CLOSE WINDOW

F754: dpal gsang ba'i snying po rgyud chen po de kho na nyid rnam par nges pa zhes bya ba
Wyliee-texts produced with BDRC’s OCR application

། རྒྱ་གར་སྐད་དུ། ཤྲེ་གུ་ཧྱ་ག་རཱ་ཏཱ་ཏྲ་བི་ནི་སྱཱ་ཡ་མ་ཧཱ་ཏནྟྲ་ན་མ། བོད་སྐད་དུ། དཔལ་གསང་བའི་སྙིང་པོ་རྒྱུད་ཆེན་པོ་དེ་ཁོ་ན་ཉིད་རྣམས་པར་ངེས་པ་ཞེས་བྱ་བ ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ན།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས ་ཀྱི་ལོང་སྤྱོད་རྫོགས་པའི་སྐུ། ཕྱོགས་བཅུ་དུས་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་རང་བཞིན། མ་ལུས་པ་མི་ལུས་ལུས་པ་མེད་པ་ཐམས་ཅད་དག ་སོ་ས་མ་ཡིན་བསམ་གྱི་མི་ཁྱབ་བརྗོད་དུ་མེད་པའི་དེ་ཁོ་ན་ཉིད་དེ། འོག་མིན་གྱི་གནས་ཀྱི་གཞལ་མེད་ཁང་མཐའ་དང་དབུས་མེད་པ། གཞི་ཆད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་ཏུ་འདོགས་པ ་བ་ལ། ཁྱོག་བཅུ་ཁོར་ཡུག་ཀུན་ནས་ཡོངས་སུ་མ་ཆད་པའི་ཡེ་ཤེས་རི་པོ་ཆེ་འབར་བ་གཞལ་དུ་མེད་པ། ཡོན་ཏན་དཔབ་ཏུ་མེད་པར་རྒྱས་པའི་ཕྱི་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོན ་གློ་འབུར་གྱི་མཛེས་པ།། རྩེ་མོ་ཕྱོགས་བཅུ་དུས་བཞི་དང་ལྡན་པའི། སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་ཀྱི་ཁྱེད་པར་གྱི་རང་བཞིན་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་པ། ་ཡེ་སྐེམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་ཁྱད་པས་དང་བཅས་པའི་གནས་སུ་གྱུར་པ། སྤགས་པ་གཞལ་དུ་མེད་པའི་བསོད་ནས་དང ་ཡེ་ཤེས་ཀྱི་ཡིད་བཞིན་གྱི་ནོར་བུའི་ཚོགས་ཀྱི་ཡང་དག་པར་ཁེབས་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲེང་བ་དང་། ཕྱན་འཕྱང་དང་། ཤར་བུའི་རྒྱུན་སྣ་ཚོགས་ཀྱི་འབྲེང་བ་འཕྱང་བ། ་གཟུགས་སྣ་ཚོགས་པ་དང་། སྒྲ་སྣ་ཚོགས་པ་དང་། དྲི་སྣ་ཚོགས་པ་དང་། རོ་སྣ་ཚོགས་ཀྱིས་ཕྱོགས་བཅུ་མ་ལུས་པར་ཁྱབ་པའི་རང་འབྱུང་བ་རྣམས་དང་། མ་བསྒྲིབས་ལ་རབ་ཏུ་གསལ་བ ་བསམ་གྱིས་མི་ཁྱབ་པའི་རྒྱན་སྣ་ཚོགས་པས་ཉེ་བར་མཛེས་པ། རྣམ་པར་ཐར་པའིཞིའི་སྒོ་དང་སྒོ་ཁྱད་དང་རྟ་བབས་དང་ལྡན་པ། ནང་གི་རང་བཞིན་ཕྱིར་གྱུར་པ་ན། རི་མོ་སྣ་ཚོགས་བཀོད་པ། མི ་རཔ་དང་། རེག་བྱ་སྣ་ཚོགས ་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་བླང་པོའི་ཁྲི་དང་། དབང་མེ་བྱའི་ཁྲི་དང་། ཐོགས་པ་མེད་པ་ན་མཁའི་ལྡིང་གི་ཁྲི་དང་། རང་བཞིན་གྱིས་རབ་ཏུ ་འོད་གསལ་བའི་ཉི་ཟླའི་ཁྲི་དཀྱིལ་འཁོར་དང་།། གོས་པ་མེད་པ་པད་མ་རིན་པོ་ཆེའི་གདན་ལ། སྐུ་མདུན་རྒྱབ་ཀུན་ཏུ་ཞལ་རབ་ཏུ་གསལ་ཞིང་། མཚན་དང་དཔེ་བྱེད་ཀྱིས་རྣམ་པར ་སྦས་པ། བསམ་གྱིས་མི་ཁྱབ་པ་ཀུན་ཏུ། སྐྲ་དང་གསུང་དང་ཐུགས་རྣམ་པ་སྣ་ཚོགས་འཇིག་རྟེན་དུ་རབ་ཏུ་གསལ་བ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཚུངས་པར་དཀྱིལ་དཀྲུང ་དུ་བཅིངས་ནས་སྙོམ་པར་འཇུག་ཅིང་བཞུགས་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་རྣམས་ཀྱི་སངས་རྒྱས་ཀྱི་ཞིང་རྡུལ་ཕྲ་རབ་དང་མཉམ་པ་དེ་དག་དང་ཐ་མི་ཐ་དད་པར་ཐབས ་གཅིག་ཏུ་བཞུགས་པའི་སྐུ་དང་གསུང་དང་ཐུགས་བསམ་གྱི་མི་ཁྱབ་པའི་ཞལ་གསུམ་དང་ལྡན་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་ཆེན་པོའི་རིན་པོ་ཆེ་འབར་བའི་ཕྱག་རྒྱ་བཅིངས་པ། ་འདི་ལྟ་སྟེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། ་མཉན་པའི་དབྱིངས་མ་དང་། ་དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང་། དེ་དག་ལ་སོགས་པའི་དེ་བཞིན་གཤེགས་པ་རྣས་སོ།། དེ་དག་ཀུན་ཀྱང་ཀ་དང་། དཀར་པོ་དང་། ་སེར་པོ་དང་། དམར་པོ་དང་། ལྗང་ཁུའི་མདོག་ཅན། བཙུན་མོ་དམ་པ་རབ་ཏུ་གསལ་བའི་དབྱིངས་བྱུག་པ་དང་། སྲ་བའི་དབྱིངས་མ་དང་། དྲོ་བའི་དབྱིངས་མ་དང་། བསྐྱོད་པའི་དབྱིངས་པ་དང་། དེ་དག ་ལ་སོགས་པ་བཙུན་མོའི་ཚོགས་མཐའ་ཡས་པའི་བར་དང་གཉིས་སུ་མེད་པ། ཆོས་ཀྱི་དབྱིངས་སུ་ཁྱབ་པ་ནི་དཔེར་ན་ཏིལ་གྱི་གང་བུ་བཞིན་གང་ནས་ཁྱབ་པར་བཞུག་སོ།། དེ་བཞིན་དུ ་གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འདི་ལྟ་སྟེ། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྡོམ་པ་དང་། བྱང་ཆུབ་ཆེ ་པོ་རྡོ་རྗེ་མྱོང་བ་དང་། གཞན་ཡང་རྡོ་རྗེ་ཙུན་མོ་འདི་ལྟ་སྟེ། བཙུན་མོ་ཆེན་མོ་མཐོང་བར་བྱ་བ་དང་། མཉན་པར་བྱ་བ་དང་། བསྣམ་པར་བྱ་བ་དང་། མོང་བར་བྱ་བ་དང་། དེ་བཞིན་དུ་བྱང་ཆུབ་ཆེ་པོ ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མོང་བྱེད་དང་། དེ་བཞིན་དུ་བཙུན་མོ་ཆེན་མོ་ད་ལྟར་བ་ཉིད་དང་། བྱུང་བ་དང་། མ་འོངས ་བ་དང་། དེ་ལྟ་བུ་ལ་སོགས་པའི་ཚོགས་དང་། དེ་བཞིན་དུ་འཇོམས་པ་ཆེན་པོ་རེག་པ་དང་། འཇོམས་པ་ཆེན་པོ་རིག་བྱེད་དང་། འཇོམས་པ་ཆེན་པོ ་རེག་བྱ་དང་། འཇོམས་པ་ཆེན་པོ་རག་ཤེས་དང་། དེ་བཞིན་དུ་བཙུན་མོ་ཆེན་མོ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས ་པརྦ་དེ་ལྟ་བུའི་ཚོགས་མཐའ་ཡས་པ་བརྗོད་ཀྱིས་མི་ལང་བའི་ཡང་བརྗོད་ཀྱིས་མིང་ལང་བ་རྣམས་དང་གཉིས་སུ་མེད་པར་བཞུགས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཐམས་ཅད་རྡོ་རྗེ་བཙུན་མོ་ཆེན་མོའི་ཚོགས་དང་གཉིས་སུ་མེད་པར་གསང་བའི་དཀྱིལ་འཁོར་གྱི་བདག་ཉིད་ཀྱི་རང་བཞིན་གྱི་ཏིང་ངེ་འཛིན་དུ་སྙོམས་པ་ཞུགས་ནས་སྐུ་དང་གསུང་དང་གསུང ་དང་། ཡོན་ཏན་དང་འཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་།། ཨེ་མ་དེ་བཞིན་ཉིད་བདག་ཆེ། ཨེ་མའི་ཐུགས་རྗེས་ཆེས་དབང་བསྒྱུར། ཡེ་ཤེས་དཀྱིལ་འཁོར་གང་སྦྱིན་པ། རང་སྣང་རང་གི་ངོ་བོ་ཡིས། ་ཀྱེ+ེ་གནས་པའི་གཟུགས་པར། ཇི་བཞིན་ནོ།། ཡོན་ཏན་ཡིད་པཞི་། ཞོར་བུ་ལྟར། སྐུ་གསུང་ཐུགས་དང་ཡོན་ཏན་ལས་སྒྱུ་མི་ལྟར་བདག་ཏེང་འཛི། འཅང། རྡོ་རྗེའི་བདག་ཉི་ཅིག་མི་བ། ་གང་ལ་མ་ལུས་སྐྱོན་མེད་སེམས། རང་བྱུང་གསང་བ་རྡོ་རྗེའི་ཚིག། རང་གི་བདག་ཉིད་རྒྱལ་བའོ།། ཞེས་པ་དཔལ་གསང་བའི་སྙིང་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས་གླེང་བཞིའི ་ལེའུ་སྟེ། དང་པོའོ།། །། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་རྡོ་རྗེས། བཙུན་མོ་བྱ་བ་མེ་ཆོས་ཀུན་ཏུ་བཟང་མོ་ལ་སྙོམ་པ ་ཞུ་སྒོ།། སྙོམས་པར་ཞུགས་པ་དང་ཕྱོགས་བཅུ་དུས་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་མ་ལུས་པ་དེ་ཐམས་ཅད་ཅིག་རང་བཞིན་དུ་དབྱེར་མེད་པས། དེ་བཞིན་གཤེགས་པ་ཁོ་ན་དེ ་བཞིན་གཤེག་པ་ཁོ་ན་ལ་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མ་རྡོ་རྗེ་ཕུང་པོ་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། ཁམས་དང་སྐྱེ་མཆེད་མང་པོ་ཀུན།། བྱང་ཆུབ་སེམས་དཔའི་དཀྱིལ ་འཁོར་ཉིད།། ས་ནུ་སྨན་དང་མཱ་མ་ཀི།། མེ་རླུང་གོས་དཀར་སྒྲོལ་མ་སྟེ།། ན་མཁའི་དབྱིངས་ཀྱི་དབང་ཕྱུག་མ།། སྲིད་གསུམ་ཡེ་ནས་སངས་རྒྱས་བདག། ཆོས་རྣམས་ཐམས་ཅད་མ་ལུས་གང་། ་སངས་རྒྱས་ཉིད་ལ་གཞན་མ་ཡིན།། སངས་རྒྱས་རང་བཞིན་ལས་གཞན་ཆོས།། སངས་རྒྱས་ཀྱིས་ཀྱང་མ་སྙེད་དོ།། ཞེས་བརྗོད་པས་དེ་བཞིན་གཤེགས་ཐམས་ཅད་མཉེས་པ་འགྱུར་ཏོ།། ་དེ་ནས་རྡོ་རྗེ་བཙུན་མོ་བྱ་བ་མོ་ཀུན་ཏུ་བཟང་མོས་བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་ལྷན་ཅིག་ཏུ་གཉིས་སུ་མེད་པར་སྙེམས་པར་ཞུགས་སོ།། ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཀྱེ་མའོ་ཕྱོགས་བཅུའི་སྟོང་གསུམ་ཁམས། རང་བཞིན་གྱིས་ནི་དབེན་པ་ཉིད།། སྲིད་པ་གསུམ་ནི་དག་པའི་ཞིང་།། སྙིག ་མ་ལྔ་པོ་བདེ་ལྡན་གནས།། ཕུང་པོ་ལྔ་དག་རྫོགས་སངས་རྒྱས།། ཐམས་ཅད་མཆོག་གི་སྙིང་པོ་པ།། གཞན་དུ་རྒྱལ་བའི་ཆོས་མི་བཙལ། ཉིད་ལ་གཞན་ཞེས་བྱ་བའི་ཆོས།། བཙལ ་ཡང་རྒྱལ་བས་མི་རྙེད་དོ།། ཞེས་པར་རབ་ཏུ་བརྗོད་པས་སངས་རྒྱས་ཀྱི་རང་བཞིན་ཀུན་ཏུ་སངས་རྒྱས་པའི་བདག་ཉིད་ཅན་དུ་མ་ལུས་པར་མཁྱེན་ཏོ།། དེ་བཞིན་གཤེགས་ཞེས་བདག ་རང་བཞིན།། དེ་བཞིན་གཤེགས་ལས་བྱུང་བའི་མཆོག། དེ་ནས་བཅོམ་ལྡན་འདས་གཉིས་སུ་མེད་པའི་མད་བདེ་བ་ཆེན་པོའི་རང་བཞིན་གྱིས།། སངས་རྒྱས་ཀྱི་རང་བཞིན་ཡེ་ཤེས་ཆེན་པོ ་བསྐྱེད་ཚུལ་གྱིས།། སངས་རྒྱས་ཀྱི་རང་བཞིན་ཡེ་ཤེས་པར་བསྐྱེད་པའི་ཚུལ་གྱིས་གསང་བ་འདི་གསུང་སོ།། ཨེ་མདོ་ཚར་རྨ་ང་བྱུང་།། ཆོས་ཉིད་དེ་ནི་ལ་མཚན་ཆེ།། རྫོགས་པའི་སངས་རྒྱས ་ཀུན་གྱི་གསད།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་པ་རྣམས་ཀྱི་རང་བཞིན་ནི།། སྐྱེས་པ་ཉིད་ན་སྟེ་མེད་དྲན།། དེ་ནས་བཅོམ་ལྡན་འདས་གཉིས་སུ་མེད་པ་བདེ་བ་ཆེན་པོའི་རང་བཞིན ་གྱིས།། སངས་རྒྱས་ཀྱི་རང་བཞིན་ཡེ་ཤེས་ཆེན་པོར་བསྐྱེད་པའི་ཚུལ་གྱི་སང་བ་འདི་གསུང་སོ།། ཨེ་མངོ་མཚར་རྨད་དུ་བྱང་།། ཆོས་ཉིད་འདི་ནི་ཡ་མཚན་ཆེ།། རྫོགས་པའི་སངས་རྒྱས་ཀ། ་གསང་།། འགག་པ་མེད་ལས་ཐམས་ཅད་འགག། འགག་པ་ཉིད་ན་འགགས་མེད་པ། འགག་པ་མེད་དང་བཅས་པར་གྲགས། དེ་ནས་བཅོམ་ལྡན་འདས་གཉིས་སུ་མེད་པའི་བདེ་བ་ཆེན ་པོའི་རང་བཞིན་གྱིས།། སངས་རྒྱས་ཀྱི་རང་བཞིན་ཡེ་ཤེས་ཆེན་པོར་བསྐྱེད་པའི་ཚུལ་གྱི་གསང་བ་འདི་གསུངསོ།། ཨེ་མ་ངོ་མོཚར་རྨད་དུ་བྱུང་།། ཆོས་ཉིད་འདི་ནི་ངོ་ལ་མཚན་ཆེ།། རྫོགས ་པའི་སངས་རྒྱས་ཀུན་གྱི་གསང་།། གནས་པ་མེད་ལས་ཐམས་ཅད་གནས།། གནས་པ་ཉིད་ན་གནས་པ་མེད།། འདིར་ནི་གནས་པར་རབ་གསུངས་པ། རང་བཞིན་གྱིས་ནི་གནས་པ་ཉིད།། དེ་ནས་བཅོམ ་དེ་ནས་བཅོམ་ལྡན་འདས་གཉིས་སུ་མེད་པ་བདེ་བ་ཆེན་པོའི་རང་བཞིན་གྱིས།། སངས་རྒྱས་ཀྱི་རང་བཞིན་ཡེ་ཤེས་ཆེན་པོར་བསྐྱེད་པའི་ཚུལ་གྱིས་གསང་བ་འདི་གསུང་སོ།། ཨེ་མ་ངོ་མཚར་དང་བྱུང་། ་ཆོས་ཉིད་འདི་ནི་ཡ་མཚན་ཆེ།། རྫོགས་པའི་སངས་ཀུན་གྱི་གསང་།། དེ་ཡི་གསང་བ་ཆེས་ཆེ་ཉིད།། འགྲོ་བ་མེད་ལས་འགྲོ་བ་དང་།། སོང་བ་མེད་ལས་སོང་བ་ཉིད།། འགྲོ་བ་ཉིད་ནས་འགྲོ་བ་ཡིན།། ་སོང་བའང་སོང་བ་ཉིད་མ་ཡིན།། དེ་ནས་བཅོམ་ལྡན་འདས་གཉིས་སུ་མེད་པའི་བདེ་བ་ཆེན་པོའི་རང་བཞིན་གྱིས།། སངས་རྒྱས་ཀྱི་རང་བཞིན་ཡེ་ཤེས་ཆེན་པོར་བསྐྱེད་པའི་ཚུལ་གྱི་གསང་བ་འདི་གསུང་སོ།། ། ་ཨེ་མ་ངོ་མཚར་རྨད་དུ་བྱུང་།། ཆོས་ཉིད་འདི་ནི་ཡ་མཚན་ཆེ།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། ཐམས་ཅད་དུ་ནི་དམིགས་པ་དང་། དམིགས་པ་མེད་པར་བྱུང་བ་ནི།། དམིགས་པ་མེད་པ་དམིག ་པར་འགྱུར།། འདི་དག་དེན་དམ་པ་ཉིད་དོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་དང་།། རྡོ་རྗེ་བཙུན་མོའི་རིགས་དང་བཅས་པ་རྣམས་དགའ་ཞིང་མགུ་པ་ལ་ཡིད་རང་ཤིང་ཡིད་བདེ་བ་སྐྱེས་པས།། ཁྱབ་པར ་གྱུར་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཨེ་མའོ་རང་བཞིན་ཉིད་ཀྱི་ཆོས།། སྣ་ཚོགས་སྣང་བ་གསང་བདག་ཉིད།། ངོ་བོ་ཤིན་ཏུ་གསང་རང་བཞིན།། གཞན་མིན་རང་བཞི། དེ་ཁོ་ན།། གཞན་མིན་འདི ་དག་གསང་ལས་བསྐྱེད། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་པས་དེ་ལྟར་དབྱེར་མེད་ན་ཡང་འགྲོ་བའི ་རྣམ་པར་མ་རིག་པ་ཙམ་ལས། ངེས་པར་སྐྱེས་ནས། དེ་ཁོ་ན་ཉིད་མ་ཡིན་པ་ལ་གནས་ཏེ།། འགྲོ་བ་རྣམ་པ་ལྔའི་རིགས་བསམ་གྱི་མི་ཁྱབ་པ་རྣམ་པར་སྨིན་པ་ལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ་བརྗོད་དོ།། ཨེ་མ་བདེ་གཤེགས་ཨེ་བདེ་གཤེགས། ཀུན་ཏུ་བསྟན་པའི་སྙིང་པོ་ལས། རང་གི་རྣམ་རྟོག་བདག་ཉིད ་ཀྱིས།། ལས་ཀྱི་རྣམ་པས་འགྲོ་བ་སྤྲུལ།། སྣ་ཚོགས་བྱེད་པའི་ལོང་སྲོད་ལུས། སྤྱོད་ཡུལ་བདེ་དང་སྡུག་བསྔལ་དུ།། བདག་དང་བདག་གིར་སོ་སོར་བཟུང་།། སུས་ཀྱང་མ་བཅིངས་བཅིངས་མེད་དེ། ་རང་བཞིན་གྱིས་ནི་མ་བཅིངས་པ།། བཅིང་བར་བྱ་བའང་ཡོད་མ་ཡིན། རྣམ་རྟོག་རང་གི་བཟུང་བ་ལ། ནམ་གྱི་ཁའ་ལས་མདུད་པ་འདོར། བཅིངས་མེད་རྣམ་པར་གྲོལ་མེད་པ། བདག་གི་རྟོག་པ་ཡིས ་ནི་བ.