CLOSE WINDOW

F759: 'phags pa spu gri glad zer nag po dngos grub 'byung ba'i bka' rgyud zhes bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཨརྱ་དྷརྨེ་རོ་སཱ་ན་སི་ཏི་མ་ཧ་ཏ་ན་ཏྲ་ན་མ། བོད་སྐད་དུ།། འཕགས་པ་སྤུ་གྲི་གླད་ཟེར ་ནག་པོ།། དངོས་གྲུབ་འབྱུང་བའི་བཀའ་རྒྱུད་ཞེས་བྱ་བ། དཔལ་རྡོ་རྗེ་སྲིན་པོ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས ་ཅིག་ན། བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་སྲིན་པོ་ཞེས་བྱ་བ། དེའི་སྐུ་དང་གསུང་དང་ཐུགས་ཀྱི་འོད་ཟེར་སྣ་ཚོགས་སྟོན་པ་ལས། འཇིག ་རྟེན་གྱི་ཁམས་ཐམས་ཅད་ནས། འཁྲུགས་རབ་ཏུ་ཁྲུགས་ནས། དྲེགས་པ་ཅན་ཐམས་ཅད་བརྒྱལ་ནས་ཆོས་ཉིད་ཀྱི་དོན་ལ་དགོངས་པའི་ཐུགས་རྗེས། དབང ་དུ་སྡུས་ནས། དྲེགས་པ་ཅན་གྱི་གཤིན་རྗེ་དང་། ཆགས་པ་ཅན་གྱི་མ་མོ་དང་། གདུག་རྩུབ་ཅན་གྱི་སྲིན་པོ་དང་། ཕྲ་དོག་ཅན་གྱི་ཀླུ་གཉིན་དང་། གཏི་མུག ་ཅན་གྱིས་བདག་དང་། གདུག་པ་ཅན་བདུད་དང་། ང་རྒྱལ་ཅན་གྱི་རྒྱལ་པོ་དང་། ཕྲ་དོག་ཅན་གྱི་ཀླུ་བཙན་དང་། དེ་ལས་གཞན་གྱི་འཁོར་བྱེ་བ་འབུམ ་ཕྲག་དང་། ཆགས་པ་ཅན་ཐམས་ཅད་དང་ཐབས་ཅིག་ཏུ་བཞུགས་སྷོ། དེའི་དཔལ་ཆེན་པོ་རྡོ་རྗེ་སྲིན་པས། སངས་རྒྱས་ཀྱི་བསྟན་པ་བསྲུང་བར་སྨོན ་འ་གྱུར། #ལམ་བཏབ་པའོ།། དང་པོ་གང་ནས་བྱུང་ཞིང་བསྟན་པ་ཇི་ལྟར་བསྲུང་བ་དང་། བར་དུ་བསྟན་པ་གང་དུ་བབས་ནས། བསྟན་པ་ཇི་ལྟར་བསྲུང་བ། ་དང་ཐ་མ་བསྟན་པ་གང་གིས་བསྲུང་བར་སྨོན་ལམ་བཏབ་པའོ།། དང་པོ་སངས་རྒྱས་ཀྱི་བསྟན་པ་གང་གི་བསྲུངས་ན། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས། ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་བསྒྲུབས། ལོག་འདྲེན་གྱི་སྤྱོད་པ་དར་དུ་བཅུག་ནས་ཡོད་པ་ལ། འགྲོ་བ་རིགས་དྲུག་མུན་པའི་ནང་ན་གནས་པ་ལ། བྱང་ཆུབ་ཀྱི་མྱུ་གུ ་སྐྱེ་མི་སྲིད་པས། བཅོམ་ལྡན་འདས་ཀྱི་དྲེག་པ་ཅན་རྣམས་ཐུལ་བར་མ་གྱུར་ནས། དཔལ་ཆེན་པོ་སྲིན་པོར་སྐུ་སྤྲུལ་ནས། ནམ་མཁའ་ལ་རྡོ་རྗེ་ཁྲོ་བོར་སྐུ་སྤྲུལ་ནས། ནམ ་མཁའ་འབྲུག་གིས་གང་། བར་སྣང་གློག་གི་གང་། ས་བཞི་མེ་དཔུང་དང་ཁྲོ་ཆུང་གི་སེར་བས་བཀང་ནས། གདུག་པ་ཅན་ཐམས་ཅད་ནི་རྒྱལ་ཞིང་མྱོས་པར་འགྱུར་ནས། དཔལ། ་ཆེན་པོ་དབུགས་ཕྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སྷོ།། །། དེ་ནས་དྲེགས་པ་ཅན་རྣམས་བརྒྱལ་བ་སངས་རྒྱས་པ་ལས། དྲེགས་པའི་གཙོ་བོ་དེ་རྣམས་ཀུན་ན་རེ ་བཅོམ་ལྡན་འདས་ཀྱི་བཀའ་སྩོལ་ཅིག། ཇི་ལྟར་གསུངས་པའི་བཀའ་བཞིན་བྱེད་དེ་ཟེར་ནས། བྱང་ཆུབ་ཀྱི་སེམས་ལ་བཀོད་དོ།། འཕགས་པ་སྤུ་གྲི་གླད་གཟེར་ནག་པོ ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། ། གླིང་བཞིའི་ལེའུ་སྟེ་དང་པའོ།། ང་རྒྱལ་ཅན་གྱི་རྒྱལ་པོ་དང་། ཐ་ག་ཅན་གྱི་ཀླུ་བ་ཅན་དང་། དེ་ལས་གཞན་གྱི་འཁོར་བྱེད། ་འབུམ་ཕྲག་དང་། ཆགས་པ་ཅན་ཐམས་ཅད་དང་ཐབས་ཅིག་ཏུ་གཞུག་སོ།། དེའི་ཚེ་དཔལ་ཆེན་པོ་རྡོ་རྗེ་སྲིན་པོས་སངས་རྒྱས་ཀྱི་བསྟན་པ་བསྲུང་བར་དགོངས་ནས། དང་པོ་གང ་ནས་བྱུང་ཞིང་བསྟན་པ་ཇི་ལྟར་བསྲུང་བ་དང་། བར་དུ་བསྟན་པ་གང་དུ་བབས་ནས། བསྟན་པ་ཇི་ལྟར་བསྲུང་བ་དང་། ཐ་མ་བསྟན་པ་གང་གི་བསྲུང་བར་སྨོན་ལམ་བཏབ་པའོ།། ་དང་པོ་སངས་རྒྱས་ཀྱི་བསྟན་པ་གང་གི་བསྲུངས་ན། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གི།། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་བསྣབས། ལོག་འདྲེན་གྱི ་སྤྱོད་པ་དར་དུ་བཅུག་ནས་ཡོད་པ་ལ། འགྲོ་བ་རིགས་དྲུག་མུན་པའི་ནང་ན་གནས་པ་ལ། བྱང་ཆུབ་ཀྱི་མྱུ་གུ་སྐྱེ་མི་སྲིད་པས། བཅོམ་ལྡན་འདས་ཀྱི་དྲེག་པ་ཅན་རྣམས ་ཐུལ་བར་མ་གྱུར་ནས། དཔལ་ཆེན་པོ་སྲིན་པོར་སྐུ་སྤྲུལ་ནས། ན་མཁའ་ལ་རྡོ་རྗེ་ཁྲོ་བོར་སྐུ་སྤྲུལ་ནས། ན་མཁའ་འབྲུག་གི་གང་། བར་སྣང་གློག་གི་གང་། ས་གཞི་མེ ་དཔུང་དང་ཁྲོ་རླུང་གི་སེར་བས་བཀང་ནས། གདུག་པ་ཅན་ནི་རྒྱལ་ཞིང་མྱོས་པར་འགྱུར་ནས། དཔལ་ཆེན་པོ་དབུགས་ཕྱུང་བའི་ཏིང་འཛིན་ལ་སྙོམ་པར་བཞུག་སྷོ།། ་དེ་ནས་དྲེགས་པ་ཅན་རྣམས་བརྒྱལ་བ་སངས་པ་ལས། དྲེགས་པའི་གཙོ་བོ་དེ་རྣམས་ཀུན་ན་རེ་བཅོམ་ལྡན་འདས་ཀྱི་བཀའ་སྩོལ་ཅིག། ཇི་ལྟར་གསུངས་པའི་བཀའ་བཞིན ་བྱེད་དོ་ཟེར་ནས། བྱང་ཆུབ་ཀྱི་སེམས་ལ་བཀོད། འཕགས་པ་སྤུ་གྲི་གླང་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གླིང་བཞིའི་ལེའུ་སྟེ་དང་པོའོ།། །། དེ་ནས་འདུས ་མགོན@#པའི་འཁོར་དེ་རྣམས་ཀྱི་མགྲིན་ཅིག་ཏུ་འདུས་ཏེ། དཔའ་འོ་ཆེན་ལྷའི་གཙོ། བར་དུ་བསྟན་པ་གང་གི་བསྲུང་། ཞེས་པས། དཔའ་བོ་ཆེན་པོས ་བསྟན་པ། འཇིག་རྟེན་པའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་པས། དེའི་ངང་ནས་ནུའི་ཆུ་བུར་གྱི་ཚུལ་དུ་འགྱུར་ཏེ། ལེགས་ལྡན་ནག་པོ་ཆེན་པོའི་སྐུར་གྱུར་ནས། དུས་ངན ་སྙན་པ་བྱུང་བའི་ཚེ། སངས་རྒྱས་བསྟན་པ་ཉམས་པར་འགྱུར། མ་ཧཱ་ཀ་ལ་ནག་པོ་ཆེ།། འདིའི་བསྟན་པ་བསྲུང་བར་བྱེད།། ལྷ་ཆེན་དཔལ་འབར་འཁྲོས་པ་ཡིས། ཐུགས ་མགོན་ནག་པོ་ཆེན་པོ་ནི། ཞལ་གཅིག་པ་ལ་ཕྱག་བཞི་པ། གཡས་ཀྱི་དང་པེ་བྷེ་ཏ་ཡིས། འབྲས་བུ་དམར་པོ་མངོན་པར་མཛད། གཉིས་པ་རལ་གྲི་འཛིན་པའོ།། གཡོན་གྱི ་དང་པོ་རག་ཏ་ཡིས། རབ་ཏུ་བཀང་བའི་ཐོད་པ་འཛིན་པ། གཉིས་པ་ཊཾ་འཛིན་པའོ།། སྟག་གི་ལྤགས་པ་སྨད་དཀྲིས་ཤིང་།། དབུ་སྐྲ་སྨིན་མ་ཨག་ཆོམ་སེར།། སྤྱན་གསུམ ་མཆེ་རྩིགས་འཇིགས་པར་བྱེད།། ཐོད་པ་རིན་ཆེན་སྦྲུལ་གྱི་རྒྱན།། སྣ་ཚོགས་པདྨ་ཉིན་སྟེང་སུ།། དཔའ་བོའི་འདུག་སྟེངས་ཀྱི་གནས་པའོ།། ང་ཡིས་སངས་རྒྱས་སྟོན་པ ་སྲུངས། དཀོན་མཆོག་དབུ་ཕངས་སྤྱོད་པར་བྱེད་ཞེས་གསུངས་ཏེ། ཞལ་ནས་འོད་ཟེར་འདི་སྟོན་ནོ།། ཨོཾ་མ་ཧཱ་ཀ་ལ་ཧཱུཾ་ཕཊ། ཞེས་བརྗོད་པས། ས་བྱིན་གྱི་རླབས་ཏེ། ་འཇིག་རྟེན་གྱི་ཁམས་གུལ་གུལ་ཤིང་ཤིང་བྱེད་དོ།། འོད་ཟེར་དེའི་སྣ་ལ་རིག་པའི་རྒྱུན་སྔགས་ཐོན་པར་གྱུར་ཏོ།། དཔལ་ཆེན་པོ་རྡོ་རྗེ་སྲིན་པོ་ཉིད་ལ། ཉིད་ཀྱི་ཆེ་བས། དཔལ ་ནག་པོ་ཆེན་པོ་ལ་འདི་སྐད་དུ་སྟོད་དོ།། ཨོཾ་སི་ཧ་བ་ཧ་ཧ་ཧཱུ་ཀ་རན། དྲེད་ཀྱི་ལི་ཀི་ལི་ཧཱུཾ་ཧ་རི་ལི་རི། ཧཱུཾ་ཧ་བྱ་ཏ་མ་བྲི་དྷུ་ནྟུ། ཀ་རེར་མིན་པ་ཨ་སུ་ར་བྷི་སི་ཏ་མུ་ཁེ་རན་ཏྲ། མ་མ་ཀུལ་མ། ་ཀེ་ཁ་ཊཾ་ཁ་ཤ་ཀུ་དེ་བ་ནི། ནན་ཀ་ར་ཀ་ར་བྷ་རཿཀ་མ་རུ་ལི་ལི་རུ་སི་སུ་གཾ་ཡཀྵི་སཾ། གཾ་ཀེས་ཤ་བ་ག་མ་ན་ཏ་རེ། ཀླེ་ཌི་སོ་ལ་ཨ་པ་ཏུ་ར་ཐཱ། པ་པ~ཾ་པཽ་ཏ་ཀྵ་ར་རཱ་མ། པྲ་ཏི་ཛ་ནི་ཏ ་བྲི་ཥད་རྣམ་གར་བྷ་ཙམ། བྷག་ཀྲེ་རྨ་ལ་མ་བྷི་དྷ་ལ་པྲ་ཀ་ར། བྷ་ཡ་བྷ་ཡུར་བྷུ་ཥ་ཧཾ་གོ་ས་ར་མ་བྷ། སི་ཏ་ར་ག་ཏ་པྲ་ཧོ་གྷ་ཥ་ཀ་པ་ཀུ་ལཾ་བྲི་ཏི་མ་རི། བྷརྣ་ར་བྷ་ཀྵ། ཀྲི་ཧ་ན་ཀྲི་བི་ནི་ཏེ་ར ་ཤ་ག་ཧ་ན་བྷུ་པི་ཀཱ། ཏྲ་ན་ཡ་རུ་ཡུ་ཤཱ་ན། ཀཱུ་ཀྵཱ་ཀཱཾ་ཀྵན་ཏི་མུ་རི་ཏ། ཀ་ལ་ཀ་ཧི་ཀྵཾ་ཀྵི་མིན་ཧྲི་ད་ཧ། པ་ཙ་པ་ཙ་ཧ་ཧ་ནི་ཛ་ཧི་མན་དྲེ། ས་མ་ཏ་གྷི་གྷི་ནན་ཀྲོ་ཏ་ས་ར་ཡ་མ་ནེ། ས་མན་ཏ ་ཐ་ནོ་ཨ་ཏཾ་ཀ་ན་ཀ་ན་ཀྵེ་ཊ་པ་ལ། ཧ་ཧ་ཏ་ན་ཧ། ཡེ་ར་ཏི་ཥ་ས་ཡ་པྲ་ཏ་སྭ་བྷ་ཏ་ཡ། ས་ཤུ་ནཾ་པ་ཐ་ནི་སི་ཐ་ནི་སི་གྷ་ན་ཧ་ན་དྷ་པྲ་ཏི་དྷི་ས་ས་མ་ལ་པྲ་ས་ཏི། ཨ་པ་བྷི་ཏ་རཥྚ་ཧཱུཾ་ཧཱུཾ་ཕཊ། ་ཏྲི་ཏྲ་ན་དེ་ནི་དྷི་དྷ་བྷུ་པ་ན་ཀ་ཀ་ཏ་རཾ། པུ་ར་ཡ་ན་སུ་སྤང་ཤོ་ག་ཏི་པཱ་ལ་ཏྲེ་ཥེ་ཏྲ་པ་ལ། ཀ་སི་ལ་ཧི་ར་ཏ་ཨ་ཥ་ཤྲུ་ཀེ། ཥོ་ཨུ་པ་ཏ་ར། ཁཾ་ཁཾ་ཁཾ། ག་ཀ་ས་རི་ནི་ལ་ལ་ལ་ལེ་དེ་ལི་མ ་མ་ཏི་ར་ཀ་ཏ་སན་ཏ། ར་ར་ར་ཀ་པ་ཏ་ཏྲེ། རུ་རུ་རུ་དྷི་ར་ཀ་རེ་ཤར་རྩི་ཙ་བྷེ་གང་། ཀླུ་ཀྲཱ་ཀྲུཾ་ཀུ་ར་ཏཥྚ་ཀུ་རུ་ཀུ་ཧི་ཀུ&་ཏེ་ཥེ་འཇུག། གག་འ་མ་མར་རོ།། མེ་རུ་ཀ་ས་ཧི་ཧོ་རཀྵེ་ཧ ་ཀྵེ་ཏྲ་སཱ་ལ། ཀྲྀ་ཀྲྀ་ཀྲྀ་ཌ་ཀ་ཏི་ཡས། ཏྲི་ཏི་རི་སུ་མི་ཡཱ། ཀྵེ་ཥ་ཌ་ཀ་ཥེ་ཌི་ནི་ཀོ་ཀ~ཾ་ཀི་ས་ལ་མ་ལི། ཀ་ལི་ཀ་ཏ་ལི་ཏ་ཀ་ལ་བྷ་ར། ཀ་ལན་དྷ་ཀན་དྷ་བ་ཀ་ཝ། ཙ་ཙ་ཙ་ཅེན་པེ་ཀ་ཀ ་མ། @པྲཙ་ཏེ། ཏ་ཀར་བྷུ་ལོ་ཀ་ལོ་ཀ། ས་ས~ཾ་ས~ཾ་བྷ་ཏ་མ་ཏ་ས་མ་ས་ཡས་ཏོ་དྷ་ར། ས་ཏ་རུ་ཨུས་ལན། ཡ~ཾ་ཡ~ཾ་ཡ~ཾ་ཡ་ཏི་ཙ་ཤ~ཾ་བ་མ་མི། གཏིས་མ་ལོ་མ་། ་བབ་བ་སཾ་བྷ་ཏ་བྷོ་ཛྙཱ་ཏ་ཌ་ཏ་ཏེན་ཏྲི་ཏ་མ་ཐས་ཏི་ལོ་ཀ་པྲ་ཙ་ར། བྷཱུ་བྷྱཱཾ་བྷྲྀ་བྷི་ཤ་ན། ཨ་བྷི་ཀུ་ཏི་ཀུ་ཏི་ཏྲི་ཏ། བྷ་ཡ་མ་ཤ་ཙ་ཀ་ཏི་མ་ཧཱ་ཡཱ། ཀ་ཀ་ཀི་ནཾ་ཀྵཾ་ཀྵཾ་ཀ་ཡ་ཀི་རཀྵ་ས་ཏི་རུ་རུ་ཎི་\ུ0f7f ་བྷ་ཀྵ་ན་ཀྵེ་ཌ་པ་ལ། ཀློ་ཀློ་ཀློ་སཱ་ཡུར་ཏི་ཧྲི་བུས་ན་མེ་ནི་འབྲང་མིད་ཡེད་སརྦད་ཡ། ས~ཾ་སཾ་སཾ་པ་ཥ་ཧ་བྷ་ས་བྷ་ཝ་བ་ཤུ་བ་ལུ་བི་ཏྲི་ཡཱ། ག་ར་ཡ་མ་ཡ། བྷྱ་དྷྱ་མ་ལ་ནི་ཡ་ན་མན ་ཏྲ་མུ་ཏིར་མན་ཏི་ར་མ་ཏི་ས་ལ། ཏོ་མན་ཏྲི་ནི་མན་དྲ་ཏུ་ལ། ཀླེ་ཥ་ན་པ་ལ་ཀོ་སོ་སི་ཀ་ལ་ཛ་ན་ཏ་སུ་བར་ཏུ་མ་སྤེན་ཙི་ར། མན་ཏྲ་ན་མཉྫ་ཀ་ཡ་པྲ་ས་ཁ་ཏི་མ་ནི་མན་བྷ་ག་ཏི་མུ། ་ཀ་ཏ་སི་སན་ཏ་ཨ་ཙ་རྒྱ། པ་ཏ་ཀོ་ས་ས་མ་ཡ། སུ་ཏ་དྷ་ར་བ་བྷུ་ས་ན་ཛ་ཡ་ཏི་མུ་ཨ་ཡཱ། ཤི་ཀི་དྷི་ལ་ཀྵཱ་པྲི་ཏི་ས་ལ་མ་ཧུ་ལ་ཀ་ནི། ང་ས་ཤཱ་བྷ་པྲ་བྷ་ཙ་ཡ་ན། ཧེ་ཏ་ཡ་ནི། རྒྱ་བྷི ་ཧཱུཾ་བྷི་ག་ཏ་ཧེ་ན་སྱ་དེ་བྷ་གྷ་ན་ཛ་ལཾ།། ། དེ་ལྟ་བུས་བསྟོད་པ་དང་། འཇིག་རྟེན་གྱི་ཁམས་ཐམས་ཅད་འད་ཀྱི་གོང་དུར་གྱུར་ཏེ་ཐད་བདེ་བ་ལ་བཀོད་དོ་ཞེས་བསྟན་པ་རབ་ཏུ་གནས ་བར་གྱུར་ཏོ།། །། འཕགས་པ་སྤུ་གྲི་གླང་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་བརྒྱད་ཆེན་མོ་ལས།། བར་དུ་བསྟན་པ་གང་ལ་བབས་ནས་ཇི་ལྟར་བསྲུང་བགླེང ་སྲེངས་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་ཞུས་སོ།། རྡོ་རྗེ་སྲིན་པོ་ལྷའི་གཙོ།། ཐ་མར་སངས་རྒྱས་བསྟན ་པ་གང་གིས།། བསྲུང་བར་སྨོན་ལམ་བཏབ་ཞེས་ཞུས་པས། དཔའ་ཆེན་པོ་ཐུགས་ཀྱི་དཀྱིལ་ནས་དྲག་པོའི་རྩ་རབ་སྡམས་པའི་འོད་ནག་པོ་གཅིག་ཐོན་པར་གྱུར་ཏོ།། ་འོད་ཟེར་དེས་འཇིག་རྟེན་གྱི་ཁམས་ལན་གསུམ་ཀྲུག་སྟེ་སླར་དཔའ་འོ་ཆེན་པོའི་ཐུགས་ཁར་ཐིམ་མོ།། ཐིམ་པ་དང་ཞལ་ལྷའི་ངང་ལས། ཧཱུཾ་ཧཱུཾ་ཕཊ་ཕཊ་ཞེས་སྔ་མ ་པར་སྒྲགས་པས། ཐུགས་ཁ་ནས་མིའི་ལུས་པོ་ལ། བྱ་རོག་གི་གདོང་ཅན་ཕྱག་གཡས་པ་ན་གྲི་ཁུག་ཕྱར་བྱ། གཡོན་པ་ན་ཐོད་ཁྲག་ཞལ་དུ་རྡུམ་པ། སྐ་ལ ་གདུག་པའི་འོད་ཟེར་རབ་ཏུ་འཕྲོ་བ། རྐང་པ་ས་ལ་སྔམས་པས་ཐམས་ཅད་བསྔལ་དུ་རློག་པ། སྐད་ཅིག་གིས་སྟོང་གསུམ་རླག་པ་མཛད་པ། ལོག་འདྲེན་ཅན་རྣམས ་བརྒྱལ་ཞིང་ཁྲག་ཏུ་སྐྱུག་པ། དྲག་པོའི་བ་ཙམ་དུག་སྲོག་གི་སྤུ་གྲི། དམ་ཉམས་ཀྱི་སྲོག་གཅོད། བཀའི་སྟན་བསྲུང་། ཡེ་ཤེས་ཀྱི་སྤྱན་ཅན། ནག་པོའི་སྙིང་ཏིག ་འདི་ཐོན་པར་གྱུར་ཏོ།། དེ་ཐོན་པ་དང་འཇིག་རྟེན་གྱི་ཁམས་གུལ་གུལ་ཤིག་ཤིག་ཏུ་གྱུར་ཏེ། ཞལ་ནས་ཚིག་འདི་སྐད་ཅེས་སྟོན་ཏོ།། བསྟན་པ་སྡང་བའི་དམ་ཉམས་དང་། ་རུམ་སྐུ་གྲུང་སྙིང་སྒྲལ་དོན་དུ། དུར་ཁྲོད་ས་དང་ཤིས་པའི་གནས། ནག་པོ་བདུད་ཀྱི་ཉི་མ་ལ། ཕུང་པའི་ཤུལ་ནས་ས་བླངས་ལ། དཀྱིལ་འཁོར་ནག་པོ་གྲོ་གསུམ་བྱུག། ་དེའི་ནང་དུ་སྤྱོད་པ་ནི། རབ་ཆང་ཐོད་པ་ཁ་སྦར་ཏེ། དམ་ཉམས་རྐང་རྗེས་ལས་སོགས་པའི། གཟུགས་ཀྱི་སྙིང་ཁར་འཁོར་ལོ་བཞུག། ཐོད་ངན་མི་ཤིས་ནང་དུ་ནི། ་@#ཡུང་དཀར་ཡུང་ནག་ཀེ་ཚེ་དྲུག། ཟབ་པའི་རྫས་རྣམས་བསོག་པར་བྱ།། རྡོ་རྗེ་སྲིན་པོ་སྒོམ་པར་བྱ།། དཀྱིལ་འཁོར་གྲུ་གསུམ་ནང་དུ་ནི།། ཕུང་། ་བྱེད་ལས་མཁན་ཆེན་པོ་སྒོམ།། དེ་ན་བཞི་སོ་ལྡན་པའི་གང་ཟག་གི།། བདུན་ཕྲག་བདུན་དུ་ཐུན་གྱི་ཟབ།། སྟན་ལ་གནས་ཅིང་སྙིང་རྗེ་ཡིས།། ཡེངས་པ་མེད་པར་བཟླས་པ་ཡིན། ་དྲེགས་པ་རྣམས་ཀྱི་སྲོག་ཀྱང་གཅོད།། སྡིག་ཅན་དམ་ཉམས་སྨོས་ཅི་དགོས། ཅེས། ཨ་ལ་ལ། ཨ་ལ་ལ། ཨེ་ཧ་ཧི་ཧཱུཾ་ཧཱུ~ཾ་ཏྲྀ་ཏྲཾ། ཨོཾ་མ་ཧཱ་ཀ་ལ་སི་དྷི་ཡ་མ་དུ་ཛ། ལོ ་མ་ཧཱ་ཀ་ལ་ནརྀ་ཐུ་རི་ལ་ཟང་། ཙིཏ་ལ་ཁ་རག་ནི་ཛ་ཛ། ནཱི་ཛ་ཙི་རྟ་ལ་ཡ་རིལ་ཟད། ཐུ་རིལ་རྦད་ནི་ཤག་ཤག། ཆེ་གེ་མེའི་ཙིརྟ་ལ་ཡཱ། མཧཱ་ཀ་ལ་གི་ཀཾ་ར་ཡ། གིང་སྲོག ་ལ་ཡཱ། རུ་རུ་ཙ་ལ་ཡཱ། མཧཱ་ཀ་ལ་ཡ་བྷྱོ། མ་ཧཱ་ཀ་ལ་ཡ་ཆེ་གེ་མེའི་སྙིང་ཁྲག་ལྕིབ་ལྕིབ། ཚོད་ཆོད་སྲོག་སྲོག་ཅ་ཆོད་ཐུམ་རིལ་ཆུང་། ཅེས་སྦགས་སོ།། གསང་བ་ཡུམ ་གྱི་མཁའ་དབྱིངས་ནི། ཞལ་ཅིག་ཕྱག་བཞི་སྐུ་མདོག་དམར། ཤིན་དུ་རིད་ཅིང་རུས་ལུས། དང་པོ་རལ་གྲི་ཏྲི་ཤུལ། གཡོན་གྱི་དང་པོ་མདའ་དང་གཞུ།། འོག་མ་མི་མགོ ་ཐོང་ཁྲག་ཅན། གཅེར་བུ་སྐྲ་གྲོལ་སྤྱན་གསུམ་པ།། རོ་ལངས་མང་པོའི་དབུས་ན་བཞུགས།། ཞལ་ནས་དྲག་པོའི་དཔལ་ཟློས་བསྟན་པ་བསྲུང་། ཨོཾ་མ་ཧཱ་ཀི་ལི་དྷི་སི་འི་རུ ་སི་ནི་ཧཱུཾ་ཕཊ། རྣཾ་ཛ་ཙི་ཏ་ལ་ཡཱ།། རག་མོ་ནི་ཛ་ཐུ་རིལ་རྦད་ནི་ཤག། ཆེ་གེ་མོའི་ཙིཎྜ་ལ་ཡཱ། མ་མ་རག་མོ་རུ་ཏྲ་བ་ར་ཡཱ་ཛ། མཎྜ་ཆ་གཉིས་མཁའ་དབྱིངས་སུ། དར་ནག ་གདུག་དང་ཁྱི་ནགས་གཡང་བཞི་པསྐམ། བླ་རྡོ་རྟིང་དུ་བཞུག་ཅིང་ཕྱི་རྟེན་ནང་རྟེན་བཅའ། དམ་ཚིག་བསྲུང་བ་ཤིན་དུ་ཅེས།། མ་ཧཱ་ཀ་ལའི་སྦྱོར་བ་ཡིས། ཁམས་གསུམ་རླག ་པར་གདོན་མི་ཟ། ཤར་ཕྱོགས་ཤའི་གཏོར་ཚོགས་བཤམ།། བྱང་དུ་རུས་པ་རྐང་གླད་ཚིལ་ལ་སོགས།། དམིགས་པའི་གཟུགས་ནི་ཁྲག་གི་བྲིས།། གཏོར་མ་གཙུག ་པས་མྱོས་ཤིང་བརྒྱལ།། སྒྲུབ་པ་ཐོན་ནས་བཏང་རག་བཏང་།། བསྟན་དང་སྒྲུབ་དང་གསང་དང་མནན།། ངག་གི་ནུས་པ་ཉམས་བཞུག་དང་།། ལྟས་ངན་ཟད་དང་བསྟེན ་བཅཝའ་དང་། དམ་ཚིག་བསྲུང་དང་བཤགས་པ་དང་།། དྲག་པོ་རྟགས་ཀྱི་རིམ་པ་དང་།། མ་ར་ཡ་ནི་སྤྲོར་བཞུགས་དང་།། ཕུང་བྱེད་ལྷོ་ཀྲུག་ལས་ཀྱི་གཟེར།། དེ་ཡིས ་ང་ཡིས་ལས་སྦྱོར་རྫོགས།། ཞིས་ཉིད་ལ་ཉིད་ཐིམ་པར་གྱུར་ཏོ།། འཕགས་པ་སྤུ་གྲི་གླང་ཟེར་ནག་པོ།། ། དངོས་གྲུབ་འབྱུང་བའི་བཀའ་རྒྱུད་ཆེན་པོ་ལས།། ཐ་མ་སངས ་རྒྱས་བསྟན་པ་གང་གི་བསྲུངས་པའི་སྨོན་ལམ་བཏབ་པའི་ལེའུ་སྟེ་གསུམ་པའོ།། །། ཡང་འདུས་པའི་འཁོར་རྣམས་ཀྱིས།། རྡོ་རྗེ་སྲིན་པོ་ལྷའི་གཙོ།། བཀའ་དང ་བསྟན་པ་སྲུང་བ་ལ།། དམ་ཚིག་གཉེན་པོ་ཇི་ལྟར་བསྲུང་།། ཉམས་པར་གྱུར་ན་གང་གི་བསོ།། ཞེས་ཞུས་པས་རྡོ་རྗེ་སྲིན་པོ་ལ་ཞལ་ཁྲོ་གཉེར་འདི་ལྟ་བུ་བརྩིགསོ།། ་བླ་མ་སངས་དཀོན་མཆོག་ལ།། ལུས་ངག་ཡིད་གསུམ་གདུང་སེམས་ནི།། སྤྱི་དང་ཁྱད་པར་དམ་ཚིག་ཡིན།། མགོན་པོའི་ཐང་ཀ་རྟག་སྲེལ་ལ།། ཆོས་སྐྱོང་སྐའི་དམ ་མགོན#ཚིག་ཡིན།། མི་ཚིག་གཏམ་གྱི་བར་མཆོད།། མགོན་པོ་དྲག་སྔགས་རྒྱུན་ཟློས་པ།། ཆོས་སྐྱོང་གསུངས་ཀྱི་དམ་ཚིག་ཡིན།། ཆོས་སྐྱོང་སྲིན་པོའི་དགོང ་བ་ཡིན། མདུན་གྱི་ནག་པོ་འཁོལ་བ་ནི།། ཆོས་སྐྱོང་ཐུགས་ཀྱི་དམ་ཚིག་ཡིན། དུས་བཞི་རྒྱུན་ཆད་མེད་པ་རུ།། ཕང་པ་མེད་པར་མཆོད་པ་ནི།། ཆོས་སྐྱོང་མཉེས་པའི་དམ་ཚིག་ཡིན།། ་དར་ནག་རག་ཤའི་ཕྲེང་བ་དང་།། དམ་རྫས་ཚོགས་པར་གསོག་པ་ནི།། སྤྲིན་ལྟར་འདུ་བའི་དམ་ཚིག་ཡིན།། བེ་ཚོན་ནག་པོ་ཁྲུ་གང་ཚད།། འདའ་གང་འདོམ་གང་བ་རུ།། ནག ་པོའི་སྔགས་གསམ་དར་ནག་ལ།། འོ་མ་བྷི་བྲིས་ལ་བཞིག་འགྲོ་ན་ཁྱེར་ལང་བྱ་བྱུང་རྡེག། ཆོས་སྐྱོང་ཕྱག་མཚན་དམ་ཚིག་ཡིན།། རྟ་ནག་ཁྱི་ནག་རྡོ་ནག་གསུམ།། ཆོས་སྐྱོང་བླ་རྡོའི ་དམ་ཚིག་ཡིན།། བླ་མ་ལ་སྡང་གསང་སྔགས་སྨོད།། མི་ནག་ཆོས་ཀྱི་ལོ་རྒྱུས་མཁན།། ཐོ་ཕྱིར་མི་སྲེལ་དམ་ཚིག་ཡིན།། མི་མཐོང་མཛེ་པོ་ཡུགས་ས་ནི།། ཐོ་བྱར་མི་སྲེལ ་དམ་ཚིག་ཡིན།། དམ་བཅའ་དྲག་པོ་བྱས་གྱུར་ན།། གདོང་རང་མི་ཕྲད་དམ་ཚིག་ཡིན།། གལ་ཏེ་དམ་ཚིག་ཉམ་གྱུར་ན།། འབུམ་ལྔའི་བཤགས་པ་དག་ཚངས་འདོན།། སྐུའི ་དམ་ཚིག་ཉམ་ན་ཚ་ཆ་འབུམ།། གསུང་གི་དམ་ཚིག་ཉམས་ན་ཀློག་མངོན་འབུམ།། ཐུགས་ཀྱི་དམ་ཚིག་ཉམས་ན་བཤགས་པ་འབུམ།། ཡན་ལག་དམ་ཚིག་ཉམས་ན་ཚོགས་མཆོད ་འབུམ། ཁྱད་པར་དམ་ཚིག་ཉམས་ན་སྲོག་འདོན་འབུམ།། སྤྲི་དང་ཁྱད་པར་དམ་ཚིག་བཞུང་གཞིན་བསྲུང་།། ཆོས་སྐྱོང་མཁའ་འགྲོ་གངས་ལ་སྤྲིན་བཞིན་འདུ།། ཞེས་གསུངས ་འཕགས་པ་སྤུ་གྲི་གླང་གཟེར་ནག་པོ།། དངོས་གྲུབ་འབྱུང་བ་ཞེས་བྱ་བ་བཀའ་རྒྱུད་ཆེན་པོ་ལས་དམ་ཚིག་ལ་གནས་ལ་ཞེས་བྱ་བའི་ལེའུ་སྐྱེ་བཞི་པའོ།། །། དེ་ནས་ཡང ་འདུས་པའི་འཁོར་རྣམས་ཀྱིས།། རྡོ་རྗེ་སྲིན་པ་ལྷའི་གཙོ།། བསྐད་དང་བཤགས་ན་ཇི་ལྟར་ལགས།། ཞེས་ཞུས་པས་རྡོ་རྗེ་སྲིན་པོས་བཀའ་སྩལ་པ།། ཐུགས་ཀྱི་འགལ་ལ ་བྱུང་འགྱུར་ན།། བསྐང་ཞིང་བཤགས་པ་འདི་ལྟར་བྱ།། ཕྱི་རུ་གཡག་དང་ལུག་གིས་བསྐང་།། ནང་དུ་ཟེན་གྲུང་དཔལ་བཤོས་དང་།། སྦྱིན་གཟིགས་གཏོར་མས་ཐུགས་དང ་བསྐང་།། གསང་བ་དམ་ཚིག་གཉེན་པོས་བསྐང་།། དེ་ཁོ་ན་ཉིད་དུ་བསྐང་བ་ནི།། ནག་པའི་སྐུ་དང་དམ་རྫས་ལ།། ཚིག་འདིས་རབ་ཏུ་བསྐང་བཤགས་བྱ།། ཧཱུཾ་མ་ཧཱཀ་ལ ་ཀ་ལ་མཐུ་བ་ཆེ།། ནག་པོ་ཆེན་པོ་ལྡུམ་བྲལ་དང་།། ཆོས་ཀྱི་དབྱིངས་ལ་སྐུ་བཞེངས་ལ།། གཤེགས་ཅིག་པུའི་གནས་འདིར་གཤེགས།། བུའི་གནས་མཆོག་དམ་པ་ན། ་ཁྱེད་ཀྱི་མཐུན་པའི་དམ་རྫས་ནི།། གཡག་ལུག་ནག་པོ་མར་གྱི་བྱུགས།། དར་ན་རུ་མཚོན་རཱ་ལ་རྒྱན།། ཕྲག་པར་དགྲ་བགེགས་ལང་ག་སྐྱོན།། གསེར་སྐྱེ་མས་བདུད་རྩིས ་ཟན་པ་འདི། ནག་པོ་ཆེན་པོའི་ཐུགས་དམ་བསྐང་།། བྱ་རོག་གདོང་ཅན་ལ་སོགས་པའི།། འཁོར་གྱི་མ་དང་མཁའ་འགྲོའི་ཚོགས།། སྣང་གསལ་འོད་ཀྱི་ཞུན་མར ་པ་དང་།། ཤ་ཆེན་སྤོས་ཀྱི་དུད་སྤྲིན་གྱིས།། ནག་པོ་ཆེན་པོའི་ཐུགས་བསྐུལ་ཏེ།། མཁའ་ལ་སྤྲིན་ལྟར་སྟོབས་ནས་ཀྱང་།། སྒྲུབ་པ་པོ་ལ་བུ་བཞིན་སྐྱོང་།། དར་ནག་ལྕགས ་མ། #ཀྱི་རུ་མཚོན་གྱིས།། བྱ་རོག་གདོང་ཅན་དཔོན་དང་གཡོག། ཐུགས་དམ་གནང་ནས་བསྐུལ་བའི་ཚེ།། མྱུར་དུ་བྱོན་ཅིག་མཁའ་གྲེའི་ཚོགས།། རོ་ལོངས ་ཅན་ཟན་སྣ་ཚོགས་དང་།། བསྟན་བསྲུང་བཀའི་བྱར་བྱེད་པ་རྣམས།། བསྐང་ངོ་ཐུགས་དམ་གཉེན་པོ་བསྐང་།། རྣལ་འབྱོར་བདག་གིས་དབྱར་དམ་བསྐོང་།། བཅོལ་པའི་ལས ་འདི་གྲུབ་པར་མཛོད།། །། འཕགས་པ་སྤུ་གྲི་གླད་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་རྒྱུད་ཆེན་པོ་ལས།། ཐུགས་དམ་བསྐང་བའི་ལེའུ་སྟེ་ལྔ་པའོ།། །། ་ཐུགས་ཀྱི་འགལ་འཁྲུལ་བྱུང་ན་འདི་ལྟར་བཤགས།། ། ཧཱུཾ་ལྷ་ཆེན་མ་ཧཱ་ཀ་ལ་གསན་ཅིང་དགོངས་སུ་གསོལ།། མ་ཧཱ་ཀ་ལཱི་དཀྱིལ་འཁོར་སྒོར་ཞུགས་ནས།། ལྷའི ་དམ་ཚིག་གཉེན་པོ་བསྲུང་རྒྱུ་ལ།། བཀའ་ལྟར་མ་གྱུར་བཞུང་བཞིན་རྔོ་མ་ཐོགས།། བསྙེན་སྒྲུབ་དུས་འདས་ཕུད་དང་གཏོར་མ་ཆག། རྩ་བ་ཡན་ལག་དམ་ཚིག་ཉམས་པ ་ཀུན།། རྡོ་རྗེ་སྲིན་པོ་དུར་གྲོང་ཚོགས་ལ་བཤེགས།། ལུག་ནག་གཅན་ཟན་ཁྱི་ནག་ལས་མཁན་རྣམས།། བྱ་རོག་གདོང་ཅན་འཁོར་དང་བཅས་ལ་གཤེགས།། བསྟན ་བསྲུང་མཐུའི་དངོས་གྲུབ་རྩལ་དུ་གསོལ།། གཞན་ཡང་གཤེགས་ཆེན་མཆོག་ལ་དྷར་བཟུང་ནས་དུས་བཞིར་མཆོད་དང་ནང་ནུབ་མཆོད་རྒྱུ་ལས།། མཆོད་པའི་འབྱོར ་ཚོགས་ཆུང་དེ་སྐུ་མ་མཉེས།། ལྷ་ཆེན་འཁོར་དང་བཅས་ལ་མཐོལ་ལོ་བཤགས།། བཟླས་རྗོད་སྔགས་ཚིག་ལོང་བཏམ་བར་དུ་བཅད།། ནག་པོའི་སྲོག་སྙིང་གནང་ནས་མ ་བསྐུལ་ཏེ།། བཟླས་བརྗོད་སྔགས་ཀྱི་དམ་ཚིག་ཉམས་པ་ཀུན།། ལྷ་ཆེན་འཁོར་དང་བཅས་ལ་མཐོ་ལོ་བཤགས།། ཡིད་དམ་རྩི་ཅིག་བཞུང་བཞིན་བསྒོམ་རྒྱུ་ལ།། ཏིང་འཛིན། ་མི་གསལ་ནག་པའི་སྐུ་སྐྱེད་པས།། ཐུགས་ཀྱི་དམ་ཚིག་ཉམས་པ་མཐེ་ལོ་བཤེགས།། དར་ནག་རག་ཏ་བ་དན་དམ་རྫས་སོགས།། རྟེན་རྫས་མཚོགས་ཡན་ལག་དམ་ཚིག ་ཉམས།། ནག་པོ་འཁོར་བཅས་ཚོགས་ལ་མཐོ་ལོ་བཤེགས།། རྣོང་ངོ་འགྱོད་དོ་མ་དང་མཁའ་འགྲོ་ཚོགས།། ཞེས་གསུངས་སོ།། འཕགས་པ་སྤུ་གྲི་གླང་གཟེར་ནག་པོ། ་དངོས་གྲུབ་འབྱུང་བའི་བཀའ་རྒྱུད་ཆེན་པོ་ལ་བསྐང་བཤག་ཀྱི་ལེའུ་སྟེ་དྲུག་པའོ།། །། དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས།། ཡང་དག་དཔའ་བོ་ལ་འདི་སྐད་ཅེས ་ཞུས་སོ།། རྡོ་རྗེ་སྲིན་པོ་ལྷའི་གཙོ།། མནན་པའི་ནན་ཐུབ་བཤད་དུ་གསོལ།། ཞེས་ཞུས་པ་དང་། ཐུགས་རྗེ་འོད་ཟེར་འདི་གསུངསོ།། མ་ཧཱ་ཀ་ལའི་ཕྲིན་ལས། གསད ་བའི་ལས་གཞི་དྲག་པོའི་ལས།། གཞན་པའི་གཤད་ལ་གཏད་པ་ནི།། སྦྱིན་སྲེག་བྱས་པའི་ཐབ་དང་།། སྒྲུབ་བྱའི་ལིང་ག་ལྷག་མ་དང་།། ཐོད་པ་ནག་པོའི་ནང་དུ་བཅུག། ་ཁྲག་མཐུང་ནག་པོའི་ང་རྒྱལ་གྱིས།། དགུག་བཞུག་དྲག་ཏུ་བྱས་ནས་ནི།། དྲག་སྔགས་འདི་བཟླས་མནན་པ་བྱ།། ཨོཾ་མ་ཧཱ་ཀ་ལ་ཤ་ཀྲུང་ཆེ་གེ་མོ་ན་ཤ་ཡ་ན་ཤ་ཡ།། མར ་ཡཱ་མ་ར་ཡཱ། མ་ར་དྷ་ཡ་ནན་ཧཱུཾ་ཕཊ། ཅེས་བྱ་བའི་སྔགས་ཁྲི་ཕྲག་ཅག་བཟླས།། ཆོས་སྐོར་གཉན་པའི་ཐེམ་འོག་གམ།། རང་གི་མལ་འོག་མདུན་དུ་མནན།། ་མགོནབསྐལ་པ་ཁྲི་རུ་ཐར་མི་འགྱུར།། ཞེས་དཔལ་ཆེན་པོས་གསུངསོ།། འཕགས་པ་སྤུ་གྲི་གླང་གཟེར་ནག་པོ་དངོས་གྲུབ་འབྱུང་བའི ་བཀའ་རྒྱུད་ཆེན་པོ་ལས།། དྲག་པོ་མནན་པ་བསྟན་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས།། རྡོ་རྗེ་སྲིན་པོའི་ལྷའི་ཚོགས།། ཆོད ་གཏོང་དྲག་པོ་ཇི་ལྟར་ལས།། ཞེས་ཞུས་པ་ལས།། ཡང་ཐུགས་ཀྱི་འོད་ཟེར་འདི་གསུངས།། སྟན་ལ་སྡང་བའི་དམ་ཉམས་ལ།། མ་ཧཱ་ཀ་ལའི་རོ་འཕྲུལ་བྱིས།། ཤིན་དུ་སྐྲག ་ཅིང་སྤངས་པར་བྱེད།། བདུན་ལས་འདས་ན་ཤི་བར་འགྱུར།། རོ་རྐྱེད་གསུམ་གྱི་སྟེང་དུ་ཚ་ལངས་བཅུགས་ལ།། སླང་རའི་ནང་དུ་གྲུ་གསུམ་བྱི།། ཚེར་མ་ཅན་གྱི་ཤིང ་རྩེ་རལ།། བྱ་རོག་གི་དབང་པོ་ལྔ་དང་རྒྱལ་མཚན་ཕྱར།། བྱའི་དོན་སྙིང་ཤ་ཁྲག་ལ། གཏོར་མ་ཆེན་པོ་རྒྱ་ཆེར་ཤམ། རཀྟ་གསེར་སྐྱེ་མ་དག་གིས་ཆོད།། མཉེས་ཤགས ་རྟང་དབང་པོ་བཅོལ།། དགྲ་བོའི་མིང་བྱང་མང་དུ་བྲི།། ལིང་ག་བྱ་རོག་ཁྲག་གི་བྱི།། དམིགས་པ་དེ་རུ་དགུག་བཞག་བྱ།། གོང་གི་རྫས་རྣམས་ཚོགས་པ་དང་།། དམིགས་པ་དྲག ་པོས་འདི་ལྟར་བྱ།། ཨོཾ་མ་ཧཱ་ཀ་ལ་ན་ག་མར་ཡ། དྲག་ཤད་ཐུམ་ཐུམ་ཆོད་ཆོད་སྲོག་ཆོད་ན་གུལ་ལུའི་ལྷའི་ན་གཙད་ནས་ཆོང་།། ཏྲག་ཤད་ཆེ་གེ་མོའི་ཙི་རྟ་པུར་ཐུམ་ཆོད་རྦད་སེང་། ་ཅེས་སླང་ངའི་ཞིང་དུ་རྫས་དང་ལང་ཀ་བསྲེག་གོ།། ནག་པོ་བསྐུལ་པའི་ཞིང་ལ་རྦད།། དེ་ལྟར་ཞག་བདུན་ཟད། དེས་ནི་རླག་པར་གདོན་མི་ཟ།། བྱ་རོག་མང་པོ་སྐད་འབྱིན ་དང་།། མིན་པ་མཚོན་ཆ་ཐོགས་པ་དང་།། ངའི་ནོར་བླང་ཟེར་བ་དང་།། གྲངས་ལས་ཐལ་ན་ཤི་བར་འགྱུར།། ཅེས་གསུངསོ།། ། འཕགས་པ་སྤུ་གྲི་གླང་གཟེར་ནག་པོ ་དངོས་གྲུབ་འབྱུང་བའི་བཀའ་རྒྱུད་ཆེན་པོ་ལས།། བལྟས་ངན་ཟོད་གཏོང་གི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱིས།། རྡོ་རྗེ་སྲིན་པོ་ལྷའི་གཙོ།། ་ངག་གི་དབང་བསྡུད་ཇི་ལྟར་ལེགས།། མནན་གྱི་མན་ངག་བཤད་དུ་གསོལ། ཞེས་ཞུས་པ་ལས། ཐུགས་ཀྱི་འོད་ཟེར་འདི་གསུངས་སོ།། ལས་ལ་ལྷ་མེ་འོད་ཟེར་འབར།། ་མཎྜལ་གྲུ་བཞི་མཉམ་པ་ལ།། དབུས་སུ་དྲུགསུམ་ཐུར་དུ་བྲུ།། རྡིང་དང་ལོགས་ན་སེར་ཉིར་གཅིག།། ཕྱི་ནང་མེད་པར་སོར་བྱེད།། དེའི་ནང་དུ་ཚེར་མ་བླུག། གང་དུ་དམིགས་པའི ་ཕྱི་ས་ལ།། ལིང་ག་འཛུབ་གདཱ་ཅིང་བྱ།། གྲོང་ཤོང་གུ་ར་གང་རུང་ལ།། མིང་རུས་བྲིས་ཏེ་སྙིང་ཁར་བཞག། ལྕགས་གི་ཁ་ཊཾ་མཛེས་པ་ཡང་།། དེའི་སྙིང་ཁར་བཞུགས ་པར་བྱ།། གྲུ་གསུམ་རྩེ་ལ་མར་མེ་གསུམ།། ལོགས་གསུམ་ལི་ནི་གཏོར་རེ།། ལྷ་ནི་མ་ཧཱ་ཀ་ལཱི་སྟེ།། ཞལ་ཅིག་ཕྱག་བཞི་སྐུ་མདོག་དཀར།། ཤིན་ཏུ་སྐེམ་པ་རྐེང་རུས་ལུས། ་གཡས་ཀྱི་འོག་མ་ཏྲི་ཤུལ།། གཡོན་གྱི་དང་པོ་གཞུ་དང་འདའ།། འོག་མ་མི་མགོ་ཁྲག་འཛག་པ།། སྤྱན་གསུམ་གཅེར་བུ་སྐྲ་གྲོལ་བ།། གཡས་གཡོན་བཅེར་བུ་རེ་རེངས་གཎྜི། ་ཕྱག་ན་རྐང་གི་དབྱུག་པ་ཐོགས། ཨོཾ་མ་ཧཱ་ཀ་ལ་དྷི་གྷན་བྷ་ལིང་། ཨ་བྷཱ་ཀ་ཁ་ཁཱ། ཁ་ཧི་ཁ་ཧི་ད་ཧ་ད་ཧ་བ་ཙ་བ་ཙ། ཆེ་གེ་མོ་མོ་ར་ཡཱ།། མ་ར་ཡཱ།། སྥོ་ཏ་ཡཱ། སྭོ་ཏ་ཡཱ། ཁཾ་ཧྲི་ཧཱུཾ་ཕཊ། ་གཡས་ཀྱི་དང་པོ་རལ་ཀྲི་དང་། ་མངོན#ལིང་ཀའི་སྟེང་དུ་ཚེར་མ་དང་།། མེ་ཏོག་ནག་པོའི་སྦྱིན་སྲེག་བྱ།། མཚིག་མ་ཞུགས་བརྒྱ་དང་བརྒྱད་ཏུ་བསྲེག། ཚངས་པའི་ཚེ་ཡང་བརླག་པར་གྱུར། ་། ཞེས་གསུངས་སོ།། འཕགས་པ་སྤུ་གྲི་གླང་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་རྒྱུད་ཆེན་པོ་ལས་མར་མོ་རྩ་འཇིབ་ཀྱི་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་ཡང ་འདུས་པའི་འཁོར་རྣམས་ཀྱིས།། རྡོ་རྗེ་སྲིན་པོ་ལ་འདི་སྐད་ཅེས་གསོལ་ཏོ།། དྲག་པོ་མ་རུང་ལྷའི་གཙོ། དམ་ཉམས་གླ་སྙིང་སྦྲུལ་དོན་དུ།། སྲོག་གཟེར་ནག་པོ་ཇི་ལྟར་བྱ།། ་ཞེས་ཞུས་པ་ལས་དྲེགས་པའི་བདག་པོ་དེས།། ཞལ་རྔམས་ང་རོ་འབྲུ་ཚུབས་སུ་གཟིགས་ནས།། དྲགས་པའི་ཚངས་རབ་ཏུ་འདི་ལྟར་གྱུར་ཏོ།། བདུད་ཀྱི་ཉི་མ་ནུབ་བྱང་གི་ཕྱོགས ་ནས་ས་སླངས་ལ།། མཎྜལ་མདའ་གང་གྲུ་བཞིའི་ཚད།། དུག་ཁྲག་སྲེས་པས་ཆག་ཆག་གདབ།། རབ་ཆད་ནག་པོའི་ཐོད་པ་རུ། དབང་པོ་ལྔ་དང་མ་བྲལ་བ།། དགྲ་ཕྱོགས་ཁ ་བལྟས་དབུས་སུ་གཞག། དེའི་ནང་དུ་བྲུག་པ་ནི།། རྟ་ཁྲག་ཁྱི་ལུག་བྱ་རོག་ཁྲག། བཙན་དུ་གར་དུག་ཐར་ནུ་ལ་སོགས་བླུག། གྲུ་གསུམ་ཟུར་ལ་རྩ་ངམར་གསུམ། ་རྭ་སྲོག་འཁོར་ལོ་འདི་ལྟར་བྲི། གྲོ་ག་ཤོག་ཤོག་གང་རུང་ལ། ཡ་ཁབ་མ་ཁབ་གྲི་ཁྲུག་རྩི་བས། རྩེ་བས་ལ་པོ་མེ་རྣོལ་མར་བྲིཿ། མུ་ཁྱུད་ནག་པོའི་སྔགས་བགོང་བསྐོར། ་མྱོང་བྱེད་འཁོར་ལོས་ཁུ་བས་བྱུག། ཁ་སྦར་རྩངས་ཀྱི་ཁ་ལ་སྐྱོན། ཉི་ཤུ་རྩ་གཅིག་སྲིན་མོ་འགྲོས།། བཀྲ་ཤིས་ཀུ་ཀ་ར་ས་ལ་ནི། བཟང་དྲུག་གྷི་ཧཾ་ཙནཱ་དྲི་ལ་སོགས། ་བླ་རྩི་དག་གིས་ནུས་སྦྲུས་ལ། བྱ་རོག་གདོང་ཅན་སྐུ་གཟུགས་བཤམ། སྟེགས་བུ་བྱས་ལ་ཟུར་ལ་གཟུགས། མཁའ་མགྲོ་མའི་སྐུ་གཟུགས་ནི། སྐུ་གཟུགས་བྱས་པ་ལོགས ་སུ་བཞུག། དེའི་མཐའ་མར་བགོད་པ་ནི། ནང་རྟེན་གསང་རྟེན་རྣམས་ཀྱང་བགོད། རྟ་རྟོར་རྒྱུན་གཏོར་རིམས་པར་བགོད། ཤ་ཆེན་དམ་དུམ་ཚིལ་ཆེན་སྤྲིན། གདུགས་དང་བསུར ་ཆེན་རྒྱུན་མི་བཅད་། སྟེངས་ནས་དར་ནག་བླ་རེ་དབུབ། བདག་ཉིད་བ་དེ་བསྟན་འདུག་ཏེ། རོ་དམ་ནག་པོ་ཉུང་དཀ་རུ་ཅུང་ནག་དང་། ལྷོར་ཁྲུས་དྲག་པོའི་སྲོག་བཟེར་སྔགས། ་ཁྲི་ཚོ་ཅིག་ཏུ་བཟླས་པར་བྱ། དེ་ནས་ཉི་ཤུ་རྩ་གཅིག། དྲག་སྔགས་པོ་མོ་ཕྱེ་ལ་བྱ། ཉིན་གྱི་ལས་སུ་ཕོ་སྔགས་བཟླས།། མཚན་གྱི་དུས་སུ་མོ་སྔགས་བཟླས།། ཐུན་མཚམས ་ཡུང་དཀར་ཐོད་པར་བླུག། བདག་ཉིད་གོངས་པ་བསྟན་པ་ནི།། ཡེ་ཤེས་མགོན་པོ་སྒོམ་བྱ་ལ། གདུག་པའི་སྲོག་གཟེར་འདི་ལྟར་བཟླས།། རྒུད་རིལ་ཐུམ་ཛ་རག་ལ ་ཛ་དུ་མཆོད་རྩ་སྲོག་རྦད་རིལ་ཐུབ་ལི་ཡ་ཏི་ཆོད་ཆོད་ལྕིབ་ལྕིབ། ཁ་ཁག་སྙིང་ལ་ཐུམ་ཀ་ལ། ཆེ་གེ་མོ་ལ། ཀ་ཀ་མ་ཧ་ཏྲི་ས་ཏ་ལ། བྷོ་ཡ་མ་ཀ་དྷ་ལ་ཡ་ལ་ཙ་རུ་རུ་ཀ་ཏ་མ ་ཨོཾ།། ཡ་མ་སྙིང་ཧ་མ་ཨོཾ།། ལ་ཡ་སྲོག་གི་ཛ།། ཡ་ར་ཀ་ར་ག་ལ་གི། དྲག་པའི་སྲོག་གཟེར་ཡིན།། ཛ་ས་ར་མ་པ་ལ་ཏ་ཕཊ།། ཧཱུཾ་ཕྱི་མ་ར་ཡཱ།། ཏྲ་རུ་མི་རྩི་ཡི་ནི་རུ་དྲག ་དུ། བྷ་མོ་རག་ཆེ་གེ་མོ་ཤག་བྷོ་དྷ་དྲག་ཏུ་ཏྲ་ག་མ་མ་ནི་རྦད།། རིལ་བྲུཾ་ཛ། མོ་རག་ལིང་ཀ་ཧ་དྲག་མ་མ་བཛྲ་ལིང་ཀ་ཨོཾ། ཁྲག་སྐྱུག་གཟེར་ནད་སྔགས་ཡིན། ཅེས ་མན། @#། བཟླས་པས་ལས་མགོན་ཡང་ཡུམ་གྱི་ལྟོབ་དཀྲུགས།། ལས་མགོན་ཡབ་ཡུམ་གྱི་གདུག་པའི་འོད་ཟེར་ཐུན་ལ་བོའོ།། ཐུན་ལ་དྲུག་ཟུང་བྱུང ་འཁོར་ལོ་འཁོར།། གྲི་ཁྲག་ནང་འཐབ་པས་དམ་ཉམས་ཉལ་སོང་བར་བསམ། ཉིན་མོ་པོ་སྔགས། ནུབ་མོ་མོ་སྔགས། ཉིན་པོ་ཐུན་ནུབ་མོ་མོ་ཐུན། ཉིན་མོ་བཅོལ། ་ནུབ་སྐྲག་མ། ཉི་ཤུ་རྩ་ཅིག་ཐིམ་ཐ་གྱུར་ན།། ཚངས་པའི་ཚེ་ཡང་རླག་པར་འགྱུར།། བྱང་སེམས་སྒོ་བ་མ་གྲུབ་ན། རང་སྲོག་གཅོད་པར་ཐེ་ཚོམ་མེད།། གྲུབ་ན་ཐུན ་གངས་དགྲལ་འཕངས།། ལང་ཁ་འཁོར་ལོ་བཅས་པ་སྟེ།། ལྷ་ཁང་འདྲེན་ན་འོག་ཏུ་མནན།། དུར་ཤིང་ཡས་ཆད་རྫོགས་པ་ཡིན། ཅེས་གསུངསོ།། །། འཕགས ་པ་སྤུ་གྲི་གླད་ཟེར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་རྒྱུད་ཆེན་པོ་ལས།། སྲོག་གཟེར་ལྟོ་དཀྲུག་གི་ལེའུ་སྟེ་བཅུ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས ་ཀྱི།། ལས་ཀྱི་སྲིན་པོ་ལ་འདི་སྐད་ཅེས་ཞུས་སོ།། དྲེགས་པའི་བདག་པོ་ལྷའི་གཙོ།། ཏིང་འཛིན་དགོད་པ་ཇི་ལྟར་གསལ།། ཞེས་ཞུས་པས།། རང་གི་རིག་པ་རང་ལ་ཕག།། ་དགོངས་པའི་རིམ་པ་གང་བྱེད་ཀྱང་།། རང་གི་ཐུགས་ཁའི་ཧཱུཾ་ལ་སྔགས་ཀྱི་བསྐོར་བར་བསམ་ལ། ཞི་བ་ལ་ཡི་གེ་ཁ་དོག་དཀར་པོ།། རང་གི་ཞལ་ནས་མགོན་པོའི་ཞལ་དུ ་ཞུགས་པར་བསམ།། མགོན་པོའི་ཐུགས་ཁ་ནས་རྒྱུད་པ་ལ་ཞི་བའི་ལས་བཅོལ་བ་ལ་མགོན་པོ་མི་བསྙེལ་བ་དང་། གདོན་གང་ཞི་བར་བྱེད་པ་དང་།། རང་གི་ཐུགས ་ཁ་ནས་རྒྱུད་པ་དེས། རང་གི་ཉོན་མོངས་པ་ལོགས་པ་ཞི་བར་བསམ།། རྒྱས་པའི་དུས་སུ་ཡི་གེ་ཁ་དོག་སེར་པོས་འཁོར་ལུག་གོང་བཞིན་དུ་གསུང་བ་ལས།། མགོན་པོའི ་ཐུགས་ཁ་ནས་འཁོར་དུས་སུ།། རང་གི་རྒྱས་པའི་ལས་བཅོལ་བ་ལ་མི་བསྒྱེལ་བ་དང་།། རང་གི་ཐུགས་ཁ་ནས་འཁོར་བའི་དུས་སུ།། རང་གི་ཚེ་དང་དཔལ་ལ་སོགས་པ ་རྒྱས་པར་བསམ།། དབང་གི་དུསུ་ཁོག་དམར་པོ་མགོན་པོའི་ཞལ་ནས་རང་གི་ཞལ་དུ་ཞུགས་པར་བསམ། མགོན་པོའི་ཐུགས་ཁ་ནས་འཁོར་དུས་སུ།། དབང་གི་ལས ་མི་བསྙེལ་བར་བསམ།། བར་དུ་འཁོར་དུས་སུ་གང་དག་དབང་དུ་བྱ་བར་ཛ་ལ་སོགས་པ་དབང་དུ་གྱུར་པར་བསམ། རང་གི་ཐུགས་ཁ་ནས་རྒྱུད་དུས་སུ།། གང་དབང་དུ ་བྱེད་པ་ལ་དབང་དུ་གྱུར་པར་བསམ།། མངོན་སྤྱོད་ཀྱི་དུས་སུ་མངོན་སྤྱོད།། ཀྱི་ཡི་གེ་ཁ་དོག་ནག་པོ་འཁོར་ལུགས་དང་པོ་དང་འདྲེ།། མགོན་པོའི་ཐུགས་ཁ་ནས ་འཁོར་དུས་སུ།། མངོན་སྤྱོད་ཀྱི་ལས་བཅོལ་བ་ལ་མི་བསྙེལ་བར་བསམ།། བར་དུ་འཁོར་བའི་ཚེ་དགྲ་བགེགས་ལ་སོགས་པ་རྣམས་གསད་ཅིང་རྩུབ་པར་བསམ།། ་རང་གི་ཐུགས་ཁ་ནས་འཁོར་བའི་དུས་སུ་རང་གི་བར་ཆད་ཞི་བར་བསམ།། ཞེས་གསུངསོ།། །། འཕགས་པ་སྤུ་གྲི་གླང་གཟེར་ནག་པོའི་དངོས་གྲུབ་འབྱུང་བའི་བཀའ ་རྒྱུད་ཆེན་པོ་ལས།། དགོངས་པ་འཕྲོ་འདུའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་འདུས་པའི་འཁོར་རྣམས་ཀྱི། དྲེགས་པའི་བདག་པོ་ལ་འདི ་མགོན་#སྐད་ཅེས་ནུས་སོ།། ལས་ཀྱི་བདག་པོ་ལྷའི་གཙོ།། བརྟན་གྱི་རིམ་པ་གང་ལ་བགྱི།། ཞེས་ཞུས་པས། ཐུགས་གཏང་བའི་ས་མ་ཏིལ ་བཞུགས་ཏེ།། ཕྱི་ནང་གསང་བའི་བརྟན་ལ་ནི། བྱི་བརྟན་ལུག་པོ་དང་།། གཡག་ནག་པོའི་རལ་སྙིང་པོ་བྲིས་ལ་བརྟེན་དུ་གཟུགས།། ནང་རྟེན་མངའ་དང་དར་ནག་པ ་ལ་སྟོང་པོ་ཟོས་སྔགས་དང་བཅས་པ་བཅད། གསང་རྟེན་དྲག་སྔགས་དང་ནི་གྲི་ཞིད་གཡུལ་དུ་ཤི་བའི་སྙིང་གི་ནང་དུ་སྲེག་གི་སྙིང་པོ་དྲིལ་དར་ནག་དྲིལ་ལ་ལུས་ལ ་བཅང་།། དེ་ཁོན་ཉིད་ཀྱི་བརྟན་བཅུའ་བ་ནི།། སྒྲུབ་ཐབས་སྲང་ལེན་མི་བྱ། དམརྫས་ལ་ཐུག་ཐུབ་མི་བྱ། སྔགས་ལ་སེལ་མི་ཞུགས།། དེས་ནི་ལུས་དང་ཐིབ ་མ་བཞིན་འགྱུར་རོ་ཞེས་གསུང་སོ།། འཕགས་པ་སྤུ་བྲི་གླང་གཟེར་ནག་པོ་དངོས་གྲུབ་འབྱུང་བའི་བཀའ་རྒྱུད་ཆེན་པོ་ལས།། བསྙེན་པོར་འགྲིས་ཀྱི་ལེའུ་སྟེ ་བཅུག་གཉིས་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ཀྱི།། འདི་སྐད་ཞུས་སོ།། དཔལ་ལྡན་འཇམ་དབྱངས་འགྲོ་བའི་མགོན།། ནག་པོ་ཆེན་པོ་བསྟན ་གཙར་པའི་རིམ་པ་ཇི་ལྟར་ལགས། ཉོན་ཅིག་ལས་མགོན་བཀའ་འཁོར་རྣམས།། གཏོར་མའི་རིམ་པ་འདི་ལྟར་ཏེ།། ཤ་ལྔ་བདུད་རྩི་རྣམས་པ་ལྔ། ་དང་སྲན་མ་དང་།། ནག་པོ་ལ་སོགས་གཏར་བའི་རྒྱ།། ཇི་ལྟར་འབྱོར་ཚོགས་ཆེ་ཆུང་གིས།། ཐོད་པ་ལ་སོགས་གནོད་དུ་ཐུག།། མེ་ཧོག་ནག་པོ་ལསོགས་པའི། ཡང ་པ་དག་ནི་རྒྱ་ཆེན་བཤམ།། བྱིན་རླབས་སྤུ་དང་མཐུན་པར་བྱ།། རང་ལྷའི་རྣལ་འབྱོར་དུ་གནས་པའི།། མདུན་ནག་པོ་ལ་སོགས་སྐྱེད།། ཡེ་ཤེས་བཞུགས་དང་གནས ་གསུམ་བྱིན་གྱི་བརླབས།། ལྗགས་ནི་ཧཱུཾ་དུ་གྱུར་པ་ལས།། རྡོ་རྗེ་ཧཱུཾ་གྱི་མཚན་པར་བསམ།། དངོས་སུ་མཆོད་པ་རྒྱ་ཆེན་བཤམ།། ཡིད་ཀྱི་མཆོད་པ་འདི་ལྟར་དམིགས། ་ཧཱུཾ་འོ་ཟེར་གཏོར་མར་ཟུག་པར་བསམ།། དར་ནག་བླ་རེ་རྒྱལ་མཚན་འཆར།། རྔ་སྒྲ་དྲིལ་སྒྲ་ཅང་ཏིའུ།། བསྟོད་པ་དག་གི་རྒྱས་པར་སྟོད།། སྔགས་འདིས་ཞལ་དུ་འབུལ ་བར་བྱ།། ཨཽ་ཤྲི་བཛྲ་མ་ཧཱ་ཀ་ལ་ཡཱ། ཤ་ས་ཡ་ན། ཨ་པ་ཀ་རི་ཎི་རེ་ཥཾ་ཨ་པས་པསཙྪ། མ་ཧཱ་ཀ་ལ། ཨ་ཡཾ་ཨི་དྷཾ་རང་ཎ་ཏྲ་ཡ་ཡཱ། ཨ་པ་ཀ་རི་ནི།། ཡ་ཏི་ཀ་པ་ཏིག་ཛ། སྨཱ་ར ་སིདྷི་ཨི་དྷ་དྷུ་སྟ། ཁ་ཁ་ཁཱ་ཧི་ཁཱ་ཧི་མ་ར་མ་ར། གྷྲི་ཧཱ་གྷྲི་ཧཱ། བྷན་དྷ་བྷན་དྷ་ཧ་ན་ཧ་ན། དྷ་ཧ་དྷ་ཧེ། པ་ཙ་པ་ཙ་དྷི་ཎཾ་མི་གེ་ན་སརྦ་དུཥྚཱན་མ་རན་དྷ་ཧཱུཾ་ཕཊ། བོད་ཟད་གསང་གསུམ ་གཏོར་སྔགས་བཏགས་ལ་འབུལ།། ཞི་རྒྱས་དབང་གྱི་འཕྲིན་ལས་བཅོལ།། ས་མུན་ཛ་ཡིས་གཤེགས་སུ་གསོལ།། ནག་པོ་ཆེན་པོའི་རྒྱུན་གཏོར་ཡིན།། འདི་ལ་རྟག་ཏུ ་བརྩོན་པར་བྱ།། རང་ཉིད་སྐད་ཅིག་ལྷར་བསྐྱེད་ལ།། བདེ་མཆོག་སྐུ་ལ་དམིགས་པ་གཏང་། དེ་ཡིས་བར་ཆད་ཞི་བར་ངེས།། སེམས་སྐྱེད་དྲག་པོ་སྔོན་འགྲོ་བྱ།། འབྲུ ་གསུམ་དག་གི་བྱིན་རླབ་བྱ།། དེས་ནི་བདུད་རྩིར་འགྱུར་བའོ།། གཏོར་མའི་འདུན་དུ་འཁོར་ཅེས་དམིགས།། ཡེ་ཤེས་སེམས་དཔའ་དབྱེར་མེད་པས།། སྔགས་འདི་ལས ་མད#གསུམ་བརྗོད་ལ་འབུལ། ཨོཾ་མ་ཧཱ་ཀ་ལ་མི་མམ་བྷ་ལི་ཁ་ཁཱ་ཧི་ཁཱ་ཧི་ཧཱུཾ་ཕཊ།། རང་ཉིད་གསོལ་བ་གང་འདོད་གདབ།། གཏོར་མ་འདི་ལ་འརྩོན་བྱས། ་བདེ་མཆོག་སྐུའི་དངོས་གྲུབ་ཐོབ། བཛྲ་མུས་གཤེགསུ་གསོལ།། ཡི་གེ་བརྒྱ་པས་ལྷག་ཆད་བསྐང་། ཅེས་གསུངསོ།། །། འཕགས་པ་སྤུ་གྲི་གླད་གཟེར་ནག་པོ་དངོས་གྲུབ ་འབྱུང་བའི་བཀའ་རྒྱུད་ཆེན་པོ་ལས།། གཏོར་མ་འབུལ་བའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་འདུས་པའི་འཁོར་རྣམས་ཀྱི་འདི་སྐད་ཅེས་གསོལ་ཏོ།། དྲེགས་པའི ་བདག་པོ་ལྷའི་ལྷ།། རྟགས་ཀྱི་རིབ་པ་ཇི་ལྟར་ལགས།། ཞེས་ཞུས་པས། དྲེགས་པའི་བདག་པོ་དེས་བཀའ་སྩལ་བའི་དོན་འདི་ལྟར་དུ་བསྟན་ཏོ།། རྟགས་ཀྱི་རིམ་པ་འདི་ལྟར་འས ་བབྱེད་པའི་རྟགས་དང་སྒྲུབ་པའི་རྟགས།། དྲག་པོ་མབུའི་རྟགས་སུ་བཤད།། སྒོས་སྒྲུབ་བསྙེན་པའི་རྟགས་བསྟན་པ།། ཡིད་འོང་འདུག་རྒྱལ་ཉམས་དགའ་དང་།། དྲི་ཞིམ ་ལུང་སྟོན་སྒྲ་སྲན་ཐོས་དང་མེ་ཏོག་ཐུ།། དེ་རྣམས་བྱུང་ན་སྒྲུབ་པ་རྩམ།། སྒྲུབ་པའི་རྟགས་སུ་འདི་ལྟར་སྟོན།། རབ་སྐུ་སྟོན་འབྲིང་ཐུན་ཁོལ་བ་ཡིན།། ཐ་མར་གཏོར་མ་ལུང་པ་ལ་སོགས ་བ་འབྱུང་བྱ་ནག་ཏ་དང་མངོན་ག་གཡག་ནག། ང་བོ་སེང་གེ་དོ་བོ་ལ་སོགས་པ།། ནག་པོ་བདུད་ཀྱི་ཚེ་འཕྲུལ་ཅི་ཡང་འབྱུང་།། དྲག་པོ་མཐུན་རྟགས་འདི་ལྟར་འབྱུང་། ་མཁའ་ལ་སྐ་ལ་ཁོལ་དུང་སྦྲ་མཆོག།། བླནགའབབ་ཅིང་།། ཌལ་རུ་དྲིལ་བུ་འཁྲོལ་བ་དང་།། དུང་འབྲང་རུ་དར་འབྱར་བ་དང་།། དེ་ལ་སོགས་པ་མང་པོ་འབྱུང་།། འཇིགས ་མ་མོ་བྱེ་བས་ཚོགས་ཀྱི་བསྐོར ་