| Wylie | e-texts produced with BDRC’s OCR application |
ནྱཙྱཙྱ། རྨུ་ག་ར་སྐད་དུ།། ཤྲི་བཛྲ་ཀྲོ་ཏ། ཙན་ཌ་ན་ཐ། ཀྲིརྞྞ་མ་ཧཱ། སིདྷི་སརྦ་ཨུ་པ་དྷ་ཡ། ར་ཧ་པྱ་ཏན་ཏྲ་རཱ་ཛ། བོད་སྐད་དུ། ་དཔལ་རྡོ་རྗེ་ནག་པོ་ཆེན་པོ་འཁྲོས་པའི་མགོན་པོ་གསང་བ་དངོས་གྲུབ་འབྱུང་བ་ཞེས་བྱ་བའི་རྒྱུད་ཀྱིས་རྒྱལ་པོ།། དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ།། དེ་ནས ་བཅོམ་ལྡན་ཀུན་མཁྱེན་པའི།། ཡེ་ཤེས་མངོན་པར་མཁྱེན་པ་ཡིས། བདུད་ཀྱིས་དཀྱིལ་འཁོར་འཇོམས་བྱེད་པའི།། བཀའི་འཁོར་ལོ་བཤད་པར་བྱ།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། ཐོགས་པ་མེད་ཅིང་གདོན་མི་ཟ་བ་བདེ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞགས་ནས། འདི་སྐད ་ཅེས་གསུངསོ།། ཇི་སྲིད་འཁོར་བའི་གནས་སུ་ནི། ཀུན་མཁྱེན་པ་དེ་གཤེགས་བཞགས་གྱུར་པ། མྱ་ངན་འདའ་བར་མི་མཛད་འགྲུབ་པར་ཐེ་ཚོམ་མེད། ་དཔལ་ནག་པོ་ཆེན་རིངོན་པར་འབྱུང་བའི་རྒྱུད་ལས་གསང་བ་མངོན་པར་བྱང་ཆུབ་པའི་ལེའུ་སྟེ་དང་པོའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་@#པ་ཐམས་ཅད་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། བཅོམ་ལྡན་འདས་རྡོ་རྗེ་འཛིན་པའི།། གསུང་རྨི་ལམ་ལྟ་བུ། ་ཉེ་བར་གན་ཏེ་གསུང་རྡོ་རྗེའི་འདི་གསུངསོ།། རྡོ་རྗེ་འཛིན་པ་གང་ཞིག་གིས།། སྒྱུ་མ་བྲག་ཆ་སྒྲ་སྙེན་ལྟར།། ཡིད་འོང་དབེན་པའི་གནས་དག་ཏུ།། དངོས་གྲུབ་ཐབས ་ཅད་བསྡུས་པ་བསྒྲུབ། བསྐལ་པ་བཟང་པོ་འདི་ལ་ནི་བྱུང་བའི་མགོན་པོ་མ་ལུས་པ།། ཀུན་གྱིས་སྙིང་པོར་གྱུར་པ་ནི། གསང་བ་གཉིས་སྐྱོང་མགོན་པོ་ཆེ། སངས ་རྒྱས་ཀུན་གྱིས་མགོན་པོ་འདིས།། བསྟན་པ་བསྲུང་བར་མཛད་པ་ཡིན། ཞེས་གསུངསོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། ཀུན་ཏུ་བཟད ་པོ་དང་། རྡོ་རྗེ་འཛིན་པ་ལ་སོགས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གང་དུ་རྡོ་རྗེ་ཐེག་པ་ཆེ། གསང་བ་བསྡུས་པའི་ཡང་དག་ལ།། བསྟན ་པ་བསྲུང་བར་བྱེད་པ་ཡིས།། སྙིང་པོ་འབྲས་བུ་ལམ་བྱེད་པ། སྙིགས་མ་ལྔ་ལྡན་དུས་ཉིད་དུ།། འདྲེན་པ་ཡེ་ཤེས་བསྟན་པ་བསྲུངས།། འདི་ཉིད་གསང་བའི ་བསྒྲུབ་པ་གང་།། རྡོ་རྗེ་ཐེག་པ་འདིར་བསྟན་གསལ།། འདི་སྐད་ཅེས་གསོལ་པ་དང་།། དེ་ནས་བཅོམ་ལྡན་འདས།། རྡོ་རྗེ་འཛིན་པས་བཀའ་སྩལ་བ།། ཤེས་རབ ་སྙིང་རྗེ་ཟུང་འཇུག་པ།། ཏིང་འཛིན་གང་དུ་བསྒོམ་གྱུར་པ།། བླ་མད་དཀོན་མཆོག་བསྟན་པ་སྟེ།། དགོལ་བ་ངན་པ་བཟློག་པར་མཛད།། ཐུབ་པ་མཆོག་གིས ་བསྟན་པ་ལ།། འཛིན་དང་སྐྱོང་དང་བསྲུང་བ་གསུམ།། རྫ་ཚུངས་ཀྱིས་སྙིགས་ས་ལ།། བདག་ཏུ་འཛིན་པ་སྤོང་བར་མཛད།། སྐུ་གསུམ་ཡེ་ཤེས་ལྔ་ལྡན་པར། ་གསང་བ་ཅིག་ཏུ་བསྒྲུབ་པར་བྱ།། ཞེས་བཀའ་སྩལ་ཏོ།། གསང་བའི་བདེ་བ་ཆེན་པོ་འདིས།། དབྱིངས་ལ་རབ་ཏུ་བཞུགས་པ།། བཅོམ་ལྡན་འདས་དཔལ་ཆེན་པོ་ཧེ་རུ ་ཀ།། རྡོ་རྗེ་རང་རིག་པའི་རྣལ་འབྱོར་མའི་ཚོགས་དཀྱིལ་ཆེན་མོའི་དབུས།། སངས་རྒྱས་ཐམས་ཅད་ཀྱིས་ལྷུན་གྱིས་གྲུབ་པའི་གནས།། གསང་བ་རང་བྱུང་བླ་ན་མེད ་པའི་རྡོ་རྗེ།། རབ་ཏུ་རྒྱལ་བའི་སྙིང་པོ་མི་བྱེད་པའི།། རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ།། སྐུ་གསུང་ཐུགས་རྡོ་རྗེའི་སྙིང་པོ།། ཡེ་ཤེས་ཀྱིས་དངོས ་གྲུབ་ཅིང་བདུད་ཀྱིས་གཡུལ་ལས་རབ་ཏུ་རྒྱལ་བ་ཞེས་པའི་ཆོས་མི་ཟད་པ་ཡང་དག་པར་འབྱུང་བ་ཞེས་བྱ་བ་ལ་བསྟོན་པར་བྱེད་དོ།། རྡོ་རྗེའི་གཞི་ལ་གནས་པའི་ཆ།། ་སྟེར་གྱི་བུཾ་པ་ཁ་ཁྱེར་བསྟན།། དུས་ཀྱིས་རྒྱལ་པོ་འོད་གསལ་བ།། ཆུ་འཛིན་ཕྱོགས་ཙམ་བྱེད་ལྡན་ཉིད།། སྒྲ་དང་སྒྲ་ཡིས་ཁྱབ་པ་སྟེ།། དུ་མ་ཡིན་གནས་པའི་ཡུལ།། ་དམ་ཚིག་པ་བྱུང་བ་ལས།། རྒྱལ་བ་རིན་ཆེན་འབར་བ་རྩོ།། ཕྱོགས་དུས་མེད་པར་རང་བྱུང་བ།། ཆོས་འབྱུང་པོ་བྲང་དཀྱིལ་འཁོར་དུ།། རིགས་ཀྱིས་ཡོན་ཏན་ལྡན ་པར་ནི།། ནམ་མཁའི་རྒྱལ་མཚོ་འབྲུས་ལྡན་པ།། ཕུན་སུམ་ཆོག་པ་ལྷུན་གྱིས་གྲུབ།། མི་བྱེད་ལྡན་ཅིག་སྐྱེས་པའི་རྒྱལ།། ཕོ་བྲང་གསང་བའི་གཞལ་ཡས་ཁང་། ་མངོན། #དཀྱིལ་འཁོར་རིན་ཆེན་འཁས་གྲུབ་པ།། གེ་སར་པདྨའི་དབུས་སུ་ནི།། ཀུན་ནས་ཟླུམ་པར་འཁོར་བ་ནི།། ཚད་མེད་འཕྲེང་བས་བརྒྱན་པའི་བཀོད ་པ་དཔག་མེད་རིམས་པར་བསྟན།། རི་རབ་ལྷུན་པོ་མཆོག་འབྱུང་བའི།། དེ་ཉིད་ཀུན་ནས་ཡོངས་བསྐོར་བ།། རྒྱ་མཚོ་དང་ནི་རི་རྣམས་ཏེ།། ཤིན་དུ་མ་ཉམས་མཚུངས་པར ་འཁོར།། དེ་ཉིད་རིམས་པར་ཡོངས་སུ་བརྟན། བྱེ་བྲག་མཚུངས་མེད་དམར་ཆེན་མཚོ།། རིམ་པས་ཆུ་གཏེར་འོ་མའི་གནས།། འབྱུང་བ་བསྡུས་པའི་མི་ལུས་ཀྱིས།། ཕུང་པོ ་རུས་པའི་རོ་ལ།། ཕྱི་ནང་མཉམ་པའི་ཚད་ཅན་གྱིས།། ལྷུན་གྱིས་གྲུབ་པར་བསྟན་པ་ཡིན།། དེ་ལ་དངོས་པོ་སྣ་ཚོགས་ཀྱིས།། ཐ་དད་སྣང་བ་ཡེ་ཤེས་གཟུགས།། རང་བྱུང ་བདེ་བ་ཆེན་པོ་ཉིད།། མཉམ་པ་མེད་པ་ཀུན་དུ་འབྱུང་།། དུས་གསུམ་དེ་བཞིན་གཤེགས་པ་ཡིས།། འབྱུང་གནས་སྙིང་པོ་རྡོ་རྗེའི་བདག། རྡོ་རྗེ་དཀྱིལ་དཀྲུངས་མི་ཕྱེད་ལས། ་ཐོག་མཐའ་མེད་པའི་རང་བཞིན་ཅན།། གསང་བ་ཆེན་པོའི་རིགས་དག་པའི།། འདོད་ཆགས་རྡོ་རྗེ་བསྐུར་བསྟན་པའི།། ལྕེ་ཕྱོགས་བྱ་རྐང་རི་དང་ནི།། དཔལ་གྱིས་རི་ལ ་མདུན་ཕྱོགས་པ།། དྷ་ན་ཀ་ཐ་བར་པ་ཐ།། པདྨ་གེ་ས་ར་རྒྱས་པའི་དབུས།། ཆོས་ཀྱི་འབྱུང་གནས་རྟག་པར་གནས།། དཔལ་ལྡན་དགའ་བའི་ཁང་པ་བརྩེགས།། གསང ་བ་སྔགས་ཀྱི་རྒྱ་མཚོ་ཡིས།། མ་ལུས་རྒྱལ་བས་སྐྲོད་པའི་ཡུལ།། གསང་བ་ཆོས་ཀྱིས་དབྱིངས་ཆེན་པོ།། དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་དུ།། གླ་གློའི་ཡུལ་གྱིས ་མི་རྣམས་དང་།། ལྷ་དང་ལྷ་མིནི་དྲི་ཟར་བཅས།། གསང་ཆེན་ཡོངསུ་རྫོགས་པ་ཡིས།། རང་བྱུང་ཡེ་ཤེས་ཕོ་ཟང་དུ།། ཚངས་དབང་ཁྱབ་འཇུག་དབང་ཕྱུག་བདག ་དཀྱིལ་འཁོར་སྒོ་བཞིར་བཅུག་ནས་ཀྱང་། ཤིན་དུ་སྡུག་ཅིང་རྩུབ་པ་ཡིས།། མི་བསྲུངས་པའི་དུས་ཀྱིས་ཚེ།། དེ་ཚེ་མགོན་པོའི་བསྟན་པ་འབྱུང་།། གང་ཟག་ལ ་ཡང་གཉིས་སུ་བཤད།། སྐལ་བར་བྱ་བའི་གང་ཟག་དང་།། སྒྲོལ་བར་བྱེད་པའི་སྒྲུབ་པ་པོ་སྟེ།། དང་པོ་བསྟན་པ་འཇིགས་བྱེད་ཅིང་།། དཀོན་མཆོག་གསུམ ་ལ་སྨོད་པ་དང་།། བླ་མ་ལ་སྡང་བདག་ལ་སྤོད།། དེ་དག་ལ་སོགས་བྱ་བར་བཤད།། བསྒྲུབ་པ་པོ་ནི་རྣམ་པ་གསུབ།། ཧེ་རུ་ཀ་དཔལ་རྣལ་འབྱོར་མ། དག ་ཅིངས་སྤངས་ཏེ་ཏིང་འཛིན་གསལ།། རིམས་པ་གོ་འཕངས་ཐོབ་པ་སྟེ།། ཐུན་མོངས་སྤྱི་དང་བྱེ་བྲག་ཏུ།། དམ་ཚིག་གནས་པའི་རྡོ་རྗེ་འཛིན།། གནས་ཀྱིས ་ཁྱད་པར་འབྱུང་བ་ཡང་།། བསྙེན་པའི་དུས་དང་བསྒྲུབ་པ་དང་།། ལས་ལ་སྦར་བའི་དུས་ཤེས་པའི།། ཡིད་འོངས་དབྱེན་པར་དུར་ཁྲོད་སོགས།། བསམ ་གཏན་འཕེལ་དང་ཁྱད་པར་བྱའོ།། ཡུལ་དང་དབང་པོའི་སྤྱོད་ཡུལ་དུ།། མཐོང་བ་དང་ནི་ཐོས་པ་དང་།། རེག་པ་དང་ནི་དྲན་པ་ཡིས།། དཀྱིལ་འཁོར ་བའི་སྣང་བ་དང་།། མ་ལུས་དངོས་པོ་གང་ཤར་བ།། བདེ་བ་ཅན་དུ་ཤེས་པར་བྱ།། བསྟན་པ་ཀུན་ལས་བསྡུས་པ་ནི།། བྱང་ཆུབ་སེམས་པའི་ལམ་ལས ་མ། @#ཀྱང་།། གསང་བ་འབྲས་བུ་ལམ་དུ་བྱེད་པ།། རྡོ་རྗེ་ཐེག་པ་འདི་ཉིད་ཏེ།། བསྟན་པ་འཛིན་སྐྱོང་བསྲུང་བ་གསུམ།། འདི་ནི་ཁྱད་པར། ་བསྲུང་བ་ཡིན།། གྲུབ་པའི་མཉེས་པའི་ཏིང་འཛིན་དང་།། ཉེ་བར་བསྙེན་པའི་ཏིང་འཛིན་དང་།། དཔལ་ལྡན་ཁྲག་མཐུང་ཡེ་ཤེས་ཆེ།། རྣམ་དག་མཚན་ཉིད་ཀུན་གྲུབ ་བ།། བདེ་བའི་བསོད་ནམས་རྒྱུན་དུ་གནས་པ།། རྣམ་ངག་སྟོབས་ནི་རྒྱས་པར་བྱེད།། བསྟན་པའི་དུསུ་རང་ཉིད་ལྷའི།། ཧེ་རུ་ཀ་ནི་གནས་པ་འམ།། མདུན་དུ་བཀའ ་བསྟོད་དམ་ཚིག་གིས།། མགོན་པོ་ཕྱག་བཞི་བསྒོམ་པར་བྱ།། དེ་ནས་ཐུགས་ཁའི་རང་སྔགས་ལས།། འོད་འཕྲོས་འཁོར་བའི་བཟླས་པ་ཡིས། ཁྱད་པར ་དུ་ནི་སྒྲ་བཅས་དང་།། ཤིན་དུ་དལ་བར་བཟླས་པར་བྱ།། ཉེ་བར་བསྙེན་པའི་དུས་སུ་ནི།། བདག་ཉིད་ཧེ་རུ་ཀ་ལས་ནི།། ཧཱུཾ་བྱུང་མདུན་དུ་འཕྲོས་པ་ལས།། བསྐྱེད ་ཅིང་མཐར་ཉེ་བར་བསྡུ།། བསྒྲུ་བའི་དུས་སུ་མགོན་པོའི་རྒྱས་འདེབས་སྤྱི་བོར་ཧེ་རུ་ཀ།། དེ་ཉིད་གསངས་སྔགས་ཕྱོགས་བཅས་པ།། དེ་ཉིད་སེམས་དཔའ་སུམ ་རྩེགས་སམ།། གསང་བཞི་རྒྱལ་པོ་ཆེ།། ཆོ་ག་གསུམ་གྱིས་བསྒྲུབ་པའི་ཚུལ།། འཇིག་རྟེན་འཇིག་རྟེན་འདས་པའི་བདག། ཐམས་ཅད་བདེ་ཆེན་གནས ་པ་ལས།། དུས་གསུམ་འཁོར་ལོ་གསུམ་དུ་གནས།། རྟུལ་ཤུགས་འཛིན་པས་ཐོབ་པར་འགྱུར།། བསྒྲུབ་པ་ཆེན་པོ་བླ་ན་མེད།། ཡེ་ཤེས་མགོན་པོ་ཆེན་པོ་ཉིད།། ་ཁ་རྡོང་ལ་སོགས་ལྷ་མོ་བརྒྱད།། རིམ་པ་བཞིན་དུ་ཡོངས་སུ་བསྐོར།། དཀྱིལ་འཁོར་པོ་ཟང་དབུས་སུ་ཡང་།། དུར་ཁྲོད་དུ་ནི་མགོན་པོ་རོལ།། འཇིག་རྟེན་གསུམ་ན་རྙེད ་བའི།། དམ་ཚིག་སྤྱོད་པའི་རང་བཞིན་ནི།། རྟག་ཏུ་དྲགས་སྔགས་སྦས་པ་སྦས།། རབ་ཏུ་འབད་དེ་གསད་པར་བྱ།། འཕྲིན་ལས་ཁྱད་པར་གང་ཡིན་པ།། ལས ་ལ་སྦྱོར་བའི་རིམ་ཞེས་བྱ།། རེངས་པར་བྱེད་དང་སྐྲོང་པ་དང་།། རྨུགས་པར་བྱེད་དང་རྒྱལ་དུ་འཇུག། རྣམ་པར་རྨོངས་དང་ལྐུགས་པར་བྱེད།། དུག་གིས་འཛིན ་དང་འོན་ལོང་དང་།། རང་ཤ་ར་དྭ་ཟ་བྱེད་ཅིང་།། གཤིས་ངན་དུག་དང་ཁྲག་ཏུ་སྐྱུག། འདི་དག་དུས་མིན་འཆི་བྱེད་པ།། ལས་ཀྱིས་ཁྱད་པར་ཡོངས་སུ་བསྟན།། ་ཆར་དབབ་པ་དང་སྤྲིན་བྲལ་དང་།། ཐོག་དང་སེར་བ་དབབ་པ་དང་།། རང་ཕྱོགས་སུ་ནི་ཟློག་ཅིང་བསྲུངས།། བྱང་ཁ་བཟློག་དང་ངག་འཆིང་དང་།། ནུས་པ་གཞོམ་དང ་ཆོ་འཕྲུལ་དང་།། ཕྲན་ཚེགས་ལས་ཀྱིས་གསང་བའོ།། ཐབས་ནི་ལས་ཀྱིས་རིམ་པ་སྟེ།། རྟེན་གྱིས་གང་ཟག་འབའ་ཞིག་གིས།། དང་པོར་བླ་མ་མཉེས་པར་བྱ།། ་གཉིས་པར་དབང་བཞི་ཐོབ་པ་དང་།། གསུམ་པར་བྱིན་གྱིས་བརླབས་ནས་ནི།། བཀའ་སྒོ་རྗེས་གནང་ཚུལ་བཞིན་དུ།། མ་ནོར་འཇུག་པའི་གོ་རིམས་ཤེས།། རྟེན ་ཚུལ་ཁྱད་པར་ཤེས་པར་བྱ།། བསྟོབས་ནི་ཆོས་རྣམས་ཐམས་ཅད་ལ།། སྒྱུ་མ་ལྟ་བུར་ཤེས་པ་དང་།། ཡང་དག་བདེན་པའི་སྟོབས་ཀྱིས་ནི།། རང་བཞིན་མེད་པར་རྟོག ་@པ་འབྱུང་།། འཇུག་པ་ཐུན་མོངས་མ་ཡིན་པ།། བྱམས་པ་སྙིང་རྗེ་བྱང་ཆུབ་སེམས།། ཚད་མེད་བཞི་དང་ལྡན་པ་ཡིས།། འགྲོ་འི ་ལ་སེམས་པ་པོ།། མངོན་དུ་བྱེད་པ་ཉེར་བསྒྲུབ་ཏེ།། དུས་དང་གྲངས་མ་སྟེ།། དང་པོ་བར་དང་ཐ་མར་ཡང་།། གཙོ་བོ་དང་ནི་འཁོར་རྣམས་ཀྱིས།། གང་འགྲུབ་རབ་འབྲིང ་ཐ་མ་རུ།། རྟགས་ཀྱིས་དབྱེ་བ་བསྟན་པ་ཡིན།། རྒྱུ་ནི་ཐོགས་པ་མེད་པ་ཡིས།། རྟེན་ཅིང་འབྲེལ་པར་འབྱུང་བ་སྟེ།། མངོན་གསུམ་དུ་ནི་འབྱུང་བ་ལས།། གང་གིས ་དགག་པར་མི་ནུས་པ།། དེ་ལས་འབྲས་བུ་ཕུན་གསུམ་ཚོགས།། སྙིང་པོ་སྨིན་པ་བཞིན་དུ་འབྱུང་།། གང་དུ་ཐོགས་མེད་རྡོ་རྗེ་ཡི།། སྙིང་པོ་ཟག་པ་མེད་པའི ་དོན།། ཡང་དག་ཡེ་ཤེས་སྣང་བ་པོ།། བླ་མའི་དྲིན་ལས་ཐོབ་པར་འགྱུར།། །། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། ་གསང་བའི་རིམ་པ་བསྟན་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་དཔལ་ལྡན་བདུད་འཇོམས་པའི།། བསྒྲུབ་པ་ཡང་དག་རབ་བཤད་པ།། གསང་བའི ་མགོན་པོ་ཆེན་པོ་ཡིས།། སྦས་པའི་ཡུམ་དང་བཅས་པ་ཡིས།། གསང་བ་མཁའ་འགྲོ་མ་བཞི་དང་།། བསྟན་ཅིག་ཏུ་ནི་དགོས་པར་རོལ།། ཞལ་ཅིག་པ་ལ་ཕྱག ་བཞི་པ།། འདུལ་དཀའ་འདུལ་བའི་བའི་ནི།། ཞལ་ཅིག་པ་ལ་སྨན་གསུམ་པ།། མི་ཐུང་ཁྲོས་པ་ཨུད་པ་ལ་མདོག། འགོ་སྐྱེས་གྱེན་སྒྲེང་རྔམ་པའི་སྐ།། རེའི ་གདན་ལ་བཞུགས་མཛད་ཅིང་།། ཀླུ་བརྒྱད་བརྒྱན་གྱིས་བརྒྱན་པའོ།། ཁྲོས་པས་ཆར་སྤྲིན་ནག་པོ་ལྟར།། མེ་སྟག་ཕུང་པོ་ལྟ་བུའི།། སྤྱན་གསུམ་དྲག་པོ་ལྟ་བར ་གཟིགས།། གླང་པོའི་ཚུལ་ཅན་སྟོབས་ལྡན་པ།། སྒྱུ་མའི་དོ་ཤལ་སྤུངས་པའི།། མི་མགོ་རློན་པའི་ཕྲེང་བས་གྲུབས།། ཤིན་དུ་མི་སྲུན་སྐྱེས་པའི་སྐུ། བདུད ་འདུལ་ཆེན་པོ་ལྷའི་ལྷ།། ཉམས་ལྡན་གཟི་བརྗིད་ཕུན་སུམ་ཚོགས།། མ་རིག་མུན་སེལ་སྐྱེག་པའི་ཉམས།། རྨད་འབྱུང་ཆོས་སྒྲོགས་བཞད་པར་བསྟེན།། ཏུལ ་ཞུགས་སྤྱོད་པ་དཔའོ་སྟེ།། བདུག་པ་འདུལ་མཛད་འཇིགས་པར་བསྟོན།། ལོག་པར་སྤོང་བྱེད་གཙིགས་པའི་ཉམས།། གདུག་པ་ཚར་བཅོད་འཇིགས་པར ་བསྟོན།། ངོ་མཚར་ཉོན་མོངས་འཇོམས་མཛད་པ། ཁྲོ་ཆགས་མི་གཡོ་ཞི་བའི་ཐུགས།། གཡས་ཀྱི་དང་བེ་གྲི་ཁུག་སྣམས།། གཡོན་གྱིས་དང་པོ་ཐོད་ཁྲག་འཛིན། ་གཡས་ཀྱིས་གཉིས་པ་རལ་གྲི་འདེབས།། གཡོན་པས་ཁ་ཊྭཱཾ་འཛིན་པར་མཛད།། གསུང་གིས་ཧ་ཧ་ཞེས་སྒྲོགས་པ།། ལོག་པར་ལྟ་བ་འཇོམས་པར་མཛད།། ་སྟག་གི་ལྤགས་པའི་ཤམ་ཐབས་ཅན།། སྣ་ཚོགས་ཆུ་སྐྱེས་ཉི་མ་བཅས།། རང་བྱུང་རོལ་པའི་སྟབས་ཀྱིས་གནས།། དེའི་མདུན་ན་བརྟུམ་པ་མོ།། ལྷ་མོ་ཞལ་ཅིག། ་ཕྱག་གཉིས་མ།། མུན་པའི་མདོག་ཅན་ཞལ་ཅིག་མ།། ཕྱག་གཉིས་སྤྱན་གསུམ་ཁྲོས་ཚུལ་ཅན།། གྲི་ཁུག་ཐོད་བསྣམ་པར་མཛད།། ཡབ་ལ་ཕྱག་རྒྱ་དྲུག་གིས ་མགོན། བརྒྱན།། ཡུམ་ལ་ཕྱག་རྒྱ་ལྔའི་རྒྱས་བཏབ་གནས།། སྐུ་དང་གཉིས་མེད་འཁྲིལ་བར་བཞུགས།། མེ་འོད་འཕྲེང་བས་ཡོངས ་སུ་བསྐོར།། ཡེ་ཤེས་རྒྱ་མཚོའི་འཁོར་བསྲུངས་མ། ཤར་ཕྱོགས་མཁའ་འགྲོ་འཕྲོག་མ་དང་།། ལྷོ་ཕྱོགས་གླང་སྣམ་ཞེས་བྱ།། ནུབ་ཀྱིས་སྲིན་མོ་རལ་པ་ཅན།། ་བྱང་དུ་སའི་གཙུག་ཡིན།། གང་དུ་རྒྱ་མཚོ་རླུ་དངས་དང་།། ནག་པའི་མཆུ་དང་འདྲ་བའི་སྐུ།། མ་རུངས་འཇོམས་བྱེད་ནག་པོ་ཆེ།། འབད་པས་སྙིང་རྗེ་བསྐྱེད་པ ་ཉིད།། གསད་པར་བྱ་བ་བརྗོད་པ།། སྙིང་རྗེ་མེད་ན་མི་འགྲུབ་པས།། དེ་ཕྱིར་སྙིང་རྗེ་བསྐྱེད་པར་བྱ།། འཚམས་མེད་ལྔ་ནི་བྱེད་པ་དང་།། སངས་རྒྱས་བསྟན་པ་འཇུག ་བྱེད་པ།། ཞེས་སྡང་རིགས་ཀྱི་ཏིང་འཛིན་གྱིས།། རེ་ཤིག་ཙམ་གསད་པར་བྱ།། གཟས་པའི་ཤ་ལ་སྟག་ཏུ་རོལ།། ཀུན་དུ་བརྟུམ་པའི་ཤགས་འཆང་བ།། ཡུལ ་དང་ཡུལ་དུ་རོལ་བྱེད་པས།། ཤིང་རྣམས་ལ་ནི་གནས་ནས་ཀྱང་།། དཀྱིལ་འཁོར་ཞིང་རྣམས་སྐྱོངས་པར་བྱེད།། དུར་ཁྲོད་གནས་ཀྱིས་ཡོངས་སུ་བསྐོར།། མ་མེའི ་གནས་སོགས་ཁྱབ་པར་བྱེད།། མ་ལུས་མཆོད་པའི་ཞིང་སྐྱོང་ལ།། མེའི་ཕྱེ་མས་ཡོངསུ་སྐོར།། སྒོ་དང་མིག་གིས་ཁྱབ་པར་འགྱུར།། གཙོ་བོ་སྔགས་ཀྱི་ལུས ་ཅན་ཏེ།། བསྒྲུབ་པ་པོའི་ལུས་ལ་གནས།། དེ་དག་རིམ་པར་དུས་བསྟན་པ།། བསྒྲུབ་པའི་རྫས་རྣམས་ཁྱད་པར་ལས།། འབྲུ་ནག་གཏོར་མ་རབ་ཏུ་ཤིས།། ཤ་ཆེན ་གྱིས་ནི་བརྒྱན་པ་ཡིས།། ཚོགས་རྫས་མཆོད་པ་གུས་པས་དབུལ།། ཕྱི་ནང་གསང་བ་ཁྱད་པར་ལས།། བསྟན་པའི་ཚུལ་གྱིས་འཕྲིན་ལས་ལས།། བྱེ་བྲག་རྒྱུན ་དང་གནས་སྐབས་པ།། གྲུབ་དང་བསྒྲུབ་ལས་མངོན་དུ་འགྱུར།། དུས་རྣམས་ཀུན་དུ་ཞེ་སྡང་གིས།། རྣམ་པ་ཀུན་དུ་བཞོམ་མི་བྱ།། ཡུམ་མིན་པ་གསང་བྱས་ན།། ་རྣལ་འབྱོར་དམ་ཚིག་ལས་ཉན་ཕྱིར།། གྲུབ་པ་དང་ཡང་ཡོངས་མི་སྲིད། ཁྱད་པར་ཡེ་ཤེས་བླ་མེད་པ།། དམ་ཚིག་མགོན་པོ་བསྒྲུབ་པ་ཡི།། དམ་ཚིག་འདི་ནི་བདེ ་བར་གཤེགས་པའི་ལམ་སྦྱོང་མཛད།། བྱང་ཆུབ་སེམས་ཀྱིས་ཟླ་བ་འདི།། ཡར་ངོ་མར་ངོ་རབ་ཏུ་གནས།། ཡར་ངོ་ཡིས་ནི་བསྐྱེད་བྱེད་ལ།། མར་ངོ་ལ་ནི་འགྲིབ་པར ་བྱེད།། ཡར་ངོ་ཡི་ནི་བཅཝོ་ལྔ་ལ།། བྱང་ཆུབ་སེམས་ཀྱིས་མཁའ་འགྲོ་ཡང་།། བདེ་བ་ཆེན་པོར་འདུ་བར་མཛད།། འདི་ནི་ངེས་པའི་དོན་དུ་གསུང་།། དཀྱིལ་འཁོར ་ལྷའི་ལུས་ཉིད་ཡིན།། གཞན་དུ་ལྷ་དང་དཀྱིལ་འཁོར་ནི།། བཙལ་ཀྱང་རྙེད་པར་མི་འགྱུར་ཞེས།། འདྲེན་པ་དཔའ་འོས་རྟག་ཏུ་གསུངས།། སྐུ་གསུང་ཐུགས་ཀྱིས ་གསང་བ་ལས།། དྲག་པོ་ཀུན་གྱིས་སྲོག་གྱུར་པ།། ཡོན་ཏན་འཕྲིན་ལས་དབང་ཕྱུག་ནི།། ཕྱི་ནང་གསང་བའི་བདག་པོ་ཡིན།། སྟོན་པ་གནས་པ་རང་བཞིན་ལས།། ་འཁོར་ལོ་དགུ་བྱ་གཉིས་མེད་སྙོམས།། དང་ས་སྙིགས་ལ་ནི་རྒྱ་འབྲས་ཀྱིས།། གནས་པ་ཁྱད་པར་རྟེན་འབྲེལ་ཏེ།། འཁྲུལ་དང་འཁྲུལ་པ་མ་ཡིན་པ། ཁམས་གསུམ ་མཐོན@#ཀུན་ལས་དབང་བྱེད་པས།། འཇིག་རྟེན་ལས་དང་ཡེ་ཤེས་ཀྱིས།། མགོན་པའི་ཁྱད་པར་མངོན་དུ་འབྱུང་།། བདགས་པ་ཐ་སྙད་ཁྱབ་པ་བོ།། ་ཐུན་མོང་པར་ནི་བསྟན་པའོ།། འདི་དག་ལས་དང་སྐྱེ་བོ་ལ།། སྒྲིབ་པ་ཐུན་མོང་ལྷའི་རྭ།། དངོས་དང་རྒྱུད་པས་ལུས་བསྟན་པ།། སྲོག་དང་སྲོག་མ་ཡིན་པ་སྟེ།། རྒྱུ ་དང་སྐྱེན་དང་བསྐུལ་བ་ཡིན།། གསང་སྔགས་བཟླས་པ་མངོན་པར་བྱེད།། འདི་ནི་མངོན་དུ་འབྱུང་བའོ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། ་གསང་བ་མངོན་པར་འབྱུང་བའི་ལེའུ་སྟེ་བཞི་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། ཧེ་རུ་ཀ་དཔལ་མགོན་ཉིད་ཀྱིས།། གསང་བའི་སྤྲུལ་པ་ནག་པོ་ཆེ།། ་འདིའི་བསྒྲུབ་པའི་རིམ་བཤད་བྱ།། གསང་བ་བསྒྲུབ་པའི་ཐབས་མཆོག་ཏེ།། སྐལ་བ་ཅན་གྱིས་སྦྲན་པར་འོས།། གང་དུ་བསྒྲུབ་པའི་ས་ཕྱོགས་སུ།། མི་མཐུན ་གཡེང་བ་སྤངས་བྱས་ནས།། དེ་ནས་ནག་པོ་བསྒྲུབ་པར་བྱ།། འགྲོ་བ་ཀུན་ལ་རབ་ལྟས་ནས།། ཚད་མེད་བྱང་ཆུབ་སེམས་ཀྱིས་བློས།། སྙིང་རྗེས་ཆེན་པོ་བསྐྱེད ་བྱས་ནས།། བདེ་བའི་བསྟན་ལ་འདུག་ནས་ནི།། ལྷོར་ལྟས་སྐྲ་གྲོལ་བཅེར་བུ་ཡིས།། དང་པོར་སྐད་ཅིག་ཙམ་གྱིས་ནི།། རང་ལྷར་བསྐྱེད་པའི་སྙིང་ཁ་རུ།། ཨ་ལས ་ཟླ་བའི་དཀྱིལ་འཁོར་ཡང་།། གསིལ་ཞིང་འོད་དང་བཅས་པ་བསམ།། རང་སྟེང་རམ་ལས་ཉི་མའི་དཀྱིལ།། རྟ་བདུན་འོད་ཟེར་ཚ་བ་དང་།། མེའི་རང་བཞིན་འགྲོ ་བབསམ།། དེ་དབུས་ཡི་གི་ཧཱུཾ་ན་ག་པོ།། ཡེ་ཤེས་ལྔའི་རང་བཞིན་ཅན།། དེའི་འོད་ཀྱིས་སྣང་བ་ལས།། དཔག་མེད་ཁ་དོག་བཞི་བཅས་བསཔ།། རང་བཞིན་གནས་སུ ་འཕྲོས་པ་ལས།། བླ་མ་དང་ནི་ལྷག་པའི་ལྷ།། དཀྱིལ་འཁོར་འཁོར་བཅས་པ་དང་།། ནག་པོ་ཆེན་པོ་འཁོར་དང་བཅས།། མདུན་གྱི་ནརྣ་མཁར་བཞུགས་པ་ལ། ་སྐྱབས་སུ་འགྲོ་དང་མཆོད་པར་འབུལ།། སྡིག་པ་བཤགས་པ་ལ་སོགས་བྱ།། བཟོད་པར་གསོལ་ནས་གཤེགས་སུ་གསོལ།། དེ་རྗེས་དངོས་པོ་ཐམས་ཅད་ཀུན།། ་མ་ལུས་སྟོང་པ་ཉིད་བཞུག་ཅིང་།། ཨོཾ་ས་བྷ་ཝ་ཤུད་དྷོས་རྦ་དྷ་\ུ0f7fས་བྷ་ཝ་ཤུད་དྷེ་ཧཾ། ཨོཾ་བཛྲ་ཤུད་དྷ་སརྦ་དྷཿ་སྭ་དྷ་ཝ་ཤུད་དྷོ་ཧ~ཾ། ཨོཾ་ཡོ་ག་ཤུད་ཟློས་མ་རྣམས་བྷ་ཤུད་དྷོཿ། ་ཞེས་རྗོད་པར་བྱའོ།། ཕྱི་དང་ནང་གིས་དངོས་པོ་ཀུན།། གདོད་ནས་དག་པའི་ངང་དུ་བསམ།། དེ་ཉིད་ཧཱུཾ་དང་བཅས་པ་དང་།། ན་ད་ཙམ་དུ་གནས་པ་ལས།། ན་མཁའ་ལྟ ་བུའི་ངང་ལས་ནི།། ཚངས་པའི་གནས་གཞི་ཁྱབ་པར་བྱ།། དེ་ལས་ས་བོན་འདི་དག་ནི།། འཆང་བཞིན་པ་ལ་རིམ་པས་བསམ།། ཡམ་ལས་རླུང་གིས་དཀྱིལ་འཁོར ་དང་།། རམ་ལས་མའི་དཀྱིལ་འཁོར་དང་།། བ་མ་ཀ་མ་ནུའི་དཀྱིལ་འཁོར་དང་།། ལཾ་ལས་གསེར་གྱིས་ས་གཞི་ཉིད།། དེ་སྟེང་ཧཱུཾ་ལས་རི་རབ་དབུས།། དེ་དག་ཀྱི ་ནང་ཕྱི་རེ་བོ་ཉིད།། དེ་དག་སྟེང་གིས་ཆལ་ཡང་།། དབུས་སུ་པམ་ལས་པདྨ་ནི།། སྣ་ཚོགས་པདྨ་རྒྱ་ཆེ་བ།། ལྟེ་བར་གེ་སར་བཅས་དབུས་སུ།། ཧ་ལས་སྣ་ཚོགས་རྡོ་རྗེ་ནི།། ་འདོག་ལ་ང་ན་པར་བས།། དེ་དབུས་རཔ་ལས་ཀྱི་མལ།། རྣ་ལགིས་འོ་པས་བྱུང་བས།། ས་གའི་ས་སུས་ཛར་གྱུར། ་སྟེང་འོག་ཕྱོགས་འཚམས་རྡོ་རྗེ་དང་།། རལ་གྲི་འཁོར་ལོ་མདའ་དང་ནི།། ཕུར་བུ་ཟི་ཁྲག་ལ་ཁ།། རྡོ་རྗེ་རྩེ་ཅིག་པ་དང་ནི།། རྩེ་གསུམ་ཉི་ཤུརྩ་ལྔའི་དང་།། དུ ་རྣམ་པར་འཕྲོས་ནས་ནི།། ཤིན་དུ་རྒྱ་ཆེ་བས་པ་པར་བྱ།། བླ་རེ་རབ་ལ་སོགས་དང་ནི།། གུར་གྱིས་རྣམ་པར་འཚམས་ཅིང་བྱ།། མེ་འོང་འབར་བར་ཁྱབ་པར་འགྱུར ་འདི་དག་བསྲུང་བའི་ཁྱད་པར་རོ།། བྷྲཱུཾ་ལས་བྱུང་བའི་འཁོར་ལོ་ནི།། རྩིབས་བཅུ་པ་ནི་ཡོངསུ་འཁོར།། དེ་སྟེང་རམ་ལས་ཉི་མའི་དཀྱིལ།། དེའི་དབུས་སུ་དྷཱུ ་མཛད་དོ།། ཞལ་གསུམ་ཕྱག་ནི་དྲུག་པ་སྟེ།། རིན་ཆེན་ཀླུ་དབར་བརྒྱན་དང་ལྡན། རོལ་པས་རྣམ་པར་བགྱེབ་པར་བསམ།། རཾ་ལས་ཉི་མའི་དཀྱིལ་འཁོར ་དབུས།། དེ་སྟེང་ཧཱུཾ་བཅུ་རྣམ་པར་བསམ།། དེ་ལས་ཁྲོ་བོའི་རྒྱལ་པོ་བཅུ།། ཞལ་ཕྱིར་གཟིགས་པ་རྣམ་པར་བསམ།། ཁྲོ་བོ་དེ་དག་རེ་རེ་ཞིང་།། ཕྱོགས ་སྐྱོང་བཅུ་པོའི་གདན་ལ་ནི།། བཀུག་ནས་གཉིས་མེད་བཞུགས་པར་བསམ།། དེ་ལས་གསང་སྔགས་བརྗོད་ཙམ་གྱིས།། པུར་བུས་གདབ་དང་བདུང་བར་བྱ། ་དེས་ནི་བླ་མེད་མཆོག་དག་འགྱུར། ཁྲོ་བོ་དེ་དག་རེ་རེ་ཞིང་།། བརྟན་པར་བྱ་ཕྱིར་གསང་སྔགས་བརྗོད།། ཨོཾ་དཀར་འཁོར་ལོ་དང་བཅས་པ།། འོད་ལྡན་དེ་ལས ་སྤྲོ་བསྡུག་པས།། བཅོམ་ལྡན་རང་བཞིན་ཡངས་ཤིང་ཁྱབ།། འོད་དུ་ཞུ་ནས་གཞལ་ཡས་ཁང་།། རིན་ཆེན་སྣ་ཚོགས་ལས་གྲུབ་པ།། གྲུ་བཞི་སྒོ་དང་རྟ་བབས ་བཅས།། རྡོ་རྗེ་དང་ནི་ནོར་བུ་ཡི།། འོད་ཟེར་འཁྲུག་པའི་རྣམ་པའོ།། ཕོ་བྲང་ནང་མ་ཟླུམ་པོ་ལ།། རེ་མིག་དགུ་པ་རྡོ་རྗེས་བསྐོར།། ཕྱི་ནི་པདྨ་མུ་ཁྱུད་བཅས།། ་དེའི་ནང་ན་ཨེའི་དབྱིབས།། དྲག་པོའི་གནས་སུ་བསམ་པར་བྱ།། དབུས་མའི་ནང་དུ་ཕམ་ལས་ནི།། པདྨ་ཉི་ཟླར་བཅས་པ་བསམ།། ཨ་ལི་ཀ་ལི་འདུས་པ་ལས། ་དེ་ལས་ནམ་མཁའི་ས་བོན་ནོ།། ན་མཁའ་ལས་ནི་ཧཱུཾ་བྱུང་སྟེ།། གཉིས་མེད་བཞུགས་པས་འོད་དུ་ཞུ།། དེ་ལས་རྡོ་རྗེ་གྲི་ཁུག་བསམ།། སྐད་ཅིག་གིས་ནི་ཡོངས ་སྔོགས་པ།། ནག་པོ་ཆེན་པོ་བསམ་པར་བྱ།། ཞལ་ཅིག་ཕྱག་བཞི་འཇིགས་པའི་གཟུགས།། དཔའོ་ཆེན་པོ་རོལ་པས་བཞགས།། ཡབ་ཡུམ་གཉིས་སུ་མེད ་པར་བསམ།། དེ་ལྟར་ཡབ་ཡུམ་རྫོགས་བསྐྱེད་ནས།། མཁའ་གསད་བྱིན་གྱིས་བརླབ་བྱ་སྟེ།། སྔགས་བརྗོད་པས་ནི་དགེས་པས་བསྐྱེད།། དེ་ལས་དཀྱིལ་འཁོར ་ལྷ་ཚོགས་རྣམས།། ཡབ་ཡུམ་སྙོམས་པར་བཞུགས་པ་ལས།། ཡུམ་གྱིས་མཁའ་དབྱིངས་བདེ་ཆེན་དུ།། སོ་སོར་ཆོ་གས་བསྐྱེད་བྱས་ལ།། ཕྱི་རོལ་དུ་ནི ་རིམས་ལྔ་དབྱུང་།། དང་པོ་གཙོ་བོ་རྒྱན་དང་བཅས།། རྫོགས་པར་བྱུང་སྟེ་འདུ་སྟི་ནས།། གྱེན་དུ་ཐུགས་ཁའི་པདྨ་ལས།། མཐོན་སྟེ་འགྲོ་བའི་དོན་བྱས་ལ།། ་མ@#སླར་འདུས་རང་ལ་ཐིམ་གྱུར་པས།། དཔལ་ལྡན་སྙིང་རྗེའི་སྟོབས་སུ་གནས།། དེ་ལས་རིམ་པ་ཇི་བཞིན་དུ།། ཕྱངས་ནས་སོ་སོའི ་གདན་ལ་བཞུགས།། གཙོ་བོའི་ཕྱོགས་བཞིར་མཁའ་འགྲོ་བཞི།། ཞལ་ཅིག་ཕྱག་ནི་བཞི་པ་སྟེ།། གར་སྟབས་ལྡན་པའི་ལྷ་མོ་ནི།། གཡས་རྐྱང་བ་ཡིས་རྣམ ་པར་འབྱིང་།། དཔའ་མོ་བདེ་བའི་སྐུར་བསྐྱེད་པའོ།། འཚམས་བཞིར་ཐོད་པ་བདུད་རྩིས་བཀང་།། སྣ་ཚོགས་པདྨ་འདབ་གནས་པ།། ཉི་མ་ལ་གནས་མགོན་པ་ནི། ་ཤར་དུ་སྐུའི་མགོན་པོ་དང་།། ལྷོ་རུ་ཡོན་ཏན་མགོན་པོ་དང་།། ནུབ་ཏུ་གསུང་གིས་མགོན་པོ་དང་།། བྱང་དུ་ལས་ཀྱིས་མགོན་པོ་སྟེ།། ཐམས་ཅད་ཞལ་ཅིག་ཕྱག ་གཉིས་པ།། གྲི་ཁུག་ཐོད་ཁྲག་བསྣམས་པའོ།། སོ་སོའི་གཡོན་དུ་ཡུམ་རེ་རེ།། གཏུམ་མོ་དང་ནི་དྲག་མོ་དང་།། ཟློག་བྱེད་མ་དང་དཔའ་མོ་སྟེ།། ཞལ ་ཅིག་ཕྱག་གཉིས་བརྒྱན་དང་བཅས།། དེའི་ཕྱིའི་བུ་རང་ལ།། བདེ་འཛིན་པ་དང་ཁ་ཊ་ཁ།། བྷདྷེ་འཛིན་དང་རྒྱལ་མཚན་འཛིན།། སོ་སོའི་ཡུམ་དང་བཅས ་བ་སྟེ།། ཞལ་ཅིག་ཕྱག་གཉིས་འབར་བའོ།། དེའི་ཕྱི་རོལ་སྒོ་དང་གྲར།། ལྷ་མོ་བརྒྱད་པོ་གར་གྱིས་རོལ།། ཐམས་ཅད་ཞལ་ཅིག་ཕྱག་གཉིས་མ།། གར ་སྟབས་ལྡན་པ་བཞུགས་པའོ།། དཀྱིལ་འཁོར་ལྷ་རྣམས་རྫོགས་པ་དང་།། དེ་ནས་གཙོ་བོ་ཡབ་ཡུམ་དག། སྐོམ་པར་བཞུགས་པས་འོད་དུ་ཞུ།། དེ་ནས་ལྷ། ་མོ་བཞི་པོས་ནི།། རྡོ་རྗེ་ཚང་མེད་དབྱངས་ཀྱིས་བསྐུལ། ཨེ་བཾ་སིདྡྷི་ཨརྦུན་ནི་བྷ།། ཛ་ཏི་ཏ་མ་ཏྲི་བྷ་མ་མོ་ཀ་མ། ས་ཎི་ས་ས་ས་ཎི་གྷ་མ་ནས།། རི་བྷ་མོ་དུ་ཡ་ཏེ་བ་རིར ་ས་རི་རི་ཤ་ནི་ཤ།། མ་ཏ་མ་ཨ་དྷ་མ་ས་ས།། ཤུ་ཏི་ནི་ས་སཱ་ས་སཱ།། ས་ནི་ས་རི་ར་གྷ་གཱ་མ་ཨ་གྷི།། ཨ་ར་མ་དྷ་ཡ།། ས་སཱ་ས་སཱ་མ་ཡ། ཨ་ས་ས་དྷེ་ན་མ་ཨ་ཨི། དེ་ལྟར་བསྐལ ་བར་གྱུར་པ་ལས།། དེ་ལྟར་ཉེ་བར་གནས་ནས་ནི།། ཐུགས་རྗེའི་ངང་ལས་བཞེངས་མཛད་ཏེ།། ནག་པོ་གསང་བའི་ཡུམ་དང་བཅས།། ཤིན་དུ་འཇིགས་ཤིང་འབར ་བའི་སྐུ།། བདུད་འདུལ་ཆེན་པོ་བརྒྱན་དང་བཅས།། སྤྲོ་བ་དང་ནི་བསྡུ་བར་མཛད།། དེ་ཉིད་བརྟན་དང་མཉེས་པར་བྱ།། སྐུ་གསུང་ཐུགས་ནི་རྒྱས་གང་བཅིང་།། ཡེ་ཤེས ་བཞུག་དང་དབང་བསྐུར་དང་།། བྱིན་གྱིས་བརླབས་དང་མཆོད་པ་དང་།། སྔགས་ཀྱིས་རྟེན་བྱེད་བཟླས་པ་བྱ།། བདུད་རྩི་མྱང་དང་བསྟོད་ཅིང་བསྐུལ།། ཏིང་འཛིན་དོན ་བསམ་ཉེ་བར་བསྡུ།། དེ་ནས་ལྡང་བར་གྱུར་པ་ན།། གཉིས་པ་རྣམས་ཐམས་ཅད་ཀུན།། སྐད་ཅིག་གིས་ནི་རྫོགས་བྱ་སྟེ།། དེའི་ངང་ལ་ཏིང་འཛིན་དང་།། གསང་བ་ཁྱད ་པར་རྫོགས་པར་བྱ།། རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ།། རྟོག་པ་དག་པའི་ཐབས་མཆོག་ལྡན།། རྣམ་རྟོག་རང་བཞིན་ཡོངས་ཤེས་ན།། དེ་ཉིད་ཐོབ་ཏུ་མེད་པ་སྟེ། ་བདེ་བ་ཆེན་པོ་ཡང་དག་འབྱུང་།། ཆགས་པ་མེད་པས་ཀུན་དུ་སྤྱད་། འདི་དེའི་རང་བཞིན་རྣལ་འབྱོར་པ།། རིག་མ་རྣམས་ལ་རོལ་བྱེད་ནའང་།། དེ་ཉིད་ཤེས་ལ་བཅིང་མེད ་ཏེ།། རྣམ་པར་རོལ་པའི་རྒྱཚུལ་མཆོག་གོ།། ། དཔལ་མགོན་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། གསང་བ་ལྷའི་གནས་མངོན་པར་འཇུ ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་ཡང་བ་ཤང་བྱ་བ།། གང་དུ་སྔགས་ཀྱིས་ཡིག་གེ་དང་།། བཟང་པོའི་སྔགས་ཀྱིས་ཕྲེང་བ་ནི།། རྫ་སྔགས་བཅིངས་པ་ལས་ཤེས་བྱ། ་རེ་མིག་བདུན་པའི་གྲངས་ཀྱིས་ནི།། ཀུན་ནས་མཉམ་པར་བགོད་པར་བྱ།། མཁས་པས་དབྱངས་དང་གསལ་བྱེད་ནི།། སྡེ་ཚན་རིམས་པས་ཕྱེ་བ་ཉིད།། ཀུན་ནས་བསྐོར ་བའི་ཚུལ་གྱིས་ནི།། རིམ་པ་བཞིན་དུ་བཏུ་བར་བྱ།། སྡེ་ཚན་དྲུག་པའི་ལྔ་པ་ནི།། ཧའི་འོག་ན་གནས་པ་བླང་།། ཨུ་མ་ནའི་བཞི་པ་ཉིད།། ཝ་འོག་གནས་པ་དེ་ཉིད་དེ།། སྡེ ་ཚན་གཉིས་པའི་དང་པོ་སྟེ།། སའི་སྟེང་ན་གནས་པ་བླང་།། ཨ་དྷ་ར་ཏའི་གསུམ་པ་སྟེ།། ཡིའི་སྟེང་མ་ཡང་དག་བླང་།། སྡེ་ཚན་བརྒྱད་པའི་བཞི་པ་ནི།། མའི་སྟེང་ན་གནས ་པ་ལ།། སྡེ་ཚན་དང་པོའི་གཉིས་པ་ཉིད།། ཉིའི་འོག་ན་གནས་པ་སྦྱར།། སྡེ་ཚན་དང་པོའི་ལྔ་པོ་སྟེ།། ཌའི་འོག་ན་གནས་པ་སྦྱར།། སྡེ་ཅན་དང་པོའི་བཅོ་ལྔ་པ།། དྷའི ་སྟེང་ན་གནས་པའི།། ཟླ་ཚེ་ཐིག་ལེས་བརྒྱན་པར་བྱ།། སྡེ་ཚན་དང་པོའི་བཅུ་བཞི་པ།། དའི་སྟེའི་མའི་ཡིག་གེ་ལ།། དབྱངས་ཀྱིས་བརྩེ་ལྔ་པ་ཡིན་ཏེ།། དྷའི་སྟེང་ནས ་བརྒྱན་པར་བྱ།། དེ་ཉིད་ཐོག་མར་སྦྱིན་བྱ་ཡིན།། སྡེ་ཚར་དྲུག་པའི་གཉིས་པ་ཉིད།། ནའི་འོག་ན་གནས་པ་སྟེ།། བཞི་པ་ཡིས་ནི་ཐོག་མ་གང་།། རི་འོག་མ་སྦར་བྱ་སྟེ། ་ཐ་བར་བྱུང་བའི་དྲུག་པོ་དེ།། ཐ་མར་བྱུང་བའི་དྲུག་པ་དེ།། འདི་ཡིད་བཞིན་ནོར་བུའི་སྟེར།། ཆའི་སྟེང་ན་གནས་པ་གང་།། རྩཝའི་འོག་མ་རྣམ་པར་ཐང་།། རྔའི་སྟེང ་མས་རྣམ་པར་བརྒྱན།། ཧའི་འོག་ན་གནས་པ་དང་།། ཝའི་འོག་མ་བཟུང་བར་བྱ།། པའི་སྟེང་མ་ཉིད་དུ་བྱ།། ཡའི་སྟེང་ན་གནས་པའི་ལས།། ཉི་སྟེང་མས ་ལས་ཀུན་བྱེད།། མའི་སྟེང་གནས་ཡི་གེ་ཉིད།། རེ་འོག་མ་སྦྱར་བྱས་ལ།། ཉིས་འགྱུར་དུ་དྷའི་སྟེང་མས་བརྒྱན།། ཅའི་སྟེང་ན་གནས་པ་ལ།། ཨའི་སྟེང་མ ་དྲུང་དུ་བཞག། འདི་ནི་དངོས་གྲུབ་འབྱུང་བའི་གནས།། དིའི་སྟེང་མའི་ཡི་གེ་ལ།། དྷའི་སྟེང་མས་ཡང་དག་བརྒྱན།། རིགས་བྱེད་མངོན་གསུམ་དང་བོར་ནས།། ་མ་ལུས་ཡེ་ཤེས་སྐུར་གྱུར་པའོ།། ཤའི་འོག་ན་གནས་པ་ལ།། དྷའི་འོག་མའི་ཡིག་གེ་དང་།། ཤའི་འོག་ནས་རབ་སྦྱིན་བྱ།། སའི་སྟེང་མས་ཡང་དག་བླང་།། ཐའོ།། ་ཌ་འོག་བསྟན་དུ་བྱ།། ཙ་སའི་བར་གནས་ཡི་གེ་དང་།། ཛྷའི་གོང་མ་མ་བདག་པོ་དེ།། ས་ཡ་བར་ན་གནས་པ་བཟུང་། ཁ་དང་མའི་བར་གནས་པ།། ཏའི་འོག་མཿ ་སྟེང་ལྡན།། མའི་སྟེང་མ་རི་འོག་སྦྱར།། ཐིག་ལས་བརྒྱན་པ་གཉིས་འགྱུར་སྦྱར།། ཅའི་སྟེང་ན་གནས་ལ།། ཨའི་སྟེང་མས་བརྒྱན་པར་བསྲུངས།། འདི་ནི ་སྦས་པའི་སྙིང་པོ་སྟེ།། རང་སྲོག་ཡི་གེ་ར་གསང་བའོ།། དའི་སྟེང་མའི་ཡི་གེ་ལ།། དྷའི་སྟེང་མས་བརྒྱན་པར་བྱ།། སངས་རྒྱས་ཀུན་གྱིས་ཡེ་ཤེས་ཆེ།། སྙིང་པོ ་མངོན་བཟླས་པའི་རིམ་པ་སྟེ།། བཀྲ་ཤིས་པ་ནི་ཐོག་མར་སྦྱར།། ནའི་སྟེང་མ་ཡང་དག་རྒྱལ།། ཛྷའི་འོག་མ་དྷ་སྟེང་སྦྱར།། ཐིག་ལེན་དས་བརྒྱན་པར ་བྱ།། ཎ་འོག་དྷ་སྟེང་མགོ་བོར་སྦྱིན།། འདི་ལས་མ་སྟེང་རི་འོག་ལྡན།། ཐིག་ལེ་ཟླ་ཚེས་དག་གིས་བརྒྱན།། ཙའི་སྟེང་ན་གནས་པ་ལ།། རའི་འོག་མ་དྲུང་དུ་སྦྱིན།། བྷ ་སྟེང་གནས་པ་ཐ་འོག་སྦྱར།། ཉའི་འོག་མ་ཡང་དག་ལྡན།། ས་ཡ་བར་གནས་ཉ་འོག་སྦྱར།། འདི་ནི་གསང་བའི་བཟླས་པ་སྟེ།། བྱ་བ་སྟོབས་ལྡན་ཉིད་ཡིན་ནོ།། ་གང་དུ་མངོན་པར་ཕྱོགས་པ་ཡིས།། དཔལ་ལྡན་ནག་པོ་ཆེན་པོ་ཡིས།། གསང་སྔགས་མཆོག་ཏུ་གྱུར་པ་ཡིས།། སྟོང་ར་རྒྱ་བ་བཅུ་འགྱུར་གྱིས།། རིགས་ནི་དམ ་པའི་ས་ལ་གནས།། ཐོབ་པ་ཡུལ་དང་ཡུལ་དུ་གནས།། པའི་སྟེང་མ་དང་པོར་བླང་།། ཧའི་འོག་མ་བླང་བྱས་པ།། ཐའི་སྡེང་མ་སྦྱིན་པར་བྱ།། ཊའི་སྟེང་མའི་དྲུང ་གནས་སུ། ཤའི་ཐོག་མས་རྟེན་པར་བྱ།། པའི་སྟེང་མ་བཏུ་བར་བྱ།། ལའི་སྟེང་མའི་ཡི་གེ་ལ།། ཏྲའི་སྟེང་མ་བསྟན་དུ་བྱ།། ཉའི་སྟེང་མ་ཉིས་འགྱུར་ལ། ་ཕྱི་མ་ཉིའི་འོག་མས་བརྒྱན།། ཨིའི་འོག་གྱུར་བཏུས་པ་ལ།། ཤའི་སྟེང་མ་དྲུང་དུ་སྦྱར།། ལའི་འོག་མ་བརྒྱན་དུ་བྱས།། ཉའི་འོག་མ་སྦྱིན་པར་བྱ།། ཨོའི་འོག ་ན་གནས་པ་ལ།། ཉིའ་འོག་མས་བརྒྱན་པར་བྱ།། དེའི་སྟེང་མར་གནས་པ་ལ།། ཐིག་ལེ་ན་ང་དག་གིས་བརྒྱན། དེའི་འོག་མའི་ཡི་གཽ་ལ།། ཨུའི་སྟོང་མ་སྤྲིན ་པར་བྱ།། ཚའི་སྟེང་ན་གནས་པའི་གང་།། བྷའི་འོག་མ་རྣམ་པར་བླངས།། ཌའི་སྟེང་མས་བརྒྱན་པར་བྱ།། ཧའི་འོག་ན་གནས་པ་དང་།། ཝའི་འོག་མ་བཟུང་བར། ་བྱ།། སའི་སྟེང་མ་ཉིད་བཏུས་ལ།། ཡའི་སྟེང་ན་གནས་པ་ལ།། ཉི་འོག་མས་དེ་ལ་བརྒྱན།། ཉའི་སྟེང་མ་ཀུན་གྱིས་རྟེན།། སའི་སྟེང་མ་བླང་བར་བྱ།། བྷའི་སྟེང ་ན་གནས་པ་ལ།། ལའི་འོག་མས་སྦྱིན་པར་བྱ།། པའི་སྟེང་མ་ཉིད་དེ་བླང་།། དྷའི་འོག་མ་ང་སྟེང་དང་།། སའི་སྟེང་ན་གནས་པ་ལ།། ཨཱུའི་སྟེང་མ་ཡང་དག་བླང་།། ཨེའི ་འོག་གནས་ཡི་གེ་ལ།། དྷའི་སྟེང་མ་མགོ་བོར་སྦྱིན།། ལ་ཐ་བར་གནས་ས་ལ་ཡང་།། ཎའི་སྟེང་མས་བརྒྱན་པར་བྱ།། བ་སྟེང་ཐིག་ལེ་ན་དས་བརྒྱན།། ཛཱ་འོག ་གནས་པའི་ཡིག་གེ་ལ།། ང་སྟེང་སའི་སྟེང་མ་དང་།། ཕ་འོག་དེའི་འོག་མས་བརྒྱན།། ཛྷའི་གོང་ན་གནས་པ་དང་།། མའི་སྟེང་དང་ས་སྟེང་བཅས།། ཡའི་སྟེང ་མ་ཉིད་དང་ལྡན།། ཛྷ་འོག་ཉིད་སྟེང་མ་ལ།། དྷའི་སྟེང་མས་མགོ་བོར་བརྒྱན།། ཌའི་འོག་མ་ཤ་སྟེང་ལྟན།། ཐིག་ལེ་ན་ངས་བརྒྱན་པའོ།། ཌའི་སྟེང་མའི ་རྩ་ཉིད་དུ།། ཤའི་ཐོག་མས་བརྟེན་པར་བྱ།། པའི་སྟེང་མས་བཏུ་བར་བྱ།། ལ་སྟེང་གནས་པ་ཁ་སྟེང་སྦྱར།། ཉའི་སྟེང་མས་གཉིས་འགྱུར་བྱ།། ཕྱི་མ ་ཉའི་འོག་མས་བརྒྱན།། དབྱངས་ཡིག་དང་པོ་ཀ་འོག་ཅན།། ན་སྟེངས་གནས་པ་ཉིད་དང་ཡང་།། ཨུ་སྟེང་གནས་པ་ཡང་དག་བཅས།། པེ་སྟེང་གནས ་མགོནཔ་ཐིག་ལེག་བརྒྱན།། ཉིའི་སྟེང་ན་གནས་པ་ལ།། ཨེའི་འོག་ནན་ཁ་མཐུན་གནས།། ཊའི་འོག་མ་མགོ་བོར་སྦྱིན།། ང་སྟེངས་ག ་བ་ཎ་ལོག་སྦྱར།། ལ་སྟེང་གནས་པ་ཎ་མགོམ་བཅས།། ས་འོག་ཟུར་གནས་བསྒྱུར་བར་བྱ།། བྷའི་འོག་མའི་ཡི་གེ་ལ།། མ་སྟེངས་གནས་པ་བསྟན་དུ་བྱ།། ཤ་འོག ་དྷཱའི་སྟེང་མར་སྦྱར།། ཎ་འོག་གནས་པའི་ཉིད་དྲུང་སྟེ།། བྷ་སྟེང་ཏྲའི་འོད་མས་བརྒྱན།། ཤ་སྟེང་དྲུང་དུ་སྦྱིན་པར་བྱ།། ལ་སྟེང་ཤའི་ཐོག་མ་ལ།། ཕྱི་མཉ་འོག ་གནས་པས་མཛེས།། ཊ་འོག་ཤ་ཐོག་ཐིག་ལེས་བརྒྱན།། ཤ་ཐོག་རིའི་འོག་མས་བརྒྱན།། བ་ཐོག་ལ་སྟེང་གནས་པར་སྦྱར།། དེ་ལ་ཉ་འོག་སྦྱིན་པར་བྱ། ་བྷ་སྟེང་གནས་པ་ལ་ཐོག་ལྡན།། ཉ་འོག་དག་གིས་ཡང་དག་མཛེས།། ཀ་ག་པར་གནས་ས་ཉིད་ལ།། ཉེས་འགྱུར་དུ་ནི་བསྡུ་བར་བྱ།། གྷ་སྟེང་གནས་པ་དེ་ཉིད ་ལ།། ཉ་འོག་བརྒྱན་པ་ཉིད་དུ་བྱ།། མའི་ཐོག་མ་ཊ་འོག་བཅས།། ག་སྟེང་གནས་པ་ཉིད་དང་ནི།། ཝ་འོག་གནས་པ་ཐེ་འོག་སྤྲིན།། ཧ་འོག་ཊིའི་འོག་མར་བསྟན།། ་དེའི་ཉིས་འགྱུར་ཤེས་པར། ཁའི་ཁོག་མིན་ཡི་གེ་ལ།། ཨུ་རི་བར་གནས་སྦྱར་བར་བྱ།། མ་སྟེང་བ་གོང་འོག་ཏུ་སྦྱིན།། འདི་ནི་ཉིས་འགྱུར་ཤེས་པར་བྱ།། ཆའི་སྟེང ་མ་པ་ཐོག་དྲུང་།། ཤའི་ཐོག་མ་དྲུང་དུ་གནས།། དེ་ཉིད་ཟུར་དུ་བཏུ་བར་བྱ།། མ་སྟེང་གནས་པ་ཐོག་དྲུང་།། ཉིས་འགྱུར་རིམ་པར་ཤེས་པར་བྱ།། ཤ་ཐོག་གནས་པ ་ཝ་ཐོག་དྲུང་།། ལན་གཉིས་སུ་ནི་བརྗོད་པར་བྱ།། ཀ་འོག་གནས་པ་པ་བསྟན་པ།། པ་འོག་བསྟན་དུ་བྱས་པ་ཉིད།། ཉིས་འགྱུར་དག་ཏུ་ཤེས་པར་བྱ།། བྷ་སྟེང་གནས ་ཕཊ་སྟེང་དྲུང་།། ཤའི་འོག་མ་བསྟན་དུ་བྱས།། ཤ་སྟེང་ཊའི་འོག་མས་བརྒྱན།། དྷ་འོག་ཨི་ཐོག་བསྟན་དུ་སྦྱར།། པའི་སྟེང་མ་དྲུང་དུ་བཞག། ཏིའི་འོག་མ་ཎ་ལོག་ལྡན། ་པ་ཐོག་དྲག་པོར་འགྱུར་བའོ།། ཤ་སྟེང་ཐའི་འོག་མས་བརྒྱན།། འདི་ཉིད་རིམ་པ་མངོན་སྤྱོད་པའི།། མ་ར་ཡ་ཡི་ཐོག་མར་སྦྱར།། མའི་སྟེང་གནས་རི་འོག་སྦྱར།། ཉིས ་འགྱུར་ཐིག་ལེན་དས་བརྒྱན།། ཙའི་སྟེང་ན་གནས་པ་ལ།། ཨེའི་སྟེང་མས་བརྒྱན་པ་དྲུང་།། བྷ་ཐོག་ཐ་འོག་གནས་པ་སྦྱར།། དེ་ལ་ཉིའི་འོག་མས་བརྒྱན།། མ་སྟེང ་གནས་པ་ཉ་འོག་ནི།། ཡང་དག་བསྟན་དུ་བྱས་པའོ།། འདི་ནི་དྲི་མེད་བདེ་བའི་གཏེར།། སྙིང་པོ་གསང་སྔགས་འདི་ཉིད་ནི།། གང་དུ་གནས་པའི་ས་ཕྱོགས་སུ།། ནག ་པོ་ཆེན་པོ་འཁོར་དང་བཅས།། མ་ལུས་ཞིང་སྐྱོངས་འཁོར་དང་བཅས།། དུར་ཁྲོད་རོ་ལ་ལྕེ་སྤྱང་དང་།། ཤ་ཟའི་ཚོགས་རྣམས་འདུ་བ་བཞིན།། ངེས་པར་འདུ་བར ་བྱེད་པ་སྟེ།། བསྟན་པ་རྒྱ་མཚོ་བསྲུང་བྱེད་པའོ།། དཔག་ཚད་བརྒྱ་ཁྲིའི་བར་དུ་ནི།། དེའི་བགེགས་རྣམས་མ་ལུས་པ།། ཏིལ་འབྲུ་ཙམ་དུ་བྱེད་པར་ཟད།། སྙིང་པོ ་འདི་ནི་ཟློས་བྱེད་ཅིང་།། གང་དུ་ཉི་མ་ཅིག་ཏུ་ཡང་།། མ་ཚད་མངོན་པར་བསམ་པ་ཡིས།། ཧེ་རུ་ཀ་དཔལ་རྣལ་འབྱོར་ལ།། འཇིགས་པ་ཀུན་ལས་བསྲུང་བ་དང་།། ཞི་བ ་མངོན@#དང་ནི་རྒྱས་པ་དང་།། དེ་བཞིན་དབང་དང་མངོན་སྤྱོད་ལ།། ཐོགས་པ་མེད་པ་འགྲུབ་པར་འགྱུར།། ཇི་སྲིད་མཚན་མ་མ་བྱུང་གིས།། བར ་དུ་འབེད་དེ་བསྒྲུབ་པར་བྱ།། མཚན་མ་བྱུང་ནས་བླ་མ་ཡིས།། མན་ངག་བཞིན་དུ་ལས་ལ་སྦྱར།། །། དཔལ་མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། ་གསང་བ་སྔགས་ཀྱིས་ལེའུ་སྟེ་དྲུག་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། ཡང་དག་ཡེ་ཤེས་བསྐྱེད་པ་པོ།། གདུག་པ་མ་ལུས་འདུལ་མཛད་པ། ་རྟུམ་པོ་དེའི་གསང་བའི་ཡུམ།། ལྷ་མོ་བཞི་དང་བཅས་པ་ཡི།། གསང་སྔགས་བསྡུ་བ་བཤད་པར་བྱ།། དབྱངས་ཚིག་བཅུ་བཞི་པ་དག་ལ།། ཐག་ལེ་ན་དང ་རྣམ་པར་བརྒྱན།། རིགས་བྱེད་མངོན་དུ་དང་པོར་གནས།། དྲུག་པ་ཡི་ནི་ལྔ་པ་དང་།། མཐར་གནས་པའི་བཞི་པ་དང་།། གཉིས་པ་ཡི་ནི་དང་པོ་ཉིད།། ཨ་དྷར ་ཐའི་གསུམ་པ་སྟེ།། དང་པོའི་གསུམ་པ་ཐོག་ཏུ་སྦྱིན།། ལྔ་པའི་ལྔ་པ་གསུམ་པས་བརྒྱན།། གཉིས་པ་ཡིས་ནི་དང་པོ་ལ།། ཨ་དྷར་ཐའི་གཉིས་པ་བསྟན། ་དབྱངས་ཀྱིས་བཅུ་གསུམ་པ་ཡིས་བརྒྱན།། དྲུག་པ་ཡིས་ནི་དང་པོ་དང་།། དབྱངས་ཀྱི་དགུ་པ་གནས་དེར་བཞག། གཉིས་པ་ཡིས་ནི་དང་པོ་དང་།། ཨ་དྷར ་ཐའི་གསུམ་པ་དང་།། དེ་ཉིད་ཀྱིས་ནི་གཉིས་པ་དང་།། ལྔ་པ་ཡི་ནི་དང་པོ་ལ།། དབྱངས་ཀྱིས་བདུན་པས་སྟེང་འོག་སྤྲིན།། ལྔ་པ་ཡི་ནི་ལྔ་པ་ལ།། དབྱངས ་ཀྱིས་གསུམ་པ་མགོ་བོར་སྦྱིན།། གསུམ་པ་ཡིས་ནི་དང་པོ་ལ།། དྲུང་དུ་ལྔ་པའི་ལྔ་པ་སྦྱར།། ལྔ་པའི་བཞི་པ་དག་དང་བཅས།། དང་པོའི་དང་པོའི་དྲུང་དུ་ནི།། ་གཉིས་པའི་གསུམ་པ་སྦྱར་བ་དང་།། མཐར་གནས་ལས་དང་ཕྱི་མ་ཡིས།། དེ་ལ་དབྱངས་ཀྱིས་གསུམ་པས་བརྒྱན།། ཨ་དྷ་ར་ཐའི་དང་པོ་ལ།། དབྱངས ་ཡིག་བཅུ་གཅིག་པས་བརྒྱན།། བརྒྱད་པ་ཡིས་ནི་བཞི་པ་ལ།། དབྱངས་ཡིག་དྲུག་པ་དག་གིས་བརྒྱན།། ཐིག་ལེ་ན་དས་བརྒྱན་པའོ།། དྲུག་པ་ཡིས་གཉིས་པ་ཉིད།། ་བཞི་པ་ཡིས་ནི་ཐོག་མ་སྦྱར།། འདི་ནི་གསང་བའི་གཏུམ་པ་མོ།། དྲག་ཅིང་ཤིན་དུ་ཆེར་འཇིགས་བྱེད།། ཡིད་བཞིན་ནོར་བུ་རིགས་འཛིན་གཏེར།། དཀྲ་ཤིས་པ་ནི ་ཐོག་མར་བཞག། མཐར་གནས་པའི་བཞི་པ་ལ།། དབྱངས་ཡིགེ་བདུན་པ་སྟེང་འོག་སྦྱར།། ཐ་གི་ལེ་ན་ངས་མཛེས་པ་ཡིན།། ཨུ་མས་ཤའི་བཞི་པ་ལ། དབྱངས ་ཡིག་དྲུག་པ་དང་སྦར་པ།། ཨ་དྷ་ར་ཐའི་གཉིས་པ་སྦྱར།། ཐིག་ལེ་ན་ངས་མཛེས་པར་བྱས།། གཉིས་པའི་དང་པོ་བླང་བྱས་ལ།། དབྱངས་ཀྱིས་དགུ་པ་བླངས་པ ་ཉིད།། དྲུག་པ་ཡིས་ནི་ལྔ་པ་ལ།། དབྱངས་ཡིག་བཅཝོ་ལྔ་པས་བརྒྱན།། གཉིས་པའི་ལྔ་པར་གནས་པའོ།། མཐར་གནས་པ་ཡིས་གསུམ་པ་དང་།། ལྔ་པ་ཡིས ་ནི་ལྔ་པ་དང་།། དྲུག་པ་ཡི་ནི་བཞི་པ་ལ།། ཕྱི་མ་ཡི་ཡངས་བཞི་པ་ལ།། ལྔ་པ་ཡི་ཡང་ལྔ་པ་ལ།། དབྱངས་ཀྱིས་གསུམ་པས་བརྒྱན་པར་བྱ།། དང་པོ་ཡི་ནི་དང ་མགོན། པོ་ལ།། དྲུག་པ་ཡི་ནི་ལྔ་པ་ལ།། དབྱངས་ཀྱིས་ལྔ་པས་བརྒྱན་པར་བྱ།། གཉིས་པ་ཡི་ནི་དང་པོ་དང་།། མཐར་གནས་པའི་གསུམ་པ་ལ། ་ཨ་དྷ་ར་ཐའི་དང་པོ་སྦྱར།། མཐར་གནས་པའི་གསུམ་པ་ལ།། བདུན་པ་ཡིས་ནི་གཉིས་པ་དང་།། དྲུག་པ་ཡིས་ནི་གསུམ་པ་སྦྱར།། ལྔ་པ་ཡིས་ནི་ལྔ་པ་དང་།། དབྱངས ་ཀྱིས་དགུ་པའི་ཡི་གེ་ལ།། ལྔ་པའི་གསུམ་པ་བདགས་པར་བྱ།། ཨུ་མ་ཤའི་གསུམ་པ་ལ།། ལྔ་པའི་དང་པོ་སྦྱར་བར་བྱ།། ཐིག་ལེ་ན་ངས་ཡང་དག་བརྒྱན།། དྲུག་པ་ཡིས ་ནི་གསུམ་པ་དྲུང་།། ཨ་དྷ་ར་ཐའི་དང་པོ་སྟེ།། ཡིག་གེ་གསུམ་གྱིས་བདག་ཉིད་ཀྱིས།། ཉིས་འགྱུར་དག་ཏུ་སྦྱར་བར་བྱ།། ཨུ་མས་ཤའི་བཞི་པ་ལ།། དང་པོའི་དྲུག་ལ་དང ་སྦྱར་བ།། ཨ་དྷ་ར་ཐའི་གཉིས་པར་སྦྱར།། ཐིག་ལེ་ན་དས་བརྒྱན་པར་བྱ།། འདི་གསང་བའི་ཡུམ་དག་གིས།། སྙིང་པོ་སྤྲས་པ་མཆོག་གྱུར་པ།། ལྷ་མོ་ནག་མོ་ཡེ་ཤེས ་ཆེ།། སྔགས་ནི་དྲག་ཅིང་བསྡུད་བྱེད་པའོ།། དེ་ནས་ཡེ་ཤེས་ལྔ་ལྡན་པའི།། རིགས་བྱེད་མངོན་གསུམ་དང་པོར་བཞག། དྲུག་པ་ཡི་ནི་ལྔ་པ་དང་།། མཐར་གནས་པ་བཞིན ་པ་དང་།། གཉིས་པ་ཡི་ནི་དང་པོ་ཉིད།། ཨ་དྷ་ར་ཐའི་གསུམ་པ་སྟེ།། དང་པོའི་གསུམ་པ་ཐོག་ཏུ་སྦྱིན།། དང་པོའི་བཅུ་དྲུག་པ་མཐར་བྱ།། མཐར་ནི་ཧཱུཾ་ཕཊ་སྦྱར་བར་བྱ།། ་སྡེ་ཚན་གཉིས་པའི་དང་པོ་དང་།། ཨ་དྷ་ར་ཐའི་གཉིས་པར་སྦྱར།། དང་པོའི་དགུ་པ་བླངས་པ་ཉིད།། དྲུག་པ་ཡིས་ནི་ལྔ་པ་ལ།། ཐིག་ལེ་ན་དས་བརྒྱན་པའོ།། གཉིས་པ་ཡི་དང ་འདུན་ཡི་ནི་གཉིས་པ་སྦྱར། ་པོ་ལ།། དྲུང་དུ་དེ་ཉིད་ལྔ་པ་སྦྱར།། གཉིས་པའི་དང་པོ་དེ་ཉིད་དང་།། དབྱངས་ཀྱིས་དགུ་པ་སྦར་བར་བྱ།། མཐར་གནས་པའི་བཞི་པ་ལ།། བདུན་པ་ཡིས་ནི་གཉིས་སུ ་སྦྱར།། དེ་ལ་ཐིག་ལེ་ནདས་བརྒྱད།། གཉིས་པ་ཡི་ནི་དང་པོ་ལ།། ཨ་དྷར་ཐིའི་གསུམ་པ་དང་།། ལྔ་པའི་དང་པོ་ཉིད་ལ་ཡང་།། དབྱངས་ཀྱིས་བདུན་པ་སྟེང་འོག་སྦྱར།། ་བདུན་པ་ཡིས་ནི་གཉིས་པ་ལ།། ཐིག་ལེ་ན་ངས་མཛེས་བྱས་པའོ།། འདི་དག་ཀུན་གྱིས་ཐོག་མ་དང་།། ཐ་མར་ཡང་དག་བརྟེན་པར་བྱ།། འདི་ནི་ཌ་ཀི་བཞི་བདག་གིས།། ་སྙིང་པོ་སྦས་པ་མཆོག་ཏུ་གསུམང་།། ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། གསང་སྔགས་རིམ་པར་བསྟན་པའི་ལེའུ་སྟེ་བདུན་པའོ།། ་དེ་ནས་གཞན་ཡང་བཤད་བྱ་བ།། གསང་བ་སྔགས་ཀྱིས་འཁོར་ལོ་ལས།། ལྷའི་འཁོར་ལོ་བརྒྱ་མཚོ་འདི།། ལན་ཚྭ་ཆུ་རྒྱུན་འབབ་པའི་དང་།། གངས་ཀྱིས་ཐིགས་པ ་བདུད་རྩིའི་ཆུ།། མེ་ཏོག་མདངས་གསལ་སྙིང་པོ་ཡིས།། གེ་སར་ཟེ་འབྲུ་ལྡན་པ་ལ།། འདབ་རྒྱས་ཡེ་ཤེས་ཉི་ཤ་ར་བས།། རང་གྲོལ་མདངས་འབར་རབ་ཏུ་རྒྱས།། ་རྡོ་རྗེ་རིན་ཆེན་རལ་གྲི་དང་།། འཁོར་ལོ་འབར་བའི་རྩིབས་དག་ལས།། འཁོར་བའི་རྒྱུན་ལ་འོད་ཟེར་འཕྲོ།། སྟེང་འོག་དག་ལས་རིམ་པ་ནི།། འཁྲུག་ཅིང་གཅོད ་པའི་གྲི་ཁུག་གིས།། ལས་དང་འཕྲིན་ནས་རང་བྱུང་དུ།། བྱེད་ཅིང་སྤྲུལ་པའི་ལས་གྲུབ་པ།། ཕྱི་ནང་གསང་བའི་རིམས་བཞིན་དུ།། དབབ་དང་སྔགས་པ་ཟློག་པ་སྟེ།། ། ་མགོན#རྩ་བ་ཡན་ལག་ལས་བཞིར་འགྱུར།། དང་པོ་ཐུན་མོངས་དགུ་པ་སྟེ།། གཉིས་པ་བྱེ་བྲག་ཕྱི་བ་དང་།། བསྐྱེད་པ་ཡེ་ཤེས་མི་ཟློག་པ།། རླུངས ་སུ་ཆུད་པ་ཕྱག་རྒྱ་ཕྱེ།། སྙིང་པོ་ཅག་ལ་དུས་གསུམ་དུ།། འགྱུར་མེད་དེ་ཉིད་དབྱི་བ་ཉིད།། ཅིག་ལས་དུས་མའི་ངོ་བོ་ཅན།། འཇིག་རྟེན་པ་དང་ཡེ་ཤེས་ནི།། མི་འགྱུར ་བ་དང་དགུག་པ་དང་།། ལས་རྣམས་བྱེད་པའི་སྲོག་འགྱུར་བའོ།། གསང་སྔགས་འཁོར་ལོ་འདི་དག་ནི།། བྱེ་བྲག་རྣལ་འབྱོར་པས་ཤེས་བྱ།། ཨོཾ་མ་ཧཱ་ཀ་ལ་ཙཱ་ཧཱུཾ ་ཕཊཿོཾ་བཛྲ་མ་ཧཱ་ཀ་ལ་ཡ་ཧཱུཾ་ཧཱུཾ་ཕཊཿོཾ་བཛྲ་ཀ་ཝུ་པ་མ་ཧཱ་ཀ་ལ་ཡ་ཧཱུཾ་ཧཱུཾ་ཕཊཿན་མོ་རཏྣ་ཏྲ་ཡ་ཡཱ། ཏདྱ་ཐ། ཨོཾ་ཤྲི་བཛྲ་མ་ཧཱ་ཀ་ལ།། ཤ་སྱ་ན་ཨ་པ་ཀ་རི་ཎེ། རེ་ཥཾ ་མཧཱ་ཀ་ལ་ཨ་ཡཾ། ཨི་དེ་རཏྣ་ཏྲ་ཡ་ཡཱ། ཨ་བ་ཀ་རི་ནི། ཨ་ཏིག་པྲ་ཏི་ག་ཛྙཱ། སྥ་ར་སཏི་དཱ། ཨི་དཾ་དུཥྚ་སྭཱཧཱ། ཁ་ཁ་ཁཱ་ཧི་ཁཱ་ཧི། མ་ར་མ་ར། བྷི་ན་གྷྲི་ན། བྷན་དྷ་བྷན ་དྷ། ཧ་ན་ཧ་ན། བནྡྷ་པཙྪ། སརྦ་དུཥྚ་དེ་ནི་མེ་ཀེ་མ་ར་ན་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ཨོཾ་མ་ཧཱ་ཀ་ལི་ནི། ཀྲོ་བ་ཀི་ལ་རཀྵི་ནི། ཙནྡྲ་ཨཀྵི་ཡེ་ཧཱུཾ་ཧཱུཾ་ཕཊ། ཨཱ~ཾ་ཏྲཾ་ཧཱུ་ཀེ་ལི་མ་མ་ཧཱ་ཀ་ལཱི། ་ར་ཀ་ར་མཾ་སེ་ན། བྷག་ཀཱ་ནི། ཨ་ནུ་ཀསྶ་སརྦ་ལཱིམ་སྟམ་བྷ་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱ་མ་ཏྲ་ར་ཧཱུཾ་ཕཊ་སྭཱ་ཧཱ།། ཨོཾ་ཀ་ར་ལི་མཾ་ཧཱུཾ་ཕཊ། ཨོཾ་ཀཾ་ཀ་ལ~ཾ་ཧྲི་ཧཱུཾ་ཕཊ། ཨོཾ་ཀ་ལ་ར་ཏྲི་ར་དྷཱུ ་ཕཊ།། དེ་ལ་དངོས་དང་ཉམས་སུ་ཡང་།། ནག་པོ་ཆེན་པོའི་ཞལ་སྟོན་དང་།། ཐ་མ་སྨི་ལམ་ལུང་བསྟོན་དང་།། མི་ནག་བོང་ཐུང་བསུས་འཆང་དང་།། བྱ་ནག་ཁ་ཏ་ལ་སོགས ་འོང་།། དེ་ལ་རབ་འབྲིང་ཐ་མའོ།། བྱེ་དྲག་རྟགས་སུ་འཆར་བར་འགྱུར།། གྲངས་ནི་བདུན་འབུམ་དག་དང་ནི།། ཁྲི་ཁྲག་བདུན་དང་ཁྲི་ཁྲག་དགུ།། སྟོང་ཕྲག་བདུན་གྱིས ་ཉེ་བར་འགྱུར།། ཐབས་དང་ཤེས་རབ་བཅས་པ་ཡི། སྔགས་ཀྱིས་སྟོང་ཕྲག་བཅུ་དག་ནི།། མངོན་གསུམ་གསལ་བའི་ངེས་པར་འཆར།། དུས་ནི་ཟླ་དྲུག་ཞག་བདུན་པར། ་རྣལ་འབྱོར་སྦ་བཅད་དེ་བཟླས།། མིའི་ཚིག་བར་མ་མཆོད་པའི།། གསང་སྔགས་འཕྲིན་ལས་ངེས་པར་འགྲུབ།། ཐུན་མཚམ་མཆོད་དང་གཏོར་མ་དང་།། བསྟོད ་བཅོལ་བསྐུལ་ལ་ལས་ལ་འབད།། རང་ཉིད་ཧེ་རུ་ཀར་གསལ་བ།། རི་རབ་སྟེང་དུ་ཡུམ་བཅས་བསམ།། དེ་མདུན་ནག་པོ་ཆེན་པོ་ཉིད།། བསམ་པ་བསྐྱེད་ཚུལ་དབྱེ་བ ་ཡིས།། རྒྱན་དང་ཆ་ལུགས་རྫོགས་པ་ནི།། མངོན་གསུམ་ལྟ་བུར་ལྟ་བར་བྱ།། བདག་དང་མདུན་གྱིས་མགོན་པོ་ཡིས།། ཐུགས་ཁའི་ས་བོན་རང་སྔགས་ལ།། དེ་ལས ་སྤྲོ་བསྡུ་ཏིང་འཛིན་བསམ།། དེ་ལྟར་དུས་དང་གཞན་དུ་ཡང་།། རྟེན་བཅས་དཀྱིལ་འཁོར་བཞེངས་པ་དང་།། རྟེན་བཙུགས་བརྟན་བྱེད་དེ་ཉིད་བསྙེན།། དེ་ནས་རྟེན ་བཅས་ཙམ་གྱིས་ནི།། ངེས་པར་དེའི་མདུན་སོང་ལ།། མཆོད་དང་གཏོར་མ་བཤམ་པར་བྱ།། ཤ་ཆེན་བསྲེགས་སྤོས་ཕུལ་ནས་ནི།། དམིགས་པ་བསྟོད་པར་བྱེད་པ ་དང་།། གང་ལ་བྱ་བའི་བསྒྲུབ་བྱ་དེ།། དམིགས་པས་དགུག་ཅིང་བཏབ་པ་དང་།། གཏོར་མ་དབུལ་ཞིང་བཀའ་བསྒོ་བྱ།། ལྷ་དང་ཕྲལ་ཞིང་ཉེས་པ་སྒོ།། དེ་ནས་མཉེས ་@#ཉེས་པ་སྒྲག། དབང་བཅུགས་ལས་ལ་བཅོལ་བསྐུལ་བྱ།། དེ་ཡིས་ངེས་པར་འགྲུབ་པར་འགྱུར།། དེ་ལ་ཁྱད་པར་འཕྲིན་ལས་ནི།། ལྷ་སྦྱིན་དང་ནི ་མཆོད་སྦྱིན་པོ།། སྒྲལ་བའི་ཞིང་དེ་གང་ཡིན་པ།། དེའི་ཟག་པའི་རྫས་རྣམས་དང་།། ཕུང་ཤུལ་ས་དང་གཡུལ་སྤྲད་པ།། གྲོག་མཁར་ས་ལ་སོགས་པ་རྣམས།། བདུད ་ཆད་པ་ལ་བོང་བུའི་ཆུས།། སྤྲས་ཏེ་ལདི་ཁ་སྟ་གོན་བྱ།། དེ་ནས་དབེན་པར་སོང་ནས་ནི།། མར་ངོ་ཡི་ནི་ཚེ་བརྒྱད་དམ།། བཅུ་བཞི་ལ་སོགས་བསྒྲུབ་ཏུ་དཔལ།། གཟའ ་སྐར་ཤིན་དུ་དྲག་པོ་ལ།། དེ་ནི་འཁོར་ལོ་གཉིས་པར་བྱ།། རྒྱུ་ནི་རོ་རས་ཤིང་ཤུན་ནམ།། ཤིང་ལྤགས་དག་ལ་དུག་སྣ་དང་། ཁྲག་དང་དུག་གིས་མེ་ཏོག་གིས།། དུ་བ ་མཚན་ངན་ཐོད་ཆགས་ལ།། མཆོག་པུར་བསྟོད་པའི་སྣག་ཚས་བྲི།། རྒྱ་སྐྱེགས་དག་གིས་སྲེས་ལ་བྲི།། ཆད་དང་ལྡན་པའི་མུ་ཁྱུད་ནི།། རིམ་པ་བཞི་དང་ལྡན་པ་ལ།། ་ནང་དུ་ལེ་ཙེ་དགུ་པ་བྱ།། ཕྱོགས་བཞི་དབུས་དང་ལྔ་སོགས་ནི།། གྲུ་གསུམ་ནག་པོ་ས་བོན་བཅས།། ལས་རྣམས་བྱེད་པ་རླུང་ཡིག་དང་།། མ་ཧཱ་ཀ་ལ་འབྲུ་བཞི་དང་།། སྟེང ་ནོན་མཱཾ་དང་བཛྲ་སྟེ།། དེའི་ཕྱི་རིམི་རྩིབས་བརྒྱད་ལ།། ཨ་མུ་ཀ་དང་འ་ཡིས་ནི།། ཡི་གེ་བཅུ་གསུམ་བརྒྱད་བརྒྱད་པ།། གཡས་བསྐོར་དག་ཏུ་བགོད་པར་བྱ།། དེའི་ཕྱི་རོ། ་པང་འདབ་བརྒྱད།། སྒོ་འཚམས་ལྷ་མེའི་འཁོར་ལོའི་སྔགས།། མིང་སྤེལ་བཅས་པ་བགོད་པར་བྱ།། དེའི་ནང་གིས་གྲུ་ཆང་བཞིར།། ཧཱུཾ་གཉིས་ཕཊ་དང་བཅས་པ་ལ།། ་མང་སྤེལ་བཅུག་པ་བྲི་བར་བྱ། ཁྱད་པར་སྦས་པའི་འཁོར་ལོ་ནི།། དབུས་སུ་ཧཱུཾ་གིས་ས་བོན་ཉིད།། ཕྱོགས་བཞིར་སྔགས་ཀྱིས་འཕྲེང་བ་ལས།། ཕྱི་རོལ་རྩིབས་ལ ་བཅོད་པའི་སྔགས།། དྷབ་བརྒྱད་ཆ་ལ་ཙན་ཏི་ཀ།། མཐའ་རྟེན་སྔ་མ་དག་དང་མཚུངས།། ཡང་ན་རིམ་པ་གསུམ་པ་ཡིས།། གསང་སྔགས་མ་ཧཱ་ཀ་ལ་ཡིས།། ་འཕྲིན་ལས་ཁྱད་པར་བགོད་པར་བྱ།། འདིས་ནི་ཤིན་དུ་མངོན་སྤྱོད་མྱུར།། ཐབས་དང་ཤེས་རབ་ཁྱད་པར་དང་།། སྟེང་འོག་པར་གྱིས་དབྱི་བ་ཡིས།། ཟངས ་དང་ལྕགས་ཀྱིས་གྲི་ཁུག་གིས།། བརླ་དང་ཚེ་སྲོག་དོན་སྙིང་ལ།། མྱུར་དུ་འཁོར་པས་བཅོད་པར་བྱེད།། བསྡུག་ཅིང་ལེན་པའི་སྲོག། སྦལ་བ་རྡོ་རྗེ་རིགས ་ཀྱིས་ལས།། ཐུན་མོངས་དུ་ནི་བྱ་བ་ཡིན། ཁྱད་པར་འཁོར་ལོ་དྲིལ་བྱས་ཏེ།། དུས་ཀྱིས་རིམ་པས་ལས་ལ་སྦྱར།། འདི་ནི་ཀུན་དུ་མནན་པ་སྟེ།། ཆོས་ཀྱིས ་གཤིན་རྗེའི་གནས་སུ་གཏང་།། འཁོར་ལོ་ལ་ཡང་བསྙེན་དང་།། བསྒྲུབ་པ་གོ་རིམས་ནོར་མི་བྱ།། འདིས་ནི་བྱ་བ་མི་འགྲུབ་མེ།། །། དཔལ་མགོན་ཆེན་པོ་དངོས ་གྲུབ་འབྱུང་བའི་རྒྱུད་ལས།། གསང་སྔགས་དང་འཁོར་ལོ་བསྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། དཔལ་ལྡན་མགོན ་པོ་ཆེན་པོ་ཡིས།། རྣལ་འབྱོར་ཏིང་འཛིན་ལ་ཞུགས་ཏེ།། མངོན་པར་སྤྱོད་པ་བརྩམ་པར་བྱ།། ཁྱད་པར་དུར་ཁྲོད་སྐྱེས་པའི་ཤིང་།། འདྲེ་གཏུམ་པོ་གནས་པ་ལ།། ་མགོན།། མེ་མེའི་བྱེ་བྲག་བརྟགས་པ་ལས།། བཙོད་པ་མགོ་འཇུག་མ་ནོར་བར།། གཉིས་གཤེགས་དེ་ནང་སྔགས་བྲིས་ལ།། བསྡམས་ཏེ་ཟླ་བ་མིག ་གིས།། ཕྱེ་བའི་མདུན་ཕྲག་གསུམ་པ་ལ།། ལེགས་པར་བཞག་དེ་ཚད་དུ་བྱ།། དཀྱིལ་འཁོར་གྲུ་གསུམ་པ་རུ་གཟུགས།། གཞན་ཡང་བསྒྲུབ་བྱའི་གཟུགས་དག་ནི།། ་ཟུར་གསུམ་ནང་དུ་ལིང་ཀ་བྲི།། བཞན་དུ་མགོན་པོ་ཡབ་ཡུམ་གྱིས།། འཁོར་ལོ་ལེགས་པར་བྲིས་པ་དང་།། བསྒྲུབ་བྱ་སྲོག་གིས་འཁོར་ལེ་ནི།། གྲི་ཁུག་ལྔ་པ་འཁོར ་བ་བདབ།། དེ་དག་བཅུག་པ་དང་།། ཡང་ན་མགོ་བོའི་འཁོར་ལོ་དང་།། བསྒྲུབ་བྱ་དུ་ཡོད་ལ་ང་ཁ་ནི།། དེའི་ནང་དུ་བྲེལ་བར་བྱ།། འཁོར་ལོ་མཚོན་གྱིས་ཀྲི།། དེའི ་ཕྱི་རོལ་ཀུ་ཤའི།། རྩའི་མི་གཟུགས་བྱས་ནས་ཀྱང་།། རང་མདུན་གྲུ་གསུམ་ནག་པའི།། ནང་དུ་གཟུགས་དེ་བཞུག་པར་བྱ།། དེ་ལ་ལྷ་དང་དབྱེ་བ་དང་།། ཉེས་པ ་ཞིང་སྐྲག་པར་བྱ།། དེ་ནས་བདག་ཉིད་ལྷ་དང་ནི།། མདུན་དུ་ནག་པོ་ཆེན་པོ་ནི།། ཞལ་ཅིག་ཕྱག་བཞི་འཇིགས་པའི་གཟུགས།། སྤྱན་དྲངས་མཆོད་ཅིང་སྙིམ་པར་བྱ། ་ལས་མགོན་རྣམས་དང་མ་མོ་བཞི།། རྒྱལ་ཆེན་བཞི་དང་ཕྱོགས་སྐྱོང་བཅུ།། ལྷ་སྲིན་བསྡེ་བརྒྱད་མ་ལུས་དང་།། གཞན་ཡང་དུར་ཁྲོད་ཤ་ཟ་དང་།། མ་མོ་རོ་ལངས ་ལྕེ་སྦྲང་དང་།། སྟག་དང་དྲེད་དང་བྱ་བ་ཅན་སོགས།། བྱ་རོག་ཁཱ་ཏ་ལ་སོགས་པ།། ཡོངས་སུ་བསྐོར་ཞིང་འཕྲིན་ལས་བསྐྱེད།། དེ་ནས་རང་དང་མགོན་པོ་དང་།། ལྷམ ་བཞི་ལས་སོགས་པ་ཡིས།། ས་བོན་ལས་ནི་འོད་ཟེར་དང་།། ལྕགས་ཀྱུ་ལྟ་བུ་དཔག་མེད་པས།། བསྒྲུབ་བྱ་དེ་དག་མ་ལུས་པ།། སྙིང་གིས་སྲོག་ཅ་ནས་དྲངས་ཏེ།། རང ་དབང་མེད་པར་རླུང་གིས་བཏེག། མྱུར་དུ་འོངས་པ་མདོག་མཉམ་པ།། རང་ཉིད་སྐྲ་གཟིངས་ཤིན་དུ་འདར།། ཡིང་ཡིང་སྔངས་ཞིང་སྐྲག་པ་དེ།། ཞགས་པས ་བཅིངས་པ་སྡོམ་པ་དང་།། དྲིལ་བུ་ལ་སོགས་སྒྲ་ཡིས་ནི།། ཤིན་དུ་དབང་པོ་མྱོས་གྱུར་ཏེ།། དེའི་རྣམ་པར་ཤེས་པ་ནི།། མང་དང་བཅས་པའི་གཟུགས་ལ་བསྟི ་དེའི་དབུས་སུ་གསང་སྔགས་ནི།། འཕྲིན་ལས་སྔགས་རིངས་མཐའ་རུ་བྲི།། ཨ་ཀར་ཤ་ཡ་ཛ་ཞེས་བརྗོད།། མགོན་པོ་ནག་པོ་ཡབ་ཡུམ་གྱིས།། ལྟེ་བབ་གྲུ ་གསུམ་ལྕགས་ཁང་ནི།། བཙོན་དོང་མུན་ཁང་གནས་པར་བསམ།། དེ་ལས་ཐར་དུས་མེད་པར་བྱ།། དེ་ནས་དོང་དེ་གཡམ་ལ།། རྡོ་རྗེ་རྒྱ་གྲམ་གྲིས་ལས ་མནན།། ཐོག་མར་ལས་སྦྱོར་དུས་སུ་ཡང་།། བསྒྲུབ་བྱའི་ཐེམས་པ་འམ་ལམ་དག་ཏུ།། གནན་པ་བྱས་ལ་འཕྲིན་ལས་བཅོལ།། གལ་ཏེ་དེ་ཉིད་སྤྲིན་བསྲེག་གྱིས།། ་ལས་སྦྱོར་བསྒྲུབ་བྱའི་ཆུ་རྗེས་སོགས།། དྲི་མ་གོས་དང་སྐྲ་སོགས་དང་།། ཚ་བ་གསུམ་དང་དུག་སྣ་དང་། ཁྲག་དང་སྐྱེ་ཆེ་ཤང་ཚེ་དང་།། ད་དུང་ར་དང་དེ་ལ་སོགས།། ་ས་སྣ་གཞན་ཡང་སྦྱར་བར་བྱ།། བོང་བུའི་ཆུ་དང་བསྲོས་བྱས་ལ།། འབྱིམ་པ་བྱས་ལ་གཡོག་པར་བྱ།། དུག་ཆུ་རོ་སོལ་དག་གིས་ནི།། དེ་ལ་བྱུག་ཅིང་གནས་ལྡན ་མགོན་སེང་ལྡེང་ལྕགས་པུར་བཏབ་ལ་བཞག། དེའི་ལུས་པོ་ཐམས་ཅད་ལ།། སྲ་ཚིལ་གྱིས་ནི་བྱུག་པར་བྱ།། དེ་ལ་དྲག་པོ་ཤིང་གིས་ནི།། ་ཚེར་མ་སྣ་ཚོགས་གཅུགས་ལ་བཞག། གྲུ་གསུམ་ཨེའི་ནང་དུ་ནི།། དེ་གཟུགས་ཕྱི་སྐན་དག་ཏུ་བཞག། ཁ་ནང་དུར་ཁྲོད་ཐལ་བས་རྫང་།། དེ་ནས་དོང་ཁ་བཅད་ལ ་བཞག། དེ་ལ་ཐུན་བཞིར་བྱ་བ་ལ།། དུས་དྲག་དག་ཏུ་བྱ་བ་ནི།། རྣལ་འབྱོར་པས་བཤིན་རྗེར་ལྷོར་ལྟས་ལ།། ཉིན་ཕྱེད་མཚན་ཕྱེད་དུས་སུ་བྱ།། ཡང་ན་དུས ་བཞིར་ལས་ལ་སྦྱར།། ཕྱོགས་ཀྱི་མཁའ་འགྲོ་བཞི་ཡིས་ནི།། དགུག་བཞུག་བསྟིམ་དང་སྔགས་པར་བྱ།། དེ་ནས་ཐོད་པ་མཚན་དན་དུ།། ཡུང་དཀར་ཉུང་ནག ་ལ་སོགས་པའི།། ཐུན་རྫས་རྣམས་ལ་སྔགས་བཟླས་ཤིང་།། དུས་དུས་དག་ཏུ་བདེབ་པར་བྱ།། སྐབས་སྐབས་དུག་གིས་ཆུ་ཡིས་བདོག། གལ་ཏེ་གུ་གུལ་ནག ་པོ་དང་།། ཤ་ཆེན་དག་གིས་བདུག་པར་བྱ།། ཉུང་དཀར་ཉུང་ནག་ལས་སྲོགས་པའི།། ཐུན་རྫས་རྣམས་ལ་སྔགས་བཟླས་ཤིང་།། དུས་དུས་ངག་ཏུ་བདེན ་པར་བྱ།། སྐབས་སྐབས་དུག་གིས་ཆུ་ཡིས་བདེག། གལ་ཏེ་གུ་གུལ་ནག་པོ་དང་།། ཤ་ཆེན་དག་གིས་བདུག་པར་བྱ།། ཡང་ན་འབྲས་བུ་མ་ལ་ནི།། ་ཚལ་མཞུ་ཙམ་དུ་སྲོ།། དེ་ནས་སྔགས་ཀྱིས་བདེག་པར་བྱ།། འདིས་ནི་ཉེ་བར་འགྲུབ་པར་འགྱུར།། དེ་ལྟར་ཆོ་གའི་ཐབས་འདི་ཡིས།། དགྲའི་ཁང་པར་བྱ། ་རོག་དང་།། མང་པོ་འབའ་ཞིག་སྐད་འདོན་དང་།། ལུས་ལ་ཚ་བས་ཐེབས་ལ་སོགས།། དུ་མའི་ཆོ་འཕྲུལ་འབྱུང་བར་འགྱུར།། དང་པོར་ནང་རྟགས་ངེས་པར ་འཆང་།། ཕྱི་རྟགས་རིམས་ཀྱིས་འབྱུང་བར་འགྱུར།། ། དཔལ་མགོན་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། དྲག་པོ་མངོན་སྤྱོད་བསྟན་པའི་ལེའུ་སྟེ་དགུ་པའོ།། ་། དེ་ནས་གདུག་པ་འདུལ་དོན་དུ།། ནག་པོ་ཆེན་པོ་འཁྲོས་པ་ཡིས།། བསྒྲུབ་པའི་རིམ་པ་མཆོག་གྱུར་པ།། གཞན་ཡང་རབ་ཏུ་བཤད་པར་བྱ།། རྗེ་བཙུན་ཧེ་རུ་ཀ ་དཔལ་དང་།། ནག་པོ་ཆེན་པོའི་ལྷ་ཚོགས་རྣམས།། ནམ་མཁར་མངོན་པར་ལྟས་ནས་ནི།། བདུན་པོ་ཡོངས་སུ་དག་པར་བྱ། བཟོད་པར་གསོལ་ལ་གཤེགས ་སུ་གསོལ།། དེ་རྗེས་སྟོང་པའི་ངང་ལས་ནི།། ཚད་མེད་བཞི་པོ་བསམ་པར་བྱ།། བྱང་ཆུབ་སེམས་ཀྱིས་ངང་ལས་ནི།། པདྨ་ཟླ་ཉིར་གནས་པ་ཡི།། ཧཱུཾ་ཡིག་ནག་པོ ་བསམ་པར་བྱ།། དེའི་འོད་ཀྱིས་ཁྱབ་པ་ལས།། བསྡུས་ཞིང་སྐད་ཅིག་ཡོངས་གྱུར་ལ།། དཔལ་ལྡན་ནག་པོ་ཆེན་པོ་ནི།། ཞིལ་ཅིག་པ་ལ་སྤྱན་གསུམ་པ།། ཕྱག་གཉིས ་སྐུ་མདོག་ཤིན་དུ་གནག། དབུ་སྐྲ་ཁམས་ནག་གྱེན་དུ་རྗེས།། གཡས་པ་གཤིན་རྗེའི་ལྕེ་འདྲ་ཡིས།། གྲི་ཁུག་རྣོན་པོ་འཛིན་པར་མཛོད།། གཡོན་པ་ཐོད་པ ་ཁྲག་ཅན་སྣམས།། ཐོད་པ་སྐྲ་འཚམས་བཅིངས་པ་དང་།། ཡན་ལག་ཐུང་ཞིང་རགས་པའི་གཟུགས།། འཆེ་རྩིགས་འཇིགས་སུ་རུང་བ་སྟེ།། ལྟོ་འགྲོས་བརྒྱད ་མགོནདང་རིན་ཆེན་བརྒྱད།། རྒྱུ་མའི་གཞ་སྟག་ལྤགས་ཅན།། མི་མགོ་རློན་པའི་འཕྲེང་བ་ཅན།། ཞལ་ནས་ཁྲག་འཛག་གང་རྒྱངས་ཅན།། ་ཕྱག་བརྒྱ་དྲུག་གིས་སྐུ་ལ་སྤྲས།། དྲག་པའི་ཉམས་དང་ལྡན་པ་སྟེ།། སྐད་ཅིག་ཙམ་གྱིས་བསྐྱེད་པར་བྱ།། དེའི་ཐུགས་ཁར་ཉི་མ་ལ།། ཡེ་ཤེས་སེམས་དཔའ ་གསལ་བར་དམིགས།། ཏིང་འཛིན་སེམས་དཔའ་དང་བཅས་པ།། རྟེན་དང་རྟེན་པར་བཅས་པ་བསམ།། དེ་ལ་འདི་ཡིས་གསང་སྔགས་འབྱུང་།། ཨོཾ་བཛྲ་མ་ཧཱ ་ཀ་ལ་ཧཱུཾ་ཧཱུཾ་ཕཊ།། ཇི་སྲིད་སྐྱོ་བར་མ་གྱུར་པ།། གསང་སྔགས་འཕྲེང་བ་བཟླས་པར་བྱ།། དེ་ནས་ཤ་ཆེན་སྤོས་སྲེག་ཅིང་།། གཞན་ཡང་དུག་དང་ཁྲག་ལ་སོག། ་བདུག་པའི་དུ་བས་མཆོད་པར་བྱ།། མ་ཤ་འབྲས་དང་སོ་བ་དང་།། འབྲུ་ན་ག་མེ་ཏོག་བྱུག་པ་དང་།། སྒྲོན་མ་ལྔ་དང་མི་འཆི་ལྔ།། ཁུར་བ་ཆེན་དང་ཆང་ལ་སོགས།། ་གཏོར་མ་ནག་པོ་ཆེ་ལ་དབུལ།། མཆོད་དང་བསྟོད་པ་ཚུལ་བཞིན་བྱ།། འདི་ཡིས་ཉེ་བར་སྤྱད་པ་ནི།། བསྒྲུབ་བྱའི་ཟག་པའི་རྗེས་རྣམས་དང་།། ཚ་བ་གསུམ་ལ་སོགས ་པ་ལ།། གང་གིས་མིང་དང་བཅས་པའི་གཟུགས།། བྱས་ཏེ་དུག་གིས་བྱུགས་ནས་ཀྱང་།། ཚེར་མས་བཀང་སྟེ་ཐབ་ཁུང་དུ།། འབྲས་ཕུབ་མེ་ལ་གདུང་ལ་སོགས།། ་བྱ་བ་སྣ་ཚོགས་ལས་བྱས་ན།། སྐད་ཅིག་ཅིག་གིས་བརླག་པར་བྱེད།། རྡོ་རྗེ་སློབ་དཔོན་སློང་བྱེད་ཅིང་།། སངས་རྒྱས་བསྟན་པ་འཇིག་བྱེད་པ།། དཀོན་མཆོག་གསུམ ་ལ་བསྡང་བ་དང་།། སེམས་ཅན་ཀུན་ལ་ཆེ་བ་རྣམས།། འདི་དག་ནག་པོ་ཆེན་པོས་སྒྲོལ།། ཡན་ལག་དག་གིས་ཤ་ཆོད་ལ།། མགོན་པོ་ནག་པོ་ཆེན་པོའི་ཞལ ་དུ་གསོལ།། ཡང་ན་དེའི་ཕྱི་ནས་ནི།། ཏིལ་ཙམ་དུ་ནི་མཛད་དུ་གསོལ། ཁྲག་གིས་རྒྱུན་ཡང་ཐུང་བར་མཛོད།། དེ་ལྟར་འཕྲིན་ལས་ལས་བཅོལ་བྱ།། དེ་ནས ་སྦྱིན་བསྲེག་བརྩམ་པར་བྱ།། མཆོད་དང་བསྲེག་རྫས་གཏོར་མ་དང་།། བསྒྲུབ་བྱའི་ལིང་ཁ་ཤ་ཆེན་དང་།། ཉུངས་དཀར་བཅས་པ་ཡོངསུ་སྐོར།། སྔགས་པས ་ལྷོར་ལྟས་ཏིང་འཛིན་བཞུགས།། མེ་ལྷ་བསྐྱེད་ཅིང་བགུག་བཞག་བྱ།། ལིང་ཁ་པུར་བཏབ་བཏུབ་བྱས་ལ།། མེ་འབར་བསྲེགས་པས་ལྷ་ལ་མཆོད།། གསང ་སྔགས་འདོད་ཡོན་རྒྱུར་ལྡན་པ།། ཕྲག་ཅག་གིས་ནི་ལན་ཅིག་ཏེ།། ལན་དྲངས་རོལ་མཚོའི་ཁྱད་པར་གྱིས།། ཕྱིར་མི་ལྡོག་ཅིང་སྲོག་གཏོང་བྱེད།། དེ་རྗེས་གསོལ ་བཏབ་བཅོལ་བསྐུལ་བྱ།། ཤིན་དུ་མྱུར་བར་རྟགས་རྣམས་འགྲུབ།། ནག་པོ་ཆེན་པོ་གསང་བའི་ལས།། མ་གྲུབ་ལན་གསུམ་སྤོགས་པ་དང་།། ས་བོན་འཕྲོག ་ཅིང་བཅུད་པས་འགྲུབ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། དྲག་པོའི་སྦྱིན་བསྲེག་བརྟེན་པའི་ལེའུ་སྟེ་བཅུ་པའོ།། ། ་དེ་ནས་དཀྱིལ་འཁོར་ཆེན་པོའི།། དུར་ཁྲོད་གནས་པའི་ཞིང་སྐྱོང་དང་།། ཉི་ཤུ་རྩ་བཞིའི་ཞིང་སྐྱོང་བཅས།། དེ་དག་རིམས་པར་བཤད་པར་བྱ།། རྡོ་རྗེ་རིགས ་མགོན། ཀྱིས་པོ་ཉ་མོ།། དྲུག་བཅུ་རྩ་བཞིའི་འཕྲིན་ལས་དང་།། འདི་ཉིད་གསང་བའི་མགོན་པོ་ཡི།། ཐབས་མཆོག་འདི་ནི་ཀུན་དུ་སྦས།། ། ་དཔལ་ལྡན་མགོན་པོ་རྡོ་རྗེ་ཅན།། ཁྲོ་བོ་དེ་བཞིན་གཤེགས་པའི་སྐུ།། དཀྱིལ་འཁོར་དབུས་བཞུགས་དཔའ་བོ་ནི།། ཤིན་དུ་འགྱིང་ཞིང་འབར་བའི་སྐུ།། ལི་ཙེ ་དགུ་པའི་དབུས་སུ་ནི།། སྣ་ཚོགས་པདྨ་ཉི་དབུས་ལ།། དཔའ་འོ་རིན་པོ་ཕྱེ་དཀྱིལ་བཞུགས།། ཞལ་ཅིག་པ་ལ་ཕྱག་བཞི་པ།། སྤྱན་གསུམ་དྷ་རུ་ལ་ལྟར་དམར། ་སྐྲ་མདོག་སྔོན་པོ་འཇིགས་ཆེན་པོ།། ཐོད་པའི་ཕྲེང་བར་རྣམ་པར་བརྒྱན།། ཕྱག་བརྒྱ་ལྔ་ལྡན་གར་གྱིས་རོལ།། དང་པོས་གྲི་ཁུག་ཐོད་པ་དང་།། གཉིས་པས་རལ་གྲི་ཁ་ཊ ་ཁ།། ཀླུ་བརྒྱད་ཀྱིས་འཕྲིན་ལས་ཅན།། དེའི་ཐུགས་ཁར་གནས་པ་ཡི།། ས་བོན་སྤྲོ་དང་བསྡུ་བའི་དངོས།། ཐམས་ཅད་བདུད་ཅིང་དབང་བྱེད་པ།། སྐད་ཅིག་ཙམ ་གྱིས་བསྐྱེད་པར་བྱ།། དེའི་ཤར་གྱི་ལི་ཙེ་ལ།། དྲག་པོ་ཤིན་དུ་འཇིགས་པ་སྟེ།། ཞལ་ཅིག་ཕྱག་བཞི་སྤྱན་གསུམ་པ།། མཐིང་ནག་རྔམ་པའི་ཚུལ་དུ་གནས།། དེའི ་མདུན་ན་རྒན་བྱེད་པ།། གཡས་སུ་མི་བསྡུག་དྲག་པོ་ཆེ།། གཡོན་དུ་འཇིགས་མ་གནས་པ་དང་།། རྒྱབ་ཏུ་ཨུ་མ་རྣམ་པར་རོལ།། ནག་པོ་ལྷོའི་ཕྱོགས་སུ་ནི།། དྲག ་པོ་ཆེན་པོ་དུ་བའི་མདོག། ཞལ་ཅིག་ཕྱག་བཞི་སྤྱན་གསུམ་པ།། ཐོད་འཕྲེང་གིས་བརྒྱན་བརྩིགས་པའི་ཚུལ།། དེའི་མདུན་དུ་རྣམ་རྒྱལ་མ།། གཡས་སུ་རྣམ་པར ་རྒྱལ་མ།། བརྒྱབ་ཏུ་མི་བསྡུག་མ་གནས་མ།། གཡོན་དུ་གཞན་གྱིས་མི་ཐུབ་པའོ།། ལྷ་གཏེར་མཉམ་གནས་ནུབ་ཕྱོགས་སུ།། ཞལ་ཅིག་ཕྱག་བཞི་སྤྱན་གསུམ་པ།། ་མདོག་སེར་རྒྱུ་མའི་ཕྲེ་བས་ཀྲིས།། ཤིན་དུ་བཞད་པའི་ཚུལ་དུ་གནས།། དེའི་མདུན་དུ་ནག་མོ་ཆེ།། གཡས་སུ་དྲག་ཆེན་དྲག་ཤུལ་ཅན།། རྒྱབ་ཏུ་ནག་སྤོམ་མ་ནི་གནས། ་གཡོན་དུ་བཟང་མོ་འཆི་བ་ཅན།། ནག་པོ་ཁྱབ་བྱེད་བྱང་ཕྱོགས་སུ།། ཞལ་ཅིག་ཕྱག་བཞི་སྤྱན་གསུམ་འབར།། ག་ཆགས་སྤྲིན་ནག་པའི་མདོག་འདྲ་བ།། ཤིན་དུ ་གདངས་ཞིང་ལྗགས་འདྲིལ་བ།། དེའི་མདུན་དུ་དབང་མེ་ཆོ།། གཡས་སུ་ཟླ་བ་མོ་ཞེས་བྱ།། རྒྱབ་ཏུ་དྲག་ཏུ་སྡང་བ་ཁ།། གཡོན་དུ་སྣ་བ་འཕྱང་བ་མའོ།། གཙོ་བོ ་ནག་པོ་ཆེན་པོ་ནི།། ཤར་ལྷོ་འཚམས་ཀྱིས་གནས་བཞུགས་པ།། བརྩིགས་པ་ཅན་ནི་ཤེལ་གྱིས་མདོག། སྟག་ལྤགས་གོས་ཀྱིས་དཀྲིས་པའོ།། མངོན་དུ་ལྷ་མོ ་འཕྲོག་བྱེད་མ།། གཡས་སུ་འབར་བྱེད་མ་གནས་ལ།། དེའི་རྒྱབ་ཏུ་འཇབ་བྱེད་མ།། གཡོན་དུ་ཡུལ་སྐྱོང་མ་གནས་སོ།། གཙོ་བོ་གྱུར་པའི་སྐུ་ཡིས་ནི།། ལྷོ་ནུབ ་འཚམས་སུ་བཞུགས་པ་ནི།། མི་བསྡུག་པ་ནི་དུར་བའི་མདོག། ཤིན་དུ་མི་སྲུན་གཟུགས་འཆང་བ།། གཟིག་གིས་ཀོ་བ་རློན་པས་ཀྲིས།། མདུན་དུ་འཇིགས ་བྱེད་དྲག་མེ་ཆེ།། གཡས་སུ་གཟུགས་ཆེན་མོ་ཞེས་བྱ།། རྒྱབ་ཏུ་འཆེ་བ་རྩིགས་མ་སྟེ།། གཡོན་དུ་ཐོད་ཅན་མ་ཡིན་ནོ།། ནག་པོ་ཆེན་པོའི་སྐུ་ཡིས་ནི།། ནུབ་བྱང ་མཀོན#འཚམས་ཀྱིས་གྲར་ཞུགས་པ།། དགའ་བར་ལྡན་པ་པད་དམར་མདོག།། གླང་པོའི་ལྤགས་པ་འཛིན་པའོ།། དེའི་མདུན་དུ་ཐོད་འཕྲེང་འཛིན། ་གཡས་སུ་འཕྲེང་བ་འཛིན་མ་སྟེ།། རྒྱབ་ཏུ་ཏྲི་ཤུལ་འཛིན་མའོ།། གཡོན་དུ་ལྟོས་འགྲོ་རྣམས་མའོ།། གཙོ་བོ་ནག་པོ་ཆེན་པོའི།། བྱང་ཤར་འཚམས་སུ་གནས་པ་ནི།། ་ལོག་འདྲེན་ཅན་ནི་རྫ་གསར་མདོག།། སྤྲེའུའི་ལྤགས་པ་འཛིན་པའོ།། དེའི་མདུན་དུ་རལ་གྲིམ།། གཡས་སུ་དགྲ་སྟ་འཛན་མ་སྟེ།། རྒྱབ་ཏུ་རྡོ་རྗེ་མདའ་ཐོགས་མ། ་གཡོན་དུ་རྡོ་རྗེ་གཞུ་མོའོ།། ཁྲོ་བོའི་ཕོ་ཉ་འདི་དག་ནི།། ཞལ་ཅིག་ཕྱག་བཞི་གར་གྱིས་རོལ།། དང་པོ་གྲི་ཁུག་ཐོད་པ་འཛིན།། གཉིས་པ་ཌ་མ་རུ་དང་ནི།། ཏྲི་ཤུལ ་ནི་འཛིན་པའོ།། ཕོ་ཉ་རྣལ་འབྱོར་མ་འདི་དག། འདི་དག་ཕལ་ཆེར་ཞལ་ཅིག་ལ།། ཕྱག་གཉིས་གྲི་ཁུག་ཐོད་པ་ཅན།། ནག་མོ་སེར་དང་དམར་ལྗང་ཏེ།། ཕྱག ་རྒྱ་ལྔ་དང་ལྡན་པ་ཉིད།། དུར་ཁྲོད་གནས་སུ་རོལ་པར་མཛད།། ཕོ་བྲང་དེའི་ཕྱི་རོལ་དུ།། ཞིང་སྐྱོང་རྣམས་ཀྱིས་ཡོངས་སུ་བསྐོར། ཀ་ཊ་ཧ་རེ་ཀ་ཏི་ཤིང་།། ཤན ་ཏིབ་ལ་ཡབ་ཡུབ་ཅན།། ཀོ་ལ་ཀིར་ནི་རེའི་ཤིང་།། གྷ་དྷ་པ་ལ་ཡུམ་དང་ལྡན། དྷ་ར་པ་ར་ཏ་པ་ཡི་ཤིང་།། ཨཱ~ཾ་གིས་པ་ལ་ཡབ་ཡུམ་སྦྱོར།། ཀོ་དྷི་ར་དྷི་བནྡྷ ་ཏའི་ཤིང་།། ཛྭ་ལ་པ་ལ་ཡབ་ཡུམ་སྦྱོར།། བྷི་ལ་ཙ་ར་དེ་ཨ་འདྲའི་ཤིང་།། ཤྭ་ར་དྷ་པ་གཉིས་མེད་གནས།། ཨཽ་ཊ་དབྱངས་བཅས་ཀེ་ན་ཀའི།། ཀ་པ་ལའི ་ལྷ་བསྲུབ་བྱེད།། ས་ཊ་བྷ་རུར་ཛ་ཏའི་འབྲས།། གྷན་བསྟོད་ཧ་པ་ལྷན་ཅིག་སྦྱོར།། ཨོཾ་ལ་པུ་ཏྲི་ར་ཧ་ར་པའི་རྣམ་པ་ཅན།། ཏ་ན་མོ་ཧ་ཡབ་ཡུམ་སྦྱོར།། ཀ་སྨི་ར། ་ཧ་ར་ཙ་བའི་སྡོང་། ཙནྡ་པ་ནི་གོ་ཏྲའི་བདག། མ་རི་ཎ་པར་ཐང་སྒྲོན་ཤིང་།། འབྱིན་པ་ཀླེ་ཏྲ་པ་ལར་ལྡན།། ན་ག་པ་རར་པ་ཤིང་ཅན།། ཀེང་རུས་ལྡན་པ་རོལ་པར་འགྱུར།། ་པུན་ཌ་པར་ཛ་ལུའི་ཤིང་།། སུའི་རྐང་པར་རྟག་ཏུ་རོལ།། ཛ་ལན་དྷ་རར་ཁང་བཙོགས་ཤིང་།། བུམ་པ་ཅན་དེ་བདེ་བ་རོ་ལོ།། བྷ་སཱ་གུ་པར་དྲག་གློག་འཁྱུག།། ཛ ་ཏ་ཀྲི་ས་མཉམ་པར་གནས།། སྭ་ས་པར་ནི་དྲིལ་ཤའི་ཤིང་།། སྒྲ་ཅན་སྒྲོགས་པའི་ཡུམ་དང་བཅས།། ཙ་རི་ཊ་པའི་ཀ་རན་ཙར།། མཛེས་ཤ་ག་ཏི་ཅན་ཡུལ་ལྡན།། ་ཨཽ་བ་ཡ་སེར་མཻ་ཤོ་ཀའི།། ཤིན་དུ་སྒྲ་ཅན་གསད་མོར་བཅས།། བཟུང་འཛིན་ས་སར་ཀ་ཀོ་ལིར།། སྲིད་པ་དཔའ་འོ་དབང་ཕྱུག་བཅས།། ཀླི་རི་ཀེ་སར་ས་ལའི་ཤིང་།། ་ལྷུན་པོ་འབ་རཱ་དབང་ཕྱུག་བཅས།། བྷ་ཡང་མ་བྱུང་འབྱུང་པོའི་ཤིང་།། སྟོབས་འཇིག་པ་ནས་བྱེད་པའོ།། ཕུར་དྷ་ན་ར་ནི་དྷ་དྷུ་པའི།། ཨ་པ་ཀེ་ལ་རྟུལ་ཤུགས ་འཛིན་ཏེ།། ར་ཛ་གྷི་ཧ་ར་ཛ་པན།། སྣ་ཆེན་ཛི་ལི་སྒྲ་ཅན་ནོ། ཁང་པ་ཅན་དུ་རང་བྱུང་དྲག། ཐུབ་དཀའ་རྒྱལ་འཛིན་མར་བཅས།། མ་ཧཱ་དྲེ་ཡེ་ར་ཙནྣ་ཤིང་།། སྣ་ཚོགས ་དབང་ཕྱག་དབང་བསྐར་བཅས།། འདི་དག་ཀླེ་ཀྲ་པ་ལ་ནི།། ཞིང་སྐྱོང་ཞལ་ཅིག་ཕྱག་བཞི་པ།། གྲི་ཁུག་བཅང་ཏེ་གཡས་པ་ན།། གཡོན་པ་ཐོད་ཁྲག་རྩེ་གསུམ ་མན། ཡུམ་ནི་སོ་སོའི་ཕྱག་མཚན་ལྡན།། སྐྱེ་གནས་ལས་བྱང་སྒྲ་སྒྲོགས་མཛད།། རྟག་ཏུ་བསྒྲུབ་པ་པོ་རྣམས་ཀྱིས།། ལུས་ལ་ཡང་དག་གནས ་ནས་ནི།། དངོས་གྲུབ་སྟེ་སྟོབས་མཆོག་བྱེད།། འདི་དག་ཞིང་སྐྱོང་ཐུགས་རྩེ་བས།། རྟག་པར་ཞིང་འདུ་བར་མཛད།། འདི་དག་ས་གསུམ་ཁྱབ་པ་སྟེ།། ་ཚོགས་མདོག་ཅན་འབར་བའོ།། ཨོཾ་ཤན་ཏི་ཀླེ་པ་ཧཱུཾ་ཕཊ།། ཨོཾ་མ་ཧཱ་སྠི་རི་ཧཱུཾ་ཕཊ།། ཨོཾ་བྷ་ན་ལན་བྷུ་ཧཱུ~ཾ་ཕཊ།། ཨོཾ་ཤང་ཀ་རི་ཧཱུཾ་ཕཊ།། ཨོཾ་ཀ་ལ་དྷི་པ་ཧཱུཾ་ཕཊ། ་ཨོཾ་ཛ་ཡ་བྷ་ལན་ཧཱུཾ་ཕཊ།། ཨོཾ་བྷི་སུ་བྷ་ག་ཧཱུཾ་ཕཊ། ཨོཾ་བཎ་པ་ན་ཧཱུཾ་ཕཊ། ཨོཾ་ཀླེ་ཀྲ་བ་ལ་ཧ་ཧ་ཧི་ཧཱུཾ་ཕཊ།། ཨོཾ་ཀི་ལི་ཀི་ལི་ཕེཾ་ཕཊ་ཕཊ། ཀྵཾཀྵ་ཀྵ་ཀྵུ། ཀ་ཧ་ཀ་ཧ། ་ཧྲྀཧྲྀ་ཏྲི་ཏྲི།། བནྡྷ་པནྡྷ། ཧཱུཾ་ཧཱུཾ་ཕཊ་ཕཊ། ཧ་ཧཏཱ་ཧཱ། ར་ར་རར། ཀྲུ་ཀླྀ་ཀླྀ་ཀྲུཾ། ཁཾ་ཁཾ་ཁཾ་ཁཾ། དྷུ་དྷུ་དྷུདྷ། ནན་ར་ར། ཀ་ཀ་ཀཾང་ཀཱང་། ཙ་ཙ་ཅང་ཅིང་། ཀྲཀྲཀྲང་ཀྲང་། ་ས་སཾ་སང་སང་། པཾ་ཡཾ་ཡང་ཡང་། ཕེཾ་ཕེཾ་བེང་པེང་། དྷཱུ་བྷཱུཛྫབྷྲཱུཾ། གླང་གླིང་གླུ་གྲུ། སཾ་སཾ་སང་སང་། སྭཱཧཱ། ཡུལ་ན་ཉི་ཤུ་རྩ་བཞི་ཡིས།། དྲག་པའི་ཞིང་སྐྱོང་ཉི ་ཤུ་བ་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ས་གསུམ་རྣམ་པར་ཁྱབ་ནས་གནས།། འདི་དག་གསང་བའི་གནས་ཡིན་ཏེ།། གཞན་དུ་རྣམ་ཡང་འཁྲུལ་བར་འགྱུར ་ཨོཾ་ཌ་ཀི་ནི་ཀ་ཀ་ཀན་ཏ་ན། བྷ་བྷ་བྷན་དྷ་ན། ཁ་ཁ་ཁན་དྷ་ན།། སརྦ་དུཥྚཱན་ནི། ཧན་ཧ་ན། གྷ་གྷ་གྷཱ་ཏ་ཡ། གྷ་ཏ་ཡ། ཨ་མ་ཀརྨ་ཤན་ཏིང་ཀུ་རུ་ཧཱུཾ་ཕཊ་སྭཱ་ཧཱ། ་འདི་དག་གྲུབ་པའི་རྣལ་འབྱོར་ལ།། དངོས་གྲུབ་རྩོལ་བར་ཐེ་ཚོམ་མེད།། འདི་ཉིད་དཀྱིལ་འཁོར་འགོད་པ་ཡིས།། སྣ་ཚོགས་འཕྲིན་ལས་བྱེད་པ་སྟེ། དུར་ཁྲོད ་བརྒྱད་ཀྱི་བདག་པོ་མཆོག། ཕོ་ཉ་ལེགས་བརྟེན་འཁོར་ལོ་ཡིན།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། དུར་ཁྲོད་ཀྱི་བདག་པོ་རྣམས་དང་།། ་ཕོ་ཉ་བ་ཁྱད་པར་བ་རྣམས་དང་། མ་མོ་དང་སྐྱོང་གིས་ཕྲིན་ལས་བརྟེན་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་གཞན་ཡང་ཉི་ཤུ་བཞི། གསང་བའི་མགོན ་པོ་འདི་ཉིད་ཀྱིས།། དཀྱིལ་འཁོར་ཕོ་བྲང་གནས་པས་སོ།། མཁའ་འགྲོའི་གསང་སྔགས་བསྟན་པར་བྱ།། ཕོ་ཉ་ལེགས་སྐྱེས་རྣལ་འབྱོར་མ།། རྒྱ་མཚོ་དང ་ནི་རོ་ཡིས་ནི།། ཕྱེ་བའི་རྡོ་རྗེ་ནོར་བུ་དང་།། པདྨ་རལ་གྲི་རིགས་དང་ནི།། དམ་ཚིག་ཡེ་ཤེས་བདེ་བཤེགས་ཀྱིས།། སྣ་ཚོགས་ཤ་ཟའི་མ་མོ་རྣམས།། གནས ་སྐྱེས་ཡུལ་དང་གྲོང་གནས་པ།། གླུས་མཚོན་པས་ཀུན་དུ་ཕྱེ། ཨོཾ་བྷེ་རཀྵི་སྭཱ་ཧཱ། རུ་ཏྲི་ནི། ཌ་ཁ་ཀ་རཾ་ལི་ནི།། ཛ་ལ་མུ་ཁའི་ནི།། བྷེ་གེ་ནི། པྲ་ཙན་བི་ནི། ་རུ་ཏྲ་ཨ་ཀྵི་ནི།། མ་ཧཱ་ཎ་སེ་ནི། ཨ་ས་ནི། ཡ་མ་ནི། ཀི་རི་ཏི་ནི། ལག་སྤྲིན་ནི། བྷི་ཛ་ཡེ་ནི། ཤྲི་ཛ་ན་ཡེ། ཤྲི་ཛ་ཡ་ཀ་ར་ནི། ཤྲི་བཛྲི་ཎི། ཀཾ་ཀ་ལི་ནི། ཀ་ལ་ར་ཧྲི་ནི། ་པྲ་ཀྲོ་ཏ་མུ་ཁའི་ནི། ཀ་ལ་ཛི་ཧ་ནི། ག་ར་མི་ནི། བཛྲ་བྷེ་ར་པ་ཀ་ར་ནི།། དྷ་རུ་སི་ནི། ཡ་ནི་མ། ན་ཨང་ཀ་རི་ནི། སྨི་ཀ་ར་ཏི་ཥཱ་ནི། རདྷ་མ་ལི་ནི། ས་ཨག་ཀྵི་ནི། ་མགོན། ཀུ་སུ་ལི་ནི། ཁད་ཏྲི་ནི། བཛྲ་པྲ་བྷ་ནི། བཛྲ་ཀ་ལ་ཡིན། སམ་པཉྩ་ནི། ཀ་མ་ནི་བྷི། ཙི་ཏྲ་ལི་ག་ནི། ཤུ་ཀི་ནི། སརྦ་དྷི་ནི། སུ་ཏྲ་རི་ནི། ་ག་ལ་ས་ནི། པདྨ་ལགྣི་ནི། ཛ་ལ་ཛ་ལ་ཁ་རི་བྷེ་ཝ་བྷུ་རི་ནི། ཤྲི་གྷོ་ར་ནི། ཙནྡ་ལེ་ཀ་ནེ། ཧཾ་ཙནྡ་མུ་ཁི་ནི། ཧཾ་ས་ཁརྠི་ནི། ཝ་ཀི་མེ་ཤྭ་ར་ནི། བྷི་ཏ་རུ་ཏྲ་ཡེ། ཀ་ར་ནི་སྭ་ཀ། ་བྷི་རུ་ས་ནི། མྲི་ཏ་ཐི་དྷི། བྷ་རི་ཁ། ཤ་ཥོ་ན། སུ་ཤི་བྷཾ་ནི། བྷན་དུ་བྷ་ར་ནི། ཤྲི་མུ་ཁི་ནི། བི་ཀ་ལི་ནི། ཀ་ལི་ནི། ཧ་རི་ནི་སྠ་ཡེ། བད་མི་ནི། ན་གྲ་བ་པ་ཀྵི་ནི། ་བྷི་མ་ལ་ཙན་གྷི་ནི་སྭ་ཧཱ།། བཀྵ་སརྦ་ཡོ་ཀི་ནི་ཀ་ལ་ཤཱ་རི།། སརྦ་དུཥྚ་གརྫ།། གྷི་ཧ་ན་གྷྲི་ཧ་ན་ཧཱུཾ་ཧཱུཾ་ཕཊཿཚེས་བརྒྱད་དང་ནི་ཉ་བ་དང་།། ཉི་ཤུ་དགུ་དང་གནམ་སྟོང ་དང་།། ཞི་རྒྱས་དབང་མངོན་སྤྱོད་ཀྱིས།། ལས་ནི་ཐེ་ཚོམ་མེད་འགྲུབ་པའོ།། དབྱུག་གུ་དགེ་བའི་ཕོ་ཉ་དང་།། ཆུ་ཆོད་ཀྱི་ནི་མ་མོ་དང་།། འཕོ་བ་གནོད་སྦྱིན་བརྒྱ་ཕྲག ་གཉིས།། ཐུན་ནི་ཕོ་ཉ་བརྒྱང་དག་གོ།། དུས་སྦྱོར་བཅུ་གཉིས་གནས་པའི་ཡུལ།། ཉི་ཤུ་རྩ་བཞི་དེའི་བྱེད།། རྩ་རླུང་ཡི་གེ་ཁམས་ལ་རྒྱུ།། འཆིང་གྲོལ་ཆར ་བཙོད་རྗེས་འཛིན་པའོ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། ཕྱི་ནང་གི་དངོས་པོ་པོ་ཉི་ལས་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ།། ། ་དེ་ནས་གཞན་ཡང་བཤད་པར་བྱ།། ནག་པོ་ཆེན་པོ་གཏུམ་པོ་ནི།། ཞལ་གདངས་མཆེ་རྩིགས་ལྗགས་འགྲིལ་ཞིང་། ཨ་ལ་ལའི་སྒྲ་སྒྲོགས་པ།། རབ་འཇིགས་བཞེངས ་པའི་སྟབས་ཀྱིས་ནི།། གསང་བ་མཆོད་བྱེད་ལྷ་མོ་བརྒྱད།། ཀུན་ནས་གར་གྱིས་རོལ་པས་མཛད།། དེ་ཡིས་འཕྲིན་ལ་གང་ཐོབ་བྱེད། ཨོཾ་བཛྲ་ཀ་ཝུ་བ་མ་ཧཱ་ཀ་ལ་ཡ་ཧཱུཾ་ཧཱུ~ཾ་ཕཊ ་ཨོཾ་གྷི་དྷ་ས་གུ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷ་ག་བྱ་ཀ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷ་ན་སུ་བྷ་ར་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ས་མ་ལེ་ཡེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བྷ་ར་ཥ་ཎ་སྱཻ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀྲི་ན་དྷ་ཀ་ར་སྱཻ་ཧཱུཾ་ཧཱུཾ་ཕཊ། ་ཨོཾ་ཨུ་ལུ་ཀ་སེ་ཧཱུཾ་ཧཱུཾ་ཕཊ། ཨོཾ་གྷ་རུ་ན་ལ་གྷུ་སྱཻ། འདི་ནི་དཔལ་མགོན་པོ་འཁོར་ལྷ་མོ་བརྒྱད་དང་བཅས་པའི་སྡིགས་སོ།། མཚན་ཕྱེད་དུས་ལ་གཏོར་མ་དབུལ།། མྱོས ་བྱེད་སྟོབས་དང་བཅས་པས་མཆོད།། གསང་བ་བསྒྲུབ་པའི་མཆོག་ཏུ་བཤད།། བསྙེན་པའི་སྔོན་དུ་འགྲོ་བ་ཡིས།། དབེན་པར་འདུག་དང་ཚ་དང་།། ས་ལ་དགྲ ་བིའི་གཟུགས་བྱས་ཏེ།། གྲོ་གའམ་ནི་རོ་རས་ལ།། རྒྱུ་སྐྱུགས་དུག་དང་ཁྲག་རྣམས་ཀྱིས།། བྱ་རོག་མའི་རུས་པ་ཡིས།། གཟུགས་བྲིས་དེའི་སྙིང་ཁར་ནི། ་ཨེའི་རྣམ་པའི་འཁོར་ལོ་ལ།། མ་ར་ཡའི་མཐའ་ཅན་གྱིས།། མིན་ངག་བཞིན་དུ་བྲི་བར་བྱ།། དེ་ནས་རྐང་པ་ནས་བཙམས་ཏེ།། ཏྲིལ་ལ་དུར་ཁྲོད་སྐྲ ་ཡིས་སྙི།། སྔགས་ཀྱི་གཟུགས་ཀྱི་སྙིང་ཁ་རུ།། གཙུགས་དང་ལྕེ་ལ་སོགས།། དུག་དང་བཅས་པའི་ཚོར་མ་གཟུགས།། དེ་ནས་སྔགས་པས་འདོད་ལྷ་ཡི།། ་ང་རྒྱལ་ཆེན་པོ་རབ་བསྟན་པས།། སྐང་ཁའི་ཧཱུཾ་ལས་འོད་འཕྲོས་པས།། ལྷ་ལ་བཀའ་སྒོ་རྣམ་ཤེས་ནི།། མན་ངག་ཅན་གྱིས་དགུག་པར་བྱ། ཨོཾ་བཛྲ་མ་ཧཱ་ཀ་ལ ་ཡ་ཆེ་གེ་མོ་ཨ་ཀར་ཤ་ཛ་ཛ་ཧཱུཾ་བཾ་ཧོཿས་དགུག་པ་དང་།། བཞུག་དང་བཅིང་དང་མྱོས་པར་བྱ།། དེ་ནས་ཚ་བ་དུག་གིས་ཟག། དེ་བཞིན ་བདུན་ཕྲག་ཉི་ཤུ་གསུམ།། ཟླ་བ་ཅིག་ཏུ་ལས་བསྒྲུབས་ལ།། དྲག་པོའི་ཐབ་ཏུ་ཚེར་མ་དང་།། ཐ་མའི་མེ་ལ་སྲོ་བར་བྱ།། དེས་སྐྱང་མདུད་པར་མི་བྱེད་ན།། བསྟན ་པ་བདེ་ལ་གནས་པའི་ཕྱིར།། སྙིང་རྗེ་ཆེན་པོ་རབ་བསྐྱེད་དེ།། གྲི་ལྕགས་ལས་བྱས་མཚོན་གྱིས་བཏུབ། ཁྲག་དང་དུག་དང་ཚ་བ་དང་།། འཚེར་མའི་ལིང་གར་བཅས ་ཏེ་བསྲེག། ཐལ་བ་བླ་མའི་མན་ངག་ལྟར།། མནན་དང་ཆུ་བོར་དོར་བར་བྱ།། གཞན་ཡང་མི་ཤིས་ཐོད་པ་ལ།། དུག་གིས་སྡུག་གུས་གཟུགས་བྲིས་ཏེ།། དེའི་ལྕེ་ལ ་ཨུད་མ་ཏི།། མང་སྤེལ་བྲིས་ལ་ཐོད་པ་གཉིས། ཁ་སྦྱར་སྐུད་པ་ནག་པོས་ཀྲི།། ནག་པོའི་གོས་ཀྱིས་གཏུམ་ནས་ནི།། མི་ཤིགས་ས་ཕྱོགས་དག་ཏུ་མནན།། བསྙེན ་དང་སྒྲུབ་པས་མཉེས་གྱུར་ནས།། འཆི་དང་སྤྱོ་བར་འགྱུར་བ་ནི།། ཐེ་ཚོམ་ཡོད་པ་མ་ཡིན་ནོ།། ཡིད་དགས་སམ་ནི་དགྲ་བོ་གང་།། གྲོ་ག་ལ་ནི་གཟུགས་བྲིས་ལ།། ་སྟང་ཁར་སྔགས་འདི་བསྐོར་བར་བྱ།། ཨོཾ་བཛྲ་མ་ཧཱ་ཀ་ལ་ཆེ་གེ་མོ་མ་ར་ཡ་ཧཱུཾ་ཕཊ།། ཅེས་པའི་སྔགས་བྲིས་གཏོར་མར་བཞུག། དེ་ནས་སྒྲུབ་སྔགས ་བཟླས་པར་བྱ།། དེའི་རྗེས་ལ་གཏོར་མ་དབུལ།། མགོན་པོ་ནག་པོ་འཁོར་བཅས་ལ།། ཤ་ཁྲག་ལ་སོགས་བཏབ་བྱས་ནས།། གཏོར་མས་གསད་པས་སྒྲལ ་བྱས་ཏེ།། དམིགས་པར་བྱ་བ་མྱུར་དུ་རླག། གཞན་ཡང་གདུག་པའི་ཕ་རོལ་ཏེ།། ནུས་པ་ཅུང་ཟད་གྱུར་ན། རང་གཤེང་རང་ལ་དབབ་པའི་ཕྱིར།། ངག ་མནན་སྦྱོར་བ་འདི་ལྟར་བྱ། གྲོ་ག་འམ་ནི་རོ་རས་ལ། ཁྲག་དང་དུག་གིས་བདུགས་པ་ཡི།། གཟུགས་ནི་ལྕེས་ཁྱེབས་སྔགས་བྲི་བ།། བསྟན་པ་མིང་སྤེལ ་ལྡན་པས་བསྐོར།། ཕྱིན་ཅི་ལོག་ཏུ་དྲིལ་ལ་བཅིངས།། ཟག་པའི་རྫས་སོགས་ས་ལ་ནི།། ཚ་ཚ་བྱས་པའི་ནང་བཅུག་ལ།། སྟམི་ཞིང་མནན་ལ་མདུན ་བྱ་ལ།། རྣལ་འབྱོར་སྤྲོ་བསྡུ་ཕྱག་རྒྱ་བཅིངས།། ཐུན་གྱིས་བྲག་ལ་བཟླས་པ་བྱ།། ལས་སྦྱོར་ཞག་བདུན་ཐུན་བཞིར་བྱ།། དེ་ལ་སྔགས་བྱས་ནས་ནི།། གནོད་པའི་ས ་ཕྱོགས་དག་ཏུ་མནན།། མྱུར་དུ་འགྲུབ་པར་ཐེ་ཚོམ་མེད།། ཐོད་པ་འམ་ནི་སྣོད་གཞན་དུ།། སྦྱིན་བསྲེག་བྱས་པའི་ཐལ་བ་དེ།། ཐུན་རྫས་ཀྱིས་བྲལ་ལང་ཁར ་བཅས།། ཡང་ན་དྲག་པོ་ཀླུ་ལ་བཏང།། གྲུ་གསུམ་དོང་བཅུག་རྫི་བར་བྱ། ཁ་བཅད་ནས་ནི་དྲག་པོ་ཡིས།། ངེས་པར་མནོན་པར་ཐེ་ཚོམ་མེད།། དེ་ལྟར ་ལས་ལ་སྦྱོར་དུས་སུ།། ཉེས་པ་སྒོ་བའི་ཐབས་ཤེས་ནས།། བསྲུང་བྱེད་ཉེས་པ་འདི་ལྟར་སྐྲག། བསྟན་པ་འཇིག་པར་བྱེད་པ་ཡིས།། དགྲ་བོ་བསྲུང་བྱེད ་ལྷ་ཁྱོད་ཉོན།། གདུག་པའི་སེམས་ལྡན་དགྲ་འདི་ཡིས།། དཀོན་མཆོག་བླ་མ་ལ་རྨོད་ཅིང་།། རྣལ་འབྱོར་ལ་སྡང་སེམས་ཅན་འཚེ།། སྒྲུབ་པ་པོ་ལ་བརྙས ་མགོན། @#གྱུར་པས།། དཔག་ཚད་སྟོང་དུ་ལྐུགས་གྱུར་པའི།། དབུལ་བའི་སྡུག་བསྔལ་མྱོང་གྱུར་པས།། བདག་གིས་མྱུར་དུ་སྤྲུལ་ནས་ནི། ་གཟུགས་ཀྱི་ལྷ་རྣམས་མཆོད་པ་ཡིན། ཁྱོད་ཀྱིས་བསྲུང་བར་མ་བྱེད་པར།། སྡིག་ཅན་འདི་ནི་མྱུར་དུ་སྤོང་ཅེས།། བརྗོད་པར་བྱའོ།། བསྟན་པ་བསྲུང་བའི་བསམ་པ་དང་།། ་སྙིང་རྗེ་ཆེན་པོ་བསྐྱེད་པ་ཡིས།། ཡེངས་པ་མེད་པར་བྱས་གྱུར་ན།། ངེས་པར་འགྲུབ་པར་གདོན་མི་ཟ།། རྒྱ་བྱིན་དག་གི་སྲོག་ཀྱང་གཡོ།། སྡིག་ཅན་དགྲ་བགེགས་སྨོས ་ཅི་དགོས།། བྱང་ཆུབ་སེམས་དང་རབ་ལྡན་ན།། ངོ་བོ་ཉིད་ཀྱིས་འགྲུབ་པར་འགྱུར།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། །། མ་མེའི ་འཁོར་ལོ་དང་།། ལས་སྒྲུབ་པ་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་གཞན་ཡང་བཤད་པར་བྱ།། གསང་བའི་ཆོ་ག་ཉམས་དགའ་བའི།། མགོན་པོ ་ཀུན་གྱི་གནས་འདི་ནི།། ཞལ་ཅིག་པ་ལ་ཕྱག་དྲུག་པ།། དང་པོ་ཐོང་ཁྲག་གྲི་ཁུག་འཛིན།། སྤྱན་གསུམ་མཐིང་ནག་རྔམ་པ་ཡི།། གཡས་དང་གཡོན་པར་ཕྲེང་བ་དང་།། ་བ་མ་རུ་ནི་འཛིན་ཅིང་རྡུང་།། ཐ་མ་གཉིས་ཀྱི་ཁ་ཊྭཱཾ་དང་།། སྡིག་འཛུབ་ཞགས་པ་འཆང་བར་མཛད།། ཀླུ་བརྒྱད་ཀྱིས་བརྒྱན་ཁྲག་འཛག་ཞལ།། ས་བོན་རང་སྔགས་ཕྲེང ་བ་ཅན།། བརྒྱས་བཏབ་པས་ནི་བྱིན་བརླབས་ཅིང་།། རྡོ་རྗེ་སེམས་དཔས་དབུ་བརྒྱན་པ།། ཉ་ཏེ་ཏའི་སྙིང་ལ་བརྟེན།། བི་ན་ཡ་ཀཱ་མནན་པར་བསམ།། ཨོཾ་བཛྲ་མ་ཧཱ་ཀ ་ལཱཀྵི་ཀྵེ་ཏྲ་བགི་ནན་བྷི་ན་ཡ་ཀ་ནན་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། ཤ་ཆེད་སྤོས་སུ་ཕུལ་ནས་ནི།། སྐྱོ་བར་གྱུར་ན་གསང་སྔགས་བཟླས།། དེ་ལ་གཏོར་མ་དབུལ་བར་བྱ། ཁྱད་པར་བྱིན་རླབས་གྱུར ་པར་བྱ།། འཕྲིན་ལས་ཐོགས་པ་མེད་པར་འགྲུབ།། ཨོཾ་བཛྲ་ཏྲོ་ཏ་ས་མ་ཡ་མ་ཧཱ་ཀ་ལ་ཡ་ཧཱུཾ་ཕཊ།། སྐུའི་མགོན་པོའི་སྔགས་སོ།། ཨོཾ་མ་ཧཱ་ཀ་ལ་བྷུན་ཧྲི་ཏ་ཧཱུཾ་ཕཊ།། ཡོན ་ཏན་གྱི་མགོན་པོའི་སྔགས་སོ།། ཨོཾ་བཛྲ་མ་ཧཱ་ཀ་ལ་ར་ཤ་རུ་ཏྲི་བྷ་ཤ་ནི་ཧཱུཾ་ཕཊ།། གསུང་གི་མགོན་པའི་སྔགས་སོ།། ཨོཾ་བཛྲ་ཀྲིན་ཙནྡ་ད་མ་ཡ་མ་ཧཱ་ཀ་ལ་ཙི་ཏ་ལ་ཧྲྀ་ཛ། ་ལས་ཀྱི་མགོན་པའི་སྔགས་སོ།། ཨོཾ་མ་ཧཱ་ཀ་ལ་ཧ་ན་བཛྲ་ཧཱུཾ་ཕཊ།། ཡི་གེ་བཅུ་པ་གསང་བའི་མགོན་པོའི་སྔགས་སོ།། ཨོཾ་ཅན་ག་ཥ་རི་ཡེ་སྭཱ་ཧཱ།། གཏུམ་པ་མེའི ་སྔགས་སོ།། ཨོཾ་ཙ་ར་ཙི་ཀ་ཡེ་སྭཱ་ཧཱ།། དྲག་མེའི་སྔགས་སོ།། ཨོཾ་ཀ་ལི་ཀ་ཡེ་སྭཱ་ཧཱ།། ཟློག་བྱེད་མའི་སྔགས་སོ།། ཨོཾ་ཀུ་ལེ་ཤེ་ཀཱ་རི་ཡེ་སྭཱ་ཧཱ།། དཔལ་མེའི ་སྔགས་སོ།། ཨོཾ་ཤྲི་མ་ཧཱ་ཀ་ལ་གྷ་ན་མེ་ཏྲི་ཛཿཧཱུཾ་བཾ་ཧོ།། བེང་འཛིན་མའི་སྔགས་སོ།། ཨོཾ་རེ་ཏ་ན་ཏི། མ་ཧཱ་ཀ་ལི་ཏི་ཤཱུ་ལ་སརྦ་ཤ་ཏྲུན་ཛཿཁ་ཊཾ་ཁ་འཛིན་མའི་སྔགས་སོ།། ་བཛྲ་མ་ཧཱ་ལ་ཀེ་ཏྲི་བྷན་དྷེ་བ་མ་ཧཱུཾ་ཕཊ། བྷ་འཛིན་མའི་སྔགས་སོ།། ཨོཾ་བཛྲ་མ་ཧཱ་ཀ་ལ་ཏེ་ཙི་ཙི་ཏ་ཀ་ར་མ་ར་ནི་ཧཱུ~ཾ་ཕཊ། ཅེས་རྒྱལ་མཚན་འཛིན་མའི་སྔགས་སོ།། གས ་བ་བེང་མཛིན་མགོན་པོ་ཡིས།། ལྷ་མ་ཡིན་གྱི་གྲོ་ཁྱེར་ནི།། སུམ་རྩེགས་ལེགས་ཁང་བཟངས་རྣམས། ཁྲོ་བོ་ཙནྡན་གེ་རྣམས་ཀྱིས།། ལྷ་དཔག་བྱེ་བ་དུང་ཕྱར་རྣམས།། ་། ཕུང་ནས་རླག་པར་མཛད་པ་ཡིས།། གྲོང་ཁྱེར་འབུམ་ཕྲག་བརྒྱད་བཅུ་འམ།། རླག་བྱེད་བདུད་འདུལ་ཆེན་པོ་སྟེ།། འདི་ཉིད་གཡོན་ནས་ལྔ། ་མེ་ནི།། ཀུན་ནས་དགེས་ནས་ལྷ་མེ་ནི།། ཨོཾ་ཤྲི་བཛྲ་མ་ཧཱ་ལ་དུ་བེད་ནི་ཛ།། ཨ་མུ་ཀའི་མགོ་བོ་ལ་རུ་ཏྲ་ཧཱཾ་བྷྱོ།། ཨོཾ་ཤྲི་མ་ཧཱ་ཀ་ལ་ཏྲག་རག་ཤ་དུ་བེ་ནི་ཛཿམདུན་ན་ག་ཤིག་སྐྱེ། ་མུ་ཤི་བྷྱེ་ཆེ་གེ་མོ་མ་ར་ཡ་ཕཊ།། ཨོཾ་མ་ཧཱ་ཀ་ལ་རག་ཤ། ཏྲི་རག་ཤ་རུ་ཏྲ་ས་མ་ཡ།། སརྦ་ཤ་ཏྲཱུཾ་དུ་སཱུ་ཙ་པོ་ལ་ཡ།། མར་ན་རྦང་ཟང་།། ནི་རྦད་སུ་རྦད་སུ། ཚལ་པ་ཚལ་པ། ་ནི་ཤ་ཀུ་རུ་ས་མ་ཡ།། ཆེ་གེ་མོ་བརྟུབས་ཛ་ཛ།། ཨོཾ་རུ་རུ་མ་མ་བྷྱོ།། མ་མ་ཤ་ཏཱཾ། ཙི་ཏ་ལ་ཧྲྀ་ཧྲྀ། མ་ར་ཡ་རྦུང་ཟུད། རེ་ཤཾ་བྷ་དྷ་ཡ་གྷ་དྷ་ཡ། ཀ་ལོ་ཡང་། བྷ་ཤ་ནི། ་མཧཱ་ཀ་ལ་ཡཀྐ་ས་ས་ན། ཨ་བ་ཀ་རི། དྷི་ན་མེ་ཀ་ན་མེ་རུ་དྷཱ་མ་མ་བྷྱོ།། ཙི་ཏ་ལ་ཧྲྀ་ཧྲི་རྦད། དྲི་རི་སྠི་ཏི་ཀ་ཧི་སྭཱ་ཧཱ། ཏི་ཀ་པ་ཏྲ་ཧཱུཾ། ཨོཾ་ཀ་ཏི་སྲ་མོ་ཥ་མ་སཱ། ཏིག་བུག་ཤིག། ་ཀུ་མི་ཏ་རྦང་ཟད་ཤིག་ཆུད་སོང་།། གྷན་དྷེ་འཛིན་པའི་ཁྲོ་བོ་ཆེ།། མ་རུང་གྲད་པ་འགེམ་པར་བྱེད།། ཙ་མུན་ཏྲི་ལྡན་རོལ་པ་སྟེ། གདུག་པ་འདུལ་བའི་ལས་ལ་ཤིས། ་ཁ་རྗེ་རྩེ་གསུམ་འཛིན་པ་ནི།། དགྲ་བགེགས་ལུས་ངག་ཡིད་ལ་འདེབས།། གཏུམ་མ་ཐོག་འབེབས་མིག་རྒྱུར་མ།། སངས་རྒྱས་བསྟན་པ་སྐྱོང་པའོ།། གང་དུ་ཀེང ་རུས་རྒྱལ་མཚན་རྣམས།། བདུད་དང་བདུད་ཀྱིས་ཕྱོགས་སྐྲག་བྱེད།། འདི་ཉིད་ལེགས་ལྡན་རྒྱལ་པོ་ཆེ།། རྡོ་རྗེ་གསེ་རྡོ་སྣ་ཚོགས་སྡོང་།། དཀྱིལ་འཁོར་སྣ་ཆོག ་འདི་དག་གིས།། གསང་སྔགས་རིམ་པར་བསྟན་པའོ།། ཐུན་མོང་ཁྱད་པར་བྱེ་བྲག་གིས།། ལུས་ཀྱིས་མཚན་ཉིད་རྟགས་བྱས་པ།། གྲུབ་པ་ཀུན་དུ་བགྲོད་པའོ།། ་དཔལ་མགོན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། །། དཀྱིལ་འཁོར་བའི་མགོན་པོ་དང་།། ཡུམ་དང་བཅས་པའི་གསང་སྔགས་དང་འཕྲིན་ལས་ཀྱིས་ལེའུ་སྟེ ་བཅུ་བཞི་པའོ།། །། དེ་ནས་རྟེན་པ་ཙམ་གྱིས་ནི།། གྲུབ་པ་ཅོལ་བར་མཛད་པའོ།། དངོས་གྲུབ་འབྱུང་གནས་རིམ་པ་ནི།། ཡང་དག་ཉིད་དུ་བཤད་པར་བྱ།། བྱ ་རོག་དབྱངས་བཞིས་བརྒྱན་པའི།། ནག་པོ་ཕྱག་བཞི་པའི་སྐུ།། གཡང་བཞི་དམ་ཚིག་ལྡན་པས་བྲི།། དེ་ནི་སྐུའི་རྟེན་དུ་བཤད།། གསེར་དངུལ་ལ་སོགས་གྱིས་བྲིས ་པའི།། ནག་པོ་ཆེན་པོའི་སྙིང་པོ་དང་།། ཉི་མའི་སྙིང་པོ་བྲིས་པ་རྣམས།། གསུང་གི་རྟེན་དུ་འདོད་པའོ།། བྱ་རོག་སོབས་དང་རྟ་ནག་སྙིང་། ཁྱི་སྙིང་དང་ནི་མའི་སྙིང་།། ་རིན་ཆེན་ལྔ་དང་བཅས་པ་རྣམས།། ཐུགས་ཀྱིས་རྟེན་དུ་བཟུང་བར་བྱ།། སྙིང་གིས་རྣམ་པ་ཐམས་ཅད་དང་།། ཉ་ཤ་ལ་སོགས་འབྲུའི་རང་།། སྨན་གྱིས་རྣམ་པ་ཐམས ་ཅད་ལ།། བསྙེན་པའི་གཏོར་མ་བྱ་བ་ཡིན།། རྫས་དང་རྟག་གཏོར་སྟེང་དང་འོག། སྟེང་དུ་དར་ནག་གུར་གྱིས་དབུ་པ།། ཤ་ལྔ་སྨན་ལྔ་སྤྱོས་བྱེ་བཅས།། རྒྱུན་དུ ་ཐུགས་དམ་བསྐུལ་ཕྱིར་མཆོད།། རྟ་ནག་ལུག་ནག་གཡག་རོག་ལ།། མགུལ་དུ་སྙིང་པོ་བྲིས་ལ་བདགས།། དེའི་ངོ་བོར་ལེགས་ཕུལ་ལ།། ཕྱིའི་རྟེན་དུ་བྱ་བར་བཤད།། ་ནག་པོ་རས་སམ་དར་ལ་ཡང་།། རིན་ཆེན་ལྔ་དང་བཅས་པའི་ས།། ནག་པོ་ཞལ་ཅིག་ཕྱག་བཞི་པ།། བྲིས་པ་ཉིན་ཅིག་གིས་རྫོགས་ནས།། བར ་ཆད་མེད་པར་རབ་གནས་བྱ།། གསང་རྟན་ལུས་ལ་བཅད་པའོ།། སྣ་ཚོགས་འབྲུ་ནག་དཔལ་བྱས་པའི།། གཏོར་མ་མི་ཤས་བརྒྱན་པའི།། ཕོ་བྲང་རྟེན་དང་རྟེན་པར་བཅས། ་ནང་གྱིས་རྟེན་དུ་སློབ་པའོ།། སྐྱེས་པ་གྲིར་ཤའི་ཐོད་ཕྲེང་ནི།། ཡོན་ཏན་ལྡན་པའི་རྟག་ཏུ་ཟ།། མི་བསད་མཚོན་ལ་བྱས་པ་ཡི།། རྡོ་རྗེ་གྲི་ཁུག་ཧཱུཾ་བྲིས་ལ།། འཕྲིན་ལས ་བྱེད་པའི་ཁྱད་པར་རོ།། དམ་ཚིག་གནས་པའི་རྣལ་འབྱོར་པས།། ཉམས་དགའ་དབེན་པའི་གནས་ཉིད་དུ།། ལྷ་མོའི་རྟེན་ཡང་འདི་ལྟར་རོ།། རིགས་མེད་ཀྱིས་ནི་ཐོད ་པ་ལ།། གསང་སྔགས་ཡི་གེ་འདི་དག་ནི།། བྲིས་པ་ཙམ་གྱིས་ལས་གྲུབ་བྱེད།། བསྒྲུབ་མི་དགོས་པར་ནུས་པ་འབྱུང་།། དུར་ཁྲོད་སོལ་བས་སྔགས་འདི་བྲི།། ཨོཾ་ཤྲི་དེ ་ཝ་ཙི་མུན་ཏི་སེང་ཀ་མོར་དྷ།། ཀེ་སང་ཧ་སི་ཏ།། མུ་ཁེ་ཀ་ར་ཧ་ར།། ཀི་ལ་ཀི་ལ། པྲེ་ཀཱ་ཏི་ཏ་ས་ན་ས་ན་ས་ར་བྷྱཱཾ་བྷཱ་ལ་ལ་ཏ་ཡཱ།། ཀ་བ་ལ་མ་ལ་ལ་ཧ་ར་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ། ་ཐོད་པའི་ནང་དུ་འཁོར་བར་བྲི།། ཕྱིའི་རྟེན་དུ་བཤད་པ་ཡིན།། བོང་བུ་ནག་མོའི་ཐོད་པ་ལ།། རྟེན་བལྷའི་མིའི་སྐུ་བྲིས་ལ།། ནང་གིས་རྟེན་དུ་བཤད་པ་ཡིན།། ནལ་གྲིའི་སྙིང ་ནི་མ་ཉམས་པ།། མཚོན་གྱིས་རྩེ་ལ་སྐྱོན་ལ་བཞག། གསང་བའི་རྟེན་དུ་གཟུགས་པར་བྱ།། བུ་མོའི་ཐོད་པ་ཛ་རིལ་དང་།། གྲི་ཁུག་དར་གྱིས་བཏུམས་པ་དང་།། དྲི་བཟང་། ་ཚོགས་ཀྱིས་བདུག་པར།། དེ་ཁོ་ན་ཉིད་ཀྱིས་རྟེན་དུ་བཤད།། དེ་ནས་ནུབ་ཕྱོགས་དག་ནས་ནི།། གསུམ་གྱིས་ཁུར་ནས་འོངས་པའི་དྷོ།། མི་ནག་གསུམ་གྱིས་འདི་སྐད་བརྗོན། ་སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན།། རྡོ་རྗེ་མགོན་པོ་འཁོར་བཅས་ལ།། རང་བཞིན་གནས་ནས་སྐུ་བཞེངས་ལ།། འདིར་ནི་བསྲུང་བཞུགས་སུ་གསོལ།། ལན་གསུམ ་བརྗོད་ནས་བཞགས་པར་བྱ།། རོལ་མོའི་སྒྲ་དང་སྤོས་དུང་དང་།། སྣ་ཚོགས་རོལ་མོས་བསྡུས་ནས་ཀྱང་།། འཕྲིན་ལས་གང་གྲུབ་རིམ་ཤེས་བྱ།། འདི་ནི་རང་བཞིན་རྟེན་ནོ།། ། ་དཔལ་མགོན་པ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། ཕྱི་ནང་གསང་བ་དང་སྐུ་གསུད་ཀྱིས་རྟེན་འཛུགས་པའི་ལེའུ་སྟེ་བཅཝོ་ལྔ་པའོ།། །། དེ་ནས་གཞན་ཡང་བཤད ་པར་བྱ།། དཔལ་ལྡན་དག་པོ་ཆེན་པོ་ཡིས།། བཀའི་ཚོགས་ཀྱིས་འཁོར་གྱུར་པ།། འདི་ནི་ཤིན་དུ་ཤེས་པར་བྱ།། ལས་ཀྱི་མགོན་པོ་རྣམས་དང་ནི།། ལྷ་མོ་ཆེན་མོ་འཁོར ་དང་བཅས།། ལྷ་སྲིན་སྡེ་བརྒྱད་མ་ལུས་པ།། ཕོ་ཉ་མ་ངག་བཞུགས་ལས་བྱེད་པའི།། གཞན་ཡང་ཕྱོགས་སྐྱོངས་བཅུ་དང་ནི།། ཀླུ་ཆེན་བརྒྱད་དང་ལྷ་ཆེན་བརྒྱད།། གཟའ་ཆེན ་བརྒྱད་དང་རྒྱལ་ཆེན་བཞི།། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དང་།། གནོད་སྦྱིན་བརྒྱད་ཕྲོག་མའི་བུ།། ཤ་ཟ་དང་ནི་མ་མེ་དང་།། འཇིགས་རྟེན་པ་དང་དམ་ཚིག་གནས།། ཞིང་སྐྱོང་མ ་ལུས་འཁོར་དང་བཅས།། འདི་དག་ལུས་ཀུན་བྱེད་པ་ཡི།། འཇིག་རྟེན་སྐྱོང་བ་བཞི་བཅས་པ།། གྲུབ་པ་རབ་ཏུ་རྩོལ་བར་མཛོད།། ལྷ་དང་ལྷ་མིན་མི་འམ་ཅི།། སྟེ་ཕྱེ་གྲུལ་བུ ་སྲུལ་པོ་དང་།། ལུས་སྦྲུལ་གྲིབ་ནོན་སྐྱེ་མཆེད་སོགས།། ནམམཁའ་ལྡིང་དང་དྲི་ཟ་དང་།། འབྱུང་པོ་མ་ལུས་འདུས་པ་ཀུན།། འདི་དག་བསྒྲུབ་ལ་གྲོགས ་བྱེད་ཅིང་།། མཐུ་སྟོབས་འབུངས་དང་ནུས་པ་ཡི།། བསྲུངས་ཞིང་བར་ཆད་ངེས་པར་སེལ།། སྒྲ་ཅན་འཛིན་པའི་རའུ་ལ།། འདི་ལ་སོགས་པ་ཐམས་ཅད་ལ།། ཚོགས་ཀྱིས་གཏོར ་རྨཱ.