| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ།། རཀྵ་མུ་ལེ་བེ་ཧ་རཾ་ཙཏྟི་མར་དུ་བ་ཧཱ་ཀཱ་ལ་ཏནྟྲ་ནཱ་པ།། བོད་སྐད་དུ། ཁྲག་མཚོ་ཁོལ་མ་སྙིང ་འབྱིན་གསོད་བྱེད་ནག་པོ་ཆེན་པོའི་རྒྱུད་ཞེས་བྱ་བ། དཔལ་རྡོ་རྗེ་འཆང་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན།། གཞན་འཕྲུལ ་དབང་བྱེད་ཀྱི་གནས་ན། དཔལ་ཕྱག་ན་རྡོ་རྗེ་བདུད་ཐམས་ཅད་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་སོ།། དེའི་དུས་སུ་བདུད་ཀྱི་རྒྱལ ་བོ་ཀ་ལ་དུང་མགྲིན་ཞེས་བྱ་བས།། རྣམས་པར་རྒྱལ་བའི་ཁང་བཟང་སུ་ལྷ་དང་ལྷ་མ་ཡིན་གཉིས་ཀྱི་བར་དུ་སྟོབས་སྟོན་པ་ལས།། ལྷ་མ་ཡིན་གྱི་རྒྱལ་པོ ་ཐག་བཟངས་རིས་ཞེས་བྱ་བ་དེ་ལ་རབ་ཏུ་དགའ་བར་གྱུར་ནས། བདུད་ཀྱི་རྒྱལ་པོ་ལ། ལྷ་ཐམས་ཅད་དཔའ་སྐོང་བར་བྱའོ་ཞེས་སྨྲས་ནས།། བདུད ་དམག་འབུམ་ཕྲག་བདུན་གྱིས་ཐོག་དང་སེར་བ་དང་།། མཚོན་ཆའི་ཆར་དང་།། ནད་དང་མུ་གེ་ཐམས་ཅད་ཀྱིས་ལྷ་དང་མིའི་གནས་ཐམས ་མ@ཅང་ཟད་ཅིང་ཀླག་པར་བྱས་སོ།། དེའི་ཚེ་རྒྱལ་པོ་རྣམ་ཐོས་སྲས་ཀྱིས། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་གསོལ་ཏོ།། ་དཔའ་བོ་ཆེན་པོ་སྟོབས་པོ་ཆེ།། བདུད་འདུལ་ཆེན་པོ་རྡོ་རྗེ་འཆང་།། རྒྱལ་བྱེད་ཆེན་པོ་གསང་བའི་བདག། ལྷ་མ་ནི་བདུད་ཀྱི་འགྲོ་བ་རྣམས།། ཟད་ཅིང་སྟོང ་བར་བྱས།། དེ་ཚེ་ཁྱོད་ཀྱི་ལྷ་མི་རྣམས།། འཇིག་བྱེད་ཆེན་པོས་དབུགས་དབྱུང་གསོལ།། ཞེས་གསོལ་པ་དང་།། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཐུགས ་ཁ་ནས་འོད་ཟེར་དམར་པོ་དུས་མཐའི་མེད་རྒྱུན་ལྟ་བུ་བྱེ་བ་འབུམ་འཕྲོས་པར་གྱུར་ཏོ།། དེས་འཇིག་རྟེན་གསུམ་པོ་ཐམས་ཅད་འགུལ་འགུལ་ཤིག་ཤིག་ལྡེག ་ལྡེག་པར་གྱུར་ནས།། བདུད་ཐམས་ཅད་དཔའ་སྐོངས་པར་གྱུར་ཏོ།། དེ་ནས་དཔལ་ཕྱག་ན་རྡོ་རྗེ་ཐུགས་ཁ་ནས་བདུད་ཐམས་ཅད་འདུལ་བའི་རིག་པ་འདི་བྱུང ་བར་གྱུར་ཏོ།། ཨཱ~ཾ་ཤྲཱི་ནཱ་ཐ་བཛྲ་མ་ཧཱ་ཀཱ་ལ་ཨུ་ཀ་ཝ་ཙུ་ཧ་ན་ཧཱུཾ་ཧཱུ~ཾ་ཕཊ།། ཞེས་བྱ་བ་ཐོན་པ་དང་།། བདུད་ཀྱི་རིགས་བྱེ་བ་ཕྲག་བརྒྱད་བཅུ་རྩ་བཞི་ཐམས་ཅད ་ཟད་ཅིང་རླག་ཏེ་མི་སྣང་བར་གྱུར་ཏོ།། དེའི་ཚེ་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་སྨྲས་པ།། ཀྱི་སྟོན་པ་སངས་རྒྱས་རྡོ་རྗེ་འཆང་།། ཤཱཀྱ་ཐུབ་པའི་བསྟན་པ་ལ། ་ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ།། མི་རྣམས་ཚེ་ཐུང་ལོང་སྤྱོད་ཆུང་།། རྩོད་པ་མང་པོ་ངར་བར་འགྱུར། དཀོན་མཆོག་དབུ་འཕངས་སྨོད་པར་འགྱུར། ་དེ་ཚེ་བརྟན་པ་བསྲུང་བའི་ཐབས་བདག་ལ་ལེགས་པར་བསྟན་དུ་གསོལ།། ཞེས་སྨྲས་པ་དང་།། འཇིག་རྟེན་གྱིས་ཁམས་ཐམས་ཅད་ཁྲག་གི་རྒྱ་མཚོ་ཆེན་པོ ་གཅིག་དུ་གྱུར་ཏོ།། དེ་ལ་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་རབ་དུ་འབར་བ་རབ་དུ་གཏད་པས་ཁྲག་གི་རྒྱ་མཚོ་ཆེན་པོ་དེ་ཁོལ་བར་གྱུར་ཏོ།། དེའི་ཚེ་བདུད་ཀྱི་རྒྱལ ་བོ་དགའ་རབ་དབང་ཕྱུག་དང་།། ཀ་ལ་དུང་མགྲིན་དང་།། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་དང་།། གནོད་སྦྱིན་ནག་པོ་དུག་གི་མིག་ཅན་ལ་སོགས་པ་ཐམས ་ཅད་དཔའ་བོ་བདག་ལྕག་ཐམས་ཅད་དབུགས་དབྱུང་དུ་གསོལ་ཞེས་ལུས་ཕུལ་བར་གྱུར་ཏོ། ཁྲག་མཚོ་ཁོལ་མ་སྙིང་འབྱིན་གསད་བྱེད་ནག་པོ་ཆེན་པོའི་རྒྱུད་ལས།། ་བདུད་འདུལ་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་རྒྱལ་པོ་རྣམ་ཐོས་སྲས་ཀྱིས་འདི་སྐད་ཅེས་སྨྲས་སོ།། དཔའ་བོ་ཆེན་པོ་རྡོ་རྗེ་འཛིན།། སངས་རྒྱས ་བསྟན་པ་བསྲུང་བ་ལ།། སྲུངས་ཐབས་རྣམ་པ་དུ་ཞིག་མཆིས།། ལྷའི་གོ་རིམ་དུ་ཞིག་མཆིས།། སྔགས་དང་དམ་སྔས་གང་ལྟར་ཡིན།། གནད་ཀྱི་སྲོག ་གཟེར་གང་དང་གང་།། རྟེན་དང་བླ་རྡོ་ཇི་ལྟར་གཟང་།། སྲོག་གི་འཁོར་ལོ་ཇི་ལྟར་སྐོར།། ནང་རྒྱས་སྨེ་འཁྲུག་ཇི་ལྟར་བྱེད།། ལས་མཐའ་དན་ཐབས་དུ ་ཞིག་མཆིས། གནོད་སྤནི་འབྱུང་པོ་ཇི་ལྟར་འདུལ།། ཡུམ་གྱི་བསད་ཐབས་དུ་ཞིག་མཆིས།། དགྲ་སྲོག་དངོས་གྲུབ་ཇི་ལྟར་ལེན།། སྙེན་སྒྲུབ་ལས་ལ ་@#ཇི་ལྟར་སྦྱོར།། མཆོད་པའི་རིམ་དུ་ཞིག་མཆིས། བསད་དང་བཟློག་དུས་ཇི་ལྟར་གྱི།། གཏད་དང་སྨན་པ་ཇི་ལྟར་བྱ།། ཐོག་དང་སྲེར ་ལྟར་དབབ།། རྣལ་འབྱོར་དམ་ཚིག་ཇི་ལྟར་བསྲུངས།། མཆོག་དང་མཐུན་མོངས་ཇི་ལྟར་ཐོབ།། །། ཞེས་ཞུས་སོ།། ཁྲག་མཚོ་ཁོལ་མ་གསོད་བྱེད་སྙིང་འབྱིན ་ནག་པོ་ཆེན་པོའི་རྒྱུད་ལས་གླེང་གཞི་གླེང་བླང་ནས་ཞུས་པའི་ལེའུ་ཏེ་གཉིས་པའོ།། །། དེ་ནས་དཔལ་ཕྱག་ན་རྡོ་རྗེ་འཆང་ཆེན་པོ་དེས་ཤིན་དུ་དགྱེས་ནས་འདི་སྐད ་ཅེས་སྨྲས་པོ།། ཇི་ལྟར་ཁྱོད་ཀྱིས་དྲིས་པ་ཤིན་དུ་ལེགས།། འདུས་པའི་འཁོར་རྣམས་རྙན་པར་འཚལ།། སངས་རྒྱས་བསྟན་པའི་ཐབས།། ངས་ནི་ཁྱོད་ལ་ལེག ་པར་བསྟན།། ཞི་བ་རྒྱས་དང་དབང་དང་དྲག། འདྲ་ནི་ལས་རྣམས་པ་བཞི་ཡིས་ནི།། སངས་རྒྱས་བསྟན་པ་བསྲུང་བར་བྱེད།། དེ་ལ་ཞི་བས་བསྲུང་བར་བྱེད།། དེ་ལ་ཞི ་ཞི་བའི་སྔགས།། ་བས་བསྲུང་བ་ནི།། ནད་དང་གདོན་དང་མུ་གེ་དང་། བྱང་ཁ་སྟོན་དང་བཀྲ་མི་ཤིས།། ལོ་མི་ལེག་དང་འཁྲུགས་པ་ཀུན།། རྩ་བའི་སྙིང་པོ་འབྲུ་བདུན་ཉིད།། ལྷའི ་ཐུགས་ཁར་རིག་པ་བལྟད།། དེས་ནི་སེམས་ཅན་ཀུན་ལ་ཕན།། ལོག་ལྟ་ཅན་དེ་འདུན་པར་འགྱུར།། རྒྱས་པར་བསྲུང་བར་འདོད་པ་ནི།། ཚེ་དང་ལོངས་སྤྱོད་བསོད།། ་། རྣམས་དང་།། དཔལ་དང་གྲགས་པ་གཟི་བརྗིད་དང་།། གནས་དང་འཁོར་ཚོགས་ནོར་བུ་དང་། འབྲུ་དང་རྟ་མཆོག་གླང་པོ་ཆེ།། གསང་སྔགས ་ཀ་པའི ་རྒྱལ་པོ་བདུན་འབུམ་གྱིས།། འདི་ནི་ཤིན་དུ་རྒྱས་པར་འགྱུར།། དབང་གིས་བསྲུང་ན་འདི་ལྟ་སྟེ།། ལྷ་དང་ལྷ་མིན་འཁོར་ལོར་སྒྱུར།། བྲམ་ཟེ་དྲང་སྲོང་རྒྱལ་ཕན་དང་།། སྐྱེས་པ་བུད་མེད་ལྷ ་འདྲེ་དང་།། མུ་སྟེགས་ལོག་ལྟ་སྤུན་ཟན་དང་།། བདུད་དང་བཤིན་རྗེའི་ཚོགས་རྣམས་ཀུན།། གསང་བའི་སྙིང་པོ་བདུན་འབུམ་གྱིས།། ངེས་པར་བྲན་བཞིན་དབང་དུ་འགྱུར།། དྲག ་པོས་བསྲུངས་པའི་གོ་རིམ་ནི།། ཕྱི་ནང་གསང་བ་དེ་ཁོ་ན།། མཐར་ཐུག་སྲོག་རྩ་གཅོད་པའི་ཐབས།། གསང་ཐབས་རྣམ་པ་ལྔ་པོས་ནི།། སངས་རྒྱས་བསྟན་པ་བསྲུང་བར་བྱ།། ཞེས ་བཀའ་བརྩལ་ཏོ།། ཁྲག་མཚོ་ཁོལ་མ་བསོད་བྱེད།། སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། འཕྲིན་ལས་བཞིས་བསྟན་པ་བསྲུང་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཕྱག་ན་རྡོ་རྗེ ་ཡིས།། ལྷའི་གོ་རིམིས་བཀའ་རྩལ་པ།། སངས་རྒྱས་བསྟན་པ་བསྲུངས་བྱེད་པ།། སྲོག་བདུད་ནག་པོ་ལས་ཀྱི་མགོན།། བྱ་རོག་མིང་ཅན་ནག་པོ་ཆེ།། ཞལ་ཅིག་པ་ལ་ཕྱག ་ཀྱང་བཞི།། གཡས་པ་གྲི་ཁུག་རལ་གྲི་འཛིན།། གཡོན་པ་ཁ་ཏཱཾ་གློ་སྙིང་ཟ།། སྐུ་མདོག་མཐིང་ནག་འབར་བ་ལ།། སྟག་གི་ལྤག་པས་སྨད་དཀྲིས་ཅན།། སྲིན་པོ་ལང་། ་ཀ་འགྲིན་བཅུ་དང་།། ལྷ་མན་བུ་མོ་གདན་དུ་སྟིང་།། རུས་པའི་དབུ་བརྒྱན་ཐོད་རློན་འཕྲེང་།། གླང་ཆེན་ཀོ་རློན་གོས་སུ་གྱེན།། མི་ལྤག་གཡང་བཞིའི་སྟེད་གཡོགས ་ཅན་ཏ། ཀླུ་ཆེན་བརྒྱད་ཀྱིས་ཡན་ལག་དཀྲིས།། སྐལ་ནས་མེའི་སྐལ་པ་འཕྲོ།། སྲོག་བདུད་ནག་པོ་དེ་ལ་ནི།། སྤྲུལ་པའི་བྱ་རོག་གདོང་ཅན་བཞི།། སྐུ་གསུང་ཐུག་ཀྱི ་མགོན#ཡུམ་གསུམ་དང་།། མཁའ་འགྲོ་དྲུག་དང་ལྷ་པོ་བརྒྱད།། མགོ་མཉན་ཅན་དང་དྲེགས་པ་དང་།། དབང་ཕྱུག་མ་དང་དཔལ་གྱི་མགོན། ་རོ་ལངས་དང་ནི་ནག་པོ་སྟོང་།། གནོད་སྦྱིན་ཁྲི་དང་མ་མོ་འབུམ།། ཤ་ཟ་སྤྲུལ་པ་བྱེ་བ་ནི།། ཀུན་ཀྱང་ཁ་དོག་དམར་ནག་ལ།། གྲི་གུག་དང་ནི་ཐོད་ཁྲག་ཐུང་།། དུར ་ཁྲོད་ཁྲོད་བརྒྱན་དང་ལྡན་པ་དེ།། ཕྱི་ནང་གསང་བ་དེ་ཁོ་ན།། མཐར་མཐུག་འཕྲིན་ལས་བཞིའི་འཁོར།། མ་རུངས་ཚར་གཅོད་དྲག་བེ་སྲོག་གི་བདག། ལས་ཀྱི་སྲོག ་བདུད་མ་རུངས་པ།། དེ་ནི་བསྟན་པ་བསྲུང་བའི་ལྷ།། ཞེས་བཀའ་སྩལ་ཏོ།། ཁྲག་མཚོ་ཁོལ་མ་གསོད་བྱེད་ནག་པའི་རྒྱུད་ལས་སྲོག་གི་བདག་པོ་ལྷའི་ལེའུ་སྟེ་བཞི་པའོ།། ་མ་། ས་། ཡུ་། ས ་ས་། ་མ་པགགས་སུ་བ་ལྷ་། ་རླབས། ཁྲག་ཁྲག་རྔུ་རུ།། དུས་དྷུས་འདི་ན་ནན་སྭཱ་ཧཱ།། ལྷ་མོ་བརྒྱད་ཀྱི་སྔགསོ།། ཨོཾ་མ་ཧཱ་ཀཱ་ལི་ཀ་ལ་དེ་བ་དང་མིན། ཏྲ་ཡན་ཏྲ་ཏན་ཏྲ་ཁཾ་ཐ་བི་ས་རི་ཏ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ་བསད་པ་ཕུར་ཐུན་གྱིས་རྒྱག་པ། ་རོ་ལངས་བརྒྱད་ཀྱི་སྔགས་སོ།། ཨཱ~ཾམྦྷ་ཧཱ་ཀཱ་ལི་ཙ་མོ་དེ་བ་ཀྲག་ཀྲག་སྒྲོལ་སྐོལ་ཧང་ཧང་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ། ནག་པོ་སྟོང་གི་སྔགས་སོ།། ཨོཾ་མ་ཧཱ་ཀཱ་ལི་སྲི་དུ་ཤ་ཁྲག་དུ་ན་ཛ། ་ག་པ་མ་མི ་བྷུ་ཏ་ཀུ་རུ་ཏྲི་ཛ་བཛྲ་ཧྲིའུར་བ། ནག་མེ་སྲོག་མི་ཕྲེང་ཕྲེང་ཛ་ཛཿམ་མོ་འབུམ་གྱིས་སྔགསོ།། ཨོཾ་མཧཱ་ཀཱ་ལི་ཧཱུཾ་བཛྲ་ཛིང་ས་མ་ཡ། དྲུག་པ་ཟེར་ཐུན་གྱི་བསང་ག། མུ་ཧ་ར་དུ ་ཧ་ར་ཤག་རྦད།། ཙ་ཀྲ་ཧྲི་ང་ཧྲི་འུར་འུར་ཀྱིལ་ཀྱི་ལ་ཤག་སྐད།། མ་ཧཱ་ཀཱ་ལི་དེ་བ་ཨ་འུར་ཤ་བཟུང་བ་རྡོ་ཟན་གྱིས་རྒྱན། ཛྙཱ་བུ་ར་ཡ།། གནོད་སྦྱིན་ཁྲིའི་སྔགས་སོ།། ཨོཾ་མ་ཧཱ་ཀ་ལ ་དོམ་ཏྲག་ཏྲང་བཛྲ་ཀཱ་ལི་མ་ཧཱ་ཀཱ་ལི་ཡོ་གི་ནི་ཀྲི་པ་ཀ་ལི་ཀྲི་པེ་མ་ལིང་།། ཀྲི་བ་མ་ཧཱ་ཀཱ་ལི་བཱ་ག་བ་ཏི་མུ་ཀེ་མ་ཀ་ནི། བྱེའུ་རུ་ཀུ་སུ་རུ་སང་དུ་ནི། སེམ་པ་ནི་ཀ་ནི། བློག་སྦྱར་བུན་གྱིས་རྣས ་ཀོའི་ཀ་ར་ཛ་རི་ཀེ་རི། ཤྲི་ཧེ་རུ་ཀ་བཛྲ་མ་ཏི་ཧ་ཁང་པག་ཀེ་ལི་ཡ།། ཤཱ་ཟ་ནག་པོ་བྱེ་བའི་སྔགས་སོ།། ཞེས་བཀའ་སྩལ་ཏོ། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་།། ་། འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། ཙ་བའི་སྡུག་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་དམ་སྔས་རྣམས་ནི་བཀའ་སྩལ་པ།། རྟེན་པའི་སྔས་དང ་མཆོད་པའི་སྔས།། བསང་བའི་སྔས་དང་ལོག་པའི་སྔས།། སྲུང་བ་དང་ནི་སྒྲུབ་པ་ཡི།། སྔས་ནི་རྣམ་པ་དྲུག་དུ་བཤད།། ནག་པོ་བཞིའི་རྒྱན་མཚན་ལ།། ངར་ནག ་མདའ་རྒོད་བཞི་ལ་སྙིང་ཆེན་བཞི།། གསེར་གྱིས་བྲིས་པའི་སྔགས་རིངས་དང་།། སྐྲ་གཟུགས་ཚད་དང་ལྡན་པ་ལ།། ཙ་བའི་སྔགས་གཡར་རོག་པོ་ལུག་ནག་བྱ་ནག་ཁྱི་ན། ་མགོནགྱི་བཀོད་པ་དང་།། མདའ་ནག་བཞི་ལ་དར་ནག་བཞི།། རྟེན་པའི་བྱང་བུ་བརྒྱད་དང་བཅས། གྲི་རྒོད་བསང་བའི་སྙིང་ཆེན་དང་།། དར་ནག ་ཚལ་གྱིས་སྲོག་འཁོར་བྲིས།། རྩ་སྔགས་འབུམ་གྱིས་རབ་གནས་དང་།། དར་མཚོན་སྣ་ལྔ་དྲིལ་བ་དང་།། ལྕེ་སྤང་དར་མའི་སྙིང་ནབ་ནུ།། བསང་བའི་སྔགས ་དང་དགྲ་ཟུར་བཅས།། དེ་ནི་རྟེན་པའི་དམ་སྔས་ཡིན།། མེ་རྟོག་སྤོས་དང་མར་མེ་དང་།། ཆུ་རྩང་བཤོས་དང་ཅང་ཏའི་སྒྲ།། དབང་པོ་ཤ་ཁྲག་རུས་པ་དང་།། རྐང ་དང་ཚིལ་བུ་ནང་གྲོལ་དང་།། འབྲུ་དང་ལ་དུ་ཉིའི་ཤ།། སྒོག་གཅོང་བུ་རམ་རྒམ་འབྲུམ་དང་།། བསང་བའི་ཤ་དང་བསོན་པོའི་ཁྲག། སྲེག་པའི་བསུར་དང་བརྩོས་པའི་ན།། ་གཏོར་མ་ཆེ་ཆུང་རྣམ་རྒྱད་ཀྱི།། རྟག་དུ་མ་རྗེད་མཆོད་པར་བྱ།། བསད་པའི་དགྲ་ལ་སྣག་པའི་སྔས།། བུད་མེད་ཀྱིས་མངལ། དུག་སྣ་དགུ་དང་ཁྲག་སྣ་དགུ།། བསད་པའི་སྔས་ནི ་མདའ་དང་ཕུར་པ་དགུ་དགུ་ཀྱང་། རབ་ཆང་ནག་པོའི་ཐོད་པ་དང་།། ནག་པོ་བཞིའི་ཐོད་པ་དང་།། རྡོ་ནག་ལྕགས་ཀྱི་ཕྱེ་མས་ནི།། ཙར་བོང་སྦྱང་བ་སེ་མར་འོང་རྗེ་འཛེ་སྟེ་ལགས་ཁྱི་མ ་དམིགས་པའི་གཟུག་ནི་རྒྱ་རྩ་བརྒྱད།། ཚེར་ནག་ཧོམ་དང་བཅས་པའི་སྔས།། མི་རང་ཀྱ་གགས། རིམག་པའི། སྡིག་ཅན་དགྲ་བགེག་བསད་པའོ།། ནག་པོ་བཞིའི་སྙིང ་ཁྲག་གི།། ཟློག་པའི་ཁྲི་རྒྱ་མཆོད་རྟེན་བཅས།། ཐོད་ནག་ལྕགས་ཀྱི་ཕུར་པ་བརྒྱད།། རེ་བ་ནག་པོས་སྔ་མས་བྱས་ལ།། ཟློག་པ་ཁ་ཐུན་ནག་པོའི་སྔས།། སྲུང་བ་རན ་ཆེན་སྒྲིབ་ཤིང་ལ།། སྒྲུབ་པའི་སྔས་ནི་དྲིང་སྙིང་དང་།། ནག་པོ་བཞིའི་སྙིང་ཁྲག་བཅེས།། ཞེས་བཀའ་སྩལ་ཏོ།། ། ཁྲག་འཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན ་ནག་པོ་ཆེན་པོའི་རྒྱུད་ལས།། དམ་སྔས་བསྟན་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་གནད་ཀྱི་སྲོག་གཟེར་འདི་གསུངས་སོ།། དཀྱིལ་འཁོར་གྲུ་བཞི་སྒོ་བཞི་ལ།། ་དབུས་སུ་གྲུ་གསུམ་སྣོལ་མ་རྩིག།། ནང་དུ་གྲུ་གསུམ་སུམ་རྩི་ག་ལ། ཁ་དོག་དམར་ནག་འོད་དང་ལྡན།། ཐོད་པ་དགུ་རྩིགས་ཕོ་བྲང་དུ།། རབ་ཆད་ནག་པོའི་ཐོད་པ ་ནི།། ཕོ་མོ་གཉིས་ནི་སོ་སོ་ལ།། བསོད་པ་སྤུ་གྲིའི་འཁོར་ལོ་ནི།། རྩིབས་བརྒྱད་སྤུ་གྲི་བདུན་བསང་།། དཀྲུག་པའི་སྡུག་འཐབས་འཁོར་ལོ་བྲི།། ལས་ཀྱི་མགོན ་པོ་ཡབ་ཡུམ་གཉིས།། ཞལ་སྦྱར་བར་དུ་དགྲ་གཟུག་ནི།། བསང་པའི་སྔག་ཀྱི་སྐོར་བ་བྲི།། ཐོད་པར་བཅུག་ལ་རེ་བས་དྲིལ། བླ་མའི་མན་ངག་བཞིན།། དྲ་པོ་སྔགས་ཀྱི་སྦལ ་ཚན་འདིས།། ཞག་བདུན་བསུམ་དུ་ཐུན་བཞིར་ཟད།། སྲོག་གཟེར་བཅད་ཤིང་ཆུལ། བིའི་དམིག་པ་ཡིས། སྲོག་དང་བརྩོལ་བ་ལས་སྐྱེད་པའི། རྣམ་ཤེས་ས་བོན་དམྱལ ་ཐག་བཅང་།། ཨོཾ་མ་ཧཱ་ཀཱ་ལ་ཤང་ཏྲ་ག་ཡ་མ་དུ་སི་གླི་བྱིན་པན་ནོ་ཏི་པུ་ཙི་ཏ་ལ་རྦད་རྦང་།། སརྦ་ཤ་ཏྭཾ་ཐུ་རིལ་བྲུཾ་ཛ་ཟད་།། རག་ཁ་ཛ་དུ་མ།། ཆོད་ཆོད་སྲོག་ལ་རྦད། ་དགུགས་སྡིག་ས་ང་པསང་སྔགས།། རིལ་ཧཱུཾ་རྦང་།། ཡ་ཏི་ཆོད་ཆོད། ལྕི་བིས་ལྕིབས། ཁ་ཁྲག་ལ་སྙིང་ལ་བྲུཾ་བྲུཾ་རྦད། ལ་ཀ་ཀ་ལ་དགྲ་བོ་ཀྲྀ་ཧ་ནི་ལ་ཧ་མ་བྷྱཿམ་མོ་གཉིས་ཀྱི་བཞི་རྫིང་གི། ་བ་ཟློགས་པ། ་@#། ཡ་ལ་ཀ་མ་ཧཱ་ལ་ལ་ས་རུང།། ཀཱམ་སྠཱ་ཨོཾ་ལ་དང་། ས་མུ་ཁྲུ་ལ་སྙིང་ཉམ་མོས་ལ་སྲོག་ལ་ཞིང་སར་ཀཀས་ཤིང་། ཨོཾ་མརྠ་ཀ་འི་ཐམས ་ཨན་ཧ་ཙཙ། ཙུ་ཁྲ་ཁ་ཙ་ཏཏ། ཁ་ཙ་ཙན། ཙ་མ་ལ་ཙ་མུ་ལ། ཙི་ཙ་མུ་རུ་ལ་ཙ་ཙ།། ཏ་མུ་རུ་ཧ་ཏ། མུ་རུ་ལ་ཨ་པ་ཏ་སྭཱ་ཧཱ། ཛ་ཡ་མ་ར་ཡ་ལ་ཏ་ཕཊ་ཙཱུ་པྱེ་ཡར ་ཏཱ་རུ་མུ་ཙི་ནི་སི་རུ་མ་ཏྲག་ཏུ་བྷཱུ་མ་རག་ཆེ་མོ་བྷ་ག་བྷི་ཏ་ཏྲ་ག་རུ་རུ། རག་ཏྲག་མ་མ་ནི་རྦད། ཐུ་རིལ་ཛ་ན་མོ་རག་ལིང་ཀ་ཧ་ཏྲག་མ་མ་དགྲ་བའི་སྲོག་ཙ་ལ་ཧ་བ་ཧྱ་བ་ཐུ་རིལ ་དྲུང་དྲུང་།། གྲངས་ནི་འབུམ་མཚོ་གསུམ་ན་ཐེམས།། བདུན་ལས་ཐལ་ན་རང་སྲོག་བཅོད།། ཡབ་ཡུམ་ལས་མགོན་ལྟོ་དཀྲུག་པས།། དགྲ་སྲོག་པ་ཐག་ཆད་པར་བསམ། ་དེ་ནི་ཐེ་མཆོམ་མེད་པར་འགྱུར། ཞེས་བཀའ་བརྩལ་ཏོ།། ། ཁྲག་མཚོ་འཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། གནད་ཀྱི་སྲོག་གཟེར་ནག ་པོས་དགྲ་བསད་པའི་ལེའུ་སྟེ་བདུན་པའོ།། །། དེ་ནས་རྟེན་དང་བླ་རྡོའི་མན་ངག། དེའི་བྱེ་བྲག་བཀའ་སྩལ་པ།། ཕྱིའི་རྟེན་དང་ནང་གི་རྟེན།། བསང་བའི ་རྟེན་དང་དེ་ཁོ་ན།། ཕྱིའི་རྟེན་གཡག་ལུག་ཁྱི་ནག་དང་།། སྔགས་ཀྱི་བྱང་བུ་སྔ་མས་རྒྱན།། ར་དང་དཔུང་བར་དར་ཚོན་ལྔ།། ཚེ་ཐར་བཅས་པ་ཕྱིའི་རྟེན།། བྱན། ་ལུག་གི་རྒྱན་མཚན་ལ།། སྐུ་གཟུགས་སྔགས་དང་བཅས་པ་ནི།། ཆོས་སྐྱོང་ནང་གི་རྟེན་དུ་བཤད།། བྱ་རྒོད་སྒྲོ་ཅན་མངའ་བརྒྱད་ལ།། བྲི་རྒོད་ནག་པོ་བཞི་སྙིང ་དང་།། སྲོག་འཁོར་སྔགས་དང་བཅས་པ་ནི།། དེ་ནི་མགོན་པོའི་གསང་བའི་རྟེན།། སྔགས་པའི་སྔགས་ཆེན་བརྒྱད་པོ་ལ། ཁྲོ་བོའི་སྔགས་བསྲེལ་འཁོར་ལོར་བྲིས། ་གསེར་དངུལ་ཟངས་ལྕགས་ག་བུར་བཅས།། རྟག་དུ་མི་འབྲལ་འགྲོགས་པ་ནི། དེ་ཁོ་ན་ཉིད་ཀྱི་རྟེན་དུ་གསུངས།། གསེར་དངུལ་ཟངས་ལྕག་ཤོ་གུ་ལ།། གྲི་སྙིང ་ཁྲག་གི་སྔགས་འཁོར་བྲི།། གྲི་སྙིང་ནང་བཅུག་ལུས་ལ་བཅད།། དེ་ནི་ལུས་དང་གྲིབ་མ་བཞིན།། མི་འབྲལ་རྒྱན་དུ་འགྲོག་པ་ཡིས།། སྲོག་གི་བླ་རྡོ་དམ་པ་ཡིན། ་ཞེས་བཀའ་རྩལ་ཏོ།། ། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པའི་རྒྱུད་ལས་རྟེན་དང་བླ་རྡོའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་སྲོག་གི་འཁོར་ལོར ་བཀའ་སྩལ་པ།། དུར་ཁྲོད་རོ་རས་ནག་པོ་ལ།། དུར་ཁྲོད་ས་དང་སྨེ་ཁྲབ་སྦར།། དུག་ཆེན་ཧ་ལ་འབར་བ་ཡིས།། མི་རྐང་གི་སྦུ་གུ་བྱས་འཁོར་ལོ་རྣམ་པ་བཞི་རུ་བྲི། ་རྩིབས་ནི་བརྒྱད་བརྒྱད་བྱ་བ་ལ།། ལྟེ་བ་མུ་ཁྱུད་སུམ་རིམ་བྲི།། ཞལ་དང་ཕྱག་མཚན་ཐོད་པ་ཡི།། སྐྱང་ཁུག་དཀྲུག་དང་བཟློག་པ་ཡི།། སྔགས་ནི་མ་ནོར་ལེགས་པར་བྲི། ་ཐལ་ལམ་ཚ་། གྲི་གུག་རལ་གྲི་ལྕགས་ཀྱུ་གསུམ།། མུ་ཁྱུད་རྣམས་ལ་རིམ།། མགོན་པོ་བདོད་ཅན་ཡབ་ཡུམ་བྲི།། ལྟེ་བར་ཇི་ལྟར་གསུསང་པ་ཡིན།། ལས་ཀྱི ་བཟུགས་དེ་བྲི་བར་བྱ།། དེ་ནས་ནག་པོ་བདུད་ཀྱིས་ཉི་མ་ལ།། འཕུང་བའི་ཤུལ་ནས་ས་བླངས་ལ།། དཀྱིལ་འཁོར་དབུས་སུ་འཁོར་ལོ་སྦྲམ།། དམིགས་པའི ་མགོན། ལང་ཀ་བར་དུ་སྔ་མ།། ལྕགས་ཕྱེ་ཟངས་ཕྱེ་དེ་ཕྱེ་ལ།། རྩ་བའི་སྔགས་ནི་བདུན་སྟོང་ཟླས།། གང་ལ་དམིག་པ་གདོན་མི་ཟ།། ཞེས ་བཀའ་སྩལ་ཏོ།། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས་སྲོག་གི་འཁོར་ལོ་སྐོར་ནས་དགྲ་བསད་པའི་ལེའུ་སྟེ་དགུ་པའོ།། ་དེ་ནས་ཡང་ནང་རྒྱས་སྨེ་འཁྲུག་བཤད་པར་བྱ།། ནག་པོ་བཞིའི་སྙིང་ཆེན་དང་།། འབྲུ་སྣ་ནག་པོའི་གཏོར་ཆེན་དང་།། རོག་པའི་ཙི་ཏི་ཏར་ལིང་ག་བཞུག། གྲུ་གསུམ ་ཙང་བཅས་ནང་དུ་བཞུགས།། བན་ཁྲག་བླུག་ལ་སྐབས་སུ་གཏོར།། དྲག་པོའི་སྔགས་ནི་བདུན་འབུམ་ཟླས། ཨོཾ་ཤྲཱི་ནཱ་ཐཱ་བཛྲ་ཨུ་ཀ་ཝུ་ནྱ་མ་ཧཱ་ཀཱ་ལ་ཧ་ན་བཛྲ ་རྩི་ཐུ་རྦང་རྦད་སྭཱ་ཧཱ།། སྙིང་ཁྲག་ལ་དུན་ཁུག་ཟང་ཟད་སྭཱ་ཧཱ།། ཐུམ་ཞིག་ཁུག་ལིང་ཟང་རྦད་སྭཱ་ཧཱ།། དགྲ་བོའི་སྙིང་ཁྲག་དུན་སྔགས་རྦང་ཟང་སཱ་ཧཱ། པམ་ན་བརྒྱ་ག་པ་། ་ཨོཾ་ཤྲཱི་ནཱ་ཐཱ་ཀ་མ་གྷུ་ན་ཧཱི་ཏ་གླི་བན་ཤང།། བྱི་ནོ་སི་ཏི་ཡ་མ་དུ་ཛ་པུ་ཙིཏྟ་ལ་རྦད་ཀ་ཀཱ་ཀ་ཀྵ་བྲག་ཐལ་ཤག། མ་ཐ་ཤག་རྦད་སྲོང།། སྙིང་ཙ་ཆོད་ཡ་ཡ་པྲ་བྲ་ཞུང་ཞུང་རིལ་རིལ་རྦང ་རྦད་ཡོ་ཡ།། ཨོཾ་བཛྲ་མ་ཧཱ་ཀ་ལ།། ཙེ་ཙེ་ན་ན་རྦང་རྦང་སྙིང་ལ་ཡ་ཡ་རྦད་རྦང་མ་ར་ཡ་བྷྱོ།། ཨོཾ་མ་ཧཱ་ཀཱ་ལ་པྲ་ཏི་ས། ས་མན་ཙ་སྨུག་སྦུགས་པྲ་ཏི་སན་ཏ་ཁུག། པྲ་ཏི་ས་མན ་ཅ་ཆོད། ཁ་ལ་རག་ཤ་ཆུང་རྡུང་རྔ། ཙི་ཏ་དག་ཤ་ཆུང་རྡུང་རྔ། ཨོཾ་བ་ཛྲི་ཙ་ཐུན་ང་ཟང་བས་ས། ཨ་མཾ་ཀ་སརྦ་ཤ་ཏྲུཾ་མ་ར་ཡ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཐུ་ཤིང་ཁུག་ལིང་ཤ་ཐུན་རྩི་ཛུས ་སརྦ་ཤ་དྷཱ་མཱ་ར་ཡ་དྷུ་སྭཱ་ས།། ཨོཾ་བཛྲ་སྐ་དེ་ཁྲག་སུན་ཁྲུག་གཐུན་ཅི་ཐུན་མ་གྲགས་རྦ་ག་རྫ་མར་ལ་ཛྲ་ཛྭཱ་པ།། ཨོཾ་བང་དགྲ་བའི་སྙིང་ཁྲག་དུན་དྲུག་བཟུ་ཅི་ཐན། ་ཛི་བི་ཏ་ཡ་ཨ་མུ་ཀ་ཆེ་གེ་མོ་མ་ར་ཡ་ཧཱུཾ་ཧཱུཾ་ཕཊ།། ཨོཾ་མ་ཧཱ་ཀཱ་ལི་ཤ་བན་དེ་ནག་པོ་སྲོག་ལ་ཐུན་ཏི་ཛི་མ་ར་ཡ་ཛ་ཛ། ཞེས་དྲག་པོའི་ཐུན་གྱིས་ཐོབ།། གང་ལ་བྱ་བ་རླག་པར ་འགྱུར།། ནང་རྒྱས་ཟློག་པར་ཐེ་ཚོམ་སྤོངས།། ཞེས་བཀའ་སྩལ་ཏོ།། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། ནང་རྒྱས་དང་ཕྱིར་ཟློག་པའི ་ལེའུ་སྟེ་བཅུ་པའོ།། །། དེ་ནས་ཡང་གདུག་པའི་ལས་མཐའ་གསུངས།། ངག་མནན་སྒྲོལ་དང་མནན་སྲེག་དང་།། སྦྱོར་བཞུག་རེངས་དང་བཅིངས་པ་དང་།། དགུག ་དང་སྐད་དང་དབྱེ་བ་དང་།། ཤིས་བསྟན་དང་གནང་ལ་གཟིར།། དེ་ལ་རེ་རེ་ནས་བཤད་ན།། རང་གི་ལུས་ངག་ཡིད་བཅིངས་ན།། བྱ་རོག་འུག་པའི་ངང་རུ་ལ།། རིན ་ཆེན་གསུམ་གྱིས་མེས་གདུག་ལ།། གསད་པའི་སྡུག་འདི་ཁྲི་འབུམ་བཟླས།། ཨོཾ་མ་ཧཱ་ཀཱ་ལ་ཀཱ་མ་ཀཱ་ཡ་ཤན་ཏེ་ཤན་ཏེ་ཤག་བྱེར་མོ་ཧ་བྱེར་སྟམ་བྷ་ཡ་བྱེད་གཡས་པ་གཡོན་པ། ་ན་ལྡན་དཀར་དབར་གགྱུར། ལ་བཟློག། བག་ཀྵ་ཙིཏྟ་ཀཱ་ཡ། དེས་ནི་ལུས་ངག་ཡིད་གསུམ་གྱིས།། བྱང་གནད་འགྲོལ་བར་འགྱུར་བའོ།། གནན་པར་འདོད་པས་འདི་ལྟར་དུ། ་རྡོ་ནག་ཡིག་དམར་མདའ་རས་སྣུན།། སྐད་པ་ནག་པོས་རྒྱ་གྲམ་བཏབ།། ཕྱོགས་གཅིག་ནས་ནི་ཁྲི་ཚོ་བདུན།། འཚེའུ་འབྲི་དམིགས་ལྐུག་པར་མནན།། རང་ཉིད་མགོན་པོར ་བསོ། @#གསལ་བ་ཡི།། མཎྜལ་དམར་དག་སྟེང་དུ་ནི།། གཏོར་མ་དམར་པོ་ཕུལ་ནས་ནི།། གསང་སྔགས་གདུག་པའི་བ་ཆེན་བཟླས།། ཨོཾ་བཧཱ། ་ལ་ཀྲི་ཝང་ཧཱཾ་ཧྲི།། ཆེ་གེ་མོ་ཀཱ་ཡ་ཝཱག་ཙཏྟི་སྟཾ་བ་ཛཾ་པེ།། མོ་ཧ་བན་ཛ་མཱ་ར་ཡ་ནན།། དེས་ནི་དགྲ་བོ་ལྕེ་བཆང་འགྱིར།། སྲེག་པར་འདོད་པས་འདི་བཞིན་དུ།། དྲག་པ་ཤི ་ན་ག་ཚེར་མ་ཅན།། གྲུ་གསུམ་རྩིགས་ལ་ལིང་ག་བཞག། གདུག་པའི་རྫ་ས་ལ་སྔགས་སྟོང་བཟླས།། ཨོཾ་མ་ཧཱ་ཀཱ་ལ་གྷ་ན་ཧྲི་ཏ་ཧྲི་ཏ་ཧ་ན་བཛྲ་སིདྷ་ཏི་ས་མ་ཡ་དུ་ཛ་ཛ་སྦེད་ལྡེང་ཀྱི་ཆེར ་སརྦ་ཤ་ཏྲུཾ་ཆེ་གེ་མོ།། བཛྲ་ལ་རཾ་རཾ་རྦད་རྦང་ཨ་ག་ནཻ་ལ་རཾ་ཁཱ་ཧི།། ཞེས་དེ་ནི་དགྲ་བགེག་ཐམས་ཅད་ཀུན།། སྲེག་བྱེད་ཐམས་ཅད་རྡུལ་བཞིན་རླག། སྦྱོར་བཞུག་སྨྱོན་པའི ་སྙིང་ནང་དུ།། དམིགས་པའི་ལིང་ཁ་གང་བྱེད་བྲི།། སྦྲང་རྒོད་ཐང་ཕྲོམ་སྙིང་ཁང་བྱུག། སྨྱོན་པའི་ཐོད་པར་ཐུན་སྔགས་བྲབ།། ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཡཾ་ཛེ་ཛ་ཙི་དགྲོ་། ་ཏ་སྲོག་ལ་དུང་དུང་ཛམ་མ་ཉུག། རབྲ་གང་ལ། བཤི་བ། སྙིང་ལ་རག་ཀ་ལི་རེ་མ་ཏི་སྲོག་དུང་དུང་ཛཿཛཿརཙ་ཨ་ཧེ་བྲུ་ཟད།། ས་མ་ཡ་སྲོག་དུན་ཛ་ཛ། མི་ཤེས་པ་དང་པ་པསམ ་མ་ཐ~ཾང་དྲིལ་བའི་བཞི་སྙིང་ཡིན། ས་མ་ཀང་ཀ་ར་པྲ་མ་ཤ་ཀ་དུ་རི་ཛ་ཛ། དེ་ཤང་ཀུ་རུ་ལ་ཁུག་བཛྲ་ས་དུ་ས་མ་ཡ་ཛ་ཛཿམ་ར་དུད་ཙེ་ཏྲི་ཀ་ར་ཤི་ན་ལིང་ཀ་ལཾ་ཤ་མ་དྷ་མེ་།། རག་ཤ་ཙི་ཏ་སྲོག་ལ ་དུང་དུང་ཛ།། ཞེས་དེ་ལྟར་ཟླས་པས་དགྲ་རྣམས་སྤྲོ།། གྲངས་ནི་འབུམ་ཚེ་བདུན་གྱིས་སོང་།། དགྲ་བེ་རེངས་སུ་བཞག་པ་ནི།། མི་རྐང་གྲང་བུའི་ནང་དུ་ནི།། ཏ་ལའི་ཤིང་ལ ་གཟུག་བྲིས་ལ།། བལ་མཚོན་ལྔ་ལྔས་ལེགས་པར་དྲིལ།། དྲག་པའི་སྔགས་ནི་བདུན་འབུམ་བཟླས། ཨོཾ་མ་ཧཱཀཱ་ལ་ཧྲི་ཏི་མེ་ཏྲཏི་སྟ་མ་བྷན་ང་སེ་ཏཀས་ཀར་མ་ཧཱས་ལ་ཧཱ། ་ན་མོ་རུ་ཏྲ་ཡ་མེ་རི་ཤི་ཏི་ཧ་བྲི་ས་ཀ་དུ་ཤན་ཁྲིད་ལེ་ཏི་ནག་བི་བྷྱོ།། དགྲ་བྱུང་ཚེན་གླིང་བུ་འབུང་།། དགྲ་ནི་རྒྱལ་དང་རེངས་པར་འགྱུར།། དགྲ་བོ་བཅིང་བར་འདོད་པ་ཡིས།། ་ཐལ་ཆེན་དང་ནི་ཡུང་དཀར་ལ།། བསད་པའི་སྔགས་ནི་བདུན་སྟོང་བཟླས།། ཨོཾ་མ་ཧཱ་ཀཱ་ལ་ཨ་ཏི་པ་ཏི་བྷ་ཡ་ཏི་སརྦ་དྷི་དྷ་ཨི་དཾ་སི་སྭཱ་ཧཱཿརེ་ཧྲི་པྲི་ཏི་ཀུ་ལ་དྷའི།། ལན ་ཛེ་གི་དྷའི། ར་ཧུ་ལ་ན་དྷེའི། ཧཱུཾ་ཀ་རི་ཙེར་པུང་ཀ་རི་ཙེ་ར། ཏའི་ཐག་མུ་ཏྲེ་ཙ་ནི་ར་ཀ་པ་ལེ།། ཚར་བ་ལཾ་བྷ་ལ་ཚར་བ་ལེ།། སརྦ་ཤ་ཏྲུཾ་བན་དྷ་བར་དྷ།། གོས་ཀྱི་ཐུ་བ ་འདབ་མ་ལ།། རྫས་ནི་ཐུམ་བྱས་རྟགས་པར་བྱ།། དེ་ནི་དགྲ་ལ་གཏོར་བས་ཀྱང་།། རྐང་པ་བཅིང་བར་འགྱུར་པའོ།། དགུག་པར་འདོད་པས་འདི་ལྟར་དུ། གང་ལ ་བྱ་བའི་གཟུགས་བྲིས་ལ། ཁྲག་ཆེན་ག་བུར་གུར་གུམ་ལ།། སྔགས་འབུམ་ལྔ་བཟླས་ལ་གཟུག་ལ་བྱུག། ཨེ་མ་ཧཱ་ཀཱ་ལ་ཨ་ཏི་པ་ཤང་རྫོང་རྫོང་ལ་ར་ཏ་ཨ་བི ་ཤ་རྠི་ཨ་ཀར་ཤ་ཏྲི་ཛ་ཛ།། དེས་ནི་གང་འདོད་དབང་དུ་འགྱུར།། སྐྲད་པར་འདོད་ནང་བྲ་བུ་གེ་པྲ་གཟུགས།། རྔ་མོང་བུང་བུའི་ཁྲག་གི་བྲིས།། ཤ་བ་ཡུ་མེའི་ཐོད ་པར་བཞུག། སྔགས་འདི་འབུབ་བཟླས་དཀར་ནག་ནན།། ཨོཾ་མ་ཧཱ་ཀ་ལ་ཨུ་ཙ་ཏ་ཡ་ལུང་སྟམ་བྷེ་ཡ་སྟ་མ་བྷ་ཡ་སརྦ་ཤ་ཏྲུཾ་བྱེར།། ཀ་ལི་ན་ཤ་ཡ་སརྦ་ཤ་ཏྲུཾ་མར ་མགོནབྱེར། དེས་ནི་དགྲ་བགེག་ཡུལ་ནས་འགྲོས་པར་འགྱུར།། དགྲ་བོ་ནད་ཐབས་དབྱེ་འདོད་ན།། བྱ་རོག་འུག་པའི་དང་རུ་ལ།། པག་སྤྲུལ ་ནག་པའི་ཁྲག་གི་ནི།། དགྲ་གཟུགས་བྲིས་ལ་བར་དུ་བཞུགས།། རྟ་གཡག་གཉིས་ཀྱི་རྔ་མས་བཅིངས།། གསང་བའི་སྔགས་ནི་འབུམ་ཁྲི་བཟླས།། ཨོཾ་མ་ཧཱ ་ཀཱ་ལ་མུན་དི་ཡེ་རག་ཏི་མ་པྲད་རཾ་པྲ་ཡེ་ཙི་སྭཱ་ཧཱ།། བཛྲ་མ་ཧཱ་ཀཱ་ལི་ཀྲག་ཤ་པཱུར་ཁང་ར་ཏི་ཧཱུཾ་ཕཊ།། ཛ་བྷི་ཏོ་ཤ་ཡ་ཕཊ་ཕཊ་ནརི་ཏྲག་རུག་ཤ་རྦང་བྱེ་ཕྱེ།། དེ་ནས་མ་ལམ ་ལམ་ཁ་རུ།། གང་མནན་དེ་ནི་མྱུར་དུ་འབྲལ།། ལས་ཀྱི་མགོན་པོའི་ཤིས་ནི།། ཙན་ལྡན་དམར་པའི་བྱང་བུ་ལ།། ལུག་ནག་ཁྲག་གི་ཟུག་བྲིས་ལ། རྩ་བའི ་སྔགས་འདི་སྙིང་ཁར་བཀོད།། དབུས་ཀྱི་ས་བོན་ཧ་ལ་ཡང་། བྱ་རྒོད་ཐུན་དང་བྱ་རོག་ཚིལ།། ཆུ་བྱའི་ཁྲག་གིས་བྲབ་པར་བྱ།། གསད་པའི་སྔགས་ནི་འབུལ ་དུ་བཟླས།། ཨོཾ་མ་ཧཱ་ཀཱ་ལི་ས་ཆོང་རོ་ཀཱ་ལ་ཉིལ་ཤོག། ཐཾ་ཐ་ཐུར་ཐུར་ཛ་ལ་རེ་རེ་སྲོག་ཧ་ས་ཧུར་བྲུཾ་ཛ།། དེས་ནི་ནག་པོ་ཤིས་བརྟན་པར་འགྱུར།། གནང་ལ་འབེབས ་པས་འདི་ལྟར་བྱ།། དགྲ་ལིང་མགོན་པའི་སྐུ་གཟུགས་ནི།། འབྲུབ་ཁུང་ནང་དུ་སྦུབ་བྱས་ལ།། ནག་པོ་བདུན་གྱིས་དྲབ་པ་ནི།། རྩ་བའི་སྔགས་འདི་མས་བཟློག་ལ། ་ཉི་ཁྲི་སྟོང་དང་བརྒྱ་རྩ་བརྒྱད་བཟླས་པས་གནད་ལ་འབེབས་པའོ།། ཞེས་བཀའ་རྩལ་ཏོ།། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། ་ལས་སྣ་ཚོགས་བརྟན་པའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་གནོད་སྦྱིན་འདུལ་བ་ནི།། ནག་པོ་བཅུ་དྲུག་བཤད་རྫས་ལ། གསང་བའི་སྔགས་འདི་བདུན་འ ་འབུམ་བཟླས། ཨོཾ་མ་ཧཱ་ཀཱ་ལ་ཏྲི་ཤ་བཛྲ་ཧཱུཾ་ཕཊ་ས་མ་ཡ་བ་དང་སྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལི་སུ་ཏྲ་ཏི་བཛྲ་དུན་ཆུ་རྣག་མབནག་པའི། འབྲུནག་བཞིས་ནག་བའི། ཏི་མི་ལི་ཧཱུཾ་ཕཊ་སཾ་པ་ན་པ ་ར་ཡ་རྦད།། ཧ་ན་བྱི་ཏ་སྭེ་མཱ་ར་ཡ་རྦད།། ཤིག་ཏྲི་ཤིག་ཧཱུཾ།། མུ་ག་ཏི་མུག་ཏྲི་ཧཱུཾ་ཕཊ།། ཨོཾ་ཧཱུཾ་ཕྱེ་མར་ཤིག་ཤིག། བྷཱུ་ཏ་སརྦ་མཱ་ར་ཡ་རྦ་རྨད། དུང་པ་ཐུན་གྱིས ་གདུག་བྱས་ལ།། ལིང་ཁ་མནན་སྲེག་ལན་བདུན་བྱ།། དེས་ནི་འབྱུང་པོ་ཐམས་ཅད་ཐུལ། ཁྲག་དང་དུག་གིས་མྱོས་སུ་བཞག། རབ་ཆད་ནག་པོའི་ཐོད་པར ་བཞུག། མཆོད་རྟེན་ནག་པའི་འོག་དུ་མནན།། སྐལ་པ་འབུམ་དུ་ཐར་མི་འགྱུར།། ཞེས་བཀའ་སྩལ་ཏོ།། ། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ ་ཆེན་པོའི་རྒྱུད་ལས། གནོད་སྦྱིན་འབྱུང་པོ་འདུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་ཡུམ་གྱིས་བསད་ཐབས་བཀའ་སྩལ་པ།། ཡུམ་གྱིས་བསད ་ཐབས་རྣམ་པ་ལྔ། ཚ་བས་བསད་དང་གཏོར་མས་བསད།། མེའི་བསད་དང་སྦྱོར་བཞུག་དང་། གྲི་ཐབས་རིམ་དང་ཐུན་གྱི་བསད།། དེ་ལྟར་བསང་ཐབས ་གང་བྱེད་ཀྱང་།། འཕུང་བའི་ཤུལ་ནས་ས་བླངས་ལ།། འབྲུ་གསུམ་དམར་ནོག་རྩ་ངས་གིས་སྐོར།། གྲི་རྒོད་རས་ལ་བསད་འཁོར་བྲི།། རབས་རད་ཐོད ་མ@པར་ལིང་ཁ་བཞུག། ལྕེ་སྐུ་ཐོང་བར་ཐུན་རྫས་བསག། འདི་ཁ་བཞི་དང་དམར་གཏོར་བནི། ལུགས་ཟངས་ཕྱེ་མ་སུངས ་ནག་ལ།། མ་མོ་འབུམ་གྱིས་སྔགས་རྒོད་འདི།། ཞག་བདུན་སྨྲ་བ་བཅད་ལ་བཟླས།། ཨོཾ་མ་ཧཱ་ཀཱ་ལི་ཨེ་བཾ་རཾ་ཁཾ་ཤིག་རྩི་ཏ་རྔུབས།། དགྲ་བེའི་སྲོག་ལ་ཐུན་སྤགས ་ལིང་ཤ་ག་ཤ་ཏྲུ་ཛྭ་ལ་རཾ་རྦད།། མ་མ་དུག་བྷྱོ།། ཨ་མུ་ཀ་ནི་བེ་ཤིག་རོལ་རོལ་ངོས་གཟེར་མུ་ཏྲི་མུ་ཧེ།། ནག་མོ་ཐུ་རིལ་རི་ཙི་ཏ་སྲོག་ཉོན་ཕྱུང་ནི་ཤ་ཀ་རུ་ཁ་སོ་བི་ཏི་ཡ ་པོན་མོན་ཡཾ།། ཨ་མ་ཀ་པྲ་བེ་ཤ་ཡཾ། རུ་ཙི་ཏ་སོང་། སྲོག་ཁྲིག་ཤཾ་ཤཾ་ཁྱེར་བྷྱོ།། ཁུ་ལེ་ཟ་ཁུ་ལེ་ཟ་ཙི་ཏ་ལ་ཆུང་།། ལྕེ་དར་མ་སེང་ལྕེ་དུར་མ་སོང་།། མ་རྩི་ཏ ་རག་ཏ་ནི་མ་ར་ཡ་ཟད།། ཏྲི་ནི་མ་ར་ཡ་རྦད་ག་ཏི་ག་ཏི་མ་ར་ཡ་རྦད་།། མ་ར་ཡ་ཤ་ཤ་ནི་རོ་སྲོག་ཆོད།། ཨ་མུ་ཀ་སྲོག་མ་ར་ཡ་རྦད།། མ་རག་ཤ་ཁ་མ་རག་ཤ ་ཁུ།། མ་རིལ་མ་རིལ་མ་མ་བྷྱེ་བྷྱོཿ། བསང་ཐབས་ལྔའི་བསང་སྔགས་འདིས། ཁམས་གསུམ་མ་ལུས་ཐམས་ཅད་སྒྲོལ།། བྲག་དམར་ནུ་འཐབ་བར་དུ་མན།། ་སྨྱོ་བྱེད་དུག་ཆུ་ཚ་བའི་ནང་།། གྲྀ་ཐབས་སྣ་དགུ་མྱུར་དུ་འབྱུང་།། རྒྱལ་བྱིན་སྲོག་ཀྱང་གཅོད་བྱེད་པའོ།། དྲག་པོ་སྙིང་གཟེར་ལྟ་བུའི་ནད།། འདིས་ནི་སངས ་རྒྱས་བསྟན་པ་བསྲུངས།། ཅེས་བཀའ་སྩལ་ཏོ།། ། ཁྲག་མ་ཚོ་ཁོལ་མ་བསོང་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། ཡུམ་གྱིས་བསད་པའི་ལེའུ་སྟེ ་བཅུ་གསུམ་པའོ།། ། དེ་ནས་དགྲ་སྲོག་དངོས་གྲུབ་ལེན་པ་བཤད།། ཡིད་ལ་གནག་པའི་དགྲ་བདེ།། གང་སར་མན་བའི་ཆེར་མོངས། གནོང ་མའི་སྙིང་ཁྲག་གིས།། དུར་ཁྲོད་རས་ལ་དགྲ་གཟུགས་ཟི།། སྲོག་ལེན་སྔགས་འདིས་དགྲ་སྲོག་བཞུག། ཨོཾ་མ་ཧཱ་ཀཱ་ལ་དོ་ཏད་ཏྲ་ཏག་ཤང་སི་ཏི་ལཾ་དུ་ཛ།། ཆེག ་མོ་ཁྲག་རག་ཤ་ཛ་ཛ།། ཡི་ཡཾ་རག་ཤ་ཛ་ཛ་ཤ་ར་ཛ་ཛ།། ཀེང་རག་ཤ་ཛ་ཛ།། ཙི་ཏ་རག་ཤ་ཛ་ཛ།། བསད་པའི་སྔགས་ཀྱིས་དབུགས་བླངས་ལ་ལང་གདགྲ ་བོ་དངོས་སུ་བསམ།། ཡི་གེ་གསུམ་བཞིས་རྒྱས་སྟབ་ལ། ཕྱི་ནས་དགྲ་ལང་དེ་ལ་དབག།། དེས་ནི་དགྲ་སྲོག་དངོས་གྲུབ་ལེན། སྐད་གཅིག་ཉིད་ལ་ཐོབ་གྱུར་ཏེ། ་མཐུ་རྩལ་ཐོག་པ་མེད་པར་འགྱུར། ཅེས་བཀའ་སྩལ་ཏོ།། གང་ལ་མཐུ་བྱེད་པའི་ཡིང་འགྱུལ། མཐུ་ལ་ལོག་པ་མེད་པར་འབྱུང་།། ། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན ་ནག་པོ་ཆེན་པོའི་རྒྱུད་ལས།། དགྲ་སྲོག་དངོས་གྲུབ་ལེན་པའི་ལང་ཀའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་སྙེན་གྲུབ་ལས་སྦྱོར་བཤད།། རི་བོ་བྱང་བསྟས ་ལྕགས་ཀྱི་མདོག། བྲག་ནག་བྱང་ལྟས་ཆུ་རོང་ཅན།། སྲིན་པོ་ཁྲོས་པའི་ཧཱུཾ་སྒྲ་སྒྲོགས།། འཇིགས་པའི་དུར་ཁྲོད་འཔུང་ཤུལ་དུ།། བྱ་གླང་སྦྲུལ་གྱི་ཟླ་བ་ལ། ་བརྒྱད་ཕྱེད་བདུན་པ་བསུམ་ལ་ཞུགས།། ཤ་ཁྲག་རྐང་རུས་གཏོར་མ་ནི།། ནག་པོ་རྒྱན་མཚན་སྐུ་གཟུག་བཅས།། མནན་པའི་ཡིད་ཀྱི་ཟླ་དྲུག་དུ།། རྩ་བའི ་མགོན་སྔགས་འདི་འབུམ་མཚོ་བདུན།། མ་ཡེངས་རྟག་དུ་བཟླས་པ་བྱ།། ཡིད་འོང་ཉམས་དགའི་དྲི་ཞིམ་དང་།། སྒྲ་རྙན་འབུད་གླུ་ལེན་པ། ་དེ་ལྟར་བྱུང་ནས་སྦུབས་པ་ནི།། དུར་ཁྲོད་གནང་དང་ཤིས་པའི་སར།། ནག་པོ་བདུད་ཀྱི་ཉི་མ་ལ།། འཕུང་བའི་ཤུལ་ནས་ས་བླངས་ལ།། དཀྱིལ་འཁོར་གྲུ་གསུམ ་ནག་པར་བྱ།། དེའི་ནང་དུ་ཐོད་པ་ནི།། རབ་ཆད་ནག་པོ་ཤིན་དུ་བསྔགས།། དེའི་ནང་དུ་དམ་ཉམས་ཀྱི།། རྐང་རྗེས་ཟག་རྫས་བཞུག་པར་བྱ།། གཟུགས་ཀྱི་སྙིང ་ཁར་ལིང་ཁ་བཞུགས།། ནག་པོ་བཞིའི་རྒྱན་མཚན་གཟུག། གཏོར་མ་རྒྱས་པར་འབྲུ་ཁྲག་བཅའ།། རབ་ཆད་ཐོད་པར་དུག་ཁྲག་དང་།། ཡུངས་ཀར་ལྷག་ཕྱེ ་སྔགས་ཀྱིས་སྒྲུབས། དེ་ལ་པོ་མེ་སོ་སོར་མ་ཕྱེ་ཞིང་།། ཐུན་མོང་སྒྲུབས་པའི་སྔགས་རྒོད་འདི།། དྲག་པའི་ཙན་དུ་སྲོག་གི་གྲི།། གདུང་པའི་ཝལ་ཚན་འདི་ལྟར ་བཟླས།། ཨོཾ་མ་ཧཱ་ཀཱ་ལ་ཏྲ་ག་ཤད་དཻ་ཏྲང་ཏྲ་ཏི་ཡ་མ་དུ་ཛ་ཛ། ཨོཾ་མ་ཧཱ་ཀཱ་ལ་གིང་ཡ་མ་པྲ་ཡག་ཀྵ་ཧཱུཾ་ཕཊ།། ནཱི་བྲུཾ་ཏི་ལ་ཐུ་རིལ་ཟད་།། ཙི་ཏ་ཁ་རག་ཛ་ཛ་ནརི་ཛ་ཙི་ཏ་བ་ལ། ་ཐུ་རི་ཟད་ནི་ཤག་ཤག་ཆེ་གེ་མེའི་ཙི་ཏ་ལ་ཡཱ།། མཧཱ་ཀཱ་ལ་གང་ཀཱ་རིགས་མེད་ས་ལ། རལ་སྲོག་ལ་ཡཱ། སྙིང་ལ་ཡཱ། རུ་ལུ་རྩ་ལ་ཡ་མ་ཧཱ་ཀཱ་ལཱ་བྷྱོ།། མ་ཧཱ་ཀཱ་ལ་སྙིང ་ཁྲག་ལ་ལྕིབས་ལྕིབས།། ཆོད་ཆོང། སྲོག་རྩ་ཚོང་ཐུམ་རིལ་རྡུང་།། དེ་ལྟར་བཟླས་པ་བྱས་པ་ནི།། སྔགས་པ་བོན་པོ་ཞང་བློན་དང་།། བུད་མེད་ནག་མོ་བྱ་ཁྱི་ནག།། ་འུར་སྒྲ་ཆེན་སྒྲ་འབྲུག་སྒྲ་དང་།། གཡག་ལུག་ཏ་ནག་ལ་སོག་པའི།། ནང་རྟགས་ཚང་ནས་ལས་ལ་སྦྱར།། ཤ་སྙིང་ཁྲག་དང་རུས་པ་ཡིས།། སྣ་ཚོགས་གཏོར་མ ་ཕྱོགས་བཞིར་གཞག། དུས་བཞིར་བཞི་སྙིང་དྲིལ་བཟླས་བྱེ།། མ་མོ་རྣམས་ནི་མཚན་མོ་བཟླས།། བདུད་པོ་བཞི་ནི་ཉིན་པར་སྔགས།། ཤ་ཟ་མཁའ་འགྲོ་ནམ་ནུབ་ལ། ་ལྷ་དང་དབྱེ་བ་འཚབས་སུ་གདགས།། སེམས་ཅན་བསད་དང་བརྩོན་དུ་གཟུང་། ཤ་ཟས་ཁྲག་འཐུང་ཡན་ལག་གཏོར།། ཡུལ་མཁར་བཤིག་ཅིང་ལེ་ཐོག་འཇོམས། ་དེ་ནི་གྲུབ་པའི་རྟགས་སུ་ཤེས། ཞེས་བཀའ་སྦྲེས་པ་ལས་སྦྱོར་གྱིས་འདུད། སྩལ་ཏོ།། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། སྙེན་སྒྲུབ་ལས ་སྦྱོར་གྱི་བྱ་བ་བཏན་པའི་ལེའུ་སྟེ་བཅཝོ་ལྔ་པའོ།། །། དེ་ནས་མཆོད་པའི་རིམ་པ་བཤད།། ཕྱི་ནང་བསང་བ་དེ་ཁོ་ན།། བྱི་རུ་མེ་རྟོག་སྤོས་དང་མར་མེ་དང་། དྲི་ཆབ ་བཤོས་གཙང་རོལ་མོས་མཆོད།། ནང་དུ་གཏོར་མ་ཚོགས་དང་འདོད་ཡོན་ལྔ།། འབྲུའི་བཅུང་དང་ཤིང་ཐོག་མཆོད།། གསང་བ་ཤ་ཁྲག་གློ་སྙིང་དང་།། ནང་རོལ ་སྒྱུ་མ་བདུད་རྩི་ལྔ།། འཐར་ཐུག་ཏིང་འཛིན་འདོད་ཡོན་དེ་ཁོ་ན། མཐུ་སྟོབས་འབྱོར་པ་བཟིག་རྗིད་དང་།། དཔལ་དང་གྲགས་དང་སྐལ་པ་བཟང་།། ལོངས་སྤྱོད་འབྱོར། ་པ་ཕུན་གསུམ་ཆོག། ཞེས་བཀའ་སྩལ་ཏོ།། ། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། མཆོད་པའི་གོ་རིམ་བསྟན་པའི་ལེའུ་སྟེ ་མན@#། བཅུ་དྲུག་པའིའོ།། ། དེ་ནས་བསང་དང་བཟློག་པའི་མངོས་འདི་བཤད།། རི་རབ་ཆེན་པོའི་གླིང་བཞི་ལ།། དབུས་སུ་མགོན་པོ་ནག་པ་ནི། ་ཁྲམ་དང་རལ་གྲི་ཐོད་པའི་གཟུགས།། གཙོ་མོ་གང་ཚང་དུ་བཞུགས། དྲུག་རྒྱ་བཅུ་གསུམ་གང་རིགས་ལ།། བྱ་དང་ཁྱི་དང་བུད་མེད་དང་།། མི་ནག་སྐྱེས་བྲན་ལྟ་ཞོན་དང་། ་སྟག་གཟིག་ལྡེ་སྤྱང་དོམ་དང་ནི།། རྔ་མོང་བུང་བུ་དྲིའུ་ན་གཞོན།། མདའ་འཕང་རྒྱང་བུ་དེ་བཞིན་དུ།། ན་མཁའ་དམར་ནག་བྱ་སྤུས་བརྒྱན།། འབྲུ་སྣ་ཁྲག་སྣ་ཐུན་རྫས་དང་། ་མི་ཁ་སྣ་དགུ་དྲུག་འབོབ་དང་།། དྲག་པོའི་རྫས་ཀྱི་སྐོར་ནས་ཀྱང་།། རྩ་བའི་སྔགས་ནི་འབུམ་གྱིས་སྦུབས།། དེ་ནས་པོ་ཉ་དྲག་པོའི་ངར་ཟད།། གང་ལ་བྱས་པ་གདོན ་མི་ཟ། ཞེས་བཀ་སྩལ་ཏོ།། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། བསོད་མདོས་དང་བཟློག་མདོས་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། ། ་། དེ་ནས་དགྲ་བོ་གཏང་དང་མནན་པ་བཤད།། དགྲ་བེའི་ཟག་ཆེ་ཆུང་གཉིས།། དུང་དང་ཆལ་ཤུ་དག་དང་།། རྩི་སྨན་སྦྱར་བའི་དགྲ་གཟུགས་བྱ། ཀླུ་རིགས་བཞིའི ་ལུས་ལ་དྲིལ།། སྦལ་བའི་གའུར་དེ་ཉིད་བཞུག། བསད་པའི་སྔགས་འདི་བདུན་འབུམ་བཟླས།། ཨོཾ་མ་ཧཱ་ཀཱ་ལ་ན་གདུན་ག་དུ་ཧི་ལི་ཧི་ལི།། ནཱ་ག་འདུས་འདུས། ་ཨོཾ་ནཱ་ག་ཀྲོ་ཏི་ཤྭ་ར་ནཱ་ག་རག་མེ་ཧེ་ཀུ་ལ་ཕོས་ཕོས།། ཤིག་ཤིག། ཧུ་ཡ་ཧུ་ཡ་ཀླ་རྒྱལ་ནག་པོ་ཧ་རྒྱལ་ཞེན་ཏུ་ཞེ་ན།། ནཱ་ག་ཞེན་ནཱ་ག་ཞེ་ན། ནཱ་ག་ལེ་ཞེ་ན། ནཱ་ག་ལི་ཞེ་ན། ནཱ་ག་ལེ ་ཞེ་ན། བུ་མེ་ཞེན་པ་ཁྲག་ཞེན་དབུག་བལ་ཐུལ་ཐུལ་སྭཱ་ཧཱ།། ཀླུ་བདུད་གནས་པའི་མཚོ་ལ་གཏང་། དགྲ་བོ་བདུན་རྒྱང་རྩ་གནས་མཚང་།། ཞེས་བཀའ་སྩལ་ཏོ།། ཁྲག ་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། དགྲ་བོ་ཀླུ་ལ་གཏད་པའི་ལེའུ་སྟེ་བཅཝོ་བརྐྱང་བའོ།། ། དེ་ནས་ཐོག་དང་སེར་བ་བཤད།། ཐོག་གི ་ཤི་བའི་ཐོད་ཆེན་དུ།། ཐོག་གི་ཤ་ཁྲག་ཐོད་ཆེན་དུ།། ཐོག་གི་ཤ་ཁྲག་དབབ་སྔགས་བཞུག། འཇིག་རྟེན་རླག་བྱེད་སྔགས་འདི་བཟླས། ཨོཾ་མ་ཧཱ་ཀཱ་ལ་ཨ་མུ་ཀཱ་ཤ་ཤ་དུང ་ཁྲི་བ་དུང་།། དུང་ཁྲི་བ་དུང་། གྲངས་ཤིང་ཛ་ཀྲང་ཀྲང་ཞུ་མ་ར་ཡ་ཐིབ་ཛ་ཛ་ནར་ན་ར་མ་ར་ཡ།། ཙི་ཏ་ཚལ་པ་ཁ་སྡུས་ཁ་སྡུས། བོར་པ་དུ་ཡ་གན་ཧེ་ཕོབ་པོག། རཾ་རཾ་ཧྲི་ལ། ་ཧྲིལ་གྲོང་ཁྱེར་ཆེ་གེ་མོ་པོ་བ།། དེས་ནི་ཐོག་ཆེན་འབེབས་པར་འགྱུར།། སེར་བ་འབེབས་པ་ཐོད་ནང་དུ།། མཛེ་ཁྲག་མཛེ་དང་རྟ་ནག་ཁྲག།། ཕག་དང་ཁྱི་ཁྲག་ཡུངས ་དཀར་ཐུག། སྐལ་གྱིག་ག་ཁྲག་དུག་སཱལ།། ངག་སྔགས་འདི་ནི་བདུན་འབུམ་བཟླས།། ཨོཾ་མ་ཎྜག་ལ་བུ་ཤིངས་མ་ལ་ཚྭ་ཐོ་བུམ་མོ་ཟེའ་རྒྱལ། ཁྲི་ནོ་གོ་རལ་སྨྲིག་ཐིག་མ་ན ་དུ་མི་རོ་རྒྱོབ་འུར་རྒྱོ་བར་རྒྱོག། ཐུགས་ཐུགས་ཚེ་ཚེ་ཐག་ཐག་ལྐོག་ལྷོགས་ཅེས་སོ།། དགྲ་ཡུལ་ཐོབ་དང་བཤོལ་གཏོར་གཏད།། དེས་ནི་དགྲ་ཡུལ་ལོ་རྣམས་རླག་པར་འགྱུར། ་ཅེས་བཀའ་སྩལ་སྷོ།། ། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས། དགྲ་ལ་ཐོག་སེར་འབེབས་པའི་ལེའུ་སྟེ་བཅུ་དགུ་པའོ།། །། དེ་ནས་དམ ་ཚིག་བཤད་པ་ནི།། བླ་མ་རྡོ་རྗེ་སྤུན་ལ་མི་སྡང་དང་།། གསང་སྔག་གསང་ཚིག་མི་སྤོང་དང་།། དམ་རྫས་རྟེན་རྫས་མི་སྤོང་དང་།། ཆོས་དང་གང་ཟག་ཁྱང ་མི་བསོད།། སླབ་དང་སྡོམ་ལ་གུས་པ་དང་།། རྒྱུད་དང་སྦུབས་ཐབས་མི་སྤེལ་དང་། ཆོས་སྐོར་ནོར་རྫས་མི་ལེན་དང་།། དམ་ཉམས་སྣོད་མིན་མི་འགྲོག་དང་།། དོན་མེད ་ལས་ལ་མི་སྦྱོར་བ།། ཆོས་སྐྱོང་བཀའི་དམ་ཚིག་ཡིན། ཞེས་བཀའ་སྩལ་ཏོ།། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན་པོའི་རྒྱུད་ལས།། ཆོས་སྐྱོང ་ཀྱི་དམ་ཚིག་བསྲུང་བ་བསྟན་པའི་ལེའུ་སྟེ་ཉི་ཤུ་ཐམས་པའོ།། །། དེ་ནས་མཆོག་དང་ཐུན་མོང་འབྲས་བུ་བཤད། ལུས་ངག་ཡིད་གསུམ་སྨིན་པའི་དབང་།། ཧེ་རུ་ཀ་དཔལ ་དོན་རྟོགས་ན།། རྒྱུ་གསུམ་སྨིན་པའི་རིག་པ་སྟེ།། སྐུ་གསུམ་འབྲས་བུ་ཐོབ་པར་འགྱུར།། ས་བཅུ་གནས་པའི་རྡོ་རྗེ་འཛིན།། ནག་པོ་ཆེ་ལ་འབྲས་དམིགས་ན།། དེ་ཉིད་ཀྱིས ་ནི་རིགས་བུ་འགྱུར།། ལུས་ངག་དབང་ཐོབ་དམ་ཚིག་དག། རི་ལུ་མིག་སྨན་རྐང་མགྱོགས་དང་གནོད་སྦྱིན་བུམ་པ་མཆིལ་ལྷམ་དང་།། རལ་གྲི་བཅུད་ལེན་ཚེ་རིངས་ཐོབ།། ་བསད་དང་བཅིང་དང་རེངས་པ་དང་།། དགུག་དང་སྤྲོས་པ་སྐད་དང་བྱེ།། མི་ནད་ལ་སོག་ལས་ཆེན་བརྒྱད།། ཡེ་ཤེས་འཇིག་རྟེན་མགོན་པོ་སྟེར།། ལྷ་ཀླུ་གནོད་སྦྱིན་མཁའ ་འགྲོ་མ།། བདུད་དང་བཤིན་རྗེ་སྲིན་པོ་རྣམས།། ལས་བྱེད་བྲན་བཞིན་བཀའ་ལ་ཉན། ཅེས་བཀའ་སྩལ་ཏོ།། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་ནག་པོ་ཆེན ་པོའི་རྒྱུད་ལས། མཆོག་དང་ཐུན་མོང་གི་འབྲས་བུ་ཐོབ་ཚུལ་བསྟན་པའི་ལེའུ་སྟེ་ཉི་ཤུ་རྩ་ཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གསུང་དེ་དག་ལ་རྒྱལ ་ཆེན་པོ་རྣམ་ཐོས་སྲས་དང་བཅས་པའི་ལྷ་དང་།། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། མི་འམ་ཅི་དང་། ནམ་མཁའ་ལྡིང་དང་། མཁའ་འགྲོ་མའི་ཆོ་ག་རྣམས་དགའ ་ཞིང་རྗེས་སུ་ཡིད་རང་དེ་ལ།། རྒྱུད་དེ་དག་ཐམས་ཅད་གཏང་ནས་མི་བརྗོད་པའི་རྒྱས་བཏབ་ཏེ།། མཁའ་གྲོ་མའི་ལག་དུ་གཏོང་། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང ་འབྱིན་ནག་པོ་ཆེན་པོའི་རྒྱུད་ཡོངས་སུ་གཏད་པའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པའོ།། ། ཁྲག་མཚོ་ཁོལ་མ་བསོད་བྱེད་སྙིང་འབྱིན་གྱི་རྒྱུད་རྫོགས་སྷོ།། རྒྱ་གར ་གྱི་མཁན་པོ་པཎ་ཏྲི་ཏ་རྡོ་རྗེ་གདན་པ་དང་།། བོད་ཀྱི་ལོ་ཚ་བ་ཙ་མི་སངས་རྒྱས་གྲགས་པས་རྒྱུར་བསྟན་ལ་ཕབ་པའོ།། །། རྒྱུད་འདི་དཔལ་ཆེན་པོ་ཡེ་ཤེས ་མགོན་པོའི་གསང་རྒྱུང་དུ་བཞེདདོ།། ། གཞན་འདི་མ་ཆུང་དུ་གྲགས་པ་ཡིན་ནོ།། བླ་མ་སྟེངས་པ་ལོ་ཚ་བས་སྦྱར་བའི་ལུགས་དང་།། ། འདི་གཉིས་ལེའུ་ཁྲུགས ་ཡོང་གསུངས།། གཞན་ཐམས་ཅད་དུ་སྡུག་གཏུག་པར་འདུག་གོ།། ། སྭཾ། ་