CLOSE WINDOW

F751: 'jur 'gyegs zhes bya ba'i gzungs
Wyliee-texts produced with BDRC’s OCR application

མཛད་པའི་གཟུངས་རྫོགས་སྷོ།། @བོད་སྐད་དུ། འཇུར་འགྱེགས་ཞེས་བྱ་བའི་གཟུངས། སངས ་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། སེར་སྣ་ལས་ཆེར་ལྷག་པ། གཞན་གྱི་ལ་འཛུར་འགྱེགས་བྱས་པའི་ཉེས་པའི་འབྲས ་བུ་འདི་ལྟ་སྟེ། འཕགས་པ་ཤ་རིའི་བུ་དང་། འབགས་པ་མོའུ་འགལ་གྱི་བུ་གཉིས་པས་མཐའ་གཅིག་ན་སོ་སོར་རྟོག་པའི་ཤེས་རབ་ཀྱི་ལས་བྱེད། བྱེད་ཅིང ་ཡོད་པ་ལས། ཉི་མིའི་གུང་ལ་གཉིས་པོས་ཁམས་སོང་དུ་མཆིས་པའི་ས་ན་ཡི་དག་ས་མོ་ལུས་སྔོ་ལ་སྐམ་པ། ཁོག་ཁོག་ཟེར་བ། སྐྲ་འཛིངས་པ། མིག་དམར ་ལ་གཡོན་དུ་ཡོ་བ། མ་མཆུ་རིང་ལ་གཡས་སུ་ཡོ་བ། སྐེ་དང་། རྐང་ལག་ཤིན་ཏུ་ཕྲ་ལ་དྲིང་བ། ལག་པ་ཁུ་ཚུར་བསྡམས་པའི་སེན་མོས་ཐད་ཀར་ཕུག་ནས་སེན་མོ ་སྔོ་ཟང་དེ་ཡོད་པ། ཁ་ནས་སྒྲ་རྣམ་པ་ལྔ་སྒྲོགས་པ་ནི་འདི་ལྟ་སྟེ། དགོངས་ན་ཞེས་བྱ་བ་དང་། མེད་ན་ཞེས་བྱ་བ་དང་། མ་སྦྱིན་ཅིག་ཞེས་བྱ་བ ་དང་། སྟེར་ན་ཡང་མཆེ་ཆེས་པར་འོང་ངོ་ཞེས་བྱ་བ་དང་། དེ་རྩེམ་ཆེས་ཀྱིས་པྲི་ལས་བྱིན་ཞེས་བྱ་བ་དང་ལྔ་བརྗོད་པ། སྤྱི་ཟིང་བྱེད་པ་གཅིག་དང་ཕྲད་པ་ལས། ་དེར་གང་ཟག་གཉིས་པོ་དེས་བསམས་པ། དགོན་པ་བས་གྲོང་ཡུལ་ཐག་ཉེ་ལ། ཟས་མེད་པས་གྲོང་ཁྱེར་དུ་ཕྱིན་ཏེ་བསླབས་པས་དཀར་གསུམ་དང་། མངར་གསུཾ ་དང་། འབྲས་དང་། ནས་ཀྱི་ཟན་ལ་སོགས་པ་བཟའ་བ་དང་། བཏུང་བ་མང་དུ་རྙེད་ནས་ཡི་དགས་ཀྱི་དྲང་དུ་ཁྱེར་ཏེ་ཕྱིན་ནས། བསྟབ་པས་མི་ལེན་པར་གྲོང་སྦྲ ་རྣམ་པ་ལྔ་སྒྲོགས་ཤིང་བྲོས་སོ།། དེར་གང་ཟག་གཉིས་པོ་དེས་ཤིན་ཏུ་མ་དགའ་ནས་ཡི་དགས་མོ་དེའི་སེམ་སུ་སོང་ནས་གཞན་ལ་མ་དྲན་ཏེ། བཅོམ་ལྡན་འདས ་འོད་མའི་ཚལ་ན་བཞུགས་པ་ཅན་དུ་དེ་མ་ཐག་བྱིན་ཏེ། ཞབས་ལ་ཕྱག་འཚལ་བས་འཁངས་ནས་ཐང་ཆད་དེ་བྲི་བ་མ་སྤོབས་པོ། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། རིགས་ཀྱི་བུ་ཁྱེད་ཅི་ཉེས། དྲི་བ་ཡོད་ན་དབུགས་ཕྱུང་ལ་དྲིས་ཤིག་ཅེས་གསུངས་སོ།། བཅོམ་ལྡན་འདས་ལ་བདག་ཅག་ནི་ཤིན་ཏུ་མ་དགའ། ཉིད་ལ་ཁྱོད ་ཡུ་ས་ཆེ་ནས་འཁམས་པ་ལགས་སོ།། བཀའ་སྩལ་པ། ཅི་ལ་སེ་གྱུར། སྦས་པ་བདག་ཅག་གཉིས་ནི་བས་མཐའ་ཞིག་ན། བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པ་སོ ་སོར་རྟོག་པ་ཡིད་ལ་བྱེད་པ་ལས་རྒྱང་རིང་པོར་འཕྱག་དུ་ཕྱིན་པ་ལས། ཡི་དགས་མོ་ལུས་པོ་སྔོ་ལ་སྐམ་པ། ཁོག་ཁོག་ཟེར་བ། སྐྲ་འཛིངས་པ། མི་དམར་ལ་གཡོན་དུ ་ཡོ་ག་མ་མཆུ་རིང་ལ་ག་ཡས་སུ་ཡོ་བ། སྐེ་དང་རྐང་ལག་ཤིན་ཏུ་པྲ་ལ་རིང་བ། ལག་པས་ཁུ་ཚུར་བ་སྡམས་པའི་སེན་མོས་ཐད་ཀར་ཕུག་ནས་སྔོ་ཟང་ངེ་བ། ཁ་ན་ས་སྒྲ ་རྣམ་པ་ལྔ་སྒྲོགས་པ་འདི་ལྟ་སྟེ། དགོས་ན་ཞེས་བྱ་བ་དང་། མེད་ན་ཞེས་བྱ་བ་དང་། མ་སྦྱིན་ཅིག་ཅེས་བྱ་བ་དང་། སྟེར་ན་ཡང་མ་ཆེ་ཆེས་འོང་ངོ་།། ཞེས་བྱ་བ་དང་། དེ་ཙམ ་ཆེས་ཀྱི་ཕྲི་ལ་བྱིན་ཅེས་བྱ་བ་དང་ལྔ་བརྗོད་པ། སྤྱི་ཟིང་བྱེད་པ་གཅིག་དང་ཕྲད་ནས། བདག་ཅག་གཉིས་ཀྱིས་བསམས་པས་དགོན་པ་བས་གྲོང་ཡུལ་ཐག་ཉེ་ལ་ཟས་མོད ་པས་གྲོང་ཁྱེར་དུ་ཕྱིན་ཏེ་བསླངས་པས་དཀར་གསུམ་དང་། མངར་གསུམ་དང་། འབྲས་དང་། ནས་ཀྱི་ཟན་ལ་སོགས་པ་བཟའ་བ་དང་བཏུང་བ་མང ་དུ་རྙེད་ནས་ཡི་དག་ས་མོ་དེའི་དྲང་ད་ཁྱེར་ནས་བསྟབས་པས། ཁ་ནས་གོང་གི་སྒྲ་རྣམ་པ་ལྔ་བརྗོད་ཅིང་གང་བྱིན་པ་མི་ལེན་པར་བྲོས་ཏེ་ཐ་ལ་ན་འདི་ཅི་ལས་གྱུར་པ་དང་། ་འདི་ལས་སྨན་པའི་ཐབས་ཅི་མཆིས་ཞུ་རུ་མཆིས་པ་ལགས་སོ།། བཀའ་སྩལ་པ། རིགས་ཀྱི་བུ་དག་དེ་ནི་ཤིན་ཏུ་ལེགས་སོ།། ངས་བཤད་ཀྱིས་ལེགས་པར་ཉོན ་ཅིག་ཡིད་ལ་ཟུང་ཤིག། དེ་ཅི་ལ་ས་གྱུར་ན་ལུ་ས་སྔོ་ལ་སྐམ་པ་ནི་རང་གི་ཟ་མ་ཕོད་པ་ལས་གྱུར་ཏོ།། སྐེ་ཕྲ་བ་ནི་བཞན་ཟ་བ་ཞིང་སྤྱོད་པ་ལ་བདག་གིས་སེར་སྣ་བྱས་པ ་ལས་གྱུར་ཏོ།། ཡན་ལག་ཕྲ་ལ་སོར་མོ་ཐད་ཀར་ཕུག་པ་ནི་གཞན་ལ་སྦྱིན་པ་དག་ལ་ཆེས་ཕྲི་ལ་བྱིན་ཅེས་བྱ་བ་དང་། རང་གི་ཀྱང་སྤྱོད་མི་ཕོད་པ་ལས་གྱུར་ཏོ།། ་སྐྲ་འཛིངས་པ་ནི་ཀུན་གྱི་ཡིད་དུ་མི་འོང་བ་བྱས་པ་ལས་གྱུར་ཏོ།། མིག་དམར་བ་ནི་འདོད་ཆགས་ཀྱིས་ཡོངསུ་རྒྱས་པ་ལས་གྱུར་ཏོ།། གཡོན་དུ་ཡོ་བ་ནི་མིག་མི་ལེགས ་བར་གཞན་ལ་བལྟས་པར་གྱུར་ཏོ། མ་མཆུ་རིང་ལ་གཡས་སུ་ཡོ་བ་ནི་སྟེར་ན་ཡང་ཆེས་པར་འོང་ངོ་ཞེས་བྱ་བ་ལས་གྱུར་ཏོ། ཁ་ནས་སྒྲ་རྣམ་པ་ལྔ་སྒྲོགས་པ་ནི་བྱེད ་བ་རྒྱུ་མཐུན་པའི་འབྲས་བུ་སྟེ། སྔོན་བརྗོད་པའི་བག་ཆགས་བརྟས་གྱུར་ཏོ། དེ་ལྟ་བུའི་ལས་ཀྱི་དབང་གི་གཞན་ཅི་བྱིན་ཡང་ཕན་པར་མི་འགྱུར་ཏེ། ཆུ་གཅིག་པ་ལས ་རང་གི་ས་སྦྱིན་ནུས་པ་མ་ཡིན་ཏེ། གཞན་གྱི་ཆུ་ལ་འཇུར་འགྱེགས་མ་བྱས་པས་ད་ལྟར་ཡང་ཆུ་གཙང་མ་རྩམ་པས་མ་རེག་པ་ལ་སྔགས་ལན་གཅིག་བཏབ་སྟེ། སེ ་གོ་ལ་ལན་ཅིག་གཏོགས་ཏེ་བྱིན་ན་དེའི་རྒྱུད་གྲོལ་ཞིང་འདོད་པ་ཚིམ་པར་འགྱུར་རོ། འདི་ལྟ་སྟེ། ཨོཾ་ཛྭ་ལ་མཱི་དམ་སརྦ་པྲེ་ཏི་བྷཿསྭཱ་ཧཱ། གསོལ་བ་དེའི ་འབྲུ་དོན་བཤད་དུ་གསོལ། བཀའ་སྩལ་པ། ཨོཾ་ནི་ཡེ་ཤེས་ལྔ་ཡི་རང་བཞིན་ཏེ་དོན་དམ་པའོ།། ཛྭ་ལ་འདོད་པ་མེ་ལྟར་འབར་བའོ།། མའི་དམ་པ་ནི་མིའི་རྒྱུད་ཀྱི་སེར ་སྣ་དང་འཛུར་འགྱེགས་བྱ་བའོ།། སརྦ་ནི་དེ་ལྟ་བུའི་ལས་ལས་གྱུར་པ་ཐམས་ཅད་དོ། པྲེ་ཏ་ནི་ཡི་དགས་ཀྱི་སྙིང་པོ་སྟེ་ལས་རྒྱུན་སྨིