| Wylie | e-texts produced with BDRC’s OCR application |
@##། རྒྱ་གར་སྐད་དུ། ཤྲི་མ་ཧཱ་ཀ་ལ་ཏན་ཏྲ་ན་མ། བོད་སྐད་དུ།། དཔལ་ནག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ།། དབང་གི་རྟ་མཆོག་ལ་ཕྱག་འཚལ། ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ཤར་ལྷའི་དུར་ཁྲོད་ཧ་ཧ་དྲག་ཏུ་རྒོད་པའི་གནས་ན།། ཤིང་ཙན་དན་གྱི་ནགས་ཚལ་དུ། དགའ་བའི་མིང་འདི ་ཞེས་བྱ་བ།། མི་མ་ཡིན་ཕོ་མོ་འདུ་བའི་ཕོ་བྲང་དུ།། དཔལ་ནག་པོ་ཆེན་པོ་ཞེས་བྱ་བ།། བྱིན་ཡ་ག་ལས་སོགས་པ་འཁོར་གདུག་པ་ཅན་རྣམས་ཀྱི་དབུས་ན།། སྐྱེ ་འགྲོ་སེམས་ཅན་རྣམས་ཀྱི་སྲོག་དབུགས་ལ་དབང་བྱེད་པའི།། དཔལ་ནག་པོ་ཆེན་པོ་ཞེས་བྱ་བ་ཡོད།། དེའི་ཚེ་དེའི་དུས་ན། ནུབ་ཕྱོགས་ཀྱི་འཇིག་རྟེན་གྱི ་ཁམས་ན་མཐར་བྱེད་རྟའི་རྒྱལ་པོ་ཞེས་བྱ་བ།། རྒྱལ་པོ་ཆེན་པོ་བཞི་ལས་སོགས་པའི་འཁོར་གྱི་བསྐོར་ནས།། དྲག་པོ་འདུལ་བའི་ཏིང་ངེ་འཛིན་ལ་སྙོམས ་པར་བཞུགས་པ་ལྕགས་ཀྱུའི་ཕྱག་རྒྱ་བཅས་ནས།། ཨོཾ་བཛྲ་ཀྲོ་ཏ་ཧ་ཡང་གྲཱི་བ་ཧཱུཾ། ཧུ་ལུ་ཧུ་ལུ་ཧཱུཾ་བཾ་ཞེས་བརྗོད་པས།། དུར་ཁྲོད་ཧ་ཧ་དྲག་ཏུ་རྒོད་པའི ་གནས་ནས།། ནག་པོ་ཆེན་པོ་རང་དབང་མེད་པར།། མཐར་བྱེད་རྟའི་རྒྱལ་པོའི་མངོན་དུ་བྱུང་སྟེ།། ལས་ཅི་བྱ་ཟེར་ཞིང་། རང་གི་སྔགས་སྲོག་སྙིང་པོ་འདི་ཕུལ་ལོ།། ་ཟད་#། ཨོཾ་མ་ཧཱ་ཀ་ལ་ཀྵི་ཀྵེ་ཊ་བིགནན་བིན་ཡཀ་ཧཱུ~ཾ་ཧཱུཾ་ཕཊ་ཅེས་ཕུལ་ལོ།། དཔལ་ནག་པོའི་རྒྱུད་ལས་གླེང་གཞིའི་ལེའུ་སྟེ་དང་པའོ།། ། དེ་ནས་རྒྱལ་པོ་བག།། ་མི་བཟང་གིས།། མཐར་བྱེད་རྟའི་རྒྱལ་པོ་ལ་འདི་སྐད་ཅེས་གསོལ་ཏོ།། ཨེ་མ་པདྨ་འཁྲོས་པའི་བདག། ནག་པོ་འཁྲོས་པ་དྲག་ཤུལ་ཅན།། གསང་བའི་སྒྲུབ་པ་བཤད་དུ ་གསོལ།། མགོན་པོ་སྒྲུབ་པར་བྱེད་པ་གང་།། གསད་ཅིང་ལུས་སྲོག་དབྱེ་བ་གང་།། མ་གྲུབ་ཤིས་སྙན་པ་གང་།། གྲུབ་པའི་རྟགས་དང་སེར་བ་རྣམས།། རྟ་མཆོག་ཆེན་པོས་བཤད ་དུ་གསོལ།། ཞེས་ཞེས་པ་ལས།། དེ་ནས་པདྨ་འཁྲོས་པ་ཡིས།། ནག་པོའི་སྒྲུབ་ཐབས་ཆེད་དུ་བརྗོད།། དམ་ཚིག་ལྡན་པའི་སྔགས་པ་ཡིས།། སངས་རྒྱས་བསྟན་པ་བསྲུང་སླད ་གཟའ་སྐར་ཚེས་གྲངས་ཤིས་པ་ལ།། དུར་ཁྲོད་ལས་སོགས་ཤིང་གཅིག་ཏུ།། བསོད་ནམ་ཚོགས་ནི་བསག་བྱས་ལ།། ནག་པོ་ཆེན་པོ་སྒྲུབ་པར་བྱ།། ཕུང་ས་འམ་ས་ནག་ལ་ནི།། ་སྟེགས་བུ་གྲུ་བཞི་བྱས་ནས་ནི།། དྲི་སྲོས་མི་ཁྲག་ཆག་ཆག་གདབ།། དབུས་སུ་གྲུ་གསུབ་ཟླ་གམ་ལྡན།། ཕྱི་རིམས་པདྨ་འདབ་བརྒྱད་བྲི།། དེ་དབུས་ཐོད་ཆེན་ནང་དུ་ནི།། ཤས? ་སྙིང་སྣས་རྒྱན་པ་ཡི།། གཏོར་མ་བཤོས་བུ་ཁྲུ་གང་ཚང་།། དེ་ལ་མངའ་གཟུགས་དམར་ནག་དར།། གྲི་སྙིང་ཙ་ཀ་ལི་ཡང་བདགས།། དེ་ཉིད་མགོན་པོའི་བརྟེན་བཞུག ་དྷརྨ་རིའི་ལྤགས་པའི་ནང་།། མགོན་པོའི་དྲག་སྔགས་བྲི་བར་བྱ།། ལྟོ་བའི་ནང་དུ་བླ་རྡོ་དྲིལ།། སྤོས་དང་རྒྱུན་གཏོར་བཏང་བར་བྱ།། དཀོན་མཆོག་སྤྱིལ་སཱུན་དབུལ།། ་དེ་ནས་པདྨར་བདག་སྒོམ་ལ།། ཐུགས་ཁའི་ཧྲི་ལས་འོད་འཕྲོས་པས།། བླ་མ་སངས་རྒྱས་ལས་སོགས་པ།། རང་གི་མདུན་དུ་བསམ་བྱས་ལ།། པཱུ་ཙརྣ་བ་ལྔ་དབུལ་བར་བྱ།། ་རྣམ་དག་བདུན་གྱི་འོག་ཏུ་ནི།། ཚད་མེད་བཞི་པོ་སྒོམ་པར་བྱ།། དེར་རྗེས་པ་མ་དང་རམ་ལས་ནི།། པད་སྟེང་ཡི་གེ་ཧཱུཾ་ལས་སུ།། ནག་པོ་ཞལ་གཅིག་ཕྱག་དྲུག་པ།། གྲི་གུག་བགྲང་ཕྲེང ་ཌ་མ་དུ།། ཐོད་བ་བདུད་དང་ཞགས་པ་བསྣམས།། གཡས་གཡོན་རིམ་པར་བསྡམ་པའོ།། སྦྲུལ་དང་རན་ནའི་རྒྱན་གྱིས་བརྒྱན།། སྐུ་སྤད་པ་ཏི་ཁྲ་བོ་ལ།། སྟག་ལྤབས་ཀྱི་ནི ་ཤམ་ཐབས་ཅན།། གཏུམ་པོ་སྤྱན་གསུམ་མཆེ་བ་བརྩིགས།། སྦལ་བར་དྲིའི་ཐི་གེས་བརྒྱན།། སྤྱི་གཙུག་མི་སྐྱོད་སྤྲུལ་སྐུས་བརྒྱན།། དེ་ལྟར་བདག་མདུན་གསལ་སྒོམ་ནས།། ་སྤྱན་དྲངས་མཆོད་དང་བཟླས་པ་བྱ།། གཏོར་མ་པུ་ཙ་ལས་སོགས་པ།། ནག་པོ་ཆེ་ལ་སྦྱིན་པར་བྱ།། མགོན་པའི་ཐུགས་ཁིའི་ཧཱུཾ་ལས་ནི།། སྲོག་གི་ཡི་གེ་གཡས་ནས་བསྐོར།། ་འཁོར་ཡུག་དག་ནི་བཟླས་པ་བྱ། ཨོཾ་བཛྲ་མ་ཧཱ་ཀ་ལ། ཀྵོ་ཀྵེ་ཊ་བྷ་ག་ནན།། བི་ན་ཡ་ཏྲ་ཧཱུཾ་ཧཱུཾ་ཕཊ།། དེ་སྐད་ཅེས་ནི་རབ་བརྗོད་པས།། ནག་པོ་སྒྲུབ་པས་རྟགས་རྣམས་འབྱུང་།། ་དཔལ་ནག་པོ་ཆེན་པོའི་རྒྱུད་ལས།། བསྙེན་ཅིང་སྒྲུབ་པའི་ལས་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། སངས་རྒྱས་བསྟན་པ་བཤིག་པ་དང་།། རྣལ་འབྱོར ་བར་ཆད་བྱེད་པ་རྣམས།། ནག་པོ་ཆེན་པོས་སྒྲོལ་འདོད་པ།། སྟེགས་བུ་གྲུ་བཞི་བྱས་ནས་ཀྱང་།། དྲག་པོ་ཨེའི་ནང་དུ་ནི།། ཕོ་མོ་རབ་ཆད་ཐོད་པའི་ནང་།། གཟུགས་ནི་སྤྲ་ཚིལ ་མགོན@#དག་ལ་བྱ།། མིང་རུས་དག་ནི་བཀོད་ནས་ཀྱང་།། གསད་དང་བནན་པ་སྐབས་དང་སྦྱར།། མགོན་པོ་སྐུ་དང་དམ་རྫས་རྣམས།། ཁ་དང་མཁའ་ལ་བགོད་པར་བྱ ་པ་ག་ཐོད་ནང་དུ་ཐུན་རྫས་བླུག།། བཏའ་གཏོར་རྒྱུན་གཏོར་གཡས་དང་གཡོན།། གསང་སྔགས་འདི་ཡིས་གསང་བར་བྱ། ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵཾ་ཀླེ་ཊ་བི་ག་ནན་བྷི་ན་ཡ་ཀ་ན་ཡ་ཀ ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལ་ཡ་ཤ་ས་ན། ཨ་བ་ཧ་རི་རེ་ན། ཨ་པས་ཤྲི་མ་ཧཱ་ཀ་ལོ་ཨཱི་ཏྱ་དང་།། རད་ན་ཏྲ་ཡ་ཡ་ཨ་པ་ཀ་རི་ནཾ།། ཡ་ཏིག་པྲ་ཏིག་ཛ་སཱ་ར་སི་དན་དུ་ཨི་དན་དུ་སྟ་ཁ་ཁ་ཁ ་ཧཱི་ཁ་ཧཱི། མ་ར་ཡ་མ་ར་ཡ། གྷྲི་ན་གྷི་ན། བྷན་དྷ་བྷན་དྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དེ་ན་མེ་ཀི་ན་དགྲ་བོ་མ་ར་ཡ་ཧཱུཾ་ཕཊ། བྷི་ན་ཡ་ཀ་བྱི་ལ་པྲ་ཏྲ། བྱི་ཧྲིཾ་ཧཱུ་ཛ་པི་ན་བུ་བྱི་ན་ཡ ་ཀ། ཨ་མུ་ཀ་ནི་སྲོག་ཧུར་བྲུཾ་ཛ་མ་ར་ཡ་རྦད། དྲག་དུ་བཟླས་ཤིང་ཐུན་གྱིས་བྲབ། ཞག་བདུན་བར་དུ་སྨྲ་བ་མི་བྱ།། དེ་ལ་རྟགས་རྣམས་རྫོགས་པར་འགྱུར།། དཔལ་ནག་པོ་ཆེན་པོའི ་རྒྱུད་ལས།། ལུས་སྲོག་དབྱེ་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཡང་དག་བཤད་པར་བྱ།། ལས་མཐའ་སྦྱིན་བསྲེག་དག་གིས་གདུལ།། གྲུག་སུམ་དབུས་སུ་གདུག་པའི ་ཤིང་།། དབུས་སུ་ནག་པོ་འཁོར་བཅས་བསྐྱེད།། ལིང་ཀ་གཏོར་མ་དམ་རྫས་རྣམས།། ནག་པའི་ཞལ་དུ་དབུལ་བར་བྱ།། སྔགས་འདི་བཟླས་པས་བསྲེག་པར་བྱ།། ཨག་ནེ་ཛ་ལ ་རཾ་ལས་སོགས།། ཐལ་བ་རླུངས་དཔར་དག་ལ་བསྐུར།། ཨ་མུ་ཀ་ནི་མྱུར་དུ་རླག། དཔལ་ནག་པོ་ཆེན་པོའི་རྒྱུད་ལས། ལས་མཐལ་བརྟུལ་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས ་ཡང་དག་བཤད་བྱ་བ།། དེ་ལྟར་སྒྲུབ་ཀྱང་མ་སྒྲུབ་ན།། གཅིག་ཀྱང་གསུམ་ལ་ནན་ཏན་བསྐྱེད་དེ་ལྟར་སྦུབས་ཀྱང་མ་འགྲུབ་ན།། ས་གསུམ་ཁྲག་གསུམ་དུག་གསུབ་ལ། ཁྲུ་གང་བའི ་གཟུགས་བྱས་ལ།། གྲུ་གསུམ་དབུས་སུ་དག་པའི་གཟུགས།། སྤྱི་བཟར་དག་ཏུ་ལྡིང་དུ་བཞག། བྲིས་སྐུ་དམ་རྫས་བླ་རྡོ་རྣམས།། རང་གི་གྲཝ་གསུམ་མལ་གྱི་འོག། དུག་དང་འཚེར ་མས་སྟེང་ནས་དགབ།། ཐུན་རྫས་ཟབ་ཅིང་སྔགས་འདི་བཟླས།། ཨོཾ་བཛྲ་ཀྲོ་ཏ་ཧ་ཡང་གྷ་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ་ཕཊ་ཧཱུཾ་ཧཱུཾ་ཀ་ཡན་བྷི་ནན།། གྷི་ག་ཏྲ་ཀྵོ་ཀྵཾ་ཀ་ཧ་མ་བཛྲ་ཨོཾ།། དེ་ལྟར ་བརྗོད་ཅིང་ཐུན་གྱི་བྲབ།། དེ་ལ་རྟགས་རྣམས་རྫོགས་པ་དང་།། དེ་ནས་བསོ་བའི་ཆོ་ག་བྱ།། བྲིས་སྐུ་བླ་རྡོ་དམ་རྫས་རྣམས།། སྤོས་ནུས་དཀྲུ་ཞིང་སྔགས་འདི་བཟླས།། ་ཨོཾ་བཛྲ་མ་ཧཱ་ཀ་ལ་ཀྵིཾ་ཀྵེ་ཊ་བིག་ནན་བྷི་ར་ཡ་ཀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སོསོ་སོས་སྭཱ་ཧཱ།། དེ་ལྟར་བྱས་ལ་གནས་སུ་མགོན་པའི་གཟུགས་བྱས་ལ་སྤོས་ནུས་དཀྲུ།། གྲུ་གསུམ་དབུས་སུ ་བླང་བྱས་ལ།། དགྲ་བོའི་མིང་རུས་སྙིང་ཁར་བཞག། ཞག་བདུན་བསྒྲུབསྤ་དགྲ་ལ་སྐྱལ།། ཨ་མུ་ཀ་ནི་མྱུར་དུ་རླག། ནག་པོ་ཆེན་པོའི་རྒྱུད་ལས།། མ་གྲུབ་ན་སྲོག་དང་། ་བསོ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་དག་བཤད་པར་བྱ།། བྱ་ནག་འཕུར་ཞིང་ལྡིང་བ་དང་།། མོན་པ་ཨ་ཙ་ར་དང་ནི།། བན་དྷེ་དགེ་བཤེས་སློ་དཔོན་དང་།། ་འོད་དང་སྒྲ་དང་ཁང་པ་ཚིག། མགོན་པའི་སྐུ་དང་དངོས་སུ་མཐོང་།། དགྲ་ལ་དཔག་གྲངས་སེམས་ཅན་གསང་།། མི་ནག་བདག་ལ་སྟོང་སྟོབ་དང་།། མཛེ་ཕོ་དང་ནི་སྤང ་མསོར་རྒྱུད། #པོ་དང་།། བྱན་ག་ཐང་ལ་ལྷུང་བ་འབྱུང་།། དཔལ་ལྡན་ནག་པོ་ཆེན་པོའི་རྒྱུད་ལས།། ལས་ལ་རྟགས་ཀྱི་རིམ་པ་སྟེ་ལེའུ་སྟེ་དྲུག་པའོ།། ་དེ་ནས་ཡང་དག་བཤད་པར་བྱ།། སེར་བ་དབབ་པའི་ལས་བྱ་ནི།། མོན་དག་མཛེ་ཅན་ཐོད་པ་རུ།། ཙག་ཀྲྀ་རྩིབས་བཞི་བྲིས་ནས་སུ།། རིགས་ལྔ་ཀླུའི་ས་བོན་བགོད།། རྩིབ ་ཆན་སེར་བསྲུང་མིང་རུས་དང་།། ཡུལ་དུ་ཕོབ་ཅེས་བྱ་བ་བྲི།། དེ་མཐར་འཁོར་ལོ་རྩིབས་དགུ་ལ།། དྲེགས་པའི་སྔགས་དག་བྲི་བར་བྱ།། རྒྱབ་དུ་གང་ཡིན་ཡུལ་པང་དང་། ་རླུང་གི་སྙིང་པོ་བྲི་བར་བྱ།། བདག་ཉིད་པདྨ་འཁྲོས་པར་སྒོམ།། གསང་སྔགས་འདི་ཡིས་གནད་ལ་བོར། ཨོཾ་བཛྲ་མ་ཧཱ་ཀ་ལི་ཀྵཾ་ཏྲ་བྷི་ག་ནན་བྷི་ན་ཡ་ཧཱུཾ་ཧཱུཾ་ཕཊ། ན་ག་སྙིང་གཟེར་བུ། ་དཱུར་བྲུཾ་ཛ་ཕྲོམ་ཤར་རིལ་བྷྱོ།། དེ་སྐད་ཅེས་ནི་རབ་བརྗོད་ལ།། ཉུང་ནག་དང་ནི་སྐྱེ་ཚེ་དང་། ཁྲག་དང་དུག་གིས་ཐོད་པ་བྲབ།། ལོ་འབྲས་རླུང་ཁྱེར་རྟགས་བྱུང་ན། དགྲའི་ཡུལ་དུ ་དབབ་པར་བྱ།། གལ་ཏེ་འཇིག་རྟེན་ཕུང་བར་རོ།། དཔལ་ནག་པོ་ཆེན་པོའི་རྒྱུད་ལས།། གསེར་བ་དབབ་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་དག་ངེས་གསུངས ་ཁ།། ཨེ་མ་འཁོར་འདུས་ངོ་མཚར་ཅན།། མ་འོངས་དམ་ཅན་སྒྲུབ་བྱེད་ན།། དམ་ཚིག་ལ་གནས་སྡོམ་པ་བཟུང་།། གཏོར་མ་དག་ལ་བརྩོན་པར་བྱ།། དམ་རྫས་བླ་རྡོ་ལུས་ལ་འགྲེལ ་ཞེས་གསུགས་པས་རྒྱལ་པོ་མག་མི་བཟང་ལ་སོགས་པ་ཡིད་རངས་སྟེ། ནག་པོ་ཆེན་པོས་བསྟན་པ་བསྲུང་བར་ཁས་བླངས་ནས་མི་སྣང་བགྱུར་ཏོ།། ། དཔལ་ནག ་པོའི་རྒྱུད་ལས། དམ་ཚིག་བསྟན་སྟེ། ལེའུ་བརྒྱད་པའོ།། རྫོགས་སོ།། @ ་