རིངས།། རང་བཞིན་ལྷན་གྲུབ་སངས་རྒྱས་ཆོས། བསྟན་བཞེད་སྤྲོ་བ་སྣ་ཚོགས་དང་།། སངས་རྒྱས་ཐུགས་རྗེ་ཆེ་འགག་མེད།། དེ་ལྟར་དེ་བཞིན་གཤེགས་པ་ཉིད།། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ ་གླེང་ངོ་།། ཞེས་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས། དོན་དམ་པ་དང་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡེ་ཤེསུ་བསྐྱེད་པའི་ལེའུ་སྟེ། གཉིས་པའོ།། །། དེ་ནས་བཅོམ་ལྡན ་@#འདས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྡོ་རྗེ་ཆེན་པོའི་བྱིན་གྱིས་རླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག། དེ་བཞིན་གཤེགས་པ་ཐ~ཾད་ཀྱི་སྐུ་དང་། ་གསུངས་དང་ཐུགས་རྡོ་རྗེ་ལས་ཐོན་ཏོ།། ཐོན་པ་ཙམ་གྱིས་སྔར་གྱིས་དགེ་བའི་ལས་ཀྱི་དབང་གིས། སྣརེལ་གཞི་ཡན་མན་གྱི་འཇིག་རྟེན་དྲུག་གི་ཕྱོགས་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན ་པོ་ཇི་ལྟ་བར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས། འདུལ་བ་རྣམ་པ་བཞིས།། འགྲོ་བ་ལྔའི་སེམས་ཅན་གྱི་དོན་མཛད་དེ། བལྟམ་པ་དང་། རབ་ཏུ་བྱུང་བ་དང་། དཀའ་བ་སྨོད་པར་མཛད་པ ་དང་། བྱང་ཆུབ་དང་། བདུད་ལས་མཆོག་ཏུ་རྒྱལ་བ་དང་། ཆོས་ཀྱི་འཁོར་ལོ་དཀོར་བ་དང་། ཆོ་འཕྲལ་ཆེན་པོ་སྟོན་པ་དང་། ཡོངས་མྱ་ངན་ལས་འདའ་བ་ལ་སོགས་པར་སྟོན་པའི་བུབ་པ ་དེ་ཡང་། དུས་བཞི་ཡོངས་སུ་མཁྱེན་པ་དང་། སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཡོངས་སུ་མཁྱེན་པ་དང་། རྫ་འཕྲལ་གྱི་སྲན་གྱིས་ཐམས་ཅད་ཡོངས་སུ་མཁྱེན་པའི་རིག་པ་དང་། རྫུ་འཕྲུལ་གྱི ་སྙན་གྱིས་ཐམས་ཅད་གསནཔ་པ་དང་། རྫུ་འཕྲུལ་གྲིབྱེ་བས་དོན་ཐམས་ཅད་མཛད་པ་དང་། ཟག་པ་མེད་པ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་དྲུག་དང་། ཀུན་ཏུ་སྒྲུ་བསམ་གྱིམི་ཁྱབ ་པ་དང་། གསུང་བསམ་གྱི་མི་ཁྱབ་པ་དང་། ཞལ་བསམ་གྱི་མི་ཁྱབ་པ་དང་། ཐུགས་བསམ་གྱི་མི་ཁྱབ་པ་གྲངས་མེད་པ་ཐམས་ཅད་དུ་ཕྱོགས་བཅུ་ཀུན་ཏུ་སྣང་བར་གྱུར་ཏོ།། ཐམས་ཅད་དུ་འདི་ལྟ་སྟེ། ་ཇི་སྙེད་པ་འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བླ་ན་མེད་པའི་ཐེག་པས། མ་རིག་པའི་རྣམ་པར་རྟོག་པ།། ཉོན་མོངས་པ ་སྟོང་ཕྲག་བརྒྱ་བཅུ་རྩ་བཞིའི་གཉེན་པོར། ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་བཅུ་རྩ་བཞི་བསྟན་ཏོ།། སྟོན་ཏོ།། སྟོན་པར་འགྱུར་རོ།། དེ་དག་ཐམས་ཅད་ཀྱང་། བཟུང་བ་དང་འཛིན་པའི།། ། ་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་། འཛིན་པ་འཕྲུལ་པས་སྒྲོ་འདོགས་པ་དང་། ལས་དང་ལས་ཀྱི་འབྲས་བུ་ཆུང་མི་ཟ་བ་དང་བཅས་པ་དང་། ལས་དང་ལས་ཀྱི་འབྲས་བུའི ་དངོས་པོས་མི་གོས། ཅི་སྟེ་སེམས་ལ་གོས་པར་འགྱུར། གོས་སུ་མེད་པར་སྟོང་པ་ཉིད་ཀྱི་མཐར་སྨིན་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཐ~ཾད་ཀྱིས་ཆེད་དུ་བརྗོད་པའི་ཆེད་དུ་བརྗོད་དོ།། ཇི་སྙེད་འཇིག་ཏེ། ་འཁྲུལ་ཆོས་གང་། མ་རིག་རྟོག་པས་གཟུང་འཛིན་ཅིང་།། ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར།། མི་མཐུན་བདེ་དང་སྡུག་བསྔལ་འབྱུང་།། ངོ་བོ་ཉིད་ལས་སྐྱེས་པ་མེད། རང་བཞིན་ཉིད་ལས ་། འཕོས་པ་མེད།། ཡང་དག་སྒྱུ་མའི་ཚུལ་གཉིས།། བདག་དང་བདག་གི་གཞན་མེད་དེ།། དག་པའི་དབྱིངས་ཅན་གཅིག་གི་ཚུལ།། བདག་དང་བདག་གི་གཞན་རྣམས་ནི།། ལོག་པར་རྟོག་པ ་ཙམ་ཉིད་དེ།། རང་བཞིན་གཞན་ནི་ཡོད་མ་ཡིན།། ཕྲ་མ་དང་ནི་ཟབ་པ་དང་།། དོན་དཔ་ལ་ནི་ཡོད་མ་ཡིན།། ཕྱིན་ཅི་ལོག་གི་བག་ཆགས་ལ།། དེ་ཉིད་ལ་ནི་དེ་ཉིད་སྤོང་།། གཞན་དུ་གཡོ་བ་ཡོད་མ་ཡིན།། ཕྱིན་ཅི་ལོག ་གི་རྣམ་རྟོག་སེམས།། རྒྱུ་དང་འབྲས་བུའི་རྒྱུན་ཉིད་ན།། བིན་རྩ་མེད་དབྱིངས་སྐད་ཅིག་མ།། རྣམ་པར་དག་པའི་དབྱིངས་ཉིད་ཚུལ།། དབྱིངས་ལས་གང་དང་ཅི་ཡང་རུང་།། ཉིད་ལ་དབང་བསྒྱུར་རང་རྟོག་སྤོད།། རང་གི་རྟོག ་པས་བཅིངས་པའི་རྒྱུན།། རྣམ་དག་བླ་མེད་ཐེག་པའི་མཆོག། ཐེག་དབྱིངས་བཞིའི་དེས་འབྱུང་ལ།། ཐེག་པ་གཅིག་གིས་འབྲས་བུར་གནས།། རྫོགས་སངས་རྒྱས་ཀྱིས་ཡོངས་རྟོགས་ནས། རང་བཞིན་ལ་ནི་དེབོ ་མད།། དེ་ཡང་དམ་པའི་གསུང་ཉིད་དེ། དངོས་གྲུབ་དེ་ཁོ་ན་ཡང་ཅི།། སངས་རྒྱས་མྱ་ངན་ཡོད་མི་འདའ།། ཆོས་ཀྱང་ནུབ་པར་མི་འགྱུར་ཏེ།། མ་རིག་དག་པར་འདུལ་བའི་ཕྱིར།། བྱང་ནས་མ་ངན་འདའ་བར་སྟོན།། ་འདུལ་བ་མདོ་སྡེ་ཆོས་མངོན་དང་།། དམ་ཚིག་གྲུབ་དང་དངོས་གྲུཔ་དང་།། སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད།། ཕྱོགས་བཅུ་རྣམ་སུ་རབ་གསལ་བ།། གསང་བའི་སྟེང་པོ་ལས་འབྲོས་ཏེ།། རང་བཞེད་གསང་པའི་སྙིང་པོ་དེ། ་སྡེ་སྔོན་ཀུན་དང་རྒྱུད་གུན་གྱི། འབྱུང་གནས་ཀུན་ཏུ་གངན་ལ་འབེབས།། ཆོས་ཀྱི་དེ་ཉིད་ཐ་སྙད་ཙམ།། སྙན་པས་དགོངས་པའི་དབང་གིས་བསྟན།། མིང་དང་ཚིག་གི་ཡོན་ཏན་བརྟགས།། སྟོན་མིན་བསྟན་པར་བྱ་བ་མེད། ་རྣམ་དག་དབྱིངས་ནི་ཕྱོག་ཉིད་དེ།། རང་བཞིན་ཅུང་ཟད་ཡོད་མ་ཡིན།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་གཉི་སུ་མེད་པའི་གསང་བ་འདི།། རང་གི་རིགས་ཀྱི་སྐུ་དང་གསུང་དང་ཐུགས་དང ་ཡོན་ཏན་དང་ཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་།། ཨེ་མ་འཁོར་བའི་རྩ་བ་ལས།། བདག་ཏུ་རྟོགས་པའི་རྗེས་སུ་འགྲོ།། རྒྱུད་དྲུག་སྐྱེ་བ་དང་ནི་འགག། ལུས་དང་ལོང་སྤྲོད་དང་ནི་གནས།། སྡུག་བསྔལ་འཁྲུལ་འཁོར་ལ ་སོགས་པ།། ལོག་པར་རྟོག་ལས་གཞན་དུ་མིན།། སྟོང་ཉིད་བདག་མེད་མཁྱེན་ཐུགས་དང་།། དེ་ཡང་རང་གི་སེམས་རིག་པ།། དམིགས་དང་དམིགས་མེད་དྲན་དབང་བསྒྱུར།། ངོ་མཚར་འདི་ལྟར་སྣང་བར་གྱུར།། སྐུ་གསུང ་ཡོན་ཏན་ཞིང་ཁམས་ནི།། གཞན་ན་ཡོད་པ་མ་ཡིན་ཏེ། དེ་དག་དེ་བཞིན་ཉིད་དེ་ཉིད།། གསང་བ་རྡོ་རྗེའི་ཚིག་ཉིད་དོ།། དེ་སྐད་ཅེས་བརྗོད་པས།། ཐུབ་པ་དྲུག་གི་སྤེལ་བ་གྲངས་མེད་དང་།། དེ་བཞིན་གཤེགས་པ་ཐད ་ཀྱིས་དེ་སྐད་གསུངས་པ་དེ་དག་ཏུ་འདུས་པ་ཙམ་ལས་གཞན་མཐོང་བར་མ་གྱུར་པར་དེ་བཞིན་ཉིད་ཀྱིས་མཆོག་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། ཞེས་དཔལ་གས་པའི་སྙིང་བེ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི ་རྒྱུད་ཆེན་པོ་ལས། ཆོས་ཐམས་གཏན་ལ་ཕབ་པའི་ལེའུ་སྟེ། གསུམ་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཐུག་རྩེ་ཅིག་ཏུ་གྱུར་ནས།། མཉམ་པ་ཉིད ་ཆེན་པོའི་ཚུལ་གྱིས་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་གདོད་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་འདི།། སྐུ་དང་གསུང་དང་ཐུགས་རྡོ་རྗེ ་ལས་གཡོ་བར་རབ་ཏུ་གསལ་བའི་ཡི་གེའི་རྒྱལ་པོ་རྣམ་པར་འཕྲོ་བ་ཉིད་གསུངས་པ། ཨ་དེ་ལས་དེ་ཕྱིར་རྣམ་འཕྲོས་པ། ཙམ་ལས་མ་ལུས་ཕྱོགས་ཀུན་ཏུ། ཤིན་ཏུ་ཕྲ་བའི་ཨ་ཡིག་གི།། ཨ་ཡིག་ངེས་པར ་འཕྲོ་བ་ཅན།། དེ་ཡི་ཕྱོགས་བཅུ་མུ་མེད་པ།། འཇིག་རྟེན་ཁམས་སུ་གསལ་བྱས་ཕྱིར། བརྟན་ཞིང་བསྡུས་དང་མཉམ་པའོ།། དེ་ཡི་ཉམས་དང་འཕེལ་བ་མེད།། དེ་ལས་མིང་ཚོགས་གསལ་འབར་ཀུན།། སྲེ ་བསྔ་དེ་དེ་ཞིན་ངེས་འཕྲོ་ཅན།། གསང་བ་རྡོ་རྗེའི་དངོས་གྲུབ་འདི།། ཡེ་ཤེས་བསྐྱེད་པའི་རྒྱུ་རུ་བརྟན། ཨཱ་ཨ། ཀ་ཁ་ག་གྷ་ང། ཙ་ཚ་ཛ་ཛྷ་ཉ། ཊ་ཥ་ཌ་བྷ་ཎ། ཏ་ཐ་ད་དྷ་ན། པ་པ་བ་བྷ་མ། ཡ་ར་ལ་ཝ། ་ག། ངས་ཧཱ་ཀྵ་ཨི་ཨེ། ཨུ་ཨཱུ། རི་རེ། ལི་ལེ། ཨེ་མེ། ཨོཾ་མཻ། ཨཾ་ཨ། འདི་དག་བྱང་བ་ཙམ་གྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་ཤིང་མུ་མེད་པ་རྣམ་པ་དྲུག་ཏུ་གཡོས།། རབ་ཏུ་གསྷོ། ་ཀུན་ཏུ་ག་རབ་ཏུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ།། འདི་དག་ནི་ཆོས་ཐམས་ཅད་ཀྱིས་ཕྱི་མོར་གྱུར་ཅིང་།། ཕྱི་ས་འདི་ཐམས་ཅད་མཐར་ཕྱིན་པ་ལས་ཚིག་རབ་ཏུ་སྤྲོས་སོ།། དེ་དག་ཀུན་ཏུ ་རིག་པས་མིང་རྣམས་དང་། གསང་སྔགས་རྣམས་དང་། བསྟན་བཅོས་ལ་སོགས་པ་རྣམས་ཀྱིས་གནས་སུ་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་པ།། ཨེ་ལ་ཨ་ཡིག ་སྟོང་ཉིད་མིང་།། སྟོང་པ་ཉིད་དུའང་དམིགས་མ་ཡིན།། དངོས་པོ་ཀུན་ཀྱང་མིང་ཙམ་མོ།། སངས་རྒྱས་ཀུན་གྱི་རང་བཞིན་ཡང་། ཡི་གེའི་ཕྲེང་བ་དེ་ལ་གནས། ཨ་ཡིག་སྣ་ཚོགས་པར་སྣང་བ།། ཨ་ཡིག་སྐྱེ་མེད ་དང་ཚུལ་དང་། ཀ་ལ་སོགས་པ་བཞི་བཅུ་གཉིས།། དེ་ཉིད་སངས་རྒྱས་ཐམས་ཅད་ཀྱི།། ཀུན་གྱི་མིང་ལ་སོགས་པ་བསྡུས།། ཨེ་མ་པོ་མཚར་ཡ་མཚན་ཆེ།། འཕྲུལ་ཆེན་བཞི་བཅུ་རྩ་ལྔ་པོ།། ཚིག་ལ་སོགས་པ ་མ་ལུས་པ།། མིང་རྣམས་ཐམས་ཅད་བསྡུས་པ་དང་།། ཚིག་གི་རང་བཞིན་སྣ་ཚོགས་དོན།། སླ་བ་ཉིད་དུ་སྟོན་པའོ།། རང་བཞིན་མེད་པའི་ཡི་གེའི་ཚུལ།། སེམས་ཀྱི་བདག་མེད་པ་ཉིད་དང་།། དམིགས ་པ་མེད་པས་བླ་ན་མེད།། མིང་ཚོགས་འདུ་བྱེད་ཀྱི་ནི་ཚུལ།། རྩེ་དང་ལྟང་མེ་སྟེན་པ་དང་། མིག་འཕྲུལ་གྱི་ནི་དབྱེ་བ་ལྟར།། སྐུར་པ་མི་གདབ་ཡོད་པ་ཡིན།། དེ་ཁོ་ན་ཉིད་ལ་འཁྲུལ་པར་སྣང་ཕྱོགས་བཅུ་དུས ་བཞིར་གཤེགས་རྨི།། ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས།། དཀྱིལ་འཁོར་དཀྱིལ་འཁོར་མཆོག་འཁོར་ལོ།། བཞི་བཅུའི་གཉིས་སཔ་ལྔ་བཅུའི་བདག། ་ཡིག་མགོ་ཨ་ནས་ཀྵ་མཐའི་ཚོགས།། སེམས་ཀྱི་རང་བཞིན་ཡིག་གི་སྟེ།། ཡིག་གེའི་དངོས་པོ་ཡོད་པ་ཡིན།། དམིགས་མེད་དེ་ཉིད་སྣ་ཚོགས་པའི།། ཡི་གེར་ཀུན་ཏུ་གང་གནས་པ།། སྐུ་གསུང་ཐུག ་ཀྱིས་འཁོར་ལོ་ཆེ། སྐུ་གསུང་ཐུགས་ནི་ངོ་མཚར་གྱི།། ཡ་མཚན་འཕྲུལ་ཆེན་རབ་འགུགས་པ།། དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ།། ཡི་གེ་ཞེས་ནི་དེ་ཕྱིར་བརྗོད།། མགོ་ནི་ཡང་དག་ལམ་རབ་བཤད། ་ཐིག་ནི་ཤེས་རབ་མིང་དུ་གསལ།། ཐབས་ཆེན་ཚིག་ཏུ་གཅོད་ཤད་ནི།། ཐབས་དང་ཤེས་རབ་མ་ལུས་བདག། ཨ་ནི་སྐྱེ་མེད་དེ་བཞིན་ཉིད།། ཨན་ཐོག་མཐའ་སྟོང་པ་ཉིད།། ཥ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད།། ཊ་ནི་སྣང་བའི ་སྒྲ་འཕྲུལ་ཉིད།། ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ནོར།། ཌྷ་ནི་སྒྱུ་འཕྲུལ་རྣམ་དག་ཉིད། ཎ་ནི་ཀན་ཏུ་སྒྲ་འཕྲུལ་ཉིད།། ཐ་ནི་དྲ་བས་རྫོགས་སངས་རྒྱས།། ཏ་ནི་དྲ་བས་བདག་ཉིད་བརྟན། ད་ནི་དྲ་བས་རབ་གསལ་ཉིད། ་ན་དྲ་བས་མཉས་པར་འཁྲིལ།། རྟ་ན་དྲ་བས་མ་ལུས་བསྒྱུར།། ཀནི་སྦྱིན་གྱི་ཐིགས་ཀྱི་མཆེག། ཁནི་མ་ན་གྱི་ཐུགས་ཀྱི་མཆོག།། ག་ནི་གང་ཀྱི་ཐུགས་ཀྱི་མཆོ།། བྷའི་སྔགས་ཀྱི་སྲེགས་ཤེས་བྱ།། ་ཐུགས་ཀྱི་འཇིག་བྱེད་དྲན།། ཙ་ནི་སྲན་གྱི་སྐུ་མཆོག་དྲན།། ཙ་ནི་སྙན་གྱི་སྒྲ་ཡི་མཆོག། ཛཱ་ནི་ལྕགས་ཀྱི་སྐྲའི་མཆོག། ཉིན་སྐུ་ཡང་རབ་འབྱེད་པའོ།། པ་ནི་སྨན་གྱི་གསུང་གི་མཆོག། ཕ་ནི་སྨན་གྱི་གསུང་གི་མཆག།། བ་ནི ་ཤངས་ཀྱི་གསུང་གི་མཆོག། བྷ་ནི་ལྗགས་ཀྱི་གསུང་གི་མཆོག། མ་ནི་གསུང་ཡང་འབྱེད་པའོ།། ཡོ་ནི་སྐྱེ་བ་ཡོངས་སུ་དགེ། ཝ་ནི་གནས་པ་རྣཔ་དག་ཕྱིར།། ར་ནི་འཆི་བ་རྣམ་དག་ཡིན།། ལ་ནི་སྟོང་ཉིད་དག་པར ་དྲན།། ཤ་ནི་མི་རྟག་ཡོངས་སུ་དག། ལ་ནི་ཆད་པ་ཡོད་མ་ཡིན།། ས་ནི་ཐ་བྲལ་བདག་མེད་ཉིད་དོ།། ཧ་ནི་མཚན་མ་མེད་པ་ཉིད།། ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས།། ཨ་ནི་རྡུལ་ལྟའི་ལྷ་རྣམས་ཉིད། ་ཨ་ནི་རྡུལ་ལྔའི་ལྷ་མ་ཡིན། ཨུ་ནི་རྡུལ་ལྟའི་མི་ཉིད་དོ།། ཨཱ་ནི་རྡུལ་ལྟའི་བྱོལ་སོང་ཉིད།། ཨེ་ནི་རྡུལ་ལྷའི་ཡི་དགས་ཉིད།། ཨེ་ནི་རྡུལ་ལྟའི་དམྱལ་བ་ཉིད།། ཨོ་ནི་ཐམས་ཅད་འཇིག་པར་བྱེད། ་ཨོཾ་ནི་ཐམས་ཅད་རླག་པར་བྱེད།། ཨི་ནི་ཉེར་སྐྱེས་དག་པ་ཉིད།། ཨ་ནི་ཟས་སོགས་དག་པ་ཉིད།། རི་ནི་དངོས་དང་དངོས་མེད་སྟོང་།། རི་ནི་སྲིད་དང་སྲིད་མེད་སྟོང་།། ལི་ནི་ཤེས་དང་ཤེས་བྱ་སྟོང་།། ལི་ནི་སྟོང་དང་སྙིང ་རྗེའི་བདག། ཨེ་མའོ་ཡ་མཚན་རྟོགས་པ་བྱང་།། ཡི་གེ་འཁོར་ལོའི་ཚོགས་ཆེན་པོ།། སྐུ་གསུང་ཐུགས་ཀྱི་འཕྲེང་བ་འདི།། །། ཡང་དག་བསྡུས་ནས་བརྟན་ལ་བབ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཐམས་ཅད་འཙུན་མོ་དང་གས་སུ་མེད་པའིདཀྱི་འཁོར་གྱུར་པ་དེ་དག་རང་གི་བདག་ཉིད་ཀྱི་རང་བཞིན་ཀྱིས་གས་པ་དཀྱིལ་འཁོར་འདི་སྟོ་ད་དང་གསུང་དང་ཕུས ་དང་། ཕྲིན་ལས་རྡོ་རྗེ་རྣམས་སྤྲོས་ཏེ་གསུངས་པ།། ཨེ་མའོ་ཐབས་དང་ཤེས་རབ་རྟོགས་པའི་སྤྲིན་ཚོགས་རྒྱལ་བའི་སྲས།། སྒྱུ་མའི་འཁོར་ལོ་རྣམ་སྲིན་འབྲས་བུ་རྫོགས་པའི་སངས་རྒྱས་གྲུབ། ་ངོ་མོ་ཆེ་རི་མི་ཚོགས་མིང་ཚོགས་དཀྱིལ་འཁོར་བཞི་བཅུ་རྩ་གཉིས་བཅས་པ་ཡིན།། འདུས་བྱས་འདུས་པ་བྱས་པའི་རྡོ་རྗེའི་དཀྱིལ་འཁོར་འབྱིན་པའི་དས་པ། སངས་རྒྱས་རྣམས་དང་རྣལ་འབྱོར་ཀུན ་རྟ་གྱི་སྐྱོན་མེད་རབ་གསལ་བ།། དབང་མེད་རྒྱུད་དང་བསྙེན་གྱི་ཚོགས་ཆེན་པོའི་ཚེ་བདག་ཉིད།། རྡོ་རྗེ་གསང་བའི་བདག་ཏུ་བསྒྲུབ་པ་དེ་བཞིན་གཤེགས་པའི་ཚིག་ཏུའོ།། ཞེས་བརྗོད་པས་དེ་བཞིན་གཤེགས་པ ་ཐམས་ཅད་ཡི་གེའི་འཁོར་ལོས་མཁྱེན་ཏོ།། ཞེས་དཔ་ལ་གསང་པའི་སྙིང་པོ་དེ་ཁོན་ཉིད་རྣམ་པར་ས་པའི་རྒྱུད་ཆེན་པོ་ལས། ཡི་གེའི་ཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ། གཞིབའོ།། ། དེས ་ཡང་དག་རབ་བཤད་བྱ།། ཡིགེ་ཕྲེང་བའི་སྤྲིན་རྣམས་འཕྲུལ།། སྒྱུམ་ལྟ་བུར་སྤྲོ་བ་འདི།། གནས་མེད་སེམས་ནིའི་ཁོ་ན།། ཆོས་རྣམས་ཀུན་གྱི་གནས་ཉིད་དོ།། སེམས་ཉིད་ཡི་གནས་པའོ།། ཡི་གེ་རིད་པ་ནི། ་ནོར་བུའི་སྤྲིན།། སྒྱུ་འཕྲུལ་དཀྱིལ་འཁོར་ངས་རྫོགས་པ།། ཕྱོགས་ཅུ་དུས་བཞི་མ་ལུས་པ་རྫོགས།། སེམས་ཀྱི་རང་བཞིན་ཀུན་དཀྱིལ་འཁོར།། དོན་དམ་ཉིད་དུ་འདི་གྲུབ་བོ།། བདུད་རྩིར་གྱུར་ཅིང་ཡང་དག་གྱུར།། ་གཞི་བཅས་བཞིའི་ནད་སེལ་ཞིང་།། ལོང་སྲོད་འབྱུང་ཞིང་ངན་སོང་འཇོམས།། གང་གིས་ཀྱང་ནི་གཞན་འགྱུར་འགྲུབ།། སེམས་དང་ན་མཁའ་རྡོ་རྗེ་སྲ།། སྲེག་ཅིང་འབར་ལ་མཆེད་པ་དང་།། ཆུ་རྒྱུན་འབབ་པས་འཇོམ ་བ་དང་།། འཇིག་རྟེན་ཁམས་ནི་རྣམ་པར་འཐོར།། ཐམས་ཅད་སྟོང་པ་ཉིད་དུ་ལྷུང་།། དགུག་དང་གཤེགས་དང་བཅིང་དང་དགྲོལ།། རྒྱས་གསད་གསོ་དང་འཕམ་རྒྱལ་ཉིད།། སྒོམས་པ་ཡིས་ནི་ངེས་པར་སྤྲུལ།། ་དེ་ཉིད་ཡེ་ཤེས་རང་སྣང་བའི།། མིང་དང་ཚིག་བཅད་ཚིགས་ལ་སོགས།། གཟུགས་ཡིད་བཞིན་ནོར་བུ་དང་།། མུན་པ་ལ་ནི་སྣང་བ་བཞིན།། ཇི་ལྟར་གསེར་འགྱུར་སྨན་གྱི་ཚུལ།། དེ་ལྟར་གཞན་རྣམས་བསྒྱུར་བ་ཡིན། ་སྟོན་པ་མཆོག་བརྩོན་རྟོགས་པ་གསལ།། དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས།། གཉིས་མེད་ཤེས་ཤིང་ཡོ་བྱེད་ལྡ།། ཉེར་སྲོད་ཡོངས་སུ་ལྡན་པ་དང་།། དངོས་གྲུབ་སེམས་ཀྱི་རང་བཞིན་ཉིད།། མི་ལྡན་དོ།། ་ནི་མེད་དང་།། མ་ཉམས་དེ་ཉིད་ཡོད་པ་ཉིད།། དུས་གསུམ་སངས་རྒྱས་ཐུགས་ཆུད་པའི།། མཆོག་གི་སྙིང་པོ་གསུམ་རྣམས་ཀྱིས།། ཟད་པའི་དུས་མེད་རིང་བ་ཉིད།། ཡིད་བཞིན་ནོར་བུའི་མཛོད་ཇི་བཞིན།། འཕེལ ་འགྲིབ་མེད་པར་ཡོད་པ་ཉིད།། དངོས་པོ་མེད་པར་སྣང་བ་དང་།། ཕྱི་ཡི་དེ་ཉིད་ཐད་ཅད་དེ།། ཀུན་ཏུ་རང་བཞིན་སྣ་ཚོགས་པ།། འཕེལ་དང་འཕེལ་བ་མེད་པ་དང་།། རང་བཞིན་མེད་པའི་རང་ཉིད།། ་དངོས་མེད་ཐམས་ཅད་ཡེ་ཤེས་ཉིད།། སྒོམས་པས་དབང་བྱས་སྟོབས་ལསོ།། གང་གིས་དམིགས་མེད་དེ་ཁོ་ན།། ཆོས་ཀྱི་དབྱིངས་ནི་གསལ་མ་ཡིན།། མ་རིག་སྐྱོན་གྱིས་བསྒྲིབ་པ་དང་།། དངོས་དང་དངོས་མེད་འཇིག་པ། ་དང་།། འཇིག་པ་ཐམས་ཅད་ཤེས་པ་དང་།། སེམས་ཉིད་དེ་བཞིན་ཉིད་དེ་ལ།། མཆོག་དང་བཞི་ནི་ཡོད་མ་ཡིན།། པོ་དང་མོ་དང་མ་ནིང་མིན།། མཚན་མེད་མ་ཡིན་རིགས་རྒྱུད་མིན།། ཁ་དོག་དབྱིངས་དང་གནམ་ཡིན། ་དེ་བཞིན་ཉིད་དབྱིངས་ཅུང་ཟད་མིན།། རང་བཞིན་ཉིད་དུ་གཅིག་པ་ཉིད།། ཡེ་ཤེས་ཐབས་ཀྱི་ཕྱག་རྒྱ་ཀུན།། ཐབས་དང་ཐབས་ཀྱི་རྒྱུད་དང་ནི།། བསམ་མི་ཁྱབ་ཐབས་རང་བཞིན་དང་།། ཐ་དད་ཐ་དད་མིན་ཉིད་གནས།། ། ་ཕྱི་དང་ནང་དང་བར་རྣམས་དང་།། དཀྱིལ་འཁོར་བསམ་གྱིས་ཁྱབ་བརྟག། ཡེ་ཤེས་རོལ་པའི་གནས་ཐམས་ཅད།། ཀུན་ཏུ་བཟང་པོ་ཡ་ནི་མཆོག། གླང་ཆེན་མྱོས་འདྲའི་ཆོས་རྣམས་ནི།། མཉམ་པ་བཞག ་པས་བཏུལ་ནས་ནི།། ཕྱག་རྒྱ་སྔགས་དང་ལྷར་གྱུར་ས།། དངོས་གྲུབ་ཤིན་ཏུ་བརྟན་པར་འགྱུར།། འདི་ལྟར་ཡམ་ཚན་ཆེན་པོ་ཉིད།། བདེ་བ་ཀུན་གྱི་གནས་དང་ལྡན། ཞེས་བརྗོད་པས་དེ་བཞིན་གཤེག ་བ་རང་ཉིད་གཟིགས་མོ་མཛད་པའི་ཚུལ་གྱིས་ངེས་པར་དགྱེས་པ་དང་མཉེས་པ་ཐམས་ཅད་རབ་ཏུ་ཐོབ་པར་འགྱུར་ཏོ།། ཞེས་པ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས། ་སྒྱུ་འཕྲུལ་སྒྲུབ་པའི་ལེའུ་སྟེ། ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ ་ཐམས་ཅད་ལ། བདག་ཉིད་ཆེན་པོ་ཉིད་ཀྱིས་དཀྱིལ་འཁོར་རྣམ་པར་སྤྲོ་བར་གཟིགས་ཏེ། མངོན་པར་དགེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་པ།། ཕྱོགས་བཞི་དབུས་དང་གནས་འདི་རྣམ།། བྱང་ཞིང་མཁས ་བས་རྣམ་པར་སྤད།། བསམ་མི་ཁྱབ་པའི་དཀྱིལ་འཁོར་འགྲུབ།། རྩོལ་བ་མེད་པའི་རང་བཞིན་ཉིད།། རྣལ་འབྱོར་ཡོད་ལ་གསལ་བ་ནི།། རྫོགས་པ་ཆེན་པོ་རྟོགས་པ་གང་ཀུན།། འབྱུང་དཀྱིལ་འཁོར ་ཆེན་པོར་སྲོད།། འཁོར་ལོ་བརྩིབས་བཞི་མུ་ཁྱད་བཅས།། གྲཝ་ཆད་བཞིའི་བརྒྱན་ནང་པར་ཁྱམས།། ཀུན་ཏུ་གྲུ་བཞི་སྒོ་ཁྱད་ལྡན།། རོལ་མོ་སྣ་ཚོགས་སྤྲིན་ཕུང་མཛེས།། བཞི་བཅུ་རྩ་གཉིས་འཁོར་ལོས ་བཅས།། སྣ་ཚོགས་རྒྱན་གྱིས་བརྒྱན་བྱས་པ།། སེང་གེ་གླང་ཆེན་རྟ་མཁའ་ལྡིང་།། ཤང་ཤང་ཏེའུའི་ཁྲི་ཆེན་ལ།། ཉིན་ཟླ་ན་ཆེན་པདྨ་ཡི།། ཁྲི་ཆེན་པོ་ལ་དེ་བཞིན་གཤེགས།། སེམས་དཔའི་ཚུལ་དང ་། ཆེན་པོའི་ཚུལ།། རྒྱལ་པོ་མྱོས་རྣམ་པར་བརྒྱན།། གས་ན་མཐོང་མཐོས་སྣོམ་པ་དང་།། མྱོང་དང་བཙུན་མོའི་ཚོགས་སུ་བཅས།། གྲུ་ཆང་བ་ནི་མཐོང་བད་དང་།། ཐོས་བྱེད ་སྣོམ་བྱེད་མོང་བྱེད་རྣམས་བཙུན་མོའི་ཚོགས་དང་བཅས་པར་གནས།། བར་ཁྱམས་ལ་ནི་ཐུབ་པོ་དྲག། ཤར་དང་ནུབ་དུ་བྱེད་དང་བྱ།། ཐམས་ཅད་བྱིན་གྱིས་རློབ་ཅིང་གཟིགས།། སྒོ་བཞི་ལ་ནི་འཇོམས་པ་ནི། ་བཙུན་མོའི་ཚོགས་དང་ལྷན་ཅིག་གནས།། རྡོ་འཁོར་ལོ་རི་པོ་ཆེ།། པདྨ་རལ་གྲི་འབར་ཞིང་གསལ།། དྲིལ་བུ་ཨུད་ངལ་ཀླུ་ཤིང་དང་།། སྒྱུ་འཕྲུལ་རོ་བཅུད་རྣམས་ཀྱིས་བརྒྱན།། ཀུན་ཏུ་དགེས་པའི་རྫས་རྣམས ་འཆང་།། འཐིང་ཀ་དཀར་དང་སེར་བ་དང་།། དམར་དང་ལྗང་ཁུ་སྣ་ཚོགས་པ།། མཉེན་ལྡག་འཁྲི་ལྡེམ་ཚུལ་ཅན།། གསལ་འཚེར་ལྷོནི་སྡུག་གཟི་བརྗིད་ཆེ།། སྙིད་ཆེན་པོའི་ངང་ཚུལ་ཅན་ཅན།། མཛེས་ཤིང་རབ ་གསལ་གཞོན་ཚུལ་ཅན།། གཟི་བརྗིད་འོད་ཟེར་རབ་ཏུ་འཕྲོ།། འོད་འཕྲོའི་རང་བཞིན་ཚོགས་ཆེན་པོ།། ཀུན་ནས་འབར་བའི་ཕྲེང་བ་ཅན།། མཐའ་ཡས་ཀུན་ཏུ་ཡི།། དཀྱིལ་འཁོར་ལ་ནི་དཀྱི་ལྷོ་མཆོག། བསམ་གྱིས ་མི་ཁྱབ་ས་མེ་སྤྱོད།། སྐུ་ལ་དྲུག་ཏུ་ན་མཆོག་ཏེ།། དེ་ཉིད་དབྱིངས་ལས་ས་གཡོས་ཀྱང་།། ཡང་དཔེནས་གྲོ་གཟུགས་ཅན་ཅན། འགྲོ་བ་མ་ལུས་གདུལ་བ་འབྱོར།། གདུགས་ཀྱི་རྗེསུ་རོལ། ས ་དོམོམ་འཐུན་སྣ་ཚོགས་བྱེད། ་ཚོགས་གཟུགས་ནི་སྟོན་པར་མཛད།། སྒྱུ་མ་མིག་འཕྲུལ་ལྟ་བུར་སྟོན།། རང་བཞིན་མེད་པ་ཅིང་རབ་མི་གོསོ།། གཡོ་བ་མེད་ཀྱང་སྣ་ཚོགས་བྱེད།། སོ་སོ་ཐ་དད་སྣང་བ་བཞིན།། དེ་བཞིན་དེ་ཉིད་ཀྱི་རྣམ་པ། ་ལས་ཀྱི་བཞི་ཡིས་དེ་ཉིད་སྣང་།། མེ་ལོང་ཆུ་ལ་ཟླ་བ་ལྟར།། ཐམས་ཅད་ཐ་དད་བཞིན་དུ་སྣང་།། དེ་ཚེ་འགྲོ་དྲུག་ཐམས་ཅད་དུ།། སྡིག་པ་གསལ་ཕྱིར་གཟུགས་སྟོན་བྱེད།། དགེ་སློང་རྣམས་ལ་དགྲ་བཅོམ་གཟུག།། ་རང་རྒྱལ་རྣམས་ལ་བསེར་རུའི་གཟུགས།། གཞན་ཡང་བླ་མེད་ཐེག་པ་ཡི།། ཇི་ལྟའི་རིམ་པའི་སྟོན་པར་མཛད།། འོག་མིན་མཆོག་གི་གནས་སུ་ནི།། རྣམ་པར་སྣང་མཛད་གཟུགས་ཀྱི་སྐུ།། བྱང་ཆུབ་སེམས་དཔའི ་འཁོར་རྣམས་ལ།། གསུང་རབ་རྣམས་ནི་མི་འཆད་དེ།། སྐྲའི་ཆོས་རྣམས་བདུད་པ་དང་།། མེ་ལོངས་འཛིན་པས་མཐོང་བ་བཞིན།། མདོག་ངན་ཐམས་ཅད་དོར་བ་ཉིད།། འཁོར་ལ་རབ་ཏུ་གསལ་བར་འགྱུར།། ་བྱང་ཆུབ་སྒྲིབ་པ་གཞལ་དུ་མེད།། བྱང་ཆུབ་མེ་ལོང་བཞིན་དུ་གནས། ས་བཅུ་པོ་ཉིད་རིམ་པ་ཡིས།། རབ་ཏུ་དག་པས་སོ་སོར་སྣང་།། བླ་ན་མེད་པའི་བྱང་ཆུབ་ཆེན།། ཆོས་ཀྱི་སྐུ་ནི་ཉེ་བར་ཐོབ།། གཞལ་མེད ་བརྗོད་དུ་མེད་པ་ཉིད།། ལོངས་སྤྱོད་ཟད་མེད་འབྱུང་བའི་གནས།། རིན་ཆེན་གཏེར་ལྟར་སྤྲུལ་པ་ནི།། བསམ་གྱི་མེ་ཁྱབ་བྱེ་བའི་གཟུགས།། མཚན་དང་དཔེ་བྱེད་གསལ་བ་དང་།། ཡོངསུ་རྫོགས་པའི་དཀྱིལ་འཁོར ་། བདག། སྲོད་ཡུལ་ཐམས་ཅད་དུ་ནི་འགྲོ།། གཉིས་སུ་མེད་པའི་ཚོགས་ཆེན་པོ།། དགེས་ཤིང་ལོང་སྤྱོད་ལྡན་པ་དང་།། ཐབས་དང་ཤེས་རབ་སེའི་མཆོག། དེ་ལ་སོགས་པ་གཞལ ་དུ་མེད།། སྐྱེ་དང་འཆི་བ་ཡོད་མ་ཡིན།། རྟག་པའི་སྐུ་ནི་ཐོབ་པ་དང་།། ཉོན་མོངས་ཐམས་ཅད་ཕྱིར་སོང་བ།། ཟད་མེད་གཏོར་ཏུ་འགྱུར་བ་ཉིད།། རྡོ་རྗེ་རིག་པ་འཛིན་པའི་སྐུ།། ཐམས་ཅད་གཉིསུ་མེད་གཟུགས ་ཀྱིས།། མཉམ་ཉིད་སྐྲ་ཡིས་རང་བཞིན་ཅན།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྒྲ་དེ་ཆེ་སྐུ་ལྔ་མ་ལུས་པ།། ཐམས་ཅད་ལྡན་པའི་རྣལ་འབྱོར་པའོ།། ཞེས་བརྗོད་པས།། དེ་བཞིན་གཤེགས་པའི་འཇིག ་རྟེན་དྲུག་ཕྱོགས་མཐའ་ཡས་མུ་མེད་པ་ཐམས་ཅད།། དཀྱིལ་འཁོར་གྲངས་མེད་པ་ཐམས་ཅད།། ཐམས་ཅད་ཀྱི་ཐམས་ཅད་དུ་བརྗོད་ཀྱི་མི་ལང་བའི་རང་བཞིན་གྱི་སངས་རྒྱས་ཀྱི་ཞིང་གི་རྡུལ་སྙེད་དུ། ་གསལ་བར་གྱུ་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ལྷ་ཐམས་ཅད་ཀྱི་ཚོགས་དང་གཉིས་སུ་མེད་པ་དེ་དག་གི་བདག་ཉིད་ཀྱི་རང་བཞིན།། གསང་བའི་དཀྱིལ་འཁོར ་འདིས་རང་གི་སྐུ་དང་།། གསུང་དང་ཐུགས་དང་ཡོན་ཏན་དང་འདྲེན་ལས་ཕྱུང་ནས་གསུངས་པ།། དམིགས་བྱ་དང་ནི་དམིགས་མེད་པ།། དམིགས་བྱ་དམིགས་བྱེད་སྒྱུམ་བཞིན།། བསམ་གྱིས་མི་ཁྱབ ་གཞལ་དུ་མེད།། རང་རིག་ཡེ་ཤེས་དཀྱིལ་འཁོར་རོ།། བགྲང་དུ་མེད་ཅིང་མཚུངས་པ་མེད།། མི་ཉམས་མ་ལུས་ཁྱབ་པ་དང་།། ཁྱབ་པ་མེད་ཅིང་ཁྱབ་པའི་དབྱིངས།། གདོད་མ་ཉིད་ནས་རབ་ཏུ་གསལ།། ། ་དཀྱིལ་འཁོར་རྣམ་པར་སྤྲོ་བ་དང་།། སྤྲོས་མེད་རྡོ་རྗེའི་གསང་ཚིག་གོ།། ཞེས་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་རྒྱུད་ཆེན་པོ་ལས། དཀྱིལ་འཁོར་སྤྲོས་པ་ཞེས་བྱ་བའི་ལེའུ་སྟེ།། དྲུག་པའོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེག་པ། ཐམས་ཅད་དང་། བཙུན་མོ་ཐམས་ཅད་ཀྱི་རིགས་ལས་བྱིང་བའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས་གསང་སྔགས་ཀྱི་གསང་བ་འདི་གསུངསོ།། ་བྷྲཱུཾ་བི་སྭ་བི་ཤུད་དྷེ།། ཧཱཾ་བཛྲ་དྷི་ཀ། ཨཽ་ཛི་ནི་ཛི་ཀ། སཱཾ་རཏཱི་དྷཀ། ཨོཾ་ཨཱ་རོ་ལི་ཀ། ཧཱཾ་པྲཛྙཱ་དྷྲིག། མཾ་དྷེ་ཤཱ་རཱི་ཝཱ་ད་ཤ་ར་ཏི། མི་མོ་ཧ་ར་ཏེ། པི་རཱ་ག་ར་ཏི། ཀྵི་ཀ་ར་ཛ་ཡ། ཏྲི་ཁ་གརྦྷཱ་ཡ། ཧྲི་ཧ་ཧཱི་པདྨ ་བ་ད་མ། ཛི་ཀུ་རུ་པཱ་ཎ་ཧི།། ཧཱིལྤེ་སྱ་ས་མ་ཡ་ཏི། ཏྲི་ལྱ་སེ་མ་ཡེ་ཧོ།། དྲི་ཤྲི་དྷི་རཱི་གོ་ཧི། ཨ་ནིརྟ་རཱ་ག་ཡ་མྱ་མཱི་དྷ་ར་ནེ་སཱཧཱ། བྷཱི་ནི་ས་རམྨ་ཡ་སཱཧཱ། མི་ཤྲི་ཨི་རོ་བྷི་སཧཱ།། ཛ་ད་པ་པྲ་བི་ས། ཧཱཾ་པུ་ཏྤ་ཨ་བི ་ས། བཻ་དཔ་སུ་ཁི་ནི། ཧཻ་གེ་ཧི་ཙིཏྟཾ། ཧཱུཾ་ཡ་མནྟ་ཀྲིད་ཕཊ། ཧཱུཾ་པདྨ་ན་ཀྲི་ཏ་ཕཊ། ཧཱུཾ་པྲ་ཛཱ་ནྟ་ཀྲིཏ་ཕཊ། ཧཱུཾ་བྷེ་གན་ཀྲི་ཏ་པཊ། ཨོཾ་མ་ཧཱ་བཛྲེ་དྷ་རི་མ་ཧཱ་ཀྲོ་དྷི་ཤ་རཱི་ཛཱ་ལི་ཧཱུཾ་ཕཊ། ཨོཾ་མ་ཧཱ་རཏྣ་དྷ་ར་མ་ཧ་ཀྲོ་དྷ ་འོ་ཞེ ་ཤར་ཛྭ་ལ་ནི་ཧཱུ~ཾ་ཕཊ། ཨོཾ་མ་ཧཱ་པདྨ་དྷ་ར་མ་ཀྲེ་དྷེ་ཤྭ་རཱ་ཛྭ་ལ་ནེ་ཧཱུ~ཾ་ཕཊྚ། ཧཱུཾ། ཨོཾ་མ་ཧཱ་ཀ་རྨྨ་དྷ་ར་མ་ཧཱ་ཀྲེ་དྷེ་ཤྭ་རཱི་ཛྭ་ལ་ནཱི་ཧཱུ~ཾ་ཕཊ། ཧཱུཾ་ཧྞ་ཧཱ་བཛྲ་ཙཏྟ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མན་མོ། ་ཨོཾ་མུ་ནེ་ཧྲི་སྭཧཱ། ཨོཾ་མུ་ནེ་སྲི་སྭཱ་ཧཱ། ཨོཾ་མུ་ནེ་བྷཱ་སྭཱ་ཧཱ། ཨོཾ་མུ་ནེ་ཀཱ་ཧཱ། ཨོཾ་མུ་ན་ཡ་སྭཱ་ཧཱ། ཨོཾ་ཨེ་ཧྱེ་ཧི་བྷ་ག་པཱནྣ་ཧ་ཀཱ་རུ་ཎི་ཀ་དྲི་སྱ་ཧོ་ས་མ་ཡ་སྟེ། ཛ་ཧཱུ~ཾ། བོ་ཧོ། ཨོཾ་ཨ་ཧྲཱི། སྭཱ་ཧཱ། བ་བ་བ་བ་བཛྲ་ཛྲ་ཛྭ་ཛྭཿ། ་ས་ས་ས་ས་ས་མ་མ་མ་མ་མ་ཡ་ཡ་ཡ་ཡ་ཡ། ཨོཾ་ཨཿཧཱུཾ་སྭཱ་ཧཱ། ཨོཾ་ཡེ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། ཡོན་ཏན་ཕྲིན་ལས་རྨད་བྱུང་ཆེ། ད་ལྟར་ཉིད་དུ་མཉམ་པར་སྦྱོར།། ཕྱག་རྒྱ་ཆེན་པོར་བདག་སྦྱོར ་མཛོད། ཨོཾ་བཛྲ་ས་མ་ཡ་ཧཱི། ཨོཾ་བཛྲ་ས་མ་ཡ་སྟེ། ཨོཾ་བཛྲ་ས་མ་ཡ་ཧོ།། ཛཿཧཱུཾ་བི་ཧོ།། ཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་འདི་རྣམས་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ཁྱབ་ཅི ་རབ་ཏུ་གསལ་བར་གསུངསོ།། དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་རྡོ་རྗེའི་བདག་ཉིད་དང་། བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་འིདཀྱིལ་འཁོར་ལ་གཅིག་ཏུ་ཐིམ་འགྱུར་གྱུར་ཏོ།། ་དེ་ནས་ཕྱོགས་དུས་བཞི་དང་ལྡན་པའི་དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོས། ཡེ་ཤེས་ཆེན་པོས་བྱིན་གྱིས་བརླབས་རབ་ཏུ་གསལ་བ།། ཡང་དག་པར་སྡུས་པ་ཞེས་བྱ་བྱ་སྐུ་དང་གསུང་དང ་ཐུགས་སྒྱུ་འཕྲུལ་དྲ་བའི་རྡོ་རྗེ་ལས་ཕྱུང་ནས་གསུངས་ཤིང་གསུངས་པ། ཨོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་ས་བྷ་བཱཏྨ་ཀོ་ཧེ། ཨོཾ་མ་ཧཱ་ཨཱད་ཪྴ་ཛྙཱ་བཛྲ་ས་བྷ་བཱ་ཏྨཀོ་ཧ། ཨོཾ་མ་ཧཱ་པྲེ་ཏྱ་བེ་ཀྵ་ཏ་ཛྙཱ་ན་བ ་ས་བྷ་བདྷྲྀ་ཀེ་ཧི། ཨོཾ་མ་ཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སྭ་བྷ་བཱ་ཏྨ་ཀོ་ཧི། ཨོཾ་མ་ཧཱ་གྲི་ཏྱཱ་ནུ་ཥྚཱན་ཛྙཱ་ན་བཛྲ་སྭ་བྷཱ་བཏཱ་ཀོ་ཧོ།། ཨོཾ་སརྦ་ཏ་ཐཱ་ག་ཏཱ་མཱ་ཧཱ་བཱ་ག་བཛྲ་སྭ་བྷ་བཱིཏྨ་ཀེ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཙི་དྷ་བཛྲ ་སྭ་བྷི་བཱ་ཏྨ་ཀོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་པུ་ཛ་བཛྲ་སྭ་བྷ་བཱཏྨ་ཀོ་ཧི། ཞེས་བརྗོད་པས་གཅིག་ཏུ་ཐིམ་པའི་རང་བཞིན་དུ་གྱུར། གསལ་བར་གྱུར་རབ་ཏུ་གསལ་བར་གྱུར་ཏོ།། ཨེ་མ་ངོ་མཚར ་རྨད་ཀྱི་ཆོས།། རྫོགས་སའི་སངས་རྒྱས་ཀུན་གྱིས་གསུངས། སྒྲ་དང་མིང་རྣམས་ཀུན་ལས་འདས། སྣ་ཚོགས་སྒྲ་རྣམ་རབ་གསལ་བྱེད།། གསུང་གི་དཀྱིལ་འཁོར་གཅིག་བསམ་པས།། ་གང་ཞིག་ཀུན་ཏུ་ཁྱབ་པའི་མཆོག། སྒྲ་དང་མིང་ཚིགས་སོ་སོར་གྲགས། ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག། རྒྱད་ཆེན་པོ་མཆོག་སྟེ་བརྒྱུད་ཆེན་དྲ་བ་ལས་ཀྱི་མཆོག། གསུང་གི་དོན་ན་ཀུན ་ཏུ་བྱུང་། ཆོས་ཀུན་རང་བཞིན་དབྱིངས་གྱུར། གྲོལ་ཞིང་ཐར་པར་ཡི་ནི་ལམ། འཁོར་བའི་ཚིག་ནི་དེ་བཞིན་དུ།། རྒྱུད་ཀྱི་ཡོན་ཏན་སྐྱོན་མེད་པ།། རང་བཞིན་གཅིག་ཏུ་དེ་ལྟར་གནས།། གསུམ ་མཆོག་གི་ནི་ཐེག་པ་དང་།། འགྲོ་བ་ངན་སོང་ཐམས་ཅད་དང་།། མཐོན་མན་དེ་བཞིན་གཤེགས་མ་ལུས་ཀུན།། བྱང་ཆུབ་རྡོ་རྗེས་གསུང་དུ་བརྫུས།། བསྡད་ཉིད་ཕྱོག ་བཅུར་འཆད་ཅིང་གྲགས།། སྒྲ་དང་ཚིག་གི་རང་བཞིན་གསུངས།། གསུངས་ཀྱང་གསལ་བར་བྱས་པ་མེད།། སྣ་ཚོགས་ཐམས་སྒྲ་ཡིས་ནི།། སྣ་ཚོགས་གསལ་བྱས་སུ་ཡིས་རག། གང་གི ་དེ་ཡིས་རྣམ་པ་ཡིས།། སྐད་ནི་བསམ་ཡས་སྣ་ཚོགས་སོ།། གསུང་གཅིག་སྒྲ་ཡིས་ཐམས་ཅད་འདུལ།། གསུང་གི་མཆོག་ནི་རྒྱལ་པོ་སྟེ།། དཔེར་ན་དེ་བཞིན་སྤྲིང་སངས་བཞིན།། ཐེག་པ ་མཆོག་གི་སྔགས་པ་ནི།། ཐེག་པ་དེ་ཉིད་གཞལ་དུ་མེད། ཐབས་ཀྱི་རྒྱུ་ཡི་རྣམ་འདུལ་གསུང་།། བྲག་ཆེའི་སྒྲ་ལྟར་མཚོན་པ་སྟེ།། གསུང་རབ་ཐམས་ཅད་གསུང་བ་དང་།། འགྱུར་བ་མེད་པའི ་དེ་བཞིན་ཉིད།། ཐེག་པ་ཡང་ནི་ཡོད་མ་ཡིན།། བསམ་གྱི་མི་ཁྱབ་ཚིག་རབ་གསུངས།། ལྗགས་ཀྱི་རྩེ་མོར་རྣམ་མི་གསལ།། གསུང་གི་ཐུགས་རྗེའི་བྱིན་བརླབས་ཀྱིས།། འགྲོ་ལ་སྣ་ཚོགས་དོན་གས ་བ་། གསང་བའི་གསུང་ནི་རྡོ་རྗེའི་མཆོག། གཤད་པ་དེ་བཞིན་གསུང་དེ་བཞིན།། དེ་ཉིད་ཡོངསུ་འགྱུར་མེད་ཀྱང་།། ས་རྣམས་སོ་སོ་ཉིད་ལྟ་བུའོ།། ཞེས་པ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་རྣམ་པར་ངེས ་རྒྱུད་ཆེན་པོ་ལས།། དཀྱིལ་འཁོར་ཉེ་བར་བསྡུ་བ་དང་། གསང་སྔགས་བཏན་ལ་ཕབ་པ་ཞེས་བྱ་བའི་ལེའུ་སྟེ། བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱིས་ཡན་ལག་ཐམས་ཅད་དཀྱིལ་འཁོར་དུ་ལྷན་གྱིས་གྲུབ་པར་བྱིན་གྱིས་བརློབ་པ་འདི་ཆེད་དུ་བརྗོད་དེ་གསུངས་པ།། སྒྱུ་འཕྲུལ་དྲ་བའི་སངས་རྒྱས་ཀུན། བྱང་ཆུབ་ཕྱག་རྒྱ་འབའ་ཤིག་འཛིན། ་གསང་བའི་དེ་ཉིད་ངེས་པ་དང་།། སྙིང་པོའི་ཕྱག་རྒྱ་མི་འགོང་ངོ་།། མི་སྐྱོད་ཉི་མིའི་དཀྱིལ་འཁོར་ལོའི་མཐར།། ཡི་གེ་རིན་ཆེན་ཟླ་དཀྱིལ་སྐྱེས།། ཡི་གེ་ལྔ་གཉིས་རབ་ཏུ་སྤོར།། ཕྱག་རྒྱའི་དོན ་གྱི་ཆེད་དུའོ།། ཧཱུཾ་མུ་སོར་མོའི་རྩེ་སྤྲད་དེ།། ཡིག་རྒྱ་ཕན་ཚུན་བསྣོལ་བ་ནི།། སངས་རྒྱས་ཀུན་དང་ཡང་དག་སྒོར།། ཕྱག་རྒྱ་ཆེན་པོ་བདེ་བ་སྟེར།། ཡི་གེ་བཞི་ཡི་སོར་མོ་སྲས།། ཧྲཱི་སྐྱེས་པ་རྩེ་མོར་རྡོ་འབར། ་སྙིང་ཁར་བསྒྲངས་ཏེ་བཞག་པར་བྱ།། ཟླ་བར་ཡི་གེར་བཀོད་པ་སྦ།། སོར་མེའི་རྩེ་མོས་དྲིལ་བུ་བསྒྲེང་། འཁྲིལ་ནས་ཆོས་ལ་བརྟན་པ་ཡིན།། ཡི་གེ་བཞིའི་སྙིང་པོ་བས།། མི་རྩོ་དྲིལ་བུ་རབ་ཏུ་འབར ་ཉི་མ་འཁོར་ལོའི་ཡི་གེ་ལྔ།། རྩེ་མོ་ལ་སུ་འཁྲིལ་བ་དང་། ཞལ་ནི་འཛིན་ཞིང་ཀུན་ཏུ་གཟིགས།། ཡི་གེ་བཞིའི་སྙིང་པོ་སྦས། ཨོཾ་བཀོད་རྩེ་མོར་འཁོར་ལོ་འབར།། ཟླ་བ་སྦས་པར་དྲིལ་བུ་བཅས། ་འཁྲིལ་བས་ཆོས་ལ་སྦྱོར་བ་དང་།། ཡི་གི་བཞིའི་སྙིང་པོ་སྦས།། ལཱི་རྩེར་དྲིལ་བུ་འབར་བ་དང་།། ཉི་མའི་ཡི་གེ་ལྔ་པོ་དང་། ལསུ་འཁྲིལ་ནས་སྤོང་བ་དང་། ཞི་ལ་ནི་འཛུམ ་ཞིང་ཕྱག་འཚལ་བ།། ཡི་གེ་བཞིའི་སྙིང་པོ་སྦས།། ས་རྩེར་རིན་ཆེན་རབ་ཏུ་འབར།། ཟླ་བའི་ཡི་གེ་སྦས་དྲིལ་བུ།། འཁྲིལ་ནས་ཆོས་ལ་ཡང་དག་བསྟེན།། ཡི་གེ་བཞི་ཡི་སྙིང་པོ་སྦས།། མི་རྩེར་དྲིལ ་བུ་རབ་ཏུ་འབར།། ཉི་མར་བཀོད་པའི་ཡི་གེ་ལྔ།། ལས་སུ་འཁྲིལ་ནས་སྦྱོར་བ་དང་།། འཛུམ་ཞལ་གཟིགས་པ་ཕྱག་འཚལ་བས།། ཡི་གེ་བཞི་ཡི་སྙིང་པོ་སྦས།། ཨོཾ་རྩེ་ར་བ་རྨ་རབ་ཏུ་འབར།། ཟླ་བའི ་ཡི་གེ་བསྡུས་པ་དང་།། གསང་བའི་དྲིལ་བུ་རབ་ཏུ་འཁྲོག།། འཁྲིལ་བས་ཆོས་ལ་ཡང་དག་སྦྱོར།། ཡི་གེ་བཞིའི་སྙིང་པོ་སྦས།། བཱཾ་གི་རྩེ་མོར་དྲིལ་བུ་འབ་རེ།། ཉི་མའི་ཡི་གེ་ལྔ་ལ་སུ།། འཛུམ་པའི ་ཞལ་གྱིས་ཕྱག་འཚལ་བ།། ཉ་ཡི་གེ་བཞིའི་ཡི་སྲིང་པོ་སྦས།། ཧཱི་ཙིར་རལ་གྲི་རབ་ཏུ་འབར།། ཟླ་བར་བཀོད་པའི་ཡི་གེ་ཏེ།། སྦས་ནས་དྲིལ་བུ་དེ་བཞིན་འཁྲོལ།། འཁྲིལ་བས་ཆོས་ལ་ཡང་དག་སྦྱོར། ་རིགེ་བཞིའི་སྙིང་འོ་སླས།། རྟག་ཅི་མོར་དྲིལ་བུ་འབར།། ཉིམའི་ལེགེ་ལྔ་ཕྲིན་ལས།། དག་འ་དང་ལེ་ལོ་མེད་འཛུམས་བདུད།། གད་ཨུད་དཔའ་གྱིས་མག་ཉིད།། གི་ཨེ་ཀླུ་གྲཝ་རཔ་ཕྲེ་བར། ་པད་དཀར་རྡོ་རྗེ་རབ་ཏུ་འབར།། ཆོས་ཀྱི་འཁོར་ལོ་རིན་ཆེན་སྟེ།། གཟུགས་མཛེས་རིན་ཆེན་ཕྲེང་བ་དང་།། པི་ཝང་གར་མཁན་མཆོག་ཏུ་བྱེད།། མེ་ཏོག་ཕྲེང་བ་བདུག་པས་མཆོད།། སྒྲོན་མ་དྲི་བཟང་སྤོར་བ་ཡི། ་ལསུ་འཁྲིལ་བས་ཆོས་ཉིད་དང་།། འཛུམ་པའི་ཞལ་གྱི་མགོས་ཕྱག་འཚལ།། སྔར་གསུངས་ཕྱག་རྒྱ་ཆེན་པོ་བཞིན།། གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ།། སྒོ་བཞི་ཁྲོ་བོས་ཕྱག་རྒྱ་ནི།། མི་མགོ་རྔ ་གནོན་པ་དང་།། མགོ་བོ་སྦྲུལ་གྱིས་བཀྲིས་པ་ཉིད།། སྣ་ཚོགས་རྡོ་རྗེ་ལས་ཀྱིས་གནོན།། ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ།། སྒོ་བཞིར་གནས་པ་དེ་དེ་དག་ཀྱང་།། གུས་པའི་སྦྱོར་བ་སྔར ་བཞིན་ནོ།། ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ།། ཕྱག་རྒྱ་དྲུག་ཏུ་བསྡུས་པའོ།། པི་ཝ་ད་མ་ཁར་སིལ་ལྷུང་བཟེད་དང་།། ཆོ་ག་ཆོས་པོད་ཟ་མ་ཏོག། མེ་དང་ཆུར་ནི་ཀུན་ཏུ་བསྟན།། ཡུམ་ནི་དམིགས ་མེད་ཆོས་ཀྱི་དབྱིངས།། ཀུན་ཏུ་བཟང་པོ་མཉམ་བཞག་སྦྱོར།། ཆོས་ཀྱི་དབྱིངས་ལས་འཕྲོས་པས་མཉེས།། བཙུན་མོ་མཉམ་ལྡན་ལྷ་མོ་ཡི།། པད་མའི་མཐར་ནི་དཀྱིལ་འཁོར་དང་།། གཞལ ་ཡང་ཕྱག་རྒྱ་སྣ་ཚོགས་ཏེ།། ཡང་ན་དེ་བཞིན་གཤེགས་བདག་རུང་།། ཡང་ན་ཐ་རྡོ་རྗེ་ཐལ་མོ་ཅན།། ཕྱག་རྒྱ་ཆེན་པོ་མཆོག་གི་མཆོག། ཐབས་དང་ཤེས་རབ་གཉིས་མེད་སྐོར།། ཐམས་ཅད་མ ་@གཡོས་མ་བསྐལ་པ།། ཕྱག་རྒྱ་ཆེན་པོས་རང་བཞིན་དོན།། བཞི་བཅུ་རྩ་གཉིས་དཀྱིལ་འཁོར་བཅས།། དེ་ཉིད་ཡན་ལག་སྤོས་བདག་སྟེ།། བཞི་བཅུ་རྩ ་གཉིས་སུམ་འཕོར་འགྱུར།། སོ་སོར་གསུམ་གྱི་རྣམ་པ་ཉིད།། དེ་ལྟར་སྲེར་བའི་གཙོ་བོ་ཡི།། རྒྱལ་བ་རྒྱ་མཚོ་མཆོག་དང་ནི།། བཅུ་གཉིས་དྲུག་ཅན་འོད་ཟེར་འབར།། དེ་ལ་སོགས ་པ་གཞལ་མེད་ཉིད།། ཕྱོགས་བཅུ་དུས་བཞི་དང་ལྡན་པའི།། རྣམ་པོར་འདུལ་དོན་རབ་ཏུ་སྟེན།། ཐེག་པ་མཐོ་དང་དམའ་བ་དང་།། ཀུན་ནས་ཕྱིན་ཅི་ལེག་པ་དང་།། ཞི་ཁྲིའི་ཚོགས་ནི་ཐད ་ལ།། ཀུན་ཏུ་འཐུན་པར་མཛད་པ་དང་།། ཐམས་ཅད་དུ་ནི་གསལ་བར་མཛད།། གར་མཁན་ཆ་ལུགས་རྣམ་པ་བཞིན།། སྣ་ཚོགས་ལུས་ཀྱི་བཀོད་པ་ཡིས།། དེ་དང་དེ་ལ་སྟེན་པ་བྱེད།། ཀུན་ལ ་ཡོད་པའི་ཕྱག་རྒྱ་བསྡུ།། དེ་ཉིད་འདི་ཞེས་བརྗོད་དུ་མེད།། གཉིས་དང་གསུམ་དུ་རྣམ་པར་སྤྲོས།། མདོ་སྔས་སྤོས་དང་བཅས་པ་ཉིད།། བསྡུས་ནས་བསྐུལ་བསྐྱོད་ཐད་པ།། ཕྱག་རྒྱ་ཆེན་པོའི་རང ་བཞིན་ཉིད།། གནས་དང་གནས་རྣལ་འབྱོར་པས།། ཀུན་ཏུ་གནས་ཀྱང་གནས་པ་མེད།། ནམ་དག་དབྱིངས་ཀྱི་རྣལ་འབྱོར་བ།། དེ་བཞིན་གཤེགས་ཀུན་རབ་ཏུ་གསུངས།། ཞེས་པ་དཔལགས་པ ་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས།། ཕྱག་རྒྱའི་དཀྱིལ་འཁོར་བྱིན་གྱིས་བརླབ་པ་སྟན་ལ་ཕབ་པའི་ལེའུ་སྟེ། བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདྲ ་དེ་བཞིན་གཤེགས་པ་དགེས་པ་ཆེན་པོས་རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ།། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག། ཕྱག་རྒྱ་ཆེན་པོའི་ཕྱག་འཐིལ་དུ། ་ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ།། སོར་ནི་བཞིའི་ཚད་དུ་བྱ།། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ།། སྙིང་པོ་ལྔ་དང་སྨན་ལྔ་དང་།། བདུད་རྩི་ལྔས་ནི་རབ་བསྙས་ལ།། རིག་པས་ཐིག་གདབ་པར ་བྱ།། ལྟེ་བས་རྩིབས་དང་ལྡན་པ་ཡི།། རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས།། གྲུ་ཆད་བཞི་དང་གྲུ་བཞི་ཡི།། བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ།། དབེན་བཟླུམ་ཙམ་གྱི་ཉི་ཟླ་ལ།། ་རྩ་ནི་འབྲུ་ཙམ་པདྨོའི་གདན།། ཡུངས་འབྲུ་ཙམ་གྱི་ཡ་ཡི་གེ་ལ།། ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི།། བཅོས་བུ་རས་ནི་སྣ་ཚོགས་དང་།། བརྒྱན་འཕྲེང་བཏུང་དང་ཕྲོ་བས་བསྐོར།། གླུ་ཅིག་བྲོ་གར ་རོལ་མོ་ཡི།། སྤྲིན་ཕུང་ཚོགས་ཀྱིས་རབ་ཏུ་མཆོད།། ཡུམ་དང་འཇོམ་སེམས་མ་ཡིས།། ཇི་ལྟར་འདོད་པའི་ལས་བཞིན་མཆོད།། དབྱིབས་དང་ཁ་དོག་མཚན་ལྡན་པར།། ཞལ་དུ་གྱུར་པའི་མེ་བོས་ལ། ་@བཟའ་བཏུང་བྲོ་བའི་ཚོགས་རྣམ་ཀྱིས།། ལས་བཞིའི་མཆོད་པ་རབ་ཏུ་སྦྱིན།། ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ།། ཤིན་ཏུ་ཕྲ་ལ་སྤུངས་པ་ཡིས།། བསམ་ལ ་དག་ལའང་དེ་བཞིན་བྱ།། རིག་པས་དཔག་པ་ཙམ་གྱིའོ།། མཆོད་པའི་ཕྱག་རྒྱ་ཆེན་པོ་ནི།། སེམས་ཀྱི་ཡིད་བཞིན་སྤྲིན་ཆོསས་ཀྱི།། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་།། མཉེན། འཇམ ་རེག་ན་བདེ་བ་ཡི།། སྣ་ཚོགས་རིན་པོ་མའ་བཞི།། མཛེས་པར་བྲིས་ཤིང་སྤྲས་པ་དང་།། ཀུན་འབྱུང་རིན་ཆེན་ཕུང་པོ་འབར།། དབྱིབས་ལེགས་རྫིང་བུ་བྲོ་མཆོག་གསིལ།། རིན་ཆེན་ཁང་པསྣ ་ཚོགས་དང་།། རྒྱན་དང་དངག་བསམ་ལྡོན་པའི་ཚལ།། གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ།། བླ་བྲེ་རྒྱལ་མཚན་ན་བཟའ་བདུག། དོགལ་དཔུང་རྒྱན་སེན་མོ་དེ།། བཟའ་དང་ཉུང་བའི་མཆོག ་རྣམས་ལ།། རང་ལ་མཛེས་པར་བརྒྱན་པ་ཡིས།། ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས།། བྲོ་གར་ལ་སོགས་བསམ་ཡས་ཀྱིས།། ཕྱོགས་བཅུ་ན་མཁའི་ཁམས་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས ་བར་དབུལ།། སྐལ་ལྡན་གས་ལ་པའི་ཁྱད་པར་གྱིས།། རིས་ཀྱིས་ཡང་ཅིག་ཅར་དུ།། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བའི།། མཆོད་པའི་ཕྱག་རྒྱ་ཆེན་པོར་གྲོས།། གསལ་ལྡན་མ་འམ་བྱིན ་བརླབས་ལ།། སྟོང་གསུམ་ཡུངས་འབུར་གཞུགས་ཚུལ་དུ།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད།། མཉེས་ནས་གྲུབ་པའི་དམ་ཚིག་མཆོག། བདག་ཉིད་ཆེན་པོའི་མཆོད་པ་ཡི།། སངས་རྒྱས ་དཀྱིལ་འཁོར་མ་ལུས་མཉེས།། སྲིད་གསུམ་འགྲོ་བ་ཐམས་ཅད་ལ།། དགའ་ཆེན་པོས་ཁྱབ་པར་འགྱུར།། སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས།། ཕྱོགས་བཅུ་ངས་བཞི་གཤེགས་པའི།། སངས་རྒྱས་དཀྱིལ་འཁོར ་མ་ལུས་དང་། ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར།། ལུས་ངག་སེམས་དང་ཆོས་ཐམས་ཅད།། གང་ན་འང་མི་གནས་མི་དམིགས་པ།། མིག་ཡོར་ཚུལ་དུ་སྐོར་བ་ཡིས།། ན་མཁའ་ལ་ནི་ན་མཁའ ་སྒོམ།། ཀུན་བྱས་དབང་ཕྱུག་རིག་པས་འཇུག། དེ་ནས་སློབ་མ་གཞུག་པར་བྱ།། དེ་ནས་རིགས་ཀྱི་བུ་དེ་ཡིས།། རྒྱལ་སྲིད་དང་ནི་རང་གི་ལུས།། བུ་དང་ཆུང་མ་ནོར་གྱི་དབྱིག། བློན་པོ་དང་ནི་ནང་བློན་བུལ། ་གཙོ་བོ་འདོད་ཡོན་ལྔས་མཆོད་ན།། རྫོགས་སངས་རྒྱས་ཀྱི་དཀྱིལ་འཁོར་ཀུན།། རབ་ཏུ་མཆོད་པར་འགྱུར་བ་ཡིན།། ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས།། ཉེས་པ་ཐ~ཾད་དག་པར་འགྱུར།། དད ་བཙོན་འགྲུས་བརྟུལ་ཞུགས་ལ།། ཕན་དང་ནུས་པའི་དབང་བསྐུར་བྱ།། ཤེས་རབ་དབང་བསྐར་རིམ་པར་བཅས། བརྩེ་བས་ཆུང་མ་ཟོས་པར་སྨིན།། ཡང་ན་ཐལ་མོ་ཕན་ཚུན་བསྣོལ། ་@ཕྱག་རྒྱ་ཆེན་པོ་པང་དུ་བྱས།། འཁོར་ལོ་མཐོ་གང་ཚད་དུ་བྱ།། མཁས་པས་ཆོ་ག་བཞིན་དུ་བྱ།། ཡང་ནས་གཞི་མཉམ་བྱས་ནས།། དཀྱིལ་འཁོར་ཁྲུ་གང་ཚད་དུའོ།། ཡང་ན ་ལུས་ཀྱི་ཚད་དུ་སྟེ།། ཡང་ན་ལུས་ནི་གསུམ་དུའོ།། ཕུར་བུ་སྲན་བུ་ཚོན་ཞིབ་མོ།། གོས་ཀྱིས་མཛེས་པར་རྒྱན་པ་ཡི།། རྣལ་འབྱོར་བཅས་པས་ཐིག་གདབ་པ།། གཙོ་བོ་དང་བཅས་སྤྲད་པར་བྱ། ་རྣལ་འབྱོར་མཁས་པ་ཆེན་པོ་ཡིས།། རིག་སོགས་ཐམས་ཅད་སུ་ཡིས་ཤེས།། རྣལ་འབྱོར་པས་ནི་མངོན་པར་བྱ།། ཡང་ན་ཁྲུ་ནི་བཅུ་དྲུག་ཉིད།། ཉི་ཤུ་འམ་ནི་ཉི་ཤུ་རྩ་ལྔའང་རུང་།། རིགས ་ལྔ་པོ་ནི་དག་པར་བྱ།། དཀྱིལ་འཁོར་དེ་ཉིད་སྒོམ་པར་བྱ།། སྐུ་གསུང་ཐུགས་སྦྲེར་བ་ཉིད།། འདིར་ནི་གཟུགས་ཀྱང་སྦེད་པར་བྱ།། རྒྱང་གྲགས་སམ་ནི་དཔག་ཚད་སྤེར།། མཁའ་དབྱིངས་བསམ ་མི་ཁྱབས་པར་རུང་།། སངས་རྒྱས་དཀྱིལ་འཁོར་བསམ་པར་བྱ།། མ་མཐོང་བ་ལ་དཀྱིལ་འཁོར་བྱས།། ཚེན་ནི་མོངས་པར་རྣམས་ལ་བརྟན།། ཉི་ཤུ་རྩ་ལྔ་ཁ་དོག་དང་།། མཚོན་ལྔ་པོ་ཡི ་མཆོག་ཏུ་བྱི།། སྣ་ཚོགས་རྣམ་པར་གདུལ་དོན་དུ། རྩེ་ཞིང་སྙོམས་པར་འཇུག་དང་བཅས།། ཡི་གེ་མཆོག་གི་གདན་མཐའ་ཡས།། སྙིང་པོ་སྐུ་གསུང་ཐུགས་ལྡན་རྒྱ།། བྱིན་གྱིས་བརླབ་ནི་རྨད ་ཁྱུང་ཆེ།། སངས་རྒྱས་དམ་ཚིག་ཀུན་འགྲུབ་འགྱུར།། ས་ཕྱོགས་ཕྱག་རྒྱ་བྱས་ནས་ནི།། རྣམ་གྲོལ་རིམ་པར་ཐོབ་པར་འགྱུར།། དག་པའི་ཡེ་ཤེས་ཀུན་དག་ཅད།། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན།། ་ཕྱོགས་དུས་དཀྱིལ་འཁོར་ཐམས་ཅད་ཀྱི།། སངས་རྒྱས་ཀུན་གྱི་བདག་ཉིད་ཆེ།། གང་ཞིག་དམིགས་པ་མེད་མ་ཡིས།། ཐུགས་ཀྱི་དཀྱིལ་འཁོར་ཀུན་དཀྱིལ་འཁོར།། རང་སྣང་གཉིས་མེད་དགུག ་བྱས་ནས།། དཀྱིལ་འཁོར་དུ་ནི་བསྒྱུར་བར་བྱ།། མཚན་ཉིད་ཐམས་ཅད་ཡང་དག་ལྡན།། ཕྱོགས་དུས་ཀུན་ནས་བྱོན་པ་དང་།། དཀྱིལ་འཁོར་ཐམས་ཅད་ཡང་ག་རྫོགས།། གསལ་བར་གྱུར་པའི་དམ་ཚིག་མཆོག། ་ཡིད་བཞིན་ནོར་བུ་དཔགས་བསམ་ཤིང་།། བྱུང་བ་དེ་ཀུན་དངོས་པོར་མིན།། དེ་ལྟར་བསོད་ནམས་རང་སེམས་ལ།། སོ་སོའི་ཆོ་འཕྲུལ་ངོ་མཚར་ཆེ།། ཤེས་རབ་ཐབས་ཀྱིས་དེ་ཉིད་བརྟན།། འདི་ཉིད ་ཚུལ་གྱི་རང་བཞིན་གྱིས།། ཤེས་རབ་དཔྱིད་ནི་དེ་ཉིད་བདག། ཐབས་ཀྱི་ཕྱག་རྒྱའི་དངོས་པོ་ཡིས།། བརྩེ་དང་ཡེ་ཤེས་སྟོང་པ་ཉིད།། ཡེ་ཤེས་ལ་ནི་ཡེ་ཤེས་རོལ།། རྒྱལ་བ་མངོན་འབྱུང་སྐྱོབ་པ་ཉིད།། ་བྱི་རླབས་མཐོང་བའང་དེ་བཞིན་ཏེ།། བྱ་དང་བྱེད་པའི་གཟི་བྱིན་ཉིད།། སྒྱུ་འཕྲུལ་རྡོ་རྗེ་མཆོད་སྟོབས་ཅན།། ཆོ་ག་ལྔ་པོ་བསྒྲུབ་པ་དང་།། ཡོ་བྱེད་ལྔ་དང་ཡང་དག་ལྡན།། གསང་སྔགས་ཡན ་ལག་ལྔ་པོ་སྤོར།། མ་ཞམས་འཇུག་ལ་རབ་བརྩོན་ན།། ཞག་ནི་སུམ་བཅུ་ཕྲག་དྲུག་གམ།། བཅུ་གཉིས་ཡང་ན་བཅུ་བཞི་འམ།། ཡང་ན་བཅུ་དྲུག་གི་དབང་བྱེད། ་རིགས་མཆོག་དངོས་གྲུབ་སྦྱིན་པ་དང་།། ཚེ་ནི་བཅུ་དྲུག་ནང་དུ་ནི།། སྐུ་ལྔའི་བདག་ཉིད་ལྡན་པ་དང་།། ཡེ་ཤེས་ཐིག་ལེ་རྣམ་པར་གསལ།། མཐའ་ཡས་མཆོག་ཏུ་བསམ་མི་ཁྱབ།། ཕྱོག་བན་དུས ་བཞི་ལྡན་པ་ཡི།། རྫོགས་སངས་རྒྱས་ཀྱི་ཞིང་ཁམས་ནི།། རྣམ་དག་བསམ་གྱིས་མི་ཁྱབ་ཚུལ།། གཞལ་ཡས་ཁང་ནི་ཚད་མེད་པ།། འཁོར་ལོ་འཁྲིལ་མཛེས་པ་བརྒྱན་དང་།། རོལ་མོ་སི་ལ་སྭཱ། ་ཚོགས་ལྡན་པ།། དཀྱིལ་འཁོར་མ་ལུས་བསམ་པར་བྱ་བ།། མཐོང་ནས་ཉེ་བར་མཉེས་པ་དང་།། གསུང་ལས་དོན་དུ་འགྱུར་བ་དང་།། རྗེས་སུ་འཐུན་པའི་ཡེ་ཤེས་གསལ།། གཅིག་དང་དུམ ་རྣམ་པར་སྤངས།། ཐོག་མཐའ་བར་དང་བྲལ་བ་དང་།། སངས་རྒྱས་ཀྱིས་ཀྱིང་མ་གཟིག་སོ།། རང་འབྱུང་ཉིད་དེ་ངས་གསལ་བ།། ཡེ་ཤེས་རང་བཞིན་གནས་མེད་པ།། ཕྱིན་ཅི་ལོག་གི་ཀུན་ཏུ་བརྟག། ་རྟོག་པཔོའང་རྣམ་པར་དང་།། དབྱིངས་དང་ཡེ་ཤེས་གཞན་མིན་ཕྱིར། རྗེ་བ་ཆེན་པོས་རབ་སྦྱོར།། འགྲོ་བ་དྲུག་པོ་དུས་མཆོག་དུ།། སླར་ཡང་མ་ལུས་ཀུན་ཏུ་གསལ།། བདེ་བ་ཆེན་པོའི་འཁོར་ལོ་མ ་ཡབ་ལུམ་གཉིས་སམ་ཡང་ན་ལྔ།། ལེགས་བྱས་དང་ལྡན་རབ་ཞུགས་ནས།། ཡིད་འོང་མཐར་ཕྱིན་མཚུངས་པར་འགྱུར།། རྗེས་མཐུན་ཡོན་ཏན་ཡེ་ཤེས་ཏེ།། མེ་ཏོག་ལྷུང་བའི་རྗེ.