ནུབ་པར་བྱས་ནས། གྱད་དེས་མ་ཚོར་ཏེ་བདག་གིས་རྡོ་རྗེ་གར་བཞག ་ཞིག་གུ་སྙམ་སྟེ། དེས་སྨོན་པ་བཀུག་ནས་རྨ་ཁ་མཚོགས་སུ་བཅུག་གོ།། སྨན་པ་དེ་ཡང་ཐབས་མཁས་ཤིང་ཡིད་རྣོ་བ་ཞིག་སྟེ། རྨ་འདི་ནི་ནོར་བུ་དེ་ལས་གྱུར་ཏོ་སྙམ་དུ་ཤེས་ནས། རྡོ་རྗེ ་འདི་དཔྲལ་བའི་ནང་དུ་ནུབ་ཅིང་འདུག་གོ།། སྙམ་ཏེ་དེས་གྱད་དེ་ལ་ཀྱེ་མི་ཁྱོད་ཀྱི་ནོར་བུ་དེ་གར་སོང་ཞེས་བྲིས་པ་དང་། དེས་སྨན་པ་དེ་ལ་སྨྲས་པ། ཀྱེ་མ་སྨིན་མཚམས་ཀྱི་རྒྱན་རྡོ་རྗེ་དེ་སྟོར ་བ་གོར་མ་ཆག་གོ།། ཀྱཻ་ཧུད་བདག་གིས་གབ་ཚེའི་ནང་དུ་བཅུག་གམ། གར་བཅུག་མི་ཤེས་ཏེ། སྐམ་བུའི་ནང་དུ་བཙལ་ན་ཡང་མ་རྙེད་དོ།། ཀྱི་ཧུད་ཕུང་གིས་མེད་དོ།། ཆུའི་བུ་ནྱ་བུར ་བཞིན་དུ་མེད་པར་གྱུར་ན། ཅི་སྒྱུ་མ་ལྟ་བུར་གྱུར་ཏམ་ཞེས་ཟེར་རོ།། དེ་ནས་དེ་ལ་སྨན་པས་གསོལ་པ། ཀྱེ་མ་ཁྱོད་དེ་ལྟར་མྱ་ངན་མ་བྱེད་ཅིག། ཁྱོད་ཀྱི་རྡོ་རྗེ་དེ་ནི་རྨའི་ནང་དུ་ནུབ་ནས། ་ཤ་དང་ཁྲག་དང་རྣག་གི་ནང་ན་འབར་ཞིང་འདུག་ཏེ། ཁྱོད་སྟོབས་འགྱེད་པ་ལ་ཡིད་ཁྲེལ་ནས་མ་ཚོར་བར་ཟད་དོ།། ཞེས་སྨན་པ་དེས་དེ་སྐད་བྱས་ཀྱང་ཡིད་མི་ཆེས་ཏེ། འོ་ན་རྣག་ཁྲག་དང་བཅས ་ཏེ་ཅི་སྟེ་ཕྱིར་མི་འབྱུང་། ཡང་ན་ཆུ་བ་ལ་ཐོགས་ཏེ་འདུག་གམ། ཁྱོད་དེ་སྐད་དུ་མ་སྤ་ཤིག། ཅེས་སྨན་པ་ལ་དེ་སྐད་སྨྲས་སོ།། དེ་ནས་སྨན་པ་དེས་རྡོ་རྗེ་དེ་ཕྱུང་ནས་དེ་ལ་བསྟན་ཏེ། དེས་མཐོང་ནས ་ངོ་མཚར་དུ་གྱུར་པ་དེ་བཞིན་དུ། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་མོད་ཀྱི། སེམས་ཅན་རྣམས་ཀྱིས་དེ་མ་ཤེས་ཏེ། མི་དགེ་བའི་གྲོགས་པོ་ལ་རྟེན་པའི་ཉེས་པ་དང ་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གིས་ནོན་པས། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་ཡི་དགས་དང་ལྷ་མ་ཡིན་དང་། གདོལ་པ་པ་དང་། བྲམ་ཟེ་དང་། རྒྱལ ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་སུ་སྐྱེ་བར་འགྱུར་རོ།། བདག་གིས་ཉེས་པའི་སྟོབས་དང་། འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་མི་ཤེས་པས། ་སེམས་ཅན་རྣམས་གླེན་པ་དང་། འོན་པ་དང་། ལོང་བ་དང་། ལག་རྔམ་པ་དང་། གཞོགས་སྐམས་དང་། དྲི་མ་སྣ་ཚོགས་ཀྱི་གོས་པ་དང་། མིག་སེར་བ་དང་། སྲན་སྡེའུའི ་མདོག་ལྟར་འདུག་པ་དང་། མེ་ཏོག་ཀུ་རན་ཏ་ཀའི་མདོག་ལྟར་འདུག་པ་དང་། མིག་དམར་སིར་དུ་འདུག་པ་དང་། སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་རྣམ་པ་སྣ་ཚོགས་སུ་འགྱུར་རོ།། ཇི་ལྟར ་གྱད་དེ་རང་གི་ལུས་ལ་རྡོ་རྗེ་འདུག་འདུ་ཤེས་ཉམས་པས་སྟོར་བའི་འདུ་ཤེས་སུ་རྟོག་པ་དེ་བཞིན་དུ། སེམས་ཅན་འཇིག་རྟེན་བདག་གི་དེ་ཁོ་ན་ཉིད་མ་རྟོགས་པར་བྱེད་དོ།། མི་དགེ་བའི ་@##། གྲོགས་པོའི་དབང་དུ་གྱུར་པ་གང་བ་དང་། དགོངས་པའི་ཚིག་སུ་མི་ཤེས་པས། བདག་ཡོད་བཞིན་དུ་བདག་མེད་པ་སྒོམ་པར་བྱེད་དོ།། བདག་མེད་པ་མི ་སྒོམ་པ་རྣམས་ནི། འཇིག་རྟེན་པའི་བདག་སྒོམ་པར་བྱེད་དོ།། ཇི་ལྟར་འཇིག་རྟེན་པའི་བདག་ཡོད་དོ།། ཞེས་བདག་གི་དེ་ཁོ་ན་ཉིད་མ་བརྟགས་པ་བཞིན་དུ་འཇིག་རྟེན་ལས་འདས་པའི ་ཡང་དེ་དང་འདྲ་སྟེ། མི་དགེ་བའི་གྲོགས་པོ་ལ་རྟེན་པ་དང་། དགོངས་པའི་ཚིག་གིས་མཐའ་མི་ཤེས་པས། བདག་མེད་དོ་བདག་མེད་དོ་ཞེས་སྒོམ་བཞིན་དུ། བདག་མེད་པའི་དེ་ཁོ ་ན་ཉིད་མི་ཤེས་ཏེ། བདག་ག་ལ་ཡོད་གང་ན་གནས། ཅི་རྫས་མའི་ནང་ན་འདུག་པ་ལྟ་བུ་ཞིག་གམ་འོན་ཏེ་རླན་ལྟ་བུ་ཁྱབ་པར་འདུག་གམ། གྱད་རྨོངས་པའི་སྨིན་མཚམས་ཀྱི་རྒྱན་ལྟ ་བུར་འདུག་གམ་སྙམ་པ་ལ་སྨྲས་པ་བཞིན་དུ། དེ་བཞིན་གཤེགས་པས་དེ་དག་ལ་འདི་སྐད་དུ། བདག་ནི་ཐམས་ཅད་དུ་གནས་པ་ཡིན་ལ། རིན་པོ་ཆེ་རྡོ་རྗེ་ལྟར་འོད་གསལ་ཞིང་ཉོན་མོངས ་པའི་བསྒྲིབས་པ་ཡིན་ནོ་ཞེས་བཀའ་སྩལ་པ་ལ། སེམས་ཅན་རྣམས་ཡིད་ཆེས་པར་འགྱུར་ལ། ཉོན་མོངས་པ་ཟད་པར་བྱ་དགོས་པ་ཙམ་དུ་ཟད་དེ། དེ་ནས་རྡོ་རྗེ་བཞིན་དུ་དེ་བཞིན ་གཤེགས་པའི་སྙིང་པོ་མཐོང་བར་འགྱུར་རོ།། རིགས་ཀྱི་བུ་དེ་ལྟར་ན་དེ་བཞིན་གཤེགས་པའི་སྙིང་པོ་དཔག་ཏུ་མེད་དོ།། གཞན་ཡང་རིགས་ཀྱི་བུ་དཔེར་ན། གངས་ཀྱི་རི་ལ་བཅུད་ཀྱི ་ཁམས་བུད་པའི་བཅུད་ཅེས་བྱ་ཞིག་ཡོད་དོ།། དེ་ཤིང་གལ་བའི་ནགས་གཏུགས་པོས་གཟིངས་ཤིང་། འདུག་ཀྱང་དེ་དྲི་གསུང་གིས་མངོན་ཏེ། སྔོན་འཁོར་ལོས་བསྒྱུར་བའི ་རྒྱལ་པོ་ཞིག་གིས་དེའི་དོན་དུ་ངོས་སོ་ས་ནས་ཝ་བཙུགས་ནས། བཅུད་ཀྱི་ཁམས་དེ་ལས། ཝ་ལ་ལ་ཁ་ནས་ཁུ་བ་སྦྱར་བ་འབྱུང་། ལ་ལའི་ཁ་ནས་ནི་ལན་ཚའི་རོ་བྱུང་བ་ལ་ལའི། ་ཁ་ནས་ནི་དང་རབ་འབྱུང་། ལ་ལའི་ཁ་ནས་ནི་རོ་ཚ་བ་འབྱུང་ལ། ལ་ལའི་ཁ་ནས་ཁ་བ་འབྱུང་། ལ་ལའི་ཁ་ནས་བསྐ་བ་འབྱུང་། བཅུད་ཀྱི་ཁམས་དེ་ནགས་ཀྱི་ནད་ནམ་མཁའ་ལ ་ལྡིང་ངོ་།། བཅུད་རོ་གཅིག་པོ་དེ་ལས་རོ་ཐ་དད་པ་རྣམས་པ་སྣ་ཚོགས་འབྱུང་ལ། རེ་དེ་དག་ཀྱང་ཕན་ཚུན་འདྲེ་བར་མི་འགྱུར་ཏེ། བཅུད་ཀྱི་ཁམས་དེ་ཡང་ཟླ་བའི་དཀྱིལ་འཁོར་བཞིན་དུ། ་ཡོངསུ་ཁྱབ་པར་འདུག། དེ་དེ་ལྟར་འདུག་ཀྱང་སེམས་ཅན་གཞན་དག་གི་ནི། ཤིང་གེལ་བ་ནགས་དེའི་ནང་དུ་ཞུགས་ཏེ། གཞོར་དག་གིས་བརྐོས་ཀྱང་སེམས་ཅན་བླ་རྙེད་པ་རྣམས་ཀྱིས ་ཐོབ་པར་འགྱུར་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོས་ནི། བསོད་ནམས་ཀྱི་མཐུས་ཐོབ་པར་ངེས་པར་འགྱུར་བ་དེ་བཞིན་དུ་རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་བཅུད་ཀྱི ་ཁམས་དང་འདྲ་ལ། ཉོན་མོངས་པའི་རྣམ་པས་བསྒྲིབས་ཤིང་འདུག་སྟེ། སངས་རྒྱ་སུ་འགྱུར་བའི་རྒྱུའི་རི་གཅིག་ཏུ་ཟིན་ཀྱང་། དེ་ལས་སེམས་ཅན་རྣམས་ཀྱི་ལས་ཀྱི་རྣམས་པར་སྨིན ་པས་རོ་མང་པོར་འགྱུར་ཏེ། སྐྱེས་པ་དང་བུད་མེད་དང་མ་ནི་ང་རྣམས་འབྱུང་བར་འགྱུར་རོ།། དེ་བཞིན་གཤེགས་པའི་ཁམས་དེ་ནི་སྐྱེས་བུའི་རང་བཞིན་ཡིན་ཏེ་དེ་བས་ན་སྲོག་གཅད་པས ་སྲོག་གཅད་པས་སྲོག་གཅད་པས་སྲོག་ཆགས་བསད་པར་མི་འགྱུ་རོ།། གལ་ཏེ་སྲོག་ཆགས་བསད་པར་གྱུར་ན་ནི། འཚོ་བ་པོ་གཏན་མེད་བྱས་པར་འགྱུར་ལ། འཚོ་བ་པོ་གཏན་མེད་པར ་འགྱུར་བ་ནི་མི་སྲིད་དོ།། དེ་ལ་འཚོ་བ་པོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཡིན་ལ། ཁམས་དེ་ནི་བཞིག་པ། བསད་པ་འམ། གཏན ་མེད་པར་བྱས་ནུས་ལ་སངས་རྒྱས་ཉིད་མ་ཐོབ་ཀྱི་བར་དུ་ཤིན་ཏུ་རྣམ་པར་དག་པ་མཐོང་བར་མི་ནུས་སོ།། དེ་བས་ན་སྲོག་ཆགས་གསོད་པའི་མི་མེད་དོ།། གསོལ་པ། མ་མཆིས་ཤིང ་ཞེས་བགྱིར་མི་རུང་སྟེ། གལ་ཏེ་མ་མཆིས་སུ་ཟིན་ལགས་ན། སྲོག་ཆགས་བཀུམ་པས་སྡིག་པར་མི་འགྱུར་བའི་རིགས་ལགས་སོ།། བཀའ་སྩལ་པ། ཡོ་དོ་ཞེས་བརྗོད་པར་མི ་བྱ་སྟེ། ཇི་ལྟར་ཞེ་ན་ཕྱི་རོལ་གྱི་གསགས་པའི་ཁམས་ཤིང་གེལ་བ་དེ་དག་དང་འདྲ་བ་དེ་བསད་པ་ལ་སྲོག་གཅོད་པ་ཞེས་བྱ་སྟེ་ཇི་ལྟར་ཞེ་ན། དེ་བས་ན་སྲོག་གཅད་པས་དེའི་སྡིག་པའི ་ཚོགས་ཀྱིས་ངན་འགྲོར་འགྲོ་བར་འགྱུར་ལ། ལས་ངན་པའི་རྣམ་པར་སྨིན་པས་བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུའི་རིགས་དང་། དམངས་རིགས་དང་། གདོལ་པའི ་དང་། བྱ་དང་རི་དགས་དང་། མཚན་ཐ་དད་པ་གསུམ་གྱིས་མིང་དང་། བློ་ཐ་དད་པ་གསུམ་གྱིས་མིང་དང་། སྲིད་པ་ཉི་ཤུ་རྩ་ལྔ་དག་ཏུ་སེམས་ཅན་རྣམས་ཉིད་མཚམས་སྦྱོར ་བར་འགྱུར་རོ།། འཇིག་རྟེན་པ་རྣམས་ཀྱིས་བདག་ནི། ལྡུམ་བུ་ཤ་མ་ཀའི་འབྲས་བུ་ཅན་དང་། འབྲས་ཀྱི་འབྲུ་ཙམ་དང་། མཐིའོ་ཙམ་ཞེས་བྱ་བ་ལ་སོགས་པར་རྟོགས་ཏེ། མི་བདེན ་བ་ཡིན་ནོ།། འཇིག་རྟེན་པའི་འདས་པའི་རྟོག་པ་ནི། སངས་རྒྱས་ཀྱི་ཁམས་ཡོད་པར་རྟོགས་པ་གང་ཡིན་པ་སྟེ། དོན་དམ་པའི་བདེན་པའི་རྟོགས་པ་ཡིན་ནོ།། རིགས་ཀྱི་བུ་གཞན ་ཡང་དཔེར་ན། གཏེར་གྱི་བྱུང་ཁུངས་ཀྱི་དཔྱད་ཤེས་པའི་མིས། གཞོར་རམ་རྐོ་བའི་དཔྱད་གཞན་དག་གིས་གཏེར་བརྐོས་ན། རྡོ་དང་གསེག་མ་ཐམས་ཅད་ནི། ཕྱེ་མར་ཀློག་པར་ནས ་ལ། རྡོ་རྗེ་ནི་ནམ་ཀྱང་ཅུང་ཟད་ཀྱང་ཆོད་པར་མི་ནུས་ཏེ། མཚོན་ཆ་ཐམས་ཅད་ཀྱིས་ཀྱང་རྡོ་རྗེ་རིན་པོ་ཆེ་མཆོད་པར་མི་འགྱུར་བ་དེ་བཞིན་དུ། རིགས་ཀྱི་བུ་དེ་བཞིན་གཤེགས་པའི ་སྙིང་པོ་སྐྱེ་བོའི་བདག་ཉིད་ལྷ་དང་བདུད་བྱེ་བ་སྙེད་ཀྱིས་ཀྱང་མཚོན་ཆ་ཐམས་ཅད་བསད་པར་མི་ནུས་ལ། བརྩེགས་པའི་ཁམས་ནི་རྡོ་དང་གསེག་མ་གཞན་དུ་ཕྱེ་མར་ཀློག ་ནུས་སོ།། དེ་བཞིན་གཤེགས་པའི་སྙིང་པོའི་འཚེ་བ་ནི་པོ་ནི། རྡོ་རྗེ་རིན་པོ་ཆེ་དང་འདྲ་སྟེ། དེ་བས་ན་མི་རྣམས་ཀྱི་སྲོག་བཅད་པས་འཚོ་བ་འཇིག་པར་འགྱུར་ཏེ། དེའི་ཕྱིར་བསགས ་པའི་ཁམས་བཞིག་པས་སྲོག་ཆགས་བསད་པར་འགྱུར་རོ།། རིགས་ཀྱི་བུ་དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ཤིན་ཏུ་རྒྱས་པ་ནི་མཆོག་ཏུ་ཕྲ་བ་སྟེ། བདུད་རྩིའི་མཆོག་ཀྱང་ཡིནོ།། ་དུང་གི་མཆོག་ཀྱང་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཅི་ལས་དགོངས་ཏེ། ཤིན་ཏུ་རྒྱས་པ་ནི་བདུད་རྩིའི་མཆོག་ཀྱང་ལགས། དུག་གི་མེ་ཚིག་ཀྱང་ལགས་ཞེས ་བཀའ་སྩལ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད་དགོངས་པའི་ཚིགས་འདི་ཤེས་པར་འདོད་དམ། གསོལ་པ། བཅོམ་ལྡན་འདས་དགོངས་པའི་གསུང་གི་མཆོག ་ཤེས་པར་འཚལ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགསུ་བཅད་པ་འདི་དག་བཀའ་སྩལ་ཏོ།། ཁ་ཅིག་བདུད་རྩིའི་འཐུངས་པས་འཚ་མི་འགྱུར། ཁ་ཅིག ་གིས་ནི་འཐུངས་ན་འཆི་བར་འགྱུར། ཁ་ཅིག་དུག་འཐུངས་པས་ཀྱང་འཆི་མི་འགྱུར། ཁ་ཅིག་གིས་ནི་འཐུངས་ན་འཆི་བར་འགྱུར།། ཐེག་པ་ཆེན་པོ་འདི་ལ། ་ནི།། ཆགས་མེད་ཡེ་ཤེས་བདུད་རྩི་ཡིན།། མཚུངས་པ་མེད་པའི་ཡེ་ཤེས་མཆོག། དེ་ཉིད་དུག་ཡིན་ཞེས་ཀྱང་བསྟན།། ཞུ་བའི་འོག་ཏུ་ཟ་བ་ལ།། མར་གྱི་སྙིང་ཁུ་སྦྲང་རྩི་དང་། ཁ་ར ་རྣམས་ནི་བདུད་རྩི་ཡིན།། མ་ཞུ་ཟ་ལ་དུག་ཏུ་འགྱུར།། དེ་བཞིན་རབ་རྒྱས་བདུད་རྩིའི་མཆོག། དགོངས་པའི་ཚིག་ལ་མི་མཁས་ཤིང་།། བྱིས་པའི་བློ་དང་ལྡན་རྣམས་ལ།། མི་བཟོད་པའི ་དུག་ཏུ་འགྱུར།། རང་རྒྱལ་ཉན་ཐོས་རྣམས་ཀྱང་ནི།། རྟག་ཏུ་དེ་དང་འདྲ་བ་ཡིན།། ཐེག་ཆེན་སྨན་མཆོག་དེ་དག་ལ།། བའི་འོ་མ་འཐུངས་པ་བཞིན།། བྱང་ཆུབ་སེམས་དཔའ་འཇིགས་མེད ་བ། མི་མཆོག་བརྟན་པོ་དེ་དག་ནི། ཐེག་པ་ཆེན་པོས་ངེས་པར་འབྱུང་།། འོད་སྲུངས་དེ་ལྟར་ཤེས་ནས་ནི།། བདུད་རྩི་རྟག་པ་ཁམས་ཀྱི་དབྱིངས།། དེ་ལ་དེང་འདིར་སྐྱབས་མཆོག ་སོང་།། བདུད་རྩིའི་མཆོག་གི་ཁམས་དེའི།། ངའི་ཁམས་ཡིན་སེམས་ཅན་ཁམས།། རྟག་ཏུ་ང་ལ་སྒྲུབ་སོང་ན།། སྐྱབས་སོང་བདག་ཉིད་ཁམས་སུ་འགྱུར།། ངའི་སྐུ་ལ་ཁམས་ཡོད ་ཀྱི་བདག་ཉིད་འདི་ལ་ཁྱོད་ཞག་ཤིག། སངས་རྒྱས་ཆོས་དང་དགེ་འདུན་རྣམས།། ངའི་ཁམས་ཀྱི་རང་བཞིན་ཏོ།། གསུམ་པོ་རིན་ཆེན་མཆོག་ཡིན་ཞེས།། བཅོམ་ལྡན་འདས ་ཀྱིས་ཚིགས་བཅད་གསུངས། གསོལ་པ། འཇིག་མེད་ལྟར་ན་སྐྱབས་མཆི་བ།། བདག་གི་བློ་བར་མ་ཆུད་ལགས། དཀོན་མཆོག་གསུམ་ཡང་མ་འཚལ་ཏེ།། བདག་མེད་པ་ལ ་ཇི་ལྟར་མཆི།། སངས་རྒྱས་སྐྱབ་སུ་མཆིས་ན་ཡང་།། ཇི་ལྟར་དབུགས་ནི་བྱིན་པར་འགྱུར།། ཅིའི་སླད་དུ་མི་རྣམས་ནི།། ཆོས་ལ་སྐྱབསུ་མཆི་བར་བགྱིད།། ཅི་ཞིག་གིས་ནི་མི་འགྱུར་ལགས།། ་དགེ་འདུན་ལ་ཡང་སྐྱབས་སུ་མཆིས་ན།། སྐྱབས་གསུམ་མཆོག་ཏུ་ཇི་ལྟར་འགྱུར།། མ་འོངས་པ་ན་སངས་རྒྱས་ཉིད།། ཡང་དག་བདེན་པ་ཇི་ལྟར་ཐོབ།། ཕྱི་མའི་དོན་དུ་སྐྱབས་བགྱི་བཞི།། ་གསུམ་པོ་དག་ཀྱང་ཇི་ལྟ་བུ།། ཐེམ་སྐས་ལྟ་བུར་བདག་གིས་མཐོང་།། ཡེ་ཤེས་གུ་དང་གཞན་མ་མཆིས།། བུ་སྐྱེས་པ་ནི་མ་མཆིས་པར།། བུ་ཞེས་ཀྱང་ནི་ཇི་སྐད་བགྱི།། བུ་ཆགས ་ན་ནི་སྐྱེས་འགྱུར་ཏེ།། བསམ་དང་ལས་ཀྱི་དོན་ཀྱང་མཆིས།། ཐུབ་པ་ཁྱོད་ནི་ཅི་གསུང་བ།། བློ་མེད་རྣམས་ཀྱི་མི་རྟོགས་ཏེ།། འཁོར་བའི་བཙོན་ར་ཐམས་ཅད་ཀྱང་།། འཁོར་ལོ ་གཅིག་ཏུ་འཁྱམས་པར་འགྱུར།། དེ་ཕྱིར་དེ་དག་མིང་ཙམ་གྱི།། དགེ་བསྙེན་དུ་ཡང་མི་འགྱུར་ལགས།། ཐུབ་པ་དེ་དག་ཕྱེ་སྟེ་གསུངས།། ཐེ་ཚོམས་མྱུར་དུ་བཅད་པར་གསོལ།། ་ཡེ་ཤེས་ཆེ་ལྡན་དེ་བཞིན་གཤེགས།། དགོངས་པ་ཅི་འདྲ་བསྟན་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། འོད་སྲུངས ་ཆེན་པོ་དམ་པ་མཆོག། དགོངས་པ་དེ་ཡང་བསྟན་པར་བྱ།། ཁྱོད་ཀྱི་ཐེ་ཙོམ་བཅད་པར་བྱ།། སངས་རྒྱས་ལ་ནི་སྐྱབས་སོང་བས།། དགེ་བསྙེན་འདི་ནི་ཐོབ་པར་འགྱུར།། ལྷ་རྣམས ་དེ་དག་ཐམས་ཅད་ནི།། དེ་ཚེ་དེའི་སྐྱབས་མ་ཡིན།། ཆོས་ལ་སྐྱབསུ་སོང་ན་ཡང་།། འདིར་ནི་འཚེ་བ་སྤོང་བར་འགྱུར།། དགེ་འདུན་ལ་ཡང་སྐབས་སོང་ལ།། དེ་བཞིན་དགེ་བསྙེན ་དག་ཏུ་འགྱུར།། དེས་ན་འདི་ལ་ཕྱི་རོལ་རྣམས།། དེའི་ཡོན་གནས་མ་ཡིན་ལ།། ཇི་ལྟར་འཇིག་པ་མེད་པ་རྣམས།། སྐབས་ཀྱི་གཞི་གསུམ་ཐོབ་པར་འགྱུར།། ་གསོལ་པ། དེའི་ཕྱིར་དངོས་གསུམ་འཇིག་པ་ལ།། བདག་ནི་སྐྱབས་སུ་མཆི་བར་བགྱི། འདི་ཉིད་དམ་པ་རྣམས་ཀྱི་ལམ།། འདི་ཉིད་སངས་རྒྱས་ཆོས་ཉིད་ལགས།། ཐུབ་པ་ཆེན་པོ་རྟག་ཏུ ་ཡང་།། གཞི་གསུམ་པོ་ནི་སྙམས་པ་ཉིད། བདག་ཀྱང་ཁྱོད་དང་འདྲ་བར་ནི།། གནས་འདི་བླ་ན་མེད་པ་ལེགས།། ལམ་འདི་བདེ་བར་གཤེགས་པས་བསྔགས་པ་སྟེ། དེར་མཆིས་པ་ནི་ཡང ་དག་ཞགས་པ་ལགས།། ཀུན་ཏུ་སྤྱན་ཡང་དེའི་ངེས་པར་འབྱུང་།། ལམ་འདི་བདེ་བར་གཤེགས་པས་བསྔགས་པ་སྟེ།། དེར་མཆིས་པས་ནི་ཡང་དག་ཞུགས་པ་ལགས།། ལམ་མཆོག ་རྒྱ་ཆེ་ནི་འདི་ནི་མཆི་བར་བགྱི།། གལ་ཏེ་བདུད་རྩི་ནི་བདུད་རྩི་དེང་སྩོལ་ཀྱང་། སྲིད་པ་དག་ན་བདག་ནི་སྐབས་མི་འཆི། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ཁྱོད་བྱིས་པ་ཉན་ཐོས་ཀྱི་ཐེག་པ་བཞིན་དུ་མ་འཛིན་ཅིག། ཅིག་པུ་ལ་སྐབས་སུ་སོང་ཞིག། ཡེ་ཤེས་འདི་ལ་ནི་སྐབས་གསུམ་མེད་དེ། ཆོས་དང་དགེ་འདུན་འདུ་བ་ཡང་མེད་དོ།། སངས ་རྒྱས་ཉིད་ཆོས་ཀྱང་ཡིན། དགེ་འདུན་ཡང་ཡིན་ཏེ། དེ་བཞིན་གཤེགས་པ་ཉིད་བཞི་གསུམ་ཡིན་ནོ།། ཉན་ཐོས་ཀྱི་ཐེག་པ་ལས་ནི་བྱིས་པ་རྣམས་ཀྱི་འཇིག་རྟེན་པའི་ལྟ་བ་གསལ་བའི་ཕྱིར། ་གཞི་གསུམ་དུ་འགྲོ་བར་གྱིས་ལ། བདག་སངས་རྒྱས་ལ་སྐྱབས་སུ་སོང་ནས། སྐུ་གཅིག་པར་གྱུར་ཅིག། དེ་ནས་སངས་རྒྱས་ཉིད་དུ་གྱུར་ནས། དེ་བཞིན་གཤེགས་པ་སྐྱབས་བྱེད་པར ་གྱུར་ཅིག། དེ་བཞིན་གཤེགས་པ་དང་མཉམ་པར་གྱུར་ནས་སངས་རྒྱས་རྣམས་ལ་ཐལ་མོ་བཏུད་པར་མི་བྱའོ།། བདག་སེམས་ཅན་ཐམས་ཅད་ཀྱི་སྐྱབས་ཆེན་པོ་ལྟ་བུར་གྱུར་ཅིག། བདག ་གིས་ཆོས་ཀྱི་སྐུ་ཡང་མི་གཏང་བར། སངས་རྒྱས་ཀྱི་ཁམས་དང་མཆོད་རྟེན་ལ་ཕྱག་བྱའོ།། ཕྱག་བྱེད་མི་འདོད་པའི་སེམས་ཅན་ཐམས་ཅད་ཀྱིས་ཕྱག་བྱའི་བའི་གནས་སུ་གྱུར་ཅིག། བདག ་ཆོས་ལ་སྐབས་སུ་སོང་ནས། ཆོས་ཀྱི་སྐར་གྱུར་ཅིག། དེ་ཁོ་ན་ཉིད་མ་ཡིན་པའི་ཆོས་སྒོམ་པའི་སེམས་ཅན་ཐམས་ཅད་བདག་གིས་མདའ་ཅིག་ནས་ཅིག་ཏུ་རྒྱད་བཞིན་དུ་བྱེད་པར ་གྱུར་ཅིག། བདག་དགེ་འདུན་ལ་སྐྱབས་སུ་སོང་ནས། སྦྲང་བུ་དང་འདྲ་བའི་དགེ་འདུན་རྣམས་ཀྱི་སྐབས་ལྟ་བུར་གྱུར་ཅིག། བདག་སྐྱབས་སུ་འགྲོ་བ་ལ་འཇུག་པའི་ཚུལ་གྱིས་སེམ ་ཅན་རྣམས་ཀྱི་སངས་རྒྱས་དང་། ཆོས་དང་དགེ་འདུན་ལྟ་བུར་གྱུར་ཅིག། བདག་དམུས་ལོང་དང་འདྲ་བའི་དགེ་འདུན་རྣམས་ཀྱི་མིག་ལྟ་བུར་གྱུར་ཅིག། བདག་ལ་ཉན་ཐོས་དང ་རང་སངས་རྒྱས་སྦྲང་བུ་དང་འདྲ་བར་ཐམས་ས་ཅད་སྐབས་སུ་འོང་བར་ཤོག་ཅིག་ཅེས། རིགས་ཀྱི་བུ་དེ་ལྟར་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི། བྱིས་པ་རྣམས ་ལ་སྡིག་པའི་ཕུང་པོ་ཟད་མི་ཤེས་པ་ལྟ་བུ་ཡང་ཡིན་ནོ།། མཁས་པ་རྣམས་ལ་ནི་དེ་དག་ཉིད་སངས་རྒྱས་ལྟ་བུ་ཡང་ཡིན་ནོ།། དཔེར་ན་དཔའོ་ཡང་དག་པ་ནི་གཡུལ་དུ་འཐབ ་བ་ན་འདི་སྙམ་དུ་སེམས་ཏེ། བདག་གིས་དཔའོ་ཐམས་ཅད་ཕམ་པར་བྱས་ནས། ཐམས་ཅད་བདག་ལ་སྐྱབས་སུ་འོང་བར་བྱའོ་སྙམ་དུ་སེམས་དཔའ་དང་། དཔེར་ན་རྒྱལ་པོའི ་བུ་ནི། རྒྱལ་པོ་ཆེ་རྗེའི་སྐབས་སུ་རྒྱལ་པོའི་ཐམས་ཅད་ལས་འདས་པར་བྱས་ཏེ། བདག་གི་རྒྱལ་པོ་བྱའོ།། བདག་རྒྱལ་པོའི་བུ་ཐམས་ཅད་ཀྱི ་མངའ་བདག་ཏུ་འགྱུར་བར་བྱའོ།། བདག་ལ་དེ་དག་སྐབས་སུ་འོངས་པར་བྱའོ།། བདག་གི་དམན་པའི་སེམས་བསྐྱེད་པར་མི་བྱའོ།། སྙམ་དུ་སེམས་པ་ལྟ་བུ་སྟེ། དཔའོ་རྣམ ་དང་རྒྱལ་པོ་དང་། བློན་པོ་ཡང་རུང་སྟེ། ཤིན་ཏུ་མཆོག་ཏུ་གྱུར་པ་དང་། བར་དུ་འཕགས་པ་དེ་ལྟ་བུའི་རང་བཞིན་ཅན་རྣམས་ནི་རང་གི་ཡོན་ཏན་དང་འཚམས་བྱའི་བྱ་བ་བསྒྲུབ ་པར་བྱའོ།། རིགས་ཀྱི་བུ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ནི་གཞི་གསུམ་ལས་འདའ་བར་འགྱུར་བའི་སེམས་བརྟན་པ་ཡིན་ནོ།། དེ་བས་ན་རྒྱལ་པོའི་བུ་དང་། ་དཔའ་བོ་ཤིན་དུ། མི་འཇིགས་པའི་སྙིང་སྟོབས་སྙེད་ཅིག་དང་། ང་ས་གཞི་གསུམ་པ་ཐ་དད་མེད་པ་དང་། གསུམ་གྱི་ནང་ན་དེ་བཞིན་གཤེགས་པ་དམ་པ་ཡིན་པར་བས་བསྟན་ཏོ།། ། ་ལུས་ཐམས་ཅད་ཀྱི་ནང་ན་མགོ་བོ་གཙོ་བོ་ཡིན་པ་དེ་བཞིན་དུ། སངས་རྒྱས་ཉིད་གཙོ་བོ་ཡིན་ལ། ཇི་ལྟར་ལུས་ལས་གུད་ན་ཡོད་པ་ཡང་མ་ཡིན། ལག་པ་གུད་ན་ཡོད་པ ་ཡང་མ་ཡིན། རྐང་པ་གུད་ན་འདུག་པ་ཡང་མ་ཡིན་པ་དེ་བཞིན་དུ། སངས་རྒྱས་གུད་ན་འདུག་པ་ཡང་མ་ཡིན། ཆོས་བུད་ན་འདུག་པ་ཡང་མ་ཡིན། དགེ་འདུན་གུད་ན ་འདུག་པ་ཡང་མ་ཡིན་ནོ།། འོད་ཀྱང་ཐ་དད་དུ་བྱེད་པ་ནི་བྱིན་པ་རྣམས་ངེས་པར་བསྒྲལ་བའི་ཕྱིར། ཐེམས་པ་དང་འདྲ་བར་བསྟན་པ་ཡིན་ནོ།། ཆོས་ཀྱི་དེ་ཁོ་ན་ཉིད་དུ་ན་ནི།། ་གཞི་གསུམ་པོ་ལ་ཐ་དད་དུ་དབྱེ་བར་མ་ལྟ་ཞིག། བྱིས་པ་བཞིན་དུ་རྨོངས་པར་བྱེད་པའི་ཚིག་རྣམས་པ་འཛིན་ཅིག། ཨུད་མོའི་རལ་གྲི་བཞིན་དུ་སེམས་རྡོ་བར་གྱིས་ཤིག། ཡེ་ཤེས་ཆེན ་པོ་དང་ལྡན་པར་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང་ཆེན་པོ་དང་རུས་ཅིག་པས་འདི་སྐད་ཅེས་གསོལ་ཏོ།། དཔའ་བོ་ཆེན་པོ ་བཅོམ་ལྡན་འདས་བློ་བར་ཆུད་བཞིན་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་དྲི་མ་མེད་པར་བཤད་པ་གསོལ་བའི་སླད་དུ་བདག་གིས་ཞུས་ལགས་སོ།། བཅོམ་ལྡན་འདས་ཀྱེ་མ་བྱང་ཆུབ་སེམས ་དཔའི་སྤྱོད་པའི་ཐེག་པ་ཆེན་པོ་བླ་ན་མེད་པ་ཤིན་ཏུ་རྒྱས་པ། ཨུར་མོའི་རལ་གྲི་ལྟ་བུ་ལེགས་པར་བཀའ་སྩལ་ཏོ།། ཀྱེ་མ་ལེགས་པར་གཞོག་བྱང་ཆུབ་སེམས་དཔའི་སྤྱོད་པ་བཞག་པ ་ཐོས་ནས། བདག་གིས་ཀྱང་སེམས་ཅན་ཐམས་ཅད་ལ་བསྟན་པར་འཚལ་ལོ།། སེམས་ཅན་སུ་ཡང་རུང་སྟེ། དེ་བཞིན་གཤེགས་པའི་སྙིང་པོ་རྟོགས་པར་བགྱི་བའི་སླད་དུ་མདོ་སྡེ ་འདི་ལ་མངོན་པར་དད་པ་རྣམས་ནི། རྣམ་པར་བརྟགས་ནས་དེས་ནི་བདག་ནི་བདག་ཉིད་ལ་སྐབས་མཆི་བར་བགྱིའོ།། གཞི་གསུམ་ལས་ནི་མི་དགོངས་ལགས་སོ།། དེ་ཅིའི་སླད་དུ ་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ཁམས་མཆིས་པའི་སླད་དུའོ།། རྣམ་པར་བརྟགས་ནས་བདག་གི་ལུས་སངས་རྒྱས་ཀྱི་ཁམས་མཆིས་སོ་ཞེས་བརྗོད་པར་བྱའོ།། ་དེ་ལྟར་འཚལ་ནས་དེས་སྒྲུབས་པའི་སྒྲུབ་པ་བཙན་པར་བགྱིའོ།། གསུམ་དུ་ཡང་མི་མཆི་བར་མི་བགྱིད་དེ། དེ་ཉིད་ཆོས་དང་དགེ་འདུན་གྱི་སྐྱབས་སུ་གྱུར་པ་དང་། ཉན་ཐོས་དང་རང ་@སངས་རྒྱས་རྣམས་ཀྱི་རྟག་ཏུ་ཕྱག་བགྱི་བའི་གནས་ལགས་སོ་དེ་བས་ན་ཐེག་པ་ཆེན་པོའི་སྒྲུབ་པ་བཙན་པར་བགྱིའོ།། དེ་ལྟར་ན་སངས་རྒྱས་ཀྱི་ཁམས ་དང་། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱེད་བཟང་པོ་བརྒྱད་ཅུ་ནི་བསམ་གྱིས་མི་ཁྱབ་པ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ལེགས ་སོ་ལེགས་སོ།། ཤེས་རབ་རྣོན་པོས་ནི་དེ་ལྟར་བྱ་དགོས་སོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་སྙིང་པོ་ལ་འཇུག་པ་ངས་བཤད་པར་བྱའོ།། གལ་ཏེ་བདག་བརྟན་པ་དང་། ཐེར ་ཟུག་པ་ཡིན་ན་ནི། སྡུག་བསྔལ་གྱི་མཐའ་ཡོད་པར་མི་འགྱུར་ལགས། གལ་ཏེ་བདག་མེད་ན་ཡང་ཚངས་པར་སྤྱོད་པ་ཐམས་ཅད་དོན་མེད་པར་འགྱུར་རོ།། ཆོས་ཐམས་ཅད་བདག་མེད ་བ་ཡིན་ན་ནི། དེ་ལྟར་ན་ཚངས་པར་ལྟ་བར་འགྱུར་ལ། བདག་བརྟན་པ་ཡིན་ན་ནི། རྟག་པར་ལྟ་བར་འགྱུར་ལགས། ཆོས་ཐམས་ཅད་བདེ་བ་ཡིན་ན་ནི། དེ་ལྟ་ན་ཆད་པར་ལྟ་བར ་འགྱུར་ལ། ཆོས་ཐམས་ཅད་རྟག་པ་ཡིན་ན་ནི། རྟག་པར་ལྟ་བར་འགྱུར་རོ།། ཆོས་ཐམས་ཅད་སྡུག་བསྔལ་བ་ཡིན་ན་ནི། ཆད་པར་ལྟ་བར་འགྱུར་ལ། ཆོས་ཐམས་ཅད་བདེ་བ་ཡིན ་ན་ནི། རྟག་པར་ལྟ་བར་འགྱུར་རོ།། ཐམས་ཅད་རྟག་པར་སྒོམས་ན་ནི། ཆད་པར་འཛིན་པར་འགྱུར་ལེགས། ཐམས་ཅད་མི་རྟག་པར་སྒོམ་ན་ནི། མྱུར་དུ་རྟག་པར་འཛིན་པར་འགྱུརརོ།། ་དཔེར་ན་སྲིན་བུ་པད་མ་རྣམས། མིའི་མགོ་ལ་མྱུར་དུ་ཟ་ཞིང་། མྱུར་དུ་གནས་ཅིག་ཤོས་འདོར་བ་བཞིན་དུ། རྟག་པར་སྒོམ་ན་ནི། ཐམས་ཅད་འཛིན་པས། སྲིན་བུ་པད་མ་བཞིན་དུ་འགྱུརོ།། ་དེ་བས་ན་མི་དགེ་བའི་ཆོས་གཞན་དག་ལ་ནི་སྡུག་བསྔལ་བར་བསྒོམ་པར་བྱའོ།། དགེ་བའི་ཆོས་གཞན་དག་ལ་ནི་བདེ་བ་སྒོམ་པར་བྱའོ།། ཉོན་མོངས་པའི་རྣམ་པ་ལ་སོགས་པའི་ཆོས་གཞན ་དག་ལ་ནི་བདག་མེད་པར་བསྒོམ་པར་བྱའོ།། མྱ་ངན་ལས་འདས་པ་བཞི་དང་གནས་མེད་པའི་ཕྱིར། དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་པ་ཆོས་གཞན་དག་ལ་ནི། བདག་ཡོད ་པར་བསྒོམ་པར་བྱའོ།། ལོངས་སྤོད་ལ་སོགས་པ་ཆོས་གཞན་དག་ལ་ནི་མི་རྟག་པར་བསྒོམ་པར་བྱའོ།། དེ་བཞིན་གཤེགས་པའི་ཆོས་ལ་སོགས་པ་ཆོས་གཞན་དག་ལ་ཡང་རྟག་པར ་བསྒོམ་པར་བྱའོ།། གཞི་གསུམོ་དང་ཐར་པའི་དེ་ཁོ་ན་ཉིད་ནི། སྲིན་བུ་པད་མ་ཟ་བ་ལྟ་བུ་ཡིན་ནོ།། སངས་རྒྱས་ཀྱི་གསུང་ནི་དབུ་མའི་ལམ་ཡིན་ནོ།། ཞེས་ཤེས་པར་གྱིས་ཤིག་སངས ་རྒྱས་བཅོམ་ལྡན་འདས་ཀྱིས་ནི་ཆད་པ་དང་། རྟག་པ་གཉིས་གའི་མཐའ་སྤངས་པའི་དབུ་མའི་ལམ་དུ་གསུངས་སོ།། བླུན་པོ་རྣམས་ནི་སངས་རྒྱས་ཀྱི་གསུངས་ལ་རྨོངས་ཏེ། པོ ་བའི་དྲོད་ཆུང་བ་རྣམས་མར་མེ་ཟད་པ་བཞིན་དུ། མྱུར་དུ་མཐབ་གཉིས་སུ་ལྟ་བར་འགྱུར་ལ། ཡོད་ཅེས་བྱ་བ་ཡང་མ་གྲུབ་མེད་ཅེས་བྱ་བ་ཡང་མི་འཐང་ངོ་།། དཔེར་ན་སྨན་པ་རྣམས ་ནི་མཁྲིས་པ་ལ་སོགས་པའི་ཁམས་རྣམས་འཁྲུགས་ཏེ། ཕན་ཚུན་མི་མཐུན་དུ་ཟིན་ཀྱང་མཁྲིས་པའི་ནད་ལ་ནི་ཁྲིས་པ་ཞི་བར་བྱེད། རླུང་ཤས་ཆེ་བ་ལ་ནི་རླུང་སེལ་བར་བྱེད། ་བད་ཀན་ལ་ནི་བད་ཀན་སེལ་བར་བྱེད། ཆ་འདུས་པ་ལ་ནི་ཆ་འདུས་པའི་གཉེན་པོ་བྱེད་དེ། ཕན་ཚུན་མི་མཐུན་པར་འགྱུར་བ་ཡང་བྱེད་ལ། བདེ་བ་བསྐྱེད་པར་བྱེད་པ་དེ་བཞིན་དུ། ་སྨན་པ་ལྟར་ཉོན་མོངས་པའི་རྣམ་པ་མཐའ་ཡས་ཀྱིས་གསལ་ཏེ། ཡང་དག་པའི་ཁམས་ཀྱང་གསོ་བར་གྱིས་ཤིག། ཡང་དག་པའི་ཁམས ་ཤེས་བྱ་བ་ནི། དེ་བཞིན་གཤེགས་པའི་སྙིང་པོ་སྟེ་སངས་རྒྱས་ཀྱི་ཁམས་བྱེ་ཤེས་བྱ་བ་ཡིན་གྱིས། ཁམས་ཐམས་ཅད་སྤངས་ཏེ། རྟག་པ་དང་བརྟན་པ་ལ་ནན་ཏན་གྱིས་ཤིག། ་ཤེས་རབ་ཅན་རྣམས་ཀྱིས་ནི། ཡོད་པ་ལ་ཡང་ཆགས་པར་མི་བྱའོ།། མེད་ཅེས་བྱ་བ་ཡང་བརྫུན་དུ་སྨྲ་བ་ལས་བྱུང་བ་ཡིན་ནོ།། ཡོད་ཅེས་བྱ་བ་ཡང་ཁ་རོག་སྟེ། ཁས ་བླང་བར་མི་བྱའོ།། རྩོད་པར་ཡང་མི་བྱའོ།། འདི་དག་རང་བཞིན་གྱི་ཆོས་ཉིད་དུ་ཤེས་པར་བྱའོ།། བླུན་པོ་དགོངས་པའི་ཚིག་མི་ཤེས་པ་རྣམས་ཀྱིས་ནི་ངའི་ལུས་ལ་བདེ ་བའི་ས་བོན་དེ་ལྟ་བུ་ཡོད་དེ། སྡུག་བསྔལ་བར་བསྟན་པའི་ཕྱིར་རྟག་ཏུ་རྩོད་པར་བྱེད་དེ། ཐམས་ཅད་བཟང་བས་བྱིས་པ་རྣམས་རྫ་མཁན་གྱི་སྣོད་བཞིན་དུ་མི་རྟག་གོ། ་སྙམ་དུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་ངའི་ལུས་ལ་ཆོས་ཀྱི་སྐུའི་ས་བོན་དེ་ལྟ་བུ་ཡོད་དོ།། སྙམ་དུ་བས་པས་ཐམས་ཅད་འཛིན་པར་མི་བྱའོ།། བདག་མེད་པར ་བསྟན་པ་བདག་མེད་དོ་སྙམ་དུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་དད་པ་ཡོད་དོ་སྙམ་དུ་ཤེས་ཏེ། ཐེ་ཙོམ་མེད་དོ།། དེ་བཞིན་གཤེགས་པའི་སྙིང་པོ་སྟོང་པ་ནི ་སྟོང་པ་ཡིན་ནོ།། ཞེས་བསྟན་ན་ནི། བྱིས་པ་རྣམས་ཆད་པ་འཇིགས་སུ་རུང་བ་ཡིན་པོ་བསྒོམ་པར་བྱའོ།། ཤེས་རབ་ཅན་རྣམས་ཀྱིས་ནི་རྟག་པ་དང་། བརྟེན་པ་དང་། ཐེར ་ཟུག་པ་དེ་སྒྱུ་མ་ཙམ་དུ་ཡོད་པར་ཤེས་སོ།། ཐར་པ་བརྒྱད་ནི་བྱིས་པ་རྣམས་སངས་རྒྱས་རྣམས་ཀྱིས་ཐར་པ་རྙེད་ནས་མེད་པར་འགྱུར་རོ།། སྙམ་དུ་འཛིན་ཏོ།། ཤེས་རབ་ཅན་རྣམས ་ཀྱིས་ནི་སངས་རྒྱས་བྱོན་པ་དང་། གཤེགས་པ་ཡོད་པར་ཤེས་ཏེ། མིའི་སེང་གེ་བྱོན་ཏོ།། ཞེས་ཟེར་རོ་བྱིས་པ་རྣམས་ནི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ལ། ་གཉིས་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་མ་རིག་པ་དང་ཐ་དད་པར་གཉིས་སུ་ཤེས་སོ།། བྱིས་པ་རྣམས་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་གཉིས་སུ ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་སོ།། ཞེས་གསུངས་སོ།། དེ་བཞིན་དུ་བྱིས་པ་རྣམས་ནི་དགེ་བ་དང་མི་དགེ་ཐམས་ཅད་ལ་ཐ་དད་པ་གཉིས ་སུ་འཛིན་ཏོ།། བྱིས་པ་རྣམས་ནི་ཁ་ནས་མ་ཐོ་བ་དང་། ཁ་ནས་མ་ཐོ་བ་གཉིས་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་དེ་བཞིན་དུ་གཉིས་སུ་མེད་པར་ཤེས་སོ།། ཞེས ་གསུངས་སོ།། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་ལམ་མ་ཡིན་པ་ལ་གཉིས་སུ་འཛིན་ཏོ།། ཤེས་རབ་ཅན་རྣམས་ཀྱིས་ནི་གཉིས་སུ་མེད་པར ་ཤེས་སོ་ཞེས་གསུངས་སོ།། དེ་ནི་ཤེས་རབ་ཅན་རྣམས་ཀྱིས་རང་བཞིན་ཡིན་ནོ། བྱིས་པ་རྣམས་ཀྱི་ཆོས་ཐམས་ཅད་དག་པོ་དང་དཀར་པོའོ།། ཞེས་གཉིས་སུ་འཛིན་ཏོ།། ཤེས ་རབ་ཅན་རྣམས་ཀྱིས་གཉིས་སུ་ཤེས་སོ།། ཞེས་གསུངས་སོ།། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་རོས་ཐམས་ཅད་སྡུག་བསྔལ་དང་བདེ་བ་ཐ་དད ་པ་གཉིས་སུ་སྒོམ་པར་བྱེད་དོ།། ཤེས་རབ་ཅན་རྣམས་གཉིས་སུ་མེད་པར་སྒོམ་མོ་ཞེས་གསུངས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ཡིན་པ་འོ།། ་བྱིས་པའི་བློ་ཅན་རྣམས་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་འདུས་བྱས་ཐམས་ཅད་ནི་རྟག་པ་ཞེས་བྱ་བར་བསྒོམ་པར་བྱེད་དོ།། ཤེས་རབ་རྣམས་ཀྱིས་ནི་གཉིས་སུ་མེད་པར་ཤེས་སོ་ཞེས་གསུང ་ཏེ། དེ་ནི་ཤེས་རབ་ཅད་རྣམས་ཀྱི་རང་བཞིན་ཡིན་ནོ།། བྱིས་པ་རྣམས་ནི་སངས་རྒྱས་ཀྱིས་བདག་མེད་པར་གསུངས་པ་ལ་ཆོས་ཐམས་ཅད་བདག་མེད་པར་འཛིན་ཏོ།། ཤེས་རབ་ཅན་རྣམས་བདག ་ཡོད་པ་དང་། བདག་མེད་པ་གཉིས་སུ་མེད་པར་ཤེས་ཏེ། དེ་ནི་ཤེས་རབ་ཅན་རྣམས་ཀྱི་རང་བཞིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་དཔག་ཏུ་མེད་པ་སངས་རྒྱས་ཀྱི་སྔགས ་བ་ནི། བསོད་ནམས་ཐམས་ཅད་བསྡུས་པའི་མདོ་ལས་ངས་བསྟན་ཏོ།། བདག་ཡོད་པ་དང་། བདག་མེད་པ་གཉིས་སུ་མེད་པར་གཟུང་བར་བྱའོ།། རིགས་ཀྱི་བུ་བསོད་ནམས་ཐམས ་ཅད་བསྡུས་པའི་མདོ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་ཆེན་པོ་ལས། གཉིས་སུ་མེད་པ་ལ་འཇུག་པའི་སྣང་བ་དེ་གཉིས་ལས་བདག་ཡོད་པ་དང་། བདག་མེད་པ་གཉིས ་སུ་མེད་པར་ངས་བསྟན་པ་རྗེས་སུ་དྲན་པར་གྱིས་ཤིག།། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ། ་། བམ་པོ།། བརྒྱདཔེར་ན་འོ་མ་ལས་ཞོ་འབྱུང་། ཞོ་ལས་མར་འབྱུང་། མར་ལས ་ཀུན་པར་འབྱུང་། ཞུན་པར་ལས་པར་གྱི་སྙིང་ཁུ་འབྱུང་། དེ་ལ་ཅི་འི་དེ་འོ་མའི་དངོས་པོ་དང་། མགོ་མཉམ་དུ་འབྱུང་བ་དང་། འོན་དེ་རང་ཉིད་འབྱུང་ངམ། དེ་བཞིན་དུ་ཅིསར ་དེ་དེའི་དངོས་པོ་དང་། མགོ་བ་ནམ་དུ་བྱུང་ངམ། འོན་ཏེ་པར་རང་ཉིད་དུ་བྱུང་ངམ། དེ་བཞིན་དུ་ཅི་ཞུན་པར་དེ་མར་གྱི་དངོས་པོ་དང་། མགོ་མཉནམ་དུ་འབྱུང་ངམ། འོད་ཏེ་ན ་མར་རང་ཉིད་འབྱུང་ངམ། དེ་བཞིན་དུ་ཅི་མར་གྱི་སྙིང་ཁུ་དེ་ཞུན་པར་གྱི་དངོས་པོ་དང་མགོ་མཉམ་དུ་འབྱུང་ངམ། འོན་ཏེ་མར་གྱི་སྙིང་ཁུ་རང་ཉིད་བྱུང་ངམ། འོན་ཏེ་སྔམ་དེ་གཞན ་ཞིག་ལས་བྱུང་ངམ། གལ་ཏེ་གཞན་ཞིག་ལས་བྱུང་ན། དེ་ལྟ་ན་གང་ལས་བྱུང་དེ་སྟེ་འོ་མ་མེད་པར་ཞོ་བྱུང་ན་ནི་འོ་མའོའི་མི་དགོས་པར་འགྱུར་རོ།། གལ་ཏེ་དེ་ལྟ་ན་ནི་རང་བཞིན་ཅན ་དུ་འགྱུར་ལ། ཞོའི་རྒྱུ་དང་རྟགས་གཉིས་སྣང་ངོ་།། དེ་བས་ན་གཅིག་ཏུ་རྒྱུད་དེ་བྱུང་བ་ཡང་ཡིན་ལ། དངོས་པོ་དེ་དག་དང་། མགོ་མཉམ་དུ་གཅིག་ནས་གཅིག་ཏུ་རྒྱུད་དེ་བྱུང་ཞེས ་ཀྱང་མི་བྱའོ།། གལ་ཏེ་དངོས་པོ་དེ་དག་དང་མཉམ་དུ་མ་བྱུང་ན་ཡང་དེ་ལྟ་ན་ཡེ་མེད་དམ། བ་ལས་འབྱུང་བའི་ཞུན་མར་ཡང་གཞན་ལས་བྱུང་བ་མ་ཡིན་ལ། རང་བཞིན་དེ་ཡང་ཐམས ་ཅད་ལ་ཡོད་མོད་ཀྱིས་འོན་ཀྱང་ཉེས་པས་བསྒྲིབས་པ་དང་། བན་དུན་འདྲེས་པའི་ཚུལ་དུ་འདུག་པའི་ཕྱིར་མི་མཐོང་ངོ་།། བའི་ཟས་ཀྱི་ཞེས་པས་འོ་མ་ཁྲག་གི་དྲིང་བ་བྲོ་བ་ལས། བས ་ཤིང་ངར་ཟོས་ནས་ནི་འོ་བ་དང་རབར་འབྱུང་ངོ་།། རྩ་རོ་ཚ་བར་ཟོས་ནས་ནི་འོ་མ་རོཚ་བར་འབྱུང་ངོ་།། གངས་ཀྱི་རི་ལ་རྩའི་རིགས་སྣུམ་ཅན་ཞེས་བྱ་བ་ཞིག་ཡོད་དོ།། བས་དེ་ཟོས་ན་ནའོ ་མ་མར་གྱི་སྙིང་ཁུའི་རང་བཞིན་ཁོ་ན་བྱུང་སྟེ། དཀར་བ་ཡང་མ་ཡིན། སྔོ་བ་ཡང་མ་ཡིན། དམར་བ་ཡང་མ་ཡིན། སྔོ་སྐྲ་ཡང་མ་ཡིན་ལ། མར་གྱི ་སྙིང་ཁུའི་རང་བཞིན་ཁོ་ནར་འབྱུང་སྟེ། དེ་ལྟར་རྩི་འབྱེ་བྲག་གིས་འོ་མ་མདོག་ངན་པ་དང་། མདོག་བཟང་པོར་འགྱུར་བ་དེ་བཞིན་དུ་མ་རིག་པ་དང་། རིག་པ་གཉི་སུ་མེད་མོད་ཀྱི། སེམས ་ཅན་རྣམས་ཀྱི་ལས་ཀྱི་ཉེས་པས། རིག་པ་གང་ཡིན་པ་དེ་ཉིད་མ་རིག་པ་ལྟ་བུར་འགྱུར་ཏེ། དགེ་བ་དང་མི་དགེ་བ་ཐམས་ཅད་ཀྱང་གཉིས་སུ་མེད་པ་ཁོ་ནའོ།། དེ་བས་ན་སྔར་བསྟན་པ ་ཁོ་ན་བཞིན་དུ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ནི་མར་གྱི་སྙིང་ཁུ་ལྟ་བུའི་རང་བཞིན་ཅན་ཡིན་མོད་ཀྱི། ཉོན་མོངས་པའི་རྣམ་པའི་ཉེས་པས་གཞན་དུ་སྣང་བར་གྱུར་ཏོ།། དཔེར ་ན་རྒྱ་མཚོའི་ཆུ་ནི་ལན་རཱའི་དོན་ཅིག་པུ་བྱེད་པར་ཟད་མོད་ཀྱི། ལན་ཆའི་དོན་ཅིག་པུ་བྱེད་པའོ།། ཞེས་བརྗོད་པར་མི་བྱ་སྟེ། རྒྱ་མཚོའི་ནང་ན་འོ་མའི་རྒྱ་མཚོ་ཞེས་བྱ་བ་ཡོད་དོ།། གངས ་ཀྱི་རི་ལ་ཡང་སྨན་ཡོད་པའི་ཕྱིར་ཡོན་ཏན་ལ་སྨོས་ཏེ། གངས་ཀྱི་རི་ལ་འདུག་ཀྱང་འོན་ཀྱང་སྨན་གཙོ་བོར་སྨོས་པ་བཞིན་དུ་ལུས་འདི་ཡང་དེ་དག་འདྲའ་སྟེ། སྦྲུལ་འདུག་པ ་ལྟ་བུའི་ཁམས་བཞིའི་དུག་དང་། ལྡན་མོད་ཀྱི་སྨན་གྱི་རྒྱལ་པོ་དེ་བཞིན་གཤེགས་པའི་སྙིང་པ་དེ་ཡོད་པས་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཐོག་མི་ནས་བཅོས ་བ་མ་ཡིན་པའི་ཁམས་ཡིན་ལ། ཉོན་མོངས་པ་རྣམས་བློ་བུར་དུ་བྱུང་བ་ཡིན་ཏེ། སངས་རྒྱས་སུ་འགྱུར་བར་འདོད་པ་སུ་ཡང་རུང་བ་རྣམས་ཀྱི་ནི། ཉོན་མོངས་པའི་རྣམ ་པ་རྣམས་གཞོས་པར་བྱའོ།། དཔེར་ན་ནམ་མཁའ་ལས་འབྲུག་སྒྲ་གྲགས་ན་ཤ་མོ་སྦྱོར་དུ་རབ་ཏུ་སྐྱེ་བར་འགྱུར་ལགས་སོ་ཀན་ནི་ཤ་མོའི་མིག་ཡང་མེད་དེ་འབྲུག་སྒྲ་ཐོན་པར ་འགྱུར་བ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་ཉོན་མོངས་པའི་རྣམ་པའི་རྣམ་པས་བསྒྲིབས་ནས་བདག་མེད་པ་བཞིན་དུ་སྣང་ལ་མདོ་ཆེན་པོ་འདི་ཐོས་པ་གང་ཡིན ་བ་དེ་དག་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་བློ་མ་ཐག་ཏུ་ཤ་མོ་བཞིན་དུ་དེ་བཞིན་གཤེགས་པའི་སྙིང་པོ་ཤེས་པ་སྐྱེ་བར་འགྱུར་རོ།། མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན ་ཐམས་ཅད་ནི་སོས་ཀའི་དུས་དང་འདྲའ་སྟེ། མདོ་སྡེ་ཐམས་ཅད་དང་ཏིང་ངེ་འཛིན་ཐམས་ཅད་པས་ནི། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཡང་དག་པར་མི་ཤེསོ།། ། ་དབྱར་གྱི་ནམ་མཁའ་ཤ་མོ་སྐྱེ་བ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ལས་དགོངས་པའི་ཚིག་ཐམས་ཅད་འབྱུང་སྟེ། མདོ་སྡེ་འདི་ཐོས་མ་ཐག་ཏུ་དབྱར ་གྱི་ནམ་མཁའ་ལ་ཤ་མོ་སྐྱེ་བ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱི་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པ་ཡང་དག་པར་འཤེས་པར་འགྱུར་རོ།། དེ་ལ་དོན་རྒྱས་པ་རྒྱས་པར ་བྱེད་པས་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱ་སྟེ།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི།། མདོ་སྡེ་ཆེན་པོ་འདི་ལ་སློབ་པ་གང་ཡིན་པ་དེ་དག་ནི་ང་ལ་འདྲིན ་དུ་བཟོ་བ་ཡིན་ནོ།། གསོལ་བ། བཅོམ་ལྡན་འདས་ཀྱེ་མ་དེ་བཞིན་གཤེགས་པའི་སྙིང་པོ་ནི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་མཐོང་བར་ཤིན་ཏུ་དཀའ་བ་དང་། ་རྗེས་སུ་ཤེས་པར་དཀའ་བ་དང་། བཟོད་པར་ཤིན་ཏུ་དཀའ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་དེ་ནི་དེ ་བཞིན་ནོ།། རིགས་ཀྱི་བུ་དེ་ནི་དེ་བཞིན་ཏེ། ང་ཡང་དེ་ཁོ་ན་སྐད་ཟེར་རོ།། གསོལ་བ། ཇི་ལྟར་མཐོང་བར་དཀའ་བ་ལགས། བཀའ་བསྩལ་པ། རིགས་ཀྱི་བུ་དཔེར་ན། ལོང ་བ་བརྒྱ་ཞིག་ཡོད་ལ། འོང་བ་མི་དག་མི་མཐོང་བའི་ཕྱིར། སྨན་པ་མིག་མཁན་ཞིག་གཉེར་ནས། སྨན་པ་དེས་དེ་དག་གི་མིག་སྤང་བྱས་ཏེ། དེ་དག་གི་མིག་བྲིས་ཡོག་པ ་གསལ་ནས། རང་གི་སོར་མོ་གཅིག་བསྟན་ཏེ། རེ་རེ་ལ་འདི་སྐད་དུ་ཀྱེ་མ་ཁྱོད་ཀྱི་ངའི་སོར་མོ་ལྟོས་ཤིག་དང་། ཁྱོད་ཀྱི་དཔྱ་དོ་ལེགས་སམ་ལེགས་པར་མངོན་ནོ།། ཞེས་ཟེའོ།། ་དེ་ནས་དཔྱད་བྱས་སུ་ཟིན་ཀྱང་དེའི་སོར་མོ་ཐབས་ཇི་ལྟར་བསྟན་ཀྱང་མི་དེས་མཐོང་ངོ་།། དེ་ནས་ལན་གསུམ་གྱི་བར་དུ་བསྟན་པ་དང་། དེའུ་མ་མཐོང་ངོ་།། མཐོང་བ་དེ་བཞིན་དུ ་རིགས་ཀྱི་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡོངས་སུ་སྤང་བའི་དཔྱད་ཐམས་ཅད་བྱས་པ་རྣམས་ཀྱང་དེ་དང་འདྲའ་སྟེ། དེ་ལྟར་ཡོངས་སུ་སྤང་བ་བྱས ་ཀྱང་མི་དེ་དང་འདྲ་བ་དང་འདྲ་བ་བདག་ཉིད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ལན་གཉིས་ལན་གསུམ་གྱི་བར་དུ་ཡེ་ངས་བསྟན་པ་དང་དེའུ་མ་མཐོང་ཏེ་མཐོང་ནས་འདི་སྐད ་ཅེས་ཟེར་ཏེ། བདག་ཅག་ཀྱང་ཡུན་འདི་སྲིད་ཀྱི་བར་དུ་བདག་མེད་པའི་འཁོར་ལོ་གཅིག་པུས་ཡོངསུ་བསྐོར་ནས། ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱིས་ལྟ་བ་མཐོང་རེ་སྐན ་ཞེས་ཟེར་ཏེ། རིགས་ཀྱི་བུ་དེ་ལྟར་ངའི་ཁམས་ཀྱི་བསྟན་བཅོས་ལ་འཇིག་པ་ནི་མཐོང་བ་ལ་འཇུག་པ་ནི་མཐོང་བར་དཀའ་བ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན་མི་ལ་ལ ་ཞིག་གི་ནམ་མཁའ་ལ་དད་པ་སྦེངས་ཤིང་ལྡིང་བ་མཐོང་བ་ལ་དེས་དེ་ལྟར་མཐོང་ནས་ཐེ་ཚོམ་སྐྱེས་ཏེ་ཅི་འདི་ནམ་མཁའ་ཡིན་ནམ། འོན་ཏེ་ངང་པ་ལྡིང་བ་ཡིན་པ་ཞིག་གོ་སྙམ་ནས། ་དེས་ལེགས་པར་བརྟགས་ན། ངང་པ་ལྡིང་ངེ་བ་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། བདག ་གིས་རང་རང་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་འོལ་ཕྱིར་མཐོང་ངོ་།། སྙམ་དུ་སེམས་ཅན་ཉན་ཐོས་དང་རང་སངས་ཐམས་ཅད་ཀྱིས་ལྟ་བ་མཐོང་རེ་སྐན། དཔེར་ན་མི ་ལ་ལ་ལམ་དུ་ཞགས་པ་ལས་མཁྲིས་པས་འཁྲུགས་ཏེ། ཕྱོགས་སླད་ན་ལེགས་པར་བརྟགས་ན། ལམ་དང་གཟུགས་འོལ་ཕྱིར་མཐོང་བ་དེ་བཞིན་དུ། ས་བཅུའི་པའི་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་ལེགས་པར་བརྟགས་ན། རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་བྱས་པ་མ་ཡིན་ཁམས་ཡོད་པར་འོལ་ཕྱིར་མཐོང་བར་བཟད་དོ།། ། ་དཔེར་ན་འགྲོན་པོ་ལ་ལ་ཞིག་སྐོམ་གྱིས་གདུངས་ནས། དབྱེ་དགོན་པ་ན་ཆུ་མི་རྙེད་དོ།། ཆུ་འདོད་ཅིང་འདུག་པ་ལས་ཤིང་ཁ་ནཱ་ཆུ་བྱ་གང་དགོངས་པ་དག་མཐོང་ནས། ཅི་འདི་བྱ ་གར་དགོད་པ་དག་ཅིག་ཡིན་རྣམ་འོན་ཏེ་ནམ་མཁའ་ཡིན་སྙམ་པ་ལས་ལེགས་པར་བརྟགས་ན། བྱ་གར་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ་རིགས་ཀྱི་བུ་ས་བཅུ་ཐོབ་པའི་བྱང ་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ། ཡོད་པར་འོལ ་ཕྱིར་མཐོང་བར་ཟད་དོ།། རིགས་ཀྱི་བུ་དཔེར་ན་རྒྱ་མཚོའི་གྲུར་ཞུགས་པའི་མིས་དཔག་ཚད་མང་པོ་ཞིག་གིས་ཕ་རོལ་ནས་གྲོང་ཁྱེར་གྱི་ནང་ན་ཁངས་བཟང་དཀར་པོ་ཞིག་མཐོང ་ནས་འདི་སྙམ་དུ་རྟོག་སྟེ། ཅི་འདི་ནམ་མཁའ་ཡིན་ནམ། ཁང་བཟངས་ཡིན་ཞིག་གུ་སྙམ་པ་ལས། ལེགས་པར་བརྟགས་ན་ཁང་བཟངས་ཡིན་པར་འོལ་ཕྱིར་མཐོང་བ་དེ ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་བཞིན་དུ། ཡོད་པ་འོལ་ཕྱིར་མཐོང ་བར་ཟད་དོ།། རིགས་ཀྱི་བུ་དཔེར་ན་རྒྱལ་པོའི་བུ་གཞོན་ནུ་སྐྱིད་དེ་བར་འདུག་པ་ཞིག་མཚན་ཡལ་ནངས་སུ་རོལ་མོ་ལ་ལྟ་ལྟ་བ་ལས་ལངས་ཏེ། ཉི་མིའི་འོད་ཀྱིས་མིག་འཁྲིག ་པས་ལེགས་པར་བརྟགས་ན། རང་གི་སྐ་རགས་འོལ་ཕྱིར་ཙམ་དུ་མཐོང་བ་དེ་བཞིན་དུ་ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང ་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། དཔེར་ན་རྒྱལ་པོའི་ཞབས་འབྲིང་ལ་ལ་ཞིག་མཚན་མོ་མུན་ནག་གི་སྤྲིན་སྟུག་པོས་འཁྲིགས་པའི་ནང་ན། ་རྒྱལ་པོའི་ཕོ་བྲང་ནས་བྱུང་སྟེ། རང་གི་ཁྱིམ་དུ་འགྲོ་བ་ན། གློག་འགྱུ་བའི་སྐབས་སུ་གླང་ཁྲུ་བར་བདུན་ལོགས་ནས་འོང་བ་མཐོང་ནས་འདི་སྙམ་དུ་རྟོག་སྟེ། ཅི་སྤྲིན་ནམ། འོན་ཏེ ་ཁྱིམ་འམ་སྐོལ་ཁང་ཡང་ཐོག་ཅིག་སྙམ་པ་ལས།། ལེགས་པར་བརྟགས་ན་གླང་ཁྱ་བ་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་སངས་རྒྱས་ཀྱི་ཁམས་ཡོད་བཞིན་དུ། བདག་གི་ལུས་ལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ།། སྙམ་དུ་འོལ་ཕྱིར་མཐོང་ངོ་།། ་སྙམ་དུ་ཟད་དོ།། དཔེར་ན་དགེ་སློང་ཚུལ་ཁྲིམས་སྲུང་བ་ལ་གས་པ་ལ་ལ་ཞིག་ཆུ་སྲོགས་ཆགས་མེད་པ་ལ། རང་གི་བློས་སྲོག་ཆགས་ཡོད་པར་མཐོང་ནས། འདི་སྙམ་དུ་རྟོག་རྟོག་སྟེ། ་ཅི་སྲོག་ཆགས་ཡིན་ནམ། འོན་ཏེ་སྔལ་ཡིན་ནམ། ཡང་ནི་བློ་བུར་དུ་འོངས་པའི་རྡུལ་ལམ། སྲོག་ཆགས་ཤིག་གམ་སྙམ་པ་ལས། ལེགས་པར་བརྟགས་ན་འོལ་ཕྱིར་མཐོང་བ་དེ ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ། ཡོད་པར་འོལ་གྱི་མཐོང ་བར་ཟད་དོ།། དཔེར་ན་མི་ལ་ལ་སྔ་དྲོ་ལྷོ་འུར་འཁྲགས་ནས་པན་ཚུན་འགྲོ་བ་ལ། བྲིས་པ་དག་མཐོང་ན་འདི་སྙམ་དུ་རྟོག་སྟེ། ཅི་བ་ལང་ངམ། མ་ཧེ་འམ། འོན་ཏེ་བྱ་རྒོད་དམ་སྙམ ་པ་ལས། དེའི་འོག་ཏུ་བྱིས་པ་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ། ས་བཅུ་ཐོབ་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་དེ་བཞིན ་གཤེགས་པའི་སྙིང་པོ་ཡོད་བཞིན་དུ། ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། དཔེར་ན་བྱང་ཆུབ་སེམས་དཔའི་གཟུགས་ཆེན་པོ་བྲིས་པ། མཚན་མོ་མུན་པའི་ནང་དུ་བཀྲམ་པ་ལ།། ་མི་མིག་ཡོད་པ་དག་གིས་བརྟགས་ན། སངས་རྒྱས་ཀྱི་སྐུ་གཟུགས་ཤིག་ཡིན་ནམ། འོན་ཏེ་རས་དམར་པོ་ཞིག་གམ། འོན་ཏེ་དབང་ཕྱུག ་ཆེན་པོ་དང་། ཚངས་པའི་གཟུགས་ཤིག་སྙམ་པ་ལས། དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་གཟུགས་ཡིན་པར་འོལ་ཕྱིར་མཐོང་བ་དེ་བཞིན་དུ། རིགས་ཀྱི་བུ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་ཀྱང་། རང་གི་ལུས་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་བཞིན་དུ་ཡོད་པར་འོལ་ཕྱིར་མཐོང་བར་ཟད་དོ།། རིགས་ཀྱི་བུ་དེ་ལྟར་ན། དེ་བཞིན ་གཤེགས་པའི་སྙིང་པོ་ནི་མཐོང་བར་ཤིན་དུ་དཀའ་སྟེ། དེ་བཞིན་གཤེགས་པའི་ཡུལ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། རིགས་ཀྱི་བུ་དེ་ལྟར་ན་ངའི ་བསྟན་པ་ནི་མཁས་པས་རིག་པར་བྱ་བ་ཡིན་ཏེ། འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ།། གསོལ་པ་གལ་ཏེ་དེ་ལྟ་ལགས་ན། ཤའི་མིག་དང་ལྡན་པ་རྣམས་ཀྱིས་ཆ་པྲ་བ་ཇི ་ལྟར་བལྟ་བར་བགྱི་ལགས། བཀའ་བསྐུལ་པ། འདུ་ཤེས་མེད་མིན་ལྷ་རྣམས་ཀྱང་ཇི་ལྟ་བལྟ་བར་བྱ། འདི་ནི་སངས་རྒྱས་ཉིད་ཀྱི་ཡུལ་ཡིན་གྱི། ཉན་ཐོས་དང་རང་སངས ་རྒྱས་ཐམས་ཅད་ཀྱི་ཡུལ་མ་ཡིན་ཏེ། དེ་དག་གིས་ནི་མདོ་འདི་རྗེས་སུ་མཐུན་པ་ལས་ཡིད་ཆེས་པར་བྱའོ།། དེ་ལྟར་བྱས་བཏང་དེ་དག་ཀྱང་ཡང་དག་པའི་ལྟ་བ་ཅན་དུ་འགྱུར་རོ།། ། ་རིགས་ཀྱི་བུ་དེ་ལྟར་ན་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིའི་ཚུལ་གྱིས། བདག་གི་ལུས་ལ་དེ་བཞིན་གཤེགས ་བའི་སྙིང་པོ་ཡོད་པར་ཡིད་ཆེས་པར་བྱས་ཏེ། མདོ་སྡེ་འདི་དང་རྗེས་སུ་མཐུན་པར་བརྩོན་པར་བྱའོ།། དེ་བཞིན་གཤེགས་པའི་སྙིང་པོ་ནི། དེ་བཞིན་གཤེགས་པའི་ཡིན་གྱིས། ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ཡུལ་མ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་པ་རྣམས་ལ་ཡིན་སེམས་ཅན་གྱི་ཁམས་གང་ཟག་གཞན་པ་མཆིས་པ་ལག་སོ།། ་བཀའ་སྩལ་པ། རིགས་ཀྱི་བུ་དཔེར་ན་མི་གཉིས་ཤིག་འཛའ་སྟེ། གཅིག་ནི་རྒྱལ་པོའི་བུ་གཅིག་ནི་དབུལ་པོ་ཞིག་ཡིན་ལ། དེ་གཉིས་ཕན་ཚུན་བྱམས་པས་གཅིག་གི་ཁྱིམ་དུ ་གཅིག་འགྲོ་ཞིང་རྩེ་བར་བྱེད་དེ། དེ་ནས་མི་དབུལ་པོ་དེས། རྒྱལ་པོའི་བུ་དེའི་རལ་གྲིས་དེས་པ་མདོག་པ་མཐོང་བ་ལས། རྒྱལ་པོའི་བུ་དེས་རལ་གྲི་ཁྱེར་ཏེ། ཡུལ་གཞན ་དུ་སོང་ངོ་།། དེ་ནས་མི་དབུལ་པོ་དེ་མཚན་མེད་པའི་རྟེན་ཁང་ཞིག་ཏུ་ཉལ་བ་ལས་བརྟོལ་ཏེ། རལ་གྲི་རལ་ཞེས་ཟེར་ནས། དེའི་ཚིག་གྲོང་སྲུངས་རྣམས་ཀྱི་ཐོས་ནས། རྒྱལ ་བཽ་ལ་གསོལ་ཏེ། རྒྱལ་པོས་མི་དེ་བཀུག་ནས། ཀཱའི་རལ་གྲི་དེ་ཅི་འདྲ་བར་ཞིག་གི་ལས་འོངས་ཞེས་སྨྲས་པ་དང་། དེས་སྐབས་དེའི་གཏམ་རྒྱལ་པོ་དེ་ལ་གསོལ་ནས་ལྷ་གང ་དེ་བདག་གིས་བརྐུས་པར་གྱུར་ན། བདག་གིས་རྐང་ལག་འདི་དག་བཅད་དུ་གསོལ།། བདག་གིས་ནི་མཛའོ་དང་ལྷན་ཅིག་རྩེ་བའི་ཕྱིར། མཐོང་བར་བྱ་སྟེ། རེག་ཀྱང་མ ་རེག་ལགས་སོ་ཞེས་བྱས་སོ།། དེ་ནས་རྒྱལ་པོ་དེས་དེ་ལ་སྨྲས་པ། རལ་གྲི་དེ་དབྱིབས་དང་མདོག་ཇི་འདྲ་བ་ཞིག་བྱས་ནས། དེས་རྒྱལ་པོ་དེ་ལ་གསོལ་པ། ལྷ་རལ ་@#གྲི་དེ་ནི་ད་རུང་འདྲི་བར་ཞིག་ལགས་སོ།། ཞེས་བྱས་སོ།། དེ་ནས་རྒྱལ་པོ་དེས་མི་དེ་བཏང་སྟེ། མི་ཁྱོད་མ་འཇིགས་ཤིག། ཁྱོད་ཀྱི་སྔོན་རལ་གྲི་དེ་རྒྱལ་པོ ་དེའི་ཕོ་བྲང་འདིར་མཐོང་ཡང་མ་མཐོང་སྟེ། རྒྱལ་པོའི་བུས་རུང་གི་ཡུལ་དུ་འཚོང་དུས་ནས་རྙེད་པར་ལྟ་ཞིག་སྟེ། དེ་ནི་རྒྱལ་པོས་ཀྱང་རྙེད་པར་དཀའོ།། ཞེས་བྱས་སོ་དེ་ནས་དབུལ ་བེ་དེས་འདུན་ན་འདོན་དང་། བློན་པོ་རྣམས་ལ་རལ་གྲི་དེ་མཐོང་ངམ་ཞེས་བྱས་སོ།། གཞན་ཡང་ཆེ་བོ་ཅིག་གིས་རལ་གྲི་དེ་བཙལ་ཀྱང་མ་རྙེད་དོ།། དེ་ནས་རྒྱལ་པོའི་བུ་གཞན་ཞིག ་རྒྱལ་སར་བཅུག་ནས། དེས་གྲི་རལ་གྲི་དེ་རྙེད་དོ།། གཞན་དག་ནི་མ་རྙེད་བཞིན་དུ་རྒྱལ་པོ་བྱེད་དོ།། དེ་ལྟར་གཅིག་ནས་གཅིག་ཏུ་བརྒྱད་པའི་རྒྱལ་པོ་དེ་དག་གིས་ནིས་རལ་གྲི་དེ ་མ་མཐོང་སྟེ། རལ་གྲི་དེ་འདི་ལྟ་བུར་འདྲ་བ་ཞིག་གི་ལུག་རུ་འདྲའ་བ་ཞིག་གོ། ར་རུ་འདྲ་བ་ཞིག་གོ་སྙམ་དུ་རྟོག་པར་བྱའོ།། ཁ་ཅིག་ནི་ཅི་དགའ་མགུར་རྟག་པར་བྱེད་པ་དེ་བཞིན ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡང་། མཐའི་རྒྱལ་པོའི་བུ་དེ་དང་འདྲ་བར་འཇིག་རྟེན་དུ་བྱུང་སྟེ། བདག་གི་དེ་ཁོ་ན་ཉིད་བསྟན་ནམ། འཆི་བར་བྱེད་དོ།། ། ་དེ་ནས་བློ་རུང་བ་དེ་དག་ནི། སེམས་ཅན་ཐམས་ཅད་ལ་བདག་འདི་ལྟ་བུ་འདི་འདྲ་བ་ཞིག་ཡོད་དོ་སྙམ་སྟེ། ལོག་པར་མཐོང་ནས་ཤེས་རབ་མེད་པ་རྣམས་ལ་རྨི་ལམ་དུ་རྨིས་པ ་བཞིན་དུ་སྟོན་པར་བྱེད་དོ།། འཇིག་རྟེན་པ་དེ་དག་གིས་ཀྱང་དེ་སྐད་དུ་ཐོས་ནས། རང་གི་ལུས་ལ་བདག་གི་ཁམས་ཡོད་དོ་སྙམ་དུ་རྟོག་པར་བྱེད་དོ།། དེ་དག་གིས་བདག་གིས ་བདག་དེའི་རང་བཞིན་ནི་མི་ཤེས་སོ།། དེ་ལྟར་བྱང་ཆུབ་སེམས་དཔའི་ཚིག་ཐོས་ནས་ལོག་པར་བཟུང་སྟེ། རལ་གྲི་ར་རུ་འདྲ་བ་བཞིན་དུ། རྣམ་པ་མང་པོར་རྟོག་པར་བྱེད་དོ།། ་འཇིག་རྟེན་པ་རྣམས་སྐྱེས་བུ་མཐེ་བོ་ཙམ་ཞེས་བྱ་བ་དང་ལྡུམ་བུ་ཤ་མ་ཀའི་འབྲས་བུ་ཙམ་དང་། འབྲས་ཀྱི་འབྲུ་ཙམ་ཞིག་སྙིང་ལ་གནས་ཏེ་འབར་རོ་སྙམ་ལོག་པར་རྟོག་པར་བྱེད། ་དེ་དག་གི་ལྟ་བ་ལོག་པར་ལྟ་བ་གཅིག་ནས་གཅིག་ཏུ་བརྒྱད་དེ་འོངས་པ་ཡིན་ཏེ། དོན་འགྱུར་བ་དང་། བདེ་བར་ལྟུང་འགྱུར་བ་ཡིན་ནོ།། དེ་བས་ན་ངས་བདག་མེད་པར་བསྟན ་ཏོ།། འོན་ཏེ་ཀྱང་ད་དུང་ཡང་འཇིག་རྟེན་པ་རྣམས་བདག་ཡོད་དོ་སྙམ་དུ་ལོག་པར་བྱེད་དོ།། རིགས་ཀྱི་བུ་དེ་བས་ན་ཡང་ངའི་བསྟན་པ་ལས། རལ་གྲི་ཡང་དག་དང་བར་བདག ་ནི་འདི་ལྟ་བུ་ཞིག་གོ་ཞེས། དེ་བཞིན་གཤེགས་པའི་སྙིང་པོ་ངས་བཤད་པར་བྱའོ།། ལེགས་པར་སྨྲས་པའི་ཆོས་དང་འཚམས་པ་གང་ཡིན་པ་དེ་ནི། འཇིག་རྟེན་པ་རྣམས་ཀྱི་ཡིན ་ན་ཡང་འཇིག་རྟེན་ལས་འདས་པ་ཡིན་པར་རིག་པར་བྱའོ།། འཇིག་རྟེན་པའི་ནང་ན་རྣམ་པར་ཐམས་ཅད་དུ་ཆོས་ཀྱི་མཆོག་ནི། བྱང་ཆུབ་སེམས་དཔའ་སྤྲུལ་པ་ཡིན་པར་བྱས་ཏེ། ་བསྟན་འཆོས་སམ། རིགས་སྔགས་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཡིན་པར་ཤེས་པར་གྱིས་ཤིག། གསོལ་པ། བཅོམ ་ལྡན་འདས་ཀྱིས་ཡི་གེའི་ཕྱི་མེ་ཇི་ལྟར་བསྐུལ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡི་གེའི་ཕྱི་མོ་ཐམས་ཅད་ནི་ཐོག་མར་ཡི་གེ་བྱེད་སྤྲུལ་ཏེ། བྱིས་པ་རྣམས་ལ ་རིགས་སྔགས་དང་། ཆོས་ཀྱི་དེ་ཁོ་ན་ཉིད་དང་། ཕུང་པོ་ཐམས་ཅད་ཀྱི་གཟུགས་སུ་འགྱུར་བའི་ཕྱིར་རོ།། དེ་ཡང་དམ་པའི་ཆོས་ཀྱི་ཚུལ་ཡི་གེའི ་བྱི་མོ་བསླབས་ན། ཆོས་དང་ཆོས་མ་ཡིན་པའི་བྱེ་བྲག་མེད་པར་འགྱུར་བའི་ཕྱིར། ངས་སྤྲུལ་བ་ཡིན་གྱི་ཆོས་མ་ཡིན་པའི་ཕྱིར་ནི་མ་ཡིན་ནོ།། གསོལ་བ་ཡི་གེ་ཞེས་བགྱི་བའི ་དོར་གང་ལགས་བཀའ་སྩལ་པ། སྒྲ་བཅུ་བཞི་ལ་ཡི་གེ་ཞེས་བྱ་སྟེ། གང་གི་ཡི་གེ་ཐམས་ཅད་ངེས་པ་ཡིན་པའི་ཕྱིར། མི་བཟོད་པའི་དོན་ཏོ།། ཡི་གེའི་སྒྲ་བཅུ་བཞི་ཞེས་བྱ་བ ་གང་གི་མི་ཕྱེད་པའི་དོན་གང་ཡིན། ཞེས་ན་མིན་མི་ཟད་པའི་དོན་ཏོ།། ཡི་གེ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དོན་ཏོ།། དེ་བཞིན་གཤེགས་པ་ནི་རྡོ་རྗེའི་སྐུ་མི་ཕྱེད་པ་ཡིན ་ཏེ། དེ་བཞིན་གཤེགས་པ་ལ་སྒོ་དག་ནས་མཛག་ཅེས་བྱ་བ་ཡང་མེད་ལ་སྒོ་དགུ་པོ་ཉིད་མེད་དོ།། དེ་བས་ན་མི་ཟད་པའི་དོན་ནི་དེ་བཞིན་གཤེགས་པ་སྟེ། དེས་པ་ཡིན་པའི་ཕྱིར ་ཡི་གེ་ཞེས་བྱ་སྟེ། བྱ་བ་མ་ཡིན་པའི་དོན་ཏོ།། ཨ་ཞེས་བྱ་བ་ནི་བཀྲ་ཤིས་པའི་དོན་ཏོ།། བཞི་གསུམ་ཞེས་བྱ་བའི་ཐ་ཚིག་གོ། ཡང་ཨ་ཞེས་བྱ་བ་ནི་འཕགས་པ་རྣམས་ཀྱི་ཡེ ་ཤེས་ཀྱི་ཚིག་བླ་དགས་སོ།། འཕགས་པ་གང་དག་ཡིན་ཞེ་ན། འཇིག་རྟེན་ན་ཕྱུག་པ་དང་། ཆགས་པ་མེད་པ་དང་། རུང་བ་ཐམས་ཅད་ཀྱི་ཆོས་པར་འཛིན་པ་གང་ཡིན ་བ་རྣམས་དང་། སེམས་ཅན་ཐམས་ཅད་སྲིད་པའི་རྒྱ་མཚོ་ཐམས་ཅད་ལས་ངེས་པར་སྒྲོལ་བ་གང་ཡིན་པ་དེ་དག་ལ་ནི་འཕགས་པ་ཞེས་བྱའོ།། ཨ་ཞེས་བྱ་བ་ནི་ཆོས་ལུགས ་སུ་སྟོན་པ་སྟེ། ཆོ་ག་དང་། སྤྱོད་ཡུལ་དང་། འཇིག་རྟེན་པ་དང་མཐུན་པར་འཇུག་པ་ཞེས་བྱ་བས་ན་དོན་ཐ་དད་པ་མ་ཡིན་ནོ།། ཡང་ཨ་ཞེས་བྱ་བ་ནི་དོན་ཅི་ཞིག་རྒྱས་པར་བྱེད། ་ཅེ་ན། འཕགས་པ་རྣམས་ལ་བརྟེན་ནས་སེམས་ཅན་ཐམས་ཅད་ཀྱི་ཆོ་ག་དང་། སྤྱོད་ཡུལ་དང་། ཕ་མ་དང་། སློབ་དཔོན་དང་། འདུལ་བ་ཞེས་པ་ཡིན་པར་ཤེས་ཤིང་། འདི ་ནི་ཆོས་ཀྱི་ཡིན་ནོ་སྙམ་དུ་ཤེས་པར་འགྱུར་བ་དང་། འཕགས་པ་གང་ཡིན་པ་དེ་དག་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཐེག་པ་ལ་ཞགས་པ་རྣམས་ཏེ། དགེ་སློང་ཚུལ ་ཁྲིམས་དང་ལྡན་པ་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་འཕགས་པ་ཞེས་བྱའོ།། ཡང་ཨ་ཞེས་བྱ་བའི་ནི་ཁྲིམས་སུ་སྟོན་པ་སྟེ། ཁྲིམས ་ཞེས་བྱ་བ་ནི། ཀྱེ་ཁྱོད་ཚུར་ཤོག། ཁྱོད་ཀྱི་ཚུལ་མ་ཡིན་པ་བྱས་ཀྱི། ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་བྱ་བ་དེ་ལྟ་བུ་ཚུལ་མ་ཡིན་པ་རྣམས་དེའི་ཚེ་དྲན་པར་བྱེད་པའི་དོན ་ཏོ།། ཨི་ཞེས་བྱ་བ་ནི་འདི་ཞེས་བྱ་བའི་དོན་ཏེ། བསྟན་པ་འདི་ནི་ཚངས་པར་སྤྱོད་པ། ཟླ་བ་ཉེ་བ་བཞིན་དུ་དྲི་མ་མེད་ཅིང་རྣམ་པར་དག་པའོ།། བསྟན་པ་འདི་ནི་བཅོམ ་ལྡན་འདས་ཀྱིའོ།། འདི་ནི་བྱོས་ཤིག་འདི་ནི་དོན་ཡོད་པའོ།། འདི་ནི་དོན་མེད་པའོ།། འདི་ནི་བདུད་ཀྱིས་སྨྲས་པའོ།། འདི་ནི་སངས་རྒྱས་ཀྱིས་གསུངས་པའོ།། སྙམ ་དུ་མྱོང་བར་བྱ་བའི་དོན་ཏོ།། ཨི་ཞེས་བྱ་བ་ནི་དབང་ཕྱུག་སྟེ། ངའི་བསྟན་པ་ནི་དབང་ཕྱུག་དང་། དབང་ཕྱུག་ཆེན་པོ་དང་། ཚངས་པ་དང་། ཤིན་ཏུ་དཀོན་པའོ།། དབང ་ཕྱུག་ནི་ཆོས་སྐྱོང་བ་སྟེ། ཆོས་སྐྱོང་བ་ནི་རྒྱལ་བའོ།། དེའི་ཕྱིར་དེ་ལ་འཇིག་རྟེན་སྐྱོང་བ་ཞེས་བྱའོ།། ཡོངས་སུ་མྱ་ངན་ལས་འདས། ་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་སེམས་ཅན་གཞན་དག་གི་དོན་གྱི་ཕྱིར། དབང་ཕྱུག་རྣམས་ཀྱིས་ཞུས་སོ།། དབང་ཕྱུག་རྣམས་ཀྱིས་ཡོངས་སུ་བཟུང་ངོ་།། དབང་ཕྱུག ་རྣམས་ཀྱིས་བཤད་དོ།། དབང་ཕྱག་རྣམས་ཀྱིས་དམ་པའི་ཆོས་རབ་ཏུ་འབར་བར་བྱེད་དོ།། དབང་ཕྱག་རྣམས་ཀྱི་ཕྱིར་ངས་བསྟན་ཏེ། ངས་ཅི་བསྟན་ཅེ་ན། ཡེངས ་སུ་མྱ་ངན་འདས་པའི་མདོ་ཆེན་པོ་བསྟན་ཏོ།། དེ་བས་ན་དབང་ཕྱུག་དང་ལྡན་པ་རྣམས་ཀྱི་ཤིན་ཏུ་རྒྱས་པ་ཡིན་ཏེ། འདི་ལ་པྲ་དོག་བྱེད་པ་རྣམས། ནི་ཞིང་ལ་ཞིང་གི་རྡོ ་གསལ་བ་བཞིན་དུ་ཚར་བཅད་པར་བྱའོ།། དེ་ལ་སོགས་པའི་དོན་དུ་རྒྱས་པར་བྱེད་པ་ན། དེའི་ཕྱིར་ངས་ཨི་ཞེས་བྱ་བ་བསྟན་ཏོ།། ཨུ་ཞེས་བྱ་བ་ནི་རྒྱུད་ཕྱི་མས་ཏེ། མདོ ་སྡེ་འདིས་མདོ་སྡེ་ཐམས་ཅད་ཀྱི་དོན་ཕྱི་མའི་ཡང་ཕྱིར་མ་བསྟན་ཏོ།། ངས་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱི་སྔོན་མ་ཐོས་པའི་ཡི་གེ་གཅིག་པ་འམ། ཐིག་ལེ ་གཅིག་བསྟན་ཏོ།། མདོ་སྡེ་ཆེན་པོ་འདི་ནི་མཆོག་པ་ཡིན་ཏེ། དཔེར་ན་བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་རྣམས། བསོད་ནམས་དང་ལྡན་པ་དེ་བཞིན་དུ། མདོ་སྡེ་ཆེན་པོ ་འདི་ཉར་པ་གང་ཡིན་པ་དེ་དག་ནི། འཇིག་རྟེན་ལས་འདས་པ་སྟེ། དེ་དག་རི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་རིག་པར་བྱའོ།། དེ་བས་ན་ཆེ་བ་ཞེས་བྱའོ།། རྒྱུད ་ཕྱི་མའི་དོན་ཞེས་བྱ་བའོ།། དེ་བས་ན་ཨུ་ཞེས་བྱ་བ་ནི་ངས་དེ་ལྟར་བསྟན་ཏོ།། ཨུ་ཞེས་བྱ་བ་ནི་བའི་ནུ་སེར་ལྟ་བུའི་དོན་ཏོ།། དཔེར་ན་དའི་འོ་མ་ཞིམ་པ་བཞིན་དུ། མདོ་འདིའི ་རོ་ཡང་དེ་དང་འདྲའོ།། མདོ་སྡེ་འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་སྤོང་བར་བྱེད་པ་གང་ཡིན་པ་དེ་དག་ནི་བ་ལང་དང་འདྲའ་སྟེ། དཔེར་ན་དྲིན་དུ་བཟོད་པ། ་བདག་གིས་བདག་བསད་པར་སེམས་པ། མྱ་ངན་དུ་བྱ་བ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་སྤངས་ནས། བདག་མེད་པ་སྟོན་པའི་སེམས་ཅན་གང་ཡིན་པ་དེ་དག་ནི། ་མཆོག་ཏུ་མྱ་ངན་དུ་བྱ་བ་ཡིན་པར་རིག་པར་བྱའོ།། དེ་བས་ན་ཨུ་ཞེས་བྱའོ།། ཨཱིའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ཞེས་བྱ་བ་ནི། སངས་རྒྱས ་རྣམས་ཀྱི་ཆོས་ཉིད་དེ། དེ་བས་ཨེ་ཞེས་བྱའོ།། ཨཱིའི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་དོན་ཏོ།། ཨེའི་ཞེས་བྱ་བ་ནི། འོང་བ་དང་འགྲོ་བའི་དོན་ཡིན་པས་ན། ཇི་ལྟར་སོང ་བ་བཞིན་དུ། འོངས་པས་ན་དེའི་ཕྱིར་ཨཱཾ་ཞེས་བྱའོ།། ཨོ་ཞེས་བྱ་བ་ནི་ཉོན་ཉོ་མོངས་པ་རྣམས་པ་ཀྱི་དོན་ཏོ།། སྨན་དུ་གྱུར་པས་མི་ལས་དེ་བཞིན་གཤེགས་པར་འགྱུར་རོ།། དེ ་བས་ན་ཨོཾ་ཞེས་བྱ་བའོ།། ཨོཾའུ་ཞེས་བྱ་བ་ནི་ཐེག་པ་ཆེན་པོའི་དོན་ཏེ། སྒྲ་བཅུ་བཞི་པོ་ཐམས་ཅད་ཀྱི་འཇུག་ནི། ཨོཾའུ་ཡིན་པས་ན་ཐེག་པ་ཆེན་པོས་ནི། རྒྱུད་ཐམས་ཅད་ཀྱི ་རྒྱུད་ཕྱི་མ་ཞེས་བྱ་སྟེ། དེ་བས་ནི་ཡཱིའི་ཞེས་བྱའོ།། ཨ་མ་ཞེས་བྱ་བ་ནི་ངའི་བསྟན་པ་ལ་རུང་བ་མ་ཡིན་པ་ཐམས་ཅད་བཟློག་པ་དང་། གསེར་དངུལ་སྤངས་པ་དང་། དེ་བས ་@དེ་བཟློག་པའི་དོན་དུ་ཡ་མ་ཞེས་བྱ་བ་མཆོག་གི་དོན་ཏེ། དེ་བས་ན་མ་ཞེས་བྱ་སྟེ། དེ་བཞིན་དུ་སངས་རྒྱས་ཀྱི་གསུངས་པའི་མདོ་སྡེ་ཐམས་ཅད ་དང་། རྒྱད་ཐམས་ཅད་ཀྱི་ཐེག་པ་ཆེན་པོ་ཡིན་ནོ།། ཀ་ཞེས་བྱ་བ་ནི་སྙིང་རྗེས་སེམས་ཅན་ཐམས་ཅད་ལ་སྒྲ་ཅན་བཞིན་དུ་ལྟ་བའི་དོན་ཏེ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བྱའོ།། ་སྙམ་དུ་དེ་ལྟར་བསམ་པར་བྱ་བ་ཡིན་པས་ན། དེའི་ཕྱིར་ཀའ་ཞེས་བྱའོ།། ཁ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་གསང་བའི་དོན་ཏོ།། མི་འཁྲུངས་པ་རྣམས་ཀྱིས་ཤེས་པར་མི་ནུས་པས ་ན་དེའི་ཕྱིར་ཁ་ཞེས་བྱའོ།། ག་ཞེས་བྱ་བ་ནི་སྙིང་པོའི་དོན་ཏེ། སེམས་ཅན་ཐམས་ཅད་ལ་བ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་ན་དེའི་ཕྱིར་ག་ཞེས་བྱའོ།། གྷ་ཞེས་བྱ་བ ་ནི་དེ་བཞིན་གཤེགས་པའི་གསུམ་རྟག་ཅེས་བྱ་བའི་དོན་ཏོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་ཡིན་ནོ།། ང་ཞེས་བྱ་བའི་ནི་འདུ་བྱེད་འཇིག་ཅེས་བྱ་བའི་དོན་ཏེ། དེ་བས ་ནང་ཞེས་བྱ་བའོ།། ཙ་ཞེས་བྱ་བ་ནི་སྤྱོད་པའི་དོན་ཏེ། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱ་བས་ན། དེའི་ཕྱིར་ཙ་ཞེས་བྱའོ།། ཆ་ཞེས་བྱ་བ་ནི་དེ་བཞིན་གཤེགས ་བ་དཀར་པོའི་ཆོས་རྣམས་ཀྱི་གདགོས་གཅིག་པ། ལམ་མེར་བཞུགས་པ་ཡིན་ཏེ། དེ་བས་ན་ཚ་ཞེས་བྱའོ།། ཛ་ཞེས་བྱ་བ་ནི་ཆ་དང་འདྲ་བར་ཐར་དེ་གཞིག་པ་མ་ཡིན་ཏེ། ་དེ་བས་ན་ཛ་བའོ།། ཛྙཱ་ཞེས་བྱ་བ་ནི་ཉོན་མོངས་པ་སྐྱེད་པར་སྐྲག་པར་བྱ་བའི་དོན་ཏེ། དེ་བས་ན་ཛྙཱ་ཞེས་བྱའོ།། ཉ་ཞེས་བྱ་བ་ནི་དེ་ཁོ་ན་ཉིད་ཀྱི་དོན་ཞེས་པའི་ཚིག་བླ་དགས་ཏེ། དེ ་བས་ན་ཉ་ཞེས་བྱའོ།། ཊ་ཞེས་བྱ་བ་ནི། ཊ་བཞིན་དུ་འཛམ་བུའི་གླིང་ཁ་ཅིག་ཏུ་དེ་བཞིན་གཤེགས་པ་མཚུངས་པ་མེད་པའི་སྒྲ་སྟོན་པར་མཛད་དོ།། དེ་བས་ན་ཊ་ཞེས་བྱའོ།། ་ཐ་ཞེས་བྱ་བ་ནི་ཆོས་ཀྱི་སྐྲའི་དོན། ཏེ་ཋ་བཞིན་དུ་ཡོངས་སུ་རྫོགས་པས་ན། དེའི་ཕྱིར་ཋ་ཞེས་བྱའོ།། ཌ་ཞེས་བྱ་བ་ནི་དགེ་འདི་ན་གཞོན་ནུ་ཞེས་བྱ་བའི་ཕྱིར་བ་ཞེས་བྱའོ།། ་ཞེས་བྱ་བ་ནི་ངོཚ་མི་ཤེས་པའི་དོན་ཏེ། བླ་མ་རྣམས་ལ་དྲིན་དུ་མི་བཟོ་བས་ན། དེའི་ཕྱིར་ཞེས་བྱའོ།། ཎ་ཞེས་བྱ་བ་ནི་འདི་ལས་ཕྱི་རོལ་པ་རྣམས་འཕགས་པ་མ་ཡིན་པའི་དོན་ཏེ། ་དེ་བས་ན་ཎ་ཞེས་བྱའོ།། ཏ་ཞེས་བྱ་བ་ནི་སྲིད་པ་ཐམས་ཅད་དུ་ལྟུང་བས་ན་བཟློག་པའི་ཕྱིར། དེ་བས་ན་ཏ་ཞེས་བྱའོ།། ཐ་ཞེས་བྱ་བ་ནི་མི་ཤེས་པའི་དོན་ཏེ་དར་གྱི་སྲིན་བུ་བཞིན ་དཀྲིས་པས་ན། དེའི་ཕྱིར་ཐ་ཞེས་བྱའོ།། ད་ཞེས་བྱ་བ་ནི་ཐེག་པ་ཆེན་པོ་ལ་བརྩོན་པར་བྱ་བ་ལ་དགའ་བར་གྱིས་ཤིག་པའི་དོན་ཏེ། དེ་བས་ན་ད་ཞེས་བྱའོ།། དྷ་ཞེས་བྱ་བ་ནི ་གཞི་གསུམ་རང་བཞིན་དུ་བསྟན་ཞིང་། ནུབ་པར་མི་འགྱུར་བའི་དོན་ཏེ། དེ་བས་ན་དྷ་ཞེས་བྱའོ།། ན་ཞེས་བྱ་བ་ནི། གཞི་གསུམ་གྲོང་ཁྱེར་གྱི་སྒོ་སྟན་གྱི་སྟེ་པ་བཞིན་དུ། ཤིན ་ཏུ་བརྟན་པས་ན། དེའི་ཕྱིར་ན་ཞེས་བྱའོ།། བ་ཞེས་བྱ་བ་ནི་ཕྱིན་ཅི་ལོག་གི་དོན་ཏེ། གཞན་གསུམ་ནུབ་པར་མི་འགྱུར་བ་ལ་བདག་ཉིད་ཡོངས་སུ་རྨོངས་པར་འགྱུར་བས་ན། ་དེའི་ཕྱིར་བ་ཞེས་བྱའོ།། པ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་འཇིག་པའི་དོན་ཏེ། འཇིག་རྟེན་འཇིག་པ་ནང་། གཞི་གསུམ་འཇིག་པར་འགྱུར་རོ་ཞེས་ཟེར་བ་ནི་བདག་ཉིད་ཀྱི་འབྲས ་བུ་འཇིག་པར་བྱེད་པ་སྟེ། སྒྲུབ་པ་ལས་ཉམས་པས་ན་དེའི་ཕྱིར་པ་ཞེས་བྱའོ།། བ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་སྟོབས་རྣམས ་ཀྱི་ཚིགས་བླ་དགས་ཏེ། སྟོབས་བཅུ་དང་ལྡན་པས་ནི། དེའི་ཕྱིར་ཞེས་བྱའོ།། བྷ་ཞེས་བྱ་བ་ནི་བྱང་ཆུབ་སེམས་དཔའ་རྣམས་ནི་དམ་པའི་ཆོས་ཀྱི་ཁུར་ཁྱེར་བ་ཡིན་ནོ།། ་ཞེས་བྱ་བའི་དོན་ཏེ། དེ་བས་ན་བྷ་ཞེས་བྱའོ།། མ་ཞེས་བྱ་བ་ནི་ངེས་པར་རང་གི་ཁུར་བར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ལུགས་ཡིན་ཏེ། དེ་བས ་ན་མ་ཞེས་བྱའོ།། ཡ་ཞེས་བྱ་བ་ནི་དོན་བཞི་པོ་རྣམས་བྱང་ཆུབ་སེམས་དཔའ་བྱ་བ་དགོས་པ་ན། དེའི་ཕྱིར་ཡ་ཞེས་བྱའོ།། ར་ཞེས་བྱ་བ་ནི་འདོད་ཆགས་དང་། ཞེ་སྡང་དང་། ་གཏི་མུག་གི་འཇིག་པ་གསལ་བས། དེ་ཁོ་ན་ཉིད་ཀྱི་ཆོས་ལ་འཇུག་པས་ན། དེའི་ཕྱིར་ར་ཞེས་བྱའོ།། ལ་ཞེས་བྱ་བ་ནི་ཉན་ཐོས་ཀྱི་ཐེག་པ་ལས་གྱེན་དུ་བསྐོད་ནས་ཐེག་པ་ཆེན ་པོ་མ་ཡོ་བ་ཉིད་བརྩམ་པར་བྱ་བ་ཡིན་པས་ན། དེའི་ཕྱིར་ལ་ཞེས་བྱའོ།། བ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་ཀྱི་རིག་སྔགས་དང་གསང་སྔགས་དང་། སྨན་རྣམས་བྱང ་ཆུབ་སེམས་དཔའ་མཆོག་རྣམས་ཀྱིས་བསྟན་པས་ན། དེའི་ཕྱིར་ཞེས་བྱའོ།། ཤ་ཞེས་བྱ་བ་ནི་ཟུག་རྔུ་གསུམ་དང་བྲལ་བའི་དོན་ཏེ། དེ་བས་ད་ཤ་ཞེས་བྱའོ།། ཥ་ཞེས་བྱ ་བ་ནི་ཡོངས་སུ་རྟོགས་པའི་དོན་ཏེ། མདོ་ཆེན་པོ་འདི་ཐོས་ནས་ཤིན་ཏུ་རྒྱས་པ་ཐམས་ཅད་ཐོས་པར་འགྱུར་བས་ན། དེའི་ཕྱིར་ཥ་ཞེས་བྱའོ།། ས་ཞེས་བྱ་བ་ནི་དམ་པའི ་ཆོས་དབྱུང་བའི་སེམས་ཅན་གྱི་དོན་ཏེ། དེ་བས་ན་ས་ཞེས་བྱའོ།། ཧ་ཞེས་བྱ་བ་ནི་ཀྱེ་མ་བདག་གི་འཁོར་བ་མཐར་གཏུགས་སོ།། ཀྱེ་མ་དེ་བཞིན་གཤེགས་པ་ཡོངས་སུ་མྱ ་ངན་ལས་འདས་སོ་སྙམ་དུ་དགའ་བ་དང་། ཡོངས་སུ་གདུང་བའི་དོན་ཏེ། དེ་བས་ན་ཧ་ཞེས་བྱའོ།། ཀླ་ཞེས་བྱ་བ་ནི་བདུད་ཀྱི་དོན་ཏེ། བདུད་བྱེ་བ་སྙེད་ཀྱིས་ཀྱང་དགེ་འདུན ་དབྱེ་བར་མི་ནུས་མེད་ཀྱི། དེ་བཞིན་གཤེགས་པ་ནི་འཇིག་རྟེན་དང་མཐུན་པར་མཛད་པ་སྟོན་ཏོ།། ཡང་ཀྱུ་ཞེས་བྱ་བ་ནི་འཇིག་རྟེན་ཐམས་ཅད་དང་མཐུན་པར་བྱ་བའི་དོན་ཏེ། ་དེ་བས་ན་ཀྵ་ཞེས་བྱའོ།། རི་རི་ལི་ལི་ཞེས་བྱ་བའི་ཡི་གེ་བཞི་པོ་འདི་རྣམས་ཀྱིས་ནི་སངས་རྒྱས་དང་། ཆོས་དང་དགེ་འདུན་དང་། གཉེན་པོ་སྟོན་པའི་དོན་བའི་རྒྱས་པར ་བྱེད་དོ།། འཇིག་རྟེན་དང་མཐུན་པར་བྱ་བ་དེ་ནི་གཉེན་པོ་ཡིན་ཏེ། དཔེར་ན་ལྷས་བྱིན་གྱི་དགེ་འདུན་ཕྱེ་བ་ལྟ་བུའོ།། དགེ་འདུན་ཆེ་བ་སྟོན་པ་ན་བསླབ་པའི་གཞི་བཅའ ་བའི་ཚུལ་བཞིན་དག་ཀྱང་སྤྲུལ་ཏེ། ཐབས་སྟོན་པ་དག་མཐོང་ན། ཤེས་རབ་ཅན་སྒྲགས་པར་མི་བྱ་བར་འདི་ནི་འཇིག་རྟེན་དང་མཐུན་པར་བྱ་བ་སྟེ་ཡིན་ནོ།། སྙམ་དུ ་ཡིད་ཆེས་པར་བྱ་སྟེ། དེ་བས་ན་རི་རཱི་ལི་ལཱི་ཞེས་བྱའོ།། རཱུ་གཉིས་ལུས་བྱུང་བ་དང་། ལྕེ་དྲང་ནས་བྱང་བ་དང་། ཁ་སྣ་གཉིས་ནས་འབྱུང་བ་དང་། རིང་པོ་དང་། ཡུན ་རིང་དྲང་བ་རྣམས་ནི་དོན་དང་། ལྷན་ཅིག་ཏུ་སྦྱར་བ་ཡིན་ནོ།། ཡི་གེ་རྣམས་ལྷན་ཅིག་ཏུ་སྦྱར་བས་ནི། བྱེད་པ་ལ་འཇུག་པར་འགྱུར་རོ།། ལྕེ་ལ་སོགས་པ་རྣམས་ནི་ལུས ་ཀྱི་ཁམས་ཡིན་ཏེ། ཁམས་རང་བཞིན་གྱི་ཡོངས་སུ་དག་པའོ།། ཕུང་པོ་དང་། ཁམས་དང་། སྐྱེ་བཆེད་རྣམས་པ་སྣ་ཚོགས་པ་དེ་ལ་དེ་ལྟ ་བུ་ཡང་མགོ་མཉམ་དུ་ཆོས་ཀྱི་དེ་ཁོ་ན་ཉིད་དུ་ཉེ་བར་བཞི་ཁོངས་སུ་ཞིའོ།། དེ་བཞིན་གཤེགས་པའི་སྙིང་པོས་ཁྱབ་པའི་ཁམས་དེའི་གཟི་བརྗིད་ཀྱིས། ལྷན་ཅིག་ཏུ་སྦྱར་བར་བྱེད ་པ་ལས་འགྱུར་ཏེ། དེ་བས་ན་ཡི་གེ་བྱེད་པ་ཞེས་རྒྱུད་ཐམས་ཅད་དང་། ཆོས་ཐམས་ཅད་ནི་ཡི་གེའི་ཕྱེ་མོ་སྦར་བའི་ཐ་སྙད་ཡིན་ཏེ། དེ་བས་ན་དེ་བཞིན་གཤེགས་པ་དང་། ཐར ་པ་དེ་ཁོ་ན་ཉིད་དུ་མཐོང་ངོ་།། ཡི་གེ་བརྗོད་པ་ཐ་དད་རྟོག་པའི་འདུ་ཤེས་དང་། ཡི་གེ་དང་འབྲུའི་འདུ་ཤེས་དེ་ཉིད་སྤངས་པ་ནི། དེ་བཞིན་གཤེགས་པ་ཡང་ཐར་པ་སྟེ། དེ་བས ་ཐར་པ་ནི་ཐམས་ཅད་དུ་འགྲོལ་བ་དང་། རབ་ཏུ་འགྲེལ་པ་ཡིན་ནོ།། དེ་བཞིན་གཤེགས་པ་ཉིད་ཡི་གེ་བྱེད་པའི་ཆོས་ཀྱི་དེ་ཁོ་ནའི་ཕྱིར་བྱང་བ་ཡིན། སྙམ་དུ་ཡང་དག་པར་ཤེས ་པ་གང་ཡིན་པ་དེ་དག་ནི་ཡི་གེ་ཤེས་པ་ཞེས་བྱའོ།། གཞན་དག་ནི་ཡི་གེ་བྱེད་པ་ཞེས་མི་བྱའོ།། ཡི་གེ་མེད་པ་གང་དག་ཡིན་ན། ཆོས་མ་ཡིན་པ་རྟོག་པ་གང་ཡིན་པ་རྣམ་སོ།། ། ་ཆོས་ལ་རྟེན་དུ་ཟིན་པ་ཡིན་ཀྱང་དེ་བཞིན་གཤེགས་པ་རྟག་པ་དང་། གཞི་གསུམ་པོ་དང་། ཐར་པ་ཐེར་ཟུག་པ་དང་། མདོ་སྡེ་དང་། མདོ་སྡེ་མ་ཡིན་པ་དང་། འདུལ ་བ་མ་ཡིན་པ་དང་། བདུད་ཀྱིས་སྨྲས་པ་དང་། སངས་རྒྱས་ཀྱི་ས་གསུངས་པའི་བྱེ་བྲག་མི་ཕྱེད་པ་གང་ཡིན་པ་དེ་དག་ཐམས་ཅད་ནི་ཁོ་ན་ཡི་གེ་མེད་པ་ཞེས་ང་ཟེར་རོ།། ། ་རིགས་ཀྱི་བུ་དེ་བས་ན་ཁྱོད་ཀྱིས་ཚུལ་འདི་དག་ལས་ཡི་གེ་ཕྱེད་པ་རྣམས་བསློབས་ཤིག་དང་། དེ་ལྟར་བྱས་ན་ཡི་གེ་ཤེས་པ་ཞེས་བྱའི་གྲངས་སུ་རྟོགས་པར་འགྱུར་རོ།། ་གསོལ་པ་བཅོམ་ལྡན་བྲ་དག་གིས་གྲངས་སུ་ཆུད་པར་བགྱི་སྟེ། དེ་ལྟར་འཚལ་བས་ནི་ཡི་གེ་ཕྱེད་པ་རྣམས་བསླབ་པར་བགྱི་འཚལ་ལགས་སོ།། བཅོམ་ལྡན་འདས ་བདག་གི་ད་བཟོད་སློབ་དཔོན་གྱིས་མཆོག་ཁྱོད་ལྟ་བུ་རྙེད་ལགས་སོ།། བཅོམ་ལྡན་འདས་བདག་ནི་ད་བཟོད་ཡིག་རྩིས་ཀྱི་གནས་སུ་ཞགས་ལགས་སོ།། བཀའ ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། དྲན་པའི་ཆོས་འདོད་པས་ནི། དེ་ལྟར་འདོད་པས་བྱ་དགོས་སོ།། རིགས་ཀྱི་བུ་དེ་ལ་ཟིལ་མོ་ཞེས་བྱ་བ་ནི་གཉིས་ཏེ། ་སྡུག་བསྔལ་དང་། མི་རྟག་པ་དང་། བདག་མེད་པ་རྣམས་ཟལ་མོ་རྣམས་དང་། གཞན་དང་འགྲོགས་པའི་ཟལ་མོ་རྣམས་ཏེ། དེ་ནི་བྱའི་དོན་ནོ།། གསོལ་པ་སྡུག་བསྔལ་དང་། ་མི་རྟག་པ་དང་། བདག་མེད་པ་ཇི་ལྟ་བུ་ཟལ་མོ་ཞེས་བགྱི་ལོགས། བཀའ་སྩལ་པ། ཆོས་ཁ་ཅིག་ནི་མི་རྟག་པ་ལ། ཆོས་ཁ་ཅིག་ནི་རྟག་པའི་ཕྱིར་དང་ཆོས་ཁ་ཅིག་ནི་བདེ་བའི ་ཕྱིར་དང་། ཆོས་ཁ་ཅིག་ནི་བདག་ཡོད་པའི་ཕྱིར་ཏེ། དཔེར་ན་བུ་རམ་ཤིང་དང་། འབྲས་སཱ་ལུ་དང་། འབྲུ་དང་། ཁྲེ་དང་། ཁྲེ་དགོད་དང་། སྲན་པ་དང་། སྲིན་སྡེའུ་དང་། ་སྲན་གྲེའུ་ལ་སོགས་པ་འབྲུའི་སྣ་གྲངས་རྣམས། མེ་ཏོག་གི་དུས་ནས་འབྲུའི་དུས་ཀྱི་བར་དུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ།། ཕུབ་མ་མེད་པར་གྱུར་ནས་ནི། སེམས་ཅན་ཐམས ་ཅད་ལ་ཕན་འདོགས་པར་འགྱུར་ལ།། སའབྲུའི་གྲངས་རྣམས་ཀྱི་ཁོང་དུ་འདུས་ཏེ། དེས་ན་རྟག་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། རང་དུ་འགྱུར་བའི ་ཕྱིར་རོ།། གསོལ་པ་བཅོམ་ལྡན་འདས་ཅི་ལགས། དེ་དག་སླད་ཀྱིས་མ་མཆིས་པར་མི་འགྱུར་ལགས་སམ། དེ་དག་སླད་ཀྱིས་མཆིས་པར་མི་འགྱུར་བ་བཞིན་དུ། དེ་བཞིན ་གཤེགས་པ་རྟག་པ་ཞེས་བགྱི་ལགས་སམ། བཀའ་སྩལ་པ། དེ་བཞིན་གཤེགས་པ་རི་རབ་བཞིན་ཞེས་དཔེར་གླེང་མོད་ཀྱི་རིའི་རྒྱལ་པོ་རི་རབ་ཀྱང་འཇིག་པ་བསྐལ་པ་བས། ་འཇིག་པར་གྱུར་པ་བཞིན་དུ། དེ་བཞིན་གཤེགས་པ་ལ་ཁྱོད་དེ་ལྟར་མ་འཛིན་ཞིག། མྱ་ངན་ལས་འདས་པ་མ་ག་རྟོགས་པར་འཇིག་རྟེན་ཐམས་ཅད་ན། འཇིག་པར་མི་འགྱུར་བ ་ཆུད་ཟད་ཀྱང་མེད་ཀྱིས། འཇིག་རྟེན་དང་མཐུན་པའི་ཚུལ་གྱིས། ཀུན་རྫོབ་ཀྱི་རྗེས་སུ་འཇུག་པར་གྱིས་ཤིག། གསོལ་པ། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། བཀའ ་སྩལ་པ། རིགས་ཀྱི་བུ་ལི་དེ་བཞིན་དུ། མདོ་སྡེ་ཐམས་ཅད་ཀྱི་སྒོམ་པ་བསྒོམས་པའི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི། སེམས་ཅན་རྣམས ་ཀྱེ་མ་ཐོས་ཀྱི་བར་དུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ།། མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་དང་བཅས་པ་ཡིན ་དུ་ཟིན་ཀྱང་། ཉོན་མོངས་པ་མེད་པའི་ཁོངས་སུ་འདུས་ལ། སེམས་ཅན་ཐམས་ཅད་ལ་ཡང་དག་ཕན་འདོགས་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི ་སྙིང་པོ་ཡོད་པར་ཤེས་པའི་ཕྱིར་རོ།། མཆོག་ཏུ་རྟག་པར་ཤེས་ནས་ཀྱང་། དེ་འཇུག་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཤིང་ཨ་མྲ་འམ། ཤིང་ལ་ཡང ་རུང་སྟེ། མེ་ཏོག་གི་དུས་ནས་འབྲས་བུའི་བར་གྱི་དུས་ནི། མི་རྟག་པའི་ཆོས་ཀྱི་ཁོངས་དུ་འདས་ན་སོ།། འབྲས་བུ་སྨིན་པར་གྱུར་ནས་ནི། སེམས་ཅན་ཐམས་ཅད་ལ་ཕན་འདོགས ་བར་འགྱུར་ཏེ། རྟག་པའི་ཆོས་ཀྱི་ཁོངས་སུ་འདུས་པར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོམ་པ་བསྒོམས་པའི་འབྲས་བུ ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་སེམས་ཅན་རྣམས་ཀྱི་ནམ་མ་ཐོས་ཀྱི་བར་དུ་ནི། མི་རྟག་པའི་ཁོངས་སུ་འདུས་སོ།། མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི། ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་། བཅས་པ་ཡིན་དུ་ཟིན་ཀྱང་། ཉོན་མོངས་པ་ཁོངས་སུ་འདུས་ལ། སེམས་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ཏེ། ་ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར་རོ།། མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང ་དཔེར་ན། གསེར་ཁུང་ངམ་ཟངས་ཁུངས་ཡང་རུངས་ཏེ། བརྐོ་བའི་དུས་ཀྱི་བར་དུ་ནི་མི་རྟག་པའི་ཁོངསུ་འདུས་སོ།། བསེག་མ་དང་། རྡོ་དང་། སྐྱོན་རྣམས་མེད་པར་གྱུར་ནས་ནི། སེམས ་ཅན་ཐམས་ཅད་ལ་ཕན་འདོགས་པར་འགྱུར་ཏེ། རྟག་པའི་རྫས་རིན་པོ་ཆེའི་ཁེངས་སུ་འདུས་སོ།། རིགས་ཀྱི་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི ་སྒོམ་པ་བསྒོམ་པའི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི། སེམས་ཅན་ཐམས་ཅད་ཀྱི་ནམ་མ་ཐོས་པར་ད་ནི་མི་རྟག་པའི་ཁོང ་དུ་འདུས་སོ།། མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་། ཉོན་མོངས་པ་མེད་པའི་ཁོངས་སུ་འདུས་ལ། སེམས ་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་རོ།། ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་ཤེས་པའི་ཕྱིར། རོ་མཆོག་ཏུ་རྟག་པ་ཤེས་ནས་ཀྱང་དེ་དག ་འཇུག་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། བུ་རམ་ཤིང་ངམ་ཏི་ལ་ཡང་རུང་སྟེ། ཁུ་བ་དང་མར་དུ་གྱུར་པའི་བར་དུ་ནི། མི་རྟག་པའི་ཁོངས་སུ་འདུས་སོ།། ་བུ་རམ་ཤིང་གི་ཚིགས་མ་དང་། ཏིལ་གྱི་ཚིགས་མ་མེད་པར་གྱུར་ནས་ནི། སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་ལ། རྫས་རྟག་པའི་ཡང་ཁོངས་སུ་འདུས་པར ་འགྱུར་རོ།། རིགས་ཀྱིས་བུ་དེ་བཞིན་དུ་མདོ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་ཀྱི་སྒོམ་པ་བསྒོམས་པའི་འབྲས་བུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་སེམས ་ཅན་རྣམས་ཀྱིས་མ་ཐོས་ཀྱི་བུ་ནི་མི་རྟག་པའི་ཁོངས་སུ་འདུས་སོ།། མདོ་སྡེ་རིན་པོ་ཆེ་འདི་ཐོས་ནས་ནི། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་དང་བཅས་པ་ཡིན་དུ་ཟིན་ཀྱང་། ཉོན ་མོངས་པ་མེད་པའི་ཁོངསུ་འདུས་ལ། སེམས་ཅན་ཐམས་ཅད་ལ་ཡང་ཕན་འདོགས་པར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། བདག་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པར་འགྱུར་རོ།། ། ་མཆོག་ཏུ་རྟག་པར་ཤེས་ནས་ཀྱང་དེ་དག་འཇུག་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཆུ་ཀླུང་ཐམས་ཅད་ནི་རྒྱ་མཚོའི་ཁོངས་སུ་འདུས་སོ།། རིགས་ཀྱི་བུ་དེ་བཞིན་དུ་མདོ ་སྡེ་ཐམས་ཅད་དང་། ཏིང་ངེ་འཛིན་ཐམས་ཅད་དང་། ཐེག་པ་ཆེན་པོ་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིའི་ཁོངས་སུ་འདུས་སོ་ཅིའི་ཕྱིར་ཞེ་ན། འདི་ལས་དེ་བཞིན་གཤེགས ་པའི་སྙིང་པོ་ཤིན་ཏུ་ཡོངས་སུ་མཐར་ཐུག་པ་གསལ་བར་བསྟན་པའི་ཕྱིར་ཏེ། མཆོག་ཏུ་མཐར་ཕྱིན་པ་གང་ཡིན་པ་དེ་ནི་རྒྱུ་གཉིས་ཞེས་བྱའོ།། དེ་བས་ན་ཆོས་ཁ་ཅིག་ནི་མི་རྟག་ལ། ཆོས ་ཁ་ཅིག་ནི་རྟག་པ་ཞེས་བྱའོ།། གསོལ་པ་སངས་རྒྱས་ལ་ཡང་མྱ་ངན་གྱི་ཟུག་རྔུ་ཟད་པ་མངའོ་ཞེས་སྨྲས་ཏེ། རྫོགས་པའི་སངས་རྒྱས་ཀྱི་ནི། མིའི་མྱ་ངན་ལས་འདས་པ་ལྟ་བུ་ཡང ་མ་ལགས། ལྷའི་མྱ་ངན་ལྟ་བུ་ཡང་མ་ལགས། བདུད་ཀྱི་མྱ་ངན་ལྟ་བུ་ཡང་མ་ལགས། སངས་རྒྱས་ནི་དུད་འགྲོར་སྐྱེས་པ་ལྟ་བུར་ཡང་མྱ་ངན་མི་མཛད་ལགས་ན་ཇི་ལྟ་བུ་ཞིག ་ལགས་ན། བཀའ་བསྩལ་པ་འདུ་ཤེས་མེད་པ་རྣམས་ཀྱི་འདུ་ཤེས་ཀྱང་ཇི་ལྟ་བུ་ཞིག་འདུ་ཤེས་མེད་ན་ནི། གསོན་པ་ཡང་མི་རིགས་ཏེ། འདུ་ཤེས་མེད་པ་རྣམས་ནི་གསོན་པོ་ཡིན་ནོ།། ་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་རྣམས་མེད་པ་དེ་དག་ལ་འདུ་ཤེས་ག་ལ་ཞིག་ཡོད་དེ་དཔེར་ན་ཤིང་རྣམས་ལ་ལྷ་རྣམས་གནས་མོད་ཀྱི། ལྷ་དེ་དག་ཤིང་གི་ཡལ་ག་རྣམས་སམ། རྩ་བ ་རྣམས་གང་ན་གནས་པ་མི་མངོན་པ་དེ་བཞིན་དུ་བསྟན་པ་ཡང་ཟབ་མོ།། དེ་བཞིན་གཤེགས་པ་ཡང་ཟབ་པོ། སྒྲ་གཅན་ཟིན་ལ་བྱ་བ་བཞིན་དུ་བྱམས་པས་རྟག་ཏུ་མྱ་ངན་བྱེད་པ་ནི། འདུ ་ཤེས་མེད་འདུ་ཤེས་མེད་མིན་གྱི་ལྷ་རྣམས་མྱ་ངན་བྱེད་པ་ཡང་འདྲའོ།། དེ་དག་ནི་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ཡིན་ཏེ། སངས་རྒྱས་ནི་དེ་ལྟ་བུ་ཡིན།། ། ་སངས་རྒྱས་ཀྱི་ཆོས་ཉིད་ཅི་འདྲ་བ་དང་། སྐུ་ཅི་འདྲ་བ་དང་། རང་བྱུང་རྣམས་ཀྱི་གསུང་ཅི་འདྲ་བ་དང་། ཐུགས་ཅི་འདྲ་བ་ནི། སྒྲ་གཅན་འཛིན་དང་འདྲ་བར་གཟུགས་ཤེས་པར ་བརྫུན་པར་འགྱུར་རོ།། ཆོས་ཐམས་ཅད་བརྫུན་པའོ་ཞེས་བྱ་བ་ནི། བསམ་གྱིས་མི་ཁྱབ་པར་བསྟན་ཏོ།། དེ་བཞིན་དུ་སངས་རྒྱས་བཅོམ་ལྡན་འདས་ཀྱང་བསམ་གྱིས་མི་ཁྱབ ་པོ།། ཆོས་ཀྱང་བསམ་གྱིས་མི་ཁྱབ་པོ།། བསྟན་པ་ཡང་བསམ་གྱིས་མི་ཁྱབ་སྟེ། དེ་ལྟར་ན་སངས་རྒྱས་རྣམས་ཀྱི་ཡང་དག་པའི་ཆོས་ཉིད་དེ་དེ་ཡིན་ནོ།། ཇི་སྲིད་དུ་ནམ་མཁའ ་ཡིན་པ་དེ་སྲིད་དུ་ཁྲིམ་ན་གནས་པ་ཡང་མེད། ཀ་བ་ཡང་མེད་དེ། རྡུལ་ཡང་མེད་དེ། ནམ་མཁའི་ངོ་བོ་ཉིད་ཁོ་ནར་འདུག་པ་དེ་མཐོང་ནས་ནི། བྱིས་པའི་རང་བཞིན་ཅན་རྣམས ་ཀྱིས་ནམ་མཁའ་ཇི་ལྟར་འདུག་པ་དེ་བཞིན་དུ། སེམས་ཅན་ཡོངས་སུ་སྦྱར་བར་བྱའོ།། དེ་ལྟར་བསམ་གྱིས་མི་ཁྱབ་པ་ལ་མྱ་ངན་ག་ལ་ཡོད། མྱ་ངན་མེད་པར་ཡང་སྒྲ་གཅན་ཟིན ་བཞིན་དུ། གཟིགས་ཤེས་བྱ་བའི་དོན་མེད་པར་འགྱུར་ཏེ། དེ་བཞིན་གཤེགས་པའི་མྱ་ངན་ནི་ནམ་མཁའ་དང་འདྲ། སྒྱུ་མ་ལ་སེམས་གཞན་མེད་པ་བཞིན་དུ། དེ་བཞིན་གཤྱེ ་པ་མྱ་ངན་འདའ་ཞེས་བྱ་བ་དེ་ཡང་སྒྱུ་མའི་ཚུལ་དུ་ཟད་ན། ཡོངས་སུ་མྱ་ངན་ག་ལ་ཡོད། མི་རྟག་པ་ལ་ནི་མྱ་ངན་ཡོད་དེ། དེ་དག་ནི་སེམས་ལས་གྱུར་པ་ཡིན་ནོ།། དེ་བས་ན་དེ ་བཞིན་གཤེགས་པ་ནི་རྟག་གོ།། མི་རྟག་པ་ནི་མྱ་ངན་ཡོད་ན། དེ་བཞིན་གཤེགས་པ་ནི་མི་རྟག་པ་མ་ཡིན་པས་ན། མྱ་ངན་ཡོད་ཅེས་བྱ་བ་དང་། མེད་ཅེས་བྱ་བར་རྟོག་པར། ་མི་ནུས་ཏེ། དེ་བཞིན་གཤེགས་པ་ནི་མྱ་ངན་དང་བྲལ་བ་ཡིན་ནོ།། དམའ་བས་ནི་དམའ་བཤེས་ཀྱི། དམའ་བས་ནི་འབྲིང་མི་ཤེས་སོ།། འབྲིང་གིས་ཀྱང་འབྲིང་ཤེས་ཀྱི། འབྲིང་གི ་ནི་རབ་མི་ཤེས་སོ།། རབ་ཀྱི་ནི་དམའ་བ་དང་། འབྲིང་དང་། རབ་རྣམས་ཤེས་སོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི། རང་གིས་སའི་བདག་ཤེས་པར་ཟད་དོ།། ། ་སངས་རྒྱས་རྣམས་ཀྱི་ནི་ཐམས་ཅད་ཐུགས་སུ་ཆུད་དེ་དེ་བས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། ཡེ་ཤེས་སྒྲིབས་པ་མི་མངའ་བ་ཞེས་བྱའོ།། དེ་ལྟར་ན་ལྷ་ཡུལ་དང་སའི ་སྟེང་དག་ཏུ་སྒྱུ་མ་རྣམས་པ་སྣ་ཚོགས་སྟོན་ཏོ།། དེ་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འཇིག་རྟེན་དང་མཐུན་པར་སྟོན་ཏོ་སྙམ་དུ་ཤེས་ནས། ཤའི་མིག་དང་ལྡན་པའི་བྱིས ་པ་རྣམས་ཀྱིས་ཀྱང་། ཐོགས་པ་མེད་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར་མཁས་པའི་ཤེས་པ་ལ་གནས་པར་བྱའོ།། རྫོགས་པའི་སངས་རྒྱས་ཀྱི་རྟོགས་པ་ཡིན་གྱི། བྱིས་པ་རྣམས ་ཀྱེ་སྐུལ་མ་ཡིན་ནོ།། དེ་བས་ན་ཆོས་ཁ་ཅིག་ནི་བདག་ཡོད། ཆོས་ཁ་ཅིག་ནི་བདག་མེད་འདི་ནི་ཟལ་མོ་ལྟ་བུར་བསྟན་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་སངས་རྒྱས་ཀྱི་སྤྱོད ་ཡུལ་བྱ་གཞད་གཟས་ལ་འགྲོ་བ་ལྟ་བུར་བསྟན་པར་བྱ་སྟེ། དཔེར་ན་བྱ་གཞད་རྣམས་དང་། ཟལ་མོ་རྣམས་ནི་དབྱར་ཆུ་ཀླུང་རྣམས་ཀྱི་ཆུ་བཞིན་དུ་འབྲུག་པའི་ཚེ། རང་གི་སྒོ ་ངའི་མཆིས་བྱ་བའི་ཕྱིར་ཐང་ཁ་ནས་ས་གཞི་བསྟན་པོར་གནས་འཆའ་བར་བྱེད་ལ། སྤྱོད་ཡུལ་གང་ཡིན་པ་དེར་དོང་བར་བྱེད་དེ། དེ་ནི་དེ་དག ་གི་ཆོས་ཉིད་དོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། སྐྱེས་ནས་སེམས་ཅན་བྱེ་བ་ཕྲག་མང་པོ་དམ་པའི་ཆོས་ལ་བཀོད། ་གཞད་དང་ལ་ཟལ་མོ་བཞིན་དུ་འདུལ་བར་བྱ། ཇི་སྙེད་ཡོད་པ་དེ་དག་གི་དོན་རྣམས་བྱས་ཟིན་ཀྱང་། འདུལ་བྱར་བྱ་བ་གཞན་དག་ག་ལ་ཡོད་པ་དེར་སྣང་བར་འགྱུར་རོ།། ། ་དེ་ལྟར་ན་ཆོས་ཁ་ཅིག་ནི་སྡུག་བསྔལ་ལ། ཆོས་ཁ་ཅིག་ནི་བདེ་ཞེས་བྱ་སྟེ། འདུ་བྱེད་གང་ཡིན་པ་དེ་དག་ནི་སྡུག་བསྔལ་བ་དང་། འཇིག་པ་ཡིན་ནོ།། མྱ་ངན་ལས ་འདས་པ་གང་ཡིན་པ་དེ་དགེ་ནི་བདེ་བ་ཡིན་ཏེ། འདུ་བྱེད་སྤངས་པའི་ཕྱིར་བདེ་བ་དང་ལྡན་ནོ།། གསོལ་པ། དེ་ཇི་ལྟར་བུ་ལས་གཞན་ནོ།། གསོལ་པ། མྱ་ངན་ལས ་འདས་པ་ཐོབ་པའི་སེམས་ཅན་རྣམས་ལྟར་བདེ་བ་ལགས། བཀའ་སྩལ་པ། རིགས་ཀྱི་བུ་ངས་བསྟན་པ་ལ། རྒའ་བ་དང་མཆི་བའི་རྒྱ་མཚོ་རྣམས་ལས་བྱུང་བའོ།། ། ་བག་ཡོད་པ་ནི་མཆི་བ་མེད་པའི་གནས་སོ།། བག་མེད་པ་ནི་འཆི་བའི་གནས་སོ།། བག་ཡོད་པ་དང་ལྡན་པ་རྣམ་ནི་འཆི་བར་མི་འགྱུར་རོ།། བག་མེད་པ་དང་ལྡན ་པ་རྣམས་ནི་རྟག་ཏུ་ཤི་བ་དང་འདྲའོ།། བག་མེད་གང་ཡིན་པ་དེ་ནི་འདུ་བྱེད་ཡིན་ན། དེ་ནི་མཆོག་ཏུ་སྡུག་བསྔལ་བའོ།། མྱ་ངན་ལས་འདས་པ་ནི་འཆི་བ་མེད་པའོ།། ་བག་མེད་པ་དང་ལྡན་པ་རྣམས་འདུ་བྱེད་དུ་གྱུར་པ་ཡིན་ནོ།། དེ་དག་ནི་མཆོག་ཏུ་སྡུག་བསྔལ་བའོ།། མྱ་ངན་ལས་འདས་པ་གང་ཡིན་པ་དེ་དག་ནི། འཆི་བ་མེད་པ་ཡིནོ།། ། ་ཞེས་ཟེར་རོ།། བག་ཡོད་པ་དང་ལྡན་པ་དེ་དག་ནི་འདུ་བྱེད་དང་ལྡན་པ་མ་ཡིན་ཏེ། དེ་དག་ནི་འདུ་བྱེད་རྣམས་ལ་སྨོད་ཀྱང་རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། བཞིག ་ཏུ་མེད་པ་ཞེས་ང་ཟེར་རོ།། བག་ཡོད་པ་དང་ལྡན་པ་རྣམས་ནི་གང་ཡིན། བག་ཡོད་པ་དང་ལྡན་པ་རྣམས་ནི་གང་ཡིན་ཞེ་ན། འཇིག་རྟེན་པ་རྣམས་ནི་བག་ཡོད་པ་དང་ལྡན ་པ་ཡིན་ཏེ། ཤི་བ་དང་འདྲའོ།། འཇིག་རྟེན་ལས་འདས་པ་རྣམས་ནི་རྒ་བ་མེད་པ་དང་། འཆི་བ་མེད་པ་དང་། བག་ཡོད་པ་དང་ལྡན་པ་རྣམས་ནི། མྱ་ངན་ལས་འདས ་པ་མཆོག་ཏུ་བདེ་བ་ཐོབ་པའོ།། དེ་བས་ན་ཆོས་ཁ་ཅིག་ནི་སྡུག་བསྔལ་ལ། ཆོས་ཁ་ཅིག་ནི་བདེ་བ་ཡིན་ནོ་ཞེས་ངས་བསྟན་ཏོ།། ཆོས་ཁ་ཅིག་ནི་བདག་མེད་ལ། ཆོས་ཁ ་ཅིག་ནི་བདག་མེད་པ་ནི། དཔེར་ན་ས་ལ་འདུལ་བའི་མི་མིག་མེད་པས།། ནམ་མཁའ་ལ་བྱ་འཕུར་པའི་རྗེས་མི་མཐོང་བ་དེ་བཞིན་དུ། ཉོན་མོང་པ་ལ་གནས་པ་རྣམས་ཀྱིས ་བདག་ཉིད་ལ་སྙིང་པོའི་མཆོག་ཡོད་པ་བདག་གིས་མི་མཐོང་སྟེ། དེ་བས་ན་ངས་དགོངས་པའི་ཚིག་བདག་མེད་དོ།། ཞེས་བསྟན་ཏེ། ལྷའི་མིག་མེད་པའི་མི་རྣམས་ཀྱིས་ནི ་བདག་ལ་བདག་ཡོད་དུ་ཟིན་ཀྱང་མི་མཐོང་སྟེ། ཉོན་མོངས་པ་ཡིན་ནོ་ཞེས་ཟེར་རོ།། ཉོན་མོངས་པའི་རྣམ་པའི་འདུ་བྱེད་རྣམས་གང་ཡིན་པའི་ཆོས་དེ་དག་ནི་མི་རྟག་པ་ཞེས ་བྱའོ།། དེ་བས་ཆོས་ཁ་ཅིག་ནི་མི་རྟག་པ་ཞེས་བསྟན་ཏོ།། རྒྱུ་དེས་ན་ཤེས་རབ་དང་ལྡན་པའི་ཁར་འདུག་པ་ཡིས། བྱིས་པས་ལ་འདུག ་བ་ལེགས་པར་མཐོང་། ཤེས་རབ་ཅན་ནི་རི་ཁ་ན་གནས་པས། ཉོན་མོངས་པའི་རྣམ་པ་དང་འབྲེལ་པའི་བྱིས་པ་མཐོང་བ་བཞིན་ནོ།། གསོལ་པ། ཤེས་རབ་ཁ་དོག་མཆིས ་པ་གང་དག་ལགས། མྱ་ངན་མ་མཆིས་པ་དག་འཇིག་རྟེན་ན། མྱ་ངན་མ་མཆིས་མྱ་ངན་འདས་པ་ལ། མྱ་ངན་དག་ནི་ཇི་ལྟར་མཆིས་པར་འགྱུར། གལ་ཏེ་སངས་རྒྱས ་བཅོམ་ལྡན་འདས་ཡོངསུ་མྱ་ངན་ལས་འདས་ན། བྱིས་པ་རྣམས་ཀྱི་ཇི་ལྟར་མཐོང་ལགས། ཤེས་རབ་ཀྱི་ཁང་བཟངས་ཀྱི་སྟེང་དུ་ཡང་ཇི་ལྟར་བཞུགས་ལགས། མི་རི ་ཀ་ན་མཆིས་པས་ནི་མཐོང་དུ་རུང་སྟེ། འདི་ནི་མཆིས་ན་འདོད་རུང་བ་ལགས་ན། ཡོངས་སུ་མྱ་ངན་ལས་འདས་པས་པ་ཇི་ལྟར་མཐོང་ལགས་བཀའ་སྩལ་པ། ཤེས་རབ་ཀྱི ་ཁང་བཟང་ནི་མྱ་ངན་ལས་འདས་པའོ།། མྱ་ངན་མེད་པ་ནི་དེ་བཞིན་གཤེགས་པའོ།། མྱ་ངན་གྱི་ཤས་ཆེ་བ་ནི་སྐྱེ་དགུ་རྣམས་ཡིན་ཏེ། དེ་དག་ནི་མྱ་ངན་ཅན་ཡིན་ལ། དེ་བཞིན་གཤྱེ ་པ་ནི་མྱ་ངན་མེད་པའོ།། རི་ཞེས་བྱ་བ་ནི་ཐར་པ་ཡིན་ཏེ། རི་རབ་བཞིན་དུ་བསྟན་པའི་ཕྱིར་རོ།། ས་ཞེས་བྱ་བ་ནི་འདུ་བྱེད་རྣམས་སོ།། བྱིས་པ་ཐམས་ཅད་ནི་ས་ལ་འགོད་པའོ།། ཤེས ་རབ་ཅན་ཞེས་བྱ་བ་ནི་རྫོགས་པའི་སངས་རྒྱས་ཀྱི་དོན་ཏེ། དེ་བཞིན་གཤེགས་པ་ནི་མྱ་ངན་མེད་ཅིང་བརྟན་པའི་ཕྱིར་རོ།། སངས་རྒྱས་ཀྱི་མྱ་ངན་གྱི་ནང་ན་མྱ་ངན་མེད་པ་སྟེ། སེམས ་ཅན་རྣམས་ཀྱི་མྱ་ངན་གྱི་ཟུག་རྔུ་སེལ་བའོ།། གསོལ་པ། གལ་ཏེ་དེ་བཞིན་གཤེགས་པ་ནི་མྱ་ངན་ལས་འདས་ན་ནི། ད་དུང་མྱ་ངན་འདས་པ་ཏེ། རྫོགས་པར་སངས་མ་རྒྱས་པ་ཞེས ་མི་བྱའོ།། བཀའ་སྩལ་པ། རྒྱུད་ཡོད་དེ་གང་ན་འདུལ་བར་བྱ་བ་རྣམས་ཡོད་པ་དེར་ནི། རྫོགས་པའི་སངས་རྒྱས་སྣང་སྟེ། དེར་སྐྱེ་བ་ལྟ་བུར་སྟོན་ཏོ།། དེ་བས་ན་དེ་བཞིན་གཤེགས ་པ་ནི་རྟག་པ་ཡིན་ཏེ། སངས་རྒྱས་བྱ་གཞན་དང་ཟལ་མོ་ལྟ་བུ་ཞེས་བྱའོ།། ། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པ་ཆེན་པོའི་མདོ།། ་། བམ་པོ་དགུ་པའོ།། ། རིགས་ཀྱི་བུ་དཔེར་ན། ཟླ་བ་ནི་ཉིན་པར་སྣང་བ་ན། ་ཁ་ཅིག་ཏུ་ལྟུང་བ་ལྟར་སྣང་སྟེ། དེ་ནས་སེམས་ཅན་གྱི་ཟླ་བ་ལྟུང་ངོ་སྙམ་དུ་འཛིན་ནོ།། ཟླ་བ་ནི་མེད་པར་མི་འགྱུར་ཏེ། གླིང་གཞན་དུ་ཡང་འཆར་བར་འགྱུར་ལགས། དེ་ཡང་ཟླ་བ་སྐྱེས ་བ་མེད་དོ།། སེམས་ཅན་རྣམས་ཀྱིས་ནི། ཟླ་བ་ནི་ལྟུང་བ་ལྟ་བུར་སྣང་ཡང་འཇིག་པར་མི་འགྱུར་ལ། ཆར་པ་ལྟ་བུར་སྣང་ཡང་སྐྱེ་བ་མེད་དེ། རིའི་རྒྱལ་པོ་རི་རབ་ཀྱིས་བསྒྲིབས་པས་མི་སྣང ་བར་ཟད་ལ། ཟླ་བ་ནི་རང་བཞིན་གྱིས་སྐྱེས་ཟིན་པ་ཡིན་ཏེ། སྣང་བྱེད་རྣམས་ཀྱི་ཆོས་ཉིད་ནི་དེ་ཡིན་ནོ།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན། འཛམ་བུ་གླིང་ལ་ལར་ཕ་མ་ཕྲད་པ་ལས་སྐྱེས་པ་ཡང་སྣང་སྟེ། སེམས་ཅན་རྣམས་ནི་འཆིའོ་སྙམ་དུ་འཛིན་ལ། དེ་བཞིན་གཤེགས ་པ་ལ་སེམས་དཔའ་མེད་དོ།། འཛམ་བུ་གླིང་ལ་ལར་ནི་ཡོངས་སུ་མ་ངན་ལས་འདས་པ་ལྟ་བུར་སྣང་ལ། དེ་བཞིན་གཤེགས་པ་ལ་ནི་འཆི་བ་མེད་དོ།། སེམ ་ཅན་རྣམས་ཀྱིས་སྐྱེས་སོ་སྙམ་དུ་འཛིན་ཏེ། དེ་བཞིན་གཤེགས་པ་ནི་ལྟུང་བ་དང་། སྐྱེ་བ་ལྟ་བུར་སྣང་ཡང་སྐྱེ་བ་ཡང་མེད། འཆི་བ་ཡང་མེད་དོ།། འདུལ་བར་བྱའོ།། དབང་གིས་ནི་ཟླ་བ་ཆེས ་བཞིན་དུ་ཡང་རྒྱུ་བར་མཛད་དོ།། ཟླ་བ་ནི་གླིང་ཁ་ཅིག་ཏུ་ཟླ་བ་ཆོས་གཅིག་ཏུ་ཟླ་བ་ཡོངས་སུ་རྒྱས་པ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱིས་ཟླ་བ་ཉའོ།། སྙམ་དུ་འཛིན་ཏོ།། ཟླ་བ་ནི་གླིང་ཁ་ཅིག ་ཏུ་ཡི་གེ་ཏ་འདྲ་བར་ཟླ་བ་ཚེས་པར་ཡང་སྣང་སྟེ། འཛམ་བུ་གླིང་པ་རྣམས་ཀྱི་དོན་ཟླ་བ་ཆེས་གཅིག་ཡིན་ནོ།། སྙམ་དུ་འཛིན་ཏོ།། དེ་ནས་ཟླ་བ་ཕྱེད་པར་འཛིན་ཏོ།། དེ་ནས་ཚེས་བཅོ་ལྔ་ཡི་ནོ།། ་སྙམ་སྟེ་ཟླ་བ་ཉེ་བར་འཛིན་ཏོ་ཁ་ཅིག་གིས་ནི་ཟླ་བ་ཕྱེད་ཡིན་པར་འཛིན་ཏེ། ཟླ་བ་ནི་ཕྱེད་དུ་འགྱུར་ཞིང་འཆར་བ་ཡང་མེད། ལྟུང་བ་ཡང་མེད་དེ། ཟླ་བ་ནི་རི་རབ་ཀྱི་རྐྱེན་གྱིས་དེ་ལྟར་སྣང ་ངོ་།། རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། འཛམ་བུའི་གླིང་ལ་ལར་ནི། ཟླ་བ་ལྟར་བུར་སྣང་སྟེ། སེམས་ཅན་རྣམས་ཀྱི་དེ ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་སོ་སྙམ་དུ་འཛིན་ཏོ།། འཇམ་བུ་གླིང་ལ་ལར་ནི། ཟླ་བ་ཚེས་པ་བཞིན་དུ་སྐྱེ་བ་ལྟ་བུར་སྣང་སྟེ། སེམས་ཅན་རྣམས་ཀྱི་ཁྱེའུ་འདི་སྐྱེས ་སོ་སྙམ་དུ་འཛིན་ཏོ།། ཟླ་བ་ཆོས་གཉིས་དང་འདྲ་བར་ནི་ལྷའི་ཐད་དུ་འགྲོ་བར་འཛིན་ཏོ།། ཟླ་བ་ཆེས་གསུམ་དང་འདྲ་བར་ནི་ཡི་གེ་བསློབ་པའི་སར་འགྲོ་བར་འཛིན་ཏོ།། ཟླ་བ་ཆོས ་བརྒྱད་ལྟ་བུར་ནི་རབ་ཏུ་འབྱུང་བར་སྟོན་ཏོ།། ཟླ་བ་ཉ་ལྟ་བུར་འོད་ཀྱི་མུན་པ་གསལ་བ་བཞིན་དུ། འདུ་བྱེད་ཇི་སྙེད་བརླགས་ནས། ལམ་མེར་བཞུགས་སོ།། ཟླ་བ་ནུབ་པ་ལྟར་བུར ་ནི་ཡོངས་སུ་མྱ་ངན་ལས་འདས་པ་སྟོན་ཏོ།། ཟླ་བ་གཟའ་རྣམས་ཀྱིས་བསྐོར་བ་བཞིན་དུ། མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱེད་བཟང་པོ་བརྒྱད་བཅུའི་བརྒྱན་ཏོ།། དེ་ཁ ་ཅིག་གིས་ནི་སྐྱེ་བར་འཛིན་ལ་སྐྱེས་པ་ཡང་མེད། འགག་པ་ཡང་མེད་དེ། དེ་བཞིན་གཤེགས་པ་ནི་ཟླ་བ་བཞིན་དུ་དུས་ཐམས་ཅད་དུ་རྟག་པ་ཡིན་ནོ།། དེ་བས་ན་དེ་བཞིན་གཤེགས ་པ་རྟག་པ་དང་། བརྟན་པ་ཞེས་བྱའོ།། དཔེར་ན་ན་ཟླ་བ་ནི་ཐམས་ཅད་དུ་སྣང་སྟེ། ཆུ་དང་དགོན་པ་དང་། ཁྱིམ་དང་གྲོང་ཁྱེར་དང་། ཆུར་ཆུས་གང་བ་རྣམས་དང་། ཁྲོན་པ ་པ་དང་། གཞན་ཡང་དཔག་ཚད་སྟོང་སྲིད་དུ་ཡང་རུང་སེམས་ཅན་རྣམས་གང་དུ་འགྲོ་བ་དེ་དག་ཐམས་ཅད་དུ་སྣང་སྟེ། དེར་བྱིས་པ་རྣམས་ཀྱི་ཡིད་ལ་ཟླ་བ་འདི་ནི་བདག་ཁོ་ནའི ་ཕྱི་བཞིན་འབའ་ཞིག་ཏུ་འོང་ངོ་སྙམ་དུ་འཛིན་ཏོ།། གང་གི་ཚེ་ཁྱིམ་བདག་གི་ནང་དུ་མཐོང་བ་དེའི་ཚེ་ནི། ད་ནི་འདི་ན་སྣང་ན། ཟླ་བ་འདི་དེ་བཞིན་ནམ། འོན་ཏེ་གཞན་ཞིག ་ཡིན་ཞིག་གུ་སྙམ་དུ་རྟོག་གོ། དེ་ལ་བྱིས་པ་ཁ་ཅིག་གིས་ནི་ཟླ་བ་ཆུར་ཙམ་དུ་འཛིན་ཏོ།། བར་མ་རྣམས་ཀྱིས་ནི་ཤིང་རྟའི་ཕང་ལོའི་ཚད་ཙམ་དུ་འཛིན་ཏོ།། རབ་རྣམས་ཀྱིས་ཟླ་བ ་དཔག་ཚད་ལྔ་བཅུ་པ་ཙམ་ལ་ཟླུམ་པོ་ཡིན་པར་ཤེས་སོ།། དུད་འགྲོ་རྣམས་ཀྱིས་ནི་ཟླ་བ་སྲིན་བུ་མེ་ཁྱེར་ཙམ་དུ་མཐོང་སྟེ། སྐྱེ་གནས་ཐམས་ཅད་དང་ལྡན་པའི་དུད་འགྲོ་རྣམས ་ཀྱིས་ཟླ་བ་རང་རང་གི་རྣམ་པར་ཤེས་པའི་རྟགས་ནས་སོ་སོར་མཐོང་ངོ་།། དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་འཇིག་རྟེན་དུ་བྱུང་ན་ཐམས། ་ཅད་དུ་སྣང་སྟེ། སེམས་ཅན་ཁ་ཅིག་གིས་ནི་དེ་བཞིན་གཤེགས་པ་ཟླ་བ་དང་འདྲ་བར་འཛིན་ཏེ། བདག་ལ་ཐུགས་བརྩེ་བའི་ཕྱིར། བདག་གི་ཁྱིམ་གྱི་ཕུགས་ན་བཞགས་སོ ་སྙམ་མོ།། དུད་འགྲོ་རྣམས་ཀྱིས་ནི་རང་རང་གི་སྐྱེ་གནས་ཀྱི་ལུས་ལྟ་བུར་མཐོང་ངོ་།། སེམས་ཅན་ལྐུགས་པ་རྣམས་ཀྱིས་ནི། དེ་བཞིན་གཤེགས་པ་ལྐུགས་པར་མཐོང་ངོ་།། ་འོན་པ་དང་ལག་རྡུམ་རྣམས་ཀྱིས་ཀྱང་བདག་ཉིད་དང་འདྲ་བར་མཐོང་ངོ་སྐད་དང་འདུ་ཤེས་དང་། ཡི་གེ་ཐ་དད་པ་རྣམས་ཀྱིས་ཀྱང་བདག་ཅག་དང་འདྲའོ་སྙམ་དུ་འཛིན་ཏེ། བདག ་ཅག་གི་སྐད་དུ་སྨྲའོ།། བདག་གི་ཁ་ཟས་ཟའོ་སྙམ་དུ་འཛིན་ཏོ།། ལུས་ཆེ་བ་རྣམས་ཀྱང་དེ་བཞིན་གཤེགས་པ་ནི་བདག་ཅག་དང་འདྲ་བོ་སྙམ་དུ་འཛིན་ཏོ།། ཁ་ཅིག་གིས ་ནི་ཉན་ཐོས་དང་། རང་སངས་རྒྱས་ཡིན་ནོ་སྙམ་པ་དུ་འཛིན་ཏོ།། བདག་ཅག་གིས་ནི་ཡ་མཚན་ཐམས་ཅད་ཀྱི་ནང་ན་དུ་རབ་ཏུ་བྱུང་བར་མཐོང་ངོ་།། ཁ་ཅིག་གིས་ནི་དེ ་བཞིན་གཤེགས་པ་བདག་གི་ཕྱིར་འཇིག་རྟེན་དུ་བྱུང་ངོ་།། སྙམ་དུ་འཛིན་ཏོ།། དཔེར་ན་ཟླ་བ་རང་བཞིན་དུ་གནས་པས་སོ་སོའི་རང་བཞིན་དུ་ཐམས་ཅད་མགུ་བར་བྱེད་པ་དེ་བཞིན ་དུ། དེ་བཞིན་གཤེགས་པ་ཡང་ཆོས་ཀྱི་སྐུ་ཡིན་བཞིན་དུ། ཐབས་ཀྱི་སྐུ་དུག་སྨན་གྱི་སྡོང་པོ་དང་འདྲ་བར་འཛིན་ཞིང་སེམས་ཅན་རྣམས་མགུ་བར་མཛད་དེ། འཇིག་རྟེན ་ཐམས་ཅད་དང་མཐུན་པར་མཛད་པ་དག་གིས། སྐྱེས་པའི་རབས་སྟོང་ཕྲག་མང་པོ་སྟོན་པར་མཛད་དོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་ཐམས་ཅད་དུ་སྐྱེ་བ་སྟོན་པའི་ཕྱིར་སྐྱེས ་བའི་རབས་ཀྱི་བླ་ཞེས་བྱའོ།། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག་པ་དང་། རྟག་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཟླ་བ་དང་ལྷ་མ་ཡིན་གྱི་དབང་པོ་སྒྲ ་གཅན་ཟིན་འཕྲད་པའི་ཚེ། འཇིག་རྟེན་པ་རྣམས་ཀྱིས་ཟླ་བ་གཟས་ཟིན་ཏོ་སྙམ་དུ་འཛིན་ཏེ། སྒྲ་གཅན་ཟིན་ནི་ཟླ་བ་ལ་འཛིན་པར་ཡང་མི་བྱེད་ལ། དེས་ནི་དེ་ལ་ཟ་བར་ཡང ་མ་ནུས་ཏེ། སྒྲ་གཅན་ཟིན་གྱི་ལག་པས་ཟླ་བ་བསྒྲིབས་ནས། འོད་མི་སྣང་བར་བྱེད་པར་ཟད་དེ། ཟླ་བ་ལ་རྨ་ཡང་མེད། ཉོན་མོངས་པ་ཡང་མེད་དོ།། ཇི་ཙམ་དུ་སྒྲ་གཅན ་ཟིན་གྱིས་ལག་པས་ཟླ་བ་བཀབ་པ་དེ་ཙམ་དུ། ཟླ་བའི་འོད་མི་སྣང་བར་འགྱུར་ལ། སྒྲ་གཅན་ཟིན་གྱི་ཟླ་བ་བཏང་པའི་ཚེ་ནི། ཁ་ནས་བྱང་བ་ལྟ་བུར་སྣང་སྟེ། མི་རྣམས ་ཀྱིས་ཟླ་བ་ནི་སྡུག་བསྔལ་ཞིང་འདུག་གོ་སྙམ་དུ་འཛིན་ཏོ།། ཟླ་བ་རང་བཞིན་ཁོ་ནར་འདུག་བཞིན་དུ། བདག་སྒྲ་གཅན་དང་ལྷན་ཅིག་ཏུ་འདུག་པར་སྟོན་ཏེ། འདི་ནི་འཇིག ་རྟེན་གྱིས་ཆོས་ཉིད་དོ། སྒྲ་གཅེན་བྱེ་བ་སྙེད་ཀྱིས་ཀྱང་། ཟླ་བ་ཟ་བ་འམ་གཞིག་པར་ཡང་མི་ནུས་ཏེ། ཟླ་བ་རང་ཉིད་དེ་ལྟར་སྟོན་ཏོ།། དེ་བཞིན་དུ་དེ་བཞིན་གཤེགས ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་ཟླ་བ་ལྟ་བུར་སྟོན་པར་མཛད་དེ།། མ་འོངས་པའི་དུས་ཀྱི་དོན་དུ། ངན་སེམས་ཀྱིས་ཁྲག་བྱུང་བའི་མཚམས ་མེད་པའི་ལས་བསྟན་ཕྱིར། དེ་ལ་སོགས་པ་འདོད་ཆེན་པའི་མཐའ་དང་། དགེ་འདུན་དབེན་གྱི་ཆོས་ཐ་དད་པ་ཡང་སྟོན་པར་མཛདདོ།། ་དེ་བཞིན་གཤེགས་པའི་སྐུ་ལ་ནི། བདུད་བྱེ་བ་ཕྲག་འབུམ་གྱིས་ཀྱང་། ཁྲག་དབྱུང་བར་མི་ནུས་ཏེ་ལ། དེ་བཞིན་གཤེགས་པའི་སྐ་ལ་ནི་ཁྲག་དང་། རུས་པ་དང་རྒྱས་པ་ཡང་མེདདོ།། ། ་སྡུག་བསྔལ་བའི་བག་ཀྱང་མེད་དོ།། སེམས་ཅན་རྣམས་ཀྱིས་ནི་གཞི་གསུམ་མ་རུང་ངོ་།། དེ་བཞིན་གཤེགས་པ་ལ་རྨ་ཕྱུང་ངོ་།། སྙམ་དུ་འཛིན་ཏོ་དེ་བཞིན་གཤེགས་པ་ནི་རང་བཞིན ་ཁོ་ནར་བཞགས་མོད་ཀྱི། དེ་ལྟར་འཇིག་རྟེན་དང་མཐུན་པར་སྟོན་ཏོ།། འདི་ལྟ་སྟེ་མི་ལ་ལས་མི་ཞིག་ལ་འཕྲེང་བ་འམ། དབྱུག་པས་བསྣུན་ཏེ། ཁྲག་ཕྱུང་ངམ། བསད་པའི་སེམས ་ཀྱིས་དེ་བསད་ནས། དེའི་འོག་ཏུ་དེ་བཞིན་གཤེགས་པས་ལས་དེ་ཙམས་པར་མཛད་པར་དགོངས་ཏེ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་ན། མི་དེའི་སེམས་ཐུགསུ ་ཆུད་ནས། མཚམས་མེད་པའི་ལས་ཡང་དག་པར་སྟོན་པར་མཛད་དོ།། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་མ་འོངས་པའི་དོན་དུ་གྱི་ཕྱིར་ལས་ཀྱི་རྣམ་པར་མཛད་དོ།། དཔེར་ན། ་སྨན་པ་ལ་ལ་ཞིག་གིས་རང་གི་བུ་རྩ་བའི་མིང་གི་རྣམ་གྲངས་སློབ་པར་བྱེད་དེ། འདི་ནི་རྩ་བ་ལྔའོ།། འདི་ནི་ཁ་བའོ་ཞེས་རྩ་བོའི་རྣམ་པར་དབྱེ་བ་དག་གི་སྒོ་ནས་ངོ་སྟོན་པར་བྱེད་དེ། ་ཁྱེའུ་དེས་ཀྱང་དེ་ལྟར་བསླབས་ནས། རྩ་བའི་རྣམ་པར་དབྱེ་བ་ཤེས་པར་གྱུར་ལ། དེ་ནས་སྨན་ཤི་ནས་ཁྱེའུ་དེ་ན་རེ། ཀྱེ་ཧུད་པ་ཅིག། ཀྱེ་ཧུད་པ་ཅིག། ཁྱོད་ཀྱི་བདག་རྩ་བའི ་རྣམ་པར་དབྱེ་བ་བསླབས་ཏེ། རྩ་བ་ནི་འདི་འདྲའོ།། ལོ་མ་ནི་འདི་འདྲའོ་ཞེས་དེ་སྐད་ཟེར་བ་བཞིན་དུ། དེ་བཞིན་གཤེགས་པས་ཀྱང་བསླབས་པའི་གཞི་ཐམས་ཅད་ཀྱི་སྤྲུལ་པར་མཛདདེ། ་གསོར་རུང་བ་དང་། གསོར་མི་རུང་བ་དང་། མཚམས་མེད་པ་དང་། མདོ་སྡེ་སྤོང་བ་དང་། འདོད་ཆེན་པའི་ཐ་རྣམས་སྟོན་པར་མཛད་དེ། མ་འོངས་པའི་དུས་ན་འདི་ལྟ་བུར་འགྱུརརོ།། ་ཞེས་བྱ་བའི་དོན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ནས། དགེ་སློང་རྣམས་ཀྱིས་སྨན་པའི་བུ་བཞིན་ཏེ། དེ་བཞིན་གཤེགས་པས་མདོ་སྡེ་ལས་འདི ་སྐད་ཅེས་བཀའ་སྩལ་ཏེ། ལས་འདི་ཡིན་ནོ་སྙམ་དུ་ཤེས་སོ།། དཔེར་ན་ཟླ་བ་ལྟ་བཟའ་འཇུག་པ་ན། མི་རྣམས་ཀྱིས་ནི་ཟླ་བ་དྲུག་ཅིང་ཟླ་བ་ལ་འཇུག་པར་ཤེས་སོ།། སྟེང་གི་ལྷ ་རྣམས་ཀྱིས་ནི་ཉིན་ཅིག་བཞིན་དུ་ཟླ་བ་ལ་བཟའ་འཇུག་པར་ཤེས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ལོ་ཚིགས་རིང་ལ། མི་རྣམས་ཀྱི་ལོ་ཚིགས་ཐུང་བའི་ཕྱིར་རོ།། རིགས་ཀྱི་བུ་དེ ་བཞིན་དུ་ལྷ་རྣམས་དང་། མི་རྣམས་ཀྱིས་ནི། དེ་བཞིན་གཤེགས་པའི་སྐུ་ཚེ་ཐུང་ངོ་སྙམ་དུ་འཛིན་ཏོ།། ཇི་ལྟར་ལྷ་གོང་མ་གོང་མ་རྣམས་ཀྱིས་སྐད་ཅིག་སྐད་ཅིག་ལ་ལར་ཟླ་བ་ལ ་གཟའ་འཇུག་པར་འཛིན་པ་དེ་བཞིན་དུ། ལྷ་གོང་མ་གོང་མ་རྣམས་ཀྱིས་སྐད་ཅིག་ལ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པར་བྱེད་པ་སྙེད་ཀྱང་སྟོན་པར ་མཛད་དེ། ཉོན་མོངས་པ་དང་། ཕུང་པོ་དང་ཁམས་དང་། ལྷ་དང་། འཆི་བདག་གི་བདུད་བྱེ་བ་སྙེད་ཀྱང་སྟོན་པ་དང་། སྐྱེས་པའི་རབ་སྟོང་སྙེད་ཀྱང་སྟོན་པ་དང་། འཇིག ་རྟེན་དང་མཐུན་པར་བྱ་བ་མང་པོ་དག་སྟོན་པར་ཤེས་སོ།། དེ་ལྟར་ན་དེ་བཞིན་གཤེགས་པ་དཔག་ཏུ་མེད་པ་ཡིན་ཏེ། དེ་བས་ན་རྟག་པ་དང་།། ་བརྟན་པ་ཡིན་ནོ་དཔེར་ན་ཟླ་བ་ནི་སེམས་ཅན་ཐམས་ཅད་ཀྱི་ཡིད་དུ་འོང་ཞིང་བལྟ་ན་སྡུག་པ་ཡིན་པས་ན། དེའི་ཕྱིར་ཟླ་བ་ཞེས་བྱའོ།། འདོད་པའི་དབང་དུ་གྱུར་པ་འདོད་ཆགས་དང་། ་ཞེ་སྡང་དང་། གཏི་མུག་སྤྲོད་པ་རྣམས་ཀྱི་ཡིད་དུ་འོང་བ་ནི་མ་ཡིན་ནོ།། དེ་བཞིན་དུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་། རང་བཞིན་གྱིས ་སེམས་ཅན་ཆོས་འདོད་པོ་རྣམས་ཀྱིས་ཡིད་དུ་འོང་བ་དང་། མཆོག་ཏུ་ལྟ་ན་སྡུག་པ་ཡིན་ནོ།། སྡང་བའི་སེམས་དང་ལྡན་པ་གཞན་དག་གི་ཡིད་དུ་འོང་བ་ནི་མ་ཡིན་ཏེ། དེ་བས ་ན་དེ་བཞིན་གཤེགས་པ་ནི་ཟླ་བ་དང་འདྲ་བ་ཡིན་ནོ།། དཔེར་ན་ཉི་མ་ནི་དུས་ག་ཚིགས་གསུམ་དུ་འགྱུར་ཞིང་འཕོ་སྟེ། དགུན་དང་། དབྱར་དང་། སོས་ཀའི་དུས་གསུམ་དུ་རྒྱུ ་བར་བྱེད་ལ། དགུན་ནི་ཉི་མ་མྱུར་བ་ཁོ་ནར་རྒྱུའོ།། དབྱར་ནི་ཉི་མ་འབྲིང་ཙམ་དུ་འགྲོའོ།། སོས་ཀའི་ཉི་མ་རིང་དུ་ཐོགས་ཤིང་འགྲོ་སྟེ་འོད་ཤིན་ཏུ་ཆེའོ།། དེ་བཞིན་གཤིགས ་བ་ནི་འཇིག་རྟེན་གསུམ་དུ་སྐྱེ་བོ་རྣམ་པ་གསུམ་སྟོན་པར་མཛད་དེ། སེམས་ཅིན་ཚེ་ཐུང་དུ་རྣམས་ཀྱི་ནང་དུ་ནི། མཆོག་ཏུ་སྐུ་ཆེ་ཐུང་བར་སྟོན་ཏེ། སེམས་ཅན་རྣམས་ཀྱིས ་སངས་རྒྱས་སྐུ་ཆེ་ཐུང་ངོ་སྙམ་དུ་འཛིན་ཏོ།། ཉན་ཐོས་ཀྱི་ཐེག་པ་པ་རྣམས་ལ་ནི་དགུན་གྱི་ཉི་མ་བཞིན་དུ། སྐུ་ཆེ་ཐུང་བ་སྟོན་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན ་བོ་རྣམས་ལ་ནི་དབྱར་གྱི་ཉི་མ་བཞིན་དུ་སྐུ་ཚེ་འབྲིང་དུ་སྟོན་ཏོ།། སངས་རྒྱས་རྣམས་ལ་ནི་སོས་ཀའི་ཉི་མ་བཞིན་དུ། བསྐལ་པའམ། བསྐལ་པ་ལས་ལྷག་པར་བཞུགས་པ་སྣ་།། ་རིགས་ཀྱི་བུ་ཐེག་པ་ཆེན་པོ་འདི་ལས་དགོངས་པའི་ཚིག། དེ་བཞིན་གཤེགས་པའི་གསང་བའི་དམ་པའི་ཆོས་ཀྱི་ཆར་ངས་ཡང་དག་པར་བསྟན་པར་བྱས་ཏེ། མ་འོངས་པའི་དུས་ན ་དམ་པའི་ཆོས་ཐེག་པ་ཆེན་པོའི་མདོ་སྡེའི་ཚད་ཀྱི་ཕན་པའི་གདམས་ངག་སྟོན་པ་གང་ཡིན་པ་དེ་དག་ནི། དབྱར་གྱི་གནམ་གྱི་སྤྲིན་དང་འདྲ་སྟེ། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ཡིན་པར་བྱའོ།། ཉན་ཐོས་དང་རང་སངས་རྒྱས་རྣམས་ནི་དགོངས་པའི་ཚིག་ཐོས་ན། དགུན་གྱི་ཐེབས་པ་དང་འདྲ་སྟེ། དེའི་ཕྱིར་ངས་སྐུ་ཚེ་ཚེ་ཐུང་བ་དང་། ངེས ་ངེས་པར་མྱོང་བར་འགྱུར་བ་ཡང་དག་པར་བསྟན་ཏོ།། སངས་རྒྱས་ཀྱི་ཆོས་བསྟན་པ། སངས་རྒྱས་ཀྱི་ཆོས་བསྟན་པ། སངས་རྒྱས་ཀྱི་གནས་རྒྱ་ཆེན་པོ་ལས་ནི། སོས་ཀའི་ཉི ་མ་བཞིན་དུ་ངེས་བསྟན་ཏོ།། བསྟན་པར་བསྟན་ཏོ།། ད་ནི་ཉི་མ་བཞིན་དུ་གང་དུ་ལྟུང་བ་མེད་དོ།། ཉི་ཟླའི་ཆོས་ཉིད་ཀྱང་སྟོན་ཏོ།། དེ་ལྟར་ན་དེ་བཞིན་གཤེགས་པ་ནི་འཇིག་རྟེན ་གསུམ་དུ་ཡང་དག་སྣང་སྟེ། འདི་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། རིགས་ཀྱི་བུ་གཞན་ཡང་བ་སངས་དང་། པུར་བུ་དང་། མིག་དམར་དང་། འཇུག་རིངས་དང་གཟའ ་ལག་ལ་སོགས་པ། ཉི་མ་དང་ཟླ་བ་གཉིས་དང་། ལྷན་ཅིག་འགྲོ་བ་དང་། སེམས་ཅན་རྣམས་ཀྱིས་ལྟ་བར་མི་ནུས་ལ། དེ་དག་ཀྱང་ལོག་པར་ཡང་མི་འགྱུར། ལྟུང་བར་ཡང ་མི་འགྱུར་ཏེ། འདི་དག་གི་ཆོས་ཆ་པྲ་ལ་ཉི་མ་དང་ཟླ་བའི་འོད་ཤིན་ཏུ་ཆེ་བས་ཟིལ་གྱིས་གནོན་པའི་ཕྱིར། དེ་བས་ན་དེ་བཞིན་གཤེགས་པ་ནི་རྟག ་ཉན་ཐོས་དང་རང་སངས་རྒྱས་ཀྱི་གཟི་ཚོགས་རྣམས་དང་ལྷན་ཅིག་ཏུ་སྐྱེ་བ་ལྟ་བུར་ཡང་སྟོན་ལ། ཡོངས་སུ་མྱ་ངན་ལས་འདའ་བར་ཡང་སྟོན་མོད་ཀྱི། ཉན་ཐོས་དང་། རང ་སངས་རྒྱས་དེ་དག་མི་རྟག་པ་ཡང་མ་ཡིན་ཏེ། དེ་དག་ནི་རྟག་པ་ཡིན་བཞིན་དུ། ཉིན་པར་གྱི་གཟའ་དང་འདྲ་བར་སེམས་ཅན་གྱི་མཐོང་བར་མི་ནུས་སོ།། ཉི་མ་དང་འདྲ་བ་འདི་ནི་རང ་སངས་རྒྱས་རྣམས་ཀྱི་ཆོས་ཉིད་ཡིན་ནོ།། དཔེར་ན། ཉི་མ་དང་ཟླ་བ་སྤྲིན་གྱི་གཡོགས་པའི་ཚེ་མི་སྣང་སྟེ། སེམས་ཅན་རྣམས་ཀྱི་མི་སྣང་ངོ་སྙམ་དུ་འཛིན་མོད་ཀྱི། དེ་གཉིས་མེད ་པར་ཡང་མི་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་གཤེགས་པ་འཇིག་རྟེན་ན་བཞུགས་པའི་ཚེ་ཉི་མ་དང་ཟླ་བ་སྤྲིན་གྱི་གཡོགས་པ་བཞིན་དུ། གཞི་གསུམ་འཇིག་པ་ལྟ་བུར་སྣང་མོད་ཀྱི ་གཞི་མེད་པར་ཡང་མི་འགྱུར་ལ། རྟག་པ་དང་། བརྟན་པ་དང་། ཐེར་ཟུག་པར་འདུག་བཞིན་དུ་ཉེས་པ་རྣམས་ཀྱིས་ཀྱང་གོས་པར་མི་འགྱུར་བ་འདི་ནི་སངས་རྒྱས་རྣམས་ཀྱི་ཆོས ་ཉིད་དོ།། རིགས་ཀྱི་བུ་དཔེར་ན་ཟླ་བ་ཡར་གྱི་ངོ་ཚས་པ་ཡང་མ་ཡིན་གནམ་སྟོང་གི་ཉིན་པར་ཉི་མ་དང་ཟླ་བ་མེད་པའི་སྐབས་སུ། གཟའ་འཇུག་རིངས་གཟི་བརྗིད་དྲག་པོ་དང་ལྡན་པ ་ཞེས་བྱ་བ་ཤར་ནས་འཇིག་རྟེན་ཐམས་ཅད་ཀྱིས་མ་ཚོར་བར་སྐད་ཅིག་ཁོ་ན་ལ་མི་སྣང་བར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་། སངས་རྒྱས་རྣམས་མི ་བཞུགས་པའི་ཚེ། གནམ་སྟེང་གི་ཉི་མར་གཟའ་འཇུག་རིང་འཆར་བ་བཞིན་དུ་འབྱུང་ནས། སེམས་ཅན་བྱེ་བ་ཕྲག་མང་པོ་དམ་པའི་ཆོས་ལ་བཀོད་ནས་མི་སྣང་བར་འགྱུར་ལ། ་འཇུག་རིངས་ཀྱང་རྟག་ཏུ་ཡོད་དེ། སེམས་ཅན་རྣམས་ནི་མཐོང་བར་མི་ནུས་སོ།། དེ་བཞིན་དུ་རང་སངས་རྒྱས་རྣམས་ཀྱང་རྟག་ཏུ་ཡོད་བཞིན་དུ། དེ་དག་སེམས་ཅན་རྣམས་ཀྱི ་མཐོང་བར་མི་ནུས་སོ།། བདག་ཉིད་ཡང་དག་པར་སྟོན་ཅིང་མི་མངོན་པར་བྱེད་པ་འདི་ནི་དེ་དག་གི་ཆོས་ཉིད་དོ།། རིགས་ཀྱི་བུ་དཔེར་ན་ཉི་མ་ཤར་ན་ལྷོ་འུར་མེད་པ་དེ་བཞིན་དུ། ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་འདི་བྱུང་ན། ཐོས་པ་ཙམ་གྱིས་ཕན་པ་རྣམས་དང་མཚམས་མེད་པའི་ལས་རྣམས་ཀྱི་སྡིག་པའི་ཕུང་པོ་མྱུར་དུ་མེད་པར་འགྱུར་རོ།། ་དེ་ལྟར་ན་ཡོངས་སུ་མྱུར་དུ་མེད་པར་འགྱུར་རོ།། དེ་ལྟར་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་བསམ་གྱིས་མི་ཁྱབ་པའི་ཡུལ་འདི་ནི། དེ་བཞིན་གཤེགས་པའི ་སྙིང་པོ་ན་པ་སྟོན་པ་ཡིན་པའི་ཕྱིར་རོ།། དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་རྣམས་ཀྱིས་དེ་བཞིན་གཤེགས་པ་རྟག་གོ། དམ་པའི་ཆོས་ནུབ་པར་མི་འགྱུར་རོ།། དགེ ་འདུན་མེད་པར་མི་འགྱུར་རོ།། སྙམ་དུ་མདོའི་ཤེས་པ་ལ་དེ་ལྟར་བརྩོན་པར་བྱའོ།། དེ་ལྟར་བྱས་བཏངས་དེ་དག་ཀྱང་ང་དང་འདྲ་བར་སངས་རྒྱས་ཀྱི་གནས་སུ་སོང་བ་འགྱུ་རོ།། ་གསོལ་པ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། རིགས་ཀྱི་བུ། དཔེར་ན། དགུན་པར་འཁྱགས་པ་ཉི་ཚན་གྱི་ཀྱང་ཞྭ ་བར་མི་ནུས་པ་དེ་བཞིན་དུ། མདོ་སྡེ་དང་ཏིང་ངེ་འཛིན་ཐམས་ཅད་བསྒོམས་པའི་འབྲས་བུའི་སྒོ་ནས་ནི། སེམས་བསྐྱེད་པ་རྣམས་ཀྱིས་ཀྱང་། ་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། སེམས་ཅན་མ་བསྐྱེད་པས་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དགུན་གྱི་དུ་ཉི་མ་བཞིན་དུ་བརྩོན་འགྲུས་ཞན་པའི་ཕྱིར་རོ།། མདོ་སྡེ ་བསྒོམ་པར་བྱ་བ་བསྒོམས་པའི་འབྲས་བུ་མཆོག་ནི། དཔེར་ན་སོས་ཀའི་ཉི་མ་ཚ་བའི་ཚེ། ཉི་མ་མ་ཤར་མཚན་མོ་ཡང་ཤིན་ཏུ་འཁྱག་པ་ཡང་ཞུ་བར་བྱེད་ལ། རྒྱ་མཚོ་ཆེན་པོ་ཡང་དྲོ།། ་བར་བྱེད་དོ།། དེ་བཞིན་དུ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་དག་གིས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཐོས་མ་ཐག་ཏུ་འགྲན་ཐོར་བྱས་ཀྱང་རུང་། གཞན ་གྱིས་བྱེད་དུ་བཅུག་ཀྱང་རུང་། གཞན་གྱི་དྲིང་འཇོག་ཀྱང་རུང་རྙེད་པ་དང་བཀུར་སྟི་དང་། ཚིགས་སུ་བཅད་པའི་དོན་ཏུ་བྱས་ཀྱང་རུང་སྟེ། བདག་ལ་བྱང་ཆུབ་མི་དགེ་སོ་སྙམ ་པ་འམ། སེམས་བསྐྱེད་པ་འམ་མི་འདོད་དུ་ཟིན་ཀྱང་གང་ཟག་དེ་འདྲ་བ་དག་གིས་ལུས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་བྱང་ཆུབ་ཀྱི་རྒྱུ་སོས་ཀའི་ཉི་མ་བཞིན་དུ་འཇུག་པར་འགྱུ་རོ།། ་དེ་བས་ན་རིགས་ཀྱི་བུ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ནོ་ཞེས་ཟེར་རོ།། དེ་ལྟར་ན་བྱང་ཆུབ་ཟད་མི་ཤེས་པའི་མདོ་ཆེན་པོ་འདི་བསོད་ནམས་ཀྱི་ཕུང་པོ ་ཆེན་པོ་ཡིན་ཏེ། དེ་བས་ན་ཆེ་བ་ཞེས་བྱའོ།། སྔ་བ་དང་ཡངས་པ་དང་། སོས་ཀྭའི་ཉི་མ་བཞིན་དུ་གཟི་བརྗིད་ལྡན་པ་ཡིན་ཏེ། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལས་དེ་བཞིན་གཤེགས་པའི་སྙིང་པོ་རྟག་ཏུ་པ་བརྟན་པའི་བའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་སྐར་པ་དང་། སྲིན་བུ་མེ་ཁྱེར་གྱི་འོད་ནི་ཉི་ཟླའི། ་འོད་ལས་འདས་ཏེ་ཐལ་ལེར་སྣང་བར་མི་འགྱུར་རོ།། ཉི་ཟླའི་འོད་ནི་འོད་ཐམས་ཅད་ལས་འདས་ཏེ་ལམ་མེར་འདུག་གོ། དེ་བཞིན་དུ་གཞན་གྱི་འོད་རྣམས་ནི་མདོ་སྡེ་ཐམས་ཅད་དང་། ་ཏིང་ངེ་འཛིན་ཐམས་ཅད་བསྒོམ་པར་བྱ་བ་བསྒོམས་པའི་འབྲས་བུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་འོད་ལས་འདས་ཏེ་ཐལ་ལེར་མི་འདུག་གོ།། ཡོངས་སུ་མྱ ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་འོད་ཐམས་ཅད་ལས་འདས་ཏེ་ས་ལར་སྣང་ལ། སེམས་ཅན་ཐམས་ཅད་ཀྱི་སྤུ་དྲང་དུ་བཞགས་ནས། བྱང་ཆུབ་ཀྱི་སེམས་མི་དགོས་སོ་སྙམ་ཏེ ་བསྐྱེད་དུ་ཟིན་ཀྱང་། བྱང་ཆུབ་ཀྱི་རྒྱུ་ངེས་པར་ཐོབ་པར་འགྱུར་ཏེ། དེ་བས་ན་མིང་ཡང་ཡོང་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། གསོལ་པ། བྱང་ཆུབ་ཀྱི་སེམས་མི་དགོས་པར ་འཛིན་ཀྱང་། སེམས་ཅན་མི་དགོས་པར་འཛིན་ཀྱང་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་ཞགས་ནས། བྱང་ཆུབ་ཀྱི་རྒྱུ་མངོན་པར་འགྲུབ་པ་འགྱུར་ཞེས་བགྱི ་བ་འདི་ལ་གཏན་ཚིགས་བཀའ་སྩལ་པ་འཚལ་ལག་སོ།། བཅོམ་ལྡན་འདས་བསྟན་པ་འདི་ལ་ཕམ་པ་བགྱིད་པ་དང་། མཚམས་མ་མཆིས་པ་བགྱིད་པ་དང་། མདོ་སྡེ་སློང་བ་དང་། ་འདོད་ཆེན་བ་དག་གདའ་ལགས་ན། གལ་ཏེ་སེམས་མ་སྐྱེད་དེ། མི་དགོས་པར་འཛིན་ཀྱང་རྩ་བྱང་ཆུབ་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་དུ་ལགས་ན། སངས་རྒྱས་ཀྱིས་གསུངས་པ་ལ། ་བྱེ་བྲག་ཅི་མཆིས་ཏེ། ཡང་ན་བཞི་པོ་དེ་དག་མ་མཆིས་ཞེས་བཤད་འཚལ་ལགས་སོ།། ཡང་ན་དེས་སྡིག་པ་བྱང་བར་འགྱུར་ཞེས་བཤད་འརལ་ལག་སོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་ཆེན་པ་མ་གཏོགས་པར། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་རྣ་ལམ་དྲ་གྲག་ཅིང་ཐོས་པ་ཙམ་གྱིས་ཀྱང་ཐམས ་ཅད་ལ་བྱང་ཆུབ་ཀྱི་རྒྱུ་ཡོད་པར་འགྱུར་ཏེ། དེ་བས་ན་དེ་བཞིན་གཤེགས་པའི་སྙིང་པོ་ཡང་དག་པར་སྟོན་པའི་ཕྱིར་མདོ་ཆེན་པོ་མཐུ་ཆེན་པོ་ཡིན་ནོ།། གསོལ་པ། སེམས་མ་བསྐྱེད་དེ་མི ་དགོས་པར་འཛིན་པས་ཇི་ལྟར་བྱང་ཆུབ་པའི་བྱང་ཆུབ་ཀྱི་རྒྱུར་འགྱུར་ལགས། བཀའ་སྩལ་པ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་མི་དགོས་པར་འཛིན་ཅིང་། མདོ་སྡེ་ཁྱད་དུ་གསོད ་པ་དེ་དག་ལ་ནི། རྨི་ལམ་དུ་སྲིན་པོས་འཇིགས་པའི་གཟུགས་ཅན་གྱིས་བསྡངས་ཏེ། འདི་སྐད་དུ་ངས་མ་གསང་བར་སྐྱེན་པར་བྱང་ཆུབ་ཏུ་སེམས་བསྐྱེད་བསྐྱེད་ཅེས་ཀྱང་ཟེར་རོ།། ་དེ་ནས་དེ་དག་རྨི་ལམ་དུ་འཇིག་ཅིང་སྐྲག་སྟེ། སད་ནས་ནང་པར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱེད་དེ། དེ་དག་ཤི་ནས་སེམས་ཅན་དམྱལ་བ་རྣམས་སུ་འཚེད་པ་འམ། ཡི་དགས ་ཀྱི་འཇིག་རྟེན་ནམ། མཐོ་རིས་སུ་སྐྱེས་ཀྱང་རུང་སྟེ། རྗེས་སུ་དྲན་ནས་དེའི་འོག་ཏུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར་འགྱུར་རོ།། དེ་ལྟར་ན་ཡོངས་སུ་མྱ་ངན་ལས ་འདས་པ་ཆེན་པོའི་མདོ་སྡེ་ཆེན་པོ་འདི་ནི་མཐུ་ཆེ་སྟེ་མི་དགོས་པར་འཛིན་ཞིང་སེམས་མ་བསྐྱེད་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེད་པར་བྱེད་དེ་རྒྱུ་ནི་དེ་ཡིན་ཏེ། ཐེག་པ་ཆེན་པོ་འདི་ལ་རྒྱུ་མེད་པ་མ ་ཡིན་ནོ།། དེ་བས་ན་རིས་བསྟན་པ་ནི་སངས་རྒྱས་ཀྱི་གསུངས་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་ནམ་མཁའ་ནས་སྤྲིན་ཆེན་པོ་ཆར་པ་འབེབས་པ་ན། ས་ཆེན་པོ་ཆུས་གང་བ་འགྱུར ་ལ་གྲམ་པའི་ས་ཕྱོགསུ་ནི་ཆར་ཆེན་པོ་བབ་ཏུ་ཟིན་ཀྱང་ཆུ་ཅུང་ཟད་ཀྱང་གནས་པར་མི་འགྱུར་ཏེ། གར་གཞོལ་བར་འབབ་ན། བབ་ནས་ཀྱང་དེར་གནས་པར་འགྱུར་ཏེ། སེམས་ཅན ་ཐམས་ཅད་ལ་ཡང་ཕན་པར་འདོད་པར་འགྱུར་བ་དེ་བཞིན་དུ་མདོ་སྡེ་ཆེན་པོ་འདི་ལ་དམ་པའི་ཆོས་ཀྱི་ཆར་འབབ་མོད་ཀྱི། འདོད་ཆེན་པ་ལ་ནི་བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་མི་འགྱུར་ཏེ། མི ་སྲིད་དོ།། གཞན་དག་ལས་གཞོན་པའི་ཆུ་བཞིན་དུ་སྐྱེད་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། སྲིན་སྡེའུ་འམ། སྲན་གྲེའུ་འམ། སྲན་ནི་བོའི་ས་བོན་ཚིག་པ་རྣམས ་ལ་སྤྲིན་ཆེན་པོའི་ཆར་སྟོང་དུ་བབ་ཀྱང་མྱུ་གུ་སྐྱེ་བར་མི་ནུས་ཏེ། དེ་དག་ལས་མྱུ་གུ་འབྱུང་མི་སྲི་དོ།། དེ་བཞིན་དུ་འོདད་ཆེན་པ་རྣམས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ ་འདི་ཐོས་སུ་ཟིན་ཀྱང་། བྱང་ཆུབ་ཀྱི་རྒྱུ་ཐོབ་མི་སྲིད་དོ།། དེ་དག་ནི་དགེ་བའི་རྩེ་བ་ཟད་པ་ཡིན་པའི་ཕྱིར་ས་བོན་ཚིག་པ་དང་འདྲའོ།། རིགས་ཀྱི་བུ་དཔེར་ན། ཀ་ཏ་ཀའི་འབྲས་བུ་ཆུ ་རྙོག་པ་ཅན་གྱི་ནང་དུ་བཅུག་ན་རྙོག་པ་བསལ་ཏེ། ཆུ་དང་བར་བྱེད་པ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་འདི་ཡང་། ཀ་ཏ་ཀའི་འབྲས་བུ་བཞིན་དུ་སེམས ་ཅན་རྣམས་ཀྱི་མ་པ་རྣམས་དང་། མཚམས་མེད་པའི་ལས་རྣམས་ཀྱི་ལས་ཀྱི་འདམ་རྫབ་དང་། རྙོག་པ་གསལ་ནས་བྱང་ཆུབ་ཀྱི་རྒྱུ་ལས་འགོད་པར་བྱེད་དེ། འདོད་ཆེན་པོ་ནི ་མ་གཏོགས་སོ།། ཀ་ཏ་ཀའི་འབྲས་བུས་ཀྱང་རྙོག་པ་དངས་པར་ཟད་ཀྱི། ལོ་སྟོང་གི་བར་དུ་གདའ་རུ་ཟིན་ཀྱང་འདམ་རྫབ་དེ་ལས་ཆུ་དབྱུང ་བར་མི་ནུས་སོ།། དེ་བཞིན་དུ་འདོད་ཆེན་པོ་ཡང་དགེ་བའི་རྩ་བ་ཟད་ཅིང་གཞི་མེད་པར་འགྱུར་བ་ཡིན་པས། དེས་ནི་མྱ་ངན་ལས་འདས་པ་ཆེན་པོ་འདི་ལོ་བྱེ་བར་ཐོསུ་ཟིན་ཀྱང་། ་བྱང་ཆུབ་ཀྱི་རྒྱུ་བ་རྐྱེན་པར་ཡོང་ཡེ་མེ་ནུས་ཏེ། དེ་ལ་དགེ་བ་མེད་པའི་ཕྱིར་རོ།། རིགས་ཀྱི་བུ་དཔེར་ན་དུག་སྨན་གྱི་སྡོང་པོ་སྨན་གྱི་རྒྱལ་པོ་ནི་ད་ར་བ་འམ། བུ་རམ་འམ། ཞུན་མར་ལ། ་འོ་མ་འམ། ཆུ་དང་སྦྱར་ཏམ། ཕྱེ་མ་འམ། འདའ་གུའམ། ཐུག་པར་བྱས་སམ། ཁར་བསྐུས་སམ། བདུགས་སམ། མིག་བསྐུས་སམ། དྲི་ཚོར་རམ། མཐོང་ངམ། རེག་པར ་གྱུར་ཀྱང་རུང་སྟེ། སེམས་ཅན་ཐམས་ཅད་ཀྱིས་ནད་སེལ་བར་བྱེད་ལ། ཤིང་ལྗོན་པ་དེ་འདི་སྙམ་དུ་བདག་གི་ལམ་ཁྱེར་ན་མི་རུང་ངོ་།། བདག་གི་རྩ་བ་ཁྱེར་ན་མི་རུང་ངོ་།། ལོ་མ ་ཁྱེར་ན་མི་རུང་ངོ་སྙམ་པ་འམ། སྡོང་བུ་ཁྱེར་ན་མི་རུང་ངོ་།། ཤུན་ཕྲགས་ཁྱེར་ན་མི་རུང་ངོ་སྙམ་པ་འམ། ཤུན་ཕྲགས་ཁྱེར་ན་མི་རུང་ངོ་སྙམ་དུ་མི་སེམས་ཏེ། དེ་དེ་ལྟར་སེམས ་མི་བསྐྱེད་མོད་ཀྱི། འོན་ཀྱང་དེ་ནི་སྨན་ཁོ་ན་ཡིན་ཏེ། ནད་ཐམས་ཅད་སེལ་བར་བྱེད་དོ།། རིགས་ཀྱི་བུ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི ་ཡང་སེམས་ཅན་ཐམས་ཅད་ཀྱི་སྡིག་པའི་ལས་ཀྱི་ནད་རྣམས་སེལ་བར་བྱེད་དེ། ཕམ་པར་བྱེད་པ་རྣམས་ཀྱང་རུང་། འཚམས་མེད་པར་བྱེད་པ་རྣམས་ཀྱང་རུང་། འདི་ལ་ཕྱི ་བྱེར་ན་མི་རུང་ངོ་།། སྡོང་བུ ་རོལ་པ་རྣམས་ཀྱང་རུང་སྟེ། བྱང་ཆུབ་དགོས་པར་མི་འཛིན་ཞིང་། སེམས་མ་སྐྱེས་ཀྱང་བྱང་ཆུབ་ཀྱི་རྒྱུ་སྐྱེ་བར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། སྡིག་པ་ཐམས་ཅད་ཀྱི་དུག་སྤུན་གྱི་སྡོད ་པོའི་སྨན་ནི། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ཡིན་པའི་ཕྱིར་རོ།། ལུས་བསྒོམས་པ་རྣམས་ཀྱང་རུང་། ལུས་མ་བསྒོམས་པ་རྣམས་ཀྱང་རུང་སྟེ། མདོ ་སྡེ་འདིའི་མིང་ཙམ་ཐོས་ན་ཡང་མདོ་སྡེ་འདི་ནི་ཡིན་ནོ་སྙམ་དུ་ཤེས་ན། སྡིག་པའི་ནད་ཐམས་ཅད་བྱང་བར་འགྱུར་རོ།། སོར་མི་རུང་བའི་ནད་ཨ་ན་ཀ་ལ་ཞེས་བྱ་བ་ནི་ཇི་ལྟར ་བྱས་ཀྱང་སོར་མི་རུང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེ་ནི་འཆི་བར་འགྱུར་བའི་ནད་ཡིན་པར་རིག་པར་བྱའོ།། དུས་མ་ཡིན་པའི་ནད་མ་ཡིན་ནོ།། དེ་བཞིན་དུ་འདོད་པ་ཆེན་པོ་ཡང ་མདོ་སྡེ་འདིས་བྱང་ཆུབ་ཏུ་གཞོན་པར་མི་ནུས་ཏེ། དེ་ནི་རྒྱུ་མེད་པ་དང་། ཤི་བ་ཡིན་པའི་ཕྱིར་རོ།། དཔེར་ན་ལག་མཐིལ་རྨ་མེད་པ་ལ་དུག་གིས་མི་ཚུགས་ལ། རྨ་ཡོད ་བ་ལ་ནི་ཚུགས་པར་འགྱུར་བ་དེ་བཞིན་དུ། འདིར་ཡང་འདོད་ཆེན་པ་ལ་བྱང་ཆུབ་ཀྱི་རྒྱ་མི་སྐའོ།། དེ་ལ་རྨ་ཞེས་བྱ་བ་ནི་བྱང་ཆུབ་ཀྱི་རྒྱུའོ།། དུག་ཅེས་བྱ་བ་ནི་མཆོག་ཏུ་བདེ་བའོ།། ་ལག་མཐིལ་རྨ་མེད་པ་ལྟ་བུ་ནི། འདོད་ཆེན་པའི་སྡིག་ཅན་ཡིན་ནོ།། དཔེར་ན་རྡོ་རྗེ་རིན་པོ་ཆེ་གཟི་བྱིན་ཆེན་པོ་ནི། ཅིས་ཀྱང་བཅག་མི་ནུས་ན། སྣ་གྲངས་གཞན་ཐམས་ཅད ་ནི་དེས་ཆོམས་པར་འགྱུར་མོད་ཀྱི། ལུག་ནི་མི་མཆོད་དོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདིས་ཀྱང་ཤིན་ཏུ་སྡིག་པའི་ལས་བྱེད་པ། འདོད་ཆེན ་པ་ནི་བྱང་ཆུབ་ཏུ་བཞག་པར་མི་བ་ནུས་ཏེ། རྒྱུ་མེད་པའི་ཕྱིར་རྡོ་རྗེ་ལུག་གུ་ལ་མི་ཚུགས་པ་བཞིན་ནོ།། དཔེར་ན་ཤིང་སཱ་ལ་ཀི་དང་། དོང ་ཀའི་ཤིང་དང་། ཀ་ན་ཀ་པྲ་བྷ་དང་། ཤིང་བལ་གྱི་ཤིང་དང་། བལ་མི་གི་དང་། ཀར་མྱ་བ་ལ་ལྱ་དང་། ཀན་ད་ཀ་པ་དང་། ཀེ་ཏ་ཀེ་དང་། པད་ཏྲ་ཀ་དང་། བི་ར་ན་དང་། ་རོ་ཅན་རྣམས་ནི་བཅད་དེ། དུམ་བུར་བཏུབས་ནས། ཁྱེར་ཏེ་ཁྱིམ་དུ་བཞག་པ་ཀྱང་། གལ་ཏེ་ཆུའི་རླན་དང་ཕྲད་ཕན་ཆད་མྱུར་དུ་སྐྱེ་བར་འགྱུར་ཏེ། ལོ་མ་ཁ་འབུ་དང་། ་སྙེ་མ་དང་། ལྡན་ཞིང་ཡལ་ག་དང་སྡོང་བུ་དང་ལྡན་ཏེ། ཤིང་ལྗོན་པ་ཞེས་བྱ་བའི་གྲངས་སུ་གཏོགས་པར་འགྱུར་རོ།། དེ་བཞིན་དུ་བསྟན་པ་འདི་ལ་ཡང་ཕམ་པར་བྱེད་པ ་རྣམས་དང་། མཚམས་མེད་པ་བྱེད་པ་རྣམས་ཤིང་རྟ་ལ་མགོ་བཅད་པ་བཞིན་དུ་གྱུར་པ་ལས། མདོ་སྡེ་འདི་ཐོས་མ་ཐག་ཏུ་སེམས་བསྐྱེད་པ་དགོས་པར་འཛིན་གྱིས་ཀྱང་།། ་མི་མཆོག་དེ་དག་ནི་ཤིང་སཱ་ལ་ཀི་དང་། དོང་ཀའི་ཤིང་ལ་སོགས་པ་བཞིན་དུ་འཁྲུངས་པར་འགྱུར་རོ།། དཔེར་ན་སེང་ལྡེང་དང་། ཏེན་དུ་ཀའི་ཤིང་ལྗོན་པ་རྣམས་བཅད ་ཕན་ཆད་ས་བོན་ཚིག་པ་བཞིན་དུ་སྐྱེ་བར་མི་འགྱུར་བ་དེ་བཞིན་དུ། འདོད་ཆེན་པོའི་སེམས་ཅན་རྣམས་ཀྱིས་ཀྱང་། མདོ་སྡེ་འདི་ལན་མང་དུ་ཐོས་ཀྱང་ས་བོན་ཚིག་པ ་བཞིན་དུ་བྱང་ཆུབ་ཏུ་འཁྲུངས་པར་མི་འགྱུར་རོ།། དཔེར་ན་སྤྲིན་པོ་ལས་ཆར་འབབ་ཏུ་འཛིན་ཀྱང་། ས་ཕྱོགས་ཕྱིལ་པོར་འདུག་པ་ལ་ཆུ་མིག་ཆགས་དེ་བཞིན་དུ། མདོ ་སྡེ་ཆེན་པོའི་སྤྲིན་ལས་ཆོས་ཀྱི་ཆར་བབ་མེད་ཀྱི། འདོད་ཆེན་པ་ལ་བྱང་ཆུབ་ཀྱི་རྒྱུ་མི་ཆགས་ཏེ། དེ་ནི་རྡོ་རྗེ་བཞིན་བྱིལ་པོར་འདུག་པའི་ཕྱིར་རོ།། འདོད་ཆེན་རྣམས་ཀྱི་ནི། ་དགེ་བ་བྱས་པ་མི་མཐོང་གི་སྨད་པ་དང་གཞད་ངའི་སྡིག་པ་གང་ཡིན་པ་དེ་ནི་མཐོང་ངོ་།། ལེགས་པར་བྱས་པ་ནི་བྱང་ཆུབ་ཀྱི་དོན་ཏོ།། མི་འོང་བ་ནི་མི་འཕྲད་པའི་དོན་ཏོ།། དགང ་པ་ནི་དགེ་བའི་དོན་ཏོ།། དགོངས་པའི་ལས་ཁྱད་པར་འཕགས་པའི་དགེ་བ་སུ་ལ་མི་འོང་ཞེ་ན། ལས་བཟང་པོ་ནི་འདོད་ཆེན་པ་ལ་མི་འོང་ངོ་།། དགེ་བའི་སེམས་སུ་ལ་མི་འོད ་ཞེ་ན། འདོད་ཆེན་པ་ཞེས་གྲངས་པ་ནི། དགེ་བ་མེད་པའི་སེམས་ཅན་ང་རྒྱལ་གྱི་དབང་དུ་གྱུར་པ་ཡིན་ཏེ། འདོད་ཆེན་པོ་དེ་ལ་མི་འོང་ངོ་།། གཞིའི་ཡན་ལག་ཅི་ཞེ་ན། ་མདོ་སྡེ་སྤོང་བ་ནི། འཇིགས་སུ་རུང་བ་ཡིན་ཏེ། དེས་འཇིག་པར་གྱིས་ཤིག། དེའི་ཕྱིར་ན་མཁས་པ་བརྟན་པོ་རྣམས། ལམ་པོ་ཆེན་འདུ་བྱེད་ཡོད་པས་འཇིགས་པ་མེད། ་ང་རྒྱལ་དབང་གིས་མི་ཟད་འགྲོ་བར་འགྱུར། དེ་ནས་བློ་ངན་རྣམས་ཀྱི་དེ་མི་ཐོབ་སྤྲེའུ་རྣམས་ཟླ་བ་བརླབ་པར་བྱེད་པ་ཡིན། མིའི་དབང་པོ་ལ་མ་ཆེན་ཞུགས་པ་ལྟར། མཁ ་བ་བརྟན་པོ་རྣམས་ཀྱི་ཐོབ་པར་འགྱུར། གང་གིས་བྱས་པ་མི་མཐོང་ཞེས་ན། འདོད་ཆེན་པ་སྡིག་ཅན་གྱིས་བྱས་པ་མི་མཐོང་སྟེ། དེས་འཁོར་བའི་མཐའི་བར་གྱི་བྱས་པ། ་མི་མཐོང་ངོ་།། ངས་དེ་དག་གི་དོན་མདོར་བསྡུས་ཏེ། བསྟན་གྱིས་མཆོག་ཏུ་འཇིགས་པར་གྱིས་ཤིག། གང་གི་ཚེ་སེམས་ཅན་ཐམས་ཅད་སེམས་གཅིག་ཏུ་མཐུན་པར་འགྱུར ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་འཚང་རྒྱ་བར་སྲིད་ན། དེའི་ཚེ་འདོད་པ་ཆེན་པོ་སྡིག་ཅན་བྱང་ཆུབ་མཆོག་ཏུ། ་མངོན་པར་རྫོགས་པར་འཚང་རྒྱ་ཡང་སྲིད་པ་ཞིག་ན། བླ་ན་མེད་པ་ཡང་དག་པ་དེ། དེ་ནི་བྱས་པ་མི་མཐོང་བ་ཡིན་ནོ།། དཔའ་བོ་ཁྱོད་ཀྱིས་དེ་ལྟར་ཤེས་པར་གྱིས་ཤིག ་སུ་ཡི་བྱས་པ་ཆུད་མི་ཟད་ཞེས་ཟེར་ན་དེ་བཞིན་གཤེགས་པའི་བྱས་ཆུད་མི་ཟའོ།། གང་གི་ཚེ་འཁོར་བར་གནས་པའི་སེམས་ཅན་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས ་བའི་བྱང་ཆུབ་མངོན་རྫོགས་པར་འཚང་རྒྱ་བ་དེའི་ཚེ། དེ་བཞིན་གཤེགས་པའི་བྱས་པ་ཆུད་མི་ཟ་བར་འགྱུར་ཏེ། དེའི་ཚེ་གཏན་ཏུ་ཡོངས་སུ་མྱ་ངན་འདའ་བར། ཡོངས་སུ་མྱ ་ལས་འདས་ནས། མར་མེ་དང་ཤིང་ཟད་པའི་མེ་བཞིན་དུ། སངས་རྒྱས་མི་རྟག་པར་འགྱུར་རོ།། དེ་བཞིན་དུ་འདོད་ཆེན་པའི་སྡིག་པའི་ལས་ཀྱང་སྨད་པ་བཤུང་བ་ཡིན་ནོ།། ། ་བྱང་ཆུབ་ཀྱི་རྒྱུའི་བསོད་ནམས་གང་ཡིན་པ་དེ། གལ་ཏེ་བྱང་ཆུབ་སེམས་དཔའ་སྤོང་བར་བྱེད་ན། དེ་ཡང་ཐེག་པ་ཆེན་པོ་ལ་སྨད་པ་དང་། བཤུང་བ་ཞེས་བྱའོ།། དེ་སྡེ་མི ་སྤོངས་ན་ནི་དེ་ལྟར་ན་རྫོགས་པའི་སངས་རྒྱས་ཤེས་བྱ་བའི་མིང་ཐོགས་པར་འགྱུར་ཏེ། དེ་ནི་སངས་རྒྱས་རྣམས་ཀྱི་ཆོས་ཉིད་དོ།། འོ་མ་དང་ནི་སྡིག་པའི་ལས། མོད་ལ་ལྡང་བར ་མི་འགྱུར་ཏེ། དེ་ནི་ཐལས་པས་གཡོགས་པ་ལ། བྱིས་པ་སོང་ན་ཚིག་པ་བཞིན། འདོད་ཆེན་པོ་ལ་ལོང་བ་གཅིག་པུ་དགྲ་བཅོམ་པ་ཡིན་པར་འདོད་པ་དང་། ལམ་མི་ཟད་པ་ཆེན ་པོར་འགྲོ་འདོད་དོ།། བྱམས་པ་དང་ལྡན་པ་དགྲ་བཅོམ་པ་ཡིན་པར་འདོད་ལ། ཤིན་ཏུ་རྒྱས་པ་སུན་འབྱུང་བར་འདོད་དེ། དགྲ་བཅོམ་པ་ཡིན་པར་འདོད་ཅིང་ཉན་ཐོས་ཀྱིས་ཐེག་པ། ་སུན་བྱུང་ནས། ང་ནི་བྱང་ཆུབ་སེམས་དཔའ་སྟེ་ཤིན་ཏུ་རྒྱས་པར་སྟོན་པ་ཡིན་ནོ།། སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོའི་ཡོན་ཏན་རྣམས་ཡོད་དོ།། སངས ་རྒྱས་ཡོད་དོ་ཞེས་ཟེར་ཞིང་། སངས་རྒྱས་སུ་ལུང་སྟོན་པར་བྱེད་དེ། ང་དང་ཁྱོད་ཀྱིས་ཉོན་མོངས་པའི་རྣམ་པ་ཆུའི་བུམ་པ་བཞིན་དུ་གཞོམ་པར་བྱའོ།། ཐེ་ཙོམ་མེད་པར་བྱང་ཆུབ་བསྒོམ ་པར་བྱས་ཏེ། མདོ་སྡེའི་མན་ངག་ནི་དེ་ལྟ་བུ་ཡིན་ནོ།། ཞེས་ཟེར་རོ།། དཔེར་ན་རྒྱལ་པོའི་ཕོ་ཉ་གཙང་ཞིང་སྙིང་ཉེ་ལ། སྨྲས་མཁས་ཤིང་གཟི་བྱིན་ཆེ་ལ། དགྲའི་ནང་དུ་རང་གི་སྲོག ་དང་བསྔོས་ཏེ། རྒྱལ་པོ་ལ་ཚིག་རྫོགས་པར་སྨྲ་བ་དེ་བཞིན་དུ། ཤེས་རབ་ཅན་ཤིན་ཏུ་རྒྱས་པ་གཅེས་པར་འཛིན་པ་ནི། བྱིས་པ་རྣམས་ཀྱི་ནང་དུ་རང་གི་སྲོག་དང་བསྔོས་ནས། ་སེམས་ཅན་ཐམས་ཅད་ལ་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་པས་སངས་རྒྱས་སུ་ལུང་སྟོན་པར་བྱེད་དོ།། དགོན་པ་མདོ་སྡེ་སྤོང་བའི་བྱིས་པ་བླུན་པོ་དགྲ་བཅོམ་པ་ཡོད་པར ་འདོད་ཀྱི་པ་གང་ཡིན་པ་དེ་དག་དང་འདྲ་བར་ལྟ་ཞིང་། སེམས་ཅན་ཆེན་པོ་དང་འདྲ་བར་ལྟ་ཞིང་། འདོད་ཆེན་པའི་དགེ་སློང་སྡིག་ཅན་དགོན་པ་ན་གནས་ཤིང་། བདག་ཉིད ་དགྲ་བཅོམ་པ་དང་འདྲ་བར་བརྩི་བར་བྱེད་དེ། དགོན་པ་ན་གནས་པའི་དགེ་སློང་རྣམས་གཞན་གྱིས་བོས་པ་མི་བཟོད་ལ་རྐྱེན་བཞི་ལས་ཤིན་ཏུ་རྒྱས་ནི་བདུད་ཀྱིས་སྨྲས་པ་ཡིན་ནོ།། ་བཅོམ་ལྡན་འདས་ནི་རྟག་གོ།། ཆོས་དང་དགེ་འདུན་ཡང་མེད་པར་འགྱུར་རོ།། དམ་པའི་ཆོས་མེད་པར་འགྱུར་བའི་ལྟས་དེ་ལྟ་བུ་དག་སྣང་ངོ་།། ་ཞེས་བྱ་བ་འདི་ཐེག་པ་ཆེན་པོ་ལས་ལེགས་པར་བཤད་དོ།། ཞེས་ཟེར་རོ།། དེ་སྐད་དུ་མ་དམ་པའི་ཆོས་མ་ཡིན་པ་སྨྲ་བ་ནི་འོ་མ་བཞིན་མོད་ལ་ལྡང་བར་མི་འགྱུར་ཏེ། མི ་ཐལ་བས་བཀབ་པཽ་འབོལ་བ་བཞིན་དུ་བྱིས་པ་འདོད་ཆེན་པོ་རྣམས་ཚིག་པར་འགྱུར་རོ།། དེ་ལྟར་ན་སངས་རྒྱས་ཀྱི་བསྟན་པ་ཐེག་པ་ཆེན་པོ་ཕྲ་བ་ཡིན་ཏེ། མདོ་སྡེ་འདི་ནི། ་ཀ་ཏ་ཀའི་འབྲས་བུ་དང་འདྲའོ།། རིགས་ཀྱི་བུ་དཔེར་ན། མེ་ཏོག་པདྨ་ཁ་ཟུམས་པ་ཉི་མའི་འོད་ཀྱིས་ཕོག་ན་ཁ་བྱེ་བ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི ་མདོ་འདི་ཐོས་མ་ཐག་ཏུ་བྱང་ཆུབ་ཀྱི་སེམས་མི་ཙམ་བསྐྱེད་པ་ཡང་མི་དགོས་པར་འཛིན་པའི་སེམས་ཅན་ཐམས་ཅད་ཀྱང་དབང་དུ་མེད་པར་བྱང་ཆུབ་ཀྱི་རྒྱུ་སྤུ་དྲང་ཐམས་ཅད ་དུ་འཇུག་པར་འགྱུར་རོ།། འདོད་པ་ཆེན་པོ་རྣམས་ལ་ཡང་དེ་བཞིན་གཤེགས་པའི་སྙིང་པོ་ཡོད་ཀྱི། འོན་ཀྱང་གཡོགས་མ་བཞིན་དུ་སྡུག་པར་འདུག་གོ།། དཔེ་ར་ན་དར་གྱི ་སྲིན་བུ་རང་ཉིད་ཀྱི་ཀུན་ནས་བཀྲིས་ཏེ། སྒོམ་སྟོང་པས་ཕྱིར་འབྱུང་བ་མི་ནུས་པ་དེ་བཞིན་དུ། དེ་བཞིན་གཤེགས་པའི་སྙིང་པོ་ཡང་དེའི་ལས་ཀྱི་ཉེས་པས་འདོད་ཆེན་པོའི ་ཁོང་ནས་དབྱུང་བར་མི་ནུས་སོ།། དེ་བས་ན་འཁོར་བའི་ལས་བྱང་ཆུབ་ཀྱི་རྒྱུ་མི་ཐོབ་བོ།། རིགས་ཀྱི་བུ་དཔེར་ན། པདྨ་དང་། ཨུད་པ་ལ་དང་། ཀུ་མུ་ཏ་དང་། པདྨ་དཀར ་པོ་རྣམས་འདམ་གྱིས་ནང་ནས་སྐྱེས་ཀྱང་འདམ་གྱིས་མི་གོས་པ་བཞིན་དུ། མདོ་སྡེ་ཆེན་པོ་འདི་ལ་ཡང་ཐེག་པ་ཆེན་པོ་པ་རྣམས་ཉོན་མོངས་པ་དང་བཅས་པ་ཡིན་དུ་ཟིན་ཀྱང་། ་ཉོན་མོངས་པ་མེད་པའི་གྲངས་སུ་གཏོགས་སོ།། ཅིའི་ཕྱིར་མི་གོ་ཞེ་ན། དེ་བཞིན་གཤེགས་པའི་སྙིང་པོའི་བྱིན་གྱིས་བརླབས་ཀྱི་མི་གོས་སོ།། དཔེར་ན་སེར་བུ་བསིལ་བ ་ལགས་པའི་ཚེ། དབང་མེད་པར་སེམས་ཅན་ཐམས་ཅད་ཀྱི་སྤུ་དྲུང་ཐམས་ཅད་དུ་ཞུགས་ནས། ཚ་བ་ཐམས་ཅད་ཞི་སྙིང་པོའི་བྱིན་གྱི་བར་བྱེད་པ་དེ་བཞིན་དུ་མདོ་སྡེ་ཆེན ་པོ་འདི་ཡང་སེམས་ཅན་ཐམས་ཅད་ཀྱི་སྒྲ་དྲང་ཞིགས་ནས། དབང་མེད་པར་བྱང་ཆུབ་ཀྱི་རྒྱུ་ལ་འཇུག་པར་བྱེད་པར་འདོད་ཆེན་པས་སེམས་སྐྱེད་དགོས་པར་མི་འཛིན ་པ་ནི་མ་གཏོགས་སོ།། རིགས་ཀྱི་བུ་དཔེར་ན་སྨན་པ་ཆེའི་རིག་བྱེད་ཡན་ལག་བརྒྱད་ལ་མཁས་པ་ནི་ནད་ཐམས་ཅད་ཞི་བར་བྱེད་མོད་ཀྱི། གསོར་མི་རུང་བ་ནི་གསོ་བར་མི ་ནུས་པ་དེ་བཞིན་དུ། མདོ་སྡེ་དང་ཏིང་ངེ་འཛིན་ཐམས་ཅད་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་གི་ནད་ཀྱིས་ཐེབས་པ་གསོ་བར་བྱེད་ལ། ཉོན་མོངས་པའི་ཟུག་རྔུ ་ཐམས་ཅད་སེལ་བར་བྱེད་མོད་ཀྱི། ཕམ་པར་བྱེད་པ་རྣམས་དང་། མཚམས་མེད་པར་བྱེད་པ་རྣམས་ནི་གསོ་བར་མི་ནུས་སོ།། དཔེར་ན་སྨན་པ་ཚེའི་རིག་བྱེད་ཡན་ལག ་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ནི། སེམས་ཅན་ཐམས་ཅད་ཀྱི་ནད་གསོ་བར་བྱེད་མོད་ཀྱི། ངས་ཀྱང་འཆི་བའི་དུས་ལ་བབ་པའི་ནད་གསོ་མི་ནུས་པ་དེ་བཞིན་དུ། ཡོངསུ ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་། སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་པའི་ནད་ཐམས་ཅད་བསལ་ནས་སེམས་ཅན། ་རྣམས་བྱང་ཆུབ་ཀྱི་རྒྱུ་ལ་བྱེད་མོད་ཀྱི། འཆི་བའི་དུས་ལ་བབ་པ་ལྟ་བུའི་འདོད་ཆེན་པ་ནི་མ་གཏོགས་སོ།། དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་གསལ ་བ་ལྟ་བུ་ག་ལ་མཐོང་སྟེ། སྨན་ཆེན་པོས་ཀྱང་མིག་བརྟུལ་བ་རྣམས་ཀྱི་མིག་བཅོས་ནས་མཐོང་བར་བྱེད་པར་ཟད་དེ། དམུས་ལོང་ནི་མ་གཏོགས་སོ།། དེ་བཞིན་དུ་ཡོངས ་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ཡང་ལོང་བ་ལྟ་བུའི་ཉན་ཐོས་དང་། རང་སངས་རྒྱས་ཐམས་ཅད་ཀྱི་མིག་བཅོས་ནས་མྱུར་བ་ཁོ་ནར་ཐེག་པར་ཆེན་པོའི་མིག ་མཐོང་བར་བྱེད་པ་རྣམས་དང་། ཕམ་པ་བྱེད་པ་རྣམས་དང་། མཚམས་མེད་པ་བྱེད་པ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་ཀྱང་བྱང་ཆུབ་ཏུ་བགོད་པར་བྱེད་མོད་ཀྱི།། ་ཤིན་ཏུ་དམུས་ལོང་དུ་འདུག་པར་འདོད་ཆེན་ནི་མ་གཏོགས་སོ།། རིགས་ཀྱི་བུ་དཔེར་ན། སྨན་ཆེན་པོ་ཆེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ནི་སྨན་བླུགས་པ ་དང་། ཁོང་དུ་བཏུང་བ་དང་། ལུས་བསྐུ་བ་དང་། དུད་པས་བསྡུད་པའི་ལས་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་ནད་སེལ་བར་བྱེད་དེ། མགོན་མེད་པ་རྣམས ་དང་བདག་ཅག་ལ་སྨན་མི་དགོས་སོ།། སྙམ་དེ་སེམས་མི་བསྐྱེད་པ་རྣམས་ཀྱང་ཁྱིམ་བདག་གི་ནང་ངམ། རྩཝ་དག་གི་ཁྲོད་དུ་བཞག་སྟེ། སྔགས་དང་། སྨན་གནོད ་སེལ་གྱི་དུག་རྣམས་དང་། ནད་རྣམས་སེལ་བར་བྱེད་པ་ལ། བུད་མེད་སྦྲམ་མ་བུ་བཙས་པར་འདོད་ན། བཙར་མི་བཏུབ་པ་རྣམས་ཀྱང་སྨན་གནོད་སེལ་གྱི་མཐུས ་བདེ་བར་བཙའ་བར་བྱེད་ལ། བྱིས་པ་ཡང་ནད་མེད་པར་བྱེད་པ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་གླེགས་བམ་དུ་བྱས་པ། ་སེམས་ཅན་ཐམས་ཅད་ཀྱི་ཁྱིམ་ན་འཆང་དེ་དག་ཀྱང་། ཐེག་པ་ཆེན་པོའི་མཐུས་བདེ་བར་བྱེད་ལ། མདོ་ཆེན་པོ་འདིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོར ་ཡང་འགྱུར་རོ།། ཕམ་པར་བྱེད་པ་རྣམས་དང་། མཚམས་མེད་པར་བྱེད་པ་སེམས་བསྐྱེད་མི་དགོས་པར་འཛིན་པ། རྣམས་ཀྱང་ཆུབ་ལ་འགོད་པར་བྱེད་དེ། འདོད ་ཆེན་པ་ཤིག་དང་འདྲ་བར་ནི་མ་གཏོགས་སོ།། གསོལ་པ། ཕམ་པ་བགྱིད་པ་རྣམས་དང་། མཚམས་མ་མཆིས་པ་མི་ཟད་པ་ཏ་ལའི་མགོ་བཅད་པ་དང་འདྲ་བ་དེ ་དག་བདག་ཅག་གི་བྱང་ཆུབ་ཏུ་སེམས་བསྐྱེད་མི་དགོས་སོ།། སྙམ་དུ་འཛིན་ན་སེམས་མི་སྐྱེད་པར་དེ་དག་ལ་བྱང་ཆུབ་ཀྱི་རྒྱུ་ཇི་ལྟར་སྐྱེ་བར་འགྱུར་ལགས། བཀའ ་སྩལ་པ། རིགས་ཀྱི་བུ་དེ་དག་ནི་རྨི་ལ་མོ་དུ་ཡང་རུང་། ཤི་བའི་འོག་ཏུ་ཡང་རུང་སྟེ། སེམས་ཅན་དམྱལ་བ་རྣམས་སུ་འཚེད་པ་ན། འདི་སྙམ་དུ་སེམས་ཏེ། ་བདག་གིས་ནི་མ་ལེགས་པར་སེམས་པར་བྱའོ། གལ་ཏེ་འདི་ལས་ཐར་པར་འགྱུར་བ་ཞིག་ཡོད་ན་ནི། ཤིན་ཏུ་འཇིག་པ་འདི་མཐོང་བས། བདག་ཅག་གང ་དང་གང་དུ་སྐྱེས་པ་དེ་དང་དེར་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། སྙམ་དུ་སེམས་ཏེ། དམ་པའི་ཆོས་དབྱུང་བར་སེམས་པ་ནི་འབྲས ་བུ་ཆེན་པ་ཡིན་ནོ།། དཔེར་ན་བྱིས་པ་ལ་ལར་ཤེད་བྱེད་ལས་བདག་ཅག་ཉིད་ཤེས་པར་བྱེད་ཅིང་འདི་ལྟར་བདག་མའི་མངལ་ན་འདུག་པའི་ཚེ། སྨན་པ་འདིས་སྔགས་དང་སྨན ་གནོད་སེལ་གྱི་མཐུས། བདག་གི་མ་བདེ་བར་བྱས་པས་ན་སྲོག་འདི་ཁྱོད་ནི་དྲིན་ནོ།། ཀྱེ་མ་བདག་གི་མ་གང་གི་བདག་ཟླ་བ་བཅུ་གཉིས་ཀྱི་བར་དུ་མངལ་ན་ཆེང་ཞིང་ཤིན་ཏུ ་ཉོན་མོངས་པར་འགྱུར་ནས་དེའི་འོག་ཏུ། དེས་བདག་ཤིན་ཏུ་ཚེགས་ཆེན་པོས་བཙས་པ་དང་། བདག་མངལ་དྲི་མ་ལྡན་ལྗིན་དང་། ཁྲག་གིས་གཡོགས་པར་བཀྲུས་པ ་དང་། བདག་གིས་མནྟ་ཁ་ཆུ་ན་ལ་ནལ་པོས་གཤེར་བར་འདུག་པ་ལ་འོས་བྱས་པ། ཐབས་ཅི་ཡོད་པས་སོས་པ་ནི་མཆོག་ཏུ་དཀའ་བ་བྱེད་བྱེད་པ་ཡིན་ཏེ། ད་ནི་ཁྱོད་ཀྱི་དཀའ ་དྲིན་ལ་བདག་སྐྱེས་པས། བླ་མའི་མཆོད་པ་བྱ་དགོས་ཏེ། དེ་འཚམས་པར་བྱའོ།། ཞེས་ཟེར་བ་དེ་བཞིན་དུ། ཕན་པ་བྱེད་པ་རྣམས་དང་མཚམས་མེད་པ་བྱེད་བྱེད་པ ་རྣམས་འཆི་བའི་ཚེ། དྲན་པ་མ་བརྗེད་པའི་འབྲས་བུས་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། དེ་ནས་ཕན་པ་བྱེད་བྱེད་པ་དང་། མཚམས་མེད་པ་བྱེད་བྱེད་པ་ཡང་དྲན་པ་མ་བརྗེད ་བའི་འབྲས་བུས་སེམས་ཅན་དམྱལ་བ་དང་། མིའི་འཇིག་རྟེན་དུ་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། འདོད་ཆེན་པ་ནི་མ་གཏོགས་སོ།། དཔེར་ན་སྨན་པ་འམ། སྨན་པའི་བུ་རྒྱུད་ཕྱི་མ ་ཤེས་པས། སྦྲུལ་བདུག་པ་དང་། མིག་འདུག་པ་དང་། ཀླ་བྱ་གག་ཅེས་བྱ་བ་ལགས་པ་སྨན་གནོད་སེལ་དང་། རིག་སྔགས་ཀྱི་མཐུས་རང་གི་ལྷ་ལ་དབང་བྱ་བ་བཞིན ་དུལ་ནས་དྲུག་པར་བྱེད་དེ། ཀླུ་ཤིན་ཏུ་དྲག་པོ་དག་ནི་མ་གཏོགས་སོ།། དེ་བཞིན་དུ་མདོ་སྡེ་ཆེན་པོ་སྨན་གནོད་སེལ་དང་འདྲ་བ་འདིས་ཀྱང་ཕམ་པ་བྱེད་པ་རྣམས་དང་། མཚམས ་མེད་པའི་ལས་བྱེད་པའི་སྡིག་ཅན་གྱི་ཀླུ་མཆོག་ཏུ་ཁྲོས་པ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་བཏུལ་ནས། བྱང་ཆུབ་ཀྱི་གནས་ཆེན་པོར་འགོད་པར་བྱེད་དེ། དེ་བས་ན་སེམས ་ཅན་ཐམས་ཅད་ཀྱི་བདེ་བ་བསྐྱེད་པའི་ཕྱིར།། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མིང་སྨན་གནོད་སེལ་ཆེན་པོའི་ཡོན་ཏན་གྱི་ཚུལ་ཅན་ཞེས་བྱ་སྟེ། འདོད་ཆེན་པའི ་ཀླ་དྲག་པོ་མི་བཟད་པ་ནི་མ་གཏོགས་སོ།། དཔེར་ན་སྨན་པས་དུག་སྨན་ཟུང་རྔུ་འབྱིན་པའི་སྨན་གྱི་རྒྱལ་པོ་བསྒྲུབས་ཏེ། དེའི་རྔའོ་ཆེ་ལ་བསྐས་ནས་ཕོ་བྲང་འཁོར་དུ་རྔ ་དེ་བརྡུངས་ནས། སྒྲ་དེའི་མཐུས་སྐྱེ་བ་ཇི་སྙེད་ཀྱིས་སྒྲ་ཐོས་པ་དེ་དག་གི་ཟུག་རྔུ་ཐམས་ཅད་འབྱུང་བར་འགྱུར་རོ།། དེ་ཉིད་ན་མཆིས་པའི་དུས་ལ་ཉེ་བ་རྣམས་ཀྱིས་འབྱུང་བར ་མི་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་གི་ལས་ཀྱི་རྣམས་པར་སྨིན་པ་ཡོད་པའི་ཕྱིར་རོ།། དེ་བཞིན་དུ་ཡོང་སུ་མྱ་ངན་འདས་པ་ཆེན་པོའི་མདོ་ཆེན་པོའི་སྒྲ་གང་དུ་ཐོས ་ཀྱང་རུང་སྟེ། འདུ་བྱེད་ཀྱི་ཕོ་བྲང་འཁོར་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱི་འདོད་ཆགས་དང་། ཞེ་སྡང་དང་། གཏི་མུག་གི་ཟུག་རྔུ་རྣམས་འབྲིན་པར་བྱེད་ལ། ་འདུ་བྱེད་པ་མེད་པ་ཡང་བྱེད་དོ།། ཕོ་བྲང་འཁོར་ན་གནས་པ་དེ་དག་གི་ཡིད་ལ་འདི་དེ་སྙམ་དུ་ཟུག་རྔུ་འབྱུང་བར་མི་འགྱུར་རོ།། སྙམ ་དུ་སེམས་ཀྱི་དེ་དག་གི་ཡིད་ལ་ཟུག་རྔུ་རྣམས་འབྱུང་བར་འགྱུར་རོ།། སྙམ་དུ་གཅིག་གི་སེམས་སམ། དེ་བཞིན་དུ་གཅིག་ཤོས་རྣམས་ལ་ཡང་འདོད་ཆགས་དང་ཞེ་སྡང ་དང་གཏི་མུག་གི་སེམས་རྣམས་འབྱུང་བར་འགྱུར་རོ་སྙམ་པའི་སེམས་མེད་དོ།། དེ་དག་གི་སེམས་ནི་འདོད་པ་རྣམས་ལ་གནས་སོ།། དེ་བཞིན་དུ་ཕམ་པ་བྱེད་པ་རྣམས་དང་། མཚམ ་མེད་པའི་ལས་བྱེད་པའི་སེམས་ཅན་བསྐྱེད་མི་དགོས་པར་འཛིན་པ་རྣམས་ཀྱི་བྱང་ཆུབ་ཀྱི་རྒྱུད་པར་བྱེད་དེ། འདོད་ཆེན་པོའི་འཆི་བའི་དུས་ལ་བབ་པ་དང་འདྲ་བ་ནི་མ་ཡིན་པར་རྟག ་སོ་རིགས་ཀྱི་བུ་དཔེར་ན་མཚན་མོ་མུན་པའི་ནང་ན་འཛམ་བུའི་གླིང་པའི་སེམས་ཅན་རྣམས་ཞིང་བླས་ལ་སོགས་སོ་པའི་ལས་བྱ་བ་ལ་འཇུག་པ་མེད་དེ། ཉི་མ་འཆར་བ་སྡོད་ཅིང་འཁོདོ།། ་དེ་ནས་ཉི་མ་ཤར་བ་ལ་ཞིང་ལས་ལ་སོགས་པ་བྱེད་པ་ལ་འཇུག་གོ།། དེ་བཞིན་དུ་ཐེག་པ་ཆེན་པོ་རྣམས་ཀྱིས་ཀྱང་མདོ་སྡེ་དང་ཏིང་ངེ་འཛིན་ཐོས་ཤིང་བསྒོམས་ནས། ཞིང་བླས་བྱེད་འདོད ་པའི་སེམས་ཅན་མཚན་མོ་སྡོད་པ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོའི་ཉི་མ་ཤར་བ་ལ་སྡོད་དེ། དེ་ནས་མདོ་ཆེན་པོ་འདི་ལས་དགོངས་པའི་ཚིག་ཐོས་ནས། ་དམ་པའི་ཆོས་ཀྱི་གནས་སུ་ལས་ལ་བརྩོན་པར་བྱེད་དོ།། དེ་ནས་ཞིང་ལས་ཇི་ལྟར་བྱས་པ་ལ་ཆར་ཆེན་པོ་བབ་པས་ལོ་ཏོག་སྐྱེ་བར་འགྱུར་ལགས། ལོ་ཡང་ལེགས་པར་འགྱུར་རོ།། ་དེ་བཞིན་དུ་དམ་པའི་ཆོས་ཀྱི་ཞིང་བྲས་བྱས་པ་ལ་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ཆེན་པོའི་སྤྲིན་ཆེན་པོ་ལས་ཐོབ་པའི་ཆོས་ཀྱི་ཆར་བབ་ན། རིམ་ནད་རྣམ་པ་བརྒྱད་ལས་རྣམ་པར ་གྲོལ་བ་ལ་དང་། བདེ་བ་དང་ལོ་ལེགས་པ་དང་། ཡིད་དུ་འོང་བའི་བྱེད་པར་ལུང་བསྟན་པ་ཆེན་པོའི་ལོ་ཏོག་སྐྱེ་བར་འགྱུར་ཏེ། དམ་པའི་ཆོས་པདྨ་དཀར་པོའི་མདོ་ཆེན་པོ་ལས། ཉན་ཐོས ་པོ་བརྒྱད་ཅུ་དཔྱིད་ཟླ་ར་བྲ་ལ་འབྲུ་རྣམས་མཐར་ཐུག་པ་བཞིན་དུ། ལུང་བསྟན་པ་ཆེན་པོའི་ལོ་ཏོག་སྐྱེ་བའི་མཐར་ཐུག་པ་དང་འདྲ་བར་འགྱུར་ཏེ། འདོད་ཆེན་པ་ནི་མ་གཏོགས་སོ།། ། ་། འཕགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཐེག་པོའི་མདོ།། །། བམ་པོ་བཅུ་པའོ།། ་། རིགས་ཀྱི་བུ་དཔེར་ན། སྨན་པ་ཆེན་པོ་འབྱུང་པོས་ཟིན་པ་འམ། སྦྲུལ་གྱིས་ཟིན་པའི་དོན་དུ། སྨན་གྱིའི་ལུ་འམ། སྨན་གནོད་སེལ་རྒྱང་གྲགས་མང་པོ་ཞིག་ཏུ་བཀུར་ཏེ་འདི་སྐད ་དུ་སྨན་འདི་མྱུར་དུ་ཁྱེར་ལ་ཁྱེར་ནས་ཀྱང་དེའི་དཔྱད་ཀྱིས་ཤིག་དང་དེ་ལྟར་བྱས་ན། དེའི་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། སྲིན་པོའི་གདོན་རྣམས་མེད་པར་འགྱུར་རོ།། དེས ་སྟེ་མ་ཁྱེར་ནི་བདག་ཉིད་འགྲོ་བར་བྱའི།། དེ་བར་མ་དོར་ཆུད་ཟོས་ན་མི་རུང་ངོ་།། ཞེས་ཀྱང་ཟེར་ལ་དེས་སྨན་པའམ། སྨན་པའི་འཕྲིན་དེ་དག་རིང་པོ་ཞིག་ནས་མཐོང་ནས། སྔགས ་དེའི་གཟི་བྱིན་དང་མཐུས་གནོད་པ་ཐམས་ཅད་ཞི་བར་འགྱུར་ཏེ། དེ་ཡང་བདེ་བར་འགྱུར་བ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་བྲེའི་མདོ་ཆེན་པོ་མཐུ་ཆེ་བ་འདི་ཡི་གེར་བྲིས ་@##། ཞིག། འགའ་ཞིག་གི་གནས་ན་ཡོད་དོ་ཞེས་དགེ་སློང་ངམ། དགེ་སློང་མ་འམ། འདི་ལ་ཕྱི་རོལ་པ་གཞན་གྱིས་ཤེས་སམ། གཞན་ལས ་ཐོས་ན། དེ་དག་བྱང་ཆུབ་ཀྱི་རྒྱུར་འགྱུར་ལ། ཕམ་པ་བྱེད་པ་དང་། མཚམས་མེད་པའི་ལས་བྱེད་པའི་འབྱུང་པོ་དང་། ཤ་ཟའི་གདོན་གྱིས་ཟིན་པ་ཇི་སྙེད་ཀྱིས་ཐོས་ཀྱང་རུང ་སྟེ་དེ་དག་ཐམས་ཅད་སྨན་པ་ཆེན་པོ་མཐོང་བཞིན་དུ་གདོན་དང་བྲལ་ཏེ། བྱང་ཆུབ་སེམས་དཔའ་ཆེན་པོར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་བཞིན་གཤེགས་པ་རྟག་པའི་མདོ ་སྡེ་ཆེན་པོའི་མཐུས་རྒྱུ་དེས་དེ་ལྟར་འགྱུར་ཏེ། དེ་ལྟར་ན་གང་དག་གིས་མདོ་ཆེན་པོ་གླེགས་བམ་ལ་བྲིས་པ་ཀློགས་སམ། ཐོས་སམ། དྲིས་ཀྱང་རུང་། དེ་དག་ལྟ་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོར་ཅི་སྡེ་མི་འགྱུར། འདོད་ཆེན་པ་ནི་མ་གཏོགས་སོ།། དཔེར་ན། འོན་པས་སྒྲ་མི་ཐོས་པ་དེ་བཞིན་དུ། འདོད་ཆེན་པས་ཀྱང་། མདོ་སྡེ་འདི ་ཐོས་པར་མི་ནུས། ཏེ་དེ་རྒྱུ་མེད་པའི་ཕྱིར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། སྨན་པ་ཚེ་རིགས་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་གིས། རྒྱལ་པོ་མཐོང་ན། ་རྒྱལ་པོ་ཆེན་པོ་ཁྱོད་གྲོངས་ལ་ཐུག་པ་ཙམ་གྱིས། བསྙུན་གྱིས་ཐེབས་པར་འགྱུར་རོ་ཞེས་ལུང་བསྟན་པ་དང་རྒྱལ་པོ་དེས་དེ་ལ་བཀའ་བསྩལ་པ། ཁྱོད་ཀྱི་མ་མཐོང་བ་ནད་ཚབས ་ཆེན་པོ་འགྱུར་བ་ཇི་ལྟར་ཤེས། དེ་ནས་སྨན་པ་དེས་རྒྱལ་པོ་ལ་གསོལ་པ། གལ་ཏེ་ཐུགས་མི་ཆེས་ན་སྨན་གསོལ་གཅིག་དང་། མངོན་ནོ་ཞེས་བྱས་ནས། འོན་ཀྱང་རྒྱལ་པོ་དེ ་སྨན་མཐུང་ཡང་མ་བཏུབ་པོ།། དེ་ནས་སྨན་པ་ཆེན་པོ་དེས་རིག་པའི་སྟོབས་ཀྱི་གཞ་གར་གཞང་བྲུམ་ཐོན་པར་བྱས་སོ།། དེ་ནས་རྒྱལ་པོ་དེས་གཞང་འབྲུམ་དེ་དག་མཐོང་བར ་འགྱུར་རོ།། སྐྲག་ཅིང་མི་དགའ་བ་སྟེ། སྙིད་བུན་ཞེས་བྱས་ནས། སྨན་པའི་ཚིག་བདེན་ནོ།། སྙམ་དུ་སེམས་ཏེ། ཞང་འབྲུམ་ཐོན་པར་ཤེས་ནས། ཀྱེ་མ་སྨན་པ་རིག་པའི་སྟོབས་ངོ ་མཚར་ཏོ་སྙམ་ཏེ། སྨན་པ་དེ་ལ་ཡང་ཕ་མ་ལ་གུས་པས་བྱ་བ་བཞིན་དུ། བཀུར་སྟི་བྱེད་པ་དེ་བཞིན་དུ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ནི་སེམས ་སྐྱེད་མི་དགོས་པར་འཛིན་པའི་སེམས་ཅན་ཐམས་ཅད་ལ་ཡང་སྨན་པ་ཆེན་པོས་རྒྱལ་པོས་ལ་བྱ་བ་བཞིན་དུ། བདེ་བླག་ཏུ་བྱང་ཆུབ་ཀྱི་རྒྱུ་ལ་འཇོག་པར་བྱེད་དོ།། དེ་དག་ལ་རྨི་ལ ་དྲོ་འམ། འཆི་བའི་ཚེ་ཡང་རུང་སྟེ། སེམས་ཅན་དེ་དག་གིས་མི་ཤེས་བཞིན་དུ་བྱང་ཆུབ་ཀྱི་རྒྱུ་ལ་འཇུག་པར་བྱེད་དོ།། འདོན་ཆེན་པོ་ནི་མ་གཏོགས་སོ།། སྨན་པ་ཆེན་པོས ་ཀྱང་འདི་གསོར་རུང་ངོ་སྙམ་ནས། ལས་མི་བཟད་པ་དང་། ལྡན་པའི་འཆི་བའི་ནད་གསོས་བར་མི་བྱེད་དོ།། འཆི་བར་འགྱུར་བ་དང་འདྲ་བ་ནི་འདོད་ཆེན་པོ་ཡིན་ནོ།། ་རིགས་ཀྱི་བུ་དཔེར་ན་སྨན་པ་ཚེའི་རིག་བྱེད་ཡན་ལ་བརྒྱད་ཀྱི་རྒྱུད་ཕྱི་མ་ཤེས་པ་ཞིག་གིས། རང་གི་བུ་ཐོག་མར་རྒྱུད་ཀྱི་ཡན་ལག་ཐང་དང་ཆུ་དང་། རི་ལས་སྐྱེས་པའི་སྨན ་རྣམས་སློབ་པར་བྱེད་ཀྱི། ཐོག་མ་ཡན་ལག་སློབ་པ་ཙམ་ན་རྒྱུ་དེ་ཕྱི་མ་སློབ་པར་མི་བྱེད་དེ། གང་གི་ཚེ་རིག་བྱེད་ཡན་ལག་བརྒྱད་བསླབ་པ་འཛིན་པ་དེའི་ཚེ་ནི། རྒྱུད་ཕྱི་མ ་པ་ལས་སྔགས་དང་། སྨན་གྲུབ་པའི་ལས་སློབ་པར་བྱེད་པ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་ཀྱང་། ཉིད་ཀྱི་སྲས་དགེ་སློང་དག་ལ། ཐོག་མའི་ཡན་ལག་ཉོན་མོངས་པའི་རྣམ་པར་སྣང་བ་དང་། ལུས་སྙིང་པོ་མེད་པར་སྒོམ་པ་དང་། ཐང་དང་ཆུ་དང་། རི ་ལས་སྐྱེས་པ་ལྟ་བུ་རྣམ་པ་གསུམ་བསྒོམ་པར་སློབ་པར་མཛད་དོ།། དེ་ལ་ཐང་ཞེས་བྱ་བ་ནི་ལུས་ཀྱི་སྡུག་བསྔལ་རྣམ་དུ་མ་རྣམས་སོ།། ཆུ་ཞེས་བྱ་བ་ནི། ལུས་འདི་ཆུར་མི་རྟག ་པའོ།། རི་ཞེས་བྱ་བ་ནི། ཉོན་མོངས་པའི་རྣམ་པ་རྣམས་ལ་བདག་མེད་པ་སྟེ། དེ་བས་ན་དེ་བཞིན་གཤེགས་པ་ནི་ལུས་འདི་ནི་བདག་མེད་པའོ།། ཞེས་སློབ་པར་མཛད་དོ།། ་གལ་ཏེ་དགེ་སློང་རྣམས་ཀྱི་གསུངས་རབ་ཡན་ལག་དགུ་ལ། དོན་གྱི་བྱ་བ་བྱས་ཟིན་པའི་དགེ་སློང་རྣམས་ལ། དེ་བཞིན་གཤེགས་པའི་སྙིང་པོའི་རྒྱུད་ཕྱི་མ་ལས་དེ་བཞིན་གཤྱེ ་པ་རྟག་གོ་ཞེས་སྟོན་པར་མཛད་དོ།། དེ་ལྟར་ན་དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་བསྟན་པ་ཐོས་ནས། སེམས་སྒྱིད་མི་དགོས་པར་འཛིན ་བའི་སེམས་ཅན་རྣམས་ལ་ཡང་བྱང་ཆུབ་ཀྱི་རྒྱུར་འགྱུར་ཏེ། འདོད་ཆེན་པ་ནི་མ་གཏོག་སོ།། རིགས་ཀྱི་བུ་དེ་ལྟར་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི་ན། ་དེ་ལྟར་བསམ་གྱིས་མི་ཁྱབ་སྟེ། སྨན་པ་ཆེན་པོ་འདི་ནི་དེ་ལྟར་བསམ་གྱིས་མི་ཁྱབ་སྟེ། སྨན་པ་ཆེན་པོ་བཞིན་དུ་སྨན་པ་རྣམས་ཀྱི་མཆོག་ཡིན་ཏེ། མདོ་སྡེ་འདི་ནི་མདོ་ཐམས་ཅད ་ཀྱི་མཆོག་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་གྲཝ་ནི་སེམས་ཅན་རྣམས་བསྒྲལ་བའི་ཕྱིར་ཕ་རོལ་གྱི་འགྲམ་ནས་ཚུ་རོལ་གྱི་འགྲས་དང་ཚུ་རོལ་གྱི་འགྲས་ནས་ཕ་རོལ་གྱི་འགྲབ་ན་འོ། ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་ནས། གྲཝ་ཕ་རོལ་ཏུ་འགྲོ་བ་བཞིན་དུ། སེམས་ཅན་རྣམས་བསྒོལ ་དུ་གཤེགས་ཏེ། གང་དང་གང་དུ་འདུལ་བ་རྣམས་ཡོད་པ་དེ་དང་དེར་རྫོགས་པའི་སངས་རྒྱས་སྟོན་པར་མཛད་དོ།། དེ་བས་ན་ཇི་ལྟར་གྲཝ་དང་གང་ཟག་ཏུ་སེམས་ཅན་བསྒྲལ་བར་འདོད ་པ་དེ་དང་དེར་འགྲོ་བ་དེ་བཞིན་དུ། དེ་བཞིན་གཤེགས་པ་ཡང་དེ་དང་འདྲ་སྟེ། དེ་བས་ན་གཞན་པ་ཆེན་པོ་ཞེས་བྱའོ།། དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་དང་། བསྟན་པ ་ཡིན་ནོ།། གྲུ་ཡོད་ན་གཉན་པ་སྒྲོལ་བར་བྱེད་ལ། དེ་བཞིན་གཤེགས་པ་རྟག་པར་ཡོངས་པ་དང་། ད་དུང་དུ་སེམས་ཅན་སྒྲོལ་ཞིང་སྐྱེ་བར་འགྱུར་རོ།། རིགས་ཀྱི་བུ་གཞན ་ཡང་དཔེར་ན། རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་བོ་ཆེ་འགྲོ་བ་རླུང་དང་ཕྲད་ན་དྲང་པོར་འགྲོ་ཞིང་སྐད་ཅིག་ཙམ་གྱིས་དཔག་ཚད་དུ་མར་འགྲོ་ལ། གལ་ཏེ་རླུང་དང་མ་ཕྲད་ན་ནི། ལོ་དུ ་མར་ཡང་མལ་ཅིག་ཏུ་འདུག་པ་འམ། ཡིད་བུབ་པར་འགྱུར་བ་དེ་བཞིན་དུ། མི་ཤེས་པའི་རྒྱ་མཚོ་ཆེན་པོར་ལྟུང་བའི་སེམས་ཅན་རྣམས་ཀྱང་། ཡོངས་སུ་མྱ་ངན་ལས་འདྲ ་པ་ཆེན་པོའི་མདོ་ཆེན་པོའི་རླུང་གི་རྒྱལ་པོ་དང་ཕྲད་ན་ནི། གྲུ་བཞིན་དུ་མྱུར་བ་ཁོ་ནར་བྱང་ཆུབ་ཀྱི་ཕ་རོལ་ཏུ་ཕྱིན་པར་འགྱུར་རོ།། གང་དག་མདོའི་རླུང་དང་ཕྲད་པ་དེ་དག་ནི། གྲུ་རྒྱ། ་མཚོ་ཆེན་པོར་བུབ་པ་བཞིན་དུ་འཁོར་ལོར་བརླག་པར་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། རྒྱ་མཚོ་ཆེན་པོ་འཇིག་པའི་གནསུ ་རླུང་དང་མ་ཕྲད་ན། ད་ནི་ཤི་བ་ཉིད་ཡིན་ནོ་སྙམ་སྟེ། དཀོས་ཐག་པར་གྱུར་པའི་སེམས་ཅན་རྣམས་མི་ཤེས་བཞིན་དུ། རླུང་གི་རྒྱལ་པོའི་ཡུད་ཙམ་གྱིས་ཁྱེར་ནས། དེ་དག་འདི་སྙམ་དུ ་སེམས་ཏེ། ཀྱེ་མ་བདག་ཅག་ཐར་པ་འདི་ནི་ངོ་མཚར་རོ་སྙམ་པ་དེ་བཞིན་དུ། མདོ་ཆེན་པོའི་རླུང་གི་རྒྱལ་པོ་འདི། ཡང་མི་ཤེས་པའི་རྒྱ་མཚོ་ཆེན་པོ་ན་འཁོད་པའི་སེམས་ཅན ་བྱང་ཆུབ་ཏུ་སེམས་བསྐྱེད་མི་དགོས་པར་འཛིན་པ་རྣམས་མི་ཤེས་བཞིན་དུ། བྱང་ཆུབ་ཀྱི་རྒྱུ་ལ་འགོད་པར་བྱེད་དོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། སྦྲུལ་གྱི་ལྤགས ་པ་སྙིང་པོ་བོར་ན། ཅིག་ཤི་བ་འམ། མེད་པར་སོང་བ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་གཤེགས ་པ་ཡང་ལྤགས་པ་སྙིང་པོ་འདོར་བ་བཞིན་དུ། ཐབས་ཀྱི་སྐུ་དུག་སྨན་གྱི་སྡོང་པོ་སྙིང་པོ་སྤོང་བར་མ་ཟད་པ་ཅིག་དེ་བཞིན་གཤེགས་པ་མི་རྟག་པར་འགྱུར་རམ། གསོལ་པ། ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། སྦྲུལ་ལྤགས་པ་རྗེ་བ་བཞིན་དུ། འཛམ་བུའི་གླིང་ཁ་ཅིག་ཏུ་ཐབས་ཀྱི་སྐུ་གཞན་བོར་ནས། ཐབས་ཀྱི་སྐུ་གཞན་སྟོན་པར་མཛད ་པ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བས་ན་དེ་བཞིན་གཤེགས་པ་རྟག་པ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། གསེར་འཁར་གསེར་གྱི་འབྱུང ་གནས་ནས་གསེར་བཞུ་སྟེ། སྐྱོན་དང་བྲལ་བ་འགྱུར། རྒྱན་བཟང་པོ་ཅི་དང་ཅི་འདོད་པ་དེ་དང་དེ་ལྟ་བུར་འདོད་པ་དང་། དེ་ལྟ་བུའི་ཐུགས་ཀྱི་གཟུགས་མངོན་པར་སྤྲུལ ་ནས་སེམས་ཅན་རྣམས་བསྒྲོལ་བར་མཛད་དོ།། དེ་བས་ནས་དེ་བཞིན་གཤེགས་པའི་སྐུ་ནི་མཐའ་ཡས་པ་སྟེ་རྟག་པ་ཡིན་ནོ།། རིགས་ཀྱི་བུ་དཔེར་ན། ཨ་མྲིའི་ཤིང་ངམ། ་འཛམ་བུའི་ཤིང་ཡང་རུང་། དེས་ཚིགས་རྣམས་པ་གསུམ་གྱིས་དབང་བར་འགྱུར་ཏེ། རེས་འགའ་སྦལ་དམིག་འབྱེད་པ་དང་། ལོ་མ་ཁ་འབུ་བར་འགྱུར་རོ།། རེས་འགའ ་ནི་ལོ་མ་རྒྱས་ཤིང་གྲིབ་མ་བསིལ་བར་འགྱུར་རོ།། རེས་འགའ་ནི་ཤིང་སྐམ་པོ་བཞིན་དུ་ལོ་མ་ལྷག་པར་འགྱུར་ན། ཅིག་ཤིང་དེ་དག་ཤི་ཞེས་བྱ་འམ། གསོལ་པ། བཙོ། ་ལྡན་འདས་དེ་ནི་མ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཉིད་འདུལ་བར ་བྱ་བའི་དབང་གིས། འཇིག་རྟེན་གསུམ་དུ་ཐབས་ཀྱི་སྐུ་རྣམ་པ་གསུམ་སྟོན་པར་མཛད་དེ། སྐྱེ་བ་ལྟ་བུ་དང་། འཚོ་ཞིང་བཞགས་པ་ལྟ་བུ་དང་། ཡོངས་སུ་མྱ་ངན་ལས ་འདའ་བ་ལྟ་བུར་སྟོན་ན། ཅིག་དེ་བཞིན་གཤེགས་པ་མི་རྟག་པ་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལེགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བས ་ན། དེ་ལྟར་ན་དེ་བཞིན་གཤེགས་པའི་སྐུ་དང་། དེ་བཞིན་གཤེགས་པའི་དགོངས་པའི་ཚིགས་ཀྱང་ཤེས་པར་ནུས་པ་འགའོ་དཔེར་ན། རྒྱལ་པོ་ལ་ལ་ཞིག་གིས་རང་གི་བློ་ན།། ་པོ་ལ་སྲིན་ཏུ་བ་འོན་ཅིག་ཅེས་སྒོ་ན། དེ་སྲིན་དུ་པ་ཞེས་བྱ་བ་ནི། ལན་ཚྭ་དང་། སྐོམ་སྡོད་དང་། རལ་གྲི་དང་། རྟ་རྣམས་ལ་བྱ་སྟེ། འདི ་བཞི་མིང་སིན་དུ་པ་ཞེས་བྱ་བ་ན། དེ་ལྟར་མིད་ཅིག་ལ་དོན་མང་པོ་ཡོད་པས། གང་གི་ཚེ་རྒྱལ་པོ་གཤོས་གསོལ་པ་ན། སིན་དུ་པ་ཞེས་ཟེར་ན་ནི། དེའི་ཚེ་བློན་པོས་དུ་བའི ་ལན་ཡིན་པར་རིག་ནས། ལན་ཚྭ་ཡིན་པར་རིག་པར་བྱའོ།། གང་གི་ཚེ་རྒྱལ་པོ་གཤོས་གསོལ་ཟིན་ནས། སྲིན་དུ་པ་ཞེས་ཟེར་ན་ནི། དེའི་ཚེ་བློན་པོས་སྐོམ་སྣོད ་ཡིན་པར་རིག་པ་ནས། སྐོམ་སྣོད་འབུལ་བར་བྱེད་དེ། གང་གི་ཚེ་སྐྱེད་མོས་ཚལ་དུ་འགྲོ་བའི་ཚེ། སིན་དུ་པ་ཞེས་ཟེར་ན་དེའི་ཚེ་བློན་པོས་རྟག་ཡིན་པར་རིག་ནས། རྟ་འབུལ ་བར་བྱེད་དོ།། གང་གི་ཚེ་རྒྱལ་པོ་འཐབ་པའི་ཚེ། སྲིན་དུ་ཞེས་ཟེར་ན་ནི། དེའི་ཚེ་བློན་པོས་རལ་གྲི་ཡིན་པར་རིག་ནས་རལ་གྲི་འབུལ་བར་བྱེད་དེ་དེ་ལྟར་རྒྱལ་པོའི་དགོས་པའི ་ཚིག་རྣམ་པ་བཞི་བློན་པོ་རྣམས་ཀྱིས་ཁོང་དུ་ཆུད་པར་འགྱུར་རོ།། རིགས་ཀྱི་བུ་དེ་བཞིན་དུ་ཐེག་པ་ཆེན་པོ་འདི་ལ་ཡང་མི་རྟག་པ་རྣམ་པ་བཞི་ཞེས་བྱ་བ་རེ་ཡོད་པར་ཐེག་པ་ཆེན ་པོ་ལ་བློན་པོ་དང་འདྲ་བས། དེ་བཞིན་དུ་རིག་པར་བྱས་ཏེ། གང་གི་ཚེ་དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་བ་ནས། སངས་རྒྱས་ཡོངས་སུ་མྱ་ངན་ལས་འདའོ་ཞེས ་སྟོན་ན་ནི། དེའི་ཚེ་ཐེག་པ་ཆེན་པོ་པས་མི་རྟག་པ་སྟོན་ཏོ།། སྙམ་དུ་ཤེས་པར་བྱས་ཏེ། མི་རྟག་པའི་འདུ་ཤེས་སྒོམ་པར་བྱའོ།། གང་གི་ཚེ་དེ་བཞིན་གཤེགས་པ་དམ ་པའི་ཆོས་ནུབ་པའི་ཆེ་ཞིག་པར་འགྱུར་རོ།། ཞེས་སྟན་ན་ནི། དེའི་ཚེ་སྡུག་བསྔལ་སྟོན་ཏོ་སྙམ་དུ་ཤེས་པར་བྱ་སྟེ། སྡུག་བསྔལ་བསྒོམས་པར་བྱའོ།། གང་གི་ཚེ་དེ་བཞིན་གཤྱེ ་པ་དགེ་སློང་རྣམས་དང་། དགེ་སློང་མ་རྣམས་ལ་དེ་ལུས་ནད་ཆེན་པོ་མཐའ་པས་གཟིར་ཏོ།། དགེ་འདུན་འཇིག་པར་འགྱུར་རོ།། སྟོན་ན་ནི། དེའི་ཚེ་བདག་མེད་པར་སྟོན་ཏོ་སྙམ་དུ ་ཤེས་པར་བྱ་སྟེ། བདག་མེད་པ་བསྒོམ་པར་བྱའོ།། གང་གི་ཚེ་དེ་དེ་བཞིན་གཤེགས་པ་ཐར་པ་ནི་མཚན་མ་མེད་པ་དང་། སྟོང་པ་དང་། ཅི་ཡང་མེད་པའོ་ཞེས་སྟོན་ན་ནི།། ་དེའི་ཚེ་ཐར་པ་ནི་སྲིད་པ་ཉི་ཤུ་རྩ་ལྔ་དང་བྲལ་བ་ཡིན་ནོ།། ཞེས་སྟོན་པར་ཤེས་པར་བྱས་ཏེ། དེ་བས་ན་སྟོང་ཞེས་བྱའོ།། གང་གི་ཕྱིར་དེ་ལ་སྡུག་བསྔལ་མེད་པས་ན། དེའི ་ཕྱིར་སྡུག་བསྔལ་ཅི་ཡང་མེད་པ་དང་། མཆོག་ཏུ་བདེ་བ་དང་། མཚན་མ་མེད་པ་ཡིན་ནོ།། གང་གི་ཚེ་ཕྱིར་དེ་ལ་མི་རྟག་པ་དང་། མི་བརྟན་པ་དང་། ཐེར་ཟུག་མ་ཡིན་པ་དང་། ་ཞི་བའི་རང་བཞིན་མ་ཡིན་པ་མེད་པས་ན། དེའི་ཕྱིར་ཐར་པ་ནི་རྟག་པ་དང་། བརྟན་པ་དང་། ཐེར་ཟུག་དང་། ཞི་བ་སྟེ། དེ་ཉིད་དེ་བཞིན་གཤེགས་པ་ཡིན་ནོ།། གང་གི་ཚེ་དེ་བཞིན ་གཤེགས་པ་སེམས་ཅན་ཐམས་ཅད་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཡོད་དོ་ཞེས་སྟོན་ན། དེའི་ཚེ་ཡང་དག་པར་རྟག་པ་བསྒོམ་པ་བསྒོམ་པར་བྱའོ།། དགེ་སློང་དག་དེ་ལྟར ་བསྒོམ་པ་དེ་དག་ནི། ངའི་ཉན་ཐོས་ཡིན་ནོ།། ཞེས་ང་ཟེར་རོ།། རྒྱལ་པོའི་བློན་པོ་བཞིན་དུ། དགོངས་པའི་ཚིག་ལ་མཁས་པ་ཡིན་ནོ།། ཞེས་ང་ཟེར་རོ།། དེ་ལྟར་རྒྱལ་པོའི ་ལུགས་ཡང་དགོངས་པའི་ཚིག་ཡོད་ན། ངའི་བསྟན་པ་ལ་དགོངས་པའི་ཚིག་ག་ལ་ཞིག་མེད་དེ། མཁས་པ་མང་པོ་ཞིག་གིས། ་དེ་ལྟར་རིག་པར་བྱའོ།། ངའི་བསྟན་པ་ནི་འཇིག་རྟེན་ཐམས་ཅད་དང་མི་མཐུན་ནོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཤིང་པ་ལ་ཤ་དང་། མྱ་ངན་ཚངས་དང་། དོང་ཀའི་ཤིང ་རྣམས་ནི་ཆར་པ་དཀོན་པའི་ཚེ། མེ་ཏོག་ཀྱང་ངན་པར་འགྱུར། འབྲས་བུ་ཡང་ངན་པར་འགྱུར་རོ།། ཆུ་དང་ཐང་ལས་སྐྱེས་པའི་མེ་ཏོག་གཞན་རྣམས་ཀྱང་ཁྲུན་ཐུང་བ་དང་། མདོག ་ངན་པ་དང་། གཟི་བྱིན་ཆུང་བ་དང་། དྲི་ཆུང་བར་འགྱུར་ཏེ། དེ་ལྟར་ན་མ་འོང་བའི་དུས་ན། མེ་ཏོག་དང་སྨན་རྣམས་གཟི་བྱིན་ཆུང་ཞིང་དྲི་ལས་སོགས་ཉམས་པར་འགྱུར་རོ།། ་རིགས་ཀྱི་བུ་དེ་བཞིན་དུ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདིའི་དགོངས་པའི་ཚིག་གིས། ཚིགསུ་བཟད་པའི་དོན། འཇིག་རྟེན་དུ་བརྡ་སྤྲོད་པའི་ཚིགས་སུ་བཅད ་པ་དང་། ཚིག་དང་། ཚིག་སའི་བུ་ཕྱེད་ཙམ་སྤྱོད་པར་འགྱུར་རོ།། དགེ་སློང་སྡིག་ཅན་རྣམས་ཀྱིས་ཀྱང་། རང་ལ་མཐུ་མེད་པས། དགོངས་པའི་ཚིགས་གསད་པའི་ཚིག་སུ ་བཅད་པ། བདུད་རྩིའི་ཚིགས་རྣམས་བོར་ནས། གཞན་འདོན་པར་བྱེད་དེ། རྐུན་མོ་དག་གིས་ཕུབ་མ་ཁུརུ་ཁྱེར་ལ། ཆེ་བ་ལ་འོས་པའི་རིན་པོ་ཆེ་འདོར་བ་བཞིན་དུ་དགེ ་སློང་གཡེལ་བ་རྣམས་ཀྱང་། མདོ་འདིའི་ཚིགསུ་བཅད་པ་དགོངས་པའི་ཚིག་རྣམས་ཀྱི་དོར་བར་བྱེད་དོ།། ཀྱེ་མ་མ་འོངས་པའི་དུས་མཆོག་ཏུ་འཇིགས་ཤིང་མཆོག་ཏུ་སྐྲག ་ཏུ་རུང་བར་འགྱུར་རོ།། ཀྱེ་མ་མ་འོངས་པའི་སེམས་ཅན་ཤིན་ཏུ་དཔལ་ཡོན་ཆུང་བ་དག་འབྱུང་བར་འགྱུར་ཏེ། དེ་དག་ནི་མདོ་སྡེ་ཆེན་པོ་འདི་ཉན་པར་འགྱུར་རོ།། གང་དག་ཉན་ཐོས་པར ་བྱེད་པ་དེ་དག་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་དོན་འཛིན་པར་འགྱུར་གྱི། ཡི་གེ་ལྷུར་མི་འཛིན་ཏོ།། མདོ་སྡེའི་དོན་ཇི་སྙེད་པ་དེ་ཁོ་ན་ཉིད་གཞན་དག ་སྟོན་པར་བྱེད་ཀྱི་དོན་མེད་པ་རྟོགས་པར་མི་བྱེད་དོ།། རིགས་ཀྱི་བུ་དཔེར་ན། ཕྱོགས་རྫི་མོ་ཞག་གིས་ཁེ་ཕྱིན་པར་བྱ་བའི་ཕྱིར། འོ་མའི་གཞི་ལས་ཆུ་བུར་རམ་དང་སྦར་བས ་སྤང་སྟེ། ཕྱུགས་ཀྱི་གནས་སུ་འོ་མའི་བུམ་པ་ཁྱེར་ཏེ་སོང་ནས། དེས་ཕྱུགས་རྫི་མ་ཟླ་ལ་བཙོངས། བར་ལོང་མ་ཟླ་དེས་ཀྱང་ཆུ་གཉིས་འགྱུར་གྱིས་སླད་ནས། གྲོང་ཁྱེར་རམ ་ཚོང་འདུས་སུ། ཉེ་བའི་མི་ཞིག་གིས་བུའི་གཙུག་ཕུད་འཇོག་པའི་དུས་སྣརོན་ཀྱེའོ་ཐུག་བྱས་པའི་ཕྱིར། འདི་ནི་དཀོན་པ་ཡིན་སྙམ་སྟེ། འོ་མ་དེ་ཉོས་ནས་འོ་མ་རུས་སྨད་པ་དེས ་འོ་ཐུག་བཅོས་ནས། ཟས་ཀྱི་མཆོག་དེ་རོ་ཆུང་བར་གྱུར་ཏེ། འོན་ཀྱང་རོ་བྲོ་བ་ཐམས་ཅད་ཀྱི་ནང་ན་བའི་བཅུད་གཙོ་བོ་ཡིན་ལ། དེའི་ནང་དུ་ཡང་འོ་མ་དམ་པ་ཡིན་པས་ན། ཟས ་ཀྱི་མཆོག་དེ་རོ་ཚ་བ་བས་ཆེས་སྟོང་འགྱུར་གྱིས་ཞིམ་མོ།། རིགས་ཀྱི་བུ་དེ་བཞིན་དུ། འདས་པའི་འོག་ཏུ་ལོ་བརྒྱ་ཕྲག་དུ་མ་ལོན་པ་ན་གང་གི་ཚེ་དམ་པའི་ཆོས་གནས་པའི་ལྷག་མ ་ལོ་སྟོ་བརྒྱད་ལུས་པ་དེའི་ཚེ། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདི། འཛམ་བུའི་གླིང་དུ་སྤྱོད་པར་འགྱུར་ཏེ། དེའི་ཚེ་དེ་ལྟར་མདོ་སྡེ་སྤྱོད་པ་ལས་དགེ་སློང་སྡིག ་ཅན་མཆོག་ཏུ་གཡེལ་བ། དམ་པའི་ཆོས་ཀྱི་ཀྱེ་མེ་ཏོག་གི་དྲི་མེད་པར་བྱེད་པ་རྣམས་ཀྱིས་དྲི་གླེགས་བམ་འཆོས་པར་བྱེད་དེ། མདོ་སྡེ། ་འདི་ཀློག་པ་ན་དོན་དང་ཚིག་རྟོགས་པར་དཀའ་བ། དགོངས་པའི་ཚིག་གསང་བ་རྣམས་ལས། ན་དང་མ་དང་། ཀ་ལས་སོགས་པ་དགག་པའི་རྣམ་དབྱེ་བོར་ཞིང་གཞན་འདོན ་པར་བྱེད་དོ།། དགེ་སློང་རང་གི་སྙེད་པ་བསྒྲུབ་པ་རུང་བ་མ་ཡིན་པའི་རྫས་འཆང་བ་དེ་དག་ནི། བདུད་ཀྱི་ཕྱོགས་ཡིན་ཏེ། ཕྱགས་རྫི་མོས་བུ་རམ་གྱི་ཆུས་འོ་མ་སྨད་པ་བཞིན ་དུ། མདོ་སྡེ་འདི་མ་རུངས་པར་བྱེད་དོ།། གཞན་ཡང་ཀློག་མི་ཤེས་པ་དང་། ཆོས་སྨྲ་བ་ངན་པ་དང་ཡིག་འབྲུས་ངན་པའི་ཉེས་པ་དང་། ཆོས་མི་གནས་པ་དང་། བླ་མ ་ལ་སྲིད་ཞུ་མི་བྱེད་པ་དང་། མི་ངན་པས་ཁྱད་དུ་སྐྲོད་པ་དང་། འཆད་ཉེས་པ་དང་། ཡུན་རིང་བ་དང་། ལག་བརྒྱུད་པའི་ཉེས་པས། ཚིག་དང་དོན་ཕྱེད་ཕྱེད་ཙམ་དུ་གྱུར ་པ་སྟོན་ཅིང་། མདོ་སྡེའི་ལྷག་མ་ཅུང་ཤས་ཙམ་ཞིག་བསྡུས་པར་སྣང་ངོ་།། བར་ལོང་མ་ལས་ཉིས་དོན་ཉོས་པའི་འོ་མས་ཟས་ཀྱི་མཆོག་བཅོས་རོ་མེད་པར་གྱུར་ཀྱང་། ་ཟས་ཀྱི་མཆོག་དེ་ནི་རོ་བྲོ་བ་ཐམས་ཅད་ཀྱི་དམ་པ་ཡིན་པ་དེ་བཞིན་དུ། མདོ་ཆེན་པོ་འདི་ཡང་དེ་ལྟར་ལྷག་མ་ཆུང་ཤས་ཙམ་ཞིག་ལུས་པར་ཟད་མོད་ཀྱི། ཉན་ཐོས་ཀྱི་ཐེག། ་པ་ཆེན་པོའི་མདོ་སྡེ་ཐམས་ཅད་ལས་སྟོང་འགྱུར་གྱི་གཙོ་བོར་གྱུར་པ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། མདོ་སྡེ་དང་ཏིང་ངེ་འཛིན་ཐམས་ཅད་ནི་ཡོངས་སུ་མྱ་ངན་ལས་འདས ་པའི་མཐུ་ཡིན་པས་ན། དེའི་ཕྱིར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་མཆོག་ཅེས་བྱ་སྟེ། མིང་ཆེ་བ་ཡིན་ནོ།། རིགས་ཀྱི་བུ་གཞན་ཡང་རིགས་ཀྱི་བུ་མོས་སྐྱེས་པའི ་རང་བཞིན་དུ་འགྱུར་བར་བསྒོམ་པར་བྱའོ།། དེའི་ཅིའི་ཕྱིར་ཞེ་ན། བུད་མེད་ཀྱི་རང་བཞིན་ནི། ཆོས་མ་ཡིན་པ་ཐམས་ཅད་ཀྱི་རྒྱུའི་སྒོ་ནས་འབྱུང་ཁུངས་ཡིན་ཏེ། དཔེར ་བྱེ་ན། སྦྲང་བུའི་གཅིན་ནམས་ཀྱང་ས་ཆེན་པོ་རླན་པ་ཡང་མི་འགྱུར། ངོམས་པར་ཡང་མི་འགྱུར་བ་དེ་བཞིན་དུ། བུད་མེད་ཀྱང་ནམས་ཀྱང་འདོད་པས་ངོམས་པར་མི ་འགྱུར་ཏེ། བུད་མེད་ནི་གལ་ཏེ་ས་ཆེན་པོ་རྒྱ་ཤུགས་ཀྱི་རུས་པ་ཙམ་འམ། ཡོངས་འབྲུ་ཙམ་གྱི་རི་ལུ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་སྐྱེས་པ་དང་ལྷན་ཅིག་འདོད་པས་ཞེན ་པར་རྟེན་དུ་ཟིན་ཀྱང་། སྦྲང་བུའི་གཅིན་གྱིས་ས་རླན་ཅིང་ངོམས་པར་མི་འགྱུར་བ་བཞིན་དུ། བུད་མེད་རྣམས་འདོད་པས་ངོམས་པརོ་མི་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང ་བུད་མེད་ཇི་ལྟར་མ་བཟང་པ་ཉོན་ཅིག་བུད་མེད་ནི་གལ་ཏེ། སྐྱེས་པ་གང་གའི་ཀླུང་གི་བྱེ་མ་རྙེད་དམ། གཏམས་སྙེད་དམ། དཀྲིག་ཐེ་ཚོམ་ཁྲིག་སྙེད་དང་ལྷན་ཅིག་ཏུ་འདོད་པ ་ཞེན་པ་རྟེན་དུ་ཟིན་ཀྱང་། སྦྲང་བུའི་གཅིན་གྱི་མི་ངོམས་པར་མི་འགྱུར་བ་བཞིན་དུ་བུད་མེད་རྣམས་འདོད་པས་ངོམས་པར་མི་འགྱུར་རོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ་རྒྱ་མཚོ་ཆེན་པོ་ནི་སྤྲིན་ཆེན་པོའི་ཆར་འབབ་པའི་ཆུ་དང་། ཆུ་ཀླུང་རྣམས་ཀྱི་ཆུ་ཀླུང་འབབ་ཀྱང་ངོམས་པ་མེད་པ་དེ་བཞིན་དུ་བུད་མེད་རྣམས་ཀྱང་འདོད་པས་ངོམ་པ་མེད་དོ།། ། ་རིགས་ཀྱི་བུ་གཞན་ཡང་དཔེར་ན། མེ་ཏོག་གི་ཤིང་མྱ་ངན་ཚངས་དང་། དོང་ཀོའི་ཤིང་དང་། བ་ཏ་ལ་ལ་སོགས་པ་མེ་ཏོག་རྒྱས་པ་ན། བུང ་བ་རྣམས་མེ་ཏོག་གི་ཁུ་བས་ངོམས་པར་མི་འགྱུར་ཏེ། བུང་བ་རྣམས་ཀྱི་མཁས་པ་དང་། ཆ་ཕྲ་བ་དང་། ཟབ་མོར་མེ་ཏོག་གི་ཁུ་བ་རྣམས་འཐུང་བར་བྱེད་དོ།། བུདྱ་བ་བཞིན ་དུ་བུད་མེད་རྣམས་ཀྱང་འདོད་པས་ངོམས་པར་མི་འགྱུར་རོ།། རིགས་ཀྱི་བུ་དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་འདི་ཐོས་ནས། བུད་མེད་ཀྱི་རང་བཞིན་ལ་མ་ཆགས ་པར་སེམས་བསྐྱེད་པར་བྱ་སྟེ། སྐྱེས་པའི་རང་བཞིན་དུ་འགྱུར་བར་སེམས་སྐྱེད་པར་བྱའོ།། དེ་ཅིའི་ཕྱིར་ཞེ་ན། མདོ་འདི་ནི་སྐྱེས་པའི་རང་བཞིན་དེ་བཞིན་གཤེགས་པའི་སྙིང ་པོ་ཡང་དག་སྟོན་པ་ཡིན་པའི་ཕྱིར་རོ།། སྐྱེས་པའི་རང་བཞིན་མ་ཡིན་ནོ།། དེ་བཞིན་གཤེགས་པའི་སྙིང་པོ་མི་ཤེས་པ་གང་ཡིན་པ་དེ་དག་ནི་བུད་མེད་ཡིན་ནོ།། ཞེས་ང་ཟེརོ།། ། ་དེ་བཞིན་གཤེགས་པའི་སྙིང་པོ་བདག་ལ་ཡོད་དོ།། སྙམ་དུ་ཡང་དག་པར་ཤེས་པ་གང་ཡིན་པ་དེ་དག་ནི། སྐྱེས་པའི་མཆོག་ཏུ་གཏོགས་ཏེ། བུད་མེད་ཡིན་དུ་ཟིན་ཀྱང་། ་སྐྱེས་པའི་མཆོག་ཏུ་གཏོགས་ཏེ། བུད་མེད་ཡིན་དུ་དེ་ལྟར་ན། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་ནི། དེ་བཞིན་གཤེགས་པའི་སྙིང་པོ།། སྟོན་པའི ་ཕྱིར་དཔག་ཏུ་མེད་པ་ཡིན་ནོ།། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་མདོ་སྡེའི་གནས་འདི་མྱུར་དུ་རྟོགས་པར་འདོད་པས་ནི། དེ་བཞིན་གཤེགས་པའི་སྙིང་པོ་ལ་བརྩོན་པར ་བྱའོ།། གསོལ་བ། བཅོམ་ལྡན་འདས་དེ་ནི་ལེག་སོ།། བཅོམ་ལྡན་འདས་དེ་ནི་ལེགས་ཏེ། བདག་ཀྱང་དེང་དེ་བཞིན་གཤེགས་པའི་སྙིང་པོ་བསྒོམས་སླད་དུ། ་སྐྱེས་པའི་རང་བཞིན་ལ་ཞུགས་སོ།། མངོན་པར་ཕྱེ་ལགས་སོ།། བརྡའ་འཚལ་བར་བགྱིས་ལག་སོ།། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེགས་སོ།། ། ་འཇིག་རྟེན་དང་མཐུན་པར་བྱེད་པས་ནི། དེ་ལྟར་བལྟ་བར་བྱའོ།། གསོལ་པ། བཅོམ་ལྡན་འདས་འཇིག་རྟེན་དང་མཐུན་པ་མ་ལགས་སོ།། བཀའ་སྩལ་པ། ་རིགས་ཀྱི་བུ་ལེག་སོ་ལེགས་སོ།། དེ་ལྟར་བུང་བ་ཤིང་གི་མེ་ཏོག་བཟའ་བ་བཞིན་དུ། ཟབ་མོའི་ཆོས་ཀྱི་ཟས་ཟ་བར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ་སྦྲང་བུའི་གཅིན་ཉུད་ཆེས་པས་ས་ཆེན་པོ་ངོམས་པར་མི་འགྱུར་བ་དེ་བཞིན་དུ། སྦྲང་བུའི་གཅིན་དང་འདྲ་བར། མ་འོངས་པའི་དུས་ན་མདོ་སྡེ་ཆེན་པོ་འདི་འཇིག་རྟེན ་དུ་ཆུང་ཤས་ཙམ་ཞིག་སྨོད་པར་འགྱུར་ཏེ། དམ་པའི་ཆོས་འཇིག་པའི་ཐ་མར་སྦྲང་བུའི་གཅིན་ས་ཆེན་པོ་ལ་སོང་བ་བཞིན་དུ་ཟད་པར་འགྱུར་རོ།། འདི་ནི་དམ་པའི ་ཆོས་ནུབ་པའི་ལྟས་བདོན་ཏེ། ལྟས་གཞན་ཡང་ཡོད་པར་མཁས་པས་ཤེས་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། དབྱར་ཟད་པའི་དུས་འཇུག་དགུན ་གྱི་ཟླ་བ་དང་པོ་ནི་སྟོན་ཞེས་བྱས་སོ།། སྟོན་གྱི་དུས་ལ་བབ་པ་ན། མ་སྨིན་པ་སྨིན་པར་བྱ་བའི་ཕྱིར་སྤྲིན་རྣམས་ཀྱི་ཆར་བ་བ་ནས་མྱུར་བ་མྱུར་བར་འགྱེས་པ་དེ་བཞིན་དུ། ་ལྷོ་ཕྱོགས་སུ་སོང་ནས། ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་དགོངས་པའི་ཚིགས་ཐམས་ཅད་ཀྱི་ཆར་འབབས་སོ།། ་དེ་ནས་ལྷོ་ཕྱོགས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱི་དམ་པའི་ཆོས་འཇིག་པ་ཤེས་ནས། དགུན་གྱི་དུས་དང་ཉེ་བར་གྱུར་པའི་སྤྲིན་བཞིན་དུ་ཁ་ཆེས་ཡུལ ་དུ་སོང་ནས་ས་ལ་ནུབ་པར་འགྱུར་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཤིན་ཏུ་རྒྱས་པ་བདུད་རྩིའི་མཆོག་གི་དམ་པའི་ཆོས་ཐམས་ཅད་ནུབ་པར་འགྱུར་རོ།། ད་ལྟར་ནི་དེ་བཞིན་ག ་པས་མཁྱེན་པའི་མདོ་སྡེ་འདི་ལག་ཏུ་འོངས་མོད་ཀྱི། དམ་པའི་ཆོས་ནུབ་པར་འགྱུར་རོ་སྙམ་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མི་མཆོག་རྣམས་ཀྱིས་ཤེས ་པར་བྱའོ།། གསོལ་པ། དེ་བཞིན་གཤེགས་པ་དང་། རང་སངས་རྒྱས་དང་། ཉན་ཐོས་དང་། བྱང་ཆུབ་སེམས་དཔའི་ཁམས་ཐ་དད་པ་མ་མཆིས་པ། སེམས་ཅན ་ཐམས་ཅད་ཀྱི་བདེ་བླག་ཏུ་རྟོགས་པར་བགྱི་བའི་སླད་དུ། བཅོམ་ལྡན་འདས་ཀྱིས་གསལ་ཞིང་ཟུར་ཕྱིན་པར་བཀའ་སྩལ་དུ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། རིགས་ཀྱི་བུ་དཔེར་ན་ཁྱིམ་བདག་གམ། ཁྱིམ་བདག་གི་བུ་ཞིག་ལ། བ་ལང་གི་ལྷས་མང་པོ་ཡོད་དེ། བ་ལང་གི་བུ་ཐ་དད་པ་དག་བདོག་ལ་དེའི་ནང་ན་སྔོན ་པོ་དག་ཀྱང་ཡོད་དེ། བ་དེ་དག་པ་རྫི་གཅིག་འཚོར་བཞུག་གོ། དེ་ནས་ཁྱིམ་བདག་དེས་ལན་གཅིག་ན། རང་གི་ལྷས་རྣམས་གཅིག་ཏུ་བསྡུས་ནས་འོ་མ་འཇོར་བཅུགོ།། ་དེ་ནས་འོ་མ་དེ་དག་དང་མི་མདོག་བཞིན་དུ་དཀར་པོར་འདུག་པ་མཐོང་ནས་ངོ་མཚར་དུ་བཟུང་སྟེ་བསམ་པ། བ་འདི་དག་སྤུ་ཀ་ཐ་དད་པར་འདུག་ན། བ་སྔོན་མོ་འདི ་རྣམས་ཀྱི་འོ་མ་ཡང་སྔོན་པོར་མི་འདུག་ལ། བ་དཀར་མོ་རྣམས་ཀྱི་ཡང་དེ་དང་འདྲ་སྟེ། དུང་གི་མདོག་ལྟར་འདུག་གོ་སྙམ་མོ།། དེ་ནས་ཕྱིས་དེས་རྟོགས་ཏེ། སེམས ་ཅན་རྣམས་ཀྱི་རྣམ་པར་རྒྱུ་ལས་གྱུར་པ་ཡིན་པར་ལྟ་བར་བྱའོ་སྙམ་མོ།། རིགས་ཀྱི་བུ་དེ་བཞིན་དུ་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་རང་བཞིན་ཡང་འོ་མ་དང་འདྲའོ།། ཅིའི་ཕྱིར་ཞེ་ན། དེ་དག་ནི་ཟད་པ་ཟད་པའི་ཕྱིར་རོ།། སེམས་ཅན་ཐམས་ཅད་ཀྱི་ཉན་ཐོས་དང་། རང་སངས་རྒྱས་དང་། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་ཐ་དད་པ་དང་། དབྱིབས་ཐ་དད་པ་འཛིན་མོད་ཀྱི། དེ་དག་གིས་ཀྱང་ཁྱིམ་པ་དག་བཞིན་དུ་མཐར་གྱིས་ཤེས་པར་འགྱུར་རོ།། རིགས ་ཀྱི་བུ་དཔེར་ན། གསེར་ཁུང་ངམ། ཟང་ཁུང་ངམ། རྡོ་དང་གསེག་མ་བྱེད་པའི་གསེར་གྱི་རང་བཞིན་རིན་ཐང་མེད་པ་འགྱུར་བ་དེ་བཞིན་དུ། ཉན་ཐོས་དང་རང་སངས ་རྒྱས་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་གསེར་དང་འདྲ་བར་རིན་ཐང་དང་རང་བཞིན་གཅིག་གི། ཅིའི་ཕྱིར་ཞེ་ན། རྡོ་དང་གསེག་མ་ལྟ་བུའི་ཉོན་མོངས་དང ་བྲལ་བའི་ཕྱིར་ཏེ། དེ་བས་ན་སངས་རྒྱས་ཡེ་ཤེས་འདི་ལ་ནི་དབྱེར་མེད། སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ཁམས་ཡོད་པ་ཡོད་དེ་དང་འདྲ་སྟེ། ཁྱིམ་བདག་གི་འོ་མ ་ལ་ཇི་ལྟ་བ་བཞིན་དུ། དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་སྡེ་ཐོས་ནས། ཉོན་མོངས་པའི་སྙིང་པོའི་མདོ་སྡེ ་ཐོས་ནས། ཉོན་མོངས་པའི་རྣམ་པར་བྱས་ཏེ། སངས་རྒྱས་ཀྱི་ཁམས་རྟོགས་པར་འགྱུར་རོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས་སེམས་ཅན་ཐམས ་ཅད་དང་། དེ་བཞིན་གཤེགས་པ་རྣམས་ཐ་དད་པ་མ་མཆིས་ལགས་སམ། གལ་ཏེ་དེ་བཞིན་གཤེགས་པ་བསྟན་པ་དེ་ལྟར་འགྱུར་ན། འདི་ལ་སྐོན་ཆེན་པོ ་མཆིས་ཏེ། ད་དེའི་གཏན་ཚིགས་བཀའ་སྩལ་འཚལ་ལགས་སོ།། སེམས་ཅན་ཐམས་ཅད་དང་། རང་སངས་རྒྱས་རྣམས་ལྟ་ཞིག་ལགས་ཀྱི། དེ་ལྟར་ན ་ཤཱ་རི་བུ་དང་། མེའུ་གལ་གྱིས་བུ་གཉིས་ཅིའི་སླད་དུ་ཉན་ཐོས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པས་ཡོངས་སུ་མྱ་ངན་ལས་འདའ་ལགས། རང་སངས་རྒྱས་རྣམས ་ཀྱང་ཅིའི་སླད་དུ། རང་སངས་རྒྱས་རྣམས་ཀྱི་ཡོངས་སུ་མྱ་ངན་ལས་འདས་པས། ཡོངས་སུ་མྱ་ངན་ལས་འདའ་ལགས། བྱང་ཆུབ་སེམས་དཔའ་རྣམས ་ཀྱང་ཅིའི་སླད་དུ་བྱང་ཆུབ་སེམས་དཔའི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོས། ཡོངས་སུ་མ་ངན་ལས་འདས་པར་མི་བགྱིད་ལགས། བཀའ་སྩལ་པ།། ་སངས་རྒྱས་རྣམས་ཀྱིས་ཡོངས་སུ་མ་ངན་འདས་པ་ཆེན་པོ་ནི། ཉན་ཐོས་དང་རང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མ་ཡིན་ཏེ། ཡོངས་སུ་མྱ་ངན ་ལས་འདས་པ་ཆེན་པོ་འདི་ལ་ནི། སངས་རྒྱས་རྣམས་མ་གཏོགས་པར་གཞན་དག་གི་གནས་མེད་དོ།། གསོལ་བ་ཇི་ལྟ་བུ་ལགས། བཀའ་སྩལ་པ། དེ་བཞིན ་གཤེགས་པ་ནི་བསྐལ་པ་བྱེ་བ་ཕྲག་གྲངས་མེད་པ་མེང་པ་ཞིག་ན། དེ་བཞིན་གཤེགས་པ་འབྱུང་བ་སྟོན་པར་མཛད་ན། དེ་བཞིན་གཤེགས་པ་དང་། ཉན་ཐོས་དང ་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་ཁྱད་པར་ཅི་ཡོད་ཅེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པའི་མྱ་ངན་ལས་འདས་པ་གསང་བ་ལ། དགྲ་བཅོ ་བ་རྣམས་ཀྱི་གནས་མེད་དོ།། ཞེས་ངས་བསྟན་ཏེ། དེ་ནི་གནས་མེད་པ་ཉིད་ཡིན་ནོ།། དེ་ས་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་འདིའི ་ཚུལ་གྱིས། ཡོངས་སུ་མ་ངན་ལས་འདས་པ་ཆེན་པོ་ལ་གནས་མེད་དོ།། དེ་བས་ན་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ཞེས་བྱའོ།། གསོལ་པ། ཐ་དད་པ་ཁོ་ནར ་གདའ་ལགས་སོ།། བཀའ་སྩལ་པ། ཇི་ལྟར་སྣང་གསོལ་པ། ཉན་ཐོས་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཡོངས་སུ་མྱ་ངན་ལས ་འདས་པ་ཆེན་པོས་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་ཏེ། ཆུ་ལུང་རྣམས་རྒྱ་མཚོར་འབབ་པ་བཞིན་དུ། དེ་དག་གནས་ཀྱང་དེ་ལགས་སོ།། དེ་བས་ན་དེ་དག ་ཀྱང་རྟག་པ་ཞེས་བྱའོ།། བཀའ་སྩལ་པ། ཐ་དེ་དག་ནི་ངའི་མཆོག་ཏུ་རྟག་པ་ཡིན་ནོ།། གསོལ་པ། བཅོམ་ལྡན་འདས་ཁམས་ཐ་དད་པ་ཇི་ལྟ་བུ་ལགས ་བཀའ་སྩལ་པ། ཐ་དད་དོ་གསོལ་བ། ཇི་ལྟ་བུ་ལགས། བཀའ་སྩལ་པ། དཔེར་ན་འོ་མ་ནི་མཆོག་ཏུ་དངར་བ་ཡིན་ཏེ། ཁམས ་དང་དེ་དང་འདྲའོ།། ཉན་ཐོས་རྣམས་དང་། རང་སངས་རྒྱས་རྣམས་ཀྱི་ཁམས་ནི་ཞོ་དང་འདྲའོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་ནི་མར་དང་འདྲའོ།། ་སངས་རྒྱས་རྣམས་ནི་མར་ཀྱི་ཉིང་ཁུ་དང་འདྲའོ།། དེ་ལྟར་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོ་ལ་གདམས་ངག་སྟོན་པའི་དེ་བཞིན་གཤེགས་པ་རྣམ་བཞིར་བསྟན་ཏོ།། ། ་གསོལ་པ། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་ཁམས་ཇི་ལྟ་བུ་ལགས། བཀའ་སྩལ་པ། བ་བེའུ་འབྲང་མ་ཐག་པའི་འོ་མ་ཁྲག་དང་འདྲེས་པའི་དེ་བཞིན ་གཤེགས་པའི་ཁམས་མར་གྱི་སྙིང་པོ་དང་འདྲ་བ་ཁྱད་པར་འདུག་གོ།། གསོལ་པ། བཅོམ་ལྡན་འདས་ཀྱི་ཀུ་ཤའི་གྲོང་ཁྱེར་འདི་ན་གནས་པའི་གདོལ་པ། འཇིག ་རྟེན་གྱི་ཁམས་སངས་རྒྱས་སྟོང་དང་། ལྷན་ཅིག་ཏུ་དེ་དག་གི་ནང་དུ་དེ་བཞིན་གཤེགས་པ་གཅིག་ཏུ་འགྱུར་ཏེ། དེ་བཞིན་གཤེགས་པ་རབ་ཏུ་དགའ་བ་ཞེས་བྱ་བར་འགྱུར ་སེམས་བསྐྱེད་པ་གཅིག་ཁོ་ནས་དུས་འདི་སྲིད་ཅིག་ན། མྱུར་དུ་སངས་རྒྱས་སུ་འགྱུར་རོ།། ཞེས་སངས་རྒྱས་སུ་ལུང་བསྟན་པས་ལུང་བསྟན་ལགས་ན། ཅིའི་སླད་དུ ་ཤ་རི་བུ་དང་། མེའུ་འགལ་གྱི་བུ་གཉིས། ཆེས་མྱུར་དུ་སངས་རྒྱས་སུ་འགྱུར་བར་སངས་རྒྱས་ཀྱི་ལུང་བསྟན་པས་ལུང་བསྟན་ལགས། བཀའ་སྩལ་པ། ཉན་ཐོས ་དང་རང་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཁ་ཅིག་དམ་པའི་ཆོས་དབྱུང་བའི་ཕྱིར། ཡུན་རིངས་པོར་སྨོན་ལམ་འདེབས་པ་ཡང་ཡོད། ཁ་ཅིག་ནི་མྱུར་བར ་སྨོན་ལམ་འདེབས་པ་ཡང་ཡོད་དེ། ང་ནི་དེའི་སྨོན་ལམ་གྱི་དབང་གི་ན་ཆེས་མྱུར་བར་སངས་རྒྱས་ཀྱི་གནས་མཆོག་ཏུ་ལུང་སྟོན་པར་བྱེད་དོ།། རིགས་ཀྱི་བུ་གཞན ་ཡང་མཉན་པ་ལ་ལ་ཞིག་གདོལ་པའི་གྲོང་ཁྱེར་དུ་སོང་སྟེ། རིན་པོ་ཆེ་རིན་ཐང་མེད་པ་མཚོ་བ་ལ་གདོལ་པའི་པ་བྱེ་བྲག་མི་ཕྱེད་པ་དེ་དག་གིས་རིན་པོ་ཆེ་མཐོང་ན།། ་འཕྱས་འདོགས་ཤིང་སླར། མཉན་པས་རིན་ཆེ་བ་ཡིན་ནོ་ཞེས་བྱས་ཀྱང་། དེ་དག་གི་བརྡ་མ་ཕྲད་ནས། འདི་ནི་ཤེལ་ཡིན་ནོ་ཞེས་དེ་སྐད་ཀྱང་ཟེར། རིགས་ཀྱི་བུ་དེ་བཞིན ་དུ་ངས་ཀྱང་ཉན་ཐོས་རྣམས་གལ་ཏེ་སངས་རྒྱས་ཀྱི་གནས་སུ་མྱུར་དུ་སངས་རྒྱས་སུ་ལུང་བསྟན་དུ་ཟིན་ན། ནོར་བུ་དཀོན་པ་འཚོང་བའི་མཉན་པ་བཞིན་དུ་འགྱུར་རོ།། གདོལ ་པ་རྣམས་ལྟ་བུ་ནི། མ་འོངས་པའི་དུས་ན་དགེ་སློང་བླུན་པོ་གཡེལ་བ་དགེ་བའི་རྩ་བ་སྤངས་པ་འཚོ་བས་འཕོངས་པ་བཀྲེས་ཤིང་སྐོམ་པས་གཟིར་བ། མུ་གེས་མནར་བ། རང ་གིས་ལུས་ཙམ་གསོ་བར་བྱེད་པ། འཚོ་བ་དོན་དུ་གཉེར་བ་མི་བརྟན་པ། རྣམས་འབྱུང་བར་འགྱུར་བ་དེ་དག་ཡིན་ཏེ། དེ་དག་གིས་ཉ་ངའི་ཉན་ཐོས་ལུང་བསྟན་པ་ཐོས་ན། ་དཔྱད་འདོགས་ཤིང་གཤེ་བར་བྱེད་ལ། བརྡ་མི་ཕྲད་པ་ནས། ཚུལ་ཁྲིམས་འཆལ་པ་ཡིན་ནོ།། ཞེས་བླ་བར་བྱེད་དེ། ངའི་ཉན་ཐོས་དེ་དག་ནི་དགེ་སློང་མ་ཡིན་ཏེ། ་གདོལ་པ་རྣམས་དང་། མཉན་པ་ཇི་ལྟ་བུ་བཞིན་ནོ།། རིགས་ཀྱི་བུ་དེ་བས་ན་ད་ནི་སེམས་ཅན་མྱུར་བའི་སྨོན་ལམ་རྣམས་ནི་སངས ་རྒྱས་སུ་ལུང་སྟོན་པར་བྱེད་དོ།། དམ་པའི་ཆོས་དབྱུང་བའི་སྦྱོར་བ་ཅན་དེ་དག་ནི་ཇི་ལྟར་འདོད་བཞིན་དུ། ཡུན་རིང་པོ་ཞིག་གིས་སངས་རྒྱས་ཀྱི་གནས་སུ་ལུང་སྟོན་པར་བྱེད་དོ།། ། ་གསོལ་པ། ཇི་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔོའ་ཆེན་པོ་རྣམས་གཡག་འཁོར་མི་ཕྱེད་པ་དང་ལྡན་པར་འགྱུར་རོ།། གསོལ་པ་ལགས་སོ།། བཀའ་སྩལ་པ།། ་བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ནི་དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ། དེའི་སྦྱོང་བ་བརྟན་པོར་བྱས་ན་གཡོག་འཁོར་མི་ཕྱེད་པ་བང་ལྡན་པར་འགྱུར་རོ།། གསོལ་པ། ་སེམས་ཅན་མ་རུངས་པ་འཇིགས་སུ་རུང་བ། ལྕེ་དང་སྐན་དང་། ལྐོག་མ་ཚིག་པ་རྣམས་ཙི་ལས་འགྱུར་ལགས་བཀའ་སྩལ་པ། གཞི་གསུམ་མ་ཤེས་པ་གང་ཡིན་པ་ག ་ཡིན་པ་དེ་དག་ནི། སེམས་ཅན་མ་རུངས་པ་འཇིགས་སུ་རུངས་པ་འཇིག་སུ་རུང་བ། ལྕེ་དང་རྐན་དང་། ལྐོག་མ་ཚིག་པར་འགྱུར་རོ།། དཔེར་ན་མི་དང་། དུད་འགྲོ་ལྕེ ་ཚིག་པ་རྣམས་ཀྱིས་རོ་དྲག་སྟེ། དང་ར་བ་དང་། སྐྱུར་བ་དང་། ལན་ཚའི་རོ་དང་། ཆ་བ་དང་། ཁ་བ་དང་། བསྐ་བ་རྣམས་བཟའ་བ་ན། རོའི་བྱེ་བྲག་མི་ཕྱེད ་པ་དེ་བཞིན་དུ། སེམས་ཅན་མི་ཤེས་པ་ལྕེ་དང་། ལྐོག་མ་ཚིག་པ་མ་རུངས་པ། འཇིགས་སུ་རུང་བ་གཞི་གསུམ་རྟག་མ་ཤེས་པ་གང་ཡིན་པ་དེ་དག་ནི། ལྕེ་དང ་རྐན་དང་། ལྐོག་མ་ཚིག་པ་ཞེས་བྱའོ།། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་རྟག་པ་གང་ཡིན་པ་དེ་དག་ནི་རྨ་ལོང་གི་མ་ཤེས་པ་ཡིན་པ་དེ་དག་ནི་རྨུ་ལོང་གི་མཆོག ་ཡིན་ནོ།། ཞེས་ད་ཟེར་རོ།། དེ་བཞིན་གཤེགས་པ་རྟག་པར་ཤེས་པ་གང་ཡིན་པ་དེ་དག་ནི། ཤའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་། ལྷའི་མིག་དང་ལྡན་པ ་ཡིན་ནོ།། ཞེས་ང་ཟེར་རོ།། རིགས་ཀྱི་བུ་གཞན་ཡང་། མདོ་སྡེ་འདི་ཐོས་ནས་དེ་བཞིན་གཤེགས་པ་རྟག་པ་ཤེས་ཤིང་། ཁོང་དུ་ཆུད་པ་ཡང་ཡིན་པ་དེ་དག་ནི། ལྷའི་མིག ་དང་ལྡན་པ་ཡིན་ནོ།། ཞེས་ང་ཟེར་རོ།། ལྷའི་མིག་དང་ལྡན་པ་ཡིན་དུ་ཟིན་ཀྱང་། དེ་བཞིན་གཤེགས་པ་རྟག་པ་མི་ཤེས་པ་གང་ཡིན་པ་དེ་དག་ནི། ཤའི་མིག་དང་ལྡན ་པ་ཡིན་ཞེས་ང་ཟེར་རོ།། དེ་དག་ནི་ད་དང་བསྐལ་པ་བྱེ་བ་ཕྲག་མང་པོར་ཡང་། བདག་གི་མགོ་འཇུག་ཅི་འདྲ་ཡང་མཐོང་ངམ། བསྟན་པར་མི་ནུས་ཏེ། དེ་བས་ན་དེ་དག ་ནི་དེ་བཞིན་གཤེགས་པ་རྟག་པར་སྒོམ་དང་བྲལ་བའི་ཕྱིར། ཤིའི་མིག་དང་ལྡན་པ་ཞེས་ང་ཟི་རོ།། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ནི། འཇིག་རྟེན་ཐམས་ཅད་ཀྱི་ཕ་མ་ལྟ་བུ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། སེམས་ཅན་རྐང་གཉིས་དང་རྐང་མང་ཐམས་ཅད་ལ་རང ་རང་གི་ཡུལ་བཞིན་དུ། གཅིག་ཅིག་གིས་སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་ཡུལ་བཞིན་དུ་ཤེས་པར་འགྱུར་ཏེ། ཀྱེ་མ་བདག་ཅག་གི་རང་བཞིན་དང་། འདུ་ཤེས ་@རྣམས་རྟོགས་པར་བྱ་བའི་ཕྱིར། ཆོས་སྟོན་ཏོ་སྙམ་དུ་འཛིན་ཏོ།། རིགས་ཀྱི་བུ་གཞན་ཡང་དཔེར་ན། ཁྱིམ་བདག་གམ་ཚོག ་དཔོན་ཡང་རུང་སྟེ། རང་གི་བུ་ཟླ་བ་བཅུ་དྲུག་ལོན་པ་དང་ལྷན་ཅིག་ཏུ་ལྐུགས་པ་བཞིན་དུ་སྨྲ་བར་བྱེད་དེ། དེའི་དབང་གིས་བུ་དེ་མིའི་སྐད་སློབ་པར་བྱེད་ན། ཅི་དེའི་ཕ ་ལྐུགས་པ་ཞེས་བྱ་འམ། གསོལ་པ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། བུ་དེའི་དབང་གིས་བགྱི་བ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དེ་བཞིན་དུ་དེ ་བཞིན་གཤེགས་པ་ཡང་ལྷག་པ་བ་བཞིན་དུ་གསུངས་ཏེ། སེམས་ཅན་ཐམས་ཅད་དམ་པའི་ཆོས་ལ་འགོད་ཕྱིར་ཕྱིར། དེ་ལྟ་བུའི་སྐུ་སྟོན་པར་མཛད་ན། ཅི་དེ་བཞིན ་གཤེགས་པ་ལྷག་པ་ཞེས་བྱ་འམ། གསོལ་བ་བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་བཞིན་གཤེགས་པ་ནི་རྟག་ཏུ་སེང་གེའི་སྐྲ་སྒྲོགས་པ་ལགས་ན། ལྐུགས ་པ་ལྟར་གསུང་པ་དེ་ནི། འཇིག་རྟེན་དང་མཐུན་པར་མཛད་པ་ལྟ་བར་བགྱི་ལགས་སོ།། དེ་ནས་དེའི་ཚེ་བཅོམ་ལྡན་འདས་ཉིད་ཀྱི་ཞལ་ནས་འོད་ཟེར་སྣ་ཚོགས ་བསྐྱེ་སྟེ། འོད་ཟེར་དེ་དག་གིས་འགར་བའི་བུ་ཙུན་ང་ལ་ཕོག་ནས་ཀྱེ་མ་དེ་བཞིན་གཤེགས་པ་ལ་ཕྱིན་ཆད་དབུལ་བ་དུ་མེད་པའི་སྦྱིན་པ་ནི་དཀོན་པ་ཡིན་ནོ།། སྙམ་ནས། ཤིན་ཏུ ་རིངས་པར་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པ་ཚིམས་པར་འགྱུར་བའི་ཞལ་ཟས་ཁྱེར་ཏེ་རང་གི་འཁོར་རྣམས་དང་ལྷན་ཅིག་ཏུ་རིང་བར་འཛམ་བུའི་ཆུ ་ཀླུང་གི་གསེར་དྲི་མ་མེད་པའི་སྣོད། དཀྱིལ་འཁོར་ནོར་བུའི་འབུར་མཐོན་པོ་འོད་ཀྱི་སྤྲས་པ་རྣམས་དང་། ཁ་ཅིག་ནི་དངུལ་གྱི་སྣོད་རིན་པོ་ཆེ་སྣ་ཚོགས་ཀྱི་སྤྲས་པ་རྣམས། ཞལ ་ཟས་སྐྱ་རུམ་སྣ་ཚོགས་དང་སྦྱར་བས་བཀང་བ་དང་། མཆོད་པའི་ཡོ་བྱད་མང་པོ་དག་ཀྱང་ཁྱེར་ནས་གྲོང་ཁྱེར་གྱི་བར་ནས་བྱུང་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་ཆ་སོ།། ་དེ་ནས་ལྷའི་བུ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱི་འགར་བའི་བུ་ཙུན་ད་ལ་བསྐོར་ནས་འདི་སྐད་ཅེས་སྨྲས་སོ།། ཙུན་དེ་རེས་ཤིག་ཞལ་ཟས་མ་འབུལ་བར་དེ་བཞིན ་གཤེགས་པ་ཐང་ཅིག་གཞོག་ཅེས་བྱས་སོ།། དེ་ནས་ཡང་བཅོམ་ལྡན་འདས་ཉིད་ཀྱི་འོད་ཟེར་དག་བཀྱེ་སྟེ། འོད་ཟེར་དེ་དག་གིས་ལྷའི་བུ་རྣམས་ལ་ཕོག་ནས་ད ་བཏད་དོ།། དེ་ནས་ལྷ་ལ་སོགས་པ་དེར་འདུས་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ནས། བཙུན་ད་ལྷ་དང་ལྷན ་ཅིག་ཏུ་བཅོམ་ལྡན་འདས་ཀྱིས་ཐད་དུ་དོང་ནས་འདི་སྐད་གསོལ་ཏོ།། དགེ་སློང་རྣམས་ཀྱི་གདུགས་ཆོད་ལ་བ་བ་ན། སྣང་བར་མཛད་དུ་གསོལ། དེ་ནས་དགེ་སློང ་རྣམས་ཀྱི་གདུགས་ཆོད་ལ་བབ་པར་ཤེས་ནས། སྤྱོད་ལམ་བཟང་བར་བྱས་ནས། ལྷུང་གཟོད་ལག་ཏུ་བླང་ནས་སྡོད་དོ།། དེ་ནས་འགར་བའི་བུ་ཙུན་དས་སེང་གེའི ་ཁྲི་སྣ་ཚོགས་ཚབ་ཏུ་བཟླས་སུ་མ་ནུས་པ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་རྐྱེན་དུ་རུང་བ་ལྟ་བུ་དག་ཀྱང་བཤམས། ཞལ་ཟས་ཀྱང་ལྟ་གོན་བྱས་ནས། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་པ་བསྐལ་པ་འམ། བསྐལ་པ་ལས་ལྷག་པར་ཡང་ཡུན་རིང་དུ་བཞུག་སུ ་གསོལ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུན་དག་ལ་ཏེ་ང་ཡུན་རིང་དུ་འདུག་པར་འདོད་ན་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཐ་མའི་དུས་ལ་བབ་ཀྱི་མྱུར་དུ་ཕུལ་ཅིག། ་དེ་ནས་ལྷ་དང་མི་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདི་སྐད་ཅེས་སྨྲས་སོ།། ཀྱེ་མཙུན་ད་སྐྱིད་འདི་ཕུལ་བའི་ཞལ་ཟས། དེ་བཞིན་གཤེགས་པ ་གསོལ་བར་ཆད་པ་ལྟར། བདག་ཅག་ནི་དཔལ་ཡོན་མེད་དེ། བདག་ཅག་གི་ཞལ་ཟས་ལྟ་གོན་བྱས་པ་ནི། དོན་མེད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ཉིད་ཀྱི་བས་སྤུའི་ཁུང་བུ་ཐམས་ཅད་ནས། བ་སྤུ་རེ་རེའི་ཁུང་བུ་ནས་ཀྱང་། སངས་རྒྱས་རེ་རེ་མངོན་པར་སྤྲུལ་ནས། དེར་འཁོར་རེ་རེའི་ནང་དུ་ཡང་། དེ་བཞིན་གཤེགས ་པ་རེ་རེ་དགེ་སློང་གི་དགེ་འདུན་དང་བཅས་པ་གཤོས་གསོལ་བ་ལྟ་བུ་བསྟན་ཏོ།། དེ་བཞིན་གཤེགས་པ་ཉིད་ནི་ཙུན་དས་ཕུལ་བའི་ཞལ་ཟས་གསོལ་ལོ།། ཙུན་དས ་འབྲས་བུ་སཱ་ལུ་ཡུལ་མ་ག་ཏའི་ན་ལི་ཏ་བརྒྱད་ལས་ཞལ་ཟས་སྦྱར་བ་ཡང་། དེ་བཞིན་གཤེགས་པའི་མཐུས། དགེ་སློང་གི་དགེ་འདུན་ཐམས་ཅད་ཞལ་ཟས་ཀྱིས ་ཁྱབ་པར་མཛད་དོ།། དེ་ནས་ཙུན་ད་ཡང་དགའ་བར་གྱུར་ཏེ། བདག་གི་སྦྱིན་པ་དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་དང་བཅས་པས་གསོལ་ནས། ཡོངསུ ་མྱ་ངན་ལས་འདའ་བར་མཛད་དོ་སྙམ་མོ།། འཁོར་དེ་དག་ཐམས་ཅད་ཀྱང་འདི་སྙམ་དུ་སེམས་ཏེ། བདག་གྲི་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་ཀྱི་ཙུ་ཏིའི་མ་བཞིསོ།། ། ་བདག་གིས་ཕུལ་བའི་ཞལ་ཟས་གསོལ་ནས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདའ་བར་མཛད་དོ་སྙམ་སྟེ། མཆོག་ཏུ་དགའ་བར་གྱུར་ཏོ།། འཁོར་ཆེན་པོ ་དེ་ན་དེ་བཞིན་གཤེགས་པ་རྣམས་གཤོས་གསོལ་ཞིང་བཞུགས་པའི་བར་མཚམས་སྨག་པའི་རྩེ་མོའི་ཁྱོན་ཙམ་གྱིས་མཆོད་པ་སྣང་ངོ་།། ཁ་ཅིག་གིས་ནི་ཁབ་ཀྱི་རྩེ་མོའི་ཁྱོན་ཙམ ་གྱིས་ས་ཕྱོགས་དག་ན། བཞུགས་ཤིང་ཞལ་ཟས་དང་། མཆོད་པ་རྣམས་འདྲའོ་བར་སྔ་བར་སྣང་ངོ་།། དེ་ནས་དེའི་ཚེ་ལྷ་དང་མི་དང་ལྷ་མ་ཡིན་དེ་དག་དུ་ཞིང་ཚེ་ངེ་འདོན ་བར་བྱེད། དེ་དག་གི་སོ་སོ་ནས་ཕུལ་བའི་ཞལ་ཟས་གསོལ་ནས། དེ་བཞིན་གཤེགས་པ་ཡོངསུ་སྐྱེ་ངན་ལས་འདའོ།། ཕྱིན་ཆད་བདག་གི་ཞལ་ཟས་སུ་ལ་འབུལ ་བར་བྱ། བདག་གིས་ནི་མགོན་བྲལ་ཏེ། མགོན་མེད་པར་འགྱུ་རོ་ཞེས་ཟེའོ།། དེ་ནས་བཅོམ་ལྡན་འདས་ཀྱི་འཁོར་དེ་དག་ཐམས་ཅད་ལ་ཚིག་སུ་བཅད་པ་འདི་གསུང་སོ།། ། ་འཕགས་པ་ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་འཐེག་པ་ཆེན་པོའི་མདོ།། བམ་པོ་བཅན ་སངས་ཆོས་ཉིད་འདི་ཡིན་གྱིས།། གདུང་ཞིང་དུ་བར་མ་བྱེད་ཅིག། ང་ནི་མྱ་ངན་བྱ་བ་ན།། བསྐལ་པ་བྱེ་བ་གསང་བར་འགྱུར།། ད་ནི་རྟག་བྱ་དེ་དམ་པ་ཡི།། མྱ་ངན ་འདའ་བར་ང་ལས་ཉོན།། ང་ནི་ཁ་ཟས་མི་ཟ་སྟེ།། བྲུ་བ་ཚ་བ་ཡོད་གྲི་མེད།། སེམས་ཅན་ཀུན་ལ་ཕན་བདེ་བའི།། རྗེསུ་ཡིད་རང ་ངས་བཤད་ཀྱིས།། ཐོས་ནས་ཡང་དག་རྫོགས་སངས་རྒྱས།། རྟག་པ་དེ་ཉིད་ཤེས་པར་གྱིས།། གང་ཚེ་འུག་པ་བྱ་རོག་རྣམས།། ཤིང་གཅིག་ལ་ནི་གནས་ནས་ཀྱང་།། ་སྤུན་དང་བུ་དང་འདྲ་བར་ནི།། ཕན་ཚུན་རྟག་ཏུ་ཚིམས་པར་བྱེད།། དེ་ཚེ་སྒྲ་གཅན་ཟིན་བཞིན་དུ། དེ་བཞིན་གཤེགས་པས་སེམས་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར ་པ་རྟག་ཏུ་མྱ་ངན་འདས་པར་གྲོངས།། གང་ཚེ་སྦྲུལ་དང་ནེའུ་ལེ་དག། ཤིང་ཅིག་དྲུང་དུ་གནས་ནས་ཀྱང་།། སྤུན་དང་བུ་དང་འདྲ་བར་ནི།། ཕན་ཚུན་རྟག་ཏུ་ཚིམས ་པར་བྱེད།། དེ་ཚེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། རྟག་ཏུ་མྱ་ངན་འདའ་བས་གྲོངས།། ། ་གང་ཆེ་སབ་ཏ་བར་ན་ཡང་།། མེ་ཏོག་བར་ཤིའི་དྲིར་འགྱུར་ཞིང་།། ཀ་ར་ཀའི་ཤིང་རྣམས་ལས།། རྟེན་དུ་ཀའི་འབྲས་བུ་འབྱུང་།། དེ་ཆེ་སྒྲ་གཅན་ཟིན་བཞིན ་དུདེ་བཞིན་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། བརྟན་དུ་མྱ་ངན་འདའ་བས་གྲོངས།། གང་ཆེ་སྡིག་ཅན་འདོད་ཅན ་ལ་བྱང་ཆུབ་མངོན་པར་རྫོགས་སངས་རྒྱས།། མཆོག་ཏུ་བདེ་བ་ཐོབ་ནས་ཀྱང་། ཉེས་པ་ཐམས་ཅད་རྣམ་སྤངས་པ།། དེ་ཚེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན། ་གཤེགས་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། བརྟན་དུ་མྱ་ངན་འདའ་བས་གྲོངས།། གང་ཆེ་སེམས་ཅན་ཐམས་ཅད་ནི།། བསམ་པ ་མཐུན་པར་གནས་གྱུར་པ་ཏེ།། བྱང་ཆུབ་མངོན་དུ་རྫོགས་སངས་རྒྱས།། ཉེས་པ་ཐམས་ཅད་རྣམ་སྤངས་པ།། དེ་ཆེ་སྒྲ་ཅན་ཟིན་བཞིན་དུ།། དེ་བཞིན་གཤེགས ་པས་སེམས་ཅན་གཟིགས།། སེམས་ཅན་ཀུན་གྱི་མཆོག་གྱུར་པ།། བརྟན་དུ་མྱ་ངན་འདའ་བས་གྲོངས།། གང་ཆེ་སྦྲང་བུའི་གཅིན་ཙམ་གྱིས།། རྒྱ་མཚོ་བཞིའི་མཐའ ་ཀླས་པ།། ནགས་ཚལ་རི་རྣམས་བཅས་གྱུར་པའི།། ས་གཞི་ངོམས་པར་གྱུར་པ་ན།། དེ་ཆེ་སྒྲ་གཅན་ཟིན་བཞིན་དུ།། དེ་བཞིན་གཤེགས་པས་སེམས་གཟིགས།། ་སེམས་ཅན་ཀུན་གྱིས་མཆོག་གྱུར་པ།། གཏན་ཏུ་མྱ་ངན་འདའ་བར་འགྲོ།། དེ་བས་ན་ཆོས་དང་ལྡན་པ། ཆོས་ལ་གུས་པ་ཁྱེད་མྱ་ངན་མ་བྱེད་ཅིག། མ་དུ་ཤིག། ་དེ་བཞིན་གཤེགས་པ་ནི་རང་ལ་དབང་ཡོད་ཀྱི། མི་རྟག་པའི་འདུ་བྱེད་མ་བྱེད་པར། རྟག་པ་དང་། ཐེར་ཟུག་པ་དང་། མཆོག་ཏུ་བརྟན་པ་ཡིན་པར་ཡང་དག ་པར་ལྟོས་ཤིག། གཞི་གསུམ་རྟག་པའི་གསང་སྔགས་ཀྱི་སྦ་བ་དང་། སྲུང་བ་འདིས་སྲུང་བར་བགྱིས་ཤིག། གཞི་གསུམ་རྟག་པའི་གསང་སྔགས་ཀྱིས་ནི་གནམ ་ལྕགས་ཀྱི་ཚོགས་པའི་ཤིང་རྣམས་ཀྱང་སྐྱེ་བར་འགྱུར་ཏེ། ཡལ་ག་ཕྲེའུ་དང་། སྦལ་མིག་འབྱེད་པ་དང་། ལོ་མ་ཁ་འབུས་པ་དང་། ལྡན་པར་འགྱུར་རོ།། འཁོར ་བཞི་པོ་ལས་གཞི་གསུམ་རྟག་པ་རྗེས་སུ་ཡིད་རང་བའི་གཏམ་འདི་ཚུན་ཐོས་ནས། བྱང་ཆུབ་ཀྱི་སེམས་བསྐྱེད་མི་དགོས་པར ་འཛིན་ཀྱང་། གཞི་གསུམ་མཆོག་པའི་རྒྱུས་ནི། བྱང་ཆུབ་ཀྱི་རྒྱ་སྐྱེད་པར་འགྱུར་ཏེ། འདི་ནི་སངས་རྒྱས་ཀྱི་རྗེ་སུ་ཡིད་རང་བ་ཞེས་བྱའོ།། བཞི་གསུམ་རྟག ་བ་ལས་བྱུང་བའི་རྗེས་སུ། ཡིད་རང་བཻ་འདིས། གདོལ་བ་དེ་འཇིག་རྟེན་ཐམས་ཅད་དུ་བདེ་བར་གྱུར་པའི་ཆོས་ཀྱི་བདེན་པ་དེས་ན། དམ་པའི་ཆོས་འདོད ་པ་རྣམས་ལ་བགེགས་མེད་པ་དང་། གནོད་པ་མེད་པར་གྱུར་ཅིག། དེ་ནས་ལྷ་དང་། ལྷ་མ་ཡིན་དང་། མི་དད་བཅས་པའི་འཇིག་རྟེན་གྱིས། དེ་བཞིན་གཤེགས ་པ་རྟག་པར་ཁོང་དུ་ཆུད་ནས། རབ་ཏུ་དགའ་བའི་སེམས་དང་། སྒྲིབ་པ་དང་བྲལ་བའི་སེམས་དང་། གཞོལ་བ་མེད་པའི་སེམས་དང་། པདྨ་ཁ་བྱེ་བ་ལྟ་བུའི་བཞིན་དང་ལྡན ་པར་གྱུར་ན། ལྷའི་མཆོད་པ་ཆེན་པོ་ལས་ཏེ། མེ་ཏོག་དང་། ཕྱེ་མ་དང་། བདུག་པ་དང་། སྤོས་ཀྱི་བསྒོ་བ་ལ་སོགས་པས་གཏོར་ཏོ།། སིལ་སྙན་ལ་སོགས་པས་ཡང ་དཀྲོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། འོད་སྲུང་ཆེན་པོ་དང་རུས་གཅིག་པ་ལ་བཀའ་སྩལ་པ། རིགས་ཀྱི་བུ་ཁྱོད ་ཀྱི་ངོ་མཚར་རྨད་དུ་བྱུང་བ་ཅི་མཐོང་། གསོལ་པ། བཅོམ་ལྡན་འདས་བདག་གིས་སྔོན་དགའ་ཡང་མ་མཐོང་བའི།། ངོའི་མཚར་སྨད་དུ་བྱུང་བ་མཐོང་སྟེ། འཁོར ་རེ་རེས་ཕུལ་བའི་ཞལ་ཟས་དེ་བཞིན་གཤེགས་པ་རེ་རེ་དགེ་སློང་གི་དགེ་འདུན་དང་བཅས་པས་གསོལ་ལག་སོ།། འཁོར་འདི་ན་སྐྱང་བུའི་རྩེ་མོ་ཙམ་གྱི་ཁྱོན་དག་ལ་ཡང་། ཇི ་ལྟར་བཤམས་པའི་གདན་དག་ལ་དེ་བཞིན་གཤེགས་པ་སྐྲ་ཆེན་པོ་དུ་མ་བདེ་བར་བཞགས་ཏེ། རྗེས་སུ་ཡིད་རང་བ་བཅུ་གསུམ་གྱི་ཚིགས་སུ་བཅད་པ་དེ་དག་སྟོན་ཅིང་། བཞགས ་པ་མཐོང་ལགས་སོ།། སེམས་ཅན་ཐམས་ཅད་ཀྱིས་ནི་སྒྲ་འཕྲལ་འདི་མ་འཚལ་ཏེ། བཅོམ་ལྡན་འདས་བདག་གིས་ཕུལ་བའི་ཞལ་ཟས་གསོལ་ཞིང་བཞུགས་སོ།། སྙམ་དུ་འཛིན ་ལགས་སོ།། མི་མཆོག་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པས་ནི། ཙུན་པ་དེས་དེ་ལྟར་འབྲས་སཱ་ལུ་ཡུལ་མ་ག་ཏའི་ན་ལི་ཀ ་བརྒྱད་ལས་ཞལ་ཟས་སྦར་བ་ཡང་། རྡུལ་ཙམ་ཡང་དགེ་སློང་གི་དགེ་འདུན་གྱིས་མི་གསོལ་བ་དང་། དེ་བཞིན་གཤེགས་པ་ཞལ་ཟས་མི་གསོལ་པ་ཡ་མཚན་རྨད་དུ་བྱུང་བ་འདི ་ཡང་དག་པར་འཚལ་ཏེ། འདི་ནི་ཐབས་ཙམ་དུ་མཛད་པར་བས་སོ་སྙམ་དུ་སེམས་ལགས་སོ།། ཉན་ཐོས་ཀྱི་ཚོགས་རྣམས་ཀྱིས་ནི། ཀྱེ་མ་དེ་བཞིན་གཤེགས་པ་ནི་དཔག་ཏུ་མེད ་པ་དང་། རྟག་པ་ལགས་སོ།། སྙམ་དུ་མ་མཚལ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འགར་བའི་བུ་ཙུན་ད་ལ་བཀའ་སྩལ་པ། ཙུན་པ་ཁྱོད་ཀྱིས་ངོ་མཚར་རྨད་དུ་བྱུང་བའི ་ཅི་མཐོང་། གསོལ་པ། བཅོམ་ལྡན་འདས་སྔར་ནི་དེ་བཞིན་གཤེགས་པ་མཚན་གྱི་མཆོག་གསུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་མངའ་བ་དུ་མ་མཐོང་བ་ལས། ་དེ་ནི་རང་རང་གི་སྦྱར་ནས། འདི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་ཏུ་སྣང་ལགས་སོ།། དེ་བཞིན་གཤེགས་པ་ནི་དག་སྨན་གྱི་སྡོང་པོ། ་ལྟ་བུའི་སྐུ་ཅིག་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའི་རྣམས་ཀྱིས་བསྐོར་བར་གདའ་ལགས་སོ།། བཀའ་སྩལ་པ། སངས་རྒྱས་སྔ་མ་གང་ཡིན་པ་དེ་དག་ནི། སེམས་ཅན་ཐམས ་ཅད་ལ་ཕན་པ་དང་། བདེ་བ་དང་། ཡིད་དགའ་བར་བྱེད་པ་དང་། བསོད་ནམས་མི་ཟད་པར་བྱ་བའི་ཕྱིར་སྤྲུལ་པ་ཡིན་ནོ།། རྒྱུ་འཕྲུལ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་མ་རྟོགས་པར། ་སེམས་ཅན་རྣམས་ཀྱིས་མི་ཤེས་སོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སྤོད་པ་ནི་དཔག་ཏུ་མེད་དོ།། དེ་ལྟར་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ནི་དཔག་ཏུ་མེད་དོ།། ་བྱང་ཆུབ་སེམས་དཔའ་མི་མཆོག་རྣམས་ལ་ནི་སངས་རྒྱས་ཀྱི་རྣམས་པར་འཕྲུལ་པའི་མཐུ་ཡོད་དོ།། འགར་བུ་ཙུན་ད་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ས་བཅུ་ཐོབ་པ ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་གི་མཐའ་ཐུག་པ་ནི་དེ་ལྟ་བུ་ཡིན་ནོ།། འོད་སྲུང་ཆེན་པོ་དང་རུས་ཅིག་པས་གསོལ་པ། བཅོམ་ལྡན་འདས་དེ་ནི་དེ་ལགས་ཏེ། བྱང ་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མི་མཆོད་ཙུན་ད་ལ་བདག་རྗེས་སུ་ཡིད་རང་ལགས་སོ།། བཅོམ་ལྡན་འདས་དེ་ནི་མདོ་སྡེ་རྣམས་བཤད་པའི་སླད་དུ་སྣང་བ་མཛད་པའི་རིགས་སོ།། ། ་བཅོམ་ལྡན་འདས་ཅི་ལགས། མདོ་སྡེ་ཐམས་ཅད་ལྷག་མ་མཆིས་པའི་དོན་ལགས་སམ། འོད་དེ་ལྷག་མ་མ་མཆིས་པའི་དོན་ལགས། བཀའ་སྩལ་པ། ལྷག་མ་ཡོད་པའི་དོན ་ཀྱང་ཡིན།། ལྷག་མ་མེད་པའི་དོན་ཀྱང་ཡིན།། གསོལ་པ། སྦྱིན་པ་ཀུན་ཏུ་བསྔགས་པ་ཡིན། སྦྱིན་པ་གང་དུའང་སྨད་པ་མེད། ཅེས་བགྱི་བ་འདིར་ལྷག་མ་མ་མཆིས་པའི་དོན ་དུ་ཇི་ལྟར་བཤད་ལགས། ཚིག་སུ་བཅད་པའི་དོན་གང་ལགས། ཚུལ་ཁྲིམས་དང་ལྡན་པ་དང་། ཚུལ་ཁྲིམས་འཚལ་པའི་བྱེ་བྲག་ནི་ཅི་མཆིས། བཀའ་སྩལ་པ་ཅིག་མ་གཏོགས ་པར་སྨིན་པ་ནི་ཐམས་ཅད་དུ་བསྔགས་སོ།། གསོལ་པ་ནི་གང་ལགས། བཀའ་སྩལ་པ། མདོ་འདི་ལས་ཚུལ་ཁྲིམས་འཆལ་པར་རྩི་བ་གང་ཡིན་པའོ།། གསོལ་པ། བཅོམ ་ལྡན་འདས་ལ་དེང་འདི་བདག་ཁོ་ན་ཞུ་ལགས་ན། མྱུར་དུ་བཀའ་སྩལ་དུ་གསོལ། བཀའ་སྩལ་པ། འདོད་ཆེན་པ་མ་གཏོགས་པར་སྦྱིན་པ་ནི་ཐམས་ཅད་དུ་བསྔགས་པ་ཡིན་ནོ ་གསོལ་པ། འདོད་ཆེན་པ་ཇི་ལྟ་བུ་ལགས་བཀའ་སྩལ་པ། དགེ་སློང་ཕ་འམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མོ་ཡང་རུང་སྟེ། ཚིག་ངན་པས་མདོ་སྡེ་སྤང ་ནས་ཕྱིས་བཟོད་པར་གསོལ་པ་ཡང་མི་བྱེད་པར། དེ་ལྟ་བུ་གང་ཡིན་པ་དེ་ནི་འདོད་ཆེན་པའི་ལམ་དུ་ཞུགས་པ་ཡིན་ནོ།། ཕེཾ་པ་བཞི་བྱང་བ་རྣམས་དང་། མཚམས་མེད་པ་ལྔ ་བྱེད་པ་དེ་དག་ནི། བདག་ཅག་འཇིགས་པའི་གནས་སུ་ཞུགས་སོ།། སྙམ་དུ་ཤེས་ཀྱང་འཇིགས་པར་མ་ལྟ་ལ། དམ་པའི་ཆོས་ཀྱི་ཕྱོགས་ཀྱང་མི་འཛིན། དམ་པའི་ཆོས་དཔྱང་། ་སྙམ་དུ་འབད་པར་ཡང་མི་བྱེད་ལ། དེ་ཉིད་ཀྱི་བསྔགས་པ་མ་ཡིན་པ་ཡང་བརྗོད་པར་བྱེད་པ་དེ་དག་ཀྱང་འདོད་པའི་ལམ་དུ་ཞུགས་པ་ཡིན་ནོ།། སངས་རྒྱས་མེད་དོ།། ཆོས་མེད་དོ།། ་དགེ་འདུན་མེད་དོ།། ཞེས་ཟེར་བ་གང་ཡིན་པ་དེ་དག་ཀྱང་འདོད་པའི་ལམ་དུ་ཞུགས་པ་ཡིན་ནོ།། ཞེས་ང་ཟེར་རོ།། འདོད་ཆེན་པོ་དེ་དག ་མ་གཏོགས་པར། སྦྱིན་པ་ཐམས་ཅད་དུ་སྔགས་སོ།། གསོལ་པ། དེ་ལ་ཚུལ་ཁྲིམས་འཆལ་པ་ཞེས་བགྱི་བ་གང་དག་ལགས། བཀའ་སྩལ་པ། ཕམ་པ་བཞི་བྱེད་པ་རྣམ ་དང་། མཚམས་མེད་པ་ལྔ་བྱེད་པ་རྣམས་དང་། མདོ་སྡེ་སྤོངས་པར་བྱེད་པ་དེ་དག་ཉིད་དོ།། གསོལ་པ། བཅོམ་ལྡན་འདས་ཅི་ལགས། དེ་དག་རྟག་ཏུ་ཚུལ་ཁྲིམས་འཆལ ་པ་ཁོ་ན་ལགས་སམ། བཀའ་སྩལ་པ་འདི་ལ་རྒྱུ་ཡོད་དེ། དེས་ན་ཡེ་རྟག་པ་ཡང་ཡོད་དོ།། ཡེ་མི་རྟག་པ་ཡང་ཡོད་དོ།། གང་དག་གོས་མཚོན་ཅན་གྱི་རྟགས་ཅན་རྣམས་དང་།། ་ལྷན་ཅིག་ཏུ་མི་གནས་ཤིང་། ཀྱེ་མ་བདག་ཅག་ནི་ཕམ་པ་བྱུང་བ་ཡིན་ཏེ། བདག་ཅག་གིས་ཉེས་པ་བྱས་སོ་སྙམ་ནས། འཇིགས་པར་ལྟ་ལ་དེ་དག་དམ་པའི་ཆོས་དཔྱང ་བར་བྱའོ།། སྙམ་ནས་ཉམས་སུ་ལེན་པར་བྱེད་ཅིང་། དམ་པའི་ཆོས་ཀྱི་ཕྱོགས་འཛིན་པ་རྣམས་ཀྱི་བསྔགས་པ་བརྗོད་པར་བྱའོ།། ཆོས་མ་ཡིན་པའི་ཕྱོགས་རྣམས་ཀྱི་ནི་ཆར ་བཅད་པར་བྱའོ།། མཚུངས་པ་མེད་པའི་མདོ་སྡེ་རྣམས་ནི་གནོད་པར་བྱའོ་སྙམ་དུ། བརྩོན་པར་བྱེད་པ་གང་ཡིན་པ་དེ་དག་ནི། ཚུལ་ཁྲིམས་འཆལ་པ་ཡིན་ཞེས་ངམ་ཟེར་རོ།། ། ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དཔེར་ན། ཉི་མ་ཤར་ན་ལྷོ་འུར་ཀྱི་རྡུལ་སངས་པར་འགྱུར་བ་དེ་བཞིན་དུ། མདོ་སྡེ་ཆེན་པོའི་ཉི་མ་འདི་ཤ་ར་བ་ན། དེ་ལྟར་བསྒོམས་པར་བྱེད ་བའི་སྡིག་པའི་ཕུང་པོ་གྲངས་མེད་པ་བྱས་པ་རྣམས་ཟད་པར་འགྱུར་ཏེ། དེ་ལྟར་ན་དམ་པའི་ཆོས་འབྱིན་པ་ནི་འབྲས་བུ་ཆེ་བ་ཡིན་ནོ།། འཚམས་མེད་པ་བྱེད་བྱེད་པ་རྣམས ་དང་མདོ་སྡེ་པ་དེ་དག་གང་ཡིན་པ་དེ་དག། གལ་ཏེ་ཀྱེ་མ་བདག་ཅག་གིས་མདོ་སྡེ་སྤོངས་པ་བྱས་པ་འདི་ནི་བདག་ཅག་བརླག་པར་འགྱུར་བ་ཡིན་ཏེ། ཉེས་པ་བྱས་སོ་སྙམ་འགྱོད ་ཅིང་གདུད་པར་གྱུར་ནས། བདག་ཅག་གི་སྐྱབས་ནི་མདོ་སྡེ་ཉིད་ཡིན་ཏེ། འཁྲས་གཞན་མ་མཐོང་ངོ་།། སྙམ་དུ་སེམས་བསྐྱེད་པར་བྱེད་ན། དེ་དག་ནི་ཟླ་བ་ཕྱེད་དམ་ཟླ་བ་ཅིག ་གམ། དུས་ཇི་སྲིད་ཀྱི་བར་མདོ་སྡེ་ལ་སྐྱའོ་སུ་མ་སོང་གི་བར་དུ་ནི། དེ་དག་ལ་བྱིན་པ་འབྲས་བུ་ཆུང་བར་ཆུད་འགྱུར་རོ།། གང་གི་ཚེ་མདོ་སྡེ་ལ་སྐྱབ་སུ་སོང་བ་དེའི་ཚེ་ནི། དེ ་དག་ཀྱང་ཡོན་གནསུ་འགྱུར་རོ།། གལ་ཏེ་འཚམས་མེད་པ་བྱེད་བྱེད་པ་ཡོད་དོ།། ཀྱེ་མ་བདག་གིས་མི་རིགས་པ་བྱས་ཀྱི། བདག་གི་དམ་པའི་ཆོས་དཔྱང་བར་བྱའོ་སྙམ་དུ་སེམས ་ན། དེ་ཡང་མཚམས་མེད་པ་བྱེད་པ་མ་ཡིན་པར་རིག་པར་བྱས་ཏེ། དེ་ལ་ནི་ཆུང་ངུ་ཞིག་བྱིན་ན་ཡང་འབྲས་བུ་ཡོད་དོ།། མཆོག་ཏུ་ཚུལ་ཁྲིམས་འཆལ་པ་གཅིག་ཤོས་དེ་དག ་ལ་བྱིན་པ་ནི་འབྲས་བུ་བཅུང་ཟད་ཀྱང་མེད་དོ།། རིགས་ཀྱི་བུ་གཞན་ཡང་ཕམ་པ་བྱེད་བྱེད་པ། ཇི་ལྟར་བྱ་བ་ཉོན་གཅིག། ཕམ་པ་བྱེད་བྱེད་པས་ནི་ཆོས་ཀྱི་དེ་ཁོ་ན་ཉིད་དེ་བཞིན ་གཤེགས་པའི་སྙིང་པོ་ཁོང་དུ་ཆུད་པར་བྱས་ནས། དམ་པའི་ཆོས་དབྱུང་བར་བྱའོ་སྙམ་དུ་བསམ་ན། དེ་བྱིན་པ་ཡང་ཆེས་ཁྱད་པར་ཅན་དུ་འགྱུར་རོ།། རིགས་ཀྱི་བུ་དཔེར་ན། བུད ་མེད་སྦྲམ་པ་ཞིག་ཡུལ་འཁྲུགས་ནས་ཡུལ་གཞན་དུ་སོང་སྟེ། ལྷ་ཁང་ཞིག་གི་ནང་དུ་བུ་ཁྱེའུ་རྩས་ཏེ། བདེ་བར་གྱུར་ནས། ཁྱེའུ་དེ ་ཁྱེར་ཏེ་བདག་ཅག་གིས་ཡུལ་ཞི་བར་གྱུར་པའི་འོག་ཏུ་དེ་ལོག་སུ་ཆས་པ་ལས། ཆུ་ཀླུང་ཆེན་པོ་ཞིག་དང་འཕྲད་ནས། ཆུ་དེ་རྒལ་བ་ན་བུ་དང་བཅས་ཏེ། ཆུའི་ནང་དུ་ཉམས ་ཐག་པར་གྱུར་ནས། བདག་ནི་ཤི་ཡང་སླའི་ཁྱེའུ་འདི་ཐར་བར་བྱའོ།། སྙམ་ནས་དེ་དེའི་དོན་དུ་འབད་པ་ལས་བུ་དང་ལྷན་ཅིག་ཏུ་ཤི་ནས། སྔོན་མཆོག་ཏུ་འཇིགས་པའི་ལས ་བྱས་སུ་ཟིན་ཀྱང་བུ་ལ་བྱམས་ཤིང་ཐར་བར་བྱའོ།། སྙམ་པའི་འབྲས་བུ་མཐོ་རི་སུ་སྐྱེས་པ་དེ་བཞིན་དུ། ཕམ་པ་བྱེད་བྱེད་པ་དང་། འཚམས་མེད་པ་བྱེད་བྱེད་པ་ལས་དམ་པའི་ཆོས ་འབྱིན་པར་འང་དེ་དག་ནི། སྔོན་སྡིག་པའི་ལས་བྱས་སུ་ཟིན་ཡང་དམ་པའི་ཆོས་འབྱིན་པའི་འབྲས་བུས། བུད་མེད་དེ་དང་། འདྲ་བར་སེམས་ཅན་ཐམས་ཅད་ཀྱི་གཡོན་གནསུ ་གྱུར་ཏེ། དམ་པའི་ཆོས་འབྱིན་པའི་འབྲས་བུ་ནི་དེ་ལྟར་ཆེའོ།། གསོལ་པ། བཅོམ་ལྡན་འདས་འདོད་ཆེན་པར་ལྷུང་བར་གྱུར་པ་ལས། སླད་ཀྱི་བཞི་གསུམ་ལ་ཆགས་པར ་བགྱིད་ཅིང་བཟོད་པ་གསོལ་བར་བགྱིད་ན། ཅི་ལགས་དེ་ལ་སྩལ་བ་ཡང་འབྲས་བུ་ཆེ་བར་ལགས་སམ། བཀའ་སྩལ་པ། རིགས་ཀྱི་བུ་དེ་སྐད་མ་ཟེར་ཅིག། དཔེར་ན་མི་ལ ་ལ་ཞིག་གིས་ཤིང་ཏོག་ཨ་མྲ་ཐོབ་ནས་རུས་པ་ས་ལ་བོར་བ་འོག་ཏུ་དེས་འདི་སྙམ་དུ་བསམ་སྟེ། ནང་གི་ཚིག་གུ་ཞིམ་ཡང་དག་གམ་སྙམ་ནས། དེས་དེའི་ཕྱིར་གྱི་རུས་པ་བོར ་ཏེ་ཚིག་གིས་ཐོབ་པ་དང་། དེས་དེའི་རོ་མི་ཞིམ་པར་ཚོར་ནས་ཡང་བོར་རོ།། དེ་ནས་དེས་ཀྱེ་ཧུད་བདག་གིས་ས་བོན་མ་རུངས་པར་བྱས་སོ།། སྙམ་དུ་བསམ་ནས། ས་བོན་ཕྱིར ་རུས་པའི་ནང་བཅུག་ནས། ས་རྐོས་པའི་འོག་ཏུ་བཅུག་སྟེ། འོ་མ་དང་མར་ཁུས་བླགས་ལ། ཆར་ཆེན་པོ་བབ་ཏུ་ཟིན་ཀྱང་། ས་བོན་ནད་པ་མ་རུང་པར་བྱས་པ་སྐྱེ་བར་མི་འགྱུར་ཏེ་མི ་སྲིད་དོ།། དེ་ནས་ས་བོན་འདི་ནི་མ་རུངས་པར་བྱས་པ་ཡིན་ཏེ། སྐྱེ་བར་མི་འགྱུ་རོ་སྙམ་ནས་ངེས་པར་གྱུར་ཏེ། ཅང་མི་ཟེར་བར་འདུག་པ་དེ་བཞིན་དུ། འདོད་ཆེན་པོ་ལ་ཡང་ས་བོན་མེད། ་འདོད་ཆེན་པ་ལ་ཆགས་ཤིང་བཟོད་པར་གསོལ་བའི་སེམས་བསྐྱེད་པ་ནི་མི་སྲིད་དོ།། དེ་བས་ནི་འདོད་ཆེན་པ་དེ་ལྟ་བུ་ལ་ནི་ཐམས་ཅད་དུ་སྦྱིན་པ་འབྲས་བུ་ཆེ་བ་མ་ཡིན་ནོ།། དགྲ ་བཅོམ་པ་རྣམས་ལ་ཕུལ་བའི་འབྲས་བུ་ཡང་ཐ་དད་དོ།། རང་སངས་རྒྱས་རྣམས་ལ་ཕུལ་བའི་འབྲས་བུ་ཡང་ཐ་དད་དོ།། དེ་བཞིན་གཤེགས་པ་རྣམས་ལ་ཕུལ་བའི་འབྲས་བུ་ནི ་ཐ་དད་པ་དོ།། དེ་བས་ན་ཐམས་ཅད་དུ་སྦྱིན་པ་ནི་འབྲས་བུ་ཆེ་བ་མ་ཡིན་ནོ།། གསོལ་པ། ཅིའི་སླད་དུ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདིའི་དོན་རྣམ་པ་གཉིས་སུ་བཀའ ་སྩལ་པ། རྒྱུ་ལས་གྱུར་ཏེ། སྔོན་རྒྱལ་པོའི་ཁབ་ཀྱི་དགེ་བསྙེན་མེད་པ་གཅེར་བུ་པ་འགའ་ཞིག་ཡོད་པ་དེས། ང་ལ་སྦྱིན་པ་བྱས་པ་ཅིར་འགྱུར་བ་དྲིས་པའི་ཚེ། དེ་དྲང་བའི་ཕྱིར་སྤྲིན ་པ་ཀུན་ཏུ་བསྔགས་པ་ཡིན། ཞེས་བྱ་བའི་ཚིགས་སུ་བཅད་པ་དེ་དེ་ག་ལ་བསྟན་ཏོ།། ད་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དོན་དུ། ཚིག་སུ་བཅད་པའི་དགོངས་པའི་ཚིག་ཏུ་བསྟན་ཏེ། ་དུས་ཐམས་ཅད་དུ་ཚིག་སུ་བཅད་པའི་དོན་འདྲ་བ་མ་ཡིན་ནོ།། ཐམས་ཅད་ཅེས་བྱ་བ་ནི་སྐབས་དང་སྦྱར་ཏེ། ཚིག་གི་ལྷག་མ་ཡོད་པར་རིག ་པར་བྱའོ།། བྱང་ཆུབ་སེམས་དཔའ་མ་མ་མཆོག་གཱི་ནི། ཚུལ་ཁྲིམས་འཆལ་པ་རྣམས་ཞིང་གི་ངོ་བཞིན་དུ་ཚར་བཅད་པར་བྱའོ།། རིགས་ཀྱི་བུ་གཞན་ཡང་ངས་སྔོན་ཚིག་སུ་བཅད ་བ་འདི་བསྟན་ཏེ་འདི་ལྟ་སྟེ། ཆུ་ཀླུང་ཆུ་ཀུན་གྱི་གྱུར་འབབ།། ནགས་ཚལ་ཀུན་ནི་ཤིང་ཉིད་ཡིན།། བུད་མེད་ཀུན་ལ་གཡོ་རྒྱུ་ཡོད། དབང་ཕྱུག་ཐམས་ཅད་བདེ་བ་ཡིན།། བུད་མེད ་རྣམས་ཀྱི་སེམས་ནི་གཡོ་རྒྱུ་ཅན་དང་། འཇིགས་སུ་རུང་བ་ཡིན་ནོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ་སྟན་ལས་ལངས་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་ལ ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་སླར་ཚིགས་སུ་བཅད་དེ་གསོལ་པ། ཆུ་ཀུན་གྱི་གྱུར་འབབ་མ་ལགས།། ནགས་ཚལ་ཀུན་ཀྱང་ཤིང་མ་ལགས།། ་བུད་མེད་ཀུན་ལའང་གཡོ་མ་མཆིས།། དབང་ཕྱུག་ཀུན་ཀྱང་བདེ་མ་ལགས།། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི། ལེགས་པར་བཀའ་སྩལ་པ ་མ་ལགས་ཏེ། འདི་ལ་རྒྱུ་ཅི་མཆིས་པ་བཀའ་བསྐུལ་འཚལ་ལགས་སོ།། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ནི་གླེང་ཐ་དད་པ་ནུབ་ཀྱི་བ་ལང་སྤྱོད་ཅེས་བགྱི་བ་མཆིས ་ཏེ། དེན་ཆུ་ཀླུང་གི་མིང་དྲང་པོར་འབབ་ཅེས་བགྱི་བ། ཤིང་ཁན་གྱི་ཐིག་སྐུད་བཞིན་དུ། ནུབ་ཕྱོགས་ཀྱི་རྒྱ་མཚོ་ནས། ཤར་ཕྱོགས་ཀྱི་མ་མཚོར་དྲང་པོར་འབབ་པ་ཞིག་མཆིས་ལ། ་ཐམས་ཅད་ཅེས་བགྱི་བ་ནི། ཤིན་ཏུ་རྒྱས་པའི་ལུང་ལས། ལྷག་མ་ཡོད་པའི་དོན་ལགས་པར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ན། ཆུ་རླུང་དྲང་པོར་འབབ་ཅེས་བགྱི་བ་སྟེ། ཤིན་ཏུ ་རྒྱས་པའི་ལུང་གི་མདོ་གང་ལས་བཤད་པ། བཅོམ་ལྡན་འདས་བདེན་པ་གསུམ་པས་བཀའ་སྩལ་དུ་གསོལ། དཔེར་ན་ནོར་གྱི་འབྱུང་ཁུང་གི་རྒྱུས་མཁན། འབྱུང་ཁུང་ལ་མི་མཁས་པ ་ཞིག་གིས། དེ་ཁོ་ན་གསེར་མཆིས་བཞིན་དུ། འདི་ན་གསེར་མ་མཆིས་སོ་ཞེས་མཆི་བས་ནི། གནས་ཀྱི་ཕྱོགས་ཆའི་བྱེ་བྲག་ཙམ་ཉི་ཚེ་ཤེས་པར་བགྱི་འཆོལ་ལགསོ།། ནགས་ཚལ ་ཀུན་ནི་ཤིང་ཉིད་ཡིན་ཞེས་བགྱི་བ་འདི་ནི། ལྷག་མ་ཡོད་པའི་དོན་ལགས་ལ། ནགས་ཚལ་རྣམས་པ་མང་དུ་མཆིས་ཏེ། འདི་ལྟ་སྟེ། གསེར་དང་། བེ་དུརྱའི་གནས་ཆེ་ལ་ཡང ་མཆིས་ལགས་སོ།། དེ་བཞིན་དུ་བུད་མེད་ཀུན་ལ་གཡོ་རྒྱུ་ཡོད། ཅེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། བུད་མེད་ལ་ཡང་ཚུལ་ཁྲིམས་དང་ལྡན་པ་དང་། འདོད ་ཆགས་དང་བྲལ་བ་དང་། སེར་སྣ་མ་མཆིས་ལག་སོ།། དབང་ཕྱུག་བདེ་བ་ཡིན་ཞེས་བྱ་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཏེ། དབང་ཕྱུག་ཅེས་བགྱི་བ་ནི། འཁོར་ལོར ་བསྒྱུར་བའི་རྒྱལ་པོ་དང་། སངས་རྒྱས་རྣམས་དབང་ཕྱུག་མཆོག་ལགས་མོད་ཀྱི། དེ་དག་ཀྱང་འཆི་འཕོའི་དབང་དུ་འགྱུར་ཞིང་ཟད་པའི་ཆོས་ཅན་ལགས་ལ།། ཚངས་པའི་དབང ་ཕྱུག་འདི་དག་ཀྱང་ལྟུང་བའི་ཆོས་ཅན་ལགས་ཏེ། དེ་བས་ན་དེ་དག་ནི་བདེ་བ་མ་ལགས་ཤེས་བདག་འཆི་ལགས་སོ།། རྟག་པ་དང་བརྟན་པའི་དབང་ཕྱུག་གང་ལགས་པ་དེ་ནི། མྱ་ངན ་ལས་འདས་པ་མཆོག་ཏུ་བྱེད་པའི་དབང་ཕྱུག་ལགས་སོ།། བཀའ་སྩལ་པ། འཇམ་དཔལ་དཔེར་ན། སྨན་པ་ཞིག་ཁྱིམ་བདག་གི་བུ་ཞིག་གི་ནད ་གསོ་བར་བྱེད་དེ། སྨན་མར་སྐོར་ནས་དེ་འཐུང་དུ་བཅུག་པ་དེ་ན། ནད་པ་དེ་མར་མང་དུ་འཐུང་བར་བརྩོལ་ལོ།། དེ་ནས་སྨན་པ་དེས་དེ་ལ་སྨྲས་པ། ཉམས་སྟོབས་དང་ལྡན་པས་ནི་མར ་མང་དུ་བཏང་བར་རྩལ་ཀྱང་དེས་འཇིག་པར་ནུས་ཀྱི། ཁྱོད་ནི་ཉམ་སྟོབས་མེད་པས་མར་ཧ་ཅང་མང་དུ་མ་འཐུང་ཤིག། མར་ནི་ནད་སེལ་བ་ཡང་ཡིན་མོད་ཀྱི། མང་དུ་འཐུང་ན་དེ་ཉིད་ཀྱིས ་ཁྱོད་ཡེ་འབྲོག་ཏུ་འཆི་བར་འགྱུར་རོ་ཞེས་བྱས་ན། ཅི་སྨན་པ་ཕན་པར་འདོད་ཅིང་སྙིང་བརྩེ་བ་དེས། ཡང་དག་པའི་དོན་དེ་མ་རུངས་པར་བྱས་པ་ཡིན་ནམ། དེ་བཞིན་དུ་སངས་རྒྱས་བཅོམ ་ལྡན་འདས་ཀྱིས་ཀྱང་། རྒྱལ་པོ་དང་། བློན་པོ་དང་། བཙུན་མོ་རྣམས་ནི་ང་རྒྱལ་བརྩལ་བ་དང་། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བཙུན་མོ་རྣམས་གཞན་དང་གཡེམ་པ ་དང་། སྐྱོ་བ་བསྐྱེད་པའི་ཕྱིར་སྨན་པ་བཞིན་དུ་དེ་བཞིན་གཤེགས་པས་རྒྱལ་པོ་གསལ་རྒྱལ་ལས་བརྩམས་ནས། ཆུ་ཀླུང་ཆུ་ནི་གྱ་གྱུར། ཅེས་ཚིག་སུ་བཅད་པ་འདི་བཀའ་སྩལ་ཏེ། ་ཆུ་ཀླུང་གྱོ་གྱུར་འབབ་ཅེས་བྱ་བ་ལ། དེ་བཞིན་གཤེགས་པ་འཁྲུལ་པ་མེད་དོ།། གང་གི་ཚེ་འཁྲུལ་པ་ཞིག་ཏུ་གྱུར་ན། གནམ་ས་ལོག་པར་འགྱུར། དེ་བས་ན་ཐམས་ཅད་སྨོས་ཏེ་གསུང ་བ་ནི། ལྷག་མ་ཡོད་པ་དང་། ལྷག་མ་མེད་པ་དང་། འདྲ་བར་གསུངས་སོ།། འཇམ་དཔལ་བྱང་ཆུབ་སེམས་དཔའ་ཁྱུ་མཆོག་དམ་པ། ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན ་པའི་ཕྱིར། ཤེས་རབ་རྒྱས་པར་བྱས་པ་འདི་ལེག་སོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས། བཅོམ་ལྡན་འདས་ལ་ཡང་ཚིགས་སུ་བཅད་དེ་གསོལ་པ། བདག་གིས་བྱས ་དང་མ་བྱས་རྣམས།། རྟག་པར་བྱའི་གཞན་དག་གིས།། བྱས་དང་མ་བྱས་རྣམས་དང་ནི།། གཞན་གྱི་མི་འཐུན་བརྟག་མི་བྱ།། ཞེས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་ཆོས་ཀྱི ་སྒོ་དེ་སྐད་དུ་བཀའ་སྩལ་པ་ནི། ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ལ་ཅིའི་སླད་དུ་དེ་སྐད་མཾ་ཅེས་བཀའ་སྩལ་པའི་རྒྱུ་བཀའ་སྐུལ་ལེག་སོ།། བཅོམ་ལྡན་འདས་ཀྱིས་གསུང ་རབ་ཡན་ལག་དགུ་ལས། འདི་ནི་ཅེར་བུ་པ་སེམས་ཅན་དམྱལ་བའི་པ་ཐམས་ཅད་དང་། ཡ་མཚན་ཅན་དགུ་བཅུ་རྩ་དྲག་པོ་རྣམས་ནི་ལམ་ངན་པར་ཞུགས་པ་ཡིནོ།། སངས་རྒྱས་ཀྱི་སྲས ་ཐམས་ཅད་ནི་མྱ་ངན་ལས་འདས་པ་ལ་ཞགས་པ་ཡིན་ནོ།། དྲང་པོ་དང་། ཚུལ་ཁྲིམས་དང་། ཆོ་ག་དང་། ལྡན་པ་དང་། དབང་པོ་ཐུལ་གང་ཡིན་པ་དེ་དག་ཐམས་ཅད་ནི་མཐོ་རིསུ ་འགྲོ་བ་དང་། ཆོས་ཀྱི་སྤྱོད་ཡུལ་ཅན་ཡིན་ནོ།། ཞེས་བདག་བསྟོད་པ་དང་། གཞན་སྨོད་པ་དང་། གཞན་བཤད་པ་བཀའ་སྩལ་ཏེ། བཅོམ་ལྡན་འདས་ཀྱིས་དེ་ལྟར་གཞན་དང་མི ་འཐུན་པ་རྣམས་ཀྱང་བཀའ་སྩལ་ལ་གཞན་དག་དང་མི་འཐུན་པ་ཞེས་བགྱི་བ་ཡང་མ་ལགས་པ་དེ་ཇི་ལྟ་བུ་ལགས། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ངས། གཞན་གྱི་མི་འཐུན་རྟག་མི་བྱ། ཞེས་བསྟན་པ་དེ་གང་ལས་ནི་བརྩམས། ཅིའི་ཕྱིར་ནི་བསྟན་ཅེ་ན། མ་སྐྱེས་དགྲ་ལས་བརྩམས ་ནས་བསྟན་པ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་ནི་རྒྱུ་མེད་པར་དོན་དང་འགལ་བ་སྟོན་པར་མི་མཛད་ཀྱི། རྒྱུ་དང་བཅས་རྐྱེན་དང་བཅས ་སྟོན་པར་མཛད་དེ། སྔོན་མ་སྐྱེས་དགྲས་པ་བསད་ནས། ངའི་ཐད་དུ་འོངས་ནས་འདི་ལྟར་བརྙེད་ཐབས་སུ་དྲི་དྲིས་ཏེ། ཅི་ལགས། བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ལགས་སམ། ་འོན་ཏེ་ཐམས་ཅད་མཁྱེན་པ་མ་ལགས། གལ་ཏེ་ཐམས་ཅད་མཁྱེན་པ་ལགས་ན། ཅིའི་སླད་དུ་ལྷས་བྱིན་རབ་ཏུ་བྱུང་ལགས། དེ་ཚེ་རབས་སྟོང་ཕྲག་མང་པོར་ཕྱི་བཞིན་འབྲང་ཞིང ་གནོད་པ་བགྱིད་པར་གཟིགས་ན། ད་ལྟར་ཡང་རྒོལ་དུ་འོང་བར་ཐམས་ཅད་མཁྱེན་པ་ཁྱོད་ཀྱིས་ཇི་ལྟར་མ་གཟིགས་ཤེས་ཟེར་ནས། ངས་དེ་ལ་འདི་སྐད་དུ་གཞན་དང་མི་འཐུན་རྟག ་མི་བྱ་བའི་ཚིགས་སུ་བཅད་པ་བསྟན་ཏེ། ད་ནི་རྒྱལ་པོ་ཁྱོད་བདག་གི་ཕ་བསད་དེ། འཚམས་མེད་པའི་ལས་ཀྱི་རབ་དུག་ཆེན་པོ་བྱས་པ་དེ་སྤང་བར་གྱིས་ཤིག། རྒྱལ་པོ་གཞན་གྱི་ཉེས་པ ་ལ་མ་རྟོགས་པར་དེ་ལྟ་བུ་ཁོང་དུ་ཆུད་པར་གྱིས་ཤིག་ཅེས་བྱས་སོ།། གཞན་ཡང་མི་འཐུན་པར་རྟག་པར་བྱས་ཏེ། ཚུལ་ཁྲིམས་དང་། ཆོ་ག་ལ་བརྟག་པ་གང་ཡིན་པ་དེ་དག་ནི་སྐྱོན ་བརྟག་པ་ལ་ལྷར་བླང་བར་བྱ་སྟེ། དེ་ནི་སངས་རྒྱས་ཀྱི་བསྟན་པ་ཡིན་ནོ།། གཞན་གྱི་མི་ཐུབ་པ་ལ་རྟོག་པ་རྣམས་ཀྱིས་ནི། བདག་དང་གཞན་དག་གིས་བྱས་པ་དང་མ་བྱས་པ་ནི། བདག ་དང་གཞན་དག་གིས་ཡིན་པར་ཤེས་པར་བྱའོ།། དེ་ལྟ་བུའི་ཚུལ་གྱིས་བྱས་པ་རྟག་ཏུ་ཡང་དག་པར་མཐོང་བ་གང་ཡིན་པ་དེ་དག་ནི། ངའི་ཉན་ཐོས་ཡིན་ནོ་ཞེས་ང་ཟེར་རོ།། དེ་ནས ་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཆད་པ་དག་གིས་ཐམས་ཅད་སྐྲག།། ཀུན་ལ་སྲོག་ནི་འཕངས་པ་ཡིན། བདག་གི་ཉམས ་ལས་དཔགས་བྱ་ཞིང་། བརྡེག་པར་མི་བྱ་བསད་མི་བྱ། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་ཅེས་གསོལ། ཏོ།། ཆད་པས་ཐམས་ཅད་སྐྲག་མི་འགྱུར། ་སྲོག་ཀྱང་ཀུན་ལ་པང་མ་ལགས།། བདག་གིས་ཉམས་དཔག་མི་བགྱི་ཞིང་།། ཐབས་ཀྱི་ལྟ་བ་རྟོགས་པར་བགྱི།། དེ་བས་ན་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་དེ་སྒོ་དེ་སྐད་དུ་བཀའ་སྩལ ་བ་ནི། ལེགས་པར་བཀའ་སྩལ་པ་མ་ལགས་ཏེ།། དགྲ་བཅོམ་པ་དང་འཁོར་ལོས་སྒྱུར།། གླང་ཆེན་བུད་མེད་རིན་ཆེན་དང་།། ཁྲིམ་བདག་རིན་ཆེན་རྟེན་མས་ནི།། གནོད་པ་ཅིས ་ཀྱང་མི་ཚུགས་སོ།། འདི་རྣམས་ལ་ནི་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་སུས་ཀྱང་གནོད་པ་བགྱིད་པའི་རྔོ་མི་ཐོག་སྟེ། དགྲ་དྲག་ཤུལ་གྱི་སྟོབས་ཅན་རྣམས་ཀྱིས ་ཀྱང་། དེ་དག་ལ་གནོད་པས་ཚུགས་མི་སྲིད་ལ་གསོ།། དེ་དག་ནི་ལྷག་དང་བདུད་དང་ཚངས་པ་རྣམས་ཀྱིས་ཀྱང་། མི་འཇིགས་ལགས་སོ།། དེ་བས་ན་སེམས་ཅན་དེ་དག་ནི།། ་ཅིས་ཀྱང་མི་ཚུགས་པ་ཞེས་བགྱི་ལགས་སོ།། གཡུལ་ངོ་གཅིག་པོ་དཔའ་བ་དང་། ཅིག་པོ་ཁྲིམས་ཐབ་ལ་མིའི་ཆུང་མ་དང་། སེང་གེ་དང་། སྲིན་དུ་པའི་རྟ་ཅང་ཤེས་དང་། དགེ ་སློང་ཚུལ་ཁྲིམས་དང་ལྡན་པ། འདི་རྣམས་ནི་གནོད་པས་ཚུགས་པ་ལགས་ཀྱིས་ཀྱང་། ཅིས་ཀྱང་མི་འཇིགས་ལགས་སོ།། དེ་ལ་ཆད་པ་དག་གིས་ཐམས་ཅད་སྐྲག་ཅེས་བགྱི་བ ་ནི་འདིར་ལྷག་མ་ཡོད་པའི་དོན་ལགས་པས་ན། མདོར་སྡུས་པ་ལགས་སོ།། བདག་གི་ཉམས་ལས་དཔག་བྱ་ཞིང་། ཞེས་བགྱི་བ་དེ་ཡང་ལྷག་མ་ཡོད ་པའི་དོན་ལགས་ཏེ། དགྲ་བཅོམ་པ་རྣམས་ནི་དཔག་དང་མི་མཉམ་མོ་ཞེས། དེ་ལྟར་འཇིག་རྟེན་དུ་གྲགས་ལག་སོ།། གལ་ཏེ་དགྲ་བཅོམ་པ་རྣམས་ཀྱིས་བདག་ཏུ་འདུ་ཤེས་པ་དང་། ་དགྲ་བཅོམ་པ་རྣམས་ཀྱི་སྲོག་ཏུ་འདུ་ཤེས་པ་བསྲུངས་ལ་གསོ་ཞེས། དེ་ལྟར་ལྟ་བའི་བློ་ཆུང་ངུ་རྣམས་ཀྱིས་ནི། དགྲ་བཅོམ་པ་གནས་ངན་པར་བཞག་པ་ལགས་ཏེ། དེ་ལྟར་བགྱིས ་པས་སྲོག་ཏུ་ལྟ་བའི་འདུ་ཤེས་ངན་པས་རྨོངས་པའི་འབྲས་བུས་མྱུར་དུ་མནར་མེད་པར་སྐྱེ་བར་འགྱུར་ལགསོ།། ཅིག་ཏུ་ན་གལ་ཏེ་དགྲ་བཅོམ་པ་རྣམས་བསད་པའི་སེམས་བསྐྱེད་དུ ་ལགས་ཀྱང་། སེམས་ཅན་དེ་དག་གིས་བསོད་པར་འགྱུར་མི་སྲིད་དེ། སེམས་ཅན་མང་པོ་ལོག་ཀྱང་དེ་དག་གསོད་པའི་རྡོ་མི་ཐོག་ལག་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་སྲོག་ཆགས་རྣམས་ལ་བསྙིང་བརྩེ་བའི་ཕྱིར་བདག་དང་འདྲ་བར་བལྟའོ།། དགྲ་བཅོམ་པ་ནི་འཚེ་བ་མེད་པའི་སྒོ་ནས་དཔག་ཏུ་མེད་པ་དང་། མཚུངས་པ་མེད་པར་ལྟ་བར་བྱ་སྟེ། དེ་དག ་ལ་བསད་པའི་སེམས་བསྐྱེད་པར་མི་བྱའོ།། དེ་ལྟར་ན་སངས་རྒྱས་ནི་རྒྱུ་མེད་པར་དོན་དང་འགལ་བར་མི་སྟོན་ཏེ་ཚིགས་སུ་བཅད་པ་འདི་ནི་རྒྱལ་ཁབས་ཀྱི་རི་དྭགས་ཀྱི་རྔོན་པ་ལས་བརྩམས ་ནས་བསྟན་ཏེ། དེས་རི་དགོས་བསད་ན། ཤ་དང་ལྡན་པའི་ཟས་སྦྱིན་པ་ལ་ང་སྤྱན་དྲང་པ་ལ་གནང་ནས་སྒྲ་ཅན་ཟིན་དང་། འདྲ་བར་ལྟ་བའི་ཚུལ་གྱིས། ཚིག་སུ་བཅད་པ་འདི་སྐད་ཅེས ་བྱས་སོ།། ཆད་པ་དག་གིས་ཐམས་ཅད་སྐྲག། ཀུན་ལ་སྲོག་ནི་འཕངས་པ་ཡིན།། བདག་གི་ཉམས་ལས་དཔག་བྱ་ཞིང་།། རྡེག་པར་མི་བྱ་བསད་མི་བྱ།། མིག་རྒྱང་རིང་དུ་ལྟོས་ལ།། ་རིང་དུ་འཚོ་བར་གྱིས་ཤིག། འཚོ་བ་མེད་པའི་རྟགས་ཀྱི།། དོན་ཁོང་དུ་ཆུད་པར་བགྱིས་ཤིག། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མའི་ཁྱུ་མཆོག་འཇམ་དཔལ་ལེགསོ།། ལགསོ།། ། ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་དགོངས་པའི་ཚིག་འདི་དྲིས་པ་དེ་ནི་ལེགས་སོ།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས། ཚིག་སུ་བཅད་དེ་འདི ་སྐད་ཅེས་གསོལ་ཏོ།། མ་ལ་མཆོད་པའི་ཚུལ་གྱིས་ནི།། ཕ་མར་མཆོད་པའི་ཚུལ་བགྱིས་ནས།། བླ་མ་ལ་ཡང་གུས་གྱུར་ལ།། མནར་མེད་འཇིགས་པར་ཇི་ལྟར་མཆི།། དེ་ནས ་བཅོམ་ལྡན་འདས་ཀྱིས་ཚིག་སུ་བཅད་དེ་འདི་སྐད་ཅེས་བཀའ་སྩལ་ཏོ།། འདིར་འདིར་ནི་སྲེད་མ་ཞེས་བྱ།། གཏི་ལ་ནི་ཕ་ཞེས་བྱ།། ཆོས་འདི་ཉིད་ལ་གང་མཆོད་པ།། དེ་ནི་མནར་མེད ་འཇིགས་པར་འགྲོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཡང་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་པ་འདི་སྐད་ཅེས་བཀའ་སྩལ་ཏོ།། གཞན་གྱི་དབང་གྱུར་ཐམས་ཅད ་སྡུག། རང་དབང་ཅན་ནི་ཐམས་ཅད་བདེ།། ང་རྒྱལ་དབང་གྱུར་ཀུན་མི་ཟད།། དགའ་བ་ཐམས་ཅད་བཟང་བ་ཡིན།། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར ་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྒོ་དེ་སྐད་ཅེས་བཀའ་སྩལ་པ་ནི། ལེགས་པར་བཀའ་སྩལ་པ་མ་ལགས་ཏེ། འདི་ན་ཁྱིམ་བདག་ལ་ལ་ཞིག་གིས ་བདག་གིས་བུ་བྱིས་པའི་སློབ་དཔོན་ལ་བཏད་ན། ཅི་ལགས་ཁྱེའུ་དེ་གཞན་གྱི་དབང་དུ་གྱུར་པ་ཞེས་མི་བགྱི་ལགས་སམ། དེ་ལ་གྲིཞན་གྱི ་དབང་དུ་གྱུར་པ་མ་ལགསོ།། ཞེས་བགྱི་ན་ཡང་དོན་དང་འགལ་བར་འགྱུར་ལ། དེ་ལ་ངར་དབང་ཐམས་ཅད་ལགས་སོ་ཞེས་བགྱིས་ན་ཡང་དོན་དང་འགལ་བར་འགྱུར་ཏེ། ཆོས ་འདི་ནི་ཤིན་ཏུ་རྟག་དཀའ་བ་ལགསོ།། འདི་རྒྱལ་པོའི་བུ་ལ་ལ་བཅོས་སུ་མི་རུང་བར་གྱུར་ཏེ། དེ་ཅི་ཡང་སློབ་མི་འཚལ་ནས་རང་དགའ་དང་རང་ཉམས་སུ་འཁྱམས་པ་དེ་ལ་ཡང་རང ་དབང་ཅན་ཞེས་བགྱིས་ན་ནི་དོན་དང་ཚབས་ཆེར་འགལ་བར་འགྱུར་ལ། གཞན་གྱི་དབང་དུ་གྱུར་ཏོ།། ཞེས་གྱིས་ན་ནི། དོན་དང་འགལ་བར་མི་འགྱུར་ཏེ། ཆོས་འདི་ཤིན་ཏུ ་བརྟག་དཀའ་བ་ལགས་སོ།། གཞན་གྱི་དབང་དུ་གྱུར་ཅེས་བགྱི་བའི་ཚིག་བླ་དག་ནི་དེ་དང་དབང་དུ་གྱུར་ནི་སྡིག་པ་བགྱིད་པ་དང་། འགུམ་པར་འགྱུར་བས་ན། བཀའ་སྩལ་པ་འདི་ནི ་ལྷག་མ་ཡོད་པའི་དོན་ལགས་ཏེ་དེ་བས་ན་གཞན་དུ་གྱུར་པ་ཐམས་ཅད་སྡུག་པ་ཡང་མ་ལགས། རང་དབང་ཅན་ཐམས་ཅད་བདེ་བ་ཡང་མ་ལགསོ།། ང་རྒྱལ་དབང་གྱུར་ཀུན་གྱི ་མི་ཟད་ཅེས་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཀྱི། ང་རྒྱལ་གྱི་དབང་དུ་གྱུར་ཀུན་མི་བཟད་པ་ཡང་མ་ལགས་ཏེ། འདི་ན་ལ་ལ་ཞིག་ང་རྒྱལ་གྱི་དབང་གིས་རབ་ཏུ་བྱུང་ན ་ཅི་ལགས་རབ་ཏུ་བྱུང་བ་དེ་ལ། ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་བཟད་ཅེས་བགྱིས་ལགས་སམ། དེ་ནི་ང་རྒྱལ་མ་མཆིས་པ་དང་། བསོད་ནམས་དང་ལྡན་པ་དང་། ཚུལ་ཁྲིམས ་དང་། མཆོག་ལ་དང་ལྡན་པ་དང་། དབང་པོ་སྲུང་བ་ལགས་ཏེ། དེ་བས་ན་ང་རྒྱལ་གྱི་དབང་དུ་གྱུར་པ་ཀུན་མི་བཟད་པ་ཡང་མ་ལགས་སོ།། དགའ་བ་ཐམས་ཅད་བཟད་པ་ཡིན། ཞེས ་བགྱི་བ་དེ་ཡང་ལྷག་མ་ཡོད་པའི་དོན་ལགས་ཀྱི། དགའ་བ་ཐམས་ཅད་ཀྱང་བཟད་པ་ལགས་ཏེ། བསྟན་པ་འདི་ལ་ཕམ་པ་བྱུང་བ་རྣམས་གོས་མཚོན་ཅན་གྱི་རྟགས་ཅན་རྣམས་དང ་ལྷན་ཅིག་འཁོད་པ་བདག་ཉིད་ཀྱི་རུང་བར་མཐོང་ཡང་། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། དེ་ལྟ་བུ་དག་ལ་བཟད་ཞེས་བགྱི་སྟེ། དེ་དགེ་ཕུང་བར་བགྱིད་པ་དེ་དག་ནི ་བཟད་པ་ཞེས་བགྱིའོ།། དེ་བས་ན་དགའ་བ་ཐམས་ཅད་བཟད་མ་ལགས་། ན་ལྷའི་ཡང་ལྷ་སངས་རྒྱས་དེ་བཞིན་གཤེགས་པས། ཅི་ལས་དགོངས་ཏེ་དེ་སྐད་བཀའ་སྩལ་ལགས། ་དེ་ནས་བཅོམ་ལྡན་འདས་ཀྱི་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སངས་རྒྱས་ནི་རྒྱ་མེད་པར་དོན་དང་འགལ་བར་མི་གསུང་གི། རྒྱུ་དང་བཅས་རྐྱེན་དང ་བཅས་པར་གསུང་སྟེ། རྒྱལ་པོའི་ཁབ་ན་ཁྱིམ་བདག་ཀོ་ཏ་ཀའི་བུ་མོ་རབ་ཏུ་བཟང་མ་པའི་ཁྱིམ་དུ་སོང་ནས། རབ་ཏུ་འབྱུང་བའི་སེམས་བསྐྱེད་དེ། དེ་བཞིན་དུ་གཤེགས་པའི་ཐད ་དུ་སོང་ནས། བུད་མེད་དུ་གྱུར་པ་ནི་གཞན་གྱི་དབང་དུ་གྱུར་པ་ཡིན་ལ། སྐྱེས་པར་གྱུར་པ་ནི་དབང་ཆེན་ཡིན་ནོ།། སྙམ་དུ་བསམས་ནས། དེ་བཞིན་གཤེགས་པ་དང་། ཆོས་དང ་དགེ་འདུན་གི་དགེ་འདུན་ལ་སྐྱབས་སུ་སོང་སྟེ། དེའི་རྟོག་པ་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱི་གཞན་གྱི་དབང་སྒྱུར་ཐམས་ཅད་སྡུག་ཅེས། ཚིགས་སུ་བཅད་པ་དེ་སྐད་གསུང་སོ།། ། ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནང་ན་མིའི་ཁྱུ་མཆོག་ལེགས་སོ་ལེགས་སོ།། སེམས་ཅན་ལ་ཕན་པའི་ཕྱིར་དགོངས་པའི་ཚིག་འདི་ང་ལ་ཞུས་པ་ལེགས་སོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཚིགས་སུ་བཅད་དེ་བཀའ་སྩལ་པ། ཐམས་ཅད་ཟས་ལ་རྟེན་པ་ཡིན།། སེར་སྣ་མེད་པ་ཐམས་ཅད་གཡོ།། ཟས་ཀྱི་ཉེས ་པ་ནང་དུ་འགྱུར།། ཚངས་པར་སྤྱོད་པ་འགྲོགས་ན་བདེ།། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་ཅི་ལགས། ཙུན་དའི་སྦྱིན་པ་ཆེར་གསོལ་ནས། ཞལ་ཟས་ཀྱི་ཉེས་པས ་བསྙེངས་ལགས་སམ་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ཅན་ཐམས་ཅད་ཀྱང་ཟས་རྟེན་པ་མ་ཡིན་ནོ།། ཐམས ་ཅད་ལ་ཡང་ཟས་ཀྱི་ཉེས་པས་ནད་དུ་འགྱུར་བ་ཡིན་ནོ།། ཆོས་སྨོད་པ་རྣམས་དང་འགྲོགས་སོ་ཅོག་གྲོང་བདེ་བ་མ་ཡིན་ནོ།། འཇམ་དཔལ་གང་གི་ཚེ་ཁྱོད་ནད་ཀྱིས་ཐེབས་པ་དེའི་ཚེ། ང་ཡང ་གིས་ཐེབས་སོ།། དགྲ་བཅོམ་པ་དང་རང་སངས་རྒྱས།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།། དེ་དག་རྟག་ཏུ་ཟས་མེད་དེ།། དེ་ནི་སངས་རྒྱས་ཆོས་ཉིད་དོ།། དགྲ་བཅོམ་པ ་རྣམས་དང་། རང་སངས་རྒྱས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། དེ་བཞིན་གཤེགས་པ་རྣམས་ནི་ཞལ་ཟས་ཀྱང་མི་གསོལ་ལ། སྦྱིན་པ་འབུམ་ཕྲག་མང་པོ ་ཡང་སྦྱིན་ཞེས་པར་མཛད་དོ།། སྦྱིན་པ་འབུམ་ཕྲག་བྱ་བའི་གདམས་ངག་ཀྱང་སྟོན་པ་མཛད་དོ།། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡིད ་དགས་ཀྱི་རྒྱ་མཚོ་ལས་ངེས་པར་བསྒྲལ་བའི་ཕྱིར། སྦྱིན་པའི་ཕ་རོལ་ཕྱིན་པ་བསྔགས་པར་ཡང་མཛད་ལ། གསོལ་བར་ཡང་མི་མཛད་དོ།། དེ་བཞིན་གཤེགས་པ ་ལོ་དྲག་གི་བར་དུ་བཀའ་བ་སྤྲད་པས། ཉམ་ཆུང་བར་གྱུར་ཏེ་ཞེས། སངས་རྒྱས་ལ་སེམས་ཅན་ཐམས་ཅད་དང་འདྲ་བར་བལྟ་བར་མི་བྱའོ།། འདོད་པའི་ཆུ་བོ་ལས་རྒལ་བ་དེ ་དག་ནི་རྟེན་པ་ཡིན་ཏེ། དཔའ་བོ་དེ་དག་ནི་མིའི་ཡུལ་ལ་སྤོད་པ་མ་ཡིན་ནོ།། དེ་བཞིན་དུ་འདི་ཉན་ཐོས་རྣམས་ཀྱི་སྟོབས་དང་། སྤྱོད་ཡུལ་ཡང་བསམ་གྱིས་མི་ཁྱབ་པོ།། སེམས ་ཅན་ཐམས་ཅད་ཟས་ལ་རྟེན། ཅེས་བྱ་བ་ཡང་ལྷག་མ་ཡོད་པའི་དོན་ཡིན་པར་ཤེས་པར་བྱའོ།། སེར་སྣ་མེད་པ་ཐམས་ཅད་གཡོ་བ་ཡིན་ཞེས་བྱ་བ་དེ་ཡང་ལྷག་མ་ཡོད་པའི་དོན་ཡིན ་ཏེ། བདག་ལ་སེར་ན་བྱེད་པ་མི་གཡོ་བའི་བདེ་བར་འགྲོ་བ་དམ་པ་འགའ་ཡང་ཡོད་དོ།། ཐམས་ཅད་ཟས་ཀྱི་ཉེས་པས་ནད་དུ་འགྱུར། ཞེས་བྱ་བ་དེ་ཡང་ལྷག་མ་ཡོད་པའི་དོན་ཡིན་ཏེ།། ་ཚེར་མས་ཟུག་པ་ལོགས་པའི་ནད་བློ་བུར་བ་དག་ཀྱང་ཡོད་དོ།། ཆོས་སྤྱོད་པ་རྣམས་དང་འགོགས་པ་ཐམས་ཅད་བདེ་ཞེས་བྱ་བ་དེ་ཡང་ལྷག་མ་ཡོད་པའི་ཡིན་ཏེ། འཇིག་རྟེན་པ་ཐམས ་ཅད་ལ་ཡང་ཆོས་འཛིན་པ་རྣམས་དང་། འཚམས་མེད་པའི་ཆོས་རྣམ་པ་མང་པོ་དག་ཡོད་དེ། དེ་དག་ལ་ཡང་བྱ་བ་སྣ་ཚོགས་ཡོད་མོད་ཀྱི་སྨང་བ་རྣམ་པ་སྣ་ཚོགས་ཅན་ལུས་ཉོན ་མོངས་པ་དེ་དག་དང་། གལ་ཏེ་ལ་ལ་ཞིག་འགྲོགས་པར་གྱུར་ན། ཅིའི་བདེ་བ་སྟོན་པར་འགྱུར་རམ། དེ་ལྟ་ན་ནི་དོན་དང་འགལ་བར་འགྱུར་རོ།། དེ་བས་ན་སངས་རྒྱས་ནི་རྒྱུ ་མེད་པར་དོན་དང་། འགལ་བ་སྟོན་པར་མི་མཛད་དེ། འདུལ་བར་བྱ་བའི་དབང་གིས། རྒྱུ་དང་བཅས། རྐྱེན་དང་བཅས་པར་སྟོན་པར ་ཤེས་པར་གྱིས་ཤིག། འཇིག་རྟེན་ལས་འདས་པའི་ཆོས་ནི་མཆོག་ཏུ་བདེ་བ་ཡིན་ནོ།། ཚིགས་སུ་བཅད་པ་འདི་ནི། གྲོང་ཁྱེར་གྱེན་དུ་རྒྱལ་ཞེས་བྱ་བའི་བྲམ་ཟེ་ལུག་དཔལ་ཞེས ་བྱ་བ་ལས་བརྩམས་ནས། བསྟན་པ་ཡིན་ཏེ། བྲམ་ཟེ་ལུག་དཔལ་ཞག་བཞི་པའི་བསྙུང་བ་བྱེད་ཅིང་དེའི་ཐད་དུ་འོངས་ནས་སངས་དེའི་ཞག་བཞི་པའི་སྨང་བའི་ལྟ་བ་བསལ་བའི ་ཕྱིར། སེམས་ཅན་ཐམས་ཅད་ཟས་ལ་རྟེན། ཅེས་བྱ་བའི་ཚིགསུ་བཅད་པ་འདི་བསྟན་ཏེ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འོད་སྲུང ་དང་རུས་གཅིག་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཐམས་ཅད་མ་ལུས་པ་ཇི་ལྟ་བུ་ལགས་སོ།། ཐམས་ཅད་ཅེས་བྱ་བ་ཡང་ཇི་ལྟ་བུ་ལགས། བཀའ་སྩལ་པ། ་མ་ལུས་པའི་དོན་ནི་དགེ་བའི་ཆོས་ཐམས་ཅད་རྟག་པ། བདེ་བ་ཞེས་བྱ་བ་ལྟ་བུའོ།། དེ་ལྟར་ན་ཁ་ཅིག་ནི་ལྷག་མ་ཡོད་པའོ།། ཁ་ཅིག་ནི་ལྷག་མ་མེད་པ་ཡིན་པར་ཆོས་འདོད་པའི ་རིགས་ཀྱི་བུས་རིགས་པར་བྱའོ།། གསོལ་པ། ཀྱེ་མ་དེ་བཞིན་གཤེགས་པ་ནི་སེམས་ཅན་ཐམས་ཅད་ལ་སྒྲ་གཅན་ཟིན་བཞིན་དུ་གཟིགས་པ་ལགས་ཏེ། བདག་ཤིན་ཏུ་རང་ལགས ་སོ། བཀའ་སྩལ་པ། རིགས་ཀྱི་བུ་ལེགས་སོ་ལེག་སོ།། དེ་ལྟར་ཆ་ཕྲ་བར་རྟག་དགོས་སོ།། གསོལ་པ། བཅོམ་ལྡན་འདས་ད་ནི་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན ་པོའི་བསོད་ནམས་ཇི་ལྟར་སྐྱེས་བཀའ་སྩལ་དུ་གསོལ། བཀའ་སྩལ་པ། སངས་རྒྱས་ཀྱི་ཡུལ་འདི་ནི་བསམ་གྱིས་མི་ཁྱབ་པའི་ཕྱིར། ཉན་ཐོས་དང་། རང་སངས་རྒྱས་ཐམས། ་ཅད་ཀྱིས་ཀྱང་། མདོ་སྡེ་འདིའི་མིང་ཡང་ཚིག་ཙམ་ཡང་མཉན་པ་རྣམས་ལ་བརྗོད་པར་མི་ནུས་སོ།། དེ་ནས་བཅོམ་ལྡན་འདས་ལ་ལྷག་དང་མི་དང་ལྷ་མ་ཡིན་རྣམས་ཀྱིས་ཚིག་མཐུན ་པར་ཚིགསུ་བཅད་གསོལ་པ། སངས་རྒྱས་བསམ་ཡས་ཆོས་གསུངས་པ།། ཆོས་དང་དགེ་འདུན་རྟག་ཏུ་ཁྱེད་ལ་རྟེན།། དེའི་ཕྱིར་དགེ་སློང་འོད་སྲུང་ཀུན་དགའ་བའོ།། མ་མཆིས ་དུ་མཚོན་པོ་བཞི་ནས་པར་གསོལ།། པེ་དེ་ཧ་རས་རྒྱལ་པོ་མ་སྐྱེས་སྒྲ།། ཁྱོད་ཀྱི་འཛའ་མཆོག་ཐུགས་འདྲ་ཆེ་བ་དང་།། ད་དུང་མ་མཆིས་མཐར་ཐུག་ཁྱོད་མ་གཤེགས།། ཀུན་མཁྱེན ་ཁྱོད་ཀྱིས་བདག་ཅག་ཐེ་ཙོམ་ཆོད།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ངའི་སྲས་མཆོག་མཐུ་བོ་འོད་སྲུངས་དང་།། བློ་ལྡན་ཀུན་དགའ་བོ་ཁྱོད ་ཀྱིས་ཐེ་ཙོམ་གཅོད།། ཁྱོད་ཀྱི་ངའི་ཞལ་ལྟོས་རྟག་པ་དང་། མི་རྟག་ཤེས་བྱོས་མྱ་ངན་མ་བྱེད་ཅིག། དེ་ནས་འཁོར་དེ་དག་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སྨོན་ལམ་བཏབ་ནས། དེར་སེམས་ཅན་གང་གའི་ཀླུང་སྟོང་ཕྲག་དཀྲིག་སྙེད་ཀྱི་བྱེ་མའི་གྲངས་སྙེད་ཀྱིས་སེམས་བསྐྱེད་ནས། ་བྱང་ཆུབ་སེམས་དཔའི་ས་དང་པོའི་གནས་ཐོབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱི་འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྲམ་ཟེ་ཆེ་ཞིང་མཐོ་བ་འོད་སྲུངས་ཆེན་པོ་དང་རུས་ཅིག ་པ་ལ་བཀའ་སྩལ་པ། མགར་བའི་བུ་ཙུན་ད་བྱང་ཆུབ་ཏུ་དབང་བསྐུར་ནས། བྱང་ཆུབ་སེམས་དཔའ་དེ་གསུམ་ལ་བཀའ་སྩལ་པ། རིགས་ཀྱི་བུ་དག་བག་ཡོད་པ ་གྱིས་ཤིག། བག་ཡོད་པར་གྱིས་ཤིག། ང་སྐེད་པའི་དྲག་པོས་བཏབ་སྟེ། གཞོན་ནུར་དག་ངརེ་ཤིག་ཐབས་ཀྱི་ནང་དུ་ཉལ་བར་འདོད་ཀྱིས་ཉལ་དུ་ཆུག་ཅིག། འཇམ་དཔལ་ཁྱོད་ཀྱིས ་འཁོར་ཐམས་ཅད་ལ་ཆོས་སྟོན་ཅིག། སེང་གེའི་སྒྲ་སྒྲོགས་ཤིག། གནས་རྟེན་འོད་སྲུང་ཆེན་པོ་དང་། ཀུན་དགའ་བོ།། གཉིས་མ་འོངས་ཀྱི་བར་དུ་ངས་ཁྱོད་ལ་བསྟན་པ་འདི་གཏད་ཀྱི། ་ནམ་འོངས་པ་ན་དེ་ཉིད་ལ་གཏོད་ཅིག། དེ་སྐད་ཅེས་བཀའ་སྩལ་ན། བཅོ་ལྡན་འདས་གདུལ་བར་བྱ་བའི་དབང་གི་ནད་པའི་ཚུལ་དུ་བཞུགས་པར་བསྟན་ཏེ་གཟིམས་ཁང་ལོག་སུ་གཟུར་གྱིས ་གཟིག་སོ།། ཡོངསུ་མྱ་ངན་ལས་འདས་པ་ཆེན་པོའི་མདོ་ཆེན་པོ་དམ་པའི་ཆོས་གསུང་རབ་ཐམས་ཅད་ཀྱི་སྙིང་པོར་གྱུར་པ། རྒྱུད་ཕྱི་མ་ལྟ་བུ་རྟོགས་པར་དཀའ་བའི་ཆོས་ཀྱི་འབྱུང་གནས། ་གཅིག་ཏུ་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་སྲས། ལེའུ་ཁྲི་ལྔ་སྟོང་ཡོད་པ་ལས་ལྷ་དང་། མི་དང་། ལྷ་མ་ཡིན་དང་། མིའི་ཅི་དང་རིག་སྔགས་འཆང་དང་། སྲིན་པོ་ལ་སོགས་པ ་འདུས་པ་ཞུས་པ་འབྱེ་བའི་ལེའུ་རྫོག་སྷོ།། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང་། ཛྙཱ་ན་གརྦྷ་དང་། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་དེ་བ་ཅན་ཏྲ་ལས་བསྒྱུར་ཏེ་གཏན་ལ་ཕབ་པ། ཤླཽ་ཁ་གསུཾ་སྟོང་བརྒྱད་རྒྱ་བཞུག་སོ། ་