CLOSE WINDOW

F753: gsang ba snying po'i de kho na nyid nges pa
Wyliee-texts produced with BDRC’s OCR application

བོད་སྐད་དུ། གསང་བ་སྙིང་པོའི་དེ་ཁོ་ན་ཉིད་ངེས་པའོ།། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་བཤད་པའི་དུས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི། སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ། ཕྱོགས ་བཅུ་དུས་བཞིའི་དེ་བཞིན་གཤེགས་པ། ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་། ་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན། གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་གསལ་བ་ལ།། ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་ན་གྲ་བཞིར་གྱུར་པ། ་ལྷག་པའི་ཡེ་ཤེས་རིན་པོ་ཆེའི་བློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱིས་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་། སོ་སོ་མ ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་པ། ཡེ་ཤེས་པསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་། ཁ་དོག་ལ་སོགས་པ། ་རྣམ་པ་ཐ་དད་པའི་བྱེ་བྲག་དང་། ཁྱད་པར་དུ་གྱུར་པ་དང་། དཔགས་པ་ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲེང་བ་དང་། ཆུན་འཕྱང་དང་། ཤར་བུའི ་རྒྱན་དང་། གཟུགས་སྣ་ཚོགས་དང་། སྒྲ་ཚོགས་དང་། དྲི་སྣ་ཚོགས་དང་།། རོ་སྣ་ཆོག་དང་། རེག་སྣ་ཚོགས་ཀྱིས་ཕྱོག་བཅུར་འཁྲིགས་པར་བྱུང་བ། མི་བསྒྲིབས་པར་གསལ་བའི ་@རྒྱན་བསམ་གྱིས་མི་ཁྱབ་པར་ཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན།། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད ་པ། ཀུན་ཏུ་ཡང་ནང་དུ་གྱུར་པ་ན། མི་འཇིགས་པ་སེང་གེའི་ཁྲི་དང་། སྟོབས་གླང་པོའི་ཁྲི་དང་། རྫུ་འཕྲུལ་རྟའི་ཁྲི་དང་། དབང་རྨ་བྱའི་ཁྲི་དང་། ཐོགས་པ་མེད་པ་ན་མཁའི་ལྡིང་གི་ཁྲི་དང་། ་རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང་། གོས་པ་མེད་པ་པད་མོ་རིན་པོ་ཆེའི་གདན་ལ། སྐམ་དུན་རྒྱབ་མེད་པ། ཐཾད་ཏུ་ལ་ཐལ་ལེ་བར་གསལ་ཞིང་། མཚན་དང་དཔེ་བྱེད ་དུ་ལྡན་པ། བསམ་གྱིས་མི་ཁྱབ་པ་ཐད་དུ། སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ་ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་རྟུལ་ཞུགས་ཀྱིས་དཀྱིལ་མོ་དཀྲུང་དུ་བཞུགས ་ག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། སྐྲ་དང་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེག་པ་རྣམ་པར་ཤེས་པའི་རྒྱལ ་བ་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང་། དེ་བཞིན་གཤེགས་པ་འདུ་བྱེད ་ཀྱི་རྒྱལ་པོ་དང་། དེ་དག་ཀུན་ཀྱང་མཐིང་ག་དང་། དཀར་པོ་དང་། དམར་པོ་དང་། ལེབ་རྒན་དང་། ལྗང་ཁུའི་མདོག་དུ་འཚེར་བ་བཙུན་མོ་དམ་པ་སྣང་བའི་དབྱིངས་དང་། མཉན་པའི་དབྱིངས་དང་། ་དྲོ་བའི་དབྱིངས་དང་། བསྐྱོད་པའི་དབྱིངས་ལ་སོགས་པ། བཙུན་མོའི་ཚོགས་དང་གཉིས་སུ་མེད་པར། ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི། འདི་ལྟ་སྟེ། དཔེར་ན་ཏིལ་གྱི ་གང་བུ་བཞིན་དུ་གང་གནས་ཁྱབ་པར་བཞུག་སོ།། དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་སྩོལ་བ་དང་། བྱང་ཆུབ་ཆེན ་བེ་རྡོ་རྗེ་མྱོང་བ་དང་། བཙུན་མོ་མཐོང་བར་བྱ་བ་དང་། མཉན་པར་བྱ་བ་དང་། སྣོམ་པར་བྱ་བ་དང་། མྱོང་བར་བྱ་བའི་ཚོགས་དང་། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང་། བྱང་ཆུབ ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང་།། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང་།། ། བྱང་ཆུབ་ཆེན་པོ་རྡོ་རྗེ་མོང་བྱེད་དང་། བཙུན་མོ་འདས་པ་དང་། ད་ལྟར ་དང་། འབྱུང་བ་དང་། མབྱོན་པའི་ཆོ་ག་དང་། འཇོམས་པ་ཆེན་པོ་རེག་པ་དང་། འཇོམས་པ་ཆེན་པོ་རེག་བྱེད་པ་དང་། འཇོམས་པ་ཆེན་པོ་རེག་བྱ་དང་། འཇོམ་པ་རེག་ཤེས ་@#དང་འཐུན་མོ་རྟག་པར་མ་ཡིན་པ་དང་། ཆད་པར་མ་ཡིན་པ་དང་། བདག་ཏུ་མ་ཡིན་པ་དང་། མཚན་མར་མ་ཡིན་པ་ལ་སོགས་པ། དེ་ལ ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དག་གཉིས་སུ་མེད་པར་བཞུགས་སོ།། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་། གཉིས་སུ་མེད་པའི་གསང་བའི་དཀྱིལ ་འཁོར་དེ་དག་ཉིད་ཀྱིས་གསང་བ་འདི་ཉིད།། སྐྲ་དང་གསུང་དང་། ཐུགས་དང་། ཡོན་ཏན་དང་འཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་།། ཨེ་ཨེ་མ་ཨེ་མའོ།། དེ་བཞིན་ཉིད་ཀྱི་དབྱིང ་ཉིད་ཀྱིས་དབང་སྒྱུར་ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་དང་། རང་སྣང་བ་ཉིད་ཏིང་ངེ་འཛིན་གཟུགས་བརྙན་སྒྱུ་མ། རྣམ་དག་གསལ་བ་ནི། སྐུ་གསུངས་ཐུགས་ཡོན་ཏན་འཕྲིན ་ལས་སེལ་མེ་པའི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ།། མི་ཟད་པར་ལྡན་པ་བརྒྱད་ཀྱི་འཁོར་ལོ། རྡོ་རྗེ་མཆོག་གེ་གནས་ཉིད་དོ།། ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ།། ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ ་བཟང་པོ། ཐམས་ཅད་མ་ལུས་པའི་ཚུལ་རྡོ་རྗེས། བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ།། ཞུགས་པས་ཕྱོགས་བཅུའི་དུས་བཞིའི།། དེ་བཞིན་དབྱེ ་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས། དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་རྡོ་རྗེ་ཕུང་པོའི་ཡན ་ལག་ནི། རྫོགས་པའི་སངས་རྒྱས་ལྔ་རུ་གྲགས།། སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན།། བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད།། ས་ཆུ་སྤུན་དང་མ་མ་ཀི། མེ་ཀླུང་གོས ་དཀར་སྒྲོལ་མ་སྟེ།། ནམ་མཁའི་དབྱིངས་ཀྱི་དབང་ཕྱུག་མ།། སྲིད་གསུམ་དབྱེ་ནས་སངས་རྒྱས་ཞིང་།། ཐམས་ཅད་མ་ལུས་ཆོས་སོ་ཅོག། སངས་རྒྱས་ཉིད་ལས་གཞན ་མ་ཡིན།། སངས་རྒྱས་ཉིད་ལས་གཞན་པའི་ཆོས།། སངས་རྒྱས་ཉིད་ཀྱིས་མི་སྐྱེས་སོ།། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ།། ་ནས་བཙུན་མོ་བྱ་བ་མེ་ཆོས་ཀུན་ཏུ་བཟང་མེས།། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིསུ་མེད་པར་གྱུར་ནས། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཀྱེ་མའོ་ཕྱོགས་བཅུ ་སྟོང་ཁམས་ཡེ་ནས་དབྱེན།། སྲིད་པ་གསུམ་ཉིད་དག་པའི་ཞིང་།། སྙིག་ས་ལྔ་ཉིད་བདེ་ལྡན་གནས།། ཕུང་པོ་ལྔ་ཉིད་མངོན་སངས་རྒྱས།། ཐམས་ཅད་མཆོག་གི་སྙིང་པོ་བས། ་གཞན་དུ་རྒྱལ་བས་ཆོས་མི་བཙལ།། ཉིད་ལས་གཞན་ཞེན་བྱ་བའི་ཆོས།། བཙལ་ཡང་རྒྱལ་བས་མི་སྐྱེས་སོ།། ཞེས་བརྗོད་པས། ཐམས་ཅད་ཡེ་ནས་སངས་རྒྱས་པར།། ་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། དེ་ནས་གཉིས་སུ་མེད་པི་བདག་ཉིད་ཆེན་པོས་ཡི་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི ་གསུངས་སོ།། ཨེ་མའོ་ངོ་མཚར་རྨད་ཀྱིས་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། སྐྱེ་བ་མེད་ལས་ཐམས་ཅད་སྐྱེས།། སྐྱེས་པ་ཉིད་ནི་སྐྱེས་པ་མེད།། ཨེ་མ་ངོ་མཚར་སྐད ་ཀྱི་ཆོས་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགག་པ་མེད་ལས་ཐམས་ཅད་འགག། འགག་པ་ཉིད་ནས་འགག་པ་མེད།། ཨེ་མ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི ་སངས་རྒྱས་ཀུན་གྱི་གསང་།། གནས་པ་མེད་ལས་ཐམས་ཅད་གནས།། གནས་ཉིད་ན་གནས་པ་མེད།། ཨེ་མ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། ་དམིགས་པ་ཉིད་ལས་ཐམས་ཅད་དམིགས།། དམིགས་པ་ཉིད་ལས་དམིགས་པ་མེད།། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱི་གསང་།། འགྲོ་འོང ་མེད་ལས་འགྲོ་དང་འོང་།། འགྲོ་འོང་ཉིད་ལ་འགྲོ་འོང་མེད་ཅེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་དང་།། བཙུན་མེའི་ཚོགས་ཐམས་ཅད་ཀྱང་མཉེས་པས་ཁྱབ་པར་གྱུར ་ཏོ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དང་།། བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་ཡེ་ནས་གསང་བའི་ཆོས།། སྣ་ཚོགས་སྣང་ལ། ་རང་བཞིན་གསང་།། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་།། གཞན་དུ་མེད་ལ་ཤིན་གྲུསང་ཞེས་བརྗོད་པས།། དེ་བཞིན་གཤེགས་པ་ཐམས་ཅད་དང་། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས ་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ན། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས།། འགྲོ་བ་ལྔའི་རིག་བསམ་གྱི་མི་ཁྱབ་པར་སྨིན་པ་དང་། ཐུགས་རྗེ་ཆེན ་པོ་སངས་རྒྱས་ཀྱིས་ཡེ་ཤེས་ཆེན་པོ་སྐྱེ་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེ་མའོ་བདེ་གཤེགས་སྙིང་པོ་ལས།། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ།། སྣ་ཚོགས་ལུས་དང་ལོངས ་སྤྱོད་དང་།། གནས་དང་སྡུག་བསྔལ་ལ་སོགས་པ།། བདག་དང་བདག་གིར་སོར་འཛིན།། སུས་ཀྱང་མ་བཅིང་བཅིངས་མེད་དེ།། བཅིང་བར་བྱ་བ་ཡོད་མ་ཡིན།། རྣམ་རྟོག་པ་དག ་ཏུ་འཛིན་པ་ཡིན།། ནན་གྱི་མཁའ་ལ་མདད་པ་མདོར།། བཅིངས་མེད་རྣམ་པར་གྲོལ་མེད་པའི།། ཡེ་ནས་ལྷན་རྫོགས་སངས་རྒྱས་ཆོས།། སྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད།། ་ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ་།། ། གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དོན་དམ་པ་དང་ཀུན་རྫོབ་ཀྱི་བྱང ་ཆུབ་ཀྱི་སེམས་ཡེ་ཤེསུ་སྐྱེད་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས། ་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག། དེ་བཞིན་གཤེགས་པའི་སྐུ་གསུང་དང་ཐུགས་རྡོ་རྗེ་ལས་འཐོན་ཏོ།། འཐོན་ནས་ཀྱང་ལས་ཀྱི ་དབང་གིས།། སྣརེལ་བཞི་དང་ཡན་མན་གྱི་འཇིག་རྟེན་དྲག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟེང་གསུམ་གྱི་སྟོང་ཆེན་པོ་རེ་རེ་ར། ཐུབ་པ་ཆེན་པོ་བཅོམ་ལྡན་འདས་རེ་རེས ་འདུལ་བ་རྣམ་པ་བཞིས།། འགྲོ་བ་ལྔའི་དོན་མཛད་དེ། ལྟམ་པ་དང་། རབ་ཏུ་བྱུང་བ་དང་། བཀའ་ཐུབ་མཛད་པ་དང་། སངས་རྒྱས་པ་དང་། བདུད་བཏུལ་བ་དང་། ་ཆེས་ཀྱི་འཁོར་ལོ་བསྐོར་བ་དང་། ཆོ་འཕྲུལ་ཆེན་པོ་སྟོན་པ་དང་། མྱ་ངན་ལས་འདས་པ་ལ་སོགས་པར།། སྟོན་པའི་ཐུབ་པ། དུས་བཞི་ཀུན་ཏུ་མཁྱེན་པ་དང་། ཐམས ་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང་། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་ཀུན་ཏུ་གཟིགས་པ་དང་། རྫུ་འཕྲུལ་གྱི་སྨན་གྱིས་ཀུན་ཏུ་གསན་པ་དང་། རྫུ་འཕྲུལ་གྱི་ཆོགས ་ཀུན་ཏུ་དོན་སྤྱོད་པ་དང་། ཟག་པ་མེད་པར་བ་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང་། ཀུན་ཏུ་སྐུ་བསམ་གྱི་མི་ཁྱབ་པ་དང་། ཀུན་ཏུ་ཐུགས ་བསམ་གྱིསོ་མི་ཁྱབ་པ་དང་། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པོ་དང་། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ།། བསམ་གྱིས་མི་ཁྱབ་པ་གྲངས་མེད་པར་ཕྱོག ་བཅུར་སྣང་བར་གྱུར་ཏོ།། ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས། ལྷ་དང་མིའི་ཐེག་པ་དང་། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ་དང་། བྱང ་ཆུབ་སེམས་དཔའི་ཐེག་པ་དང་།། བླ་ན་མེད་པའི་ཐེག་པས། མ་རིག་པའི་རྣམ་པར་རྟོག་པ། ཉོན་མོངས་པ་སྟོང་ཕྲག་བརྒྱ་ཅུ་རྩ་བཞིའི་གཉེན་པོར། ཆོས་སྟོང་ཕྲག་བརྒྱ ་ཅུ་རྩ་བཞི་གསུངས་སོ།། གསུང་ངོ་།། གསུང་བར་འགྱུར་རོ།། དེ་དག་ཐམས་ཅད་བཟུང་བ་དང་འཛིན་པའི་ཕྱི་ནང་རྟེན་འབྲེལ་བར་འགྱུར་། འཛིན་པ་འབྲལ་པ་ལས་འདོག ་བ་དང་། ལས་དང་ལས་ཀྱིས་འབྲས་བུ་ཆུད་མི་ཟ་བ་དང་། ལས་དང་ལས་ཀྱི་འབྲས་བུས་མི་གོས། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ།། ་དེ་ནས་དེ་བཞིན་གཤེགས་ཐམས་ཅད་ཀྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས།། མི་རིག་རྟོག་པའི་གཟུང་འཛིན་གྱིས།། ་ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར།། མི་མཐུན་སྡེ་སྡུག་མྱོང་བར་འགྱུར།། རང་བཞིན་ཉིད་ལས་ཉམས་པ་མེད།། ཡང་དག་སྒྱུ་མའི་ཚུལ་གཉིས་སུ།། བདག་དང་བདག་གི ་གཞན་མེད་དེ།། རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ།། བདག་དང་བདག་གི་གཞན་རྣམས་ནི།། ལོག་པར་རྟོགས་པ་ཙམི་ཉིད་ལས།། ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། ་ལོ་རྟོག་ཉིད་ལ་ཉིད་སྤྱོད་དེ།། གཞན་དུ་གཡོ་བ་ཅི་ཡང་མེད།། ལོག་རྟོག་རྒྱུ་འབྲས་རྒྱན་ཉིད་ཀྱང་།། གཞི་རྩ་མེད་དབྱིངས་སྐྲ་ཅིག་མ།། རྣམ་པར་དག་པའི་དབྱིངས་ཉིད ་ཚུལ་རྔ་ཉི་ལ་དབང་བསྒྱུར་ཉིད་སྤྱོད་ཕྱིར།། བདག་ཉི་དང་གཞན་དང་རྟོག་པའི་རྒྱུན།། རྣམ་དག་བླ་མེད་ཐེག་པའི་མཆོག། ཐེག་པ་བཞི་ཡིས་ངེས་འབྱུང་ལ།། ཐེག་པ ་གཅིག་གིས་འབྲས་བུར་གནས།། ཡང་དག་རྟོགས་པས་རབ་ཏུ་བརྟགས་ནས།། རང་བཞིན་མེད་ལས་ཅིར་ཡང་འགྲུབ།། སངས་རྒྱས་མྱ་ངན་ཡོངས་མི་འདའ།། ཆོས་ཀྱང་ནུབ་པཱ། ་མི་འགྱུར་ཏེ།། མ་རིག་སྨིན་མཛད་འདུལ་བའི་ཕྱིར།། བྱུང་ནས་མྱ་ངན་འདའ་བར་སྟོན།། འདུལ་བ་མདོ་སྟེ་ཆོས་མངོན་དང་།། དམ་ཚིག་བསྒྲུབ་དང་གྲུབ་པ་དང་།། སྐུ་དང ་གསུང་དང་ཐུགས་ཀྱི་རྒྱུད།། ཕྱོགས་བཅུ་རྣམས་སུ་རབ་གྲགས་པ།། གསང་བའི་བདག་པོ་ལས་འཕྲོས་ཏེ།། རང་བཞིན་གསང་བའི་སྙིང་པོ་འདི།། སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི ་འབྱུང་གནས་གཏན་ལ་ངེས་པར་འབེབས།། ཆོས་ནམས་མིང་དུ་བརྟགས་པ་ཙམ།། སྟོན་པས་དོན་མ་དང་མཐུན་ཕྱོགས་སུ།། མིང་དང་ཚིག་ཏུ་བཏགས་ནས་བསྟན།། སྟོན ་མིན་ཚིག་ལ་དངོས་པོ་མེད།། ཅེས་བརྗོད་དོ།། དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་གི་གསང་བ་འདི་ཉིད་སྐྲ་དང་གསུང་དང་ཐུགས་དང་ཡོན ་ཏན་དང་། འཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་།། ཨ་ཧོ།། སྲིད་རྩའི་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས།། རྒྱུད་དྲུག་སྐྱེ་འགག་མེད་པ་ལུས་དང་ལོངས་སྤྱོད་དང་། གན ་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། ལོག་རྟོག་ཉིད་ལས་གཞན་དུ་ཅི་ཡང་མེད།། སྟོང་ཉིད་བདག་མེ་དེ་ཡེ་མཁྱེན་རང་རིག་ཐུགས།། དམིགས་བྱེ་དམིགས་བྱེད ་མེད་པར་དྲན་དབང་སྒྱུར།། ངོ་མཚར་སྐུ་གསུང་ཡོན་ཏན་ཞིང་ཁམས་ལས།། གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན།། ཞེས་རྡོ་རྗེ་གསང་བའི་ཚིག ་ཏུའོ།། ཐུབ་པ་དྲག་གི་སྤྲུལ་པ་གྲངས་མེད་པ་དང་། དེ་བཞིན་གཤེགས་པ་ཐམས་ཅད་གསུངས་པ་ཡང་། དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ།། ་གསང་བ་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས ་ཅད་དགོངས་པ་གཅིག་ཏུ་གྱུར་ནས། མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་གཡོ་བར། ཆོས ་ཐམས་ཅད་མིང་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཨ་རབ་ཏུ་བསྟན་འགྱུར་ཨ་ཀར་ལས། ཤིན་ཏུ་ཕྲ་བའི ་མ་རྣམས་སྤྲོ།། ཕྱོགས་བཅུ་གང་བར་གསལ་འགྱུར་ནས། སྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན་འགྱུར་ནས།། དེ་ལས་མིང་ཚོགས་གསལ་འབར་ཀུན།། སྨེ་ཞིང་བསྡུ ་བའང་དེ་བཞིན་ནོ།། འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི་བརྟན་འབྱུང་ཡེ་ཤེས་རྒྱུ་ཡིན་ནོ།། ཨ། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛཱ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། བ་བ་བ་བྷ་མ། ཡ་ར་ལ ་ཝ་ཤ་ཥ་ས་ཧ་ཀཱ། ཨི་ཨཱི་ཨུ་ཨཱུ། ཨེ་ཨཱཾ། ཨོཾ་ཨཽ།། འདི་དག་བྱང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ། རྣམ་པ་དྲག་ཏུ་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས ་ནསརྔ་ཆོས་ཐམས་ཅད་གི་མིང་གིས་མཚན་ཉིད་ཙམ་དུ་གྱུར་ཏོ།། ཧོ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨ་ནི་སྟོང་དང་མི་སྟོང་གི ་དབུ་མ་དམིགས་སུ་ཡོད་མ་ཡིན།། ཐམས་ཅད་འདི་ཙམ་སངས་རྒྱས་ཀུན།། ཡི་གེ་ཕྲེང་བ་ཉིད་ལ་གནས།། ཨ་ཉིད་སྣ་ཚོགས་པར་སྣང་བའི།། ཀ་ལ་སོགས་པ་བཞི་བཅུ་གཉི།། ་སྒྲ་ཡི་མིང་གི་ཐམས་ཅད་སྔས།། མངོན་རྫོགས་རྒྱལ་པོར་དེ་ཉིད་དེས།། ཨེ་མ་ཧེ་ངོ་མཚར་ཡ་མཚན་གྱིས།། འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང་།། ཚིག་རྣམས་མ་ལུས་འཛིན། ་བེའི་གནས།། སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན།། དངོས་མེད་ཡི་གེའི་རང་བཞིན་སེམས།། བདག་མེད་མཐའ་བྲལ་མི་དམིགས་ཀྱང་། དབྱི་བྲས་དང་ཁྭ་དྲོག་མིང་ཚོགས ་ཀྱིས།། རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན།། ཕྱོགས་བཅུ་དུས་བཞི་གཤེགས་པ་ཡི།། ཡེ་ཤེས་སེམས་དཔའི་སྐུ་གསུང་ཐུགས།། དཀྱིལ་འཁོར ་བཞི་བཅུ་རྩ་ལྔ་ཉིད།། ཡི་གེ་འོག་ནས་ཀཱ་ལ་རྫོགས།། སེམས་ཀྱི་རང་བཞིན་ཡི་གེ་སྟེ།། ཡི་གེའི་དངོས་པོ་ཡོད་མ་ཡིན།། དམིགས་མེད་དེ་ཉིད་སྣ་ཚོགས་པའི།། སྐུ་གསུང ་ཐུགས་ཀྱིས་འཁོར་ལེ་ཆེ།། སྐུ་གསུང་ཐུགས་ཀྱི་ངོ་མཚར་གྱི།། ཡ་མཚན་འཕྲུལ་ཆེན་རབ་འགུགས་པ།། དབྱིབས་ལ་དབྱིངས་ཀྱིས་བྲིས་པ་དང་།། ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། ་མ་གོ་ནི་མ་ནོར་ལམ་ཡིན་སྟེ།། ཏིག་ནི་ཤེས་རབ་མིང་དུ་སྨྲས།། ཤད་ནི་ཐབས་ཆེན་ཚིག་ཏུ་གཅོད།། ཡ་ནི་སྐྱེ་མེད་དེ་བཞིན་ཉིད།། ཐ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད།། ཏ་ནི་སྣང་བའི ་སྒྱུ་འཕྲུལ་ཉིད།། དྷ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད།། ཌ་ནི་སྒྱུ་འཕྲུལ་རྣམ་དག་ཉིད།། ཎ་ནི་ཀུན་ཏུ་སྒྱུ་འཕྲུལ་ཉིད།། ཐ་ནི་དྲ་བས་མངོན་རྫོགས་ཉིད།། ཏ་ནི་ཏྲ་བས་བསྟན་པ་ཉིད།། ་དེ་ནི་དྲ་བས་ལྷམ་མ་ཉིད།། ཧ་ནི་དྲ་བས་འཁྲིལ་བ་ཉིད།། ནི་ནི་དྲ་བས་ཀུན་ཏུ་འགྱུར།། ཀ་ནི་ཙན་ནི་ཐུགས་ཀྱིས་མཆོགཁ་ནི་སྲན་གྱི་ཐུགས་ཀྱི་མཆོག། ག་ནི་ཤངས་ཀྱི ་ཐུགས་ཀྱི་མཆོག། གཱ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག། ང་ནི་ཐུགས་ཀྱང་འཇིག་བྱེད་པ།། ཙ་ནི་སྦྱིན་གྱི་སྐུ་ཡི་མཆོག། ཆ་ནི་སྨན་གྱི་སྐུའི་མཆོག། ཛ་ནི་ཤངས་ཀྱི་སྐུའི་མཆོག ་ཛཱ་ནི་ལྗགས་ཀྱི་སྐུའི་མཆོག། ཉ་ནི་སྐུ་ཡང་འཇིག་བྱེད་པའོ།། པ་ནི་སྤྲིན་གྱི་སྐུའི་མཆོག། པ་ནི་སྙན་གྱི་གསུང་གི་མཆོག། བ་ནི་ཤངས་ཀྱི་གསུང་གི་མཆོག། བྷ་ནི་ལྗགས་ཀྱི་གསུང ་གི་མཆོག། མི་ནི་གསུང་ཡང་འཇིག་བྱེད་པའོ།། ཡ་ནི་སྐྱེ་བ་རྣམ་པར་དག། ཝ་ནི་གནས་པ་དག་པ་ཡི།། ར་ནི་འཇིག་པ་དག་པ་སྟེ།། ལ་ནི་སྟོང་པ་དག་པའོ།། ཤ་ནི་རྟག་མེད ་དག་པ་སྟེ།། ཥ་ནི་ཆད་མེད་ཡོད་མ་ཡིན།། ས་ནི་མཐའ་བྲལ་བདག་མེད་པ།། ཧ་ནི་མཚན་མ་མེད་པ་ཉིད།། ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས།། ཨི་ནི་རྡུལ་རྙེད་ལྷ་རྣམས་སུ།། ་ཨུ་ནི་རྡུལ་རྙེད་བྱོལ་སོངས་རྣམ།། ཨེ་ནི་རྡུལ་རྙེད་ཡི་དགས་སུ།། ཨཱི་ནི་རྡུལ་རྙེད་དམྱལ་བ་རྣམས།། ཨོཾ་ནི་ཐམས་ཅད་འཇིག་པར་བྱེད།། ཨོཾ་ནི་ཐམས་ཅད་ཞིག་པ་ཡིན།། ་ཡི་གེའི་འཁོར་ལེའི་ཚོགས་ཆེན་འདིས།། སྐུ་གསུང་ཐུགས་ཀྱིས་ཕྲེང་བ་བསྡུས།། ཞེས་བརྗོད། ཨ་ཧོ། དེ་ནས་དེ་བཞིན་གཤེགས་པ་བཙུན་མེའི་ཚོགས་དང་གཉིས ་སུ་མེད་པའི་དཀྱིལ་འཁོར།། དེ་དག་ཉིད་ཀྱི་གསང་བ་འདི་ཉིད།། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་།། ཨ་ཧོ།། ་ཐབས་དང་ཤེས་རབ་དགེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱ་འཁོར་ལོ།། འབྲས་བུ་རྒྱལ་བ་སྨིན་དྲག། དེ་མཚར་མི་ཚོགས་བཅུ་བཞི་གཉིས་འདུས་མ་བྱས་ཉིད་འདུས་བྱས ་རྡོ་རྗེའི་དཀྱིལ་འཁོར་འབྱིན་པོའི་དམ་པ་འདའ་བར་མི་མཛད་དབང་མེད་རྒྱ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། ཧོ།། རྡོ་རྗེ་གསང་བའི་ཚིག་ཏུའོ།། ཞེས་བརྗོད་པས། དེ ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་གྱུར་ཏེ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡི་གེ་འཕྲེང་བའི་འཁོར་ལོ་བཀོད་པའི་ལེའུ་སྟེ་བཞི ་པའོ།། ། དེ་ནས་ཡི་གེ་འཁོར་ལེའི་སྤྲིན་བཀོད་པ་ལས།། སྒྱུ་འཕྲུལ་རྣམ་པར་འཕྲོ་བ་འདི་ཆེད་དུ་བརྗོད་དོ།། ་རྩ་བ་མེད་པའི་སེམས་ཉིད་ནི།། ཆོས་རྣམས་ཀུན་གྱིས་རྩ་བ་ཡིན།། སེམས་ཉིད་ཡི་གོའི་རང་བཞིན་ཏེ།། ཡི་གེ་ཡི་དེ་བཞིན་རིན་ཆེན་སྤྲིན།། སྒྱུ་འཕྲུལ་དཀྱིལ ་འཁོར་བཞི་བཅུ་གཉིས།། དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས།། ཕྱོགས་བཅུ་དུས་བཞི་རྫོགས་པ་ཡིས།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། ། ་བདུད་རྩིར་འགྱུར་ཞིང་འབྱུང་བ་དང་།། བཞི་བརྒྱ་རྩ་བཞིའི་ནད་སེལ་ཞིང་།། ལོངས་སྤྱོད་འབྱང་ཞིང་ངན་སོང་སྤོང་།། ཅི་ཡང་གཞན་དུ་འགྱུར་བས་འགྲུབ།། ་ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང་།། འབར་ནས་མེ་ཡང་ཚིག་པ་དང་།། ཆུར་འགྱུར་འབབ་པ་ནི་ཡང་དེ་བཞིན་ཏེ།། འཇིག་རྟེན་ནི་འཐོར་བ་དང་།། ཐམས་ཅད་སྟོང་ཞིང་ལྷུང ་བར་འགྱུར།། དགུག་དང་བཏང་དང་ཅིང་དང་གྲོལ།། གོས་དང་གསད་དང་ཕམ་དང་རྒྱལ།། ཏིང་འཛིན་འདི་ཡིས་བྱེད་པར་འགྱུར།། དེ་ཉིད་ཡེ་ཤེས་རང་སྣང་བའོ།། ། ་མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས།། མུན་ལ་སྣང་བྱང་ཇི་བཞིན་དུ།། འགྱུར་བས་གསེར་འགྱུར་སྨན་གྱི་ཚུལ།། སྟོན་པ་མཆོད་བརྩོན་རྟོགས་པ་གསལ། ་དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས།། མ་ཉམས་ཤེས་ཤིང་ཡོ་བྱད་ལྡན།། འགྲུབ་འགྱུར་མི་ལྡན་དོན་མེད་བརླག། དུས་གསུམ་རྒྱལ་བའི་ཐུགས་སུ་ཆུད་པའི།། ་དངོས་གྲུབ་མཆོག་འགི་སྙིང་པོ་འདི།། ཟད་པའི་དུས་མིན་ཡིད་བཞིན་མཛོད།། འཕེལ་འགྲིབ་མེད་པར་འབྱུང་བ་སྟེ།། ་དངོས་པོ་མེད་ལས་དངོས་པོས་སྤྲིན།། སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར།། དངོས་རྣམས་ཉིད་ནི་དངོས་མེད་པར།། རྟོགས་པའི་དབང་བསྒྱུར་ཏིང་འཛིན ་ཡིན་ན་གང་གི་དམིགས་མེད་མི་ཤེས་པས།། དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས།། དེ་ཕྱིར་དངོས་དང་དངོས་མེད་པ།། འཇིག་པས་དམིགས་མེད་ཤེས་པར་གྱིས།། ་གཞི་རྩ་མེད་པའི་སེམས་ཉིད་ནི།། ཕོ་མོ་མ་ཡིན་མ་ནིང་མིན།། མཚན་མེད་མ་ཡིན་རིག་རྒྱུད་མིན།། ཁ་དོག་མ་ཡིན་དབྱིབས་མ་ཡིན།། གནས་སུ་མ་ཡིན་གང་ཡང ་མིན།། དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ།། ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ།། ཐབས་ལ་ཐམས་འབྱུང་ཐབས་བསམས་ཡས།། ཐ་དད་མིན་ལ་ཐ་དད་པའི།། ་ནང་དང་ནང་གི་ཕྱི་རོལ་གྱི།། དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ།། འཇིགས་མེད་ཀུན་བཟང་ཕྱག་བརྒྱའི་མཆོག། གང་གི་གླང་ཆེན་མྱོས་འདྲའི་སེམས། ་མཉམ་པར་བཞག་པས་བརྟུལ་ནས་སུ།། སྔགས་དང་ཕྱག་རྒྱ་རབ་བསྟན་ནས།། དངོས་གྲུབ་ཡ་མཚན་ཆེན་པོར་འགྱུར།། ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད ་གཟིགས་མོས་མཉེས་པར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། སྒྱུ་འཕྲུལ་བསྒྲུབ་པའི་ཏིང་ངེ་འཛིན་གྱི་ལེའུ་སྟེ་ལྔ་པའོ། ་། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས་འཇིག་རྟེན་དྲག་གི ་ཕྱོགས་བཅུ་ཐམས་ཅད་ལ། ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ།། དཀྱིལ ་འཁོར་བསམ་ཡས་ལྷན་གྲུབ་ནི།། རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས།། ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྲོད།། འཁོར་ལོ་རྩིབས་བཞི་མུ་ཁྱུད་བཅས། ་གྲུ་ཆད་བཞིས་རྒྱན་པར་ཁྱམས་ལྡན།། རོལ་མོ་སྣ་ཚོགས་སྤྲིན་སྤུངས་བཞིན།། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན།། སེང་གེ་གླང་ཆེན་རྟ་དང་ཁྱུང་།། ནམཁའ ་ལྡེག་གི་ཁྲི་ཆེན་དང་།། ཟླ་བ་པད་མ་རིན་པོ་ཆེ།། གདན་ལ་རྫོགས་དང་སེམས་དཔའི་ཚུལ།། འཁོར་ལོ་རྒྱལ་པོ་རྒྱལ་མོ་དང་། ་གཡས་ནས་མཐོང་ཐོས་སྣོམ་པ་དང་།། མྱོང་དང་བཙུན་མོའི་ཚོགས་སུ་བཅས།། གྲུ་ཆ་ལ་ནི་མཐོང་བྱེད་དང་།། ཐོས་བྱེད་སྡོམ་བྱེད་མྱོང་བྱེད་རྣམས།། བཙུན་མེའི ་ཚོགས་དང་བཅས་པར་གནས།། བར་ཁྱམས་ལ་ནི་ཐུབ་དྲག་དང་།། མདུན་དང་རྒྱབ་ཏུ་བྱེད་པ་དང་། བྱ་བ་དག་ནི་གནས་པར་བསྟན།། སྒོ་ཁྱུད་བཞི་ལ་འཇོས ་བ་ནི་བཙུན་མེའི་ཚོགས་དང་ལྡན་པར་གནས།། རྡོ་རྗེ་འཁོར་ལོ་རིན་པོ་ཆེ།། པད་མ་རལ་གྲི་དྲིལ་བུ་འབར།། ཨུད་པ་ལ་ཀླུ་ཤིང་ལ་སོགས་མཚན་མཛེས་ཚུལ ་མཉེས་པའི་ཡོ་བྱད་འཛིན།། མཐིང་ཀ་དཀར་པོ་སེར་ལེབ་རྒན།། ལྗང་ཁུ་ལ་སོགས་སྣ་ཚོགས་པའི།། གཉེན་ལྕགས་ཁྲི་ལྡེམ་གཞོན་ཚུལ་ཅན།། གསལ་འཚེར ་ལྷུན་སྡུག་གཟི་བྱིན་ལྡན།། འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ།། འབར་བའི་ཕྲེང་བ་འཁྲིལ་པ་སྟེ།། མཐའ་དབུས་མེད་པར་ཁྱབ་པའི།། དཀྱིལ་འཁོར་བསམ ་ཡས་ལྷུན་གྱིས་གྲུབ།། སྐུའི་ཕྱག་བརྒྱ་ཆེ་མཆོག་ནི།། དེ་བཞིན་དབྱངས་ལས་མ་གཡོས་ཀྱང་།། ཡང་དག་ཐར་པའི་གཟུགས་སྐུ་དང་།། འགྲོ་བ་མ་ལུས་འདུལ་བའི ་ཕྱིར།། མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན།། སྟོང་ཉིད་སྒྱུ་མ་མིག་ཡོར་ཚུལ།། ཚུལ་ཉིད་དབྱིངས་ལས་གཡོས་པ་མེད།། མ་གཡོས་བཞིན་དུ་སྣ་ཚོགས་པའི།། དེ་ནེ ་མི་མཐུན་སྣ་ཚོགས་ལ།། སོ་སོར་འདྲ་བར་སྣང་བ་ནི།། དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང་།། ལ་འཕྲོ་དབང་གིས་སོ་སོར་སྣང་།། དཔེར་ན་མེ་ལོང་ཆུ་ཟླ་བཞིན།། ་དེ་ཚེ་འགྲོ་དྲག་ཐམས་ཅད་ལ།། སྡིག་སྤོང་གཟུགས་སུ་རྣམ་པར་བསྟན།། དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས།། རང་རྒྱལ་རྣམས་ལ་བ་སེ་རུ་ཚུལ།། གཞན ་ཡང་ཐེག་མཆོག་རིམ་པ་བཞིན།། མགོ་མེད་གནས་མཆོག་ཏུ།། སྐུ་ནི་རྣམ་པར་སྣང་མཛད་ཚུལ།། བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ།། དེ་བཞིན་གསུང་མཆོག ་མི་སྨྲ་སྟེ།། སྐའི་ཆོས་རྣམས་འཇལ་བར་སྟོན།། མེ་ལོང་བསྟན་པའི་ཚུལ་བཞིན་དུ།། དངོས་ཀྱི་མདོག་ངན་ཐམས་ཅད་སེལ།། འཁོར་གྱི་དེ་བཞིན་སྐ་ལྟས་ན།། བྱད ་ཆུབ་བསྒྲུབ་པ་གཏིང་དཔག་མེད།། མེ་ལོང་བཞིན་དུ་སྐ་ལ་སྣང་།། དེ་ནས་ས་བཅུ་རིམས་ཀྱིས་འཆང་།། བླ་མེད་བྱང་ཆུབ ་ཡང་དག་ཐོབ།། ཆོས་སྐུ་དཔག་མེད་བརྗོད་དུ་མེད།། ལོངས་སྤྱོད་དཔག་མེད་རིན་ཆེན་གཏེར།། སྤྲུལ་པ་བྱེ་བ་བསམ་མི་ཁྱབ།། མཚན་དང་དཔེ་བྱད་ཐམས་ཅད ་རྫོགས།། སྤྱོད་ཡུལ་ཀུན་ཏུ་མན་ད་ལ།། ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ།། ཐབས་དང་ཤེས་རབ་སའི་མཆོག། དེ་ལ་སོགས་པ་བསམ་ཡས་མཆོགས། ་སྐྱེ་ཤི་མེད་པའོ་གཡུང་དྲུང་སྐུ།། ཉོན་མོངས་ཀུན་གྱི་ཞིང་དུ་གནས།། ཟད་མི་ཤེས་ཀྱི་གཏེར་དུ་འགྱུར།། རྡོ་རྗེ་རིག་པ་འཛིན་གྱི་སྐུ།། ཐམས་ཅད་དབྱེར་མེད་མཉམ ་བོའི་སྐུ།། ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ།། དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས།། ཞེས་བརྗོད་པས། འཇིག་རྟེན་དྲག་གི་ཕྱོགས་བཅུ་མཐའ་ཡ་ས་མུ་མེད་པ་ཐམ ་ཅད་དུ། དཀྱིལ་འཁོར་བརྗོད་ཀྱི་མི་ལང་བ་ཞིང་གི་རྡུལ་སྐད་དུ་གསལ་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་།། གཉིས་སུ ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་བྱུང་ངོ་།། ཨ་ཧོ།། དམིགས་བྱ་མི་དམིགས་དཔག་མེད་བསམ་མི ་ཁྱབ།། ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ཡང་།། མཉམ་དང་མི་མཉམ་ཀུན་ཁྱབ་མེད་པའི་དབྱིངས།། ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམས་སྤྲོས ་སྤྲོས་པ་མེད། ཧོ། རྡོ་རྗེ་གསང་བའི་ཚིག་ཏུའོ།། །། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་དེས་པ་ལས།། དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ། དྲུག་པའོ།། ་། དེ་ནས་དེ་བཞིན་གཤེགས་པ་བཙུན་མེའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི།། སྐུ་དང་གསུང་དང་། ཐུགས་རྡོ་རྗེ་ལས་འདི ་སྐད་ཕྱུང་ངོ་།། བི་ཤ་བྷི་ཤུད་དྷི། ཧཱུཾ་བཛྲ་འདྲིག། ཨོཾ་ཛི་ན་འཇིག། ས་རད་ན་འདྲིག། ཨོཾ་ཨེ་རེ་ལིག། ཧ་པྲད་ཛཱ་འདྲིག། མུ་ད་དུ་ཤ་རི། ་ལ་ཏཻ་ཤ་རི་ཏི། མཾ་མོ་ཧ་ར་ཏི། བྷཻ་ར་ག་ར་ཏི། ཏཾ་བཛྲ་ར་ཏི། ཀྱི་ར་ཙ་ཡ། ཏྲྀ་ཨ་ཀ་ར་རྦ་ཡ། དྷི་ཧ་ཧཱུཾ་པད་མ་པ་ད་མ། འཛིང་ཀུ་རུ་པ་ནི་ཧྲི་ཧཱུཾ་ལ་སེ་ས་མ་ཡ་སྟེ། ཏྲཾ་མ ་ལེ་ས་མ་ཡ་ཧོ།། ཧྲི་འགྱིར་ཏི་ར་ཧེ་ཧཾ། ཨ་ནིར་ཏི་རཱ་ག་ཡཱ་མི། མེ་དྷ་ར་ནི་སྭཱ་ཧཱ། བྷཱི་ནི་ས་རཾ་པ་ཡ་སྭཱ་ཧཱ། ཧཱུཾ་ས་ར་ཙ་ཡ་སྭཱ་ཧཱ། མྲྀ་ཤི་ཨ་རཾ་སྭཱ་ཧཱ། ་ཛ་ད་པ་པྲ་པེ་ཤ། ཧཱུཾ་བུས་པ་ཨ་བཱི་ཤ་ཁཾ་དི་པ་སུ་ཀི་ནི། ཧོ་གྷན་ཏེ་ཙི་ཏ། ཧུཾ་ཡ་མན་ཏ་ཀྲི་ཕཊ། ཧཱུཾ་བི་ག་ནན་ཏེ་ཀྲིད་ཊ། ཧཱུཾ་པ་ད་མན་ཏ་ཀྲིད་ཕཊ། ཧཱུཾ་པྲ་ཉན་ཏ་ཀྲིད་ཕཊ། ་ཨོཾ་མཾ་ཧ་བཛྲ་ད་ར་མ་ཧ། ཀྲོ་ཏེ་ཤ་རི་ཛ་ལ་ནི་ཕཊ།། ཨོཾ་ཧ་མ་ཧ་ར་ད་ན་དྷ་ར། མ་ཀྲེ་ཏེ་ཤྭ་རི་ཛ་ལེ་ནི་ཕཊ། ཨོཾ་པད་མ་ད་ར་མ་ཧ་ཀྲེ་ཏི་ཤྭ་རི་ཛ་ལ་ནི་ཕཊ། ཨོཾ་མ་ཧཱ་ཀརྨ་དར ་མུ་ཀ་ཀྲོ་ཏི་ཤྭ་རི་ཛྭ་ལ་ནི་ཕཊ་ཧཱུ~ཾ་ཧཱུ~ཾ་ཧཱུཾ། བཛྲ་ཙི་ཏ་ཨོ། ཨ་ཨ་ཡ་བཛྲ་བ་ཏྲ་ས་མ་ཡ་མོ། ཨོཾ་མུ་ནི་ཀྲིད་སྭཱ་ཧཱ། ཨོཾ་སྱ་ནེ་ཧཱུ~ཾ་ཏྲཱ~ཾ་སྭཱ་ཧཱ། ཨོཾ་སུ་ནེ་སྲུང་སྭཱ་ཧཱ། ཨོཾ་མུ་ནཾ་བྲྀ་སྭཱཧཱ། ་ཨོཾ་མ་ནེ་ཀཱཾ་སྭཱ་ཧཱ། ཨོཾ་མུ་ནེ་ཡེ་སྭཱ་ཧཱ། ཨོཾ་ཨེ་ཧ་ཧ་བ་ག་བེན་མ་ཧ་ཀ་རུ་ནི་ཀ་ཏྲི་ཤ་ཧོ། ས་མ་ཡ་སྟེ། བཛྲ་ཧཱུཾ་བཾ་ཧོ། ཨོཾ་ཨོཾ་ཧཱུ~ཾ། སྭཱ་ཧཱ། བ་བ་བ་བ་བ། ཛྭ་ཛྭ་ཛ་ཛྭ་ཛ། ས་ས ་སས་ས། མ་མ་མ་མ་མ། ཡ་ཡེ་ཡེ་ཡ་ཡ། ཨོཾ་ཨེ་ཧཱུ~ཾ་ས་ཧཱུཾ་ཨོཾ་ཡ་ཤེས་རྒྱལ་པོའི་སྐུ་གསུང་ཐུགས། ཡོན་ཏན་འཕྲིན་ལས་ཆེད་པོ་ཆེ།། དེ་ཉིད་དུ་ནི་སྐམ་སྦྱོར་བས། ་ཕྱག་རྒྱ་ཆེན་པོར་བདག་སྦོར་ཅིག། ཨོཾ་བཛྲ་ས་མ་ཡ་ཧཱུཾ། བཛྲ་ས་མ་ཡ་སྟྭཾ། བཛྲ་ས་མ་ཡ་ཧོ། ཛ་ཧཱུཾ་བཾ་ཧོ།། ཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་འདི་དག་གིས། ་འཇིག་རྟེན་དྲུག་ཕྱོགས་བཅུ་ཐམས་ཅད་ཁྱབ་པར་གྲགས་པས་སོ།། རབ་ཏུ་གྲགས་སོ།། ཀུན་ཏུ་གྲགས་སོ།། དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང་། བྱ་བ་མེ་རྡོ་རྗེ་གཉིས ་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ།། དེ་ནས་ཕྱོགས་བཅུ་དུས་བཞིའི།། དེ་བཞིན་གཤེགས་པའི་བདག་ཉིད་ཆེན་པོས། བདག་ཉིད་ཆེན་པོའི་ཡེ་ཤེས་དང་།། དད ་བ་ཞེས་བྱ་འདི། སྐྲ་གསུང་དང་ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་བྱུང་ངོ་།། ། མ་ཧ་ཤ་ཉ་ཏ་མཉའ་ན་བཛྲ་སམ་བྷ་བ་ཨད་མ་ཧ་ཨ་ཏི་རི་ཤ་མཉ་ན་བཛྲ་སཾ་བྷ་བ་ཨ་ད་མ་ཀོ་ཧཾ། ་ཨོཾ་མ་ཧ་པྲ་ཏ་བེ་ཤ་གཉའ་ན་བཛྲ་སཾ་བྷ་བ་ཨོཾ་ད་མེ་ཀོ་ཧཻ། ཨཾ་མ་ཧཱ་ས་མན་ཏ་ཛྙཱ་ན་བཛྲ་སཾ་བྷ་བ་ཨ་ད་མ་ཀེ་ཧཾ། ཨཾ་ས་མ་ཏ་ཨ་ནུ་ཤྭ་ན་ཛྙཱ་ན་བཛྲ་སཾ་བྷ་བ་ཨེད་མ་ཀེ་ཧཾ། ཨོཾ་སརྦ་ཏ་ཐཱ་ག ་ཏ་མ་ཧ་ཀ་ཡ་བཛྲ་སརྦ་བ་ཨ་ད་མོ་ཀོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ། མ་ཧ་བཛྲ་སམ་བྷ་བ་ཨད་མ་ཀེ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧི་ཙ་ཏ་བཛྲ་སཾ་བྷ་བ་ཨད་མེ་ཀེ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧ ་ཨ་ན་ར་ག་བཛྲཱ་སཾ་བྷ་བ་ཨ་ད་མ་ཀོ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པུ་ཙ་བཛྲ་སཾ་བྷ་བ་ཨད་མ་ཀེ་ཧཾ། ཞེས་བརྗོད་པས། ཐིམ་པར་འགྱུར། གསལ་བར ་འགྱུར། འབར་བར་གྱུར་ཏོ།། ཨོཾ་ཨ་མ་ངོ་མཚན་ངོ་རྨད་ཀྱི་ཆོས།། རྫོགས་པའི་སངས་རྒྱས་ཀུན་གྱིས་གསུངས།། སྒྲ་དང་མིང་ཚིག་ཀུན་ལས་འདས།། སྣ་ཚོགས་སྒྲ་རྣམས ་གསལ་བར་འབྱུང་།། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི།། བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ།། སྒྲ་དང་མིང་ཚིག་སོ་སོར་གྲགས།། ཐམས་ཅད་གསུང་གི་ཕྱག་རྒྱའི ་མཆོག། རྒྱུད་མཆོག་རྒྱུད་ཆེན་དྲ་བ་ལས།། བདེ་ལྡན་གསུང་གི་དོན་འབྱུང་ངོ་།། ཐམས་ཅད་པད་མའི་ངང་གྱུར་ན།། གྲོལ་མཐར་ལམ་དང་འཁོར་བའི་སྒྲ།། ཇི་སྐད ་བརྗོད་ཀྱང་གསུང་མཆོག་སྟེ།། ཐེག་པ་མཐོ་དམན་ཐམས་ཅད་དང་།། ལོག་འགྲོ་མ་ལས་ཐམས་ཅད་སྐད།། བྱང་ཆུབ་རྡོ་རྗེ་གསུང་དུ་བསྡུས།། བསྡུས་ཉིད་ཕྱོགས་བཅུར ་རྣམ་པར་གྲགས།། སྒྲ་ནད་མ་ཆགས་དང་དུ་གསུངས།། གསུངས་པ་ཉིད་ན་བརྗོད་དུ་མེད།། བརྗོད་མེད་དེ་ཉིད་ས་ཚོགས་སྨྲ།། ཀུན་ལ་གྲགས་ཤིང་ས་སོར་འཇལ། ་དཔེར་ན་དེ་བཞིན་སྤྲིན་སངས་བཞིན།། གསུང་གཅིག་སྒྲ་ཡིས་ཐད་གོ།། འདི་ནི་གསུང་མཆོག་རྒྱལ་པོ་ཡིན།། ཐེག་པ་མཐོ་དམན་མཐའ་ཡས་ཀྱང་།། དེ་བཞིན་ཉིད་དམ་མ ་གསུངས་ཏེ།། གདུལ་བྱའི་ཐམས་སུ་སོ་སོར་ཐོས།། ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང་།། དེ་བཞིན་ཉིད་ཀྱི་གསུངས་པ་མེད།། ཡི་གེ་མེད་ཀྱང་རིག་པའི་གསུང་།། ་ལྗགས་ཀྱི་རྩེ་མོར་མངའ་བྱུང་ཡང་།། ཐུགས་རྗེ་གསུང་གི་བྱིན་བརླབས་ཀྱིས།། དེ་འགྲོ་དོན་སྣ་ཚོགས་སོ་སོར་གསལ།། གསལ་ཉིད་གསུང་གི་ཕྱོགས་བརྒྱའི ་མཆོག། དེ་བཞིན་གསུང་གི་འགྲོ་དོན་རྣམས།། དེ་བཞིན་དང་ལས་མ་གཡོས་ཀྱང་།། དཔེར་ན་བྲག་ཆའི་སྒྲ་བཞིན་ནོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལྔ།། ། ་དཀྱིལ་འཁོར་བསྡུས་པ་དང་།། གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡན ་ལག་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ལྷན་གྱི་གྲུབ་པར་བྱིན་གྱིས་བརློབས་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་པ།། སྒྱུ་འགྱུ་འཕྲུལ་དྲ་བས་མངོན་རྫོགས་པའི།། ཐམ ་ཅད་བྱང་ཆུབ་མཆོག་གི་རྒྱ།། གསང་བ་དེ་ཉིད་སོ་ངེས་པའི་སྙིང་པོའི་ཕྱག་རྒྱ་མངའ་དཀེའོ།། མི་སྐྱོད་ཉི་མའི་དཀྱིལ་ཡི་གེ། རིན་ཆེན ་ཟླ་བའི་དཀྱིལ་ཡི་གེ། ལྔ་གཉིས་ཟུང་དུ་སྤྲོས་པ་ལས།། སྦར་བ་ཕྱག་བརྒྱ་འབྱུང་བའི་རྒྱུ།། ཨོཾ་དང་མུ་མ་གཉིས་རྩེ་སྦར་ཏེ།། འབྲུ་བརྒྱད་སྣོལ་སྟེ་རྩེ་བརྒྱད་པ།། རྒྱལ ་བ་ཀུན་དང་མཉམ་སྦྱོར་བའི།། བདེ་བ་ཆེན་པོར་སྦྱིན་པའི་རྒྱ།། འབྲུ་བཞི་རྒས་ནས་ཐུགས་ཁར་དཀན།། ཧཱུཾ་བསྒྲ་ངོས་རྩེ་མོར་རྡོ་རྗེ་འབར།། ཟླ་བཏུལ་འབྲུ་རྦས་དྲིལ ་གསིལ་ཞིང་།། འཁྲིལ་བའི་ཚུལ་གྱི་ཆོས་ལ་བརྟན།། འབྲུ་བཞི་རྒས་ནས་ཐུགས་ཁར་དཀན།། མུ་མ་བསྒྲེང་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས ་སུ་མཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱི་ལྷ།། འབྲུ་བཞི་རྒས་ནས་ཐུགས་ཁར་དཀན།། ཨོཾ་བསྒྲེངས་རྩེ་མོར་འཁོར་ལོ་འབར།། བཟླ་བརྟུལ་འབྲུ་རྦས་དྲིལ་བསིལ ་ལ་ཀྱི་བྱ་མ་ས་ང། འི་པ་། ཕྲུ་མ ་ཏེ་འཛུམ་པའི་མདངས་ཀྱི་ལྟ།། འབྲུ་བཞི་རྒས་ནས་ཐུགས་ཀར་ཀན།། ས་རྩེར་འབར་བའི་རིན་པོ་ཆེ།། ཟླ་བརྟུལ་འབྲུ་རྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་སྟན།། ་འབྲུ་བཞི་རྒས་ནས་ཁུ་ཐུགས་ཀར་དཀན།། མཾ་གི་རྩེ་མོར་དྲིལ་བསིལ་ཞིང་།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བདུད་སྡེ་འཛུམ་པའི་མདངས་ཀྱིས་ལྟས།། འབྲུ་བཞི་རྒས་ནས ་ཐུགས་ཀར་དཀན།། ཨོཾ་བསྒྲེངས་རྩེ་མོར་པད་མ་འབར།། བཟླ་བརྟུལ་འབྲུ་རྦས་དྲིལ་བསིལ་ཞིང་།། འཁྲིལ་བའི་ཚུལ་གྱིས་ཆོས་ལ་བསྟན།། འབྲུ་བཞི་རྒས་ནས་ཐུགས ་ཀར་ཀན། བྷྲཱུཾ་བསྒྲངས་རྩེ་མོར་དྲིལ་བསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་ལྟ།། འབྲུ་བཞི་རྒས་ནས་ཐུགས་ཀར་བཀན། ་ཧ་བསྒྲེང་རྩེ་མོར་རལེ་གྲི་འབར།། ཟླ་བརྟུལ་འབྲ་རྦས་དྲིལ་བ་སེལ་ཞིང་།། འཁྲིལ་བའི་ཚུལ་གྱི་ཆོས་ལ་བསྟན།། འབྲུ་བཞི་རྒས་ནས་ཐུགས་ཁར་བ་ཀན།། ཏྲཾ ་བསྒེ་དེ་རྩེ་མོར་དྲིལ་གསིལ་འབར།། ཉི་མ་འབྲུ་ལྔ་ལས་སུ་འཁྲིལ།། བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟའོ།། ཨུ་དཔལ་ལ་སོགས་ཀླུ་ཤིང་མཚན།། རིན་ཆེན་ཉུ ་གུ་རལ་གྲི་འབྲར།། པད་མ་དཀར་པོ་རྡོ་རྗེ་འབར།། ཆོས་ཀྱི་འཁོར་ལོ་རིན་ཆེན་སྟེ།། གཟུགས་མཛེས་རིན་ཆེན་ཕྲེང་བ་དང་།། ་པི་ཝང་གར་མཁན་མཆོག་ཉིད་དེ།། མེ་ཏོག་ཕྲེང་དང་སྤོས་མཆོད་མ།། མར་མེ་བྱུག་པ་ལ་སོགས་པའི།། ལས་ལ་འཁྲིལ་ཞིང་ཆོས་ལ་བསྟན།། དབུ་རྣམས་བྱོ་ཞིང ་འདུད་པའི་ཚུལ།། གོང་གི་ཕྱག་རྒྱ་ཆེན་པོ་བཞིན།། གཉིས་མེད་དབྱིངས་ཀྱིས་དང་དུ་འཁྲིལ།། སྒོ་བཞི་ཁྲི་བའི་ཕྱག་རྒྱ་ནི།། ནིར་མགོ་གདེངས་དང་རྡོ་རྗེ་གནོན།། ཐོང ་སྦྲུལ་ཆེན་པོས་གནོན་པ་དང་།། རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན།། ལྕགས་ཀྱུ་ཞགས་པ་སྤོས་ཏ་ཧོ།། སྒོ་བཞིར་གནས་པ་དེ་དག་ཀྱང་།། འདུད་ཚུལ་འཁྲིལ་བ་གྲོང་མ ་བེཞིན།། ཐུབ་དྲག་ཕྱག་རྒྱ་སྣ་ཚོགས་ཏེ།། མདོར་བསྔས་ཕྱག་རྒྱ་དྲག་ཡིན་ནོ།། ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས།། ཀུན་བཟང་མཉམ་བཞག་ཡེ་ཤེས་འཕྲོ།། ། ་ཡུམ་འགྱུར་མཉམ་རྫོགས་པད་མའི་དཀྱིལ།། གཞན་ཡང་ཕྱག་བརྒྱ་སྣ་ཚོགས་ཏེ།། ཡང་ན་དེ་བཞིན་གཤེགས་ཉིད་དེ།། ཡང་ན་རྡོ་རྗེ་ཐལ་མོ་ཉིད།། ཕྱག་རྒྱ་ཆེན ་བེའི་ཚོག་མཆོག་ནི།། ཐར་དང་ཤེས་རབ་ལྡན་སྦྱོར་ན།། མ་བསྐྱོད་མ་སྦྲུལ་ཐམས་ཅད་ཀུན།། ཕྱག་བརྒྱ་ཆེན་པོའི་ངང་དུ་གནས།། ཡན་ལག་བཞི་བཅུ་རྩ་གཉིས་ལྡན།། ་དེ་ཉིད་ཡན་ལག་སྤྲོས་བདག་སྟེ།། བཞི་བཅུ་རྩ་གཉིས་སུམ་བྲེས་འགྱུར།། དེ་ལྟར་ལྡན་པའི་གཙོ་མཆོག་གིས།། རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ།། བཅུ་གཉིས ་དྲུག་གིས་འོད་འཕྲོས་འབར།། དེ་ལ་སོགས་པ་བསམ་མི་ཁྱབ།། ཕྱོགས་བཅུ་དུས་བཞིའི་བསམ་ཡས་སུ།། འདུལ་བའི་དོན་རྣམས་སོ་སོར་སྟོན།། ཐེག་པ ་མཐོ་དམན་ཐམས་ཅད་དང་།། ཕྱིན་ཅི་ལོག་རྣམས་བསམྲ་ཡས་དང་།། ཞི་ཁྲོ་ཚོགས་ཆེན་ཐམས་ཅད་དང་།། སོ་སོར་མཐུན་བྱས་ཀུན་ཏུ་སྣང་།། དཔེར་ན་གྲར ་མཁན་ཉིད་འདྲ་བ།། ལུས་ལ་མ་གོང་ཐམས་ཅད་སྣང་།། མདོར་ན་ཕྱག་བརྒྱ་ཐམས་ཅད་ནི།། འདི་ཞེས་གཅིག་ཅེས་བརྗོད་དུ་མེད།། གཉིས་དང་གསུམ་ཏུ་རྣམ་པར ་འཕྲོས།། བསྐྱོད་དང་སྤྲོ་བ་དེ་བཞིན་ཉིད།། མདོར་ན་བསྒྲུབ་བསྐྱོད་ཐམས་ཅད་ཀུན།། ཕྱག་རྒྱ་ཆེན་པོའི་ངང་དུ་གནས།། གནས་ཉིད་མི་གནས་པ་འང་མིན།། ་དེ་སྐད་བདག་ཉིད་མཆོག་གི་བཤད།། གསང་བ་སྙིང་པོ་དེ་ཉིད་དེ་ཁོ་ན་ཉིད་ངེས་པ་ལས། ཡན་ལག་དཀྱིལ་འཁོར་དུ་བྱིན་གྱིས་བརླབས ་ནས་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ལྔ ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཤིན་ཏུ་ཕྲ་བའི་དམ་ཚིག་མཆོག། ཕྱག་རྒྱ་ཆེན་པོའི་ཕྱག་འཐིལ་དུ།། ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། ་སོར་ནི་བཞིའི་ཆེད་དུ་བྱ།། འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ།། སྙིང་པོ་ལྔ་དང་སྨན་ཆེན་ལྔ།། བདུད་རྩི་ལྔ་ནི་རབ་བསྣམས་ལ།། རིག་པས་ཐིག་ནི་གདབ་པར་བྱ།། ལྟེ ་བརྩིབས་དང་ལྡན་པ་པ་ཡི།། རྩོབས་བཞི་འཁོར་ལོ་མྱ་ཁྱད་བཅས།། གྲུ་ཆ་བཞི་དང་གྲུ་བཞིའོ།། བར་ཁྱམས་སྒོ་ཁྱད་ལྡན་པར་བྱ།། སེན་ཟླུ་མ་ཙམ་གྱི་ཉི་ཟླ་ལ།། ་ཙ་ནི་འབྲུ་ཙམ་པད་མའི་གདན།། ཡུངས་འབྲུ་ཙམ་གྱི་ཡི་གེ་ལ།། ཕྱག་རུ་གཏིལ་འབྲུ་ཙམ་དུ་བྲི།། བཅོས་བུ་རས་ནི་སྣ་ཚོགས་དང་། བརྒྱན་ཕྲེང་བཏུང་དང ་བྲོ་བས་བསྐོར།། གླུ་ཚིག་བྲོ་གར་རོལ་མེ་ཡིས།། སྤྲིན་དཔུང་ཚོགས་ཀྱིས་རབ་ཏུ་མཆོད།། ཡུམ་དང་འཇོམ་མ་སེམས་མ་ཡཱི།། ཇི་ལྟར་འདོད་པའི་ལས་བཞིན་མཆོད།། ་དབྱིབས་དང་ཁ་དོག་མཚན་ལྡན་པས།། ཞལ་དུ་གྱུར་པའི་མེ་འོས་ལ།། བཟའ་བཏུང་འོ་མའི་ཚོགས་ཀྱིས།། ལས་བཞིའི་མཆོད་པ་རབ་ཏུ་སྦྱིན།། ཁྲོ་བོའི་དཀྱིལ ་འཁོར་དེ་བཞིན་ཏེ།། ཤིན་ཏུ་ཕྲ་ལས་སྤངས་པ་ཡིས།། བསམ་ཡས་དག་ལ་འང་དེ་བཞིན་བྱ།། རིག་པས་དཔག་པ་ཙམ་དུ་འོང་།། མཆོད་པའི་རྒྱ་ཆེན་པོ་ནི།། སེམ། ་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས།། ཕྱོགས་བཅུ་ཐམས་ཅད་སངས་རྒྱས་ཞིང་།། མཉན་འཛམ་རེག་ན་བདེ་བ་ཡིས།། སྣ་ཚོགས་རིན་པོ་ཆེའི་ཞིང་།། མཛེས་པར ་བྲིས་ཤིང་སྦས་པ་དང་།། ཀུན་འབྱུབྱང་རིན་ཆེན་ཕུང་པོ་འབར།། དབྱིབས་ལེགས་རྫིང་བུ་བྲོ་མཆོག་གསིལ།། རིན་ཆེན་ཁང་པ་སྣ་ཚོགས་དང་།། རྒྱན་དང་དཔགས་པ་སཾ། ་ལྗོན་པའི་ཚལ།། གླུ་དབྱངས་དབྱངས་ཚིགས་སུ་བཅད་པའི་སྒྲ།། བླ་རེ་རྒྱལ་མཚན་ནམ་ཟ་གདུགས།། དོ་ཤལ་དཔུང་བརྒྱན་སེ་མོ་དོ།། གཟའ་དང་གཏུང་དང་། ་མཆོག་རྣམས་དང་།། རང་ལ་མཛེས་པར་བརྒྱན་པའི།། ལྷ་དང་ལྷ་མོ་རྡལ་རྙེད་ཀྱིས།། ག་བྲོ་གར་ལ་སོགས་བསམ ་ཡས་ཀྱིས།། ཕྱོགས་བཅུ་ན་མཁའི་མཐའ་བཀང་ནས།། དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ།། སྐལ་ལྡན་གསལ་བའི་ཁྱད་པར་གྱིས།། རིམས་ཀྱི་ཡང་ན ་ཅིག་ཆར་དུ།། ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་ཞིང་།། མཆོད་པའི་ཕྱག་བརྒྱ་ཆེན་པོར་བསྒོམས།། གསལ་ལྡན་མ་འམ་བྱིན་བརླབས་ལ།། སྟོང་གསུམ་ཡུངས ་འབྲུ་འཇུག་ཚུལ་ཏུ།། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲངས་མཆོད།། མཉེས་ནས་གྲུབ་པའི་དམ་ཚིག་མཆོག། བདག་ཉིད་ཆེན་པོ་མཆོད་པ་ཡིས།། སངས་རྒྱས ་དཀྱིལ་འཁོར་མ་ལུས་མཉེས།། སིད་གསུམ་འགྲོ་བ་ཐམས་ཅད་ལ།། དགའ་བ་ཆེན་པོས་ཁྱབ་པར་གྱུར།། སྒྲ་འཕྲུལ་དྲ་བ་ལྡན་པ་ཡིས།། ཕྱོགས་བཅུ་དུས་བཞིར ་གཤེགས་པ་ཡིས།། སངས་རྒྱས་དཀྱིལ་འཁོར་མ་ལུས་དང་།། ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར།། ལུས་ངག་སེམས་དང་ཆོས་ཐམས་ཅད།། གང་ན་འང ་མི་གནས་མི་དམིགས་པ།། མིག་ཡོར་ཚུལ་དུ་སྦྱོར་བ་ཡིས།། ནམ་མཁའ་ལ་ནི་ནམ་མཁའ་སྒོམ།། ཀུན་བྱས་དབང་ཕྱུག་རིག་པས་འཇུག། དེ་ནས་བསློབ་མ་གཞགས་པར་བྱའོ།། ་དེ་ནས་རིགས་ཀྱི་བུ་མཆོག་དེས།། རྒྱལ་སྲིད་དོང་ནི་རང་གི་ལས།། བུ་དང་ཆུང་མ་ནོར་གྱི་དབྱིག། རབ་ཏུ་གཅེས་དང་ཡིད་མཐད་འབུལ།། དབང་ཕྱུག་ལོང་སྐྲོད་ལྔས་མཆོད་ནས།། དཀྱིལ་འཁྲི ་ཐམས་ཅད་མཆོད་པ་ཡིན།། ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས།། ཉེས་པ་ཐཾད་དག་པར་འགྱུར།། དད་བཅན་རྟུལ་ཞག་རབ་རྟོག་ན།། ཕན་པའི་དབང་སྤྲིན་ནས་མོའི་དབང་།། རིམ་པ་བཞིན་དུ་སྦྱར་བ ་བྱ།། སྙིང་རྗེས་ཆུང་མ་ཟོས་པར་གཟུང་།། ཡང་ན་ཐལ་མོ་རབ་སྣོལ་ནས།། ཕྱག་བརྒྱ་ཆེན་པོའི་ཕང་དུ་ནི།། དཀྱིལ་འཁོར་འཛུབ་གང་ཚད་དུ་ཆ།། མཁྲི་བྲ་ཆོ་ག་ཇི་བཞིན་བྱ།། ཡང་ན་ས་བཞི་རབ ་བསྐམྦ་ལ།། དཀྱིལ་འཁོར་ཁྲུ་གང་ཚད་བྱ།། ཡང་ན་ལུས་གང་ཆད་དེ།། ཡང་ན་ལུས་ནི་གསུམ་གྱི་ཚད།། ཕུ་བུ་སྲད་བུ་མཚོན་ཕྱེ་དང་།། གོས་བརྒྱན་མཛེས་པའི་ཡིད་འོང་གྲོགས།། ཐིག་གདབ་ཆོ་ག ་ཕུན་སུམ་ཚོགས།། མཁྭ་ལྡན་ཆེན་པོས་བསྒྲིས་ཏེ་བྱ།། ཡང་ན་ཁྲུ་ནི་བཅུ་དྲུག་དང་།། ཉ་འམ་ཉི་ཤུ་རྩ་ལྔར་བྱ།། རིག་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོས།། སྐུ་གསུང་ཐུག་ལྡན་གཟུགས་ཀྱང་དགོད།། ་ཡང་ན་རྒྱང་གྲག་དཔག་ཚད་དམ།། ན་མཁའི་དབྱིངས་ཀྱི་བསཾ་ཡས་པར།། སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ།། མ་མཐོང་རྨོངས་ལ་བསྟན་ཕྱིར་མཚོན།། ཁ་དོག་ཉི་ཤུ་རྩ་ལྔ་འམ།། ལྔའི ་གསང་བ་སྙིང་#། མཚོན་གྱི་བྲི་བར་བྱ།། འདུལ་བའི་ཆོ་ག་བཞིན་དུ་བགྱི།། ཏིང་འཛིན་རོལ་མོ་མཐའ་ཡས་མཆོག། ཡི་གེའི་གདན་གྱི་སྙིང་པོ ་འམ། ཕྱག་རྒྱ་འམ་སྐུ་གསུངས་ཐུགས་ལྡན་པར། བྱིན་བརླབས་ཡ་མཚན་རྨད་པོ་ཆེ།། གྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། ས་ལ་སོགས་ལ་ཕྱག་རྒྱར ་བྱས།། རྣམ་གྲོལ་རིམ་པར་ཐོབ་པར་འགྱུར།། དག་པའི་ཡེ་ཤེས་ཀྱིས་སྦྱངས་པས།། སྨོས་ཅི་དགོས་ཏེ་དེ་ཉིད་ཡིན།། ཕྱོགས་དུས་དཀྱིལ་འཁོར་བདག་ཉིད ་ཆེ།། མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ལས།། དཀྱིལ་འཁོར་ཐམས་ཅད་སྤྱན་དྲང་ངོ་།། རང་སྣང་དབྱེར་མེད་དཀྱིལ་འཁོར་ལ།། འཇུག་པའི་མཚན་ཉིད ་མཉམ་སྤྲོ་བས།། ཕྱོགས་དུས་ཀུན་ནས་གཤེགས་པ་ཡིས།། བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས།། ཉེ་བར་འགྱུར་བའི་དམ་ཚིག་མཆོག། དཔགས ་བསམ་ཤིང་དང་ཡིད་བཞིན་གྱི།། རིན་པོ་ཆེ་དང་འབྱུང་བ་ཀུན།། དེ་དག་རྫས་ཡོད་མ་ཡིན་ཏེ།། རང་སེམས་བསོད་ནམས་བསྟན་པ་ཡིན།། ངོ་མཚར ་ཆོ་འཕྲུལ་རྨད་ཀྱི་ཆོས།། གཞན་ནས་ཡི་འོང་མ་ཡིན་ཏེ།། ཐབས་ལ་བསྟན་པའི་ཤེས་རབ་ཉིད།། དེ་ལྟ་བུའི་ངང་དུ་བྱུང་།། ཤེས་རབ་དབྱིངས་ཀྱི་དེ་བཞིན ་ཉིད།། ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར།། ཡེ་ཤེས་ལ་ནི་ཡེ་ཤེས་རོལ།། ཡེ་ཤེས་རོལ་པ་ཉིད་ཀྱང་གསོག། རྒྱལ་བ་སྔོན་འབྱུང་སྐྱོབ་པ་དང་།། བྱིན ་བརླབས་སྟོན་པ་དེ་བཞིན་ཏེ།། བྱ་བྱེད་ནུས་པའི་གཟི་བྱིན་གྱིས།། སྒྱུ་མ་རྡོ་རྗེ་བཙན་པོ་མཆོག། ཆོ་ག་ལྔ་ནི་རྫོགས་བྱས་ཤིང་།། ཡོ་བྱད་ལྔ་ནི་རྫོགས་པར་ལྡན། ་སྔགས་ཀྱི་ཡན་ལག་ལྔ་རྫོགས་པས།། མ་ཉམས་འཇུག་ལ་རབ་བརྩོན་པས།། ཞག་ནི་སུམ་བཅུ་ཕྲག་དྲུག་གམ།། བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས།། དབང ་བསྒྱུར་རིགས་ཀྱི་དམ་པ་འགྲུབ། དེ་ཚེ་བཅུ་དྲུག་ཚུན་ཅད་ཀྱིས།། སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི།། ཡེ་ཤེས་ཐིག་ལེ་དེ་ཉིད་ལ།། ཡེ་ཤེས་ཐིག་ལེ་དེ་ཉིད་སྣང་། ་བསམ་གྱི་མི་ཁྱབ་མཐའ་ཡས་མཆོག། ཕྱོགས་དུས་བཞིའི་མངོན་རྫོགས་པ། ཞིང་ཁམས་རྣམས་དག་བསམ་ཡས་དང་།། རྒྱ་དང་འབྲལ་བའི་གཞལ་ཡས་ཁང་། ་འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས།། དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། མཐོང་ན་ཉེ་བར་མཉེས་པ་དང་།། རྒྱ་ཆེན་གསུང་ལ་དོན་བྱུང ་བའང་།། མཐུན་པའི་ཡེ་ཤེས་རང་སྣང་བའོ།། ཅི་དང་དུ་མར་བྲལ་བ་ཡི།། མཐའ་དང་དབུས་མེད་དེ་བཞིན་ཉིད།། སངས་རྒྱས་ཀྱི་ཀྱང་མི་གཟིགས་ཏེ།། རང་འབྱུང་ཡ ་ཤེས་གནས་མེད་སྣང་།། ལོག་པར་རྟོགས་བརྟགས་རྣམས་དག་ཅིང་།། ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར།། ཐུགས་རྗེས་ཆེན་པོའི་འབྲེལ་པ་ན།། འགྲོ་དྲུག་དུས ་གནས་མ་ལུས་སྣང་།། བདེ་བ་ཆེན་པོའི་དཀྱིལ་འཁོར་ནི།། སྟང་དབྱལ་གཉིས་སམ་ཡང་ན་ལྔ།། བྱས་ཏེ་དད་ལྡན་རབ་ཞུགས་ན།། འདོད་པ་ཡིད་འོང་མཉམ་པར་འགྱུར།། ་བསྐལ་བ་མཉམ་པའི་ཡེ་ཤེས་སྟེ།། གཉེར་ན་ཉེ་བར་འབྱུང་བ་ཡི།། ཡ་མཚན་ཆེན་པོར་འབྱུང་བར་ངེས།། དད་མེད་ཉམས་ན་ཕུང་བར་འགྱུར།། ཞེས་ཆེད་དུ་བརྗོད་དོ།། ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། རྡོ་རྗེ་བཀོད་པ་གསང་བ་དམ་ཚིག་ལེའུ་སྟེ། དགུ་པའོ།། ། དེ་ནས་བཅོམ་ལྡན་འདས་དགེས་པ ་ཆེན་པོ་རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས།། བདེ་བའི་འབྲུ་ཚོག ་གསལ་བའི་རྒྱན།། རྡོ་རྗེ་ལམ་ནས་པད་མོར་འཁྱིལ།། རྩེ་ནས་གཏིམ་ཞིང་དཀྱིལ་འཁོར་སྦྱར།། ཉན་བྱེད་འཁོར་ལོའི་གཞལ་ཡས་སུ།། གསལ་བའི་ཐིག་ལེ ་ངོ་བོ་ཉིད།། ཏྲེ་གི་ཕྱག་རྒྱའི་ཚོགས་ཆོག་ལས།། རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ།། ཏྲམ་གསང་བ་གསང་ཆེན་གསང་མཆོག་གང་།། གསང་བ་ཀུན་ལ ་མཉན་པར་བྱ།། བ་གསང་བའི་དོན་ཉིད་བརྟག་པ་ལས།། གཞན་ཏུ་སྨྲ་བ་བྱ་བ་ཡིན།། གསལ་བའི་འཁོར་ལོ་གཞལ་ཡས་སུ།། གསལ་བའི་ཐིག་ལེའི་ངོ་བོ་ཉིད།། ་ཡེ་ཤེས་ཕྲེང་བའི་ཚོགས་མཆོག་ལས།། རིགས་ཀྱི་དཀྱིལ་འཁོར་གིསལ་སྤྲོ་ཐིམ།། ཨོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་གསུང་།། ་རྒྱལ་བ་ཐམས་ཅད་མཉེས་མཆོད་ལ།། རྒྱལ་བ་ཀུན་དང་མཉམ་པར་སྦྱོར།། ལག་པའི་འཁོར་ལོའི་གཞལ་ཡས་སུ།། གསལ་བའི་ཐིག་ལེའི་ངོ་བོ་ཉིད།། ་གསང་སྙིང#ཧཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས།། ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ།། ཨོཾ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱིས།། ལས་རྣམས་མ་ལུས་ཀུན ་གྱིས་ཤིག། ཕོ་ཉ་མང་པོའི་འཕྲོ་འདུ་ཀུན།། ཁྱོད་ཀྱི་དགོས་པ་བྱེད་པ་ཡིན།། སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ།། གསལ་བའི་ཐིག་གི་ངོ་བོ་ཉིད།། ཧྲིའི ་ཕྱག་རྒྱའི་ཚོགས་མཆོག་ལས།། ཆོས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ།། ཨོཾ་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས།། དད་ལྡན་སྐྱེས་བུ་ངོམས་པར་བྱོས།། རབ་འབྲིང་ཐ ་མའི་བློ་ཅན་ལ།། མཐུན་པའི་གསལ་བསྒྲགས་གཞན་དུ་མིན།། བསྐྱོད་བྱེད་འཁོར་ལོའི་གཞལ་ཡས་སུ།། གསལ་བའི་ཐིག་ལེའི་ངོ་བོ་ཉིད།། ཧཱུཾ་ཨོཾ་སྟྭཾ་ཨཾ་ཧཾ་རྣམས ་ལས།། དཀྱིལ་འཁོར་ལྔ་དང་ཁྲོ་འཕྲེང་བསྒོམ།། ཨོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ།། དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ།། ་དཀྱིལ་འཁོར་ཀུན་གྱི་སྦྱིན་པར་སྤྱོད།། སློབ་དཔོན་མཉེས་པར་མ་བྱས་ཞིང་།། དབང་རྣམས་ཐོབ་བར་མ་བྱས་པར།། ཉན་པ་ལ་སོགས་རྩོམ་པ་རྣམས།། འབྲས་བུ ་མེད་ཅིང་རླག་པར་འགྱུར།། དབུ་རྒྱན་ཅོད་པན་ཕྲེང་བ་དང་།། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་།། གདུགས་དང་བུམ་པ་བཟའ་བཏུང་དང་།། སྙིང་པོ་ལྔ་ཡིས་དབང་བསྐུར ་ན།། དུས་འདི་ཕྱིན་ཆད་རྒྱལ་བའི་སྲས།། ངན་སོང་ཐམས་ཅད་མེད་པ་དང་།། ཚེ་རིངས་བདེ་བའི་ཕུན་སུམ་ཚོགས།། མཐོ་རིས་ཐར་པའི་བདག་པོར་འགྱུར།། ་ཞེས་བརྗོད་དོ།། །། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། དབང་གི་སྦྱིན་པའི་ལེའུ་སྟེ། བཅུ་པའོ།། །། དེ་ནས་དེ་བཞིན་གཤེགས་པ ་དགེས་པ་ཆེན་པོ་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཆེད་དུ་བརྗོད་པ་འདི་སྐད་དོ།། རྒྱུ་ཅིག་པ་ཡི་གེ་འབྲུའི་ཚུལ། ་བྱིན་གྱིས་བརླབས་རྗེ་མངོན་གསུམ་པར།། རབ་ཏུ་རྟོགས་པ་རྣམ་བཞི་ཡིས།། ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ།། ཡན་ལག་དབང་པོ་རྣམ་ཤེས་ཀུན།། རྣམ་སྨིན ་ཨོཾ་དུ་ཤེས་པར་བྱ།། རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ།། གཟུགས་སྒྲ་དྲི་རོ་རེག་ལ་སོགས།། རྣམ་སྨིན་མུཾ་དུ་ཤེས་པར་བྱ།། ཡུམ་གྱི་དཀྱིལ་འཁོར་ཉིད་དུ ་ཡང་ན་ཁྲོས་པའི་དཀྱིལ་འཁོར་བསྒོམ། ་གསང་བ@#བསྒོམ།། ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ།། གོས་རྒྱན་བཟའ་བཏུང་གླུང་དང་ཚིག། བྲོ་གར་སོགས་ཀྱི་སྤྲིན་ཕུང་ལས། ཧཱུཾ་དུ་ཤེས་པས ་རབ་སྤྱད་ན།། ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས།། ལྷ་མོ་ཀླུ་མ་རིགས་ངན་མོ།། དབྱངས་མ་ཡང་ནི་མ་དབྱངས་པར།། སྙེན་པ་དང་ནི་ཉེ་བསྙེན་པ།། བསྒྲུབ་པ ་དང་ནི་བསྒྲུབ་ཆེན་པོས།། ཡུམ་གྱི་པད་མའི་དཀྱིལ་འཁོར་དུ།། བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ།། སངས་རྒྱས་སྤྲིན་ཚོགས་མ་ལུས་ལས།། དགེས་མཉམ་མཆོག་གི ་སྤྲིན་ལས་གཏིམ།། བསྒྲུབ་པའི་ཉི་ཟླའི་སྙིང་པོ་དེ།། དཀྱིལ་འཁོར་རྡོ་རྗེ་ལྕེའི་བླང་།། མཁ་འགྲོ་གསལ་འབར་འཚེ་ལ་སོགས།། ཡིན་བཞིན་སྤྲིན་གྱི་བདག་པོར་འགྱུར།། ་ཞིང་གྱུར་མཆོག་མཆོག་བྲན་རྣམས།། ཉི་ཟླའི་སྟེང་ན་མཁས་པས་བཞག། ང་རྒྱལ་ལག་གི་འདུ་བྱེད་བསྒོམ།། ཧཱུཾ་དུ་གྱུར་པས་རྣམ་པར་དག། དབྱིངས་སུ་ཐིམ་ནས་ཕྱག་རྒྱར ་འབར།། སྐུར་འགྱུར་འོད་ཟེར་འཕྲོ་བ་བརྗིད།། གཙུག་ཏུ་རྣམ་པར་རྒྱབ་བསྒོམ།། ངོ་མཚར་དོན་འགྲོ་ཐར་པའི་ཐོགས།། ཡེ་ནས་སྐྱེ་མེད་དེ་བཞིན་ཉིད།། སྒྱུ་མར་སྣང་བ ་མིག་ཡོར་ཚུལ།། སྦྱོར་སྒྲོལ་བྱས་པ་སྙུན་བྱས་ཀྱང་།། རྡུལ་ཆ་ཙམ་ཡང་བྱས་པ་མེད།། སྣོད་བཅུད་རྣམས་དག་རྟོགས་ཤིང་།། མཉམ་ཉིས་ལྷག་པའི་མཉམ་ཉིས་ཀྱིས།། ་དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང་། བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས།། ཡན་ལག་མ་ཉམས་ཡོ་བྱད་ལྡན།། ཆོ་ག་རྫོགས་པར་ཤེས་པའི།། རྣལ་འབྱོར ་ཚོགས་པའི་དཀྱིལ་འཁོར་གྱིས།། ངེས་པར་ལེགས་པའི་དགོས་པ་འགྲུབ།། ལྔ་དང་ལྔ་ཞིང་སྦྱོར་བ་ཡི།། ཚོམ་བུ་ལྔའི་ལྷར་བཀོད་ལ།། ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། ་འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ།། དེ་བཞིན་རིགས་དང་རྡོ་རྗེའི་རིགས།། པད་མའི་རིགས་ཏེ་སྐུ་གསུང་ཐུགས།། ཁྲོ་བོའི་ཚོགས་དང་ལྡན་པ་ཡི།། ཚོམ་བུ་གསུམ ་པའི་ལྷ་རྣམས་བསྒོམ།། རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ།། ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག། ཁྲོ་བོའི་ཚོགས་དང་ལྡན་པ་ཡི།། ཚོམ་བུ་གཅིག་པའི་ལྷ་རྣམས ་བསྒོམ།། ཁྲོ་བོ་ཁྲོ་མོ་ཚོགས་ཆེན་དང་།། ཕོ་ཉ་ཕྱག་མཉན་བཀའ་མཉན་ཚོགས།། ཅི་བགྱི་ལ་སོགས་རྣམས་ཀྱིས།། དངོས་གྲུབ་ལས་རྣམས་རྫོགས་པར་བྱེད།། རྣལ ་འབྱོར་སྔགས། དངོས་གྲུབ་ནི།། མཉམ་རྫོགས་ལྷུན་གྲུབ་དང་གནས་ཤིང་།། དཔྱོད་པས་ཅི་ལའང་ཐོགས་མེད་པའི།། ཐམས་ཅད་ཡེ་ནས་དབྱེར ་མེད་པའི།། རྡོ་རྗེའི་རིགསུ་ཐམས་ཅད་བསྒོམ།། ཆགས་མེད་ཚུལ་གྱིས་གཏིམ་པར་བྱ།། གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ།། ཡང་ན་སྐུ་གསུང་ཐུགས་ཉིད་དེ།། ཐམས ་ཅད་མ་ལུས་སྐུ་གསུང་ཐུགས།། ཏིང་འཛིན་བསལ་བར་འོད་ཟེར་འཕྲོ།། གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ།། རིགས་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར།། ་དཀྱིལ་འཁོར་མ་ལུས་འབར་བར་འགྲུབ།། ཉོན་མོངས་སྡུག་བསྔལ་སེལ་བར་བྱེད།། རྡོ་རྗེའི་རིགས་སུ་སྐྱེས་པའི་གནས།། སྔགས་འཆང་དངོས་གྲུབ་ཡང་དག་ན།། ་ཐབས་དང་ཤེས་རབ་ཐམས་ཅད་ཀྱིས།། དཀྱིལ་འཁོར་ལྔ་དང་ཁྲོ་འཕྲེང་བསྒོམ།། ཆགས་པ་མེད་པའི་ཚུལ་གྱིས་ནི།། འོད་ཟེར་རྣམ་པ་མང་པོ་འཕྲོ།། གཉིས་སུ ་མེད་པར་གཉིམ་པར་བྱ།། དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ།། རྣལ་འབྱོར་ཐམས་ཤེས་རབ་ཀྱིས།། དེ་བཞིན་གཤེགས་དང་ཡུམ་དུ་སྒོམ།། སེམས་དཔའ ་སེམས་མ་ཉིད་དུ་བསྒོམ།། སོ་སོའི་སྔགས་དང་ཕྱག་རྒྱ་དང་།། ཏིང་འཛིན་ཡང་དག་སོ་སོར་གསལ།། གནས་དང་ལོངས་སྤྱོད་ཅི་བདེ་དང་།། མ་ཉམས་བློ་ནི་རབ ་ལྡན་ནས།། དང་པོ་དམ་ནོས་བཞིན་དུ་བྱས།། ལེ་ལོ་བསྒྱིད་སྙོམས་མེད་པ་ཡིས།། ཐེ་ཚོམ་མེད་པར་སྒྲུབ་བྱས་པས།། དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར།། ་རྡོ་རྗེ་གསང་མཆོག་དམ་པ་ཐོབ།། སྒྲུབ་པའི་ཞག་དང་ཚེས་གྲངས་ནི།། རྒྱུད་ལ་མོས་པ་བཞིན་དུ་བཤད།། རྡོ་རྗེ་གསང་བའི་ཚིག་ཏུའོ།། ཅེས་དེ་བཞིན་གཤེགས་པ ་ཉིད་ལ་ཆད་དུ་གླེང་ངོ་།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ།། བཅུག་པའོ།། ་དེ་ནས་དེ་བཞིན་གཤེགས་པ་དགེས་པ་ཆེན་པོ་ལ་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ།། བརྒྱན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཆེད་དུ་བརྗོད་པ་འདི ་བརྗོད་དོ།། སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི།། དཀྱིལ་འཁོར་སྙན་པའི་ཏིང་ངེ་འཛིན།། བྲོ་གར་འདུ་འགྲོའི་ཕྱག་རྒྱ་ཡིས།། འཛུམ་ལམ་ན་མཁར་འགྲོ་བར་འགྱུར།། ་ང་གླུ་ཚིག་སྒྲ་ཡིས་བྱ་རྒྱ་ཡིས།། ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར།། རྒྱན་དང་བཀོད་པའི་ཕྱག་རྒྱ་ཡིས།། འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ།། ་བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས།། ཡིད་བཞིན་སྐུ་བདུད་པ་བདུད་རྩི་འགྲུབ།། ཨ་ལི་ཀ་ལིའི་ཕྱག་རྒྱ་ཡིས།། ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར།། ཤེས་འཇུག ་མཚན་ཉིད་སྦྱོར་བའི་གཟུངས།། འབྲས་བུ་སྨིན་བྱེད་རྒྱུ་དང་སྐྱེན།། ནུས་མཐུ་ཅན་དུ་གང་འགྱུར་བ།། རིགས་འཛིན་རྒྱལ་བའི་ཞིང་དུ་གྲགས།། མིང་དང་ལྷ་དང་ཚངས ་པའི།། སྐྱེ་བ་རྣམ་དག་འཛིན་མོད་ཀྱི།། ཁྱད་པར་ས་ལ་གནས་འགྱུར་ཡིན།། ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས།། ཐབས་དང་ཤེས་རབ་སའི་མཆོག། ཤེས་རབ་ཆོག ་གི་མཆོག་གྱུར་པའི།། སའི་ཁྱད་པར་བཅུ་དང་གསུམ།། རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས།། མཁའ་དཀྱིལ་ཁྭའི་དབྱིབས་ཉིད་ཟླ།། ཡེ་ཤེས་རྒྱལ་པོ་སྟངས ་དབྱལ་བསྒོམ།། རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་ཀུན།། མ་ལུས་པར་ན་བསྒོམ་པར་འགྱུར། དུས་བཞིའི་ཕྱོགས་བཅུ་གང་གནས་ཀྱང་།། རྫོགས་པའི་སངས ་རྒྱས་སྙེད་མི་འགྱུར།། སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ།། སངས་རྒྱས་གཞན་དུ་མཚོལ་ཅིག། དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས།། དཀྱིལ་འཁོར་ཐམས་ཅད ་འགྲུབ་པར་འགྱུར།། ཆོ་ག་ལྷག་གམ་མཆད་ནའང་།། སྐྱོད་ཉིད་དག་སྟེ་ཉེས་པ་མེད།། ཅེས་ཆེད་དུ་བརྗོད་པས།། རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ།། ་གསང་བ་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། ཚོགས་བསྒྲུབ་པའི་ལེའུ་སྟེ། བཅུ་གཉིས་པའོ།། །། དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཞིའི།། སྐུ ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས།། དགེས་པ་ཆེན་པོས། ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ཚིག ་ཤིན་ཏུ་གསང་བའི་སྙིང་པོ།། སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཆེད་དུ་བརྗོད་པ་འདི་བརྗོད་དོ།། །། མ་རྟོགས་པ་དང་ལོག་པར་རྟོགས།། ཕྱོགས ་རྟོགས་ཡང་དག་ཉིད་མ་རྟོགས།། འདུལ་བ་བཀོད་པ་གསལ་བ་དང་།། རང་བཞིན་གསང་བའི་དོན་རྣམས།། ཡེ་ཤེས་སྒྲས་རྟགས་མིང་ཚོགས་ལ།། བརྟེན་པའི་ཚིག ་@#། གི་རབ་མཚོན་ཏེ།། ཁོང་ནས་གང་ཟས་དོན་འབྱིན་པ།། སྟོན་པའི་རྡོ་རྗེའི་ཐུགས་ལ་གནས།། དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱིས།། ་དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། འཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག། གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས།། འབྱུང་བ་ཤེས་རབ ་རིག་པའི་ཡུམ།། ཆེན་པོ་རིགས་ཀྱང་དེ་བཞིན་ཏེ།། བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས།། དབང་པོ་ཡུལ་ཏུས་རིགས་པ་རྣམས།། ཀུན་ཏུ་བཟང་པོའི་དཀྱིལ ་འཁོར་ལ།། བདག་ཉིད་ཆེན་པོ་ལྷག་པའི། ཐུགས་ཀྱི་ཡེ་ཤེས་ལྔ་ལྟ་ཞིང་།། སྙིང་པོ་ཐིག་ལེ་མཉམ་སྦྱོར་བས།། བདེ་བའི་ཡེ་ཤེས་རོལ་མོའི་ཡིས།། ། ་ཡེ་ཤེས་དགེས་ལ་མཆོད་པར་འབུལ།། ཟག་པ་མེད་པའི་བསོད་ནམས་ཀྱིས།། ཡེ་ཤེས་སྒྱུ་མར་རང་སྣང་བས།། རོལ་མོའི་དཀྱིལ་འཁོར་བསམ་ཡས་མཆོག། ་གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས།། དེ་ནི་སངས་རྒྱས་ཀུན་གྱི་དངོས།། ཕྱོགས་བཅུ་དུས་བཞིའི་མངོན་རྫོགས་པའི། སྐུ་གསུང་ཡོན་ཏན་ཕྲིན་ལས་ཐུགས།། མ ་ལུས་བདག་ཉིད་ཞལ་མཐོང་བའོ།། དབང་སྒྱུར་མཆོག་ཉིད་དམ་པ་ཡིན།། དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད།། རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། ་རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས།། རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་བས།། ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང་།། ཕྱོགས་དུས་དཀྱིལ་འཁོར་འདུལ ་བའི་མགོན།། སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས།། བྱ་བྱེད་མེད་པར་དཀྱིལ་འཁོར་དཔྱོད།། ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ།། ཐོས་བསམས་བསྒོམས་ལ ་མཉམ་སྦྱོར་གྱིས།། རང་འབྱུང་ཀུན་དམ་ལྷུན་གྱིས་གྲུབ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱིས།། མདའ་བར་མི་མཐང་དམ་ཚིག་མཆོག། གང་ཞིག་འདི་ལ་མོས་འགྱུར་བ།། ་སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས།། ཕྱོགས་དུས་ཀུན་ནས་ཐམས་ཅད་དུ།། དཀྱིལ་འཁོར་མ་ལུས་བསྙེན་པའི།། ཉེ་བའི་སྲས་སུ་དགོངས་པར་འགྱུར།། བསྐལ ་བ་ཞིང་གི་རྡུལ་རྙེད་དུ།། ཤིན་ཏུ་སྦྱངས་ལ་རབ་གནས་ཤིང་།། དཀྱིལ་འཁོར་མ་ལུས་བསྙེན་པའི།། འབྲས་བུ་གསང་ཆེན་འདི་ཡིན་ཏེ།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། ་བསང་བ#འདས་དང་ད་ལྟར་བྱུང་བ་ཡི།། རྒྱལ་བའི་དཀྱིལ་འཁོར་མ་ལུས་པ།། བསྙེས་ནས་སྐུ་ལྔ་ལཱུ་གྱིས་རྫོགས།། འབྱུང་དང་མ་འོངས་ཐམས་ཅད་ཀུན། ་འདི་ཡི་ལྷུན་གྱིས་གྲུབ་ཡིན།། འདི་ནི་གསང་ཆེན་ངེས་པ་ཡི།། འབྲས་བུ་ལམ་དུ་གྱུར་པ་ཡིན།། རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ།། འདི་ལས་གསང་བའི་ངེས་དོན ་མེད།། བརྩལ་ཀྱང་རྒྱལ་བས་མི་བསྙེས་སོ།། ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག། ཐོས་བསམ་བསྒོམས་ལ་རབ་སྦྱངས་ཤིང་།། ཤེས་རབ་དམིགས་ལྡན་རྣམས་ཀྱིས ་ཟུང་།། སྣོད་ལྡན་དང་ནི་ཚུལ་བཟང་ལ་བསྟན།། ལུས་དང་ལོངས་སྤྱོད་སྟོང་ལ་སྦྱིན།། གཞན་དུ་ནམས་ཀྱང་སྦྱིན་མི་བྱ།། རྨོངས་ལ་འབྱོར་པས་གལ་ཏེ་སྦྱིན།། དུས་མིན ་བར་ནི་སྲོག་ཟད་ནས།། སྲེགས་དང་སྒྲིབས་ཡུན་རིང་གནས།། ཞེས་དེ་བཞིན་གཤེགས་པ་ཉིད།། དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ།། ། གསང་བའི་སྙིང ་པོ་དེ་ཁོ་ན་ཉིད་ངེས་པ་ལས།། ཤིན་ཏུ་གསང་བའི་མན་ངག་གི་ལེའུ་སྟེ། བཅུ་གསུམ་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་དཀྱིལ ་འཁོར་ལ་དགེས་པ་ཆེན་པོའི་གླུ་བླངས་སོ།། ཨོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི།། ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ།། བསོད་ནམས་དཀྱིལ་འཁོར་སྐྲ་ཡི་ཚོགས། ་སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོ།། ཨོཾ་རྡོ་རྗེ་བསོད་རྣམས་ཐིག་ལེ་ཆེ། རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། རྡོ་རྗེ་ནྡན་མཐའ་ཡས་ལ།། རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོ། ་ཨོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེན།། ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས།། ཡེ་ནས་ལྷན་རྫོགས་ཀུན་ཏུ་བཟང་།། འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོ།། ཨོཾ་མི ་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས།། མཐའ་ཡས་ཀུན་ཏུ་སྣ་ཚོགས་འཕྲོ།། མཐའ་ཡས་ཀུནྡས་ལྷུན་གྱིས་ཐིམ།། སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོ།། ་ཨོཾ་ཕྱོགས་བཅུའི་འཇིག་རྟེན་རྡུལ་སྙེད་དུ།། རྒྱལ་པོའི་དོན་རྣམས་རྡུལ་ཕྲན་རྙེད།། སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱི།། སྐད་ཅིག་ཉིད་ལ་ལྷུན་གྱིས་གྲུབ་ཧོ།། ཨོཾ་ཐམས ་ཅད་མ་ལུས་སྐུ་གསུང་ཐུགས།། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ།། སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ།། སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོ།། ཞེས་ཆེད་དུ་བསྒྲག ་བསང་བ་སྙིང#སོ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། མཉེས་པའི་ལེའུ་སྟེ། བཅུ་བཞི་པའོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་བདག་པོ།། སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱིས།། ཁྲོ་བོའི་དཀྱིལ་འཁོར་ཏུ་མངོན་པར་འདུ་བ་མཛད་དེ།། དེ་ཅིའི་ཕྱིར་ཞེ་ན།། བདག་ཏུ་རྨོངས་རྟོག་པ་དང་། ་རྟགས་པ་ལ་མངོན་པར་ཞེན་པ་དང་།། ཡང་དག་པའི་ལམ་དང་འབྲལ་བ་དག། གབ་པའི་གསང་བ་ནི་མ་རྟོགས་པར།། རྒས་པའི་གསང་བ་ལ་མངོན་པར་འཆེལ་ནས།། ་རྒྱུད་དང་འབྲས་བུ་ལ་རྨོངས་པས།། སྲིད་པའི་ས་བོན་སྒྲུབ་མོས་འཕངས་ནས།། མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ།། དེ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག ་བོས་གདུངས་པ་དང་།། འདི་བས་ཤིན་ཏུ་ཡང་དྲང་ཅི་མོ་རུང་སྙམ་པའི་མོད་ལ། རབ་ཏུ་སྒྲིབས་པ་དང་།། པད་མ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གི་རབ་ཏུ་ཉན་ནས།། ་དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་བརྒྱད་དང་།། ཤིན་ཏུ་གྲངས་པ་ལ་སོགས་པ་དག་ཏུ། འཇིག་རྟེན་གྱི་ཁམས་རྒྱུད་ཅིང་བསྐལ་པ་སྟོང་ཕྲག་བཅུ་གཉིས་སུ ་མྱོང་ངོ་།། དེ་ནམ་རྣམ་པར་སྨིན་པ་དེ་ཟད་པ་དང་།། ཡི་དགས་ལྟོགས་པ་དང་།། སྐོམ་པའི་སྡུག་བསྔལ་གྱིས་ཉན་པ་དང་།། འདོད་པའི་དངོས་པོ་རྣམས་ཡིད་དུ་མི་འོངས ་བ་དང་གདུག་ཅིང་རྩུབ་པའི་དངོས་སྣ་ཚོགས་སུ་འགྱུར་བ་དང་། ཡོང་མེད་པར་ཡང་འགྱུར་ཞིང་།། ཤིན་ཏུ་རིད་ཅིང་སྐམས་པ་དང་།། ལུ་དྲུང་ཡན་ལག་དང་དབང་པོ་མི་འཚམས ་པར་སྦྱར་བ།། སྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ།། དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོས་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་།། སྔོན་གྱི་སྲིད་པས་མཚམས་སྦྱར་ནས།། ་ཡི་དགས་སྲིན་པོ་ཆེན་པོ་རབ་ཏུ་འདུག་པ་གཏུམ་པོ།། ལུས་གཅིག་ལ་མགོ་བརྒྱ་པ་དང་། མགོ་སྣ་ཚོགས་པ་དང་། ལུས་བརྒྱ་མགོ་ཅིག་པ་དང་། ལུས་སྣ་ཚོགས་པ་དང་། ་ཡན་ལག་སྣ་ཚོགས་པ་དང་། ཡན་ལག་མང་པོ་དང་། ཡན་ལག་སྣ་ཚོགས་པ་དང་། སྡུག་པའི་ལག་ཆ་སྣ་ཚོགས་ཐོགས་པ། འཁོར་རབ་ཏུ་མང་པོ་དང་། འཇིགས ་བའི་གཟུགས་སྣ་ཚོགས་པ་དང་། འཇིགས་པའི་ང་རོ་སྒྲ་སྣ་ཚོགས་སྒྲོགས་པ། གཟུགས་དང་། རོ་དང་། དྲི་དང་། ཁ་རླངས་ཀྱིས་ཐམས་ཅད་སྐྱི་བུང་ཞེས་བྱེད་པ། ་བསང་བ@#དང་རྫརབ་ཏུ་འཇིགས་པའི་རླུང་གནག་པ་དང་གྲང་པ་དང་།། ཚ་བའི་དབུགས་ཀྱིས། ཕྱོགས་ཀུན་ཏུ་ཁམས་འཁྲུག་པར་བྱེད་པ། ནད ་བཞི་བཞི་བརྒྱ་རྩ་བཞིས་འདེབས་པར་བྱེད་པ་དང་། མྱོས་ཞིང་ཉམས་པར་བྱེད་པའི་མཐུས། ཀླུའི་རིས་དང་། ལྷ་མ་ཡིན་གྱི་རིས་དང་། ལྷའི་རིས་དང་། ཚངས་པའི་རིས ་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་མན་ཆད་དབང་དུ་བསྡུས་སོ།། དེ་སྔོན་པའི་སྟེན་པའི་སྟོབས་ཐམས་ཅད་མཁྱེན་པས་གཟིགས་ནས། ཐུགས ་རྗེ་འདུལ་བར་གྱུར་ཏོ།། དེ་ནས་དེ་བཞིན་གཤེགས་པ་ཆེ་བའི་རྡོ་རྗེ་བཀོད་པའི་རྒྱུ་འཕྲུལ་དྲ་བ་ལས། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ།། ་འབུལ་བའི་ང་རྒྱལ་ཆེན་པོའི་གཟི་བརྗིད་སྟོན་པའི་ཕྱིར།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་བདག་གོ།། བཅོམ་ལྡན་འདས་དགྱེས ་བ་ཆེན་པོ། ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་ཆེན་པོ་རྣམ་པར་འགྲོ་བའི་སྒྱུ་འཕྲུལ་དྲ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ནས། ་ཁྲོ་མོ་དབང་ཕྱུག་མ་མངོན་དུ་ཕྱུང་སྟེ། ཧི་ཧི་དགེས་པའི་གཟི་མདངས་ཀྱིས། པད་མ་རྒྱས་པར་མཛད་ནས།། གཉིས་སུ་མེད་པའི་འཁྲིལ་བའི་དགེས་པས་ཐིམ་ན། ་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། ཧཱུཾ་ཧཱུཾ་ཧཱུཾ་བི་ཤ་བཛྲ་ཀྲོ་ཏ་ཛྭ་ལ་མནད་ལ། ཕཊ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ། ཧཱུཾ་ཧཱུཾ་ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས ་བཅུ་མཐའ་ཡས་པར་ཁྱབ་ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས།། སྟོང་གསུམ་གྱི་སྟོང་འཇིག་རྟེན་གྱི་ཁམས་ཙམ་ཕྱོགས་བཅུའི་རྡུལ་ཕྲ་མོ་རྙེད་འཐོན་པར་གྱུར་པས། ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས། ཀུན་ཏུ་གཡོས། ཤུར་འུར། རབ་ཏུ་འུར་འུར་རོ།། ཆེམ་ཆེམ། རབ་ཏུ་ཆེམ་ཆེམ་མོ།། ཤིག ་ཤིག། རབ་ཏུ་ཤིག། གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་ཏུ་གཏོར་གཏོར། འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ཐམས་ཅད་ན་གནས་པའི་དབང་ཆེན་པ ་དང་། གཟི་བརྗིད་ཆེ་བ་དང་། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་ཐམས་ཅད་བརྒྱལ་རབ་ཏུ་རྒྱལ་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་ཉིད། ་གས་སྙིང#འཇིག་བྱེད་ཆེན་པོ་ཤིན་ཏུ་རྔམ་པའི་སྤྱི་བུང་ཞེས་བྱེད་པའི་འབར་བ་ཆེན་པོའི་ཁྲག་འཐུང་སྐུ་སྨུག་ནག་གཅིར་ཡང་འགྱུར་བ། དབུ་དང་ཕྱག ་ཞབས་སྟོང་ཁམས་ཀྱིས་རྡུལ་རྙེད་མཚོན་ཆ་སྣ་ཚོག་འཛིན་པ་དེ། དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས། ཁྲག་གི་རྒྱ་མཚོའི ་དཀྱིལ་ན། ཀེང་རུས་ཆེན་པོ་རི་རབ་ཀྱི་སྟེང་། འབར་བ་ཆེན་པོའི་གློང་གིས་འཁོར་ལོའི་དཀྱིལ་ན། དབང་ཕྱུག་ཆེན་པོ་དང་། དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཆེན་པོ་ཁྱོ ་ཤུག་གི་གཏན་ལ་བརྐྱང་བཀུམ་ཏུ་བཞུགས་སོ།། ཁྲོ་བོའི་དཀྱིལ་འཁོར་གྱི་སྤྲིན་དཔུང་དེ་དག་ཀྱང་ལ་ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ། ཤར་ཕྱོགས་སུ ་བཞུགས་སོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ། ལྷོ་ཕྱོགས་སུ་བཞུགས་སོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པད་མ་ཆེན་པོར་གྱུར་ཏེ། ་ནུབ་ཕྱོགས་སུ་བཞུགས་སོ།། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་གྱུར་ཏེ། བྱང་ཕྱོགས་སུ་བཞུགས་སོ།། དེ་དག་ཀུན་ཀྱང་འཇིག་བྱེད་ཆེན་པོའི་མ་ལུགས ་དང་རྔམ་པའི་རོ་དང་། འབར་བའི་རློང་ན་དབུ་གསུམ། ཕྱག་དྲུག་ཞབས་བཞིས། དྲི་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་གི ་གདན་བྱས་པ་ལ་བཞུགས་སོ།། བཙུན་མོ་ཁྲག་འཐུང་ཆེན་མོའི་ཚོགས་རྣམས་ཀྱང་།། སོ་སོའི་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ།། དེ་ནས་དྲིགས་པ་ཆེན་པོ ་ལ་སོགས་པ་གཏུམ་པའི་སེམས་ཀྱིས།། གདུག་པའི་བརྫུ་འཕྲུལ་ཆེན་པོ་སྣ་ཚོགས་བསྟན་ནས།། མགྲིན་ཅིག་དུ་འདུག་པའི་ང་རོས། བརླང་པོའི་གདུམ་ཚིག་གིས་སྨྲས ་བཛྲ་ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་བདེ་ལྟར་བྱེད་དམ་ཞེས་འཛེར་ཅིང་། ཤིན་ཏུ་གདུག་པའི་སེམས་ཀྱིས། ཁྲོས་ནས་རྔམ་མོ།། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོས ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་ནས། རྔམ་པའི་སྐད་ཀྱིས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་འཁྲོས་ནས། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཞེས་བརྗོད་པས། ་དབང་ཐུག་ཆེན་པོ་ལ་མོགས་པའི་འདུག་པ་ཆེན་པོའི་ཚོགས་དེ་དག་མི། སྣོང་དྲུབ་བོ་ཀུན་ཕྱུང་། ནང་རོས་ཀུན་དྲངས་ཡན་ལག་ཀུན་ཚོད་བཏུ་བ་ནས།། ཁྲག་ཀུན་འཐུངས། ་རུས་པ་ཀུན་འཆོས་སོ།། དེ་ནས་ཧཱུཾ་ཧཱུཾ་ཧཱུཾ་བྷྱོ། ཨོཾ་ཨ་ར་ལིཛྫཛྙཱ་ཛྙཱ། ཞེས་བརྗོད་པས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར ་ཡུངས་འབྲུ་གཅིག་ཙམ་ཏུ་ཆུད་པར་བསྡུས་སོ།། དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ།། དྲེག་པ་ཆེན་པོ་ལ་སོགས་པའི་ཆུང་མ། འབྱུང་པོ་ཐམས་ཀྱི་རྗེ་མོ་ཡང ་རྗེ་མོ། སྲིན་མོ་ཆེན་མོ།། མི་སྲིན་མོ་དང་། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་མོ་དང་། དམར་མོ་དང་། བདུད་རྩི་མོ་དང་། ་ཞི་བ་མོ་དང་། བེ་ཅོན་མ་དང་། སྲིན་མོ་དང་། ཟ་བ་མོ་དང་། དགའ་བ་མོ་དང་། ར་རོ་ཁྲག་འཐུང་མྱོས་མ་དང་། གཅིག་ཏུ་དཔྱོད་མ་དང་། ཡིད་འཕྲོག་མ་དང་། གྲུབ་མོ ་དང་རྫརླུང་མ་དང་། གསོད་བྱེད་མ་དང་། མི་མོ་དང་། བག་མོ་དང་། རྒན་བྱེད་མོ་དང་། སྣ་ཆང་མོ་དང་། ཆུ་ལྷ་མོ་དང་། ནག་མོ་ཆེན་མོ་དང་། ར་མགོ་དམར་སེར་ཆེན་མོ ་དང་། བུད་སྣ་སྔོ་ནག་ཆེན་མོ་དང་། གསུས་འཛིན་ནག་ཆེན་མོ་ལ་སོགས་པ། བྲན་དང་། ཡང་བྲན་དང་། གཡོག་དང་། ཡང་གཡོག་འཁོར་ཞིང་གི་རྡུལ་སྙེད་ཀྱང་བསྡུ་སོ།། ་དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་འདུལ་བའི་ཐབས་ཀྱིས། ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ནས། དེ་དག་ཀུན་ཀྱང ་དགོས་པར་རོལ་བའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བར་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐྲ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ་།། ཨོཾ་ཧཱུཾ་ཨཾ ་བཛྲ་པྲ་བེ་ཤ་ཨ་ལ་ལ་ལ་ཧོ།། ཞེས་བརྗོད་པས། འབྱུང་པོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས། པད་མའི་དཀྱིལ་འཁོར་བསྡུས་ཅིང་རྒྱས་པར་གྱུར་ནས།། ་དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དགེས་པ་ཆེན་པོ།། དཔལ་ཁྲག་འཐུང་ཆེན་པོ།། རྡོའི་སྐུ་ལ། སྲིན་མེ་ཆེན་མོ་དང་། དམར་མོ་དང་། དགའ་མོ་དང་། ་གསོད་བྱེད་མོ་དང་། ནག་མོ་ཆེན་མོ་དང་། དམར་སེར་ཆེན་མོ་དང་། སྔོ་ནག་ཆེན་མོ་དང་། སེར་ནག་ཆེན་མོ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན ་མོ་སྐུ་ལ། ཚངས་མ་དང་། འཁྲུག་མོ་དང་། དབང་མོ་དང་། འཇུག་སྲེད་མོ་དང་། གཞོན་ནུ་མོ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོའི་སྐ་ལ། ་བདུད་རྩི་མོ་དང་། ཞིབ་མོ་དང་། བེ་ཅོན་མོ་དང་། ཟ་བ་མོ་དང་། སྲིན་མོ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པད་མ་ཆེན ་པོའི་སྐ་ལ། ཁྲག་གིས་མྱོས་མ་དང་། གཅིག་པུ་དཔྱོད་མ་དང་། ཡིད་འཕྲོག་མ་དང་། གྲུ་མོ་དང་། རླུང་མོ་རྣམས་འཁྲིལ་ལོ།། བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོའི ་སྙུན་ཏུ་ལས་ཀྱི་སྐུ་ལ། མེ་མོ་དང་། ཕག་མོ་དང་།། རྒན་བྱེད་མོ་དང་། སྣ་ཆད་མོ་དང་། ཆུ་ལྷ་མོ་རྣམས་འཁྲིལ་ལོ།། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོའི་ཁྲོ་བོའི ་དཀྱིལ་འཁོར་དེ་དག་གིས། ཧཱུཾ་ཞེས་བརྗོད་པས། པད་མའི་དཀྱིལ་འཁོར་གྱི་ཚོགས་རྣམས་བསྡུས་ནས། ཤིན་ཏུ་བཅུམ་པར་གྱུར་ཏོ།། དེ་ནས་དགེས་ཏེ་ཧ་ཞེས་བརྗོད་པས།། ་བྱང་ཆུབ་ཀྱི་སེམས་ཀྱི་སྤྲིན་ལས། དཀར་པོའི་ཚོགས་དང་། རྐུན་མོའི་ཚོགས་དང་། རྨོངས་མོའི་ཚོགས་དང་། ཐལ་བྱེད་མོའི་ཚོགས་དང་། ཟོས་མོའི་ཚོགས་དང་། གཏུམ་མོའི ་ཚོགས་དང་། སྡེས་ཅན་གྱི་ཚོགས་དང་། མ་ཚོགས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་། དེ་མཚར་དུ་ཆས་ནས་མཐོན་ཏོ།། མཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོ ་མཚན་ཤར་ཕྱོགས་ནས། འཁོར་བར་འཇིགས་པའི་གཟུགས་དང་། རང་རང་གི་ལག་ཆ་དང་ཆས་ནས་མཁོད་དོ།། དེ་ནས་ཤིན་ཏུ་དགེས་ཏེ་ཧེ་ཞེས་བརྗོད་པས། སེང་གདོང ་ཆེན་མོའི་ཚོགས་དང་། སྟག་སྡོང་ཆེན་མོའི་ཚོགས་དང་། ཝ་གདོང་ཆེན་མོའི་ཚོགས་དང་། ཁྱི་སྡོང་ཆེན་མོའི་ཚོགས་དང་། དྲེད་གདོང་ཆེན་མོའི་ཚོགས་དང་། རྐང་རྐའི ་གདོང་ཆེན་མོའི་ཚོགས་དང་དུར་བྱའི་གདོང་ཆེན་མོའི་ཚོགས་དང་། འུག་པའི་གདོང་ཆེན་མོའི་ཚོགས་རྣམས་རང་རང་གི་ལག་ཆ་དང་། ངོ་མཚར་དུ་བྱས་ནས་འཐོན་པར་གྱུར་ཏོ།། ་འཐོན་ནས་ཀྱང་འབར་བ་ཆེན་མོའི་འཁོར་ལོའི་ཕྱི་རོལ་ཤར་གྱི་ཕྱོགས་ནས། འཁོར་བར་རྔམ་པའི་མདངས་ཀྱིས་མཁོད་དོ།། དེ་ནས་ཤིན་ཏུ་དགེས་པས་ཕྱོགས་བཅུའི་ཞིང་མ་ལུས ་པར་ཁྱབ་ནས་ཕཊ་ཅེས་བརྗོད་པས། རྡོ་རྗེ་སྲིད་འགྲོ་མའི་ཚོགས་དང་། རྡོ་རྗེ་གདོང་མོ་མོའི་ཚོགས་དང་། རྡོ་རྗེ་འཇིག་རྟེན་མའི་ཚོགས་དང་། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས། ་རང་རང་གི་ལག་ཆ་དང་། ངོ་མཚར་དུ་ཆས་ནས་འཐོན་པར་གྱུར་ཏོ།། འཐོན་ནས་ཀྱང་། འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོར། ཤིན་ཏུ་རྔམ་པའི་གཟུགས་ཀྱིས་གནས་སོ།། ་། དེ་ནས་དགེས་པ་ཆེན་པོའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས་ནས། མ་མོ་ཐམས་ཅད་ཀྱང་རང་རང་གི་གནས ་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་དཔལ་ཁྲག་མཐུང་ཆེན་པོ་དེ་དག་ཀུན། ཐུག་རྗེ་ཆེན་པོ་བདུད་རྩི་འབྱུང་བ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ་།། ཨོཾ་བཛྲ་མ་ཧ་ཨརྨྨི་ཏ་མ་ཧ་ཀྲི་ཏི་ཤྭ་རི་ཨཾ་ཨཾ་ཨཾ་ཞེས་བརྗེད་པས། ་དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད། བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣུམ་ནས་བཏོན་ཏེ། མི་གཙང་བའི་འདམ་གྱིས་རྒྱ་མཚོར་ཆུད་པ་ལས། བསྣམས ་ནས་ཨུ་ཙུས་མ་ཀྲོ་ཏ་ཕྱུང་ནས། འདམ་ཀུན་འཐུངས་ཏེ་དྲན་པ་སླར་རྙེད་ནས། ཁྲོ་བོ་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་དབུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ་འབྲུ་བརྒྱད་བརྒྱ། སྐུ་འབར་བ་ཆེན་པོའི་དཀྱིལ་འཁོར་ན་བཞུགས་པར་མཐོང་ངོ་།། དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི། སྲིད་པ་ཀུན་ཏུ་གྲགས་པའི་དབང ་ཕྱུག་ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་པ་བསམ་གྱིས་མི་ཁྱབ་པས། སོ་སོར་སྣང་བར་དུས་གཅིག་ཏུ་བཏུལ་ལོ།། དེ་ནས་དེ་དག་ཤིན་ཏུ་འདར་ཞིང་། བྲེད་པ་རབ་ཏུ ་ཞུམ་པའི་ང་རོས། འབངས་སུ་འཆི་འབངས་སུ་ནན་ཏན་མ་བགྱིས་ན། མགོ་དང་ལུས་ནི་བརྒྱར་བཤགས་ཤིང་། སྙིང་ཡང་འགས་ཤིང་གཏུབས་གྱུར་ཅིག། རུལ་ཉགས་ཚིག ་ནས་བརླགས་པ་དང་། དམྱལ་བར་ལྟུང་ནས་འདོད་པར་ཤོག་ཅེས། འབངས་སུ་འཆི་བར་མ་ནས་བོར་ནས། དཀྱིལ་འཁོར་གྱི་གདན་དུ་བཞག་གོ། ཐམས་ཅད་ཀྱིས་མགྲིན་གཅིག ་ཏུ་ཡང་སྨྲས་པ། བདག་ཅག་རྣམས་ཀྱིས་མཆིས་འབྲེང་ནས། མ་དང་སྲིང་མོ་བུ་མོ་རྣམས་དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ།། དཔའ་བོ་ལྷ་རྗེ་གཞེས་སུ་གསོལ།། བདག ་ཅག་སོ་སོ་འཁོར་བཅས་ཀྱིས། ཚོགས་ཀྱི་དཀྱིལ་འཁོར་ཆེན་པོ་འདིར། མིང་ཙམ་འཛིན་པར་བྱེད་པ་ཡང་། གཙུག་ནོར་བུ་འབར་བ་ལྟར། གཡོས་སྒྱུ་མེད་ཅིང་གུས་ལྡན་པའི། ་སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡིས། གཙུག་ཏུ་བཞག་སྟེ་བཀུར་བར་བགྱི། དེའི་དགོས་པ་ཅི་ཡང་རུང་། མ་ལུས་རྫོགས་པར་བདག་ཅག་བསྒྲུབ། གལ་ཏེ་དཔའ་བོའི་སྤྱན ་གསང་བ#སྔར་འདིར། སྨྲ་བ་བཞིན་དུ་མ་བསྒྲུབས་ན། བདག་ཅག་རྣམས་ཀྱིས་མགོ་ལུས་སྙིང་། བསྐས་བཏུབས་དུམ་བུར་རུལ་བར་མཆི། ཞེས་སྨྲས་སོ།། ་དེ་ནས་དེ་དག་གི་ཆུང་མིའི་ཚོགས་དང་སྲིང་མོ་དང་།། མ་དང་བུ་མོའི་ཚོགས་ཐམས་ཅད། དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས་ནས། ཐམས་ཅད་མགྲིན་ཅིག་ཏུ་སྨྲས་པ།། ་བདག་ཅག་འཁོར་ཚོགས་ཐམས་ཅད་ཀུན། དཔའ་བོ་ཆེན་པོའི་འབངས་སུ་མཆི། དཔའ་བོ་ཆེན་པོ་བདག་ཅག་རྣམས། ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། ་ཞེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོས། ལག་ཏུ་རྡོ་རྗེ་བྱིན་ནས། མིང་གི་དབང་བསྐུར་ཏེ། དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀོད་དོ།། །། གསང ་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར། སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ། བཅཝོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས ་དགེས་པ་ཆེན་པོས་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག། དམ་ཚིག་གིས་བསྒྲུབ་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པའི། ཁྲོ་བོ་ཁྲག་འཐུང་ཆེན་པོས་བཙུན་མ་དང་བཅས ་པའི་ཆོ་ག་དེ་དག་གིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་རྔམ་པ་ལས། གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ་།། ཨོཾ་སརྦ་ཏ་ཐཱ་གྷ་ཏོ་མ་ཧ་ཤྲི་ཧེ་རུ་ཀ། མ་ཧ་ཙན་དྷ་སརྦ་དུསཥྚ ་ན། དྷ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མ་ཧ་ཤྲི་ཧེ་རུ་ཀ། མ་ཧཱ་ཙན་དྷ་སརྦ་དུ་ཏ་ན། དྷ་ཀ་ཧ་ན་ད་ཧ་བ་ཙ་ཧཱུཾ་ཧཱུཾ་ཧཱུ~ཾ་ཕཊ། ཨོཾ་རད་ན་མ་ཧཱ་ཤྲི་ཧེ་རུ་ཀ། མ་ཧཱ་ཙན་དྷ་སརྦ་དུཥྚཱ་ན། དྷ་ཀ་ཧ་ན ་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པད་མ་མ་ཧཱ་ཤྲི་ཧེ་རུ་ཀ། མ་ཧ་ཙན་དྷ་སརྦ་དུཥྚཱ་ན། དྷ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀརྨ་མ་ཧ་ཤྲི་ཧེ་རུ་ཀ། མ་ཧ་ཙན་དྷ་སརྦ་དུཥྚཱ་ན། ཏྟ་ཀ་ཧ་ན་ད་ཧ་བཙ ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་གྷ་ཏ་མ་ཧཱ་ཀྲོ་ཏི་ཤྭ་རི་སརྦ་དུཥྚཱ་ན་ཧཱུཾ་ཕཊ། ཨོཾ་མ་ཧཱ་བཛྲ་དྷ་ར་མ་ཧཱ་ཀྲོ་ཏི་ཤྭ་རི་ཛ་ལོ་ནི་ཧཱུཾ་ཕཊ། ཨོཾ་མ་ཧཾ་སུ་རྱ་ར་ད་ན་མ་ཧ་ཀྲོ་ཏི་ཤྭ་རི་བྷི་ཏ་མ་ཧཱུཾ་ཕཊ། ཨོཾ་ཧྲི་ཤཱ ་ཏེ་ས་མ་ན་ཧ་བད་མ་མ་ཧ་ཀྲི་ཏི་ཤྭ་རི་ཁ་ཧི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་ཀ་མ་ཧ་ཀྲོ་ཏི་ཤྭ་རི་བྷི་ཤ་ཧཱུཾ་ཕཊ། བཛྲ་ཀེ་འུ་རི་ཧ། བཛྲ་ཙེ་རུ་རི་ཧ། བཛྲ་པྲ་མོ་ཧཱ། བཛྲ་པེ་ཏ་ལི་ཧ། བཛྲ་ཙན་དྷ་ལི་ཧ། ་བཛྲ་པུ་ཀ་སི་ཧ། བཛྲ་ཀསྨ་རི་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་སིང་ང་མུ་ཁ་ཧེ། བཛྲ་བྱཀྲི་མུ་ཁ་ཧེ། བཛྲ་ཤྲི་ལ་མུ་ཁ་ཧེ། བཛྲ་ཤོ་ན་མུ་ཁ་ཧེ། བཛྲ་ཀྲོ་ཏ་མུ་ཁ་ཧེ། བཛྲ་ཀི་ཀ་མ་ཁ་ཧེ། བཛྲ ་གསང་། ཁ་ཥ་མྲ་ཥཧྱེ། བཛྲ་ཧྭཱ་མུ་མུ་ཥཏེ། བཛྲ་ཨརྱ་ཏེཿ་ཏེད་ཛ། བཛྲ་ཨ་ཊ་ཀ་ཧཱུཾ། འཇ་ལོག་ཝཾ། འཇུབ་སློབ་ལ་བཅོ། བྷཱུརྫྫབྷཱུགྷྣཱནྡྷརྡྷརྨྨ་བྷྱ ་བྷྱོབྷྲྀ་བྷྱཱཾཌྷྭེ་དྷྱཱབྷྱཱཾབྡྷབྡྷརྞྞཌྷཱ་གྷྲྀབྷྱོདྦྷབྷཱུ་བྷྱོ་བྷྱཱཾ་བྷྱོ་བྷྲྀ། རཱུ་ལུ་རུ་ལུ་རུ་ལུ་ཧཱུཾ། ཨ་ཧ་ཧི་བ་ག་བན་ཨ་ན་ཡ་ཛ་ཧཱུཾ་བི་ཧོ།། རཾ། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཧཱུཾ། ཨོཾ་ལྀ་ཁྲྀ་ལ་ཁྲོས་པཉྩི་མཛད ་བ། ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། འབར་བའི་བྱིན་བརླབས་རྨོད་པོ་ཆེ། དེ་ཉིད་དུ་ནི་བདག་ལ་རྩོལ། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་སྟོམ། ཨོཾ་བཛྲ་ཀྲོ་ཏ་ས་མ་ཡ་ཕཊ། ཨོཾ་བཛྲ ་ཀྲོ་ཏ་ས་མ་ཡ་ཧོ། ཨི་ལི་ཨུ་ལི་ཏ་ལ་ཏ་པ་ཏི་ད~ཾ་སྟཽ། གོ་འུ་རོའུ་ཏྲི་ཁ་རཾ་ཡོ་གི་ན། ཁ་ཧི་ཧོ། ཧཱུཾ་ཧ་ཧེ་ཕཊ། ཅེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད། ་ཚིག་རབ་ཏུ་ཚིག། ཀུན་ཏུ་ཚིག་གོ། འབར་རབ་ཏུ་འབར། ཀུན་ཏུ་འབར་རོ།། ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས། གང་རབ་ཏུ་གང་། ཀུན་ཏུ་གང་བར ་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། ཁྲོ་བོའི་ཚོགས་ཆེན་པོའི་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ། ་བཅུ་དྲུག་པའོ།། ། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར། ་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ། འབར་བའི་འཁོར་ལོ་རྩིབས་བཞི་པ།། གྲུ་ཆད་བཞིས་ནི་རྣམ་པར་བརྒྱན།། གྲུ་བཞི་གོ་ཁྱུད་བཞི་དང་ལྡན།། འབར་བའི ་བར་ཁྱམས་གཉིས་ཀྱིས་མཛེས། ཐོད་སྦྲུལ་སྣ་ཚོགས་ཉི་མས་བརྗིད།། འབར་བའི་ཕྲེང་བ་མང་པོས་འཁྲུགས།། ཁྱུད་མཆོག་མ་ཧེ་གཟིག་དང་སྡུག ་གཏུམ་པ་དོམ་གྱིས་སྦར་བས་ན།། དབང་ཕྱུགས་ལྷ་ཆེན་ལ་སོགས་པ་གཟུང་། སྨུག་ནག་སྔོ་ནག་སེར་ནག་དང་།། དམར་ནག་ལྗང་ནག་འཇིགས་པའི་སྐུ། ་དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད།། ཀོ་རློན་གོས་ནི་སྣ་ཆོག་གོན།། རྔམས་པའི་སྒྲ་ཆེན་འཇིགས་པར་སྒྲོགས།། སྦྲུལ་དང་ཐོད་ཕྲེང་ཉི་མས་ཆས།། སྐྱོང ་གི་འཇིག་རྟེན་འཁོར་ལུག་བཅས། རྡོ་རྗེ་དུང་ཆེན་གང་བ་དང་།། རལ་གྲི་དགྲ་སྟག་ཤོལ་མདའ་སོགས། རང་གི་ལག་མ་སྣ་ཚོགས་རྣམ། བཙུན་མོའི་འཇིགས་པའི་ཚོགས་དང་འཁྲིལ། ་གནས་དང་ཡུལ་གྱི་ཕྱག་རྒྱ་དང་། སྒོ་བཞིའི་ཕྱག་རྒྱ་རབ་མཛེས་ཤིང་། སྲས་དང་བྱི་མོ་ཆོག་ཀྱི་གཙོ།། བཅུ་གཉིས་དང་ནི་བརྒྱད ་ཀྱིས་མཛེས། རང་གི་སྟན་དང་ལག་ཆ་དང་། ཅི་བགྱི་ཞེས་ནི་ཆས་ཏེ་གནས། ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ། འབར་དཀྱིལ་འཁོར་གྱིས ་ཀུན་ཏུ་གསལ་བར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ། བཅུ་བདུན་པའོ།། །། དེ། ས་བཅོམ་ལྡན ་དགེས་པ་ཆེན་པོ་མཉེས་པའི་མཆོད་སྦྱིན་ཆེན་པོ་འདི་ཆེད་དུ་བརྗོད་དོ།། དེ་ལ་མཆོད་སྦྱིན་དམ་པ་ནི།། ཐོག་མར་བདག་ཉིད་རྟོགས་སྒོམ་བསྒྲལ།། དེ་ནས་གཉིས་མེད་བློ་ཡིས་ནི། ་བློ་ངན་འཇིག་རྟེན་སྙིང་རེ་རྗེ།། གཉིསུ་མེད་པར་བསྒྲལ་བར་བྱ། འཁྲིལ་བའི་མཆོད་ཅེན་མཉམ་སྦར་བས།། བདག་ཉིད་མཉེས་པས་མཉེས་པར་བྱ།། མཉམ་པའི་གྲཝ་རྫས་ཆེན་པོ ་དག། བདག་དང་མཉམ་པའི་ཚོགས་ལ་དབུལ།། བཟའ་དང་བཅའ་དང་བཏུང་དང་འགོ།། ལེ་དེ་སྐྱེད་ལྔ་ལྡན་ཐམས་ཅད་ནི།། དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཟེ་མོ།། ཕྱོགས ་བཅུ་དུས་བཞིར་གཤེགས་པའི།། བདེར་གཤེགས་ཡོན་ཏན་སྨད་པོ་ཆེ།། གཞན་ན་ཡོད་པ་མ་ཡིན་ཏེ།། ལྷ་སྲིན་སོགས་པ་སྨོས་ཅི་དགོས།། རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། ་ཕྱག་རྒྱ་ཆེན་པོར་རྫོགས་འགྱུར་ཞིང་། གསལ་བའི་ཡིད་གཉིས་མེད་པས་ན།། དཀྱིལ་འཁོར་ཆེན་པོར་འབར་བར་འགྱུར།། ཞེས་བརྗོད་པས། མཉེས་པའི་མཆོད་པ་ཆེན་པོས། ་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ། བཅཝོ་བརྒྱད་པའོ།། ་དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་ཆེད་དུ་བརྗོད་དོ།། བླ་མེད་ཐེག་པར་རབ་ངེས་ནས།། ཉོན་མོངས་ལས་རྣམས་ཀུན་སྐད་ཀྱང་། ་བྱས་ལ་མི་སོགས་འགྱུར་བ་ཏེ།། ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚེགས།། བླ་མེད་མཆོག་གི་དམ་ཚིག་ཏུ།། འདུལ་བའི་དབང་གིས་ཚུལ་ཁྲིམས་དང་།། ཇི་སྙེད་སྡོམ་པ་བསམ་ཡས་པ། ་མ་ལུས་ཀུན་འདས་རྣམ་པར་དག། ཡོད་མེད་དབུ་མ་མི་དམིགས་ཤིང་།། སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ།། སྲོག་མེད་སྲོག་ཀྱང་བཅད་དུ་མེད།། སྲོག་དང་སྐྱེས་བུའི་ལོག་རྟོག་ཙམ།། བདེན་པ ་གཉིས་གར་དབྱེར་མེད་པས།། འཕྲུལ་དགའི་ཚུལ་དེ་ཐ་དད་མིན།། གཞན་དང་མ་ཡིན་མེད་པའི་ཕྱིར།། བླངས་མེད་ཟད་ཉིད་ཀྱི་དབྱིངས།། ་ཆོས་རྣམས་སྒྱུ་མ་ལྟ་བ་དང་།། མིང་དང་ཚིག་ཏུ་བཏགས་ལ་བརྫུན།། བརྫུན་ཉིད་ལ་ནི་བརྫུན་སྲེད་པ།། བརྫུན་ཞེས་བཏགས་ཙམ་ཡོད་པ་ཡིན།། མ་ཆགས་པ་ལ་ཆགས་པ་དང་། ་ཆགས་པ་ཉིད་ནས་ཆགས་མེད་པ།། དེ་ནི་ཚངས་མཆོག་རྒྱལ་པོ་སྟེ།། ཤིན་ཏུ་ཆགས་པ་ཆེན་པོ་ཡིན།། བླ་མེད་མི་ཡང་བླ་མ་བཀུར། སྔགས་དང་ཕྱག་རྒྱ་རྒྱུན་མི་བཅད།། ཡང་དག་ལཾ་དུ་གག ་ལ་བྱམས།། གསང་བའི་དོན་ཕྱིར་སྨྲ་མི་བྱ།། འདི་ནི་རྩ་བ་ལྔ་རྣམས་སྟེ།། བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག། གཏི་མུག་ཆགས་དང་ཞེ་སྡང་དང་།། ང་རྒྱལ་ཕྲ་དོག་མི་སྤང་ངོ་།། དཀར་རྩི་དཔར ་རྫི་དྲིན་ཆེན།། དག་པའི་སྣོད་བཅུད་མོམི་དོར་རོ།། ཡན་ལག་བཅུ་འདམ་ཚིག་སྟེ།། ཡེ་ནས་དག་མཉམ་རྟོགས་པས་སྤྲད།། བསྲུང་ཞིང་གྲུབ་པའི་དམ་ཚིག་ལྔ།། རྩ་བ་ཡིན་ཏེ་རིགས་མེད་འགྱུར། ་མི་སྤང་མི་འདོར་ལྔ་གཉིས་ནི།། ཡན་ལག་དམ་ཚིག་མདའ་རྒ་བའོ།། མཉམ་པ་མཉམ་པར་སྦྱོར་བའི།། མཉམ་པའི་དམ་ཚིག་འདི་ལ་གནས་ན།། མཉམ་རྫོགས་ཆེན་པོ་ཐོབ་པར་འགྱུར།། འདས་ན་སངས་རྒྱས ་མ་ཡིན་ནོ།། རྩ་བ་ཉམས་པའི་ཕྱལ་བ་དག། གསོལ་ཉེ་བར་མི་བཅཝོ་དང་།། སྐད་ཅིག་ཡུད་ཙམ་སྨྲ་མི་བྱ།། ཉམས་འགྱུར་ཉེས་པ་བརྗོད་མི་ལང་། རྩ་བའི་དམ་ཚིག་ཉམས་འགྱུར་ན། ་བསྒྲུབ་པ་ཐམས་ཅད་ལོག་པར་འགྱུར།། ཡིད་དུ་མི་འོང་སྣ་ཚོགས་པའི།། འབྲས་བུ་མི་འདོད་བཞིན་དུ་འདྲ།། ཡན་ལག་དམ་ཚིག་ཉམ་འགྱུར་ན།། འབྲས་བུ་མེད་ཅིང་ངན་སོང་ལྷུང་།། དམ་ཚིག ་རྣམ་ནི་རྡོ་རྗེ་ཆེ།། སངས་རྒྱས་ཀུན་གྱི་བདག་ཉིད་ཡིན།། རྩ་བའི་དམ་ཚིག་ལྔ་ལ་ནི།། གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ།། ཡན་ལག་དམ་ཚིག་ལྔ་ཉིད་ལ།། གཅིག་ལའང་བཅུ་ཕྲག ་གཉིས་སུ་དབྱེ།། དམ་ཚིག་འདི་ནི་རྨེད་པོ་ཆེ།། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན།། སྲིད་གསུམ་འགྲོ་བ་བྱི་སྙེད་པའི།། རྟག་འདུལ་དམ་ཚིག་དེ་སྙེད་སྤྲོ།། གཞན་ཡང་རྒྱལ་མཆོག་ཀུན་བཟང་གི། ་ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། བསྒྲུབས་མེད་དམ་པ་མ་ལུས་འགྲུབ།། དེ་ལ་སོགས་པ་མཐའ་ཡས་མཆོག། རྒྱལ་པོའི་རིག་མཆོག་འཛིན་པ་དེ།། འཇིག་རྟེན་གཙེ་དང་འཁོར་གྱིས་བཀུར། ་དབཔ་མཆོག་དང་དམ་པ་ཡིས།། སྲས་དང་སྤུན་དགོངས་བྱིན་གྱིས་བརློབ།། བདེ་གཤེགས་ཉིད་ཀྱི་ཡུལ་ལ་བཞུགས།། འཇིག་མེད་ཀུན་ཏུ་བཟང་པོར་སྤོར་།། ཇི་བཞིན་ཉིད་དང་འདུལ་བའི་ཐབས།། ་ཇི་སྙེད་སྡོམ་པ་བསམ་ཡས་པ།། མ་ལུས་རྣམ་དག་ལྷུན་གྱི་གྲུབ།། ཉམ་ན་བསྙུངས་པས་རྫོགས་པ་དང་།། དེ་ལ་སོགས་པ་མཐའ་ཡལ་རོག། ཞེས་བརྗོད་པས། ་དེ་བཞིན་གཤེགས་པ་ཉིད།། དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་འགྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ལྔས། དམ་ཚིག་གི་ལེའུ་སྟེ། བཅུ་དགུ་པའོ།། ། དེ་བཞིན་གཤེགས་པ་བཅོམ ་ལྡན་འདས་དགེས་པ་པ་ཆེན་པོ་ལྡན་གྱིས་གྲུབ་པའོ།། དམ་ཚིག་བྱིན་གྱིས་བརློབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ།། ཨེའི་ཚོགས་ཀྱི་དཀྱིལ་འཁོར ་མཆོག། འབར་བ་གཏུམ་ཆེན་རྔམ་པ་ལ།། ཁྲོས་པའི་ཡིད་ཀྱིས་མཆོད་སྨིན་བྱ།། སངས་རྒྱས་བསོད་ནམས་སྐུ་ཡང་འཇིག། བདུད་རྩི་ལྔ་འམ་ཟས་ལྔ་ལ།། མཚན་མའི་མིང་དུ་བཅས་པར་བྱ།། ་བཀུག་ནས་རྡོ་རྗེ་ཕུར་པས་གདབ།། རྡལ་དུ་བྱས་ལ་ཚོགས་ལ་དབུལ།། ཨེའི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུག་རྒྱུད་དུ་སྦྲེལ་བ་སྡམས་ན།། བཅིངས་འགྱུར་བསྐོད་ན་ཕྱོགས་བཅུར་གཡོ།། མྱོས་ནས་གལ ་ག་པ་ཕྲུལ། ཟིན་ཀྱི་མི་སུ་ག་འ་ན་ཤེག་གས་པ་ཀྱི་སྐྱེ་།། གསུས་མ་སུ་སྲོ་ཀྱི་སྔལ་ལས་རྫག། ་མཚན་མའི་མིང་དུ་བཅས་པར་བྱ།། རྡོ་རྗེ་ཆགས་པའི་བུར་པས་གདབ།། ཆགས་པའི་ཚོགས་ལས་ཐིབ་པར་དབུལ།། བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས།། འགུག་འགྱུར ་རྡོ་རྗེ་ཕྱི་བཞིན་འབྲངས།། ཅི་འདོད་དེ་བཞིན་འོང་བར་འགྱུར།། མའི་ཚོགས་ཀྱི་དཀྱིལ་འཁོར་མཆོག། འབར་བ་འདུ་འཕྲོ་གཟི་ཆེན་ལ། དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ།། ཡོན་ཏན་ན་མཁའི་མཁའ ་དང་མཉམ།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། ཡོན་ཏན་ཡིད་བཞིན་གཏེརུ་ཏ་བརྟགས།། ང་རྒྱལ་དགའ་འཕྲོའི་ཕུར་པ་ས་གདབས།། རྡོ་རྗེ་གཟི་བརྗིད་འཕེལ་བར་འགྱུར།། མིའི་ཚོགས་ཀྱི ་དཀྱིལ་འཁོར་ཏུ། ལུ་གུ་རྒྱད་ཏུ་སྦྲེལ་བསྡམས་བསྐྱོད།། གཟི་བརྗིད་འབར་བའི་འཕྲུལ་ཆེན་སྤྲོ།། ཡིད་བཞིན་ན་མཁའ་གང་བར་འགྱུར།། ཡའི་ཚོགས་ཀྱི་དཀྱིལ་འཁོར་ཏུ།། གསལ་བའི ་གཟི་བརྗིད་མཚེར་བ་ལ།། དང་བའི་ཡིད་ཀྱི་མཆོད་སྦྱིན་པ།། གཏུམ་ཆེན་ང་མོ་འང་ལྷན་ནེར་འགྱུར།། བདུད་རྩི་ལྔ་འམ་ཟས་ལྔ་ལ།། གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག། ལྷ་ནི་གསལ་བའི ་པུར་བས་གདབ།། འབར་བ་ལྷན་ནེའི་ཚོགས་ལ་དབུལ།། ཡའི་ཚོགས་ཀྱི་དཀྱིལ་འཁོར་དུ།། ལུ་གུ་བརྒྱད་ད་ང་སྒྲིལ་ནས་བསྡམས།། འབར་བ་ལྔ་ནེའི་བྱིན་གྱིས་ཁྱབ།། ཐམས་ཅད་གཡོ་བ་མེད་པར་འགྱུར ་@སླས་དང་བྱི་མོ་བྲན་མོའི་ཚོགས།། ལྷག་མའི་མཆོད་སྲིན་འདོད་པ་བཞིན།། རང་གི་དམ་ཚིག་རབ་བསྒྲགས་ནས།། གང་འདོད་ལས་དེ་བྱེད་པར་བགོ།། སྔོན་རྗེ་དཔལ་ཆེན ་ཧེ་རུ་ཀ། ཤིན་ཏུ་གདུག་ཅིང་གཏུམ་བག་ཅན།། ཐམས་ཅད་མ་ལུས་འདུལ་མཛོད་པའི།། དབང་དང་བྱིན་བརླབས་སྨད་པོ་ཆེ།། ལྷ་ཆེན་ལ་སོགས་དབང་བསྡུས་ནས།། འཁོར་རྣམས་དབང ་ཕྱག་སླས་སུ་བྱས།། སོ་སོའི་ལས་རྣམས་བསྐོས་པ་དེ།། ཇི་ལྟར་དམ་བཅས་ཁས་བླངས་པའི།། མཐོགས་མྱུར་དུ་མངོན་པར་ཕྱུང་།། དམ་བཅས་བཞིན་དུ་མི་བྱས་ན།། ཇི་ལྟར་རང་གི་གནས ་བོར་བའི།། བསྡམ་བཅེས་དེ་ལ་མདའ་མ་བྱེད།། དམ་ཚིག་དེ་ལས་འདས་གྱུར་ན།། མགོ་ལུས་སྙིང་ཡང་ཚལ་བ་བདུན།། ཤ་ཡང་ཁྲོ་བོས་གཏུབས་པར་འགྱུར།། དེ་བས་རྣལ་འབྱོར་སྡུག ་འཆང་གིས།། ཇི་ལྟར་བཅོལ་བ་བཞིན་དུ་བྱོས།། ལས་དེ་མངོན་ཏུ་མ་བྱས་ན།། རང་གིས་མནས་པར་ཁས་བླངས་བཞིན།། རུལ་མྱགས་ཚིགས་ནས་དམྱལ་བར་འགྲོ།། རྣལ་འབྱོར་དམ་ལས་འགྱུར་བའི། ་ལས་རྣམས་ཡོངས་སུ་བྱ་བ་དང་།། འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོངས།། པྲ་མནམའང་དངོས་གྲུབ་ཐོབ།། བཅོལ་བའི་ལས་རྣམས་པངོ་དུ་བྲོས།། ཞེས་བསྒོའོ།། ཁྲོ་བ་བསྒྲུབ་པའི་ལས་ཀྱི ་གཙོ་བོ་ནི་འདི་ཡིན་ནོ།། ཁྲག་འཐུང་ཆེན་པོ་ལ་སོགས་པའི།། བྲོ་གར་གླུའ་ཚིག་ཆེན་པོའི་ནི།། ཐམས་ཅད་ཐམས་ཅད་ཅི་འདོད་པར།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། མཛོད་ལྡན་ཆེན་པོ་ལ་སོག ་བའི།། བྲོ་གར་གྲཝ་ཚིག་ཆེན་པོས་ནི།། འདུ་བར་འདོད་ན་འདུ་བར་བྱེད།། འཕེལ་བར་འདོད་ན་འཕེལ་བར་བྱེད།། སྤོས་མེ་ཆེན་མོ་ལ་སོས་པའི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། ལྷན་ནེར་འདོད་ན་ལྷན་དེར ་བྱེད།། རྨུགས་པར་འདོད་ན་རྨུགས་པར་བྱེད།། སེང་གདོད་ཆེན་པོ་ལ་སོགས་པའི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། ཐམས་ཅད་ཀུན་ལ་ཟ་བར་བྱེད། རྡུལ་བྱ་ཙམ་ཡང་མེད་པར་བྱེད།། གཞད་གདོད་ཆེན་པོ་ལ་སོག ་བའི།། བྲོ་གར་གླུ་ཚིག་ཆེན་མོས་ནི།། ཐམས་ཅད་ཀུན་ལ་འབྱིན་པར་བྱེད།། ཀུན་ལ་རབ་ཏུ་ཉམས་པར་བྱེད།། སླས་དང་བྱི་མེ་བྲན་མོའི་ཚོགས།། བྲོ་གར་གཱ་ཚིག་ཆེན་མོས་ནི།། སྤང་ཅིང་བཅད་པ་བྱས ་པ་སྟེ།། ཐམས་ཅད་ཐམས་ཅད་བྱེད་པ་ཡིན།། ལྗོན་པ་དང་ནི་ལྕུག་ཕྲན་ཚལ།། སྡོང་ཅིག་དང་ནི་མེ་རེག་དང་།། དང་བས་དགའ་བས་ཆགས་པ་དང་།། ཁྲོས་པས་ཀ་ལི་རབ་ཏུ་བྱ།། ཞེས་བརྗོད ་པས།། དེ་བཞིན་གཤེགས་པ་ཉིད་ལ།། དེ་བཞིན་གཤེགས་པ་ཉིད་སྤོང་བར་གྱུར་ཏོ།། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། ལྷུན་གྱི་གྲུབ་པའི་ཕྲིན་ལས།། བྱིན་གྱིས་བསྒོབས ་བ་ཞེས་བྱ་བའི་ལེའུ་སྟེ། ཉི་ཤུ་པའོ།། ། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོ་ཚོགས་ཀྱི་དཀྱིལ་འཁོར་གྱིས།། ཤིན་ཏུ་རྔམ་པའི་མདངས་ཀྱིསགླུ། ་འདི་བླངསོ།། ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར།། འོད་ཟེར་ཉི་མ་འབུམ་གྱི་གཟི།། ཁྲོ་གཉེར་གློག་སྡོང་འགྱུར་བ་བཞིན།། མཆེ་བཟང་ཡག་ཟག་བྱེད་དོ།། ཧཱུཾ་རྔམ་པའི་དརོས་འབྲུག་སྟོང ་ལྡིར།། གཏུམ་ཚོན་རི་རབ་འབུམ་པ་བསྙིལ། སྐད། ཨ་ཨ་ཧ་ལམ་གད་རྒྱངས་ཆེ།། གཡུག་པ་མཐོར་རླུང་གཡེང་བ་ཆེའོ།། ཧཱུཾ་ཁྲོས་པར་ཤེས་རབ་འོད་པོ་ཆེ།། ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ།། ་འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས།། སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེའོ།། ཧཱི་ཁྲོ་བོའི་རྒྱལ་པོ་སྤྲིན་ཆེན་པོ།། ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས།། དཀྱིལ་འཁོར་ཡིད་བཞིན་འབྱུང་བའི ་གཏེར།། སྣ་ཚོགས་ཁྲོས་པའི་ཐིག་ལེ་ཆེ་ཧོ།། བདུད་ཀུན་གྱི་ནི་བདག་ཆེན་པོ།། བདུད་ཀྱི་བདུད་སྟེ་བདུད་འཇོམས།། འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ།། འཇིབས་བྱེད་ཆེན་པོ་ཐག་ལེ་ཙི་གོ། ་ཕྲེག་ཀྱིསྲ་པ་པོ།། རྡོ་རྗེ་སྟེ་བདུད་ཆེན་པོ།། རྡོ་རྗེ་འི་སྟེ་བར་བ་ཆེ།། དེ་རླུང་སྟེ་མཐི་རླུང་སོ།། ཞེས་ཅིདང་བླང་སོ།། གས་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།། ཁྲོ་བོ་ལ་སྟོད་པའི་ལེའུ་རྩེ། ་ཉི་ཤུ་གཅིག་པའོ།། ། དེ་ནས་བཅོམ་ལྡན་འདས་དགེས་པ་ཆེན་པོས།། དེ་བཞིན་གཤེག་པ་ཉིད་ལ།། སྔགས་ཀྱི་རྒྱལ་པོ་བརྟན་པར་བཟུང་བ་འདི་ཆེད་དུ་བརྗོད་དོ།། ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི ་རང་བཞིན་འདི།། དེ་བཞིན་གཤེགས་པའི་ངོ་བོ་ཉིད།། གཟུངས་འཛིན་སྤྲོས་པ་འཕེལ་བ་ཡིས།། རྣམ་རྟོག་ཞགས་པས་སོ་སོར་ཟིན།། ས་རྣམས་ཁྱད་པར་བཀོད་པ་ཡང་།། གསང་བའི་སྙིང་པོར་འགྲོ་བའི ་ལམ།། ཡེ་ཤེས་ངོ་མཚར་རབ་འཇམ་གྱིས།། དོན་དུ་མི་འགྱུར་ཡོངས་མ་གསུངས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕྱག་རྒྱ་སང་ཆེན་སྙིང་པོ་འདི།། རྟོགས་ནས་སྨྲ་བར་གང་བྱེད་པ།། དེ་ཉིད་ང་ཡིན ་དབང་ཡང་རྫོགས།། དེ་བཞིན་གཤེགས་པ་ཐམས་ཅད་ལ། གསང་བ་འདི་ལས་གཞན་མི་མངའ།། སྒྲ་དང་སྐུར་པ་ཞི་བ་ཡིས།། གསང་བའི་སྙིང་པོ་དེ་ཁོ་ན། ཉིད་དེ་ངེས་པའི་དཔྱིང་ལས་བྱུང་།། དེ་ནི ་ངེས་པར་ལུང་བསྟན་ཏེ།། སྲས་ནི་ཐུགས་ལས་སྐྱེས་པའི།། ས་རབ་རིག་པ་འཛིན་ལ་གནས།། ཞེས་བརྗོད་པས།། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགེས་ནས། དུས་བཞི་མཉམ ་སྐུ་གསུང་ཐུགས་ཀྱི་ལྷན་སྟུག་པོ་བཀོད་པའི་བརྒྱན་ཉིད་དུ་བཞུག་སོ།། འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟོང་ཕྲག་བརྒྱ་པ་ལས།། མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི། ་སྤྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ལས།། ཐམས་ཅད་མ་ལུས་པར་འབྲོས་ཏེ།། འཁོར་ལོ་བསྐོར་བ་དེ་དག་གི། ་འབྲས་བུའི་མཆོག་རྫོགས་སྷོ།། ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡོངས་སུ་གཟུང་བའི་ལེའུ་ཏེ། ཉི་ཤུ་གཉིས་པའོ།། ་