ུ་ནཱིརྱཱ་མ་ཆོད་ན།། དཔལ་དང་རྫུ་འཕྲུལ་མྱུར་དུ་སྟེར།། འདི་དག་འཁོར་དང་བཅས་པ་ཡི།། ཉེ་དང་ཉེ་བའི་མཚན་མ་དང་།། རྟགས་དང་ཆོ་འཕྲུལ་དུ་མ་འབྱུང་།། སྐུ་གསུང ་རྣག་དང་ནི་རྣ་ཕྱི་ནཔ་གས ་ཐུགས་ཀྱིས་རྟགས་གྱུར་པ།། དངོས་དང་ཉམས་སྣང་རྨི་ལམ་དང་།། སྤྲུལ་པའི་འཕྲིན་ལས་ངེས་འབྱུང་བ།། གཙོ་བོ་ཉིད་དང་འཁོར་རྣམས་ཀྱིས།། རིམ་པ་རྗེས་སུ་འབྲེལ ་པ་འབྱུང་།། རྟགས་བྱུང་ནས་ནི་ལས་ལ་བསྐུལ།། ། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། གཙོ་བོ་དང་འཁོར་དུ་བཅས་པ་མཆོད་པའི་ལྡན ་བའི་ལེའུ་སྟེ་བཅུ་དྲུག་པའོ།། ། དེ་ནས་གཞན་ཡང་བཤད་པར་བྱ།། དཔལ་ལྡན་མགོན་པ་ཆེན་པོ་ཡི།། ཐར་པའི་གྲོང་ཁྱེར་ཉམས་དག་པར།། དབང ་བསྐུར་ཆོག་བཤད་པར་བྱ།། འདིས་ནི་བདུད་དང་བདུད་ཀྱིས་ཕྱོགས།། དེ་ལས་རྒྱལ་བར་བྱེད་པ་ཡི།། ཆོ་ག་བཟང་པོ་བླ་ན་མེད།། དཀྱིལ་འཁོར་བཟང་པོ་བཞེངས ་བར་བྱ།། ཕུན་སུམ་ཚོགས་པའི་གནས་དག་ཏུ།། རྒྱུད་ཤེས་ཡང་དག་བླ་མ་ལ།། སྣོད་དང་ལྡན་པའི་སློབ་མ་ཡིས།། གསོལ་བ་ལེན་གསུམ་གདབ་བྱས་ལ།། ་མཿལ་མེ་ཏོག་སྔོན་འགྲོ་ཡིན།། རྡོ་རྗེ་འཛིན་པ་མ་ལུས་དང་།། རྒྱལ་བ་མགོན་པོ་མ་ལུས་དང་།། དབང་ཕྱུག་དམ་པའི་དཀྱིལ་འཁོར་དུ།། དབང་བསྐུར་བར་མཛད་དུ ་གསོལ།། ལན་གསུམ་བརྗོད་ནས་གནང་གྱུར་པས།། དང་པོ་བསྙེན་པ་ཙམ་པར་བྱ།། མཚན་མ་ལྟོ་བར་རབ་ཚུལ་ཤེས་ནས།། དེ་ནས་སྔོན་འགྲོ་རྩམ་པར་བྱ།། དང་པོར ་བགེགས་རྣམས་ཉེར་ཞི་བའི།། འཕྲིན་ལས་མཆོད་པ་གཏོར་མ་ཡི།། བུམ་པ་དང་མེ་ཏོག་གིས་ལྷ་ལ།། ཡེ་ཤེས་ལྷ་རྣམས་མཆོད།། ལུས་དང་ངག་དང་ཡིད་ཀྱིས་ནི། ་སྡིག་པ་བྲལ་བགེགས་དབྱུང་བའི།། སྔགས་དང་བཅས་པའི་ཉུང་དཀར་གྱིས།། མེ་སྦར་བསྲེགས་དང་བྲབ་པར་བྱ།། དེ་རྗེས་ས་ཕྱོགས་གཙང་མ་ལ།། ས་རྟགས ་བ་དང་སྤང་པ་བྱ།། ས་སྤངས་ནས་ནི་བཀའ་ཐོབ་པས།། བསྐོ་ཞིང་རོ་ལྔ་གསལ་བར་བྱ།། དེ་ནས་བསྲུངས་ཞིང་བཅག་པར་བྱ།། རྡོ་རྗེ་འཛིན་པ་བཞེངས་ནས་ནི།། རྡོ་རྗེ ་གོམ་པས་གར་སྟབས་ཀྱིས།། ཧཱུཾ་ཧཱུཾ་དྲག་པོའི་སྒྲ་བརྗོད་པས།། ཕྱོགས་ཀུན་བཅིང་བ་བྱས་ནས་ནི།། བགེགས་ལ་བཀའ་སྒོ་གཏོར་མ་སྦྱིན།། སློབ་མ་ཀུན་ལ་སྲུང་བྱས་ལ། ་རྡོ་རྗེ་མགོན་པོ་ཆེན་པོ་ཡིས།། ཏིང་ངེ་འཛིན་དུ་གནས་པ་ལས།། གསོལ་བ་བཏབ་པས་གནང་བ་སྦྱིན། ཁྱད་པར་བདུད་རྩི་འཁྱིལ་པས་བསྲུངས།། ཡང་དག་ཡེ་ཤེས ་སེམས་དཔའ་ཆེ།། འཁོར་བའི་གཡུལ་ལས་རྒྱལ་བྱེད་པ།། རྒྱལ་བ་མ་ལུས་བསྟན་སྐྱོང་ཚེ།། དེ་ནས་ལྷག་པར་གནས་པ་རྩལ།། ས་འཛིན་ལྷ་མེ་ཉིད་མཆོད་པས།། ་མགོན་རྒྱན། #ཀ་བྱིན་ནས་ནི་ཐིམ་པར་ལྟ།། བུམ་པ་དཀྲིས་ཤ་ཡང་དག་ལྡན།། མ་ཉམས་མཚན་ཉིད་ལྡན་པ་ལྔ། ཁ་མཚར་མ་ཉམས་རས་བཟུངས་དཀྲི།། སྙིང ་པོ་སྨན་དང་འབྲུ་ལྔ་པ།། སྤོས་དང་རིན་ཆེན་དག་གིས་དབང་།། རྒྱུན་འབབ་ནུའི་དགང་དང་།། འབྲས་ལྡན་ཤིང་གིས་ཁ་བརྒྱན་པའོ།། དེ་ནས་བསྲུངས་པའི་འཁོར་ལོ་ལི། ་དཀའི་ཁྲོ་བོ་རྣམ་པར་བསྒོམ།། དཀྱིལ་འཁོར་བྲི་བའི་ཐིག་ལེ་ལ།། མེ་ཏོག་བཙལ་དཀྲམ་ལྷ་རྣམ་ནི།། སྐྱེད་ཅིང་མཆོད་པ་གཉིས་མེད་སྙིམ།། སོ་ཤིང་དོར་དང་ལྟས ་སྟག་པ།། བསྲུང་བསྐུད་ཀུ་ཤ་སྦྱིན་པར་བྱ།། དེ་ནས་སེམས་བསྐྱེད་སྡོམས་གནས་པས།། དམ་ཚིག་གསང་བ་སྦྱིན་པར་བྱ།། ཁྱད་པར་ལྷ་ལ་གསོལ་བཏབ་ནས།། ་བསྔལ་མཚོན་དཀྱིལ་འཁོར་ཐིག་གདབ་བྱ།། དངོས་པོ་ཡེ་ཤེས་ཐིག་གདབ་ཅིང་།། ཕྱི་ནས་དམ་ཚིག་ངེས་པར་ག་བ།། གོ་རིམས་མ་ནོར་ངེས་པའི་ཚུལ།། སྲད་བུ ་ཤེས་རབ་ཅན་ཐིག་གདབ།། ཚོན་ནི་བྱིན་གྱིས་བརླབས་ནས་ཀྱང་།། རྔ་རྟགས་བསྔལ་མཚོན་རིམ་པས་དཀྱིལ།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི ་མཛེས་པ་ཡིས།། ཟླུམ་བསྐོར་ཕོ་བྲང་ལ་རྩེ་དགུ།། དབུས་མ་ཨ་དབྱིབས་དྲག་པོ་ཉིད།། ཕྱི་རོལ་པདྨ་འདབ་བརྒྱད་པ།། ལྷ་ཁྱམས་བཅས་པའི་དཀྱིལ་འཁོར་མཆོག ་འདོན་ཡོན་རིན་ཆེན་སྐྱེད་པ་དང་།། དྲི་ཕྱེད་པ་གུ་ལིའི་འཕྲེང་།། ཡང་ན་ཁ་བད་མཛེས་པའི་བརྒྱན།། ཆོས་འཁོར་རི་དགས་དུགས་དང་བཅས།། ནང་ཐོད་པདྨའི་འབྲེང་བར ་ལྡན།། དུར་ཁྲོད་བརྒྱད་ཀྱིས་ཡོངས་སུ་འཁོར།། རྡོ་རྗེ་མེ་འོད་འབར་བས་འཁྲིགས།། དམ་ཚིག་ཡེ་ཤེས་གཉིས་མེད་པའི།། གསང་སྔགས་ཉེ་བར་བསྔགས་པར་གནས། ་བརྟན་ཞིང་མཆོད་ལ་གསོལ་བ་བཏབ།། ཉེ་བ་བརྒྱན་ཅིང་ཡོངས་སུ་བསྐོར།། དེ་ནས་སློབ་དཔོན་བདག་འཇུག་བྱ།། སྦྱིན་བསྲེག་ལས་ནི་རབ་ཏུ་ཤིས།། ། དཔལ་མགོན ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། གསང་བ་ཆེན་པོ་དཀྱིལ་འཁོར་བསལ་བར་བྱེད་པའི་ལེའུ་སྟེ་བཅུ་བདུན་པའོ།། །། དེ་ནས་གཞན་ཡང་རྣམས་བཤད་བྱ།། ་ཡང་ན་ལེའུ་དགུ་ལྡན་པའི།། པདྨ་བརྒྱད་ཀྱིས་ཕྱི་རོལ་ཏུ།། མུ་ཁྱུད་འཁོར་ལོ་རིམ་གསུམ་ལ།། ཨེ་དབྱིབས་ཞིང་སྐྱོང་རིམ་པར་དགོད།། ལྷ་དང་ས་བོན་ཕྱག་མཚན་ནི།། ་སྐུ་གསུང་ཐུགས་ཀྱིས་ཕྱག་རྒྱས་མཚན།། སློབ་མ་ཁྲུས་བྱས་བརྒྱན་བཏགས་ཏེ།། མཎྜལ་མེ་ཏོག་ཕྱག་བྱ་ཞིང་།། རས་ཀྱིས་མིག་ནི་བཀབ་ནས་སུ།། དང་པོར་མེ་ཏོག་དེར ་བར་བྱ།། མཚན་མ་མཐོང་བས་ལེགས་པར་དྲངས།། སྒོ་བཞི་ནས་ནི་ནང་འཇུག་ཅིང་།། གུ་གུལ་གདུག་ཅིང་ཏིང་འཛིན་གྱིས།། ནག་པོ་ཆེན་པོའི་ལྷ་ཚོགས་ཀྱང་། ་ངེས་པར་སྤྱན་དྲངས་སྙིམ་པར་བྱ།། དེ་ལས་ངེས་པར་རྟགས་རྣམས་འབྱུང་།། ཡང་ན་སོ་སོའི་མགོན་པོར་བསྐྱེད།། ཡེ་ཤེས་སེམས་དཔས་བྱིན་གྱིས་བརླབ།། བླ་མ་དཀྱིལ ་འཁོར་གཙོ་བྱས་ལ།། འོད་འཕྲོས་རང་བྱིན་བརླབས་པར་འགྱུར།། མཐོང་བ་དྲི་བ་དང་བདུད་རྩིས་གཏོར།། རྡོང་གཡོགས་དཀྲོལ་དང་ལྷ་ངོ་བསྟན།། དེ་ནས་དབང་པོའི་རྩེ ་བརྩོན་#བྲག་གིས།། ངེས་པར་རིམ་པར་དབང་བསྐུར་རོ།། བསྟན་པ་འཛིན་ཅིང་བསྟན་པ་སྐྱོང་།། བསྟན་པ་བསྲུང་བར་བྱེད་པ་ཡི།། སངས་རྒྱས་བསྟན་པ་འཕེལ་མཛད་པ།། ་སྐུའི་མགོན་པོ་འཁོར་བཅས་ཀྱིས།། བླ་མེད་དངོས་གྲུབ་སྦྱིན་པའི་ཕྱིར།། ཡང་དག་ཡེ་ཤེས་དབང་བསྐུར་རོ།། སྐུ་གསུམ་ཐུགས་དང་ཡོན་ཏན་དང་།། འཕྲིན་ལས་ལྔའི་ཁྱད་པར་རོ།། ་མི་ལོང་ཡེ་ཤེས་བདག་ཉིད་ཅན།། རྡོ་རྗེ་རིགས་ཀྱི་མགོན་པོ་ཡིས།། དཀྱིལ་འཁོར་ཆེན་པོའི་ནང་དུ་ནི།། ཞེ་སྡང་དག་པས་དབང་བསྐུར་རོ།། མཉམ་ཉིད་སོ་ས་རྟོག་པ་དང་། ་བྱ་བ་ནན་ཏན་ཆོས་ཀྱི་དབྱིངས།། ཡེ་ཤེས་ལྔའི་རིགས་ཀྱིས་གཙོ།། ངེས་པར་དབང་བསྐུར་བསྟན་པར་བྱ།། འཕྲིན་ལས་བཞིའི་དབང་ཡང་བསྐུར།། ལྷ་མོ་བརྒྱད་ཀྱིས ་ལམ་རྣམས་འགྲུབ།། བུམ་པ་སྤྱི་བོར་བྱིན་པ་དང་།། ཐོད་པའི་བདུད་རྩི་བྲུབས་པ་ཡིས།། གསང་བ་ཡེ་ཤེས་བདེ་ཆེན་ཡེ་ཤེས་ཉིད།། རང་བྱུང་དྲི་མེད་དབང་བསྐུར་བའོ།། ་དེ་ནས་བྷ་ལིང་བཏང་པ་ཡིས།། ནུས་པ་ཐོགས་མེད་སྦྱིན་བྱེད་ཡིན།། སྐུ་གསུང་ཐུགས་ཀྱི་གསང་བ་མཆོག། ལྷ་དང་སྔགས་ཀྱིས་ཟག་པའི་མཆོག། ཏིང་འཛིན་ཆེན་པོ ་ཕྱག་རྒྱ་ཆེ།། འདི་ཉིད་དངོས་གྲུབ་ཀུན་གྱིས་གཏེར།། ཟབ་ཅིང་རྒྱ་ཆེའི་དོན་བསྒྲུབ་པ།། བསྐལ་བ་ཅན་ལ་སྦྱིན་པར་འོས།། ཧེ་རུ་ཀ་དང་ནག་པོ་ཆེ།། བླ་མ་ཐ་དད་མེད་པ་ལ། ་ཚོགས་ཀྱིས་འཁོར་ལོས་ལེགས་མཆོད་ཅིང་།། ཞབས་ལ་གཏུགས་ལ་སྨོན་ལམ་གདབ།། འདི་ནི་ཐེ་ཚོམ་མེད།། འཕྲིན་ལས་ཀུན་དུ་གྲུབ་གཏེར་བྱེད།། དཔལ་མགོན ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། དབང་བསྐུར་བྱིན་གྱིས་བརླབས་པའི་ལེའུ་སྟེ་བཅཝོ་བརྒྱད་པའོ།། །། དེ་ནས་གཞན་ཡང་བཤད་འབྱབ།། དཔལ་ལྡན་མགོན ་པ་དེ་ཉིད་ཀྱིས།། ཕྱོགས་བཞི་ཡོངས་སུ་སྐྱོང་བ་ཡི།། རྒྱལ་པོ་ཆེན་པོ་རྣམ་པ་བཞིའི།། ཤར་ཕྱོགས་ན་ནི་ཡུལ་འཁོར་བསྲུངས།། ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། ་ནུབ་ཕྱོགས་ན་ནི་སྤྱན་མིག་བཟང་།། བྱང་ཕྱོགས་རྒྱལ་ཆེན་རྣམ་ཐོས་སྲས།། སངས་རྒྱས་བསྟན་པ་བསྲུངས་བྱེད་པ།། འདི་ཉིད་གྲུབ་པ་སྟེར་བྱེད་པའོ།། རབ་ཏུ་དབེན ་ཞིང་གཙང་བ་དང་།། བཀྲ་ཤིང་ཉམས་དགའ་ས་ཕྱོགས་སུ།། རྣམ་ཐོས་སྲས་ནི་སྒྲུབ་པར་བྱ།། ས་བཞི་པའི་ལྕི་བས་བྱུགས།། དྲི་བཟང་ཙན་དན་དཀར་དམར་དང་།། ་ཨ་ཀ་རུ་དང་དུ་རུ་ཀ། ཁ་ཆེ་གྷི་ཝང་སྣ་ཚོགས་སྨན།། བསྲེག་ཅིང་འཚོགས་པའི་སྨན་དུ་བྱ།། མཎྜལ་གྲུ་བཞི་མདའ་གང་ལ།། དཀྱིལ་འཁོར་སྒོ་བཞི་རྟ་བབ་དང་། ་རིན་ཆེན་ཁང་པ་ཡིད་འོང་པ།། ཕོ་བྲང་རིན་ཆེན་ལས་གྲུབ་པ།། སྣ་ཚོགས་པདྨ་རིན་ཆེན་གླིང་།། རྟེར་དང་དཔག་བསམ་ལྗོན་ཤིང་བཅས།། ཀ་བ་སྟོང་ཕྲག་དུ་མ་ཡིས།། ་རབ་ཏུ་རྒྱས་ཞིང་ཡོངས་སུ་བསྐོར།། ལྟེ་བ་རིན་ཆེན་མུ་ཁྱུད་ལ།། ལྷ་མོ་བརྒྱད་ཀྱིས་ཡོངས་སུ་བསྐོར།། བར་མ་ལྷ་ཁྱམ་མཛེས་པ་ལ།། གནོད་སྦྱིན་ཆེན་པོ་བརྒྱད ་ཀྱིས་བསྐོར།། ཕྱི་མ་ར་བ་བསྐོར་བ་ལ།། ཀླུ་ཆེན་བརྒྱད་ཀྱིས་ཡོངས་སུ་བསྐོར།། སྒོ་བཞིར་གནོད་སྤྲིན་བཞི་བཀོད་པ།། དབུས་སུ་རིན་ཆེན་སིང་གེའི་ཁྲི།། སྣ་ཚོགས ་མཐོན། @#པདྨ་གེ་སར་བཅས།། དེ་དབུས་ཟླ་བ་དར་ཕྱིས་བདན།། དེ་ལ་སྐུ་གསུང་ཐུགས་ཀྱི་གནས།། ས་བོན་ཕྱག་མཚན་སྐུ་བགོད་བྱ།། སྣ་ཚོགས་མཆོད་པས ་ཡོངས་བསྐོར་ཏེ།། འབྲས་དང་གྲོ་དང་འབྲུ་སྣ་ལ།། གཏོར་མ་ཤིན་དུ་བཟང་བ་བཤམ། ཁྱད་པར་མེ་ཏོག་སྣ་ཚོགས་ནི།། ནག་གེ་སར་ཀུ་མུ་ཏ།། པུན་ཏ་ཀེས་བ་ཀུ་ལི། ་པར་ཤི་ཀ་དང་ཙམ་པ་ཀ།། དྷ་ནུ་ཀི་དང་ར་མ་ལ་ནི།། པུ་རི་ཀ་དང་ཨུད་པ་ལ་ལ།། པདྨ་མན་དྷ་ར་བ་དང་།། ད་འདོད་པ་ལ་སོགས་པའོ།། སྣ་ཚོགས་ཆུ་དང་བསྲེགས་སྤོས་སོགས ་གུ་གུལ་ཁྱད་པར་བསྲེག་པར་བྱ།། ཀ་ར་བུ་རམ་སྦྲང་རྩི་དང་། ཁུར་བ་འབྲས་ཆེན་ཞུན་མར་དང་།། ཞལ་ཟས་བྱེ་བྲག་ཐམས་ཅད།། སྣང་གསལ་མར་མེ་བྱུག་པ་དང་།། སྒྲ་སྙན་སྣ ་ཚོགས་མཆོད་པའི་རྫས།། གདུགས་དང་རྒྱལ་མཚན་བ་དན་དང་།། འཕན་དང་བླ་རེ་ལ་སོགས་པ།། སྣ་ཚོགས་དར་གྱིས་ལྔ་ལྡིང་དང་།། དེ་ལྟར་བཀོད་པ་ལེགས་བརྒྱན་ནས།། ་བདེ་བའི་བསྟན་ལ་འདུག་ནས་ཀྱང་།། རང་ལྷར་བསྐྱེད་པའི་ས་བོན་ལས།། འོད་འཕྲོས་མདུན་གྱི་དཀྱིལ་འཁོར་ལ།། རབ་ཏུ་འཕྲོས་པས་འོད་དུ་འབར།། དེ་ལ་དབུས་སུ ་རྒྱལ་ཆེན་ནི།། སྐུ་མདོག་གུར་གུམ་མདོག་འདྲ་བ།། རིན་ཆེན་སྣ་ཚོགས་བརྒྱན་གྱིས་བརྒྱན།། སིང་གེ་འཁྲིལ་ལེགས་བཞུགས་པའི།། ཕྱག་གཡས་ཡིད་བཞིན་ནོར་བུ་སྟེ། ་རིན་ཆེན་འབར་བའི་རྒྱལ་མཚན་ཅན།། གཡོན་པ་ནི་ལེའི་སྣོད་ཅན་ལས། ཁ་ནས་རིན་ཆེན་སྐྱུག་པར་བསམ།། གནོད་གནས་གང་བ་བཟང་པོ་དང་།། ནོར་བུ་བཟང་དང་རྟའི ་བདག། ཡང་དག་གཤེས་དང་འབྲོག་གནས་དང་།། ལྔས་རྩེན་པི་རྩི་ཀུན་དྷ་ལི།། སྣ་ཚོགས་བརྒྱན་དང་ཕྱག་མཚན་བཅས།། རེ་རེའང་དུ་མས་ཡོངས་བསྐོར་ནས།། ཤིན། ་དུ་གསལ་ཤིང་རྟེན་པར་བསམ།། དེ་དག་ས་བོན་ལས་འཕྲོས་ཏེ།། རང་བཞིན་གནས་ནས་སྤྱན་དྲངས་ལ།། མཆོད་ཅིང་བསྟོད་དེ་གཉིས་མེད་སྙོམས། ཁྱད་པར་གསོལ་བ ་གདག་པར་བྱ།། རྒྱལ་བ་མགོན་པོ་འཁོར་བཅས་པའི།། ཡིད་འོང་ཁང་བཟང་པོ་བྲང་འདི།། ཡིད་བཞིན་ནོར་བུ་ཆར་འབེབས་པའི།། རིན་ཆེན་གཏེར་གྱི་དངོས་གྲུབ ་གསོལ། ཨོཾ་བྷེ་སྭཱ་ཧཱ། ཨོཾ་བྷཾ་ཤ་ར་མ་ན་ཡེ་སྭཱ་ཧཱ། ཨོཾ་ཛ་བྷ་ལི་ནི་སྭཧཱ། ཨོཾ་བུཎྜ་བྷ་ཏྲ་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱཧཱ། ཨོཾ་སཾ་ཀྲ་ཛྙཱ་ན་ཡེ་སྭཱཧཱ། ཨོཾ་བྷུ་ཧ་ཏ་མེ་སྭཱཧཱ།། ཨོཾ་བི ་ཅི་ཀུན་དྷ་ལི་ནི་སྭཱ་ཧཱ།། དང་པོ་ལྕགས་ཀྱུའི་ཕྱག་རྒྱ་སྟེ།། གཉིས་པ་རིན་ཆེན་འབར་བ་ཉིད།། གསུམ་པ་ཀུན་ནས་བསྟོད་པར་བྱ།། དེ་ནས་གཏོར་མ་དབུལ་བར་བྱ།། གསོ། ་བཏབ་ནས་འཕྲིན་ལས་བཅོལ།། དེ་ནས་ཡེ་ཤེས་གཤེགས་སུ་གསོལ།། དེར་པྲ་ནི་བཞུགས་པར་བྱ།། ཕྱི་རྟེན་ནང་རྟེན་ཁྱད་པར་བྱ།། རིམ་པར་འཁོར་ལོ་སྔགས་དང་བཅས།། ་མིས་མི་མཐོང་བར་སྦས་ཏེ་བཅང་། ཁྱད་པར་རྟགས་ནི་གསལ་བར་འབྱུང་།། ཉེ་བའི་མཚན་མ་ངེས་མཐོང་ནས།། དངོས་གྲུབ་གྲང་ཞིང་གཏོར་མ་དབུལ།། སྤྲིན་བསྲེག་ལས ་ཀྱིས་མྱུར་དུ་འགྲུབ།། གསང་སྔགས་འབུམ་ཕྲག་བཅུ་ཡིས་གཏེར།། བགྲུབ་པ་པོ་ལ་རྩོལ་བར་མཛད།། །། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ་མགོན། #ཁྱད་པར་དུ་འཕགས་པ་རྣམ་ཐོས་སྲས་གནོད་སྦྱིན་ཆེན་པོ་བརྒྱད་དང་བཅས་པ་བསྒྲུབ་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་གཞན་ཡང ་བཤད་བྱ་བ།། འཕགས་པ་ཆེན་པོ་དེ་ཉིད་ལ།། ཀླུ་ཆེན་བརྒྱད་ཀྱིས་ཡོངས་བསྐོར་བ།། རིམ་པ་འདི་ན་བསྟན་པར་བྱ། ཁྱད་པར་ས་བཅུའི་དབང་ཕྱུག་ཆེ།། དཔལ་ལྡན་ཐུགས ་རྗེའི་བདག་པོ་ཉིད།། ཞལ་ཅིག་པ་ལ་གཉིས་པདེ།། སྤྱན་གསུམ་ཅུང་ཟད་ཁྲོ་བོའི་ཚུལ།། སྐུ་མདོག་མར་སྐད་ལྗང་ཁུའི་མདོག།། རིན་ཆེན་འབར་བའི་དབུ་བརྒྱན་ཅན།། ་སྐུ་ལ་དར་བེར་སུམ་རིམས་ལ།། སྣ་ཚོགས་བཅོད་པན་བརྒྱན་གྱིས་སྤྲས།། ཕྱག་གཡས་རིན་ཆེན་འབར་བ་སྣམས།། ལྷའི་བ་དན་མཛེས་པ་འཕྱར།། གཡོན་པ་མཆོད་རྟེན ་སྐུ་གདུང་སྣམས།། ནེ་ལེའི་སྐྱབ་པ་ནོ་སྐྱུག་འཆང་།། འཁོར་དུ་ཁྱད་པར་ཀླུ་ཆེན་བརྒྱད།། སྒྱུ་ལུས་མིའི་རྣམ་པ་ལ།། སྦྲུལ་མགོ་བདུན་གྱིས་གདེངས་ཀ་ཅན།། ཕྱག་གཉི ་ཐལ་མོ་སྦྱར་བ་ནི།། ཡིད་བཞིན་ནོར་བུ་ལེགས་བསྡམས་པ།། སེམས་པའི་འདུག་སྟངས་ཕྱེ་དཀྱིལ་ཅན།། ཐམས་ཅད་རྩོལ་འདུད་པར་བྱེད།། ནོར་རྒྱས་པདྨ་ཉིད་དང་ནི།། ་སྟོབས་ཀྱིས་རྒྱུ་དང་འཇོག་པ་ཉིད།། པདྨ་ཆེ་དང་ཅུ་ལུ་ཆེ།། དུང་སྐྱོངས་རིགས་ལྡན་བརྒྱད་པ་ཉིད།། རྒྱ་མཚོ་ཆེན་པོ་ནང་དག་ནི།། པདྨ་ལ་ནི་གནས་བཅས་ཏེ།། དེ་ལྟརན ་བསྐྱེད་པ་ཡེ་ཤེས་པ།། སྤྱན་དྲངས་མཆོད་ལ་གཉིས་མེད་བསྟིམ།། དགེས་པའི་ཚུལ་གྱིས་རྣལ་འབྱོར་ལ།། ཡིད་འོང་དངོས་གྲུབ་རྩོལ་བར་འགྱུར།། ཨོཾ་ཤྲི་བཛྲ་ཡེཀྵ ་བཻ་ཤར་མ་ཡེ་ཧཱུཾ་ཕཊ། ཨ་བ་རུ་ཎ་ཡེ་སྭཱ་ཧཱ། ཨོཾ་ཨ་ནན་ཏ་ཡེ་སྭཱ་ཧཱ། ཨོཾ་སྟག་ཤ་ཡེ་སྭ་ཧཱ།། ཨོཾ་ཀྵ་ཀ་ཀུ་རི་ཡེ་སྭཱ་ཧཱ། ཨོཾ་ཀར་ཀོ་ཏ་ཡེ་སྭཱ་ཧཱ། ཨོཾ་པད་མ་ཡེ་སྭཱཧཱ། ཨོཾ་མ་ཧཱ་པད་མ་ཡེ ་སྭཱཧཱ།། ཨོཾ་ཀུ་ལི་ཀ་ཡེ་སྭཱ་ཧཱ།། དེར་ནི་གསང་སྔགས་བཟླས་པ་ཡིས།། སྔགས་ཀྱིས་འོད་ཟེར་སྤྲོ་བསྡུ་བྱ།། དེ་ནས་ཀླུ་རྣམས་ཐམས་ཅད་ལ།། ཡིད་འོང་གཏོར་མ་དབུལ་བར ་བྱ།། ན་ག་གེ་སར་པུས་པ་དང་།། རྒྱ་མཚོ་སྦུ་བ་ཨ་རུ་ར།། འཛ་ཏི་བ་ལ་གུར་གུམ་དང་།། ཙན་དན་དཀར་དམར་པུ་ཤེལ་ཚེ།། དབང་པོ་ལག་དང་སྙིང་ཤོ་ཤ།། ཆུ་སྲིན་སྡེར ་མོ་ལེབ་རྒན་དང་།། འགྲོན་བུ་དུང་དང་མུ་ཏིག་དང་།། ཉི་ཕྱིས་བླ་གོར་ཞོ་ཤ་དང་། ཁལ་མ་ཞོ་ཤ་སྨ་བྱའི་མདོངས།། རྟ་རུ་དགུན་འབྲུམ་མངར་གསུམ་དང་།། གསེར་གྱི་ཕྱེ་མ་རས ་སྐུ་དང་།། འོ་མ་དང་ནི་འབྲུ་སྣ་དང་།། རིན་ཆེན་སྣ་ཚོགས་མ་ལུས་པ། ཁྱད་པར་དུ་ནི་དབུལ་བར་བྱ།། དེ་ནས་མཆོད་ཅིང་བསྟོད་བྱ་སྟེ།། དངོས་གྲུབ་གང་འདོད་རྩོལ་བར་བས། ་དེ་ནས་ཞི་བའི་སྦྱིན་སྲེག་བྱ།། གསང་བསྔགས་ཁྲི་ཕྲག་བཅུ་བཟླས་ནས།། རྟགས་བྱུང་ནས་ནི་དངོས་གྲུབ་བླང་།། །། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། ་རྒྱལ་པོ་རྣམ་ཐོས་སྲས་ལ་ཀླུ་ཆེན་པོ་བརྒྱད་ཀྱིས་བསྐོར་བའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་གཞན་ཡང་བཤད་པ་བྱ།། དྲང་སྲོང་སྲས་མཆོག་དེ་ཉིད་ལ།། ལྷ་མོ་བརྒྱད ་ཀྱིས་ཡོངས་བསྐོར་བའི།། ཐབས་འདི་རྣལ་འབྱོར་པས་ཤེས་བྱ།། རིན་ཆེན་བདུན་པའི་ཁངས་བཟང་སུ།། ནོར་བུ་སྣ་ཚོགས་གདན་བཞུགས་པའི།། འཕགས་པ་སྐུ་མདོག ་མགོན@#། བཻ་ཌཱུར།། ཞལ་ཅིག་ཕྱག་དྲུག་སྤྱན་གསུམ་པ།། རིན་ཆེན་སྣ་ཚོགས་དུ་བས་སྤྲས།། གདུག་པ་ཀླུ་ཡིས་ཉེར་བརྒྱན་ཅིང་།། གཡས་ཀྱི་དང་པོ་རྒྱལ་མཚན། ་འཛིན།། གཡོན་གྱི་དང་པོ་རིན་ཆེན་སྣོད་།། བར་མ་འབར་བསྣམས་པ་དང་།། ཐམས་ཞགས་པ་ཐོབ་འཕྱར།། སྟགང་གིས་ལྤགས་པའི་ཤམ་ཐབས་ཅན།། དར་གྱིས་བཅོད ་པན་དག་གིས་མཛེས།། སྐད་ཅིག་གིས་ནི་བསམ་པར་བྱ།། ཨོཾ་བཛྲ་བྷཻ་རུ་ཀ། ཀུ་བེ་ར། པདྨ་ཀ་མ་ཏ་ཡཀྵ་ར་བཛྲ་རཏྣ་སིད་དྷི་ཧཱུཾ། གསང་སྔགས་འདི་ནི་བརྗོད་པ་ཡིས།། ་གནོད་སྤྲིན་མོ་རྣམས་མདུན་དུ་དགུགས།། ཨོཾ་ཙན་ཏྲ་ཏེ་ཀ་ར་ཏྱཻ་སྭཱ་ཧཱ། ཨོཾ་སུ་བྷ་ཏྲ་ཡེ་སྭཱ་ཧཱ། ཨོཾ་དང་ཏ་ཡེ་སྭཱ་ཧཱ། ཨོཾ་བྷ་པ་ཏ་ཡེ་སྭཱ་ཧཱ། ཨོཾ་བྷུད་ཏད་ཏ་ཡེ་སྭཱ་ཧཱ། ཨོཾ་དེ་བྱེ་ཡེ་སྭ་ཧཱ། ་ཨོཾ་ཨ་ཏྱེ་སྭཱ་ཧཱ། ཨོཾ་ས་ར་སཱ་སྦྱི་ས་ཧཱ།། ཟློ་འོད་ཅན་མ་རབ་བཟང་མོ།། སྦྱིན་བྱེད་མ་དང་གསང་བ་མོ།། རབ་སྦྱིན་མ་དང་དཔལ་ལྷ་མོ།། འཕགས་མ་དང་ནི་དཔལ་ལྷ་ནི།། ཐམས ་ཅད་ཞལ་ཅིག་ཕྱག་གཉིས་མོ།། ཀུན་དུ་རྒྱལ་བ་འོད་འཕྲོ་མ།། གདུབྱ་བརྒྱན་མགུལ་བརྒྱན་དང་།། ཞབས་དུབ་ཞལ་ལ་སོགས་བརྒྱན་ཅིང་།། དར་དང་ནོར་བུས་རྣམ་པར་མཛེས ་དཀར་དང་སེར་དང་ངུར་པའི་མདོག། གསེར་འོད་པདྨར་ག་དང་།། ཨུད་དཔལ་པདྨ་ར་ག་དང་།། ཨུད་དཔལ་བན་དུ་རི་ཀ་དང་།། པ་ལ་ཤིའི་མདོག་མཚུངས་པ།། འོད ་ཀྱིས་འཕྲེང་བས་འཁྲིགས་པའི་ནང་།། རིན་ཆེན་སྒྲོམ་བུ་གཏེར་གྱིས་སྣོད།། རིན་ཆེན་བཞོད་པ་དུང་ཆོས་དང་།། བེ་ཙུ་ར་དང་ནོར་བུ་མེ།། དཔལ་བེ་པཉྩ་ལི་ག་སྟེ།། གཡོན་པ ་ཀུན་དུ་པདྨ་བསྣམས།། དགེག་ཅིང་འགྱིངས་དང་ལྡན་པར་བསམ།། གཙོ་བོ་ལྷ་མོ་བརྒྱད་པོ་བསྐུལ།། ལྷ་མོ་བརྒྱད་པོ་ཐམས་ཅད་ནི།། རིན་ཆེན་ཆར་པ་ཕབ་ནས་ནི།། བཀའ་བགྱིད ་པ་རྣམ་པར་བསམ།། མགོན་པོ་མྱུར་དུ་བསྐུལ་བའི།། གཙོ་བོ་མི་འཇིགས་སེང་གེ་ཕྱིབས།། ཐུན་མོངས་གིས་ནི་ལས་བྱེད་པའོ།། སྟོབས་ལྡན་གླང་ཆེན་རབ་ལྡན་ཕྱིབས། ་ཁྱད་པར་བསྒྲུབ་པའི་ལས་རྣམས་བྱེད།། གཡུ་འབྲུག་སྔོན་མོ་ཕྱིབས་ནས་ནི།། སྣང་སྲིད་མ་ལུས་དབང་དུ་བསྡུད།། དབང་དུ་བྱེད་པའི་ལས་རྣམས་དང་། ཁྱད་པར་སྦྱིན ་བསྲེག་དྲག་པ་ནི།། བཤད་དང་རྔམ་པའི་ཚུལ་གྱིས་ནི།། མྱུར་དུ་ལས་ལ་འགྲོ་བ་ཡིན།། ཕྱི་ནང་གསང་བའི་རིམ་ཤེས་པས།། སྟོང་ཕྲག་བཅུ་ཡིས་འགྲུབ་པ་སྟེ།། འདི་ནི ་རིན་ཆེན་གའུའི་ནང་།། རིན་ཆེན་འབར་བའི་འཁོར་ལོ་ལ།། གསང་སྔགས་ཡི་གེའི་ཕྲེང་བ་ཙན།། ས་བོན་སྤྲོ་བསྡུ་འཛིན་སྒོམ།། ན་མེ་བྷེ་ཤ་ར་མནྟྲ་མུ་ས་ལ།། སུ་མུ་ན་ཏྲི། ཏྲི་ཤུ ་ལ་ཨགྡྷ་ཤ།། པ་ཤ་པ་རི་ཤུ།། བྷན་དྷ་མུད་ཀ་ར། ལ་ལ་ཀྲཱི་ཏེ། ཧསྟ་པྱ། ན་མོ་ན་མ། སརྦ་དེ་ཝ་ཏ་པུ་ཙཱི་ཏ། ཀྲྀ་ཏ་ཊ་པྱ། མ་ཧཱ་ཀི་ལ་ཀི་ལ་ཡཱ། སརྦ་གྲ་ཧ། ཨ་ཀཱ་རི་ཤ་ནི ་ཡ་བྱི་ཛ་ཡ།། ཛ་ཡན་ཏུ། བྷ་ག་ཝན། ན་ད་ཀུ་བེ་ར། ཀྵ་ཏི་པ་ཏི་ཙ་ཀྲ་ཏི་ནི། ཀ་ལ་ཀ་ལ། ནང་འདུ་བ་ར་ཀི་ལི་ཀི་ལི། ནད་ཀུ་བཻ་རཱ། ཀྵ་ཏི་པ་ཏི། ཙ་ཀྲ་བི་ནི། བྷི་ཛ་མ་ཧཱ་གྷ་ག་བྷ ་ནི། ན་ད་ཀུ་པ་ར། བྷི་ཀྲ་ཏྲ། དྲ་སྲོང་ཀ་ར་ལ། བྷན་དྷ་ན། རེའུ་ཏྲ། དྷེ་ཧེ་ས། གུ་ཧེ་ཀ་ན་ཀ་ན་བ་རི་བྲི་ཏ་བྷེ་ཤ་ར་མ་ན། བྷན་བྷ་ན། བི་བྷན་བ་སི་ཏི། ཀུ་རི་ཀུ་རི། ཀུ་ལ་རདྣ། ཀུ་པ ་མགོན། #རཏྣ་མ་ཏུ་དེ་སྭཱཧཱ། འདི་ཁྱད་པར་བསྒྲུབ་སྟེ།། གསང་སྔགས་གནོད་སྦྱིན་ཏོང་སྡེའི་ཚོགས།། མ་ལུས་འདི་ཡིས་བསྐུལ་བར་བྱེད།། གར་མཁན ་མཆོག་ཅེས་བྱ་བ་ཡིས།། ལྷ་ནི་དུ་མས་ཡོངས་བསྐོར་བའི།། འདི་ན་བསྐྱེད་ཅིང་སྤྱན་དྲངས་པ།། སྤྱན་དྲངས་མཆོད་ཅིང་བསྟོད་པ་དང་།། གང་བསྒྲུབ་ལས་ལ་བསྐུལ་བར་བྱེད།། ་འདི་ཡིས་རྣལ་འབྱོར་དགོས་པ་བསྒྲུབ།། ཞེས་པས་ནད་གདོན་མ་ལུས་སེལ།། དབང་གིས་ཁམས་གསུམ་གསུམ་མ་ལུས་བསྒྱུར།། རྒྱས་པས་འབྲུ་དང་ནོར་སོགས་འབེབ།། ་མངོན་སྤྱོད་ཀྱིས་ནི་གདུག་པ་འདུལ།། ནོར་བུ་བཟང་པོས་གསྟེར་ལ་སྤྱོད།། ཡང་དག་ཤེས་ཀྱིས་དུས་གསུམ་མཐོང་།། གང་བ་བཟང་པོས་ལོངས་སྤྱོད་འཕེལ།། གཙུག ་ན་འཁྱིལ་པས་ཚེ་དཔལ་གཏེར།། འབྲོག་གནས་རྒྱལ་བས་དུད་འགྲོ་སྤེལ།། གནོད་སྤྲིན་ལྔ་པོ་འདི་དག་གིས།། ས་གསུམ་གཡོ་བར་བྱེད་པ་སྟེ།། འདི་དག་བསྒྲུབ་པས ་པས་མཆོད་གྱུར་ན།། པུན་རྣགས་པའི་དཔལ་རྣམས་གཏེར།། རང་ཉིད་ལྷག་པའི་ལྷ་ཡིས་ནི།། ས་བོན་ལས་འཕྲོས་ལྕགས་ཀྱུ་ནི།། འདི་དག་ཕྲག་གིས་དབང་པའོ།། ་དབང་བྱེད་ལས་བྱེད་མི་བཟློག་འགྱུར།། གནོད་སྦྱིན་རྣམས་ལ་ཤིང་ཐོག་དང་།། ཀླུ་རྣམས་གཏོར་མས་ཀུན་དུ་མཆོད།། ལྷ་མོ་ཨ་རུ་རའི་འབྲུ།། མ་ལུས་མྱུར་དུ་མཆོད་པའོ།། ་གང་པོ་དང་ནི་མཛེས་མ་དག། ཁྱད་པར་མངག་བཞགས་གྱུར་པའོ།། །། དཔལ་མགོན་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང ་བཅས་པ་བསྒྲུབ་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། སེམས་ཅན་རྣམས་ཀྱིས་དོན་གྱིས་ཕྱིར།། འཁོར་བའི་སྲིད་པ་ཇི་སྲིད་པར།། ་བྱང་ཆུབ་སེམས་ཀྱིས་ཆོས་རྣམས་སྟོན།། རི་བོའི་རྩེ་ནས་ནགས་ཚལ་བྲག། རྒྱ་ཆེའི་འགྲམ་དང་ཤིང་གཙིགས་པ།། དོང་ནས་གྲུབ་པའི་ཡེ་ཤེས་ཏེ།། གནས་འདི་དག་ཏུ ་བསམ་གཏན་བསྒོམ།། ལས་ཀྱིས་མགོན་པོ་འཇིགས་པའི་གཟུགས།། གྲུ་གསུམ་པོ་བྲང་ལ་གནས་པ།། དུར་ཁྲོད་གཞལ་ཡས་འབར་བ་ནི།། མི་དཔུང་འབར་བ་འཕྲོས ་པའི་དབུས།། ཞལ་ཅིག་པ་ཕྱག་གཉིས་པ།། སྐུ་མདོག་མནག་ཙང་འཆེ་བ་རྣོ།། ཡན་ལག་ཐུང་ཞིང་བསུས་པ་འཆང་།། ཐོད་པ་སྐམ་པའི་དབུ་བརྒྱན་བཅས།། སྤྱན་གསུམ ་སྡང་མིག་ཁྲོ་ཚུལ་སྟོན།། བཞིན་སྦྱར་མི་བསྡུག་ཁྲོ་ཆུལ་ནི།། ཕྱག་གཡས་རྡོ་རྗེ་གྲི་ཁུག་འཕྱར།། གཡོན་པ་དམ་ཉམས་སྙིང་ཁྲག་གིས།། ཐོད་པ་རྐང་ནས་གསོལ ་བར་མཛད།། དུག་སྦྲུལ་བསྡུག་པས་ལྷ་ཚོགས་བརྒྱན།། དབུ་སྐྲ་དམར་སེར་གྱེན་དུ་སྡེས།། མི་ཐོང་རློན་པའི་དོ་ཤལ་བྱས།། རེའི་གདན་ལ་རྫིས་ནས་ཀྱང་།། དྲག ་པའི་ང་རོ་སྒྲོགས་པའི་གནས།། སྐུ་གསུང་ཐུགས་ཀྱི་མགོན་པོ་ནི།། གསོད་བྱེད་རྔ་མ་བྱེད་སྒྲོལ་བྱེད་ཆེ།། བསྒྲུབ་བྱ་ངེས་པར་སྒྲོལ་བའི་ཚེ།། སྐུའི་མགོན་པོའི ་དམ་ཉམས་ཀྱིས།། ལྟེ་བའི་སྲོག་རྩ་གཅོད་པར་བྱེད།། གསུང་གིས་མགོན་པའི་དམ་ཉམས་ཀྱིས།། འགྲིན་པའི་སའི་ནི་ཁྲག་རྣམས་འདྲེན།། རྡོ་རྗེ་ཐུགས་ཀྱིས ་མགོན་རྒྱ་། @#མགོན་པ་ཡིས།། སྙིང་ཁང་ཀར་ནག་འཚམས་སུ་ཡང་།། བྱ་རོག་མཆུ་ནི་བཅུགས་ནས་ཀྱང་།། སྲོག་རྩ་མྱུར་དུ་བཅོད་པར་བྱེད།། ཕོཿ ་ཤ་ཟའི་གདོང་ཅན་གྱིས།། སྤྱི་གཙུག་ནས་ནི་རྩི་ལ་འཛབ།། ལས་བྱེད་མ་མོ་ཙན་བི་ཀས།། གསང་བའི་མདོམ་པོར་དང་མ་རྔུབ།། རྩ་འཛབ་མ་དང་ཁྲག་མཐུང་མ།། སྲོག ་འཕྲོག་མས་ནི་ལས་ལ་སྦྱོར།། ཉིན་མཚན་དུས་ལས་འང་མི་བྱེད།། འདི་དག་གསང་སྔགས་མ་ཡེངས་བཟླས།། དུས་གསུམ་དག་ཏུ་ཏིང་འཛིན་འབད།། རྩ་བའི་སྔགས ་ནི་སྲོག་ཡིན་ཏེ།། གསུང་གིས་དངོས་གྲུབ་སྙིང་པོ་ཡིན།། ཉེ་བའི་སྙིང་པོ་ཐུགས་བསྐུལ་བའོ།། ཡེ་ཤེས་ས་བོན་མི་ཤིགས་པ།། དངས་མའི་གནས་པ་དེར་བཤད་དོ།། ་སྐུ་གསུང་ཐུགས་དང་ཡོན་ཏན་ལས།། རིམ་པར་བཟླས་པས་བསམ་གཏན་འགྲུབ།། རྟགས་རྣམས་ཉེ་བར་མ་བྱུང་ན།། འབད་པས་རྟེན་ཅིང་མཆོད་པར་བྱ།། གཞན་དུ ་འགྲུབ་པར་མི་འགྱུར་རོ།། ཨོཾ་མ་ཧཱ་ཀ་ལ་གྷུ་ན་ཧྲི་ད་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཀ་ལ་ཀྲག་ཤད་ཛ།། མ་ཧཱ་ཀ་ལ་སི་ཏི་ཡེ་དུ་ཛ།། ཨ་ལི་ཀི་ལི་མཉམ་ལྡན་པའི།། རྩ་བརྒྱད་ཕྲེང་བར ་རབ་ཏུ་བསྒྲགས།། རིམ་པར་བྱིན་རླབས་ལྡན་བྱའི་ཕྱིར།། བཟས་པ་བརྒྱ་རྩ་བརྒྱད་དུ་བྱ།། བགྲངས་འབྲེང་ནུས་པར་ལྡན་པ་ཡིས།། ལས་ནི་མྱུར་བར་ཤིས་པ་ཡིན།། ་ཤེལ་གྱིས་ཞི་བ་ཆེན་པོར་འགྱུར།། མུ་ཏིག་གི་ནི་རྒྱས་པ་ལ།། དྲེང་པོའི་སོ་ཡིས་བསང་བ་འགྲུབ།། དེ་གཉིས་འགྱུར་བ་བོང་བུའི་སོ།། སྡང་དང་ཕྲད་པ་རྔ་མོའི་དང་། ་ཀ་སོགས་རྣམ་དག་སུམ་བཅུ་དྲུག། བྱིས་པ་འཚོ་བྱེད་དབང་སོགས་ལ།། དབྱངས་དང་གསལ་བྱེད་རྣམས་བསྲེས་པས།། བཞི་ཡིས་ལྷག་པའི་སད་འབྲུས་ཤིས།། ལུང ་ཏང་དམར་པོ་བདུན་བཅུ་དྲུག། ཡང་ན་ཙན་དན་འབྲུ་གུ་འམ།། རུ་དཀར་བྱ་པོས་གྲངས་མཉམ་པས།། ལུང་ཏང་ནག་པོས་སྤོངས་བྱེད་ནུས།། དབྱངས་དང་གསལ་བྱེད ་ཕྱེད་སྦྱངས་པས།། རུ་རག་ཤ་ནི་མངོན་སྤྱོད་ལ།། ད་ལྡེའི་ཆོ་ག་ཤེས་པ་ཡིས།། ཚར་ཆད་པན་བདགས་ལས་རྣམས་སྤྱད།། གསང་སྔགས་ཡི་གེའི་འཁོར་ལོ་ནི། ་འགལ་མེ་བཞིན་དུ་བསྐོར་བར་བྱ།། དེས་ནི་ཉེ་བར་འགྲུབ་པར་འགྱུར།། དེས་ཀྱང་གྲུབ་པར་མ་གྱུར་ན།། རང་ཉིད་ཡེ་ཤེས་མགོན་པོ་ཡིས།། གདུག་པ་འདུལ་བར ་བསམ་ནས་ནི།། ལས་བྱེད་མགོན་པོ་སྲོག་རྩ་འཕྲོག།། དེ་ལྟར་བསྐལ་བས་ལས་ལ་སྦར།། གཟས་པ་པོ་དེ་སྒྲལ་བར་བྱེད།། གལ་ཏེ་ལས་ལ་འགྱངས་པ་ན།། ་སྲོག་གིས་ཐིགས་པ་བླངས་པ་དང་།། གསང་སྔགས་སྙིང་པོ་གི་ཟློག་ཅིང་།། ལྟེ་བ་དཀྲུག་པའི་ལས་བྱས་ན།། ཤི་ས་བསྟན་པར་འགྱུར་བ་སྟེ།། སྲོག་ནི་དམར་ལེན ་བྱེད་པ་སྟེ།། མ་རུངས་འདུལ་བའི་ལས་ཉིད་བདག། སངས་རྒྱས་བསྟན་བསྲུང་བ་ལས།། གཞན་དུ་བྱས་ན་ཉེས་པར་འགྱུར།། སྤྲིན་བསྲེག་དང་ནི་མནན་པ་དང་།། ་དེ་བཞིན་ཟོར་དགེ་ལས་བྱ་བ།། གསད་པ་རང་གཤེད་གནད་ལ་དབབ།། དེ་ལས་མྱུར་བར་རྟགས་བྱུང་ཚེ།། ཐུགས་དམ་བཀང་ཕྱིར་གཏོར་མ་དབུལ།། ཚོགས་ཀྱིས ་འཁོར་ལོའི་མཆོད་པ་དང་།། ཏོར་མའི་ལས་མནལ་མར་འགྲུབ་པར་འགྱུར་བར།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། ལས ་ཉེ་བར་བསྒྲུབ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །། དེ་ནས་གཞན་ཡང་བཤད་པར་བྱ།། དཔལ་ལྡན་ལྷ་མོ་འཁོར་དང་བཅས།། ནག་མོ་མངོན་པར ་བྱུང་བའི་ལས་ཀྱི་དངོས་གྲུབ་ཆོ་ག་བཤད།། དམ་ཚིག་གསང་བའི་སྔགས་པ་ཡིས།། བྲག་ནག་རྩེ་མོ་མ་ནོ་བའི། ཁ་ལྷོར་བལྟས་པའི་བྲག་ཕུག་གི། གཞན་ཡང ་རི་བེའི་ཟོམ་པའི་རྩེ།། ཤིང་ཅིག་དུར་ཁྲོད་མ་མེའི་གནས།། རབ་ཏུ་འཇིགས་པའི་གནས་མཆོག་ཏུ།། མནའལ་དང་ནི་མཆོད་པ་དང་།། གཏོར་མ་དང་ནི་ལེགས་པར ་བཤམ་ནས་ནི།། ཤ་ཆེན་བསྲེགས་སྤོས་ཕུལ་ནས་ནི།། བར་ཆད་བགེགས་རྣམས་བཀྲད་པར་བྱ།། གྲུ་གསུམ་ཁྲག་དང་དུག་གིས་བྱུག། དུག་ཤིང་ཚེ་མ་ཅན་གྱིས་རྩིག། ་གཞན་ཡང་ལང་ཁ་བྱས་པ་ལ།། མི་བསད་ལྕགས་ཀྱུ་ཏྲི་ཤུལ།། དེའི་ལུས་ལ་གདབ་པར་བྱ།། ཚིལ་ཆེན་མར་མེ་ཟུར་གསུམ་ལ།། བཏང་ནས་བདག་ཉིད་ལྷར ་བསྐྱེད་ལ།། དཀྱིལ་འཁོར་གྲུ་གསུམ་ལེགས་གནས་པ།། མ་ཧཱ་ཀ་ལ་ཕྱག་བཞི་པ།། མདོག་མནག་ཁྲག་མཛག་མེ་ཕུང་དབུས།། ཞལ་ཅིག་སྤྱན་གསུམ་འབར ་བ་སྟེ།། གཡས་ཀྱི་དང་བེ་གྲི་ཁུག་ཆུ་གྲི་དང་།། འོག་མ་ཏྲི་ཤུ་རྩེ་གསུམ་པ།། གཡོན་གྱི་དང་པོ་མདའ་བཞུ་དང་།། གཉིས་པ་མགོ་བོ་ཁྲག་འཛག་རྣམས།། དུར་ཁྲོད། ་ཀྱིས་བརྒྱན་ཤམ་ཐབས་ཅན།། དེའི་གཡས་དང་གཡོན་གཉིས་སུ།། ཤ་ཟ་གཉིས་ཀྱིས་གནས་པར་བསམ།། ལས་ཀུན་བྱེད་པའི་ཕོ་ཉར་བསྐུལ།། དང་པོ་ལྷ་མོ་ཆེན་མེ་ནི། ་ཨེ་དབུས་གསང་སྔགས་ལས་གྲུབ་པའི།། ཞལ་གཅིག་པ་ལ་ཕྱག་བཞི་པ།། སྤྱན་གསུམ་ཤིན་དུ་གནག། ཤིན་དུ་རྔམ་ཞིང་སྐྱེག་པའི་སྐུ།། གཡས་ཀྱི་དང་པོ། ་རལ་གྲི་འཆང་།། འོག་མ་ཤ་ག་ཏི་འདྲ་བ་ཅན།། གཡོན་གྱི་དང་པོ་ཐོད་ཁྲག་འཛིན།། འོག་མ་ཁ་ཊཾ་ཁ་རྣམས་པའོ།། རལ་པ་ཁམས་ནག་གྱེན་དུ་རྗེས།། མཆི ་བརྩིགས་ནས་ཐོད་པ་དུག་སྦྲུལ་བརྒྱན།། གླང་པོའི་སྟོད་གཡོགས་སྟག་ཤམ་དང་།། རེལ་ལྟེ་ནག་པོའི་ཤམ་ཐབས་དང་།། བོང་བུ་ག་དམར་སྟེང་ནས་ནི།། བྱེད ་དཀྲུངས་འབར་བས་བཞུགས་པའོ།། ཡང་ན་ཞལ་ཅིག་ཕྱག་གཉིས་མ།། རལ་གྲི་ནེ་ལེའི་རྒྱལ་བ་འཛིན།། དམ་ཚིག་བསྐྱེད་ལ་ཡེ་ཤེས་དགུག། འཕྲིན་ལས ་བཅོལ་བར་བྱའོ།། ཨོཾ་ཤྲི་ཡཱ་དྷེ་བའི་ཀ་ལི་ཀ་ལི་བྷྱོ་ཧཱུཾ། ཨོཾ་རུ་རུ་རོ་རུ་བེའི་ཏི་སྟ་བ་པོ་ཙ་ན་ལ་ཨ་ཤུག་མེ་བྷྱོ་ཛ།། མ་ཧཱ་ཀ་ལི་ཧེ་ཝི་ཀ་ར་ལི་བི་ཀྲིན་ཏ་ཀ་ལ་རུ་ཀྲི་ནི། ཙན་ཏྲ་རུ་པི ་ནི་ཧཱུཾ་ཧཱུཾ་ཕཊ་ཕཊ། རག་མོ་ཙི་ཏ་ཁ་རག་མ་ཧཱུཾ་བྷྱོ། ཨོཾ་མ་ཧཱ་ཀ་ལི་དེ་ཝི་གྣི་ཧྞ་བྷ་ལི་ཏ་ཁ་ཁཱ་ཧི་ཁཱ་ཧི་དྷ་ཧ་དྷ་ཧ། ཧད་ཏེ། པ་ཙ་པ་ཙ། མ་ར་ཡ་མ་ར་ཡ། སྥོ་ཏ་ཡ་སྥོ་ཏ་ཡ། ་ཁ་ཧི་ཧཱུཾ་ཕཊ།། བདུད་རྩི་ལྔ་དང་ཤ་ལྔ་དང་།། སྐྱེས་པ་གྲིར་ཤིའི་སྙིང་ཁྲག་གིས།། ནག་པོ་ཆེན་པོའི་གཏོར་མར་བླུགས།། མ་ཉམས་གྲིར་ཤིའི་བ་བླང་ལ།། མ་ཊ་རུ་ཊ། ་མགོ། #སྟིམ་ནས་ནི།། འགོ་བ་ལྷོ་ནུབ་མཚམ་སུ་བསྟན།། རྐང་པ་བྱང་ཤར་མཚམ་སུ་བསྟན།། གན་སྐྱལ་བཞག་ལ་སྦལ་བར་བྱ།། དེའི་ཤ་དང་ཁྲག་དང་ནི།། ་ལྤགས་པ་ཚིལ་བུ་རྐང་མར་བཅས།། བླང་པ་གླང་བརྒྱ་ཞག་དང་ནི།། དབང་པོ་ལྔ་དང་དོན་སྙིང་ལྔ།། རུས་པའི་བྱེ་བྲག་ཐམས་ཅད་ཀྱིས།། ཡེ་ཤེས་ནག་པོར་པོ ་དང་། དཔལ་ལྡན་ལྷ་མོ་རེ་མ་ཏི།། ལས་ཀྱི་མགོན་པོ་འཁོར་དང་བཅས།། ཕོ་ཉ་བྲན་གཡོག་དུར་ཁྲོད་གནས།། མཁའ་འགྲོའི་ཚོགས་ཀྱིས་ཐུགས་དམ་བསྐང་།། ་དེའི་ཤའི་ཚོགས་རྣམས་ལ།། ནག་པོ་སྟོང་གིས་ཐུགས་དམ་བསྐང་།། དེའི་ཁྲག་དང་ཆུ་སེར་གྱིས།། མ་མོ་བྱེ་བའི་ཐུགས་དམ་བསྐང་།། དེའི་ཆུ་རུས་རུས་པ་གང་། ་ཤ་ཟ་འབུམ་གྱིས་ཐུགས་དམ་བསྐང་།། མཁའ་གྲོ་ལྔ་དང་ལྷ་མོ་བརྒྱད།། དེའི་འཕྲིན་ལས་མགོན་པོ་དང་།། ཤ་ཟ་འཁོར་དང་བཅས་ལ་འབུལ།། ཕུང་པོ་བསྟན ་ལ་སྡང་ཞིང་ཚེ།། བསྒྲུབ་ལ་གནོད་ན་ལས་འདི་བྱ།། གཞན་དུ་བྱས་ན་བརླག་པར་འགྱུར།། དེའི་ཤ་ལ་སྦྱིན་སྲེག་བྱ།། ཚིལ་ཆེན་ཞུན་ཆེན་མར་མེར་བཅས།། གླང་བརྒྱན ་ཐོད་པའི་རྔ་ལྤགས་བྱ།། ལྤགས་པ་ཚོགས་ཀྱིས་གདན་དུ་བྱ།། བསྲེགས་པའི་རུས་པའི་གདན་དུ་བྱ།། འདིས་ནི་མགོན་པོ་འཁོར་བཅས་ཚོགས།། མཉེས་པར ་འགྱུར་ཞིང་ཐུགས་དམ་བསྐོངས།། གཞན་ཡང་ཕྲན་ཚེགས་ལས་ཀྱིས་གསང་བ་རབ་ཏུ་བཤད་པར་བྱའོ།། དཀྱིལ་འཁོར་པའི་ལྷའི་འཕྲིན་ལས་ཀྱིས་རྣལ ་འབྱོར་དང་རབ་ཏུ་ལྡན་པའི་ཞི་བའི་ལས་བསྒྲུབ་པ་ནི།། བིལ་བ་ལ་སྦྱིན་བསྲེག་བརྒྱ་རྩ་བརྒྱད་དུ་བྱའོ།། འབྲས་ལྡན་གྱིས་ནི་ཤིང་གང་ལ།། རྒྱས་པའི་ལས་བསྒྲུབ་ན་སྟོང ་ཕྲག་གིས་བྱ།། ཁ་ཊི་རའི་ཤིང་དང་དམར་བའི་ཤིང་གིས་ནི།། དབང་གིས་ལས་བསྒྲུབ་ན་དྲི་ཁྲག་གིས་བྱའོ།། ཤིན་དུ་བཅུབ་པའི་ཚེར་མ་ཚེར་མ་དང་ལྡན་པའི་ཤིང ་དག་གིས་ནི།། མངོན་སྤྱོད་ལ་འབུམ་ཕྲག་གིས་བྱ་བར་ཤིས་སོ།། སྨད་པ་ནི་ཤིང་གིས་ལོ་མོ་རླུང་དམར་བྱུང་བའི་ཚེ།། ས་ལ་མ་ལྷུང་བར་བླངས་ཏེ་གཟུགས་བསྟན ་བྲིས་ཏེ་ཡུལ་གཞན་གྱིས་ཧོར་ཁྲལ་བཏགས་ཏེ་བཏང་བྱའོ།། གལ་ཏེ་ཟློག་པར་འདོད་ན།། ཞི་བའི་སྦྱིན་སྲེག་གིས་ཐལ་བས།། བཏོར་ཞིང་གསེར་སྐྱའི་འོ་མས ་ལུས་དཀྲུས་ན་ཞི་བར་བགྱིད་དོ།། རུས་བྱེ་སྣ་ཚོགས་ལ་ཁྲག་བྱུག་ཏེགས་བྲིས་ལ།། དགྲ་བོ་དེའི་ཕྱོགས་སུ་གཏོར་བ་ནི།། ཤ་ཟ་ཆེན་པོ་འཇིགས་པར་བྱེད་དོ།། ཡང་ལྕེ ་སྤུང་གི་ཤ་ལ་སྦྱིན་སྲེག་བྱས་སྟེ།། དུར་ཁྲོད་དུ་ཐལ་བ་ཕྱར་ནས་ལྷགས་པ་བཟས་པ་པོའི་སྒོ་ལ་བཏོར་ནས་བཏང་ན།། དུར་ཁྲོད་ཀྱི་ལྕེ་སྦྱངས་གིས་ཚོགས་རབ་ཏུ་ཞིང་དུ་མ ་སྒོ་ལ་སྡེར་མོ་ཕྲད་པར་འགྱུར་རོ།། དེ་ལྟར་ལན་གསུམ་བྱས་ན།། ལྕེ་སྦྱངས་གིས་ཟ་བར་འགྱུར་རོ།། གང་དུ་ཐོག་གིས་ཤི་བའི་རུས་པ་ལ་རབ་ཏུ་སྔགས་ཏེ།། རི་བོང ་ཐོད་པར་བཅུག་ཏེ།། ཤིང་རྐང་ཅིག་པའི་རྩེ་མོས་བཏགས་ན།། ཐོག་འབབ་པས་འཆི་བར་འགྱུར་རོ།། ཡང་དེ་ཉིད་ཀྱིས་གཟུགས་བྱས་ཏེ།། དེ་ཉིད་རིགས་མཐུན་པའི ་@#པའི་རུས་པ་རྙེད་ནས། ཉུངས་དཀར་གྱིས་བདེག་ཅིང་བ་བས་དུར་གྱིས་ཁྲོད་དུ་གྲིབསོ་ལྷགས་དང་སྦས་ཏེ།། དེང་བྲས་ལ་རོ་སྲེགས་པའི་གཡམ་པས། ་མནན་ན།། རིགས་ཆད་པར་འགྱུར། གྲོག་མཁར་གྱིས་ས་ལ་གཟུགས་བྱས་ལ་དེ་ལ་དུག་དང་ཏིལ་མར་གྱིས་བྱུགས་ལ།། འབྲས་ཕུབ་ཀྱིས་མེ་ལ་རབ་སྲེ་ཞིང་།། སྔགས ་བརྡེག་ན་རིམས་ཚ་བ་ཆེན་པོས་བཏབ་པར་འགྱུར་རོ།། གཞན་པ་ལ་ནི་སྲ་ཚིལ་གྱིས་བྱུགས་ཞིང་།། ཚེར་མའི་རིགས་མང་པོ་བཏབ་པར་བྱས་ནས།། དུས་མ་ཡིན་པའི་རླུང་ལ། ་འཕྱར་ན།། ཡུལ་གཞན་དུ་བཤིས་ངན་ལ་འཆི་བར་འགྱུར་རོ།། མཚོ་ནང་གིས་ཉེས་པ་བཟུངས་ཏེ།། བྲོ་གལ་ལིང་ཀ་བྲིས་པ་ཏེ།། བག་ཟན་གཟུགས་དང་བཅས་པ་ལ།། ་རབ་ཏུ་སྔགས་ཏེ་སླར་བཏང་ན།། ཆུ་གྲིར་མྱུར་དུ་འཆི་བར་བྱེད་དོ།། བསེ་ཤིང་ལ་ལིང་ཁ་སྲེགས་ཏེ། སྒོ་ཁང་དུ་སྦས་ན་སྐྲངས་པ་ཆེན་པོས་བཏབ་པར་འགྱུར་རོ།། གལ་ལྡེ་གྲོག ་མཁར་གྱིས་ས་ལ་གཟུགས་བྱ་སྟེ།། མཆོད་རྟེན་སྙིང་པའི་འོག་ཏུ་འབྱུང་པོའི་ཉི་མ་ལ་མནན་ན།། རོ་གཡམ་གྱིས་ཁ་བཅད་ན་ནི་འཁོར་དང་བཅས་པས་གུས་པ་མེད་ཅིང་རབ་ཏུ ་གནོན་པར་འགྱུར་རོ།། དེ་ཉིད་ཀྱིས་ཟག་པ་གང་ཡིན་པ་དང་།། ཕུང་ཤུལ་ནས་ས་བླངས་སྟེ། གཟུགས་བརྙན་བྱས་ལ། གནས་ཀྱིས་སར་རུས་པའི་ཕུར་བུ་བཏབ་ན། འོན ་པ་དང་། ལོང་བ་དང་། ཡན་ལག་ཉམས་པ་དང་རྨུགས་པར་འགྱུར་རོ།། ཀླུ་གནས་པའི་སར་སྦས་ན།། དབང་པོ་ཉམས་པ་ཡིན་ནོ།། གལ་ཏེ་ཕྱོགས་དེར་ནར་མི་འབབ ་པར་འགྱུར་རོ།། ཀ་ར་བི་རའི་ཤིང་བཙུགས་ལོ།། བ་དམར་སེར་གྱིས་འོ་མས་ཏོར་བར་བྱས་པས། ཀླུ་གནས་པའི་སར་སོང་ནས་ཏིང་ངེ་འཛིན་དུ་གནས་པས་བཀའ་བསྒོན་ཆར ་ཆེན་པོ་འབབ་པར་བྱེད་དོ།། བལ་པོའི་སེ་རུའི་ཤིང་དང་འབྲུག་ཤིང་དུ་བཅས་པས་གཡབ་ཅིང་ཀླུ་གཟིར་ཆར་འབབ་ཅིང་སྤྲིན་བསྡུད་པར་བྱེད།། གལ་ཏེ་སྤྲིན་བྲལ་བར་འདོད ་ན་ཙུ་ལྷའི་གཏོར་མ་བྱས་ལ་རླུང་གིས་བ་དན་གཡབ་པར་བྱའོ།། ཁྲག་སྣ་ཚོགས་པ་ཉུང་དཀར་ཉུང་ནག་དུ་སྦྱར་ཏེ།། ཀླུ་གནས་པའི་སར་སྦྱིན་བསྲེག་ཏུ་བྱས་ཏེ།། བཟླས ་པའི་ཐུན་པར་དུ་བྱས་ན་སེར་བ་མྱུར་དུ་འབབ་པར་འགྱུར་རོ།། ཉུང་དཀར་ཉུང་ནག་ཐལ་ཆེན་ལ་རབ་ཏུ་སྔགས་ནས།། གཏོར་ན་སེར་བ་མདོ་ལ་གཅོད་པར་བྱེད་དོ།། དྷ་དྷཱ་རའི་ཤིང ་ལ་སྤྲིན་བསྲེག་བྱས་ན་སྐྱོ་བར་འགྱུར་རོ།། ནིམ་མའི་ཤིང་གིས་ནི་རེངས་པར་བྱེད་དོ།། མ་ཧེའི་འོ་མས་ནི་དཀྲུས་ནས་ནི་བཅིངས་པ་ཐམས་ཅད་ལས་གྲོལ་ལོ།། ཨ་རུ་རིའི་ཤིང་དང ་འབྲས་བུ་ལྡན་པའི་ཤིང་དང་།། ཅིག་ཏུ་བསྲེགས་ནས་རྒྱ་མཚོར་གྱུར་ན་རྒྱས་པར་འགྱུར་རོ།། གླང་པོ་ཆེའི་རུས་པ་ལ་གླང་དང་བཅས་གླད་པའི་སྣ་ཅན་གྱིས་མེ་ཏོག་དང་སེར་བའི ་དང་བཅས་པ་ཀུན་དགའ་ར་བར་སྦྱིན་སྲེག་བྱས་ན།། འབྱོར་པ་ཕུན་སུམ་ཚོགས་པར་བྱེད་དོ།། དེ་དག་ཐམས་ཅད་སྔགས་དང་བཅས་པའི་ནུས་པས་འགྲུབ་པོ།། དྲང་སྲོང་གིས ་རུས་པ་རི་བོའི་རྩེར་སྦས་ཏེ།། འབྲུ་སྣས་མཆོད་པ་བྱས་ཏེ་ཆུ་བོ་རྒྱུན་དུ་འབབ་པ་འཐོང་བའི་སར་སྤྱོད་ཡུལ་དུ་གྱུར་པའི་རིགས་ཐམས་ཅད་རབ་ཏུ་འཕེལ་བར་བྱེད་དོ།། ཨ་འབྲུའི ་མགོནའབྲས་བུ་དང་ཤིང་ཐོག་གིས་ཛེ་བིནི་ཏ་ཀར་དང་།། ཛ་ལུ་དང་ཇི་བཀར་རྣམས་ལ།། སྣོད་དུ་བཀང་སྟེ་གཏོར་མ་བྱས་ན་ནི།། སྐུ་གསུང་ཐུགས་ཀྱིས ་མདུན་དུ་ཕུལ་ནས་ནི།། གནོད་སྦྱིན་གྱིས་འབྱོར་པ་ཐམས་ཅད་སྤེལ་བར་འགྱུར་རོ།། ཕུར་བུས་གཏབ་ཅིང་ཐལ་ཆེན་གྱིས་འཚམས་བཅད་པར་གྱུར་ན་གནོད་པ་ཐམས་ཅད ་ལས་བསྲུང་བར་འགྱུར་རོ།། ། དཔལ་མགོན་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས།། སྣ་ཚོགས་པའི་ལས་ཀྱིས་རབ་ཏུ་ཕྱེད་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། ་། དེ་ནས་གཞན་ཡང་བཤད་བྱ་བ།། ཤིན་ཏུ་གསང་བ་བླ་ན་མེད།། ནག་པོ་མངོན་པར་བྱུང་བ་ཡིས།། ལས་ཀྱིས་དངོས་གྲུབ་ཆོ་ག་བཤད།། དཔལ་ནག་པོ་ཆེན་པོའི་ཕྱོགས་ཀྱིས ་འཕྲིན་ལས་ཀྱིས་ལྷ་མོ་ལ།། ཤར་གྱིས་ལྷ་མོ་འཕྲོག་བྱེད་མས་འགུགས་པའི་ལས་བྱེད་དོ།། ལྷོའི་ལྷ་མོ་གླང་སྣམས་དགུགས་པའི་ལས་བྱེད་དོ།། ནུབ་ཀྱིས་ལྷ་མོ་རོལ་བ་ཅན ་གྱིས་སྡོམ་པའི་ལས་བྱེད་དོ།། བྱང་གིས་ལྷ་མོ་སའི་གཙུག་གིས་མྱོས་ཅིང་དབང་དུ་བྱེད་པར་འགྱུར་རོ།། ལྷ་མོ་བྱ་རྒོད་མགོ་མས་རེངས་པའི་ལས་བྱེད་དོ།། སྟག་གིས་མགོ ་ཅན་མས་སྐྲང་བའི་ལས་བྱེད་དོ།། ཕག་དགོད་ཀྱིས་མགོ་བོ་ཅན་མས་སྟོར་འཇུག་པའི་ལས་བྱེད་དོ།། ལྕེ་སྤྱང་གིས་གདོང་གིས་དབྱེ་བའི་ལས་བྱེད་དོ།། ཁྱི་གདོང་མས་སྤོངས ་པའི་ལས་བྱེད་དོ།། ཁ་ཏའི་སྡོང་གིས་རྣམ་པར་གནོན་པའི་ལས་བྱེད་དོ།། འུག་པའི་སྡོང་གིས་ཁྲག་དྲངས་པའི་ལས་བྱེད་དོ།། ཁྱུང་གིས་སྡོང་གིས་ནི་རྒྱལ་བའི་ལས་བྱེད་དོ།། ་གཞན་ཡང་གྲོང་ཁྱེར་དཀྲུག་པའི་ལས་བྱེད་ན།། གྲོ་ག་འམ་ཤིང་ཤུན་ལ་དབྱངས་དང་བསལ་བྱེད་སྤེལ་ཞིང་། གོ་ཟློག་ཏུ་བྲིས་ལ་སྒྲོལ་བར་བྱས་ལ། རླུང་གིས་ཤུགས་ཀྱིས་བསྒྲུབ་བྱ ་གང་གིས་གཟུགས་དང་མིང་སྤེལ་གྱིས། འཁྲུལ་འཁོར་གོ་ཟློག་ཏུ་བྲིས་ལ་གནོལ་བར་བྱས་ཏེ།། རླུང་གི་ཤུགས་ཀྱིས་བསྒྲུབ་བྱ་དག་གིས་གཟུགས་དང་མིང་སྤེལ་གྱིས་གནས་དེ། ་མྱུར་དུ་སྐྱོང་པ་རླུང་དང་མེ་དང་།། ཆུ་བསྣོལ་མ་རྣམ་པར་འཁྲུག་པར་བྱའོ།། དེ་ནས་ཡང་ཁ་སྦྱར་དབྱེ་བའི་ལས་དག་གིས།། ཕ་རོལ་གྱིས་སྡེ་དག་གི་ལུས་དང་ངག་དང་སེམས་ཀྱིས ་དབྱེ་བས།། ཕྱག་རྒྱ་དང་གསང་སྔགས་དང་།། ཏིང་འཛིན་གྱིས་བསྐལ་ནས།། ལན་བདུན་མྱུར་དུ་འགྲུབ་པར་འགྱུར་རོ།། གལ་ཏེ་ཀླུའི་དུག་གིས་བཟས་པ་པོ་འཛིན་དུ་བཅུག ་པར་འདོད་ན།། ཏི་ཐ་ལའི་འབྲུལ་བྱས་པའི་དུག་སྦྲུལ་གྱིས་གཟུགས་མགོ་བོ་གསུམ་པ་ལྕེ་བརྒྱ་པ་འམ་ཅི་རིགས་སུ་བྱས་པ་དེའི་ཁའི་ནང་ལ།། དམིགས་པའི་དམིགས་པའི་རྫས ་དེ་མིང་དང་བཅས་པས་ཀླུ་གནས་པའི་ས་ཕྱོགས་སུ་བཏང་ན། སྦྲུལ་གྱིས་འཛིན་པའི་ལས་བྱེད་དོ།། མ་ཧེ་དང་རྟའི་འཁྲུལ་འཁོར་འབྱུང་པོའི་ཉི་མ་ལ་པི་ཙ་ཏའི་ཁུ་བས་བྲིས་ཏེ། ་དེ་ཉིད་ཀྱིས་ཤ་ཁྲག་དང་བཅས་པས་བསྐུལ་བར་གྱུར་ན་ནི།། ཤིན་དུ་འཁྲུག་ཅི་བྱེ་བར་འགྱུར་རོ།། ཡང་ན་བྷི་ཏ་ན་རོ་བ་ལ་ཏྲི་ཞེས་བྱ་བའི་ཆོ་གའི་ཐབས་ཀྱིས།། བཀྱིགས་ཆེན་པོ ་སྒྲལ་བའི་གཟུགས་ལ་རྟེན་ནས།། ཆོ་ག་ཕྱག་མཚན་དག་བཅུགས་དེ་ལས་སུ་བྱའོ།། ཡང་ནས་ནག་པོ་གྲུ་གསུམ་པ་ལ།། ནག་པོའི་ཚོགས་ཁ་ཕྱིར་ལྟས་པ་དང་ནང་དུ་ལྟས་དགོད་དེ།། ་མགོན#ཕ་རོལ་དགོལ་བའི་ཕྱོགས་སུ་བསྐྱལ་ན་ནི།། མྱུར་དུ་ཡུལ་དང་བཅས་པ་རླག་པར་བྱེད་དོ།། ཤ་ཟ་ཆེན་པོའི་གཟུགས་ཤིན་དུ་འཇིགས་པ་ཁ་གདངས་པ ་དག་པོ་གྲི་ཁྲག་དང་ཞགས་པ་ཐོགས་པ་མདུན་དུ་དམིགས་ལ།། ཕུར་བུས་བཏབ་པ་དང་བཅས་པའི་ཐབས་ཀྱིས།། ཕ་རོལ་གྱིས་དབུངས་གཡོ་བ་དང་བཅས་པ་བཟློག་པར་བྱེད་དོ།། ་གཏོར་མ་ཆེན་པོ་བྱས་ཏེ་ཡང་གཏོར་ན།། གཡུལ་བཤམ་པ་ལས་རྣམ་པར་རྒྱལ་བར་བྱེད་དོ།། རི་རབ་ཀྱི་གཟུགས་ལ་སྣ་ཚོགས་པའི་གཟུགས་སྙེན་བཀོད་དེ།། འཕྲིན་ལས ་སེམས་དཔའ་བཅས་པའི་ཕྱག་རྒྱས་བཏབ་ན། གཡུལ་ཆེན་པོ་ལས་རྣམ་པར་རྒྱལ་བྱེད་པའོ།། དཔག་བསམ་གྱིས་ཤིང་ལྗོན་པའི་ཚུལ་དུ་བྱས་པ་ལ།། ཨ་ཤོ་ཀ་འམ་བྷི་ཏྲ་ཀའི ་ཤིང་ལ་རྟེན་ནས་ཐབས་དང་ལྡན་པའི་ཡུལ་ཕྱོགས་དེ།། ཡོངས་སུ་རྒྱས་པའི་གནས་ཐོབ་པར་བྱེད་དོ།། རྡོ་རྗེ་བྱ་ཁྱུང་གིས་ཕྱག་རྒྱ་བཅས་ལ།། དེས་ཀླུ་ནོན་པར་བྱས་ན་དེ་ཉིད་ཁ ་དོག་དཀར་པོར་གྱུར་པའི་འཛངས་པའི་སྤྱོད་ཡུལ་གྱིས་འདུལ་བ་ལ།། ནག་པོར་སྒྱུར་བའི་རྩུབ་པའི་ཐབས་ཀྱིས་དཀྲུགས་པའི་ཀླུ་གནས་ཐམས་ཅད་དུ་ལྷས་ཆེན་པོ་དྲུག་བྱུང་བས ་ཐམས་ཅད་འངར་ཞིང་མགོ་བོ་མཛ་ཀའི་རྡེག་པ་བཞིན་དུ་འགས་པར་སྙམ་བྱེད་ནས་མྱུར་བར་འོངས་ཏེ།། བཀའ་ཉན་ཞིང་འཛམ་བུ་གླིང་དུ་ཆར་གྱིས་རྒྱུན་ཆེན་པོ་རབ་ཏུ་གང་བར་བྱེད ་པར་འགྱུར་རོ།། གང་དུ་སྐྱེས་པ་གཡུལ་ངོར་གད་པའི་མགལ་དུམ་དང་།། ལག་དར་གྱིས་རུས་པ་ལ་དཔལ་ནག་པ་ཆེན་པོའི་གཟུགས་བརྙན་ཇི་ལྟ་བར་བྱས་ལ། བསྐྱེད་པ་དང་བསྟིན ་ཏེ་བཟླས་པ་བྱ། དབེན་པར་སྦས་ནས་གསོལ་བ་བཏབ་ན།། གང་འདོད་པ་འབྱུང་བར་འགྱུར་ཏེ།། ས་ཀུན་ལ་ཡང་བསྲུངས་པར་འགྱུར་བ་དང་།། འདས་པ་ལ་སོགས་པའི ་དོན་ཤེས་པ་དང་།། དེའི་མདུན་དུ་ཉལ་ན་ལུང་བསྟོན་པའོ།། དགེ་མི་དགེ་གསལ་པོར་བསྟན་པར་འགྱུར་རོ།། ཡང་ན་དུར་ཁྲོད་ཀྱི་རས་སམདར་ནག་པོ་ལ་ཡང་རུང་སྟེ།། དམ ་ཚིག་དང་ལྡན་པར་བྲིས་ཏེ།། མཆོད་པ་དང་གཏོར་མམ་ལྡན་པས་རབ་ཏུ་གནས་པར་བྱས་ན། སྐུ་བྱིན་བརླབས་དང་ལྡན་པར་འགྱུར་རོ།། དེ་ཉིད་ཀྱང་རིན་པོ་ཆེ་ལས་བྱས་ནས། ་དེའི་མདུན་གསོལ་བ་བཏབ་ན་ཟླ་བ་དྲུག་གིས་ངེས་པར་ཡང་འགྲུབ་པར་འགྱུར་རོ།། ཡང་ན་ནག་པོ་ཆེན་པོའི་གསང་སྔགས་ཡང་མངོན་དུ་བྱས་ཏེ།། ཤེས་རབ་ཡོངས་སུ ་འཛིན་པ་ཁྲི་ཁྲག་ཅིག་བཟླས་ན།། ཐོས་པའི་བཟུངས་ཡོངས་སུ་འཛིན་པ་དང་།། བློ་ཡོངས་སུ་དག་པ་དང་།། མི་རྗེད་པའི་གཟུངས་ཐོབ་པར་འགྱུར་རོ།། བསྲུང་བས་བསྲུབ ་ཅིང་ཐམས་ཅད་ལས་ཡོངས་སུ་གྲོལ་བའོ།། གང་དུ་བསྒྲུབ་པ་པོ་ཕུན་སུམ་ཚོགས་པས།། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱིས་རྟེན་ལ།། རབ་ཏུ་གནས་པ་མཚན་ཉིད ་དང་ལྡན་པ་བྱས་ན།། དངོས་གྲུབ་ཐམས་ཅད་འགྲུབ་པ་དང་ལྡན་པ་འགྲུབ་པ་དང་། བར་ཆད་ཐམས་ཅད་ལས་བཟློག་པར་འགྱུར་རོ།། ཁྱད་པར་ཡང་གསང་བ་ཆེན་པོའི ་དམ་ཚིག་ལ་ངེས་པར་གནས་པ་ཉིད་ཀྱིས་ཕྱོགས་དང་དུས་ཐམས་ཅད་དུ། ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོས་རྗེས་སུ་སྐྱོང་བ་དང་།། རྒྱང་རིང་པོ་ནས་ཀྱང་པར་མཛད་དོ།། ་མགོན། འཇིག་རྟེན་པ་ཐམས་ཅད་ལས་རབ་ཏུ་སྒྲོལ་བར་འགྱུར་རོ།། སྟོབས་དང་ཚེ་དང་དཔལ་རབ་ཏུ་སྟེར་ཞིང་མི་ཟད་པའི་ཡེ་ཤེས་ཐོབ་པར་བྱེད་པ་དང་། ཉམས ་ང་བ་དང་བག་ཚ་བ་མེད་པར་སེང་གེའི་སྟོབས་ཀྱིས་རྒྱུ་ཞིང་།། བདུད་ཀྱིས་ཕྱོགས་མ་ལུས་པ་ཕམ་ཞིང་སྐྲག་དེ་མགོ་བོ་མགས་པ་ཙམ་དུ་བྱེད་པར་འགྱུར་ཞིང་། རྒྱ་མཚོ་ཆེན་པོའི ་མཐར་ཐུག་པར་བྱེད་པར་འགྱུར་རོ།། ངག་གིས་གཏུམ་པ་དང་དཔའ་བ་དང་དྲག་པོའི་རྟུལ་ཤུགས་ཀྱིས་ཀུན་དུ་སྤྱོད་ལ། རྡོ་རྗེའི་ཏིང་ངེ་འཛིན་མི་ཤིགས་པར་འགྱུར་བ་མེད་པའི ་ཚུལ་གྱིས་ཁྱབ་པར་འགྱུར་རོ།། གནས་ཀྱི་མཁའ་འགྲོ་མ་དང་། ཕོ་ཉའི་མཁའ་གྲོ་མ་དང་།། འཇིག་རྟེན་གྱིས་མཁའ་འགྲོ་མ་དང་།། དམ་ཚིག་གིས་མཁའ་འགྲོ་མ་དང་།། ་ཤ་ཟའི་མཁའ་འགྲོ་མའི་དབང་ཕྱུག་ཏུ་འགྱུར་རོ།། རྡོ་རྗེ་རིགས་ཀྱི་མཁའ་གྲོ་པོ་ཉ་མོ་དྲུག་བཅུ་རྩ་བཞི་ཀྱང་། འཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་བྱེད་དོ།། ཞིང་སྐྱོང་ཆེན ་པོ་དང་། ཉེ་བའི་ཞིང་སྐྱོང་ཉི་ཤུ་རྩ་བཞི་པོ་དག་གིས་ཀྱང་། འཕྲིན་ལས་ཐོགས་པ་མེད་པ་བསྒྲུབ་པར་བགྱིད་པའོ།། འདུལ་ཀ་བ་མ་ལུས་པ་འདུལ་ཞིང་། འཇིག་རྟེན་གསུམ་ལས ་རྣམ་པར་བྱེད་དོ།། གང་དུ་རྒྱུད་འདི་འཆང་བ་དང་། ཀློག་པ་དང་། འཛིན་པ་དང་། སེམས་དཔའ་དང་། དེ་བཞིན་ཉིད་དུ་གནས་པ་དང་། རྣལ་འབྱོར་གང་གནས་པ་ལ་ཉེ་བར ་སྐྱོང་བར་བྱེད་དོ།། ཉེ་བར་དགོངས་པས་མཁྱེན་པར་འགྱུར་རོ།། །། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། ས་གསུམ་བསྒྲུབ་པའི་དབང་ཕྱུག་ཏུ་བསྟན་པའི ་ལེའུ་སྟེ་ཉི་ཤུ་བཞི་པའོ།། །། དེ་ནས་བཞན་ཡང་བཤད་བྱ་བ།། གསང་བ་མངོན་པར་འབྱུང་བའི་གནས་ན།། དྲང་སྲོང་ཐུབ་པས་ཡང་དག་བཤད།། ངེས་པར ་གསང་བ་འཛིན་གྱུར་པ།། རྒྱལ་བ་ཡོན་ཏན་འབྱུང་བའི་གཏེར།། ཡེ་ཤེས་མགོན་པོ་ཆེན་པོ་དང་།། ལས་ཀྱིས་མགོན་པོ་དུ་མར་བཅས།། དཔལ་ལྡན་ལྷ་མོ་ནག་མེ་ནི།། ་འཁོར་བཅས་དཀྱིལ་འཁོར་བསྟན་པའོ།། སྐལ་ལྡན་ལམ་འདི་འཛིན་པ་གང་།། ང་ཡིས་ལུང་བསྟན་གྱུར་པ་ཡིན།། གདུག་པ་རྣམས་ནི་བཟུང་བའི་ཕྱིར།། མཁས ་པས་སྙིང་རྗེ་བསྐྱེད་ནས་ནི།། ཆོ་ག་ཀུན་མཆོག་གིས་རབ་བསྒྲུབ།། བདག་ཉིད་ཇི་བཞིན་སེམས་ཅན་དེ།། དེ་བཞིན་བདག་དེ་དམ་པའི་བདག། དཔལ་ཧེ་རུ་ཀའི་གོ་འཕངས ་གནས།། འདི་ལ་ཐེ་ཚོམ་མི་བྱ་སྟེ། སུན་འབྱིན་པས་ནི་འགྲུབ་མི་འགྱུར།། རྣམ་དག་རྣམ་པ་ཅན་སེམས་ཀྱིས།། རང་བཞིན་གྱིས་ནི་མྱ་ངན་འདས།། མ་རུངས་པ་ནི་གང་དག་གིས།། ་སྐྱེ་བོ་བཅིངས་པར་གྱུར་པ་གང་།། དེ་ཉིད་ཐབས་དང་བཅས་པ་ཡིས།། སྲིད་པའི་བཅིང་ལས་གྲོལ་བར་འགྱུར།། དེ་ལྟར་བསྒྲུབ་པའི་ལམ་རྟེན་ཅིང་།། ཐུན་མོང་ཁྱད་པར ་འགྱུར།། དུས་བཞི་དག་ཏུ་གཏོར་མ་དབུལ།། བགེགས་མེད་བསོད་ནམས་འཕེལ་བྱེད་པའོ།། འདིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དཔལ།། ཡེ་ཤེས་ཀྱི་མགོ ་པོ་ལྕམ་འཁོར་དང་བཅས་པ་རྣམས་ལ།། གཏོར་མ་དབུལ་བར་བྱ་སྟེ།། ཤ་ཆེན་པོ་དང་བཅས་པའི་གཏོར་མ་བཤམས་ལ།། ཨོཾ་བྷ་ལངི་མ་ཎི་རཾ་ཧཱུཾ་ཛ།། རཀྐི་ནི་རཀྵི་རཀྵི་མི། ་མ། @#། ཁ་ཁ་ཁ་བྷི་ནྡ་ཧྲཱི་ཧཱ་བྷ་ལིང་མཧཱ་བྷ་ལིང་ཤན། པྲས་སྠ་ཡ་སཱ་དྷ་ཡ།། ཧུ་ལུ་ཙུ་ལུ་ཕཊ། ཁ་ག་ཁཱ་ཧྲཱི་ཁཱ་ཧཱི། མ་ར་མ་ར། སངས་ཏན་པ་ཏྲཾ། ཝ་རི་ཧ་ཏིར ་སྤ་ཡང་ཆ་དྷུ་སྭཱ་ཧཱ། ཨོཾ་ཨཿཧཱུཾ། ཞེས་པས་མཚན་བྱེད་ན་གཏོར་མ་བསྲེག་སྤོས་དང་བཅས་པ་དབུལ་བར་བགྱིའོ།། ཨོཾ་ཧ། ཀ་ཧ་ཀ་ཧ། མ་ལི་ནི་མུ་ཁེ། ཡན་ས་དྷ་ཡ། མཧཱ ་ཀ་ལ་བྷུ་དྷ་ཛཾ། པྲ་ཏི་ཏོ་པི། མ་ར་ཡ་མ་ར་ཡ། ཀ་ར་ཡ་ཀ་ར་ཡ། པྲ་དུ་སྟན། གྷྲི་ཧཱ་གྷཱིཧཱ། མ་ར་མ་ར། ཁ་ཁ་ཁཱ་ཧི་ཁཱ་ཧི། ཤྲི་གྷཾ། ད་ཧ་ད་ཧ། པ་ཙ་པ་ཙ། ཧུ་ར་ཧུ་ར། ་མ་རཾ་ཧཱུཾ་ཕཊ། ཨི་དཾ་བྷཾ་ལིང་། གྷི་ཧ་གྷི་ཧ། ཤྲི་སརྦ་ཨོཾ་ཨཱཿཧཱུཾ།། དཔལ་མགོན་པོ་ཆེན་པོ་དངོས་གྲུབ་འབྱུང་བའི་རྒྱུད་ལས། གསང་བ་གྲུབ་པ་དང་གཏོར་མའི་ལེའུ་སྟེ་ཉི་ཤུ་རྩ ་ལྔ་པའོ།། །། དཔལ་མགོན་པོ་ཆེན་པོ་འཁྲོས་པའི་མགོན་པོ་གསང་བ་མངོན་པར་འབྱུང་བའི་རྒྱུད་ཀྱིས་རྩ་བར་གྱུར་པ། བསྟན་པ་འཛིན་པ། བསྟན་པ་སྐྱོང་བ། བསྟན ་བ་བསྲུང་ངེས་པ། གསང་བ་བདུད་དཔུངས་འདུལ་བའོ།། །། དཔལ་མགོན་པོ་ཆེན་པོའི་བསྒྲུབ་པ། རྒྱུད་ཀུན་གྱིས་སྙིང་པོར་གྱུར་པའི། གདོད་ནས་གྲུབ་པའི་བླ་མ་ཡིན་ནོ།། ་རྫོགས་སྷོ།། རྒྱ་གར་གྱིས་མཁན་པོ་མ་ཧཱ་བཎྜི་ཏ་ཨ་བྷ་ཡ་ཀར་གྷུ་སྔའི་ཞལ་མངའ་ནས་དང་། བོད་ཀྱིས་ལོཙྪ་ཝ་མཁས་པ་ཆེན་པོ་གྱི་རྒོད་འཁོར་ལོ་གྲགས་ཀྱིས ་བསྒྱུར་ཅིང་ཞེས་པའོ།། །། ཡང་ཀླད་ནས་མཁས་པ་ཆེན་པོ་སངས་རྒྱས་གྲགས་ཀྱི་ཞལ་མངར། དྲིའོ་ཤེས་རབ་དཔལ་གྱིས་ཀྱང་ཞུས་ཏིག་བགྱིས་སོ།། ཤུ་བྷཾ་འབྲི་ཁུང ་པའི་བཀའི་བསྲུངས་མ་ཁྱད་པར་ཅན་ལགས་སོ།། བྱིན་རླབས་ཆེའོ།། དགེའོ།། བཀྲི་ཤིས། ་