ུ་འབྲེང་།། ་སྒོམ་པའི་སྦྱོར་བས་ཉེར་སོང་ནས།། ཡ་མཚན་ཆེན་པོ་འབྱུང་བར་དེས།། དད་མེད་ཉམས་ན་རླག་པར་འགྱུར།། རྡོ་བཀོད་དེ་ལྟར་བསྟན།། ཞེས་པ་དཔལ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས ་པའི་རྒྱུད་ཆེན་པོ་ལས་རྡོ་རྗེ་བཀོད་པ་གསང་བའི་དམ་ཚིག་གཏན་ལ་དབབ་པ་ཞེས་བྱ་བའི་ལེའུ་སྟེ། དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོ་དབང་གི ་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པ།། ཤེས་རབ་ཀྱི་ཐབས་ཀྱི་ཕྱག་རྒྱའི་བདག་ཀུན་ནས་མཉམ་པའི་བདེ་བའི་ཟེར།། རྡོ་རྗེའི་རྩེ་ནས ་པད་མཐར་ཐིམ།། དཀྱིལ་འཁོར་སྲིག་ཙུག་བསྐྱོད་པ་དང་།། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ།། རྟི་གི་ཐིག་ལེ་གསལ་བའི་བདག། ཕྱག་རྒྱ་ཚོགས་ཀྱི་མཆོག་དེ་ལ།། རིན་ཆེན་དཀྱིལ་འཁོར ་འདུས་བྱས་ལ།། བསྡུས་ནས་དེ་ལ་བྱུང་འགྱུར་བ།། གསང་བ་ལས་ཀྱང་ཆེགསང་མཆོག། གསང་བ་ཀུན་ལམ་ཉན་པར་བྱ།། གསང་བའི་དོན་དོན་ནི་རྟག་པ་ལ།། གཞན་དུ་སྨྲ་བར་བྱ་བ་མིན།། སྤྲོ་བསྡུས ་#འཁོར་ལོའི་གཞལ་ཡས།། འཕྲོ་བའི་ཐིག་ལེའི་རང་བཞིན་ཅན།། ཡི་གེའི་སྡེ་ཅན་ཚོགས་ཀྱིས་མཆོག། རིགས་ཀྱི་དཀྱིལ་འཁོར་རབ་གསལ་བ།། ཡང་དག་སྐྱེར ་པས་སྤྲོ་ཞིང་སྔ།། གསང་སྔགས་འདི་ནི་བདེ་བ་ཆེ།། ཨོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ།། སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་གསུང་།། རྒྱལ་བ་ཀུན་དང་ཡང་དག་སྦྱོར།། ཧཱུཾ་ལག་པའི་འཁོར་ལོའི་གཞལ ་ཡསུ།། གསལ་བའི་ཐིག་ལེའི་རང་བཞིན་ཅན།། ཧེ་རལ་གྲིའི་ཕྱག་རྒྱའི་སྡེ་མཆོག། ལས་ཀྱི་རྡོ་རྗེའི་དཀྱིལ་འཁོར་མཆོག། ཡང་དག་སྤོར་བས་སྤྲོ་ཞིང་བསྡུ།། གསལ་བ་མཆོག་གི་ཆེན་པོ་སྟེ།། ཨོཾ ་ཁྱོད་ནི་རྡོ་རྗེ་ལས་ཀུན་འགྱུར།། ལས་རྣམས་མང་པོ་ཀུན་གྱིས་ཤིག། སྒོ་དང་བསྡུ་བའི་ཕོ་ནཀུན།། ཁྱོད་ཀྱི་དོན་ནི་ཐམས་ཅད་སྒྲུབས།། ཧཱི་ཞལ་གྱི་འཁོར་ལོའི་གཡ་སུ།། རབ་འཕྲོ་ཐིག་ལེའི ་@ས། ཥྚེ་ས་ད་པ ་རབ་འབྲིང་ཐམ་མཐུན་པ་ཡིས།། གཞན་དུ་རབ་ཏུ་གས་པ་མི་བྱ།། གསལ་འགྲོ་འཁོར་ལོ་རིགཞལ་ལསུ།། ཐིག་ལེ་རབ་གས་འི་རང་བཞིན་ཅན།། ཙཱི་ཨོཾ་སྭཱ~ཾ་ཨ~ཾ་ཧཾ་རྣམས་ལས།། དཀྱིལ་འཁོར་ལྡདང ་ཁྲོ་ཕྲང་བསྒོམ།། ཨོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།། དཀྱིལ་འཁོར་ཐམས་ཅད་བྱེད་པ་པོ།། དཀྱིལ་འཁོར་ཐ~ཾད་སྨིན་པར་མཛད།། ཧཱི་སློབ་དཔོན་མཉེས་པར ་མ་བྱས་ན།། དབང་བསྐུར་བ་ནི་ཐོབ་མི་འགྱུར།། ཉན་པ་ལ་སོགས་བྱ་བ་རྣམས།། འབྲས་བུའི་གོ་འཕང་མི་ཐོབ་པོ།། ཅོད་པན་དབུ་རྒྱན་ཕྲེང་བ་དང་།། གོ་ཆ་རྒྱལ་མཚན་ཕྱག་རྒྱ་གདག།། བུམ་པ ་བཟང་དང་བཏུང་བ་དང་།། སྙིང་པོ་ལྔ་ཡི་དབང་བསྐུར་བྱ།། དེ་ནས་བཅོམས་ནས་རྒྱལ་བའི་སྲས།། ངན་འགྲོ་ཐམས་ཅད་རྣམ་པར་སྤངས།། ཚེ་རིང་བདེ་དང་ལྡན་པ་དང་།། མཐོ་རིས་བྱང་གྲོལ་སྐལ ་ལྡན་འགྱུར།། ཞེས་པ་དཔལ་གསང་བའི་སྤྱི་པྲ་དེ་ཁོ་ན་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས།། དབང་བསྐར་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུ་སྟེ། བཅུ་པའོ།། །། དེ་ནས་བཙོ ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དགྱེས་པ་ཆེན་པོ་རྫུ་འབྲལ་དྲ་བའི་རྒྱལ་པོར་གྱུར་པ། ཞེས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་དོ།། རྒྱ་གཅིག་པ་དང་ཡི་གེའི ་ཚུལ།། བྱིན་གྱིས་བརླབས་དང་དངོན་སུམ་མོ།། རྟོག་པ་བཞི་ལ་སོགས་པ་འདིས།། ཐམས་ཅད་རྫོགས་པའི་རྒྱལ་པོ་ཆེ།། ཡན་ལག་དབང་པོ་ཤེས་པ་ཀུན།། རྣམ་མིན་ཨོཾ་དུ་ཤེས་པར་བྱ།། ་@རྫོགས་པའི་འཁོར་ལོ་སྐམ་བྱ་ཉིད།། ཡང་ན་ཁྲོ་བའི་དཀྱིལ་འཁོར་སྒོམ།། གཟུགས་དང་སྒྲ་དང་དྲི་རོ་རེག། རྣམ་མིན་ཡུམ་དུ་ཤེས་པར་བྱ།། རྣལ་འབྱོར ་མ་འཁོར་སྒོམ་བྱ་ཉིད།། ཡང་ན་ཁྲེ་མོའི་ཚོགས་ཀྱང་རུང་།། གོས་རྒྱན་བཟའ་དང་བཏུང་བ་དང་།། གླུ་གར་ལ་སོགས་སྤྲིན་ཕུང་བཞིན།། ཧཱུཾ་ཡིག་ཤེས་པས་རབ་སྤྲད་ན།། རྨད་དུ་བྱུང་བའི ་དཀྱིལ་འཁོར་མཉེས།། ལྷ་མོ་ཀླུ་མོ་རིགས་ངན་མོ།། དབྱེ་དང་མི་དབྱེ་གནས་པ་ཉིད།། བསྟན་དང་ཉེ་བསྙེན་བསྒྲུབ་པ་དང་།། སྒྲུབ་པ་ཆེན་པོ་ཉིད་ཀྱང་།། བཙུན་མོའི་པདྨའི་འཁོར་ལོ་རུ།། བདེ ་བཐུགས་ཀྱི་དཀྱིལ་འཁོར་སྤྲོ།། སངས་རྒྱས་སྤྲིན་ཚིགས་མ་ལུས་པ།། ཀུན་ཏུ་དགེས་པའི་མཆོག་ཏུ་འབུལ།། གཞོག་དང་བསྒྲུབ་པ་ཉི་ཟླ་ཡི།། སྙིང་པོའི་དཀྱིལ་འཁོར་དེ་བླང་བ།། རྣལ་འབྱོར ་རྡོ་རྗེའི་ལྕེ་རྩེ་སོ།། ཆེ་དང་མཁའ་སྤྱོད་རབ་ཏུ་འབར།། སྲིན་དབང་ཡིད་བཞིན་ནོར་ལྟར་འགྱུར།། མཆོག་དང་ཐ་མ་བར་མ་ཡིན།། ཞིང་ནི་ཉི་ཟླའི་འཁོར་ལོར་བཅས།། མཁས་པ་ཆེན་པོར ་བཞག་པར་བྱ།། ལག་པས་འདུ་བྱེད་སྒོམ་པར་བྱ།། ཧཱུཾ་སྐྱེ་བ་དབྱིངས་སུ་ཞུ་ཞིང་འབར།། ལུས་ནི་ཕྱག་རྒྱས་མོད་ལ་སྡུ།། གཟི་བྱིན་འོད་ཟེར་རྣམ་པར་སྔོ།། གཙུག་ཏུ་རྣམ་པ་རྒྱལ་བསྒོམ། ་ངན་འགྲོ་ཐབས་ཀྱིས་གྲོལ་བ་ནི།། སྐྱེ་བ་མེད་པ་ཡ་མཚན་ཆེ།། དེ་ཉིད་མིག་འཕྲུལ་ལྟ་བུ་དང་།། སྔོར་དང་གྲོལ་བ་དེ་བཞིན་དུ།། དེ་ལྟར་བྱས་ན་ཀྱང་བྱས་པ་མེད།། རྡུལ་ཙམ་དུ་ནི་རང་བཞིན་གྱིས།། ་སྣོད་དང་རྒྱུད་ནི་ཀུན་ཏོགས་པའི།། དག་པའི་ཡེ་ཤེས་གཉིས་མེད་མཚུངས།། གཉིས་པོ་ལྷག་པར་སྤོར་བས་རྟོག། ཀུན་ཏུ་བཟང་པོར་འཁོར་ལོར་བཅས།། ཞི་གིའི་སྤྱོད་པ་བྱ་བར་སྤོར།། ཆོག ་ནི་གཉིས་འགྱུར་འབའ་ཞིག་པ།། གཉིས་སུ་སྦྱིན་པས་རྣམ་པར་སྤོར་ཡན་ལག་མ་ཉམས་ཉེར་སྤྱོད་བཟོད།། ཆོ་ག་རྫོགས་པར་ཁོང་དུ་ཉུད།། རྣལ་འབྱོར་ཡང་མཱཟློག་དཀྱིལ་འཁོར།། ངེས་པར ་ལེགས་པའི་དོན་རབ་འགྲུབ།། ལྔ་དང་ལྔ་ནི་ཀུན་སྤྲོར་ཉིད།། སྡེ་ཚོན་ལྔ་ཡི་ལྷ་ཉིད་དང་།། ཁྲོ་བོ་ཁྲོ་མོ་བཀོད་པ་དང་།། སོ་སོར་བཅུ་པ་བློ་བཟང་གིས།། འཁོར་ལོའི་ཚུལ་དུ་རྣམ་པར་སྒོམ། ་རིགས་གསུམ་སངས་རྒྱས་རྡོ་རྗེ་པད།། དེ་ཉིད་སྐ་དང་གསུང་དང་ཐུགས།། ཁྲོ་བཱི་སྤྲིན་ཚེགས་ཡང་དག་ལྡན།། སྡེ་ཚན་གསུམ་གྱི་ལྷ་སྐེམ་བྱ།། རིག་ཀྱི་རིགས་ཏེ་རིགས་དབང་ཕྱུག། ཐུགས་ཀྱི་ཐུག ་མཆོག་ཁྲོ་བོ་ཡི།། ཚོགས་ཀྱི་སྤྲིན་ནི་ཡང་དག་ལྡན།། ལྷའི་སྡེ་ཚན་སྒོམ་པའོ།། ཁྲོ་བོ་ཁྲོ་མོ་མཆོག་ཆེན་མོ།། བག་ཡི་རྣམ་པ་པོ་ཉའི་གཟུགས།། མངག་གཞུག་ལ་སོགས་ཚོགས་བཅས་ཀྱིས། ་དངོས་གྲུབ་ཀྱི་ནི་བྱ་བ་མཛད།། རྣལ་འབྱོར་གསང་སྔགས་བསྒྲུབ་པ་དང་།། ལོངས་སྤྱོད་སྙམ་པར་རྫོགས་པ་དང་།། རང་བཞིན་གནས་དང་མི་དམིགས་དང་། ་སྤྱོད་པ་ཐོགས་པ་མེད་པ་དང་།། དེ་ལྟར་མ་ལུས་གང་ལའང་།། རྡོ་རྗེའི་རིགས་ཀྱི་འཁོར་ལོ་ཀུན།། འོད་འཕྲོ་འབར་བསྒོམ་པར་བྱ།། ཆགས་པ་མེད་པས་ངེས་པར་བསྟིམ།། གཉིས་མེད་ཕྱག་རྒྱ་ཆེན ་པོ་ཐོབ།། ཡང་ན་སྐུ་གསུང་ཐུགས་ཉིད་དེ།། ཐམས་ཅད་མ་ལུས་སྐུ་གསུངས་ཐུགས།། ཏིང་འཛིན་གསལ་ཞིང་གསལ་བར་བསྡད།། གཉིས་མེད་དབྱིངས་གི་ངམ་དུ་ཐིམ།། རིག་པ་འཛིན་པ། ་མཆོག་ཏུ་འགྲུབ།། མས་དཀྱིལ་འཁོར་ཐོབ་པར་འགྱུར།། ཉོན་མོངས་སྡུག་བསྔལ་གྱིས་ཁྱབ་པ།། ཐམས་ཅད་དུ་ནི་འཇོམས་པར་འགྱུར།། རྡོ་རྗེ་རིགས་སུ་སྐྱེས་པའི་གནས། ་སྔགས་པས་དངོས་གྲུབ་རྫོགས་པ་ནི།། ཐབས་དང་ཤེས་རབ་མ་ལུས་པས།། ཁྲོ་བོ་ལྔ་ཡི་ཕྲེང་བ་བསྒོམས།། ཆགས་པ་མེད་པའི་རང་བཞིན་གྱིས།། འོད་ཟེར་རྣམས་པ་མང་པོ ་འགྲོ་ཀ་གཉིས་སུ་མེད་པར་རྣམ་པར་བསྟིམ།། སྙིང་པོ་མཆོག་གི་གྲུབ་པའི་ས།། ཐབས་དང་ཤེས་རབ་མཆོག་ཏུ་སྦྱོར།། སངས་རྒྱས་བཙུན་མོ་བསྒོམ་པར་བྱ།། སེམས་དཔའ་སེམས ་མ་ཉིད་དུ་བསྒོམ།། སོ་སོ་སོ་སོའི་སྔགས་ཕྱག་རྒྱ།། ཡང་དག་ཏིང་འཛིན་སོ་སོ་བ།། གནས་དང་ལོངས་སྤྱོད་ཅི་ལྟར་བདེ།། མ་ཉམས་རྟོགས་པའི་རྣལ་འབྱོར་པས།། གདོདན་ནས ་དམ་ཚིག་བཟུང་བ་བཞིན།། གཞན་དབང་ལེ་ལོ་མེད་པ་དང་།། བློ་བཟང་དགོས་པ་མེད་པས་བསྒྲུབ།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། རྡོ་རྗེ་གསང་བའི་མཆོག ་ཐོབ་འགྱུར།། སྒྲུབ་པའི་ཞག་དང་ཆེ་གྲངས་ནི།། རྒྱུད་དུ་བཤད་བཞིན་ཤེས་པར་བྱ།། འདི་ནི་རྡོ་རྗེ་གསང་བའི་དོན།། ཚིག་གང་རྒྱལ་བས་གསུང་བའོ།། ཞེས་པ་དཔལ་གསང ་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས།། འཁོར་ལོའི་ཚོགས་གཏན་ལ་དབབ་པ་ཞེས་བྱ་བའི་ལེའུ་སྟེ། བཅུ་གཅིག་པའོ།། ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོས་རོལ་པའི་རྣམ་པར་སྤྲོས་ཏེ།། རྒྱན་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རྐེད་དུ་བརྗོད་པ་འདི ་ཆེད་དུ་བརྗོད་པ།། སྒྱུ་འབྲུལ་དྲ་བའི་སངས་རྒྱས་ཀྱི།། འཁོར་ལོ་ཆོ་གའི་ཏིང་ངེ་འཛིན།། གར་གྱི་ཕྱག་རྒྱའི་འདུ་འཕྲོ་ཡི།། སྟེང་འོག་འགྲོ་བ་འགྲུབ་པར་འགྱུར།། གླུ་དང་རོལ་མེད ་ཕྱག་རྒྱ་ཡིས།། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར།། གོས་དང་རྒྱན་གྱི་ཕྱག་རྒྱ་དག། འབར་ལས་རྒྱལ་པོ་ཐུབ་མེད་ཐོབ། ་བཟའ་དང་བཏུང་བའི་ཕྱག་རྒྱ་དག། ཡིད་བཞིན་ནོར་བུའི་སྐྲ་ཐོབ་འགྱུར།། ཨཱ་ལཱི་ཀ་ལཱིའི་ཕྱག་རྒྱ་ཡིས།། ཐམས་ཅད་ཀུན་ཏུ་འགྲུབ་པར་འགྱུར།། ཤེས་འཇུག་མཚན་ཉིད ་འབྱོར་པའི་གཟུངས།། རྒྱུ་དང་རྐྱེན་གྱི་བྱེད་པ་ལས།། འབྲས་བུ་རྣམ་སྨིན་ནུས་པའི་དོན།། རིག་པ་འཛིན་པ་རྒྱལ་བའི་གཞི།། ཚངས་པ་ལྷ་དང་མི་རྣམས་ཀྱི།། དག་པའི་སྐྱེ་བ་བཟུང ་བ་ཡིན།། གཙོ་བོར་ས་ལ་གནས་པར་འགྱུར།། ཕ་རོལ་བྱིན་པ་མཆོག་ཀུན་དང་།། ཐབས་དང་ཤེས་རབ་གཉིས་ག་འགྲུབ།། ཤེས་རབ་མཆོག་ནི་རབ་ཏུ་འགུག། ས་ནི་བཅུ་གསུམ ་བ་རྣམས་འགུགས།། རྒྱ་དང་འབྲས་བུའི་བྱེ་བྲག་ནི།། འདིར་ནི་མི་འགྲུབ་པར་མི་འགྱུར།། མཁའ་དབྱིངས་རང་གི་དཀྱིལ་འཁོར་བཅས།། ཉིན་མོ་བྱེད་གསིལ་འོད་ཟེར་ཅན།། ཡེ ་གེས་དགའ་དང་རྟོག་པ་སྒོམ།། མ་ལུས་རྒྱལ་བའི་འཁོར་ལོར་འགྱུར།། ཏིང་འཛིན་དེ་ནི་བསྒོམས་པར་བྱ།། ཕྱོགས་བཅུ་དག་ནི་དུས་གཞིའོ།། གཞན་དུ་རྒྱལ་བ་སྙེད་མི་འགྱུར།། སེམས ་དེ་ཉིད་ནི་རྫོགས་སངས་བརྒྱས།། གཞན་དུ་རྒྱལ་བ་མཚོལ་ཅིག། དཀྱིལ་འཁོར་ཐམས་ཅད་ཡང་དག་སྦྱོར།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། དམན་དང ་ལྷག་པའི་ཆོ་གའང་།། སྐྱོན་དག་པ་སྟེ་ཉེས་པ་མེད།། ཅེས་བརྗོད་པས་དགེས་པའི་སྤྲིན་གྱིས་གཙོ་བོ་གཉིས་པ་ཐོབ་པར་འགྱུར་ཏོ།། ཞེས་པ་དཔལ་གསང་བའི་སྙིང་པོ་དེ་ཁེ ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས་ཚོགས་ཀྱིས་དངོས་གྲུབ་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུ་སྟེ། བཅུ་གཉིས་པའོ།། ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད།། ཕྱོགས་བཅུ་དུས་བཞི་དང་ལྡན་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་གཉིས་སུ་མེད་པའི ་རྡོ་རྗེའི་དཀྱིལ་འཁོར་དགྱེས་པ་ཆེན་ཆོས།། ཆོས་ཐམས་ཅད་གདོད་ནས་བདག་ཉིད་ཆེན་པོར་འགྲུབ་པ་དང་།། རང་རིག་པར་རྟོགས་པའི་དམ་ཚིག་ཤིན་ཏུ་གསང་བའི་སྤྲིན ་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་པ།། མ་རྟོགས་ལོགས་པར་རྟོགས་དང་ལྡན།། རབ་ཏུ་ཕྱོགས་པ་དེ་བཞིན་དུ།། ཡང ་དག་རྟོགས་པ་མེད་པ་ཡིན།། འདུལ་བའི་གསང་བ་ཐུག་ཉིད་དང་།། རང་བཞིན་གསང་བའི་དོན་རྣམས་ནི། ་ཛ་ཡིས་ཚིག་དང་ཡི་གེ་ཉིད།། རྟེན་པའི་མཚན་ཉིད་མེད་པ་ཉིད།། གསང་བཞིང་སྦས་པའི་དོན་གསོལ་ཅན།། མཐར་སྟོན་རྡོ་རྗེའི་ཐུགས་ལ་གནས། ་དཀྱིལ་འཁོར་བསྒྱུར་བའི་དཀྱིལ་འཁོར་དང་།། དཀྱིལ་འཁོར་དཀྱིལ་འཁོར་ལྡན་པ་ཡི།། དཀྱིལ་འཁོར་རྣམས་ནི་བསྒོམ་པར་བྱ། ཐུགས་ཀྱི་དེ་ཉིད་རང ་བཞིན་གྱིས།། དཀྱིལ་འཁོར་དཀྱིལ་གྱི་ནི་མཆོག། གསང་བའི་ཐིག་ལེ་འཁོར་ལོའི་དབྱིངས།། འབྱུང་བ་ཤེས་རབ་རིགས་ཀྱི་མཆོག། རིགས ་ཆེན་པོ་ཡང་དེ་བཞིན་ཏེ།། རྡོ་རྗེའི་དཀྱིལ་འཁོར་བྱང་ཆུབ་སེམས།། ཡུལ་དང་དབང་པོའི་རིག་པ་དང་།། ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ཏེ། ་ཡིད་ཆེན་འགུགས་ཤིང་རྟོགས་པ་དང་། རང་གི་སེམས་ཀྱི་ཡེ་ཤེས་ལྔ། ལྟ་ཞིང་ཐུགས་ཀྱི་ཐིག་ལེར་སྦྱོར།། བདེ་བའི་རོལ་པ་ཁོང་དུ་ཆུད། ་ཡེ་ཤེས་དགྱེས་པ་གདོད་ནས་མཆོད།། བསོད་ནམས་ཟག་པ་མེད་རང་བཞིན།། ཡེ་ཤེས་སྒྱུ་མ་རང་གསལ་ཉིད།། རོལ་པའི་འཁོར་ལོ་མཐའ་མེད་པ། ་གསང་བའི་ཐིག་ལེའི་དབྱིངས་དེ་ཉིད།། སངས་རྒྱས་ཀུན་བདག་ཕན་པ་ཉིད།། ཕྱོགས་བཅུ་དང་ནི་དུས་བཞི་པའི།། རྫོགས་སངས་རྒྱས་ཀྱི་སྐུ་གསུང་ལྡན ་ཡོན་ཏན་ཕྲིན་ལས་བདག་ཉིད་མཐོང་།། ཐམས་ཅད་བདག་ཉིད་ཞལ་གྱིས་ནི།། དབང་བསྒྱུར་མཆོག་གི་དམ་པ་ཡིན།། འཁོར་ལོར་གནས་པའི་དཀྱིལ་འཁོར་ནི།། ་རྫོགས་པའི་འཁོར་ལོར་ངེས་ལོང་སྤོད།། ཐམས་ཅད་རྒྱན་གྱི་དཀྱིལ་འཁོར་དང་།། སྦྱོར་བ་འཁོར་ལོ་རྫོགས་པ་དང་།། ཐུགས་རྗེའི་འཁོར་ལོ་རང་འབྱུང ་བ་ཕྱོགས་དུས་འཁོར་ལོ་གདུལ་བྱའི་ཕྱིར།། སྒྱུ་མའི་འཁོར་ལོ་འཇོག་པ་དང་། བྱ་བྱེད་མེད་པའི་འཁོར་ལོ་དང་།། ཡེ ་ཤེས་རྫོགས་པའི་དཀྱིལ་འཁོར་དང་།། ཐོས་བསམ་བསྒོམས་པའི་སྦྱོར་བ་ཡིས། རང་གི་འདུལ་བས་འགྲུབ་པར་འགྱུར།། འདི་ཉིད་སངས་རྒྱས་ཐམས ་ཅད་ཀྱི།། འགོད་པར་མི་བྱ་དམ་ཚིག་མཆོག། གང་ཞིག་འདི་ལ་མོས་བསྒོམས་པ།། སངས་རྒྱས་དཀྱིལ་འཁོར ་ཐམས་ཅད་དུ།། ཕྱོགས་དུས་ཀུན་ཏུ་ཐམས་ཅད་ཀྱིས།། སངས་རྒྱས་དཀྱིལ་འཁོར་སྦྱོར་བ་དང་།། བྱང་ཆུབ་སེམས་དཔའ་དགོངས་པ་དང་།། སྐལ་པ་ཞིང་གི་རྡུལ་སྙེད ་དུ།། རབ་ཏུ་སྤངས་ལ་གནས་པ་དང་།། དཀྱིལ་འཁོར་ཐམས་ཅད་སྙན་པ་ལས།། འབྲས་བུ་གསང་བ་ཐོབ་པར་འགྱུར།། ཕྱོགས་བཅུའི་འགྲོ་བ་དྲུག་མཚུངས་པ།། འདས་དང ་ད་ལྟར་བྱུང་བ་ཡིས།། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས།། བསྟན་ན་སྐུ་ལྔ་པོར་འགྱུར་རོ།། མ་འོང་བའི་སངས་རྒྱས་དང་།། རང་རིག་ལྷུན་གྱི་གྲུབ་པ་ལས།། གསང་བ ་ངེས་པར་འགྲུབ་པར་འགྱུར།། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀྱིས།། ལས་ཀྱི་འབྲས་བུ་འབྱུང་བར་འགྱུར།། ཨེ་མ་གསང་བ་ངེས་པའི་དོན།། སངས་རྒྱས་ཀྱི་ཀྱང་མི ་རྙེདདོ།། ཕྱག་རྒྱ་ཆེན་པོ་མཆོག་གི་ཚུལ།། བསམ་དང་ཐོས་དང་སྒོམ་པ་དང་།། དེ་ཉིད་རྟོག་པ་ཐད་ཡིན།། ཤེས་རབ་ཅན་གྱི་སྤྱོད་ཡུལ་ཏེ།། ཚུལ་ཁྲིམས་དག་པའི་སྣོད་ལ་གནས། ་ལུས་སྟོང་པ་ལ་སྦྱིན་པར་བྱ།། གཞན་དུ་སྨིན་པ་སྨོས་ཅི་དགོས།། རྨོངས་ལས་ཞེས་པས་སྨོད་ལ་སྤེན།། དུས་མ་ཡིན་པར་འཆི་བར་འགྱུར།། ངེས་པར་དམྱལ་བ་རུ་ནི་འགྲོ།། དེ་བཞིན ་གཤེགས་པ་ཉིད་ཁོ་ན།། དེ་ལྟར་དེ་བཞིན་གཤེགས་པ་བརྗོད།། ཞེས་པ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལྔ།། ཤིན་ཏུ་གསང་བའི་མན་དག་གཏན་ལ ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐཾད།། དཀྱིལ་འཁོར་ཐམས་ཅད་དགྱེས་པ་ཆེན་པོའི་ཀླུ་འདི་བླངས་ཏེ་གསུངས་པ།། ཨོཾ་བྲོག་བཅུ་དུས ་བཞི་ཡི།། སངས་རྒྱས་ཡེ་ཤེས་དཀྱིལ་འཁོར་ཀུན།། བསོད་ནམས་འཁོར་ལོའི་ཐེག་ལེ་ཆེ།། སྐྲ་ཡི་སྡེ་ཚན་རབ་ཏུ་གསལ།། སྟོང་པའི་ཐིག་ལེ་ཡང་དག་རྫོགས།། ཧོ་དགེས་པ་ཡི་ནི་གླུ་བླང་སོ།། ་ཨེ་རྡོ་བསོད་ནམས་ཐིག་ལེ་ཆེ།། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་བདག་རྡོ་རྗེའི་ཚིག་ཆེན་བསམ་མི་ཁྱབ།། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ།། ཨོཾ་སྐུ་ལ་སོགས་པ་ཆེན་པོའི་ཐུག། ཡོན་ཏན་སྨིན་ལ་ལྡན། ་གདོད་པའི་དབང་བྱུག་ཡང་དག་ལྡན། ཀུན་ཏུ་བཟང་པོ་ཀུན་ལུས་མད། རྫོགས་པ་ཆེན་པོ་ཐོག་ལེ་ཉིད་དོ།། དགྱེས་པས་སྤྱན་པས་གླུ་བླང་པོ།། དམིགས་པ་མེད་པ་སྒྱུ་མའི་དབྱེད།། ཀུན་ནས ་སྣ་ཚོགས་འཕྲོ་བ་དང་།། ཀུན་ནས་ལྷུན་གྱི་གྲུབ་པ་དང་།། དགེས་པའི་སྐུ་དང་གསུང་དང་ཐུགས།། ཨོཾ་ཕྱོག་བཅུ་ཡི་ནི་འཇིག་རྟེན་ཁམས།། སྐྱེ་བོའི་དོན་ཉིད ་རྡུལ་བྱི་བ་སྙེད།། རྡུལ་བལྟའི་སྤྲུལ་པ་དང་བཅས་པ།། སྐ་ཅིག་ཙམ་ལ་བསམ་མི་ཁྱབ།། ལྷན་གྱི་གྲུབ་པས་ཀུན་རྟོགས་ཧོ།། དགྱེས་པས་སྙན་པས་གླུ་བླངས།། ཨོཾ་སྐུ་གསུང་ཐུགས་ནི་མ་ལུས་ཀུན། ་བདག་ཉིད་ཆེན་པོ་སྐུ་གསུང་ཐུགས།། སྐུ་གསུང་ཐུགས་ཀྱི་ཀུན་ཏུ་ཁྱབ།། སྐུ་དང་གསུང་ཐུགས་ཐིག་ལེ་ཧོ།། དེ་བཞིན་དེ་ཉིད་དེ་ཁོ་ན།། དགྱེས་ཤིང་མཉེས་པས་བརྗོད་པའོ།། ཞེས་པ་དཔལ་གསང་བའི ་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས།། གླུས་མཉེས་པ་གཏན་ལ་ཕབ་པ་ཞེས་བྱ་བའི་ལེའུ་སྟེ། བཅུ་བཞི་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བདག་པོ།། སངས་རྒྱས་ཐམས་ཅད་ཀྱི་རང་བཞིན་རང་བཞིན་གྱི་ཁྲོ་བོའི་དཀྱིལ་འཁོར་མངོན་པར་སྤྲུལ་ཏེ།། དེ་ཅིའི་ཕྱིར་ཞེ་ན།། རྟག་ཏུ་རྨོངས་པའི་རྟོག་པ་དང་། ་ཡང་དག་པའི་ལམ་དང་བྲལ་བ།། སྦས་པའི་གསང་བ་རྣམ་པར་ཤེས་པ་མེད་པ་དང་།། སྦས་པ་མེད་པ་ལ་མངོན་པར་དགའ་བའི་བདག་ཉིད་དང་།། འབྲས་བུ་དང་རྒྱུ་ལ་རྣམ་པར་རྨོངས་པ་རྣམ ་དང་། འཁོར་བའི་ས་བོན་སྔོན་པོ་རྣམས་དང་།། བརྒལ་དགའ་བའི་དམྱལ་བ་རྣམས་སུ་ལྷུང་ཞིང་རབ་ཏུ་ལྷང་སེ།། ཀུན་ཏུ་རབ་ཏུ་ཚ་བའི་སྡུག་བསྔལ་གྱིས་བཙོས་ཤིང་། མངོན་པར་བཅོམ་པ་རྣམ ་དང་། ནམ་དུ་ཡང་གྲང་བར་འགྱུར་བའི་སེམས་མཚམས་མེད་པ་དང་།། ད་ལྟར་ཉིད་དུ་བཀྲེས་པར་གྱུར་པ་ཀུན་ཐོབ་ན་མཉམ་པ་དང་བཅས་པའི་བདག་ཉིད་དང་།། སྡུག་བསྔལ་དྲག་པོ་རྣམས ་ཀྱིས་ཉམས་པར་བྱས་པ་རྣམས་དང་།། པད་མ་ལྟར་རྣམ་པར་བཅུར་གས་པའི་འགྲོ་བ་རྣམས་དང་། དེ་ལྟར་རབ་ཏུ་མནན་ཙིར་བའི་སྡུག་བསྔལ་ཅན་རྣམས་དང་།། རབ་ཏུ་ཚ་བ ་ལ་སོགས་པས་མནར་བ་དང་། ཤིན་ཏུ་དྲང་བ་རྒྱན་མི་འཆད་པ་བརྒྱད་པ་ལས་ཐམས་ཅད་དུ། འཇིག་རྟེན་གྱི་ཁམས་ཀྱི་རིམ་པས། བསྐལ་པ ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཉམས་སུ་མོང་ཤིང་གནས་པ་དང་། དེ་ནས་རྣམ་པར་སྨིན་པ་ཟེད།། བཀྲེས་པ ་དང་སྐོམ་པའི་སྡུག་བསྔལ་ལ་བརྒལ་དཀའ་བའི་བདག་ཉིད་རྣམས་དང་། འདོད་པའི་ཐོབ་མེད་པ་རྣམས་དང་། རྩ་བ ་རང་པལ་མང་དུ་སྣང་བའི་བདག་པང་རྣམས་དང་། དངས་པ་རྣམས་མེད་པར་སྣང་བ་དང་། འབྱུང་བ་རྣམས་ལ་མངན་པར་ག ་བདང་། རྒྱུན་དུ་ལ་ཟབ་པར་འདད་པ་ནས་དང་ག་ཤིན་ཏུ་རིད་ཅིང་རྣམས་པ་རྣམས་དང་། ལུས་ཀྱི་མེཚན་རྐད་རྣམ་པར་རྣམས་པ་ནམས།། བསྐལ་པ་ཅན་པདྲུག་དུགན ་དས་དེས་དགས་ན་པའི་གནས་སུས།། མས་ཀྱི་བསྒྲུབ་པའི་རྣམ་པར་ལྡན་པརྒྱན་མ་མ་བ་མཔས་མཔས་བསླབས་པར་ཡང་བདང ་ས་བྱུ་མངསཅན་མས་དང་། ཡི་དགས་ཀྱི་དྲན་པ་དང་བཅས་པཐབ་ཏུ། ལག་སང་རབ་ཏུ་གཏམ་རྣམས་དང་། སྲས་པ་གསྔཆགས་པས ་དང་། སྲས་བརྒྱལ་གདང་ཅིག་པ་དང་། ཡང་ན་ལན་ལག་སང་བ་སྣ་ཆགས་བསྡུས་པ་རྣམས་དང་། དྲག་པའི་བདག་ཉིད་རྣཆགས་པའི་ལག་པ་སྣ་ཆགས་པའི་མཚན ་ས་གྱི་ས་རྣ ་བཞིན་སྒྲསྣ་ཚོགས་སྒྲོགས་པ་དང་། འདོད་པ་སྣ་ཚོགས་པས་དབུགས་འབྱིན་ཞིང་སྤ་སྒྲོགས་པ་དང་། ཐམས་ཅད་དུ་ཀུན་ནས་སྐྲག་པར་བྱེད་པ་རྣམས་ཀྱི། རླུང་ཆུབ་ནས ་པོ་ཤིན་ཏུ་འཇིགས་པ་གྲང་བ་དང་། ཤིན་ཏུ་འབར་བའི་དབུགས་རྣམས་དང་། ཕྱོགས་བཅུའི་ཁམས་རྣམས་སུ་འཁྲུག་པར་བྱེད་པའི་འཁོར་རྣམས་ཀྱིས། ནད་བཞི་བརྒྱ་རྩ་བཞིའི ་འདེབས་པར་བྱེད་ཅིང་། སྤོང་ཞིང་བརླག་པར་བྱེད་པ་དེ་ཉིད་ཀྱི་སྟོབས་ཀྱིས་ཀླུའི་རིགས་དང་།། ལྷ་མ་ཡིན་གྱི་རིགས་དང་། ཚངས་པའི་རིགས་དང་། ལྷ་རྣམས་དང་། ་འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་དབང་དུ་བྱས་སོ།། ཀུན་མཁྱེན་ཡེ་ཤེས་སྨན་གྱིས་ནི། དེ་ཡི་རྣམ་པར་སྨིན་པ་གཟིགས་ཐུགས་རྗེ་ཆེན་པོའི་སྦྱོར་བ་ཡིས། ་དེ་སྔོན་བསོད་ནམས་རྣམ་རྟེན་པས། གང་ཞིག་སེམས་ནི་ཉོས་པ་དག། དེ་རྣམས་ཀུན་ཏུ་གདུལ་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང ་དང་ཐུགས་ཀྱི་བདག་པོ།། དེ་བཞིན་གཤེགས་པ་ཆེན་པོ་རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་དྲ་བ་ཕྱོགས་བཅུའི་འཇིག་རྟེན་དྲུག་གི་སྲིད་པ་གསུམ་གྱི་བདག་པོ།། འདུལ་བའི་ང་རྒྱལ་ཆེན་པོའི ་གཟི་བརྗིད་བསྟན་པའི་ཕྱིར། དགྱེས་པ་ཆེན་པོའི་ཁྲོ་བའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམས་པར་འགྲོ་བའི་སྒྱུ་འཕྲུལ་དྲ་བའི་རྒྱལ་པོའི་ཏིང ་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁྲོ་མོ་དབང་ཕྱུག་ཆེན་མོ་དེ་ཉིད་དབྱིངས། ཧི་ཧི་ཞེས་ནི་ཞལ་ནས་རྣམ་པར་བྲོ།། ཞལ་ནི་བཞད་ཅིང་པད་མ་རབ་ཏུ་རྒྱས། གཉིས་སུ་མེད ་པར་མཁྱུད་བྱས་ནས། དགེས་ཤིང་བདེ་བ་ཆེན་པོའི་ཐིམ། བྱང་ཆུབ་སེམས་སྤྲིན་རྣམ་པར་སྤྲོས། ཧཱུཾ་ཧཱུཾ་ཧཱུཾ་བི་ས་བཛྲ་ཀྲོདྷ་ཛྭ་ལ་ན་མཎྜལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ ་ཧཱུཾ་ཧཱུཾ་ཕཊ། ཅེས་བརྗོད་པས་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་རབ་ཏུ་དབྱེ་བའི་འཇིག་རྟེན་གྱི་ཁམས་དྲུག་དུ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རྡུལ་ཕྲ་རབ ་དང་མཉམ་པར་འཕྲོ་བ་གསུངས་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་དབྱེ་བ་གྲངས་མེད་པ་ཐ་མི་དད་པའི་འཇིག་རྟེན་ཐམས་ཅད་འདི་ལྟར་གཡོས།། ཀུན་ཏུ་རབ ་ཏུ་གཡོས་ས།། འུར་འུར། རབ་ཏུ་འུར་འུར་རོ།། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ།། ཤིག་ཤིག། རབ་ཏུ་ཤེག་ཤིག། ཀུན་ཏུ་རབ་ཏུ ་ཤེག་གིགོ།། ཏར་རབ་ཏུ་ཏ་ཏོམ། ཀུན་ཏུ་རབ་ཏུ་ར་ཏར། འཁྲུགས། རབ་ཏུ་འཁྲུགས། ཀུན་དུ་རབ་ཏུ་དེ་ལྟར་འཁྲུགས་པར་གྱུར་ཏོ།། འཇིག་རྟེན་དྲུག་གི་ཕྱོགས་བཅུ ་ཐ་དད་པའི་བྱེ་བ་སྟོང་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་གནས་པའི་དབང་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། སྟོབས་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་དུ་རྒྱལ ་རབ་ཏུ་རྒྱལ། ཀུན་ཏུ་རབ་ཏུ་བརྒྱལ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དགེས་ཤིང་བདེ་བ་ཆེན་པོ་རྣམ་པ་སྣ་ཚོགས་པ། འཇིགས་བྱེད་ཆེན་པོ་ཀུན་ཏུ་སྐྲག་པར་བྱེད་པ ་སྒྲ་ཆེན་པོ་སྒྲོགས་པ་འབར་བ་ཆེན་པོའི་ཁྲག་འཐུང་སྐུ་འཐིག་ནག་སྣ་ཚོགས་པའི་གཟུགས་སུ་བསྒྱུར་བས། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་དང་མཉམ་པ་དབུ ་དང་ཕྱག་དང་ཞབས། མཚོན་ཆ་སྣ་ཚོགས་འཛིན་ཅིང་འཕྱང་བའི་སྐུ་ཞལ་གསུམ། ཕྱག་དྲུག། ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགེས་ཤིང་། ཁྲག་ཆེན་པོའི་རྒྱ ་མཚོའི་དབུས་ན། རི་རབ་ཀྱི་ཚད་ཀྱི་ཀེང་རུས་ཆེན་པོའི་སྟེང་འབར་བ་ཆེན་པོའི་འཁོར་ལོའི་དབུས་ན། དུར་ཁྲོད་ཀྱི་བདག་པོ་དབང་ཕྱུག་ཆེན་པོ་ཁྱོ་ཤུག་གི་མགོ་དང་ནུ་མའི ་གདན་ལ་ཞབས་གཡས་རྐྱང་བས་མནན་ནས་བཞུགསོ།། དེ་ཡང་ཁྲོ་བོའི་དཀྱིལ་འཁར་གྱི་སྤྲིན་པུང་ལ་ལ་ནི་དཔལ་ཁྲག་འཐུན་ཆེན་པོའི་གཟུགས ་ཀྱི་སྐུ་ཤར་ཕྱོགསུ་བཞུགསོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགསུ་བཞུགསོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་མ་གྱུར་ཏེ། ལ་ལ་ནི ་དཔལ་ཁྲག་འཐུང་ཆེན་པོ་སྣ་ཚོགས་ལས་གྱུར་ཏེ། བྱང་ཕྱོགསུ་བཞུགས།། དེ་དག་ཀྱང་འཇིག་བྱེད་ཆེན་པོའི་རྣམས་པ་སྒྲ་ཆེན་པོ་སྒྲོགས་པ། འབར་བ་ཆེན་པོ་ཅན། ་འབར་བའི་དཀྱིལ་འཁོར་གྱི་དབུས་ན། ཞལ་གསུམ་ཕྱག་དྲག་ཞབས་བཞིའི་གཟུགས་བཙུན་མོ་དང་བཅས་པས། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེའི ་སྟེང་དུ་གཞུགསོ།། ཁྲག་འཐུང་ཆེན་པོའི་ཚོགས་དེ་དག་ཀྱང་། སོ་སོ་རང་རང་གི་ཕྱག་རྒྱས་སྐུ་ལ་འཁྱུད་པ། དེ་ནས་དབང་ཕྱུག་ཆེན་པོ་ལ་སོགས་པ་ང་རྒྱལ་ཆེ་ཞིང་རབ་ཏུ་ག་ཏུ ་པའི་སེམས་རྣམ་པར་ཞེ་སྡང་བའི་གཙོ་བོ་རྫུ་འཕྲུལ་ཆེན་པོ་རྣམ་པར་འཕྲུལ་པ་ཡོངས་སུ་ལྟས་ཏེ། མགྲིན་ཅིག་ཏུ་ཁྲོ་བའི་ང་རོ་འབྱིན་གླང་པོའི་ཚིག་སྨྲས་པ། ཁྲལ་ཁྲོལ ་སྙིང་རྗེའི་བདག་གོ།། ཅི་བྱེད་དམ་ཞེས་ཟེར་བ་དང་ལྡན་ཞིང་གདུག་པའི་སེམས་ཀྱིས་མཁྲིས་ནས་སོ་སོའི་སྒྲ་སྒྲོག་སོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཞལ་དགུ་ཕྱག ་བཅོ་བརྒྱད་པ། ཞབས་བརྒྱ་པར་གྱུར་ཏེ། ཐུགས་རྗེ་ཆེན་པོ་རྣམ་པར་འདུལ་བའི་ཐབས་ཀྱིས་ཁྲོས་ནས་གསུངས་པ། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ་ཁ་ཧི་ཁ་ཧི་ཧི། ཞེས་བརྗོད་པས་དབང ་ཕྱག་ཆེན་པོ་ལས་གསང་བ་གདུགས་ཆེན་པོའི་ཚོགས་དེ་རྣམས་ཕྱང་། ཡན་ལག་ཀུན་བཅད། སྒྱུ་མ་ཐམས་ཅད་བུས་ནས་ཟོས། ཁྲག་ཀྱང་འཐུངས། རུས་པ་ཐམས ་ཅད་བརྡུངསོ།། དེ་ནས་ཧཱུཾ་ཧཱུཾ་བྷྱོ་ཨེ་ཨཱ་ར་ལ་ཛ་ཛཿཞེས་བརྗོད་པས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་མཁའི་མཐར་ཐུག་པ་ཡུངས་འབྲུ་གཅིག་པ་ཙམ་དུ་ཆུད་པར ་གྱུར་ཞིང་ཉེ་བར་བསྡུསོ།། དེ་ནས་འབྱུང་པོ་མ་ལུས་པ་ཐམས་ཅད་ཀྱི་རྒྱལ་པོའི་ཡང་རྒྱལ་པོ་དབང་ཕྱུག་ཆེན་པོ་རྣམས་དང་། དབང་ཕྱུག་ཆེན་པོ་ལ་སོགས་པ་དེ་རྣམས ་ཀྱི་བཙུན་མོར་ཡང་དག་པར་གཟུང་བར་ལྡན་པ། འབྱུང་པོ་ཐམས་ཅད་ཀྱི་རྡོ་རྗེ་མེ་རྣམས་དང་དེ་བཞིན་དུ་བདག་མོ་ཆེན་མོ་ཤིན་དུ་ཁྲོ་ཞིང་དྲག་ལ་ང་རྒྱལ་བ་ཐམས་ཅད ་མ་ལུས་པ། སྲིན་མོ་ཆེན་མོའི་སྲིན་མོ་དང་། ཚངས་མ་དག་འཁྲུག་མོ་དང་། དབང་མོ་དང་། འབྱུག་སྲེད་མོ་དང་། གཞོན་ནུ་མོ་དང་། དམར་མོ་དང་། ་བདུད་རྩི་མོ་དང་། ཞི་བ་མོ་དང་། བེ་ཅོན་མེ་དང་། སྲིན་མོ་དང་། ཟབ་མོ་དང་། དགའ་བ་མོ་དང་། ར་རོ་མ་ཁྲག་འཐུང་མོས་དང་། གཅིག་པུར་སྤྱོད་མ་དང་། ཡང་འཕྲོག་མ་དང་། ་གྲུ་མོ་དང་། རླུང་མེ་དང་། གསོད་བྱེད་མོ་དང་། མེ་མོ་དང་། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་འཆང་མོ་དང་། ཆུ་མོ་དང་། ནག་མོ་ཆེན་མེ་རཾ་མགོ་དབང་སེར་ཆེན་མོ་དང་། ་བུ་སྣ་སྔོན་ནག་ཆེན་མོ་དང་། བསུས་འཕྱང་སེར་ནག་ཆེན་མོ་དང་། དེ་དག་ལ་སོགས་པ་རྣམ་པ་མང་པོ།། བསུས་པ་འཕྱང་བ།། དྲག་པོ་ཆེན་པོ་ལས་སྐྱེས་པ་སྣ ་ཚོགས་པས་ཡོངསུ་བསྐོར་ཞིང་།། དེ་བཞིན་དུ་རྣམ་པ་སྣ་ཚོགས་པའི་འཁོར་ཐམས་ཅད་དང་འཁོར་དང་ཡང་དག་འཁོར་རྣམས་དང་། སངས་རྒྱས་ཀྱི་ཞིང་གི་རྡུལ་རྙེད ་དང་མཚུངས།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་འདུལ་བའི་ཐབས་ཀྱིས། གཞན་ཡང་རིགས་ལྔ་ཡི་འཇིག་བྱེད་ཆེན་པོ་སྣང་བར་བྱས་ནས། ་དེ་དག་ཀུན་ཀྱང་དགེས་ཤིང་རོལ་པའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། ཨོཾ་ཧཱུཾ་ཨཾ་བཛྲ་པྲ་བེ་ས་ཨ་ལ་ལ་ཧོ།། ཞེས་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་བས། འབྱུང་པོ་རྒྱལ་མོ་རྣམས་མཆོག་ཏུ་ཆགས་པའི་སེམས་རྣམ་པར་འགྱུར་ན།། དེ་རྣམས་ཀྱི་པད་མིའི་དཀྱིལ་འཁོར་རྣམས་ལ་བསྡུད་ཅིང ་རྒྱས་པར་གྱུར་ཏེ། དཔེར་ན་ཁབ་ལེན་གྱིས་ལྕགས་འགུགས་པ་ལྟར་རིགས་པས་འཁོར་ལོ་ཡང་ངོ་།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་འཁྲུག་འཐུང་རྡོ་རྗེ ་སྐུ་ལ་སྲིན་མོ་ཆེན་མོ་དང་། ཤིན་ཏུ་ཁྲོས་པའི་མར་མོ་དང་། དགའ་བ་མོ་དང་། གསོད་མ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྡེ་ནག་ཆེན་མོ་དང་། སེར་ནག ་ཆེན་མོ་རྣམས་ཀྱིས་འཁྱུད་དོ།། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་འཁོར་ལེའི་སྐུ་ལ། བདུད་རྩི་མོ་དང་། ཞིང་མོ་དང་། བེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་པོ་རྣམས ་ཀྱི་འཁྱུད་དོ།། བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་པད་མའི་སྐུ་ལ།། ཁྲག་གི་མྱོས་མ་དང་།། གཅིག་པུར་སྤྱོད་མ་དང་།། ཡིད་འཕྲོག་མ་དང་། གྲུབ་མོ་དང་། རླུང་མོད་རྣམས ་ཀྱིས་འཁྱུད་དོ།། བཅོམ་ལྡན་འདས་དཔལ་ཁྲག་ཐུང་ཆེན་པོ་འཕྲིན་ལས་ཐམས་ཅད་པའི་སྐུ་ལ། ཕག་མོ་དང་། རྒན་བྱེད་མོ་དང་། སྣ་འཕྱང་མ་དང་། ་མེ་མོ་དང་། ཆུ་མོ་རྣམས་ཀྱི་འཁྱུད་དོ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་ཧཱུཾ་ཞེས་བརྗོད་པས་བྷ་གའི་པད་མའི་དཀྱིལ་འཁོར་གྱི ་ཚོགས་བསྡད་ནས་དགེས་པའི་འཁོར་ལོ་གྱུར་ཏོ།། དེ་ནས་དགྱེས་ཏེ་ཧ་ཞེས་བརྗོད་པས་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལ། དཀར་མོའི་ཚོགས་དང་། ཆོམ་རྐུན་མའི་ཚོགས་དང་། ་རབ་ཏུ་རྨོངས་མོའི་ཚོགས་དང་། རོ་ལངས་མེའི་ཚོགས་དང་། ཟ་ཕོ་མོའི་ཚོགས་དང་། གཏུམ་མོའི་ཚོགས་དང་། སྦོས་མོའི་ཚོགས་དང་། མ་མོ་འདུས་པའི་ཚོགས་རྣམས། ་རང་རང་གི་མཚོན་ཆ་འཛིན་པ་ངོ་མཚར་བུའི་གཟུངས་སུ་འཐོན་ཏོ།། འཐོན་ནས་ཀྱང་འབར་བ་ཆེན་པོ་འཁོར་ལོའི་རྩིགས་ཤར་ཕྱོགས་ནས། འཁོར་བར་འཇིགས་པ་ཆེན ་པའི་གཟུགས་གྲི་མཚོན་འཛིན་པ་རྣམས་བཞུགསོ།། དེ་ནས་ཤིན་ཏུ་དགྱེས་ཏེ་ཧེ་ཞེས་བརྗོད་པས། སེང་གེའི་གདོང་ཆེན་མོའི་ཚོགས་དང་། སྟག་གི་གདོང་མེའི་ཚོགས་དང་། ་ཝིའི་གདང་ཆེན་མོའི་ཚོགས་དང་། སྦྱངས་ཀིའི་གདོང་ཆེན་པོའི་ཚོགས་དང་། བྱ་རྒོད་ཀྱི་གདོང་ཆེན་མའི་ཚོགས་དང་། ཀང་ཀའི་གདོང་ཆེན་མོའི་ཚོགས་དང་། བྱ་རོག་གི་གདོང ་ཆེན་མོའི་ཚོགས་དང་། འུག་གདོང་ཆེན་མོའི་ཚོགས་རང་རང་གི་གྲི་མཚོན་འཛིན་པ་རྣམས་ངོ་མཚར་དང་བཅས་པར་འཐོན་ནས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མངོན ་པར་ཁྱབ་པོ།། གཞན་ཡང་འབར་བའི་འཁོར་ལོ་ཆེན་པོ་མདུན་ནས་འཁོར་བར་རྔམ་པའི་སེམས་ཀྱི་གནས་སོ།། དེ་ནས་དགྱེས་ཏེ་ཕཊ་ཞེས་བརྗོད་པས་རྡོ་རྗེ་རིང་འགྲོ ་མའི་ཚོགས་དང་། རྡོ་རྗེ་གདོང་མའི་ཆོ་ག་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་།། རྡོ་རྗེ་རོ་ལངས་མའི་ཚོགས་དང་རང་གི་ཕྱག་ན་མཚོན་ཆ་དང་བཅས་པས་འཐོན ་པར་གྱུར་ཏོ།། འཐོན་ནས་ཀྱང་འབར་བའི་དཀྱིལ་འཁོར་གྱི་སྒོ་རྣམསུ་ཤིན་དུ་རྔམ་པར་མཛད་ཅིང་གནས་སོ།། དེ་དགྱེས་པའི་སྤྲིན་གྱིས་ཕྱོགས་བཅུར་ཁྱབ་ཏེ། ་ཕཊ་ཅེས་བརྗོད་པས།། ཐམས་ཅད་དུ་ཁྲོས་པ་ཙམ་གྱིས།། རང་གནས་རབ་ཏུ་ཐོབ་པའི་ཕྱིར་བཀྱེའོ།། དེ་ནས་བཅོམ་ལྡན་འདས་ཁྲག་འཐུང་ཆེན་པོ་ཐམས་ཅད ་ཐུགས་རྡོ་རྗེ་ཆེན་པོ་འདུད་རྩི་འབྱུང་བའི་ཏིང་འཛིན་ལ་སྙོམས་པར་ཞུགས་ནས།། སྐུ་དང་གསུང་དང་ཐུགས་རྡོ་རྗེ་རྣམས་ལས ་ཨོཾ་བཛྲ་མ་ཧཱ་མྲི་ཏ་ཀྲོ་དྷ་ཨཾ་ཨཾ། ཞེས་བརྗོད་དོ།། བརྗེད་པས་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོའི་བདག་པོ་རྣམས་ཀྱི ་ག་ཤང་ལམ་རྣམས་ནས་མི་གཙང་བའི་འདམ་གྱི་རྒྱ་མཚོར་བྱིང་ཞིང་རྒྱའོ།། དེ་ནས་དེའི་བཤང་ལམ་ན་ཚོལ་པའི་ཁྲོ་བ་སྤྲོས་ཏེ་འཐོན་ནས་ལས་ཀུན་ཏུ་མཉམ ་པར་ཟོས་སོ།། གཞན་ཡང་དབང་ས་ཕྱུག་ཆེན་པོ་ལ་སོགས་པ་དྲན་པ་རྙེད་པས། ཞག་དང་མགོ་བོ་རྣམས་ལན་རྒྱ་ཕྲག་བཅཝོ་བརྒྱད་དུ་ཟོས་ཏེ། ལུས་དང་རྐང ་པ་བརྒྱ་ཕྲག་བཅཝོ་བརྒྱད་རྣམས་ཀྱང་། འབར་བའི་དཀྱིལ་འཁོར་ཆེན་པོ་ལ་གནས་ཏེ། ཁྲོ་བོའི་དཀྱིལ་འཁོར་དུ་མཐོང་ངོ་།། དེའི་ཚེ་ཕྱོགས་བཅུའི་འཇིག ་རྟེན་གསུམ་པོ་ཐམས་ཅད་དུ་འགྲོ་བའི་དྲེག་བ་ཅན་དབང་ཆེན་པོ་ལ་སོགས་པ་རྣམས་འདུལ་བའི་ཐབས་སྣ་ཚོགས་པ་སྣང་བར་བྱས་སོ།། དེ་ནས་དུས ་གཅིག་ཏུ་འདར་ཞིང་ཡིད་སྐྲག་ཅིང་རྒྱལ་བ་རྣམས་དགྱེས་པས་བཏུལ་བར་འགྱུར་ཏོ།། དེ་དག་ཀྱང་སྣང་བར་བྱས་སོ།། འདི་ལྟར་བདག་ཅག་འབངསུ་མཛོད།། ་གལ་ཏེ་འབངས་སུ་ཐོགས་པ་མེད་མ་བགྱིས།། ན་བདག་རྣམས་ཀྱི་མགོ་དང་ལུས།། རྣམ་པ་བརྒྱར་ནི་དེ་ལྟར་འགས།། སྙང་ཡང་འགས་པར་འགྱུར་བ ་ཡིན།། བཅད་ནས་རུས་པ་ཉིད་དུ། འགྱུར། ཚིག་ཅིང་ཉམས་ལ་ཆུད་ཟོས་ནས། དམྱལ་བར་ལྷུང་ནས་འབོད་པར་འགྱུར།། དེ་ལྟར་བདག་འབངསུ ་ཁས་ལེན་ཅིང་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་གནས་སོ།། གཞན་ཡང་།། ཐམས་ཅད་དུ་ཡང་མགྲིན་གཅིག་པའི་ཚིག་འབྲེལ་བས།། བདག་ཅག་ཁྱེད ་ཀྱི་ཆུང་མ་རུང་།། དཀྱིལ་འཁོར་ཆེན་པོར་ལོངས་སྤྱོད་ཅིང་།། དཔའ་བོ་བཅོམ་ལྡན་འདས་ཀྱི་ནི།། འདིར་ནི་ཚོགས་ཀྱིས་དཀྱིལ་འཁོར་ཆེ། མེད ་ཙམ་འཛིན་པ་གང་ཞིག་ཀྱང་། དེའི་མ་དང་སྲིང་མོ་དང་། བུ་མེའི་འབྲེལ་པ་ཤིན་དུ་བལྟ།། བདག་ཅག་གཙུག་གི་ནོར་བུ་འབར།། ཇི་ལྟར་སྐྱེང་བ་སྒྲ ་འདུལ་སེམས། གུས་པ་བཞིན་དུ་མགོ་བོས་འཛིན། དགྱེས་དང་ལྡན་པའི་གཙུག་བཞིན་དུ། གནས་ཀྱིས་དོན་དུ་དེ་བསྒྲུབ་བྱ།། གང་ཞིག་ཅུང་ཟད ་ཐམས་ཅད་རྫོགས།། དེ་ནི་རྟག་ཏུ་ཐོགས་པ་མེད།། ཇི་ལྟར་སྟོན་པའི་དཔའ་མཆོག་ཀྱང་།། དེ་ནི་དེ་ལྟར་བསྒྲུབ་པར་མཛོད།། དེ་ལྟར་མ་བྱས་བདག་གི་མགོ། ལུས་དང་སྙིང ་ཡང་དེ་བཞིན་དུ།། གཅོད་དང་འབུགས་དང་དུམ་བུར་འགྱུར།། ད་ལྟར་བདག་ཅག་ཁས་མཆེའོ།། དེ་ནས་དེ་དག་གི་ཆུང་མ་དང་བུ་ལ་སོགས་པ་དང་།། སྲིང་མོ་དང་མ་ད ་བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་སྐྲ་ཅིག་ཙམ་ལ་འོངས་ནས་མགྲིན་ཅིག་ཏུ་སྨྲས་པ།། བདག་ཅག་ཐམས་ཅད་འཁོར་དང་ནི།། མགོན་པོའི་བྲན་དུ་བདག་ཅག་མཛོད། ་ལས་ནི་རྫོགས་པར་བྱེད་པ་དང་།། ཁྱབ་བདག་ལས་ནི་དེ་ལྟར་གསོལ།། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་རྣམས་ཀྱི་ལག་ཏུ་རྡོ་རྗེ་བྱིན་ཏེ། མིང་གི་དབང་བྱིན་ནས། ་དཀྱིལ་འཁོར་གྱི་ཕྱིར་ལ་དུ་བཞགག། པསད་ནམས་ཡེ་ཤེས་ལྡན་པ་འདི། གསལ་བར་སྣང་བར་ལྡན་པ་དང་།། སྨན་ལམ་གྱོ་ནི་འབྲེལ་བས་གྱུར། འཐབའི་ཐམ་རྫོགསས ་སངས་རྒྱས། རྒྱལ་བའི་སྲས་ཕྱིར་བཞུགས་པ་དང་།། དོན་དམ་པ་དང་ནི་གཞན་མ་ཡིན། ཨེ་བཾ་ཡི་གེ་བཅོམ་ལྡན་འདས།། གཞན་དུ་ན་མཁའ་ལྟ་བུ་དེ། ཆོས་ཀྱི་དབྱིངས་སུ་རྟག ་ཏུ་བྱེད།། དབང་ཕྱུག་ཆེ་སོགས་དྲག་ཕྱིར་ཐོབ།། གང་ཞིག་འགྲོ་བ་ལུས་ཅན་རྣམས།། དེ་རྣམས་ཀྱིས་ནི་གདུལ་བར་བཞེད།། གདུག་སེམས་ལྡན་པ་དེ་རྣམས་ཉིད་།། གང་གིས ་གདན་ལ་རབ་འཇུག་བཅས། སོ་སོའི་སྒྲིབ་པ་གསལ་བ་དང་།། བདག་གི་བདག་ཏུ་ངན་རྟོག་པ།། སངས་རྒྱས་རྣམས་ཀྱིས་གཟིགས་ནས་ཀྱང་།། བསྒྱུར་དེ་ཐམས་ཅད ་དགུག་པར་བྱས།། གསུང་གིས་ཀྱང་ནི་དེ་ཉེ་བར་དགུག། བསམ་པ་ཡིས་ཀྱང་དེ་ཉིད་དོ།། ཞེས་པ་དཔལ་གསང་བའི་སྙིང་པ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན ་པོ་ལས།། ཁྲོ་བའི་བདག་ཉིད་ཀྱི་དཀྱིལ་འཁོར་རྣམ་པར་སྤྲོས་པའི་ལེའུ་སྟེ།། བཅོ་ལྔ་པའོ།། དེ་ནས་བཅོམ ་ལྡན་འདས་དགྱེས་པ་ཆེན་པོ།། དེ་བཞིན་གཤེགས་པ་ཁྲོ་བོ་ཁྲག་འཐུང་ཆེན་པོ།། མེའི་ཚོ་གས་དང་བཅས་པས།། དཀྱིལ་འཁོར་ཚོགས་ཆེན་པོ་དམ་ཚིག་གིས་བསྒྲུབ་པར ་འདད་པའི།། རང་གི་སྒྲ་དང་གསུང་དང་ཐུགས་ཡེ་ཤེས་ཁྲོ་བོ་རྣམས་ཀྱི་དཀྱིལ་འཁོར་འདི་བྱུང་ནས་གསུང་བ།། མ་བཙུན། བཛྲ་མཧཱ་ཐཱ་ཧེ་རུ། ་མཧཱ་མ་ཙཎྜ་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པཙ་ཏྲུ་ཛྲ་ཧཱུ~ཾ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙརྠ་སརྦ་དུཥྚཱནྡ། ཀ་ཧ་ན་ད་ཧ་པ་ཙ་ཙུ་ཧཱུ~ཾ་ཧཱུ~ཾ་ཕཊ།། ཨོཾ་རཏྣ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ ་སརྦ་པུཥྤཱཏྨ་ཀ་ཧ་ན་ད་ཧཱ་བ་ཙ་ཧཱ་ཧཱུ་ཧཱུ~ཾ་ཕཊ། ཨོཾ་པདྨ་མ་ཧཱ་ཤྲཱི་ཧེ་རུ་ཀམྦཱ་ཧཱ་ཙཎྜ་སརྦ་པུཥྚཱནྟ་ཀ་དེ་ཧན་ད་བ་ཙཙྪ་ཙྪ་ཧཱུ~ཾ་ཕཊ། ཨོཾ་ཀ་རྨ་མ་ཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙརྠ་སརྦ་དུཥྚཱཏཱ་ཀཿ ་ན་དེ་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་ཤྭ་རཱི་ཛ་ལ་ནི་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཀྲོ་དྷེ་ཤྭ་རཱི་སརྦ་དུཥྚཱ་ནཱ་ཧཱུཾ་ཕཊ། ཨོཾ་མ་ཧཱ་སཱུརྱ་རཏྟ་མ་ཧཱ་ཀྲོ་དྷི་ཤྭ་རཱི་བ ་ཐ་བ་མུ་ཁེ་ཧཱུ~ཾ་ཕཊ། ཨོཾ་མཧཱ་སྭ་ར་ས་ཏ་མ་ཧཱ་པདྨ་ཀྲོ་དྷེ་ཤྭ་རཱི་ཁཱ་ཧི་ཧཱུ~ཾ་ཕཊ། ཨོཾ་སརྦཱ་མོ་གྷ་མཧཱ་ཀྲོ་དྷེ་ཤྭ་རེ་བི་ས་ཧཱུ~ཾ་ཕཊ། ཨོཾ་བཛྲ་ག་རི་ཧ། ཨོཾ་བཛྲ་ཙ་རཱི་\ུ0f7f། ཨོཾ་བཛྲ་པྲ ་མོ་ཧེ་ཧ། ཨོཾ་བཛྲ་པེ་ཏཱ་ལེ་ཧ། ཨོཾ་བཛྲ་ཙརྣ་ལཱི་ཧ།། ཨོཾ་བཛྲ་པ་ཀཾ་སེ་ཧཿོཾ་གྷསྨ་རེ་ཧེ།། ཨོཾ་བཛྲ་སཱ་ཤཱ་ནི་ཧ།། ཨོཾ་བཛྲ་ས་ཧ་མུ་ཥེ་ཧེ།། ཨོཾ་བཛྲ་སྲིག་ལ་མུ་ཁིཿ། ་ཨོཾ་བཛྲ་ས་ནཱ་མུ་ཁཻ་ཧེ།། བཱཛྲ་གྲི་དྷ་མུ་ཁི་ཧེ། ཨོཾ་བཛྲ་ཀསྐ་མུ་ཁི་ཎེ།། ཨོཾ་བཛྲ་ཀ་ཀ་མུ་ཁིཿ། ཨོཾ་སུ་ལྤ་ཀ་མུ་ཁཱི་ཙེ། ཨོཾ་ཨརྱ་ཧེ་ཛ་བི་དྷཛ།། ཨོཾ་བཛྲ་ཧ་ཡ་མུ ་ཧཱུཾ། ཨོཾ་ལ་ཛྭ་ལོ་ཀེ་བ། ཨོཾ་བ་ཏིཿ།། བྷཔྤ་བྷཱུ་བྷཱུ་དྷཱམྦྷ། བྷྲཱུཾ་བྷུ་བྷྱོ་བྷཱི་བྷྱེ་བྷྱཱཾ། མ~ཾ་ཨེ་དྱཿ། ཨན་ཡ་ཛ་ཏྲཱ་ཥྚཙར།། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ངྐུ། ཁྭ་ནང ་དྲག་པས་ཞི་བར་མཛད།། ཐུགས་རྗེ་ཁྲོས་དཔལ་ཁྲོ་བོའི་ཚོགས།། འབར་བའི་བྱིན་རླབས་ངོ་མཚར་ཆེ།། དེ་ཉིད་བདག་ལ་སྦྱིན་པར་མཛོད།། ཨོཾ་བཛྲ་ཀྲོ་དྷ་ས་མ་ལ ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ།། ཨ་ལི་ཀ་ལི་ཏ་ཨ་ཏི་དཾཥྚྲཱ་གོ་ན་རོ་དི་ཁ་རཾ་ཡོ་གི་ནཱི་ཁཱ་ཧོ་ཧཱུཾ་ཧ་ཧོ་ཕཊ། ཅེས་བརྗོད་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། ་ཚིག་རབ་ཏུ་ཚིག། ཀུན་རབ་ཏུ་ཚིག་གོ། འབར་རབ་ཏུ་འབར།། ཀུན་ཏུ་རབ་ཏུ་འབར་རོ།། ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང་། ་རབ་ཏུ་གང་ཀུན་དུ་གང་བར་གྱུར་ཏོ།། ཞེས་པ་དཔལ་གསང་བའི་སྙིང་པོ་ན་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས།། གསུང་གི་དཀྱིལ་འཁོར་སྤྲོས་པ་ཞེས ་བྱ་བའི་ལེའུ་སྟེ།། །། བཅུ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་དགྱེས་པ ་ཆེན་པོ་དེ།། རྣམས་ཀྱིས་བྲི་བའི་དཀྱིལ་འཁོར་བསྟན་པའི་ཕྱིར། ཆེད་དུ་བརྗོད་པའི་ཆེད་དུ་བརྗོད་པ།། འབར་བའི་དཀྱིལ་འཁོར་རྩིབས་བཞི་པ།། གྲུ་ཆད་བཞི་པ་མཚུངས ་བར་ལྡན།། སྣམ་བུ་སྒོ་དང་ཡང་དག་ལྡན་སྣ་ཚོགས་སྦྲུལ་དང་ཉི་མིའི་གཟི། འབར་བའི་འཕྲོ་བ་མང་པོ་འཁྲུག། ཁྱུ་མཆོག་མ་ཧེ་གཟིགས་དང་ནི།། སྟེག་གོ་རིགས་དང་བརྩ ་བ་ཉིད།། གཏུམ་པ་དོམ་གྱི་ལག་པས་མནན།། དབང་ཕྱུག་ཆེ་ལ་སོགས་པ་བཟུང་།། སྤུན་ནག་དང་ནི་སྔོ་ནག་དང་།། སེར་ན་ག་དང་ནི་དམར་ནག་དག། ལྗང་ནག་འཇིག ་པའི་རང་བཞིན་དང་།། ཞལ་གསུམ་རྣམ་པ་ཕྱག་དྲུག་པ།། ཞབས་བཞི་པ་ནི་རྣམ་པར་བགྲད།། ཀླ་རློན་པའི་གོས་འཆང་བ།། སྣ་ཚོགས་རྒྱན་གྱི་རྒྱན་པ་དང་།། དྲག་པོའི ་གཟུགས་ཆེན་སྒྲ་རྨུགས་པ།། ཐོད་སྦྲུལ་ལྡན་པ་འཇིགས་པའི་གཟུགས།། སེམའི་འོད་ཀྱིས་མཛེས་པ་ཉིད།། སྟོང་པའི་འཇིག་རྟེན་ཁམས་རྣམས།། ཀུན་ནས ་ཡོངསུ་བསྐོར་བ་དང་།། རྡོ་རྗེ་དུང་ཆེན་གང་བ་དང་།། རལ་གྲི་སྒྲ་སྟ་ཐོད་གཤོལ་མཚོན།། རང་གི་ཕྱག་མཚན་སྣ་ཚོགས་འཛིན།། མཚོན་ཆ་འཛིན་པའི ་བཙུན་མོ་འཁྲིལ།། གནས་དག་འགྲོ་བའི་ཕྱག་རྒྱ་དང་།། སྒོ་བཞི་ཕྱག་རྒྱས་བཏབ་པའི་གཟུགས།། བདག་པོ་བཤེས་དང་བྲན་མོ་དང་།། ཉི་ཤུ་ཉེར་བརྒྱད ་ཀྱི་ནི་བརྒྱན།། རང་མཚན་གཟུགས་ནི་སྟན་ལ་གནས།། མངག་བཞག་བྱེད་པ་གནས་པའོ།། ཞེས་བརྗོད་པས་འཛིན་རྟེན་དྲུག་གི་ཕྱོགས་བཅུའི་ཁམས་རྣམས། ་འབར་བའི་དཀྱིལ་འཁོར་རབ་ཏུ་གསལ་བར་གྱུར་ཏོ།། ཞེས་པ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས།། ཁྲོ་བོའི་དཀྱིལ་འཁོར ་གཏན་ལ་ཕབ་པའི་ལེའུ་སྟེ། བཅུ་བདུན་པའོ།། ། དེ་ནས་བཅོམ་ལྡན་འདས ་དགྱེས་པ་ཆེན་པོ་མཉེས་པའི་མཚོན་པ་ཆེན་པོའི་གསང་བ་འདི་གསུངས་པ།། དེ་ལ་མཆོག་གི་མཆོད་སྦྱིན་དོན།། སྔགས་པས་ཀུན་རྟོགས་རྣམ་པར་སྤངས། ་དང་པོར་རྩེ་བ་མཆོག་དབང་བྱས།། གཉིས་མེད་ཞེན་པ་མེད་པའི་སེམས།། འཇིག་རྟེན་བློ་ངན་ལྡན་པའང་།། སྙིང་རྗེས་གནས་པར ་བྱ་བ་ཡིན།། གནས་ཤིང་འཇུག་པར་བྱ་བ་དང་།། མཆོད་ཅིང་འཁྲིལ་བའི་སྦྱོར་བ་དང་།། བདག་ཉིད་མཉེས་པས་མཚོན་ནས་ནི།། དེ་བཞིན་གཤེགས་ཀུན ་མཉེས་པ་ཉིད།། མཉམ་ཉིད་གྲུབ་པ་ཆེན་པོའི་རྫས།། བཟའ་དང་བཏུང་དང་ལྡག་བྱ་བ།། འདོད་ཡོན་ལྔའི་གནས་དང་བཅས།། དཀྱིལ་འཁོར་ལན ་དཀྱིལ་འཁོར་ཐིམ།། ཕྱོགས་བཅུ་དུས་བཞིར་བཞུགས་པ་ཡི།། སངས་རྒྱས་ཡོན་ཏན་ངོ་མཚར་ནི།། དེ་ལ་དབུས་སུ་རྣམ་པར་སྤྲས།། དེ་མཚུངས་གཞན ་ནི་གཅིག་ཀྱང་མེད།། ལྷ་དང་མི་གཅིག་གནོད་སྦྱིན་སོགས།། མཆོད་པའི་ལས་ཉིད་སྦྱོར་བ་དང་།། ཕྱག་རྒྱ་ཆེན་པོའི་རང་བཞིན་ལྡན།། རྣལ་འབྱོར་རྒྱལ་པོས ་རྫོགས་པར་བྱ།། གསལ་ཞིང་དགོས་པ་ཡད་མ་ཡིན།། དཀྱིལ་འཁོར་ཆེན་པོ་འབར་བ་དང་།། གཞན་ནི་གསལ་བའི་རང་བཞིན་ནོ།། ཞེས་བརྗོད་པས་མཉེས ་བན་པས།། འཇིག་རྟེན་དྲུག་གི་ཕྱོགས་གཤེགས།། མཚན་འདྲེའི་མཆག་གིས་མ་སྦྱིན་གཏན་ལ་དཔའ་བའི་ལེའུ་སྟེ། ་ཙ་\ུ0f7fདབ་མ། ད་ནས་བཅོམ་ལྡན་འདས་དགྱེས་པ་ཅན་པས་དཀྱིལ་ལ་འདན ་ཡོད་པར་བྱ་བར་འདོད་པས།། དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་པ།། ཐེག་པ་ཆེན་པོ་རྣམ་པར་ངེས།། ཉོན་མོངས་ལམ་རྣམས་རྗེས་བསྲུང་བ། དམ་ཚིག ་ལ་ནི་ནན་ཏན་བྱེད།། དམ་ཚིག་ཚོགས་ནི་ངེས་བསྟན་བྱ།། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས།། དམ་ཚིག་བླ་ན་མེད་པ་བསྟེན།། འདུལ་བའི་དབང་གི་ཚུལ་ཁྲིམས ་དང་།། བསམ་གྱིས་མི་ཁྱབ་སྡོམ་པ་ཉིད་ཀྱང་།། ཐམས་ཅད་རྣམ་དག་ཀུན་འགྲོ་དང་།། གདོད་ནས་རྟག་ཏུ་དམིགས་པ་མེད།། སྒྱུ་མ་སྤྲུལ་པའི་རྣམ་པ་ཉིད།། ཐམས་ཅད་མ ་ལུས་མཐོང་བ་དང་།། སྲོག་མེད་སྲོག་ཀྱང་གཅད་དུ་མེད།། སྲོག་གཅོད་འགྲོ་བའི་ཀུན་རྟོག་གོ། དེ་ལྟར་སྲོག་ནི་རྣམ་པར་བསམ།། སྲོག་དང་སྐྱེས་བུར་རྣམ་པར་རྟོགས། ་@སྲོག་དུ་རྟགས་པས་སྣང་བ་དང་།། སྲོག་གཅོད་པ་ཡང་བྱ་བའོ།། བདེན་པ་གཉིས་ཀར་དབྱེར་མེད་པས།། སྤྲུལ་པ་དགའ་བཞིན་རབ་ཏུ་གསུངས། ་མ་བྱིན་པར་ཡང་བླང་བར་བྱ།། དེ་ཉིད་དབྱིངས་ལས་ནར་ཀུན་མེད།། ཆོས་ཀུན་ཐམས་ཅད་སྒྱུ་མ་བཞིན།། མིང་དང་ཚིག་ཏུ་ཐོས་པའི་བརྡའ།། བརྫུན་དང་བརྫུན་མེད ་ཉིད་དུ་སྦྱོར།། བརྫུན་དུ་རྟོག་པས་བརྟགས་པ་ཙམ།། འདོད་པ་ལོག་པར་གཡེམ་པར་བྱ།། ཆགས་དང་ཆགས་མེད་ཉིད་དུ་སྦྱོར།། ཆགས་པས་ཀྱང་ནི་ཆགས་ལྡན་པ། ་དེ་ནི་དག་པ་མཆོག་ཁོ་ན།། ཆགས་པའི་རྒྱལ་པོ་ཆེན་པོའི་མཐའ།། བླ་ན་མེད་པ་མི་དོང་ཞིང་།། བླ་མ་དམ་པ་རྟག་མཆོད་བྱ།། སྔགས་དང་ཕྱག་རྒྱ་མི་དོར་རོ།། ་ལས་ཞུགས་ཀུན་ལ་བྱམས་པར་བྱ།། གསང་བ་ཕྱི་རོལ་བརྗོད་མི་བྱ།། རྩ་བའི་དམ་ཚིག་ལྔ་པོ་བསྟེན།། བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག། འདོད་ཆགས ་ཞེ་སྡང་གཏི་མུག་དང་།། ང་རྒྱལ་དང་ནི་པྲ་དོག་ནི།། ལྔ་པོ་རྣལ་འབྱོར་པས་མི་སྤང་།། དཀར་དང་དམར་དང་དྲི་དང་ནི།། ཤ་ཆེན་དག་པ་ཡི་ནི་སྣོད།། ཆུ་ཉིད་ཀྱང་ནི་དང་མ ་བྱ།། ཡན་ལག་བཅུ་ཡི་དམ་ཚིག་བསྟེན།། རང་བཞིན་དག་པར་རྟོགས་པས་སྤྱད།། བསྲུང་བ་ནི་དང་ནི་བསྒྲུབ་པ་ལྔ།། དམ་ཚིག་རྩ་བའི་རིགས་མེད་འགྱུར།། ་མི་སྤང་བ་དང་མི་དོར་བ།། ལྔ་པ་ཉིད་ཀྱི་བདག་ཉིད་རིག། ཡན་ལག་དམ་ཚིག་འདའ་དཀའ་བ།། མཉམ་ཉིད་དམ་ཚིག་སྦྱོར་བའི་མཉམ་པའི་དམ་ཚིག་ལག་ནས་ན།། ་དམ་ཚིག་རྫོགས་པར་གྲུབ་པར་འགྱུར།། རྣལ་འབྱོར་པས་ནི་ཆེ་ཉིད་ཐོབ།། འདས་ན་སངས་རྒྱས་མ་ཡིན་ནོ།། རྩ་བ་ཉམས་པའི་ཆལ་པ་དག། གསོ་ཕྱིར་བརྩོན་འགྲུ ་མེད་པ་དང་།། སྐ་ཅིག་ཙམ་དུ་སྨྲ་མ་བྱེད།། ཉམས་གྱུར་ཉེས་པ་བརྗོད་པ་མི་ནུས།། གྲངས་མེད་ཁོང་དུ་ཆུད་པར་བྱ།། རྩ་བའི་དམ་ཚིག་ཉམས་འགྱུར་ན།། དངོས ་གྲུབ་ཐམས་ཅད་ཕྱིན་ཅི་ལོག། ཡིད་དུ་མི་འོང་སྣ་ཚོགས་ཐོབ།། འདོད་བྱིའི་འབྲས་བུ་མི་ཐོབ་པོ།། ཡན་ལག་དམ་ཚིག་ཉམས་གྱུར་ནོ།། འབྲས་མེད་ངན་འགྲོར་ལྷུང་བར ་འགྱུར།། དམ་ཚིག་རྡོ་རྗེན་པོ་ནི།། སངས་རྒྱས་ཀུན་གྱི་བདག་ཉིད་འགྱུར།། རྩ་བའི་དམ་ཚིག་ལྔ་ལ་ནི།། གཅིག་ལ་གཉིས་དང་བཅུ་ཕྲག་གསུམ།། ཡན་ལག་དམ ་ཚིག་གཉིས་ལ། གཅིག་ལའང་བཅུ་ཕྲག་གཉིས་ཤེས་བྱ།། དམ་ཚིག་འདི་ནི་ངོ་མཚར་མེ། འདི་ལྟར་འཇིག་རྟེན་དྲུག་ཕྱོགས་བཅུ།། སྲིད་གསུམ་འགྲོ། ་བ་མ་ལུས་པའི།། དྲངས་མེད་པའི་དམ་ཚིག་ནི།། སྤྲོས་པ་བླ་མ་དམ་པ་གསུམ།། གཞན་ཡང་ཐམས་ཅད་རྒྱལ་བ་ནི།། ཀུན་ཏུ་བཟང་པོ་མ་ལུས་པ། ཐམས་ཅད་མ་ལུས་ཕྱག ་རྒྱར་འགྱུར། བསྒྲུབ་བྱ་མེད་པ་མ་ལུས་འགྲུབ།། དེ་ལ་སོགས་པ་མཐའ་ཡས་མཆོག། རྒྱལ་བའི་རིགས་བཅས་རྣལ་འབྱོར་གང་།། མཆོག་འཛིན་འཇིག་རྟེན་གཙོ་བོ་དང་། ་འཁོར་གྱི་གཙོ་བོས་མཆོད་པ་དང་།། མཆོག་དང་དམ་པར་གྱུར་པ་ཡིས།། སྲས་དང་སྤུན་དུ་བྱིན་གྱིས་རློབས།། བདེ་བར་གཤེགས་པ་ཉིད་ཀྱི་ཡུམ།། ཀུན་ཏུ་བཟང་པོ་བཞིན་དུ ་སྤྱོད།། རྣལ་འབྱོར་ཀུན་དུ་འཛིན་པ་མེད།། འདུལ་བའི་ཐབས་ཀྱིས་དེ་ཉིད་རིག། བསམ་མོ་ཁྱབ་པའི་སྡོམ་ལ་གནས།། སྐལ་ལྡན་གྲུབ་པའི་རྣམ་དག་གང་།། དམ་ཚིག་ཉམ ་པར་བྱས་པ་ན།། ས་སོར་གཤེགས་པས་རྫོགས་པ་དང་། དེ་ལ་སོགས་པ་མཐའ་ཡས་པ།། སངས་རྒྱས་དེ་བཞིན་གཤེགས་ཉིད་དོ།། ཞེས་པ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན། ་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས།། དམ་ཚིག་གཏན་ལ་ཕབ་པའི་ལེའུ་སྟེ། བཅུ་དགུ་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་དགྱེས་པ་ཆེན་པོའི་དམ་ཚིག་བྱིན་གྱིས་རློབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྡོམ་པར་ཞུགས་ནས། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དེ་གསུངས་པ། ཨེ་ཡིག་རྣམ་པའི་འཁོར ་ལོ་རུ།། སྡེ་ཚན་དཀྱིལ་འཁོར་གྱི་ནི་མཆོག། འབར་བ་གཏུམ་ཆེན་ཁྲོ་བ་ལ།། བློ་ལྡན་ཁྲོ་བ་སྦྱིན་སྲེག་བྱ།། ཁྲོས་པའི་སེམས་ཀྱིས་མ་བྲལ་ན།། སངས་རྒྱས་བསོད་ནམས་སྐ་ཡང ་འཇིག། གཞན་འཇིག་པ་ནི་ལྟ་ཅི་སྨོས།། དེ་ནི་དེ་ལྟར་མཆོག་ཏུ་འགྱུར།། བདུད་རྩི་ལྔ་འམ་བཟའ་བ་ལྔ། ལིང་ཀ་བྱ་ཞིང་མིང་ཉིད་དོ།། བཀུག་ནས་རྡོ་རྗེ་ཕུར་པ་ཡིས།། མི ་རྣམས་གཞན་ལ་གདའ་བར་བྱ།། བཀུག་པའི་ཚོགས་ནི་བསྒྲུབ་པར་བྱ།། ཨི་ཡི་རྣམ་པའི་ཚོགས་དཀྱིལ་འཁོར། ལུ་གུ་རྒྱུད་དུ་སྦྲེལ་ནས་བཅིང་། གཉིས་པོ་ངེས་པར ་སྦྱོར་དང་བཅས།། བཅིངས་ཏེ་བསྐྱེད་ན་དེ་ནས་ནི།། གཅིག་ལས་ནི་ཕྱོགས་བཅུར་གཡོ།། ཡང་ན་གང་ཞིག་སྐྱེ་བར་འགྱུར།། ཡང་ན་གཅིག་ལས་ནི་སྲོག་བམ་གི་རྣམ ་པའི་ཚོ་གས་འཁོར་ལོ།། བདག་ནི་འབར་བའི་གཟི་བརྗིད་ཆེ།། ཆགས་པའི་སེམས་ཀྱིས་སྦྱིན་སྲེག་བྱ།། རྡོ་རྗེ་གསུང་ཡང་དབང་དུ་འགྱུར། ་བདུད་རྩི་ལྔ་འམ་བཟའ་བ་ལྔ།། ལིང་ཀ་བྱ་ཞིང་མིང་ཉིད་དོ།། རྡོ་རྗེ་ཆགས་པས་གདབ་པར་བྱ།། ཆགས་པའི་ཚོགས་ལ་ཐིམ་པར་བྱ།། བཾ་གི་རྣམ་པའི་ཚོགས་འཁོར་ལོ།། ་ལུ་གུ་རྒྱུད་དུ་བཅིངས་པ་ཉིད།། རྡོ་རྗེ་ཅན་གྱི་འོད་དགུག་པར་བྱ།། འདོད་པའི་ཡིད་ཀྱིས་མྱུར་དུ་བྱ།། མ་ཡིན་རྣམ་པའི་ཚོགས་འཁོར་ལོ།། གྲུ་བཞི་ལྷམ་པར་མཛེས་པ ་དང་།། འབར་བ་འཕྲོ་ཞིང་བསྡད་པ་དང་།། གཟི་བརྗིད་ཆེ་མཆོག་འཛིན་པའི་གཟུགས།། དགའ་བའི་སེམས་ཀྱིས་སྦྱིན་སྲེག་བྱ།། གཅིག་ཏུ་ཡོན་ཏན་ཞི་བ་ཐོབ། ་བདུད་རྩི་ལྔ་འམ་བཟའ་བ་ལྔ། ཡོན་ཏན་ཡིད་བཞིན་ནེར་བུའི་གཏེར།། རབ་ཏུ་རྟག་ཅིང་ང་རྒྱལ་བྱ།། དགའ་ཞིང་འཕྲོ་བས་གདབ་པར་བྱ།། རྡོ་རྗེ་གཟི་བརྗིད་འཕེལ་བར ་བྱད་རྣམ་ཡིན་རྣམ་པའི་ཚོགས་དཀྱིལ་འཁོར།། ལུ་གུ་རྒྱུད་དུ་འབྲེལ་ནས་བཅིངས།། རྫུ་འཕྲུལ་གཟི་བརྗིད་ཆེན་པོ་འབར།། རྣལ་འབྱོར་མཉམ་པར་བཞག ་པས་སྤྲོ།། ཡིད་བཞིན་ནོར་བུ་མཁའ་ལྟར་རྫོགས།། ཡ་ཡི་རྣམ་པས་ཚོགས་དཀྱིལ་འཁོར།། མཛེས་ཤིང་གཟི་བརྗིད་རབ་ཏུ་འབར་རབ་གསལ་སེམས་ཀྱིས་སྤྲིན་བསྲེག ་བྱ།། རབ་ཏུ་གཏུམ་ཞིང་ཁྲོས་པའི་སེམས།། སྐ་ཅིག་ལས་ནི་དེ་བཞིན་འགྱུར།། བདུད་རྩི་ལྔ་འམ་བཟའ་བ་ལྔ།། གཏུམ་ཞིང་ཁྲོ་བར་རྟག་པར་བྱ།། ཞི་ཞིང་གསལ ་བའི་ཕུར་བ་ཡིས། གདབ་པར་བྱ་ཞིང་དབུལ་བར་བྱ།། འབར་ཞིང་ཞི་བའི་ཚོགས་དག་ལ།། རྗེས་སུ་འཐུན་པའི་ཡོན་ཏན་འགྲུག། ཡ་ཡི་རྣམ་པའི་ཚོགས་དཀྱིལ ་འཁོར།། ལུ་གུ་རྒྱུད་དུ་སྦྲེལ་ནས་བཅིངས།། འབར་བཞི་སྐྱེས་ཁྱབ་བཅས། སྐྱེ་བོ་ཐམས་ཅད་ཞི་བར་འགྱུར།། གང་ཞིག་དེ་ལ་བྱེད་འདོད་གཅད།། མཉམ ་པར་བཞག་པའི་བཀའ་ཡིས་སྦྱིན།། བཙུན་མོ་བྲན་དང་བྱི་མོའི་ཚོགས།། རང་གི་དམ་ཚིག་ཐོས་པར་བྱ། དཔལ་ལྡན་ཧེ་རུ་ཀ་ཆེན་ཉིད།། ཤིན་ཏུ་གདུང་ཅིང ་གཏུམ་བནྡན། ཐམས་ཅད་མ་ལུས་འདུལ་བར་མཛད།། བྱིན་གྱིས་རླབས་ནི་རྨད་བྱུང་ཆེ། ཐམས་ཅད་ཀྱི་ནི་བདག་པོ་ཆེ།། ལྷ་ཆེན་ལ་སོགས་དབང་དུ་བྱེད། འཁོར ་བའི་བདག་པོ་ཉིད་ཀྱིས་ནི། བཙུན་མོ་མདུན་དུ་དབང་དུ་བྱེད།། སོ་སོའི་ལམ་རྣམས་བཀའ་ཡིས་ནི།། ཇི་ལྟར་ཁས་བླངས་པ་ནི་མཛོད།། ཇོག ་བ་མེད་པར་མྱུར་དུ་གྱིས།། ཐམས་ཅད་དུ་ནི་མྱུར་དུ་མཛོད། དེ་ཕྱིར་སྡོམ་ལས་མི་འདའ་བར།། དམ་ཚིག་ལ་ཡང་འདའ་མི་བྱ།། ཁས་བླངས་པ་ལས་གཞན་མི་བྱ། ་མགོ་དང་ལུས་དང་སྙིང་དང་ནི།། བདུན་འགྱུར་ཡང་ན་གཞན་དུ་མིན།། ཁྲོས་པར་དུམ་བུར་བྱེད་པ་དང་།། དཔའ་བོ་ཁྲོ་བའི་བདག་པོས་འདར། དེ་ཕྱིར་སྔགས་པའི ་རྣལ་འབྱོར་པས། ཇི་ལྟར་གསུངས་པ་བཞིན་དུ་མཛོད།། གལ་ཏེ་ལས་དེ་མ་བྱས་ན།། ཇི་ལྟར་རང་དམ་ཁས་བླངས་བྱས། རྡུལ་མྱགས་ཚིག་ཅིང་ཉམས་གྱུར་ནས།། ་གང་ཞིང་དེ་ལྟར་དམྱལ་བར་འགྲོ།། རྣལ་འབྱོར་དམ་ཚིག་ལ་གནས་པས།། ལས་རྣམས་ཐམས་ཅད་འགྲུབ་པར་བྱ།། བུ་ཅིག་བཞིན་དུ་མ་ལུས་པ། འཁོར་དང ་གནས་རྣམས་གྲུབ་པ་དང་།། གཞན་ཡང་དངོས་གྲུབ་ཐོབ་པས་གྱིས། བཤད་བཞིན་བྱ་བ་འདི་ལྟར་གྱིས། འདི་ལྟར་སྨྲས་པ་ཐམས་ཅད་ཀྱིས།། ཁྲོ་བོས་བསྒྲུབ་པའི ་ལས་ནོས་ཀྱིས། གནས་ཀྱི་གཙོ་བོ་འདི་ཡིན་ཏེ། གཞན་དུ་བྱ་ནི་དཀའ་བར་འགྱུར།། ཁྲག་འཐུང་ཆེན་པོ་ལ་སོགས་པའི། གར་དང་གླུ་ཚིག་ཆེན་པོས་ནི། ་ཇི་ལྟར་འདོད་པ་ཐམས་ཅད་ཀུན།། ཐམས་ཅད་ཀུན་དུ་བྱ་བར་གྱིས། དཀར་མེ་ཆེན་མོ་ལ་སོགས་པའི། གར་དང་གླུ་ཚིག་ཆེན་པོས་ནི། བསྡུ་བར་འདོད་ན ་འདྲ་བ།། འཕེལ་བར་འདོད་ན་དེ་འཕེལ་བྱེད།། སྤོས་མོ་ཆེན་མོ་ལ་སོགས་པའི།། གར་དང་གླུ་ཚིག་ཆེན་པོས་ནི།། སྣང་བར་འདོད་ན་སྣང་བར་བྱེད།། རྨོངས་པར ་འདོད་ནི་རྨུག་པར་འགྱུར།། སེང་ཞལ་མ་ལ་སོགས་པ་ཡི།། གར་དང་གླུ་ཚིག་ཆེན་པོས་ནི།། ཐམས་ཅད་དུ་ནི་ཐམས་ཅད་ཟ། རྡུལ་ཕྲན་ཙམ་ཡང་མེད་བྱེད་ཉིད།། ་དེ་བཞིན་བྱ་རྒོད་གདོང་ལ་སོགས། གར་དང་གླུ་ཚིག་ཆེན་པོས་ནི་ཐམས་ཅད་ཀུན་དུ་འགུགས་པར་བྱེད།། ཀུན་ཏུ་རབ་ཏུ་ཉེ་བར་བྱེད།། ཆུང་མ་བྲན་སོགས་མ ་ལུས་པའི།། གར་དང་གླུ་ཚིག་ཆེན་པོས་ནི། བཀའ་ཡིས་གཏང་བར་བྱ་བ་ཏེ།། ཐམས་ཅད་ཀྱིས་ནི་ཐམས་ཅད་བྱེད། ནགས་ཚལ་ཤིང་དང་ཤིང་གཅིག་དང་། ་རི་ཡི་ཟོམ་དང་མྱ་ངན་ཐང་།། མ་ཡིས་སྲེག་པར་དང་བ་དང་། དགའ་ཞིང་ཆགས་པས་བྱ་བ་དང་།། ཁྲོས་པས་ཀ་ལི་བྱ་བའོ།། ཞེས་བྱ ་བརྗོད་པས་དེ་བཞིན་གཤེགས་པས་ཀུན་དུ་སྦར་བར་འགྱུར་རོ།། ཞེས་པ་དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས་ལྷན་གྱིས ་གྲུབ་པའི་ཕྲིན་ལས་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ལེའུ་སྟེ། ཉི་ཤུ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཚོགས་ཀྱི་དཀྱིལ་འཁོར ་གྱིས་ཤིན་དུ་ཁྲོ་བོའི་ཞལ་གྱིས་གླུ་འདི་བླངས་ཏེ་གསུངས་པ།། ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། ཉི་མའི་འོད་ཟེར་འབུམ་གྱིས་བརྗིད།། ཁྲོ་བའི་ཁྲོ་གཉེར་གློག ་སྟོང་བཞིན།། མཆེ་བ་རྣོན་པོ་ཟ་བྱེད་ཆེའོ།། ཁྲོ་བོའི་སྒྲ་ནི་འབྲུག་སྟོང་ལྟར།། སྒྲ་སྒྲོགས་རེ་རབ་འབུམ་སྙིལ་བཞིན།། དེ་ནི་ཨ་ལ་ལ་ཞེས་རྒོད།། དབུགས་ཀྱི་རླུང ་གིས་ཆེན་པར་འཐོར་བ།། སྐུ་ཐོ་བ་ཤེས་རབ་འང་ཆེན་པོ།། མི་ཤེས་དཀྱིལའི་ཁར་རབ་ཏུགས་པ།། འབར་བའི་ཡེ་ཤེས་ཡང་དག་འཇོམས།། སྣ་ཚེ ་ཡེ་ཤེས་ཐིག་ལེ་ཆེ་ཧོ།། ཧཱུཾ་ཁྲོ་བའི་སྤྲིན་ཆེན་པོ།། ཁྲོ་བོའི་དཀྱིལ་འཁོར་ཆར་ཆེན་འབབས།། དཀྱིལ་འཁོར་ཡིན་བཞིན་ནོར་ལྟར་འབྱུང་།། ནམ་ཁྲོ་སྣ་ཚོགས ་ཐིག་ལེ་ཆེ་ཧོ།། ཧཱུཾ་ཁྲོ་བདུད་རྩི་རྣམས་ཀྱི་བདག་ཆེན་པོ།། བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། འཇིགས་པའི་ཚོགས་དང་འཇིགས་པ།། འཇིགས་བྱེད་ཆེན ་པོའི་ཐིག་ལེ་ཆེ་ཧོ།། ཧཱུཾ་རྡོ་རྗེས་ནི་སྲ་བ་ཆེ། རྡོ་རྗེ་ཆུ་བོ་སྡུད་ཆེན་པོ།། རྡོ་རྗེ་མེ་ནི་འབར་བ་ཆེ།། རྡོ་རྗེ་རླུང་ནི་རྣམ་བསྐྱོད་ཆེའོ།། ཞེས་པ་དཔལ་གསང་བའི་སྙིང ་པོ་དེ་ཁོ་ན་དེ་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས། ཇོ་བོ་ལ་བསྟོད་དེ་པ་བསྟན་པ་ལ་དབབ་པ་ཞེས་བྱ་བའི་ལེའུ་སྟེ། ཉི་ཤུ་གཅིག་པའོ།། དེ་ནས ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དེ་བཞིན་གཤེགས་པ་ཉིད་ལ་རྒྱུད་ཀྱི་རྒྱལ་པོ་གཏན་པར་བཟུང་བའི་ཕྱིར་བརྗོད་པ།། ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་དེ ་བཞིན་གཤེགས་པ་ཀུན་རང་བཞིན་འདི། གཟུང་དང་འཛིན་པའི་སྤྲོས་པ་ལ། གན་པའི་ཞགས་པས་རྣམས་རྟགས་ནས། ས་སེར་གཟུང་ངོས་རྣམས་ཀྱི། ་ཀྱང་པར་རྣམ་པར་གནས་པ་ཅས་དཔ་ལགས་པའི་སྙིང་པོར་འཕྲ་བ་ཡི།། ལས་ནི་གཞལ་མེད་ལམ་ཅན་ཏེ།། ཡེ་ཤེས་ཆགས་དན་མ། ་ཅན།། དེ་བཞིན་གཤེགས་པ་ཀུན་གྱི་རྒྱལ།། གསང་བ་ཆེན་པོའི་སྙིང་པོ་དེ།། རྟོགས་ནས་བསྟོན་པར་བྱེད་པ་གང་།། དེ་ཉིད་ཐམས་ཅད་དེ་བཞིན་གཤེགས།། ང་ཡིན་དབང ་བསྐུར་རྣམས་ཀྱང་ཐོབ།། གསང་བ་དེ་ལས་གཞན་པ་མེད།། རྩོད་དང་སྒྲོ་འདོགས་ཞི་བ་ཡི།། དཔལ་གསང་བའི་སྙིང་པོ་ཁོ་ན་ཉིད། རྣམ་པར་ངེས་ཉིད་དེ་ཁོ་ན།། དེ་ཉིད་དབྱིངས ་ལས་ཡང་དག་ཕྱུང་།། རྣམ་པར་ངེས་པ་ངེས་པར་མཐོང་།། ཐུགས་ལས་སྐྱེས་པའི་སྲས་ལྟ་བུ།། ས་མཆོག་རིག་པ་འཛིན་ལ་གནས།། ཅེས་བརྗོད་པས།། དེ་བཞིན་གཤེ ་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས། དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་སྟུག་པོ་བཀོད་པའི་བརྒྱན་དུ་བཞུག་སོ།། ཞེས་པ་དཔལ ་གསང་བའི་སྲིང་བ་དེ་ཁོ་ན་ཉིད་རྣམ་པར་ངེས་པའི་རྒྱུད་ཆེན་པོ་ལས་ཕན་ཡོན་ལ་དགོས་པ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། འཕགས་པ ་རྟོགས་པའི་རྒྱལ་པོ་ལེའུ་སྟོང་ཕྲག་བརྒྱ་པ་ལས། མཚན་ཉིད་དང་། རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ།། གསང་བའི་སྙིང ་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ལས། ཐམས་ཅད་མ་ལུས་པར་སྤྲོས་ཏེ།། འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག། རྫོགས་སོ།། ་ཐར་པ་ལོ་ཙ་བ་ཉི་མ་རྒྱལ་མཚན་དཔལ་བཟང་པོས། མཁས་པའི་དབང་པོ་བཅོམ་ལྡན་རལ་གྲིས་དབུས་ཀྱིས་ཆ་ནས། འདིའི་བརྒྱད་པེ་རྙེད་ནས་བསྒྱུར་ཤིག ་ཅེས་པའི་གསུངས་ལ་རྟེན་ནས། འགྱུར་སྙིང་པ་དང་། ཉི་འོད་སེང་གེའི་འགྲེལ་པ་ལ་སོགས་དབང་པོར་བཞག་ནས། དཔལ་ཐར་པ་གླིང་གི ་གཙུག་ལག་ཁང་དུ་བསྒྱུར་བའོ།། རྒྱུད་འབུམ་འདིར་འགྱུར་གསར་འདི་དང་།། འགྱུར་སྙིང་པ་གཉིས་ཀ་བྲིས་ཡོད་ཅིང་། མཁས་པ་རྣམས ་གསང་སྙིང་ལ་སོགས་པ་སྙེང་མའི་རྒྱུད་རྣམས་བཅོད་པ་ཅན་དུ་འདོད་པས། སྤྱིར་སྤྱད་པ་དང་། བྱེ་བྲག་ཏུ་འགྱུར་གསར་སྙིང་འདི་གཉིས ་རང་ལ་འང་མི་འདྲ་བ་དུ་མ་སྣང་བས་དཔྱད ་པར་བྱའོ།། པོ་ཏི་འདི་ལ་འགྲོ་འདིངས་ནས་གསང་སྙིང་གི་བར་རྣམས་བཞག ་སྷོ། རྒྱད་འབུམ་འདི། བདེ་ཆེན་རྩ་རྒྱད་དང་། གསང་སྙིང་གི་འགྱུར་སྡིག ་