CLOSE WINDOW

F769: dpal lha mo nag mo'i bstod pa rgyal po'i rgyud
Wyliee-texts produced with BDRC’s OCR application

@##། རྒྱ་གར་སྐད་དུ། ཤྲཱི་དེ་ཝ་ཀ་སྲྀ་ར་ཙ་ཏན་ཏྲ་ཀ་ལི། བོད་སྐད་དུ། དཔལ་ལྷ་མོ་ནག་མོའི་བསྟོད་པ་རྒྱལ་པོའི་རྒྱུད།། རིགས་སྔགས ་དང་གསང་སྔགས་ཀྱི་མངའ་བདག། དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། རི་རབ་ཀྱི་རྩེ་མོ་བཅུ་པ་འགྱུར་གྱི་ཚལ ་ཆེན་པོ་ན། བཅོམ་ལྡན་འདས་དཔལ་དྲག་པོ་ཆེན་པོ་ཕྱག་ན་རྡོ་རྗེ།། ལུས་བསྐལ་པའི་མེ་ལྟར་འབར་བ། སྲིད་པ་གསུམ་ལས་རྣམ་པར་རྒྱལ་བ། ཉི་མ་སྟོང་གི་གཟི་བརྗིད ་དང་ལྡན་ནས་བཞུགས་སོ།། འཁོར་ནི་བརྒྱ་བྱིན་དང་། ཤ་ཟ་དང་། སྲིན་པོ་དང་། མ་མོའི་ཚོགས་བྱེ་བ་དུང་ཕྱུར་གྱི་བསྐོར་ཏེ་བཞུགསོ།། དེའི་ཚེ་དཔལ་ཕྱག་ན་རྡོ ་རྗེ་པདྨའི་གདན་ལ་བཞུགས་ཏེ་བཀའ་སྩལ་པ། ངའི་འཁོར་དུ་རྟོགས་པའི་ལྷ་མ་སྲིན་སྡེ་བརྒྱད་ཉོན་ཅིག། འདོད་པའི་ཁམས་འདི་ན། བདུད་ཀྱི་མ་བཤིན་རྗེའི་སྲིང་མོ ་ཞེས་བྱ་བ།། རྒྱལ་ཚབ་ཆེན་མོ་སངས་རྒྱས་ཀྱི་བསྟན་པ་འཛིན་པ་ཞིག་ཡོད་ཀྱིས། ཁྱེད་ཀྱི་དེ་ལ་མཆོད་པ་གྱིས་ཤིག། བསྟོད་པ་གྱིས་ཤིག། ངས་ཀྱང་ཁྱེད་ལ་བྱིན་གྱིས ་བརླབ་སོ།། ཞེས་བཀའ་སྩལ་པ། འཁོར་གྱི་ནང་ནས་ལྷའི་དབང་པོ་བརྒྱ་བྱིན་བསྟན་ལས་ལངས་སྟེ། དཔལ་ལྷ་མོ་ལ་དགེ་བ་བཅུའི་སྒོ་ནས་བསྟོད་པ། སྔོན་འདས ་ལྷ་མའི་རྒྱུད། @#། བསྐལ་པ་དང་པོའི་ཕ་རོལ་ན།། དགེ་བ་བཅུའི་ལས་ལ་རང་སེམས་ཆེར་སྤུངས་ནས།། ལམ་གྱི་ཁྱད་པར་གོང་མ་རབ་པ་རྫོགས་ཀྱང་།། མཐོ་རིས་སྐྱེས་པ་ཉམས ་ལ་དགེ་བ་བཅུའི།། ཚུལ་གྱི་དོན་མཛད་ཕྱི་རོལ་བསྒྱུར་བ་ཡིས།། དཔལ་ལྷ་མོ་ཁྱོད་ལ་ཕྱག་འཚལ་བསྟོད།། འདས་པའི་དུས་ན་སྲོག་གཅོད་རབ་སྤངས་པས།། སྐུ་ཚེ་རིང་ཞིང ་གཟུགས་བྱང་ཕུན་སུམ་ཚོགས།། གཞན་གྱི་ལན་ཆགས་གནོད་པའི་རྐྱེན་དང་བྲལ།། འཆི་བདག་འཇོམ་མཛད་ལ་ཕྱག་འཚལ་བསྟོད།། མ་བྱིན་ལེན་པའི་ཚུལ་ལ་རབ་བསྲུངས ་བའི། བསོད་ནམས་ཚོགས་ཀྱི་ལོངས་སྤོད་ཕུན་གསུམ་ཚོགས།། གཏེར་གྱི་ལོངས་སྤྱོད་མ་འགྲིབ་རབ་སྟན་མིཉས།། སྦྱིན་པའི་གཏེར་འཆང་ཁྱོད་ལ་ཕྱག་འཚལ་བསྟོད། མི་ཚངས ་སྤྱོད་པའི་བཀའ་ཐུབ་རབ་བསྲུངས་པས།། མངལ་གྱི་གྲོང་ཁྱེར་མངལ་ལས་རྣམ་པར་འཕགས།། སྲིད་པའི་འདོད་ཆགས་རིང་དུ་སྤངས་པ་སྟེ།། དགེ་སྦྱོང་ཆེན་མོ་ཁྱོད་ལ་ཕྱག་འཚལ ་སྟོང།། ཉོན་མོངས་སྤུན་ཚིགས་སྤངས་པའི་རང་བཞིན་གྱིས།། བཀའ་བཙན་གསུང་གི་དངོས་གྲུབ་འཇིག་རྟེན་འདུལ་བའི་གཙོ།། གསུང་མཆོག་རྣམ་དག་མཉེས་པའི་རང ་བཞིན་སྟེ།། བདེན་པར་གསུང་བ་ཁྱོད་ལ་ཕྱག་འཚལོ།། ཕྲ་མའི་སྤངས་པས་མི་བྱེད་འཁོར་དང་ལྡན།། ཉིད་ལ་རྣམ་འདུལ་བའི་འཁོར་གྱིས་བསྐོར།། ལྷ་དང་མིའི་བདེན ་བས་འདུལ་མཛད་མ།། དཀར་མེའི་འཁོར་ཚོགས་ཁྱོད་ལ་ཕྱག་འཚལ་བསྟོད།། ངག་འཁྱལ་སྤངས་པའི་ཡོན་ཏན་སྦྱིན་པ་ཡིས།། ཏིང་འཛིན་རྩེ་ཅིག་མི་གཡོ་བར་ཆད་སྤངས།། ་དགོས་འབྲེལ་ཚུལ་གྱི་བསྟན་པ་སྐྱོང་མཛད་མ།། བྱིས་ལ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་སྟོང་།། ང་རྒྱལ་ཁྱེངས་སེམས་སྤངས་པའི་ཡོན་ཏན་གྱིས།། ཞི་བའི་ཚིག་འཇལ ་ལྷ་མོ་དབྱངས་ཅན་མ།། ཚིག་རྩུབ་གཤེ་བའི་གཉེན་པོ་མེད་པ་དེ།། ངག་རྩུབ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་སྟོད།། རང་སེམས་རྣབ་སེམས་སྤངས་པའི་ཁྱད་པར་ནི། ་འཛིན་པའི་རྣམས་རྟོགས་རྣམ་པར་སྤངས་པའི་བརྒྱ།། བདག་མེད་རྒྱངསུ་སེང་གེའི་རྣ་བརྒྱན།། བརྣབ་སེམས་སྤངས་པ་ཁྱོད་ལ་ཕྱག་འཚལ་བསྟོད།། གཟུང་བའི་ཡུལ ་ལ་གནོད་སེམས་རྣཾ་བ་སྤངས།། ཕྱི་རོལ་ཡུལ་འདི་གཉིས་མེད་ཆོས་སུ་གཟིགས།། གང་ལ་གནོད་སེམས་ཕྲག་དོག་སྤངས་པའི་རྒྱ།། སྦྲུལ་གྱི་རྣ་ཆ་ཅན་ལ་ཕྱག་འཚལ ་བསྟོད།། ལོག་པར་བལྟ་བའི་ཆོས་ཕྱོགས་རྣམས་སྤངས་ཏེ།། སངས་རྒྱས་ཆོས་སམ་འཁྲུངས་པའི་གཟུགས་བསྙེན་ཁྱོད།། བལྟ་བ་རྣམ་པར་དག་པའི་ངང་ཚུལ་ཅན། ་སྤྲུལ་པ་དོན་དམ་སྟོན་ལ་ཕྱག་འཚལ་བསྟོད།། འཇིག་རྟེན་འདི་ན་ལས་གཉིས་དག་མ་དག། མ་དག་མི་དགེ་བཅུ་ལས་ངན་སོང་གྲུབ།། དག་པའི་དགེ་བ་བཅུ་ལས་རྣམ་པར ་གྲུབ།། ལས་འདི་དགེ་བ་དང་པོར་རབ་སྤངས་པས།། གོང་ནས་གོང་མའི་ས་ལ་རབ་གནས་ཀྱང་།། དགེ་བ་བཅུའི་རྒྱ་ནི་དམན་པའི་ཞིང་འདིར་བསྟན།། གདུག་པའི་ཚུལ ་གྱིས་འགྲོ་བ་འདྲེན་མཛད་མ།། བསྟོད་པར་འོས་པ་ཁྱོད་ལ་ཕྱག་འཚལ་བསྟོད།། @དེ་ནས་དཔལ་ལྷ་མོ་ནག་མོ་ཆེན་མོ་ལ། གནོད་སྦྱིན་གྱི་རྒྱལ ་ལྷའི་རླུང་@#པོ་རྣམ་ཐོས་སྲས་ཀྱིས།། ལམ་རྣམ་པ་ལྔའི་ཚུལ་གྱིས་བསྟོད་པ།། དམ་པ་རྣམས་ཀྱི་བགྲོད་པའི་ཁྱད་པར་ནི།། ཚོགས་ཀྱིས་རབ་ཆེར་སྦྱངས་དོན་དམ། ་མཐོང་བ་ཡིན།། གཉེན་པོ་ཡེ་ཤེས་རིམས་པར་སྒོམ་པ་ཡིས།། མཐར་ཕྱིན་པ་ལ་གཤེགས་པའི་དོན་མཆོག་ལགས།། དྲི་བས་ལྷ་མོ་ཁྱེད་ཀྱི་མཚན་ཉིད་ནི།། འདི་ལྟར་རབ ་ལྡན་ཁྱོད་ཀྱི་ཁྱད་པར་ནི།། དང་པོའི་ཚོགས་ལ་ཡང་དག་རབ་རྩེགས་པས།། དང་པོ་ལས་ལ་སྦྱོར་བའི་ཏིང་འཛིན་བསྙེས།། རབ་ཏུ་དགའ་བའི་ས་ལ་དོན་དམ་ནི།། ་རྣམ་པར་མི་རྟོག་སྐྱེ་མེད་ཚུལ་གྱི་གནས།། དཔལ་ལྡན་བྱང་ཆུབ་སེམས་དཔའི་ཁྱད་པར་ནི།། རང་སེམས་ས་གཉིས་དག་པར་རབ་བསྟན་ནས།། དེ་བཞིན་ས་གསུམ ་དག་པའི་ཕ་རོལ་སོན།། རང་སེམས་བཞི་པའི་ས་ལ་ཆེར་སྒོམ་པས།། ལྔ་པའི་ས་ལ་བསྟན་ནམ་ཕ་རོལ་སོན།། རང་སེམས་དྲུག་པའི་ས་ལ་ཆེར་སྦྱངས་པ།། བདུན་པ་ལ་ནི ་ཐབས་ཀྱི་ཕ་རོལ་སོན།། རང་སེམས་བརྒྱད་པ་ཉིད་ལ་ཆེར་བསྒོམ་པས།། དཔལ་ལྡན་ལྷ་མོ་སྨོན་ལམ་ཉིད།། དགུ་པ་ལ་ཡང་སྟོབས་ཀྱིས་ཡོན་ཏན་བསྒྲུབ།། དེའི ་སྟོབས་ཀྱི་ཡེ་ཤེས་འབེན་པར་འགྱུར།། འདི་དག་རྣམ་པར་བརྗོད་པར་བྱས་ནས་ནི།། སངས་རྒྱས་ལ་སྨིན་པའི་སྔོན་ལམ་ཅན།། ས་བརྒྱད་ནོན་པས་བཞོན་ནུའི་ནུལ ་འཆང་མ།། འགྲོ་བ་འདུལ་ཕྱིར་དྲག་མེའི་སྐུར་སྟོན་ཅིང་།། གདུག་པ་འདུལ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་ཀྱང་ཁྱོད་ཀྱི་ལམ་ལྟར་མྱུར་འགྲུབ་ཤོག། ་དེ་ནས་མི་འམ་ཅིའི་རྒྱལ་པོ་ལྗོན་པ་རྟ་མགོ་ཅན་གྱི།། དཔལ་ལྷ་མོ་ནག་མེ་ཆེན་མོ་ལ་གཉིས་སུ་མེད་པའི་སྒོ་ནས་བསྟོད་པ།། དཔལ་ལྡན་ལྷ་མོ་གཉིས་སུ་མེད་པ་ཏེ།། དོན་དམ་ཟོས ་བྲལ་ཆོས་ཉིད་འདི་ལས་སྩལ། དོན་དམ་ཀུན་རྫོབ་གཉིས་སུ་མེད་པས་བདེན།། འཁོར་བ་མྱང་འདས་གཉིས་སུ་མེད་པས་ཟབ།། སེམས་ཅན་སངས་རྒྱས་གཉིས་སུ་མེད་པས ་འཕགས།། ལས་དང་རྣམ་སྨིན་གཉིས་སུ་མེད་པས་བསྟོད།། རྒྱུ་དང་འབྲས་བུ་གཉིས་སུ་མེད་པས་སྤྲིན།། ཡུལ་དང་ཡུལ་ཆེན་གཉིས་སུ་མེད་ཅིག་གིས་དང་།། སྤྲོས་དང ་སྤྲོས་མེད་དོན་དམ་གཉིས་ཀྱིས་བསྡུས།། བསོད་ནམས་ཡེ་ཤེས་གཉིས་མེད་ཚོགས་ཆེན་སྟེ།། མཐོ་དང་དམའ་བ་གཉིས་མེད་དག་པས་བསྟོད།། བདག་དང་གཞན་གྱི་ཆོས་ནི། ་ངང་ཚུལ་ཅིག། གཟུང་དང་འཛིན་པ་གཉིས་མེད་ཟབ་མོའི་མཐའ།། མཐོ་རིས་ངན་སོང་གཉིས་བྲལ་དག་པའི་ངང་།། བཟང་ངན་གཉིས་མེད་རང་བཞིན་གཅིག་གིས་བསྟོད།། ་སྐྱེ་མེད་རྫོགས་པ་གཉིས་མེད་ལྷུན་གྲུབ་མཆོག། སེམས་དང་ཕུང་པོ་གཉིས་མེད་སེམས་ཉིད་དེ།། སྨྲ་བ་དང་སྒྲུབ་བྱ་གཉིས་མེད་གྲུབ་པའི་ངང་། བདག་གཞན་གཉིས་མེད ་ཚུལ་མཆོག་གཅིག་གིས་བསྟོད།། ཡབ་དང་ཡུམ་མཁའ་གཉིས་མེད་བྱང་ཆུབ་སེམས།། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་དོན།། སྟོང་དང་མི་སྟོང་གཉིས ་མེད་ཞི་བའི་ངང་།། འགྱུར་དང་འགྱུར་མེད་རྩོལ་མེད་ཕྱག་འཚལ་བསྟོད།། སྒྲ་ཚིག་གཉིས་མེད་བརྗོད་པ་མེད་པའི་ངང་།། ལུས་ངག་གཉིས་མེད་སེམས་ཉིད་ཅིག་གི། ་མ་བྱེད། #ཚུལ་བརྩོལ་མེད་ཅོ་ལ་བྱ་གཉིས་མེད་དོན་གཅིག་པས།། རྣམ་པར་སྤྲོས་མེད་དོན་པ་དབྱངས་ཀྱི་བསྟོད།། མུ་ཏེགས་སངས་རྒྱས་གཉིས་མེད་ཚུལ ་ཅིག་པས།། དབྱངས་དང་ཡེ་ཤེས་གཉིས་མེད་དོན་རྒྱོ་སྟེ།། སྲེད་དང་རྣམ་གྲོལ་ཡང་དག་དོན་ཅིག་པ།། ཐམས་ཅད་གཉིས་མེད་སྐུ་ལ་ཕྱག་འཚལ་བསྟོད།། ཕྱི་དང་ནང་མེད ་གཉིས་མེད་གཅིག་གིས་དང་།། སེམས་ལྡན་སེམས་མེད་རྣམ་དག་ཞི་བའི་ཚུལ།། སྣང་དང་མི་སྣང་གཉིས་མེད་གཅིག་གིས་མཐོང་།། གཉིས་མེད་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད ་འདི་དག་རྣམས་ནི་དོན་དམ་ཟབ་མེའི་ཚུལ།། སྤྲོས་པ་མེད་པའི་དོན་དམ་འབྲེལ་པས་སྟེ།། འདི་རྣམས་ལྷ་མོ་ཁྱོད་ཀྱི་ཐུགས་ལ་གསལ།། འདི་ལྟར་བསྟོད་པས་བདག་ཀྱང་ཁྱོད ་བཞིན་ཤོག། དེའི་ཚེ་དེའི་དུས་ན།། དྲི་ཟའི་རྒྱལ་པོ་ཟུར་པུ་ལྔ་པས།། དཔལ་ལྷ་མོ་ལ་འཕྲིན་ལས་ཀྱི་སྒོ་ནས་བསྟོད་པ།། སེམས་ཉིད་འཕྲིན་ལས་རྣམ་བཞིའི་ཁྱད་པར་ནི།། ་སེམས་ཉིད་གུད་ན་མེད་ཅིང་སེམས་ཀྱང་མེད།། དོན་དམ་སྤྲོས་བྲལ་ཁ་དོག་གཟུངས་ཀྱང་མེད།། ཀུན་རྫོབ་སྒྱུ་མ་རྩམ་དུ་རང་གི་སེམས།། མཐུན་པར་བསྟན་པའི་ཞི་བ ་དཔལ་ལྷ་མོ།། ཞི་མཛད་ཞི་འགྱུར་ཞི་བའི་ངང་ཚུལ་ཅན།། ཞི་བའི་འཁོར་གྱིས་བསྐོར་བའི་གཙོ་མ་ནི།། རྟགས་ཀྱི་སྐུ་མདོག་དཀར་ཞིང་རབ་ཏུ་རངས།། ཀུན་དུ་ཞི ་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གིས་དགྲ་དང་ནད་རྣམས་ཞི་བར་མཛོད།། མཐུན་པར་རྒྱས་པར་བསྟན་པའི་དཔལ་ལྷ་མོ།། རྒྱས་མཛེས་རྒྱས་འགྱུར་རྒྱས ་པའི་ངང་ཚུལ་ཅན།། རྒྱས་པའི་འཁོར་གྱི་བསྐོར་བའི་བརྩོ་མོ་ནི།། རྟགས་ཀྱི་སྐུ་འདོག་སེར་མོ་ཤིན་དུ་མཛེས།། ཀུན་ཏུ་རྒྱས་མཛད་མ་ལ་ཕྱག་འཚལ་བསྟོད།། ་བདག་གིས་བསོད་ནམས་ཡེ་ཤེས་རྒྱས་པར་མཛོད།། མཐུན་པར་བསྟན་པའི་དབང་མོ་དཔལ་ལྷ་མོ།། དབང་མཛད་དབང་བསྒྱུར་དབང་གིས་དང་ཚུལ་ཅན།། དབང་བའི ་འཁོར་གྱི་བསྐོར་བའི་གཙོ་མེ་ནི།། རྟགས་ཀྱི་སྐུ་མདོག་དམར་པོ་ཤིན་ཏུ་བརྗིད།། ཀུན་ཏུ་དབང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གིས་ནང་དང་དགྲ་རྣམས ་དབང་དུ་མཛོད།། མཐུན་པར་བསྟན་པའི་དྲག་མོ་དཔལ་ལྷ་མོ།། དྲག་མཛད་དྲག་འགྱུར་དྲག་པའི་ངང་ཚུལ་ཅན།། དྲག་མོ་འཁོར་གྱི་བསྐོར་བའི་གཙེ་མེ་ནི།། ་རྟགས་ཀྱི་སྐུ་མདོག་ནག་མོ་ཤིན་དུ་བརྗིད།། ཀུན་ཏུ་དྲགས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གིས་ནད་དང་དགྲ་རྣམས་དྲག་པོས་བསོད། ཁྱོད་ཀྱི་རང ་བཞིན་ཅི་ཡང་མི་གྲུབ་ལ།། འདི་ལྟར་མཚན་ཉིད་ཅིར་ཡང་སྣང་བ་ལ།། འཕྲིན་ལས་རྣམ་བཞིས་འགྲོ་དོན་མཛད་པ་ལགས།། བདག་ཀྱང་ལས་བཞིར་རང་བཞིན ་ལྷུན་གྲུབ་ནས། ཁྱོད་ལྟར་གཞན་གྱི་དོན་ལ་རྩོན་པར་ཤོག།། དེ་ནས་དཔལ་ལྷ་མོ་ནག་མོ་ལ།། ཀླུའི་རྒྱལ་པོ་དགའ་བོས་སྐུའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ།། ། ་གསང་སྔགས་རྣལ་འབྱོར་གྲུབ་པའི་བདག་ཉིད་མ།། ཡོན་ཏན་རྟགས་ཀྱི་སྐུ་མདོག་ཕྱག་མཚན་ནི།། དོན་དུ་སྣང་བ་མེད་ཀྱང་གདུལ་བྱའི་ཕྱིར།། བརྟགས་ཀྱི ་ཡི#ཕྱག་རྒྱ་འདི་ལྟར་བསྟན་པའོ།། ཁམས་གསུམ་འདུལ་ཕྱིར་གདན་དུ་བོང་བུ་ཞོན།། མྱ་ངན་མི་འདའ་རྟགས་སུ་ལྕགས་སྒྲོག་མངའ། ་བདག་དོན་ལྷུར་གྲུབ་གླང་ཆེན་ཀོ་བས་བརྒྱན།། གཞན་དོན་ཕུན་སུམ་ཆོག་ཕྱིར་རེ་ལྡེས་བཀྲིས།། བྱང་ཆུབ་སེམས་ལྡན་སྤྱི་གཙུག་ཟླ་དུས་གསལ།། ཤེས་རབ་རྟོགས་ཕྱིར། ་ལྟེ་བ་ཉི་མས་བརྒྱན།། དུག་གསུམ་དངོས་པོ་བཅོད་པའི་རལ་གྲི་དང་།། བསོད་ནམས་གཏེར་གྱི་ཕྱག་མཚན་ནེའུ་ལཾ་རྣམས།། དབང་དྲག་རྫོགས་ཕྱིར་རལ་པ་ཁམས ་ནག་སྤུག། ཚར་མོངས་འཇོམ་མཛད་ནོ་དཔལ་མཆེ་བ་འཇིགས།། འཁོར་བསྔགས་ལ་བསྟར་ཕྱིར་སྐན་སྨྲ་བསྡེབས།། གདུག་པ་ཞི་ལ་མནར་ཕྱིར་སྡང་མིག་བཟང་། ཐམས། ་ཅད་དབང་དུ་སྡུད་ཕྱིར་སྤྱད་བརྩ་དམར།། སྙོམས་པའི་ཚོག་མྦི་འགྱུར་སྐུ་མདོག་གནག།། མ་མོ་འདུལ་ཕྱིར་དུ་ཁྲོད་རྒྱན་གྱི་རྒྱན། སྐུ་གསུང་ཐུག་ལྔར་རྟགས་ཀྱི་ཁ ་རྔབགས་པ། སྐུ་གསུང་རྫོགས་བྱེད་ཐོང་པའི་འཕྲེང་བས་རྒྱན།། དྲག་པོ་མྱུར་འགྱོགས་བསྟན་ཕྱིར་འཚུབ་པས་རྒྱད།། ཉོན་མོངས་བསྲེགས་ཕྱིར་མེ་དཔུང་ནང་། ་ན་བཞུགས།། འདི་ཁམས་ཀྱོང་ཕྱིར་ཡོངས་འདུ་ཤིང་ལ་བསྟན།། ལྷ་མ་ནི་འདུལ་ཕྱིར་བྷའི་བཀའ་ཟློག་མ།། དཔའ་བསྟར་ཕྱིར་ཏོག་གི་ཤམས་ཐབས་པ་རྣམས། ་བསྟན་པསྲུང་ཕྱིར་དྲག་པའི་ཆ་ལུག་རྫོགས།། ང་རྒྱལ་དབང་སྡུད་བདག་མེད་སྒྲ་བསྒྲོགས་ཕྱིར།། ཐབས་ཀྱི་བསྙེན་ཆ་གཡས་པ་སེང་གེས་རྒྱན།། ཞེ་སྡང་དབ ་འདུལ་དུག་ཆེར་འདུལ་བའི་ཕྱིར།། ཤེས་རབ་སྙན་ཆ་གཡོན་པ་སྦྲུལ་གྱི་རྒྱན།། འདུ་བྱེད་མི་རྟག་རྟག་སུ་དྲིལ་བུ་སྒྲོགས།། ཆགས་ཕྱིར་རྔབ་མཛད་རཀ་རྟའི་རྦ་ཀློངས་མཐུང་།། ་དམ་ཚིག་བསྲུང་ཕྱིར་ཞིང་ལྤགས་རྒྱན་དུ་མཛད།། ཐ་དད་ལས་རྣམས་འདུལ་ཕྱིར་རྨ་བྱའི་འཕྲུ།། ཉོན་མོངས་སྒྲིབ་པའི་ཚོགས་རྣམས་པར་སྤང་སཱ་ནས།། ཡེ་ཤེས་རིགས་པའི ་ཚོགས་རྣམས་ཤར་བའི་ཕྱིར།། རང་བཞིན་གནས་མཆོག་བྱང་ཤར་འཚམས་ན་བསྟེན།། དབུ་མའི་ས་ལ་གནས་ཕྱིར་དྲེའུ་ཞོན།། ཉོན་མོངས་གདུག་པ་འདུལ་ཕྱིར་མའི་ཚུལ།། ་མཁའ་འགྲོ་མ་མོ་ཁྱོད་ལ་ཕྱག་འཚལ་འདུད།། དེ་ནས་གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པས།། དཔལ་མ་མོ་ལ་སྐུ་གསུངས་ཐུགས་ཀྱི་སྒོ་ནས་བསྟོད་པ།། དོ། ་དམ་གཉིས་མེད་བྱང་ཆུབ་སེམས་ཡིན་པས།། སྲིད་གསུམ་འདུལ་ཕྱིར་རྟགས་ཀྱི་ཕྱག་རྒྱ་ནི།། རང་སེམས་རྣམ་དག་དྲག་པོའི་གཞལ་ཡས་ཁང་།། རག་རྟ་ཁྲག་གི་རྒྱ ་མཚོ་འཁྱིལ་པ་ལས། ཀེང་རུས་ཐོད་ཕྲེང་ཞིང་གི་རྒྱན་གྱི་རྒྱན།། སྐུ་མདོག་གནག་ལ་འབར་འཇིགས་ཁྲོ་མོ་རྒྱལ།། སྔོན་མོ་རལ་པ་འཛིངས་པའི་སྤྲུལ་པ་འགྱེད། ་སྐུའི་སྤྲུལ་པ་དཔལ་ལྡན་རེ་མ་འཛུ། གྲུ་གསུམ་འཐིང་ནག་ཞལ་གྱི་དབྱིངས་ནས་བཞེངས།། ཡོན་ཏན་རྒྱས་མཛད་སེར་མོ་ཁ་ལ་བཞད།། འཕྲིན་ལས་རྒྱས་འདེབས་ཐམས ་ཅད་ཉེ་བར་མཛོད།། གསུངས་ཀྱི་སྦྲུལ་དཔལ་ལྡན་རེ་མ་ཏི།། གྲུ་གསུམ་འཐིང་ནག་ཞལ་གྱི་དབྱངས་ནས་བཞེངས།། དམར་མོ་ཆེན་མོ་དམར་ཆེན་གཏུམ་མ་སྟེ། ་ལྔ་པོའི་རྒྱུན@#དབང་གི་འཕྲིན་ལས་ཐམས་ཅད་སྒྲུབ་པར་མཛོད།། ཐུགས་ཀྱི་སྤྲུལ་པ་དཔལ་ལྡན་རེ་མ་འཛུ། གྲུ་གསུམ་སྔོ་སྐྱོ་ཞལ་གྱི་དབྱིངས་ནས་བཞེངས། ་དཀར་མེ་ཆེན་མོ་ཞལ་གྱི་ཕོ་ཉ་སྟེ། ཞི་བའི་འཕྲིན་ལས་ཐམས་ཅད་གྲུབ་པར་མཛོད།། སྐུ་གསུངས་ཐུགས་ལྡན་རྒྱལ་བ་རྒྱ་མཚོ་མ།། དྲག་པོ་འཇོམས་མཛད་བདུད་དཔུང ་ཟིལ་གྱི་ནོན།། འགྲོ་དྲུག་སྒྲོལ་མཛད་སེམས་ཅན་ཀུན་གྱི་མ།། བསྟན་པ་རྒྱུས་མཛད་མ་ལ་ཕྱག་འཚལ་བསྟོད།། བདག་གི་ལུས་ངག་ཡིད་གསུམ་བྱིན་གྱིས་བརློབས།། དེ་ནས ་དཔལ་ལྷ་མོ་ལ།། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟང་རིས་ཀྱིས་དོན་དམ་པ་བདེན་པའི་སྒོ་ནས་བསྟོད་པ།། སྤྲོས་བྲལ་འོད་གསལ་ཡང་དག་ཞི་བའི་ངང་།། ཐུགས་ཀྱིས་ཐུགས ་མཆོག་རྣམ་དག་བདེན་པའི་ཡུལ།། གདོང་མ་གཉིས་མེད་ན་མཁའི་སྙིང་པོ་ནི།། དཔལ་ལྡན་ཁྱོད་ཀྱི་རང་བཞིན་ཁྱད་པར་གསལ། འདི་ལྟར་རྣམ་དག་བརྗོད་མེད་དེ་བོ ་ཉིད།། བྱིས་པ་རྣམས་ཀྱི་བསྟོད་པ་བྱེད་པ་ལྷུང་། བླུན་པོ་རྣམས་ཀྱི་དངོས་པོར་རབ་བརྟགས་ནས།། གཟུགས་ཅན་ཚུལ་དུ་གང་ཞིག་བསྟོད་པའི་ཚིག། རྒྱལ་བའི་དགོངས ་བཐུགས་དྲུང་ཁྱོད་ཉིད་ལ། ཚིག་དང་ཡི་གའི་སྒོ་ནས་བསྟོད་པ་རྣམས།། ནམ་ཀྱང་འགྲོ་བར་འགྱུར་བའི་ཆོས་ཉིད་མིག།། གདོང་ནས་གཉིས་མེད་པདེ་ཆེན་པ་རྟོགས ་པར། ཁྱོད་ཀྱི་སྨོན་ལམ་རྟགས་ཀྱི་ཆོ་འཕྲུལ་ལ།། དོན་དུ་བཟུངས་ནས་གང་ཞིག་བསྟོད་པ་རྣམས། ཁྱོད་ལ་བསྟེན་ནས་ཐམས་ཅད་ལྟུང་བར་འགྱུར།། གང་ཞིག་སྐྱེ་བ་མེད། ་པར་ཤེས་པ་དང་།། གདོང་ནས་གཉིས་མེད་སྙིང་པོ་སྒོམ་ནུས་ན།། གང་དག་དེ་ཉིད་ཁྱོད་ཉིད་བསྟོད་པ་ཡིན། ཁྱོད་ཀྱི་གཟུགས་དང་ཁ་དོག་འཛིན་པ་ཡིས།། བསྐལ་པ་གྲངས་མེད ་འདས་པར་རབ་ལྟས་ཀྱང་། ཁྱོད་ཀྱི་གཟུགས་དང་ཁ་དོག་མཐོང་མི་ནུས།། གང་ཞིག་གཟུགས་སུ་མི་འཛིན་རྣམས་ཀྱི་མཐོང་། སྒྲ་དང་ཚིག་ཏུ་བརྗོད་པ་ཐམས་ཅད་ཀྱིས། ཁྱོད ་ནི་བོས་ཀྱང་བསྐལ་པར་མི་ཐོས་སྟེ།། འདི་དག་སྤངས་པའི་རྣལ་འབྱོར་དེ་ལས་ནི། ཁྱོད་ཀྱང་ཐོས་པ་དེ་ཡང་ཁྱོད་ཀྱི་མཐོས།། གང་ཞིག་ལུས་དགེ་བའི་ཁྱོད་སྒྲུབ་ལ།། བླུན་པོ་དེ ་ཡིས་ནམ་ཀྱང་ཁྱོད་ཉིད་སྤངས།། ལུས་ངག་སྤངས་པའི་སེམས་ཀྱིས་ཁྱོད་མཆོད་ན།། མཆོད་ན་དངོས་གྲུབ་དེ་ཡིས་གཏེར་བར་འགྱུར། ཁྱོད་ནི་རྒྱལ་བ་མང་པོའི་ཡོན་ཏན ་བསྡུད།། ཆོས་ཀྱིས་དབྱིངས་ན་རྒྱལ་བ་རྣམས་དང་རོལ།། ཟབ་མོ་དབུ་མའི་རང་བཞིན་བསྟོན་པའི་ཕྱིར།། མི་འཇེད་འཇིག་རྟེན་ཤིན་ཏུ་གཙུབ་པ་འདི།། ཕྱི་རོལ་ཚུལ་གྱིས ་ཐམས་ཅད་འདྲེན་མཛད་མ། ཁྱོད་ཀྱི་སྐུ་ནི་འདི་ལྟར་རབ་བརྟག་པ།། སྒྲིབ་པ་མང་པོ་སྟོང་ཉིད་དང་དུ་གཤེགས།། སྟོང་ཉིད་དམ་པ་སྟོང་ཉིད་ཡང་དག་ཁྱོད།། སྟོང་པ་གཉིས ་མེད་ཤེས་པ་རྣམས་ཀྱི་བསྟོད།། འདི་ལྟར་བསྟོད་པས་བསྟོད་པར་འགྱུར་གྲང་བས། ཁྱོད་ནི་སྟོང་པའི་ལུས་ཅན་མ་ཡིན་ཡང་།། བྱིས་པ་དྲངས་ཕྱིར་དོན་ལ་འདི་ལྟར་བསྟོད། ་དེ་ནས་ན་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ཅན། དཔལ་ལྡན་ལྷ་མོ་ལ་བསྟོད་པ།། དཔལ་ལྡན་ལྷ་མོ་དཔག་པར་བཀའ་བའི་དོན།། ཐབས་ཀྱིས་ཆོ་འཕྲུལ་ན་མཁའི་མཐའ ་ལྷ་མིའི་རྒྱད་@#ལ་སྤྱོད། བྱང་ཆུབ་སེམས་དཔའི་སྤྲུལ་པ་ཁྱོད་ཉིད་ལ།། སྒོ་གསུམ་བསྔལ་བསྙེད་དབྱངས་ཀྱིས་ཕྱག་འཚལ་བསྟོད།། བདག་གིས་ཁྱོད་ནི་མཆོད་པས་མ་བསྒྲིབ ་ཀྱང་།། དཔལ་ལྡན་དངོས་གྲུབ་དམ་པ་ཐོབ་བྱའི་ཕྱིར།། འདོད་པའི་ཡོན་ཏན་མཁའ་ལ་རར་བབ་པས།། མཆོད་པའི་ཚོགས་འདིས་དབང་པོ་རྒྱས་གྱུར་ཅིག། དཔལ་ལྡན་ཁྱོད ་ནི་དགེ་བསྡིག་བདག་མོས་སྟེ།། བདག་གི་ལུས་ངག་ཡིད་ཀྱི་སྡིག་པའི་ཚོགས། ཁྱོད་ཀྱི་ཐད་དུ་འགྱོད་པས་རབ་གཤེགས་ན།། ཐུགས་རྗེའི་ཤུགས་ཀྱིས་སྒྲིབ་པ་བྱང་བར་མཛོད།། ་ཁྱོད་ཀྱི་ཁྱད་པར་ཡོངས་སུ་འཕགས་པ་ནི།། འགྲོ་བའི་དོན་མཛད་བདག་དོན་ཕུན་སུམ་ཚོགས།། དགའ་མདུན་ཕྲ་དོག་མེད་པའི་སྤྲོས་པ་ནི།། རྗེས་སུ་ཡིད་རང་ཁྱོད་ཀྱི་རྒྱུད་ལ ་འབུལ། འདི་ལྟར་ཡོན་ཏན་ལྡན་པའི་སྐུ་མཆོག་ནི།། ནག་མོ་གཟང་མོ་འཇིགས་པའི་ཐུ་སྟོབས་ཀྱིས།། ཕྱོགས་བཅུ་དུས་སུམ་ཀུན་དུ་འགྲོ་དོན་ལ། སྒྱུ་འཕྲུལ་དྲ་བའི་ཚུལ ་གྱིས་བསྐུལ་བར་སྤོབས།། ཡང་དག་ཁྱོད་ཀྱིས་ཡོན་ཏན་སྐུ་མཆོག་ནི།། གདུག་པ་འདུལ་ཞིང་བསྟན་པ་བསྲུང་བའི་ཕྱིར།། སེམས་ཅན་ཟད་པར་མ་གྱུར་བར་དུ་ནི།། མྱ་ངན ་མི་འདའ་བཞུགས་པར་གསོལ་བ་འདེབས།། འདི་ལྟར་ཕྱག་འཚལ་མཆོད་ནས་གཤེགས་པ་དང་།། རྗེས་སུ་ཡིད་རང་བསྐུལ་ནས་གསོལ་གདབ་ནས།། དགེ་བ་འདི་ཡི ་ངན་སོང་སྟོང་གྱུར་ནས།། ཐམས་ཅད་ཚོགས་རྫོགས་བྱང་ཆུབ་ཆེན་པོར་བསྔོ།། ། དཔལ་ལྷ་མོ་ནག་མོ་ལ།། ན་མཁའི་ལྷ་ཕྲན་རྣམས་ཀྱི་བསྟོད་པ།། བསྐལ་པ་མེ་ལྟར ་འབར་བའི་ཀློང་དཀྱིལ་ནས།། རླུང་ནག་དགུ་ཀློངས་འཁྱིལ་པའི་ཕོ་བྲང་ནས།། མ་ཅིག་འདོད་པ་ཁམས་ཀྱི་དབང་ཕྱུག་མ།། བདུད་ཀྱི་ཡུམ་ལ་གཤིན་རྗེའི་ལྷབ་ཅིག་མ།། ་དཔལ་ལྡན་ལྷ་མོ་ནག་མོ་རི་མ་ཏི།། ནག་མོ་ཟོ་བྱེད་རྔམས་པའི་མིཆེ་བ་ཅན།། མཐིང་ནག་གཅེར་བུ་ཁྲག་གིས་རལ་པ་ཅན། ཁྱོད་ཀྱིས་སྐུ་མདོག་ནག་མོར་བཞུགས་པ་ནི། དོན་དམ ་དབྱིངས་ལས་སྐྱོད་པ་མེད་པའི་རྟགས།། དབུས་སྐྲ་གཡས་ནས་གཡོན་ཏུ་ཁྱིལ་བ་ནི།། ཡུམ་གྱི་ཁམས་ལ་སྤྲུལ་པ་འགྱེད་པའི་རྟགས།། དབུ་གཙུག་རལ་པ་ཅག་ཏུ་ཁྱིལ་བ་ནི།། ་དོན་དམ་དགོངས་སྤྱོད་ཅིག་ཏུ་མཛད་པའི་རྟགས།། རལ་པའི་བསེབ་ནས་མེ་ལྡག་འཕྲོ་བ་ནི།། ཐུགས་ཀྱི་སྤྲུལ་པ་ཕྱོགས་བཅུར་འགྱེད་པའི་རྟགས།། དབུ་ལ་ཐོད་རློན་ཕྲེང ་བ་བཅིངས་པ་ནི།། ཐུགས་རྗེའི་སྦྲུལ་སྐུས་འགྲོ་དོན་མཛད་པའི་རྟགས།། གཡས་ན་སྙན་ཆ་སེང་གེ་འཚོང་བ་ནི།། སྨན་མོ་ཐམས་ཅད་ཟིལ་གྱི་མནོན་པའི་རྟགས།། གཡོན་ན ་སྦྲུལ་མགོའི་གདེང་ཁའ་ཕྱར་བ་ནི།། ཞེ་སྡང་མ་སྤངས་དབྱིངས་སུ་དག་པའི་རྟགས།། སྙན་ཆ་གསེར་གྱི་དྲིལ་བུ་འཁྲོལ་བ་ནི།། སངས་རྒྱས་ཀུན་ལ་བསྙེན་བསྐུར་བྱེད་པའི ་རྟགས།། སྤྱན་རྩ་དམར་ལ་སྡང་མིག་བགྲང་བ་ནི།། སྲིད་གསུམ་རྣལ་འབྱོར་དམ་ཚིག་བྱར་བྱེད་པའི་རྟགས།། ཞལ་གྱི་དྲག་པོ་ཧོམ་ཁུང་གདངས་པ་ནི།། བསྟན་པ་བཤིགས་པའི ་རུང་སྒྲོལ་བའི་རྟགས།། བརྣོ་གདུག་མཆེ་བ་ཟུར་གསུམ་རྩིག་པ་ནི།། སྒྲལ་བའི་ཞིང་བཅུའི་ཤ་ལ་རོལ་བའི་རྟགས།། སྐུལ་ཞིང་དཔའ་གཡང་གཞི་གསོལ་བ་ནི།། ཡང ་ལྷ་བའི་རྒྱུད་#། དག་ཆོས་ཉིད་དོན་དང་ལྡན་པའི་རྟགས།། གླང་ཆེན་ཀེ་རློན་རྣམ་ཕྱེ་བཀྲིས་པ་ནི།། ཟེགས་པ་མཆོག་གིས་དོན་དང་ལྡན་པའི་རྟགས། རེ་ལྟེ་ནག་པོས་རྣམ།། ་བྱེད་བཀྲིས་པ་ནི།། འཇིག་རྟེན་འདི་ན་ཆེ་བཙན་ལྔའི་པའི་རྟགས།། ལྟེ་བ་ཁུངས་ནས་ཉི་ཟླ་ཤར་བ་ནི།། སྡུག་བསྔལ་རྒྱ་མཚོ་གཏིང་ནས་སྐེམས་པའི་རྟགས།། སྤྱི་བའི ་གཙུག་ནས་ཟླ་བ་མཆར་བ་ནི།། དུག་གསུམ་རིག་མུན་པ་སེལ་བའི་རྟགས།། ཞབས་ལ་དབང་གི་ལྕག་སྒྲོགས་འཁྲིལ་བ་ནི།། ཐབས་དང་ཤེས་རབ་བཟུང་དུ་འབྲེལ ་བའི་རྟགས།། ཕྱག་གཡས་ཤངས་ལང་ནག་པོ་བ་རྣམས་པ་ནི།། སྡུག་བསྔལ་སྐྱེད་ཤང་རྩད་ནས་བཅོད་པའི་བསྙགས།། ཕྱག་གཡོན་ཐོད་རློན་དམར་ཆེན་མཐུང་བ་ནི།། འཁོར ་བའི་སྡུག་བསྔལ་ཁྲག་ལྟར་མཐུང་བའི་རྟགས།། བོང་བུ་ག་པ་ཕྱིན་ལོག་ཞོན་པ་ནི།། ལོག་པར་ལྟ་བའི་སེམས་ཅན་སྒྲོལ་བའི་རྟགས།། སྲིན་པོའི་ཨོཾ་ག་མས་སྔ་རུ་བྱས་པ་ནི།། ་སྲིན་པོ་ལང་ཀ་སྤུ་རི་འདུལ་བའི་རྟགས།། སྦྲུལ་ནག་ཆུན་པོས་གོང་སྦེང་བྱས་པ་ནི།། ཞེ་སྡང་དབང་གིས་བགེགས་རིགས་འཇོམས་པའི་རྟགས།། རུས་སྦལ་ནག་པོའི་སྒྲོག ་བུ་བཏབ་པ་ནི།། ཀླུ་བདུད་ནག་པོ་ངམ་ལ་རྟགས་པའི་རྟགས།། སྔ་པ་གཡས་པ་བདུད་ཀྱི་ཁྲམ་པ་མ་ནི།། དམ་ཚིག་ཉམས་པ་ཁྲམ་ལ་འདེབས་པའི་རྟགས།། བྱེ་ཤར་ནང ་ཀྱི་རྐྱལ་བ་བཏབས་པ་ནི།། བསྟན་པ་འདི་ལ་གནོད་པའི་དགྲ་བོ་ལ།། ནད་རྣམས་འབེབས་ཞིང་དལ་ཁ་མྱུར་བའི་རྟགས།། དོན་དམ་བཅུད་ཀྱི་རྟགས་སུ་ཞག་གིས་ཟེ་རིས ་དང་། ཐུགས་རྗེ་ཆགས་པའི་རྟགས་ར་ཀ་རྟའི་ཐིག་ལེས་བརྒྱན།། འདུལ་བྱེད་འཕྲིན་ལས་རྟགས་སུ་ཐལ་བའི་མཚན་མས་བཏབ།། མ་མོ་འབུམ་ཕྲག་བྲན་དུ་ཁོལ་བ་ནི། ་ཁམས་གསུམ་ཁྱབ་པར་འཕྲིན་ལས་འཛད་པའི་རྟགས།། མ་ཅིག་ཁ་ནས་མེ་འབར་རྒྱ་མཚོ་སྐེམས།། ལག་ན་རྡོ་འཕྱར་རི་རབ་ཚེགས་པོར་འཕེན།། བདག་གི་བཙོན་པར་ལྷ་མོ་ཁྱོད ་ལ་བསྟོད།། །། དེ་ནས་ཡང་གཤིན་རྗེ་ནགས་པོས།། དཔལ་ལྷ་མོ་ལ་ཆེ་བའི་ཡོན་ཏན་གྱི་སྒོ་ནས་བསྟོད་པ།། ལྷ་མོ་དཔལ་ལྡན་མཁའ་འགྲོ་ནག་མོ་ཁྱོད་ལ་ནི།། རྒྱུན་ཏུ་ཏིལ ་མར་གྱིས་བྱུག་ལན་བུ་ཅིག་པ་སྟེ།། རེ་ཉེ་སླ་ཆས་བསྒྱིངས་ཤིང་ཆ་ལུགས་མང་པོ་འཆང་བྱེད་མ།། རྒྱན་དུ་རྐང་སྒྲོག་ལྕགས་ལ་བྱས་པ་ཅིག་གིས་རྐང་ལ་མཛེས་པར་བརྒྱན་པ་སྟེ། ་མཚན་མོ་པོ་བུ་ཞོན་ནས་འགྲོ་བ་དེ་ནི་ནག་མོ་ཁྱོད་ཡིན་པར་ཤེས།། རལ་པས་བདག་ཉིད་མཛེས་པར་རྒྱན་ཏེ་ཁྱོད་ཀྱི་སྤྱོད་པ་མཚོ་ཆེན་དོན་དག་སུ་ཡིས་ཤེས།། འཁོར་བ་འཇིག་པའི ་པའི་ཚེ་ན་མི་རུས་དག་ལ་ཁྲག་དང་ཞག་མཛག་དུ་བ་ཐུལ་བ་ན།། ནག་པོ་མཆེ་བ་མི་ཟད་ཁྱོད་ཀྱི་ཞལ་དུ་འགྲོ་བ་ཀུན་སྒེག་ཙམ་དུ་ཞུགས་པར་འགྱུར།། ལྷ་མོ་ལག་ན་མི་ཐོད་ཐོགས ་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་རྣལ་འབྱོར་ཅན་དེ་ནི་དུ་ཁྲོད་དགེས། ཁྱོད་ནི་གཡོག་བཅས་མྱ་ངན་མེད་ཅིང་འཆི་བའི་འཇིགས་པ་མེད་པར་དྲིལ་བུའི་སྒྲ་ཡང་སྒྲོགས། ཁྱོད ་ནི་དཔའོ་དག་གིས་གཡུལ་དུ་མཚོན་གྱི་གསད་པ་ཡིས།། མགོ་ཕྲེང་ལག་ན་ཐོགས་ཅིང་གར་ཐབས་བསྐོར་ཞིང་ལག་པ་སྐྱང་སྐུམ་ཆེ།། འཕོངས་ཚོགས་ཆེ་ལ་ཀླུ་དབང་གཤིག ་ལྷ་བའི་རྒྱ། @#པའི་སྐེ་རག་བཅིངས་ལག་ན་མདུང་དང་བ་ངན་ཐོགས། ཁྲག་ནི་རང་གི་ར་རེ་བྱོས་ཏེ་མག་རྩ་དམར་པོར་བྱས་པ་སྟེ།། མཚན་ལ་དུར་ཁྲོད་རྒྱུབ་འབྱུང་། ་བོ་འཕེལ་ཆེར་ཀུན་གྱི་མཐོང་།། རྐང་པའི་གོས་ནི་ཀོ་རློན་ཆན་པས་དྲ་བ་རྣམས་ཀྱི་བཀྲིས་ཕྱེད་ནི་རེ་ལྡེས་བཀྲིས།། མེའི་མར་སར་སྦུབས་ཀྱི་ཞལ་གྱི་ཟླ་བརྒྱན་ཅིང་ཁྲག་དང་ཞག ་གིས་ཆོམ་བུས་ཐེག་ལེས་རྒྱན།། མིའི་ཤ་ལ་སོར་སོར་ཆེམ་ཆེམ་ཟ་ཡིན་མི་རོ་དག་གིས་དཔྱོད་པ་ན་མགོ་ལ་བསྟན་པ་སྟེ།། བདག་ལ་སྐྱོབས་པའི་དྲག་མེ་མི་ཤ་ཐོགས་པ་ཁྱོད་ནི ་སྔ་ནས་མ་མཐོང་ན།། བདུད་དང་སྲིན་མོ་མ་མོ་རྣམས་ཀྱང་སྤངས་ཏེ་དམིགས་རྩ་ཐིག་རིག་སྔགས་ཞིང་ཁྱོད་ལ་འདུད།། ལྷ་མོ་བཟང་མོ་ལུས་དོག་གནག་ཅིང་བཟོད་པར་བཀའ་བ། ་ཁྱོད་ལ་བརྒྱ་བྱིན་ལ་སོགས་པས།། བསྟོད་པ་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་འདར་ཞིང་རྒྱུ་ཏུ་འདུད།། ལྷ་རྣམས་དང་ནི་འགྲོ་བ་མ་ལུས་འཇུག་སྡུག་བསྔལ་གནས་ནས་རྣ ་བ་ཡ་ཅིག་ལ།། བྲང་གིས་འགྲོ་བསྔལ་མགོ་གདེངས་ཀ་སྟོང་དང་ལྡན་ཞིང་ཅིག་གིས་ཁྱབ་ནས་རྒྱན་དུ་བྱས།། ཡ་ཅིག་ནི་སིང་གེ་མཚུངས་མེད་ཐོགས་ཤིང་རྒྱ་མཚོ་བསྐོར་ཞིང་ས་བནི། ་མནོན།། སྟེང་གི་ཕྱོགས་ནས་རྒྱུ་བའི་ཉི་མ་ཟླ་བ་ལྷ་མོ་ཁྱོད་ཀྱི་སྐྱེད་པ་ནས་ཆར་ཞིང་སྲིད་གསུམ་ཟིལ་གྱི་ནོན།། རྒྱ་མཚོ་ཀློང་ནས་མེ་འབར་ཆུ་རྣམས་སྐེམས་པར་བྱེད་པར་ནུས་པའི ་བུད་མེད་ཐམས་ཅད་ཞི་མཛད་མ།། ལྷ་ཆེན་སྐུ་དང་འཚམས་པར་བཞུགས་པའི་བཀའ་ཟློག་ནག་མོ་མི་ནང་ཕྱུག་ནད་ཀུན་ལ་འཇིགས་པ་མེད་མ་ཁྱོད་ཉིད་ལ།། བདག་ནི་གུས་པར། ་ཕྱག་འཚལ་བསྟོད་ཅིང་མཆོད་པར་བགྱི།། །། དེ་ནས་དཔལ་ལྷ་མོ་ནག་མོ་ལ་བྲམ་ཟེ་མཆོག་སྲིད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས་བསྟོད་པ།། །། མ་ཅིག་ལྷ་མོ་དཔལ་ལྷམ ་རྡོ་རྗེ་ལྷ་མོ་ནག་མེ་ཚེ།། མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད།། བདག་གིས་བཙུན་པར་ཁྱོད་བསྟོད་ཀྱིས།། བཀྲ་ཤིས་མཆོག་གྲུབ་སེམས་གཏེར་ནས།། ཡིད་མྱུར་གཟུགས ་ཆེན་ཀུན་དུ་དྲགས།། མ་མོར་གྲགས་ཤིང་འཇིག་རྟེན་སྐྱོང་།། དཔའ་བསྔལ་དྲུག་སྤྱོད་བརྩོན་འགྲུས་ཆེ།། འཐབ་མོ་གཡུལ་ལས་རྣམས་པར་རྒྱལ།། གཤིན་རྗེའི་སྲིན་མོ་ཡིན ་པར་བསྟོད།། གོས་སུ་དར་གོས་སྔོན་པོ་གྱོན།། སྡུག་དང་མི་སྡུག་ཆ་ལུག་འཚང་།། སྤྱན་མག་འཐོད་ན་ཀུན་ཏུ་སྔགས།། དད་ཅིང་ཕྱོགས་པའི་མི་རྣམས་སྡུད།། རེས་འགའ ་རི་རབ་ཟབ་མོར་གནས།། རེས་འགའ་ཚལ་དང་ཤིང་ལ་གནས།། རེས་འགའ་དུ་ཁྲོད་དབུས་ན་གནས།། ལྷ་མོའི་གན་སུ་བསྟན་ལ་འཆའ།། གལ་ཏེ་རི་དང་ཚལ་ཀུན་ཏུ།། ་རྟག་ཏུ་ལྷ་མོ་ཁྱོད་བསྟོད་ན།། དེའི་དགོངས་པ་སྐོང་བར་མཛོད།། བདག་གིས་རྟག་ཏུ་བསྟོད་བྱས་ན།། བདག་གིས་བསམ་པ་འགྲུབ་པར་མཛོད།། རྨ་བྱའི་སྒྲོ་ལ་རྒྱལ ་མཚན་བྱས།། རྟག་ཏུ་འཇིག་རྟེན་བསྲུང་བར་བྱེད།། གནས་ལུག་ཕྱུགས་རྣམས་འཕེལ་བར་བྱེད།། སེང་གེ་སྟག་དང་སྤྱང་ཀི་ཡིས།། རྟག་ཏུ་ཀུན་ནས་བསྐོར་ནས་ཀྱང་། ་རྡོ་རྗེ་དྲིལ་ཆེན་རྣམས་པར་སྒྲོགས།། བྱིན་དེ་དྲིལ་སྒྲས་ཀུན་ཏུ་སྒྲོགས།། ལན་འགའ་ལག་ན་དྲི་ཤུལ་ཐོགས།། རེས་འགའ་ཉི་ཟླའི་རུ་མཚོན་འཕྱར།། མར་གྱི་ཚེ་དགུ་བཅུ་ཅིག ་བའི་རྒྱུ#དེའི་དུས་སུ་མཆོད་བྱས་ན།། ལྷ་མོ་ཁྱོད་ལས་ལྷག་པ་མེད།། བདུད་འདུལ་ལྷ་ཆེན་སྲིན་མོར་བསྟོན།། དགྲ་དང་ཐབས་ཚེ་རྒྱལ་བར་བྱེད།། བུད་མེད་ནང ་ན་མཆོག་ཡིན་སྟེ།། ཚིག་དབང་འཇིག་རྟེན་མགོན་པོ་འདྲ།། རྒྱལ་པའི་ཁབ་ན་པདྨ་འདྲ།། ཞལ་བཟངས་ཟླ་བ་ཉ་བ་འདྲ།། ཆུ་ལ་རྒལ་ན་གྲུ་ཟམ་འདྲ།། འཕོངས་པ ་རྣམས་ཀྱི་གཉེན་གཤེས་འདྲ།། ལྷ་དང་ལྷ་མིན་གཡུལ་འགྱེད་ཚེ།། ལྷ་མོ་ཁྱོད་ཀྱི་ལྟེ་བ་ལ།། ལྷ་རྣམས་ཀུན་གྱི་རྫོངས་བཅས་ནས།། ལྷ་དམག་དཀར་པོ་རྒྱལ་བར་མཛད ་ལྷ་མ་ཡིན་རྣམས་ཕམ་པར་བྱེད།། ལག་ན་མདུང་དམར་ཆེམ་སེ་ཆེམས།། རུ་མཚོན་པ་ངན་མེ་ལྟར་འབར།། དགྲ་འདུལ་གཡུལ་བཟློག་ཁྱོད་ལ་བསྟོད།། ལྷ་མོ་མཐུ་ཆེན ་ཁྱོད་ལ་བསྟོད།། དེ་ནས་དྲང་སྲོང་ཆེན་པོ་ཀེའུ་འདི་རྒྱས་དཔལ་ལྷ་མོ་ལ་དཔའ་བྱེད་ཀྱི་སྒོ་ནས་བསྟོད་པ།། འཇིག་རྟེན་གཙོ་ལ་རྟག་ཏུ་གུས་ཕྱག་འཚལ།། མ་རྣམས་ནང་ན་ཁྱོད ་ནི་རྟག་ཏུ་མཆོག་ཡིན་ཏེ།། འཇིག་རྟེན་གསུམ་པོ་ཐམས་ཅད་ཁྱོད་ལ་བསྟོད།། བྱད་བཞིན་སྡུག་མཛེས་ཀུན་གྱི་བལྟ་བར་མོས།། ཡོན་ཏན་རྣམ་པ་སྣ་ཚོགས་ལུས་རབ ་རྒྱན།། མག་སྤངས་པདྨ་སྔོན་པོའི་འདབ་མ་འངདྲ།། བསོད་ནམས་ཡང་ཤེས་སྣང་བ་དྲགས་པས་རྒྱན།། དཔེར་ན་རིན་ཐང་མེད་པའི་ནོར་བུ་འདྲ།། དང་བདག་པདྨོ་ཁྱོད་ལ ་སྔགས་པས་ཀྱང་།། སེམས་ལ་བསམ་པ་ཐམས་ཅད་འགྲུབ་པར་འགྱུར།། ཡང་དག་ཡེ་ཤེས་གྱ་ནོམས་བཀྲ་ཤིས་པ།། པདྨ་ལྟ་བུར་ཤིན་དུ་རྣམ་པར་དག།། ལུས ་མདོག་རབ་མཛེས་ཀུན་གྱི་བལྟ་བར་མོས།། མཚན་མ་ཡོན་ཏན་རྣམ་པ་སྣ་ཚོགས་རྒྱན།། དྲི་མེད་ཡེ་ཤེས་འོད་ཟེར་རབ་མཛེས་པ།། དྲན་པ་རྣམས་ཀྱི་ནང་ན་མཆོག་ཏུ་འགྱུར། ་ཇི་ལྟར་སེང་གེ་གཅན་ཟན་མཆོག་གྱུར་པ།། སྡུག་སྟོང་ཚིག་ནི་འདི་ལས་བྱུང་བ་ཡིས།། བསམ་པའི་དངོས་པོ་ཐམས་ཅད་གྲུབ་པར་ཤོག། ཅེས་བསྟོད་དེ།། དེ་ནས ་དཔལ་ཕྱག་ན་རྡོ་རྗེས་འདུས་པ་རྣམས་ལ་བཀའ་སྩལ་པ། ཁྱོད་ཀྱི་དཔལ་ལྷ་མོ་ལ་བསྟོད་པ་ལེག་སོ།། ང་ཡང་བསྟོད་པ་འདི་དག་གི་དོན་སྒོམ་ཤིག། ཡིད་ལ་རྟག ་ཏུ་བཟློས་ཤིག།། ལྷ་མོ་འདི་ལ་བསྟོད་པ་ནི་ང་ལ་བསྟོད་པ་ཡིན་ནོ།། སངས་རྒྱས་ཐམས་ཅད་ལ་སྟོང་པ་ཡིན་ནོ།། ལྷ་མོ་དེ་ཀྱང་མི་འདི་བསྲུང་བར་བྱའོ།། སྐྱོབས ་པར་བྱེད་དེ།། ཅི་འདོད་པའི་དངོས་གྲུབ་ཏེར་རོ།། ཞེས་བཀའ་སྩལ་བ་དང་། འཁོར་དེ་རྣམས་རབ་ཏུ་དགའ་ནས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ། རྒྱན ་གྱི་ཆར་ཆེན་པོ་ཕབས་ནས།། སོ་སོའི་གནས་སུ་ཁོད་དོ།། བསྟོད་པ་རྒྱལ་པོའི་རྒྱུད་རྫོགས་སྷོ།། དགེའོ།། སརྦ་མད་གྷ་ལཾ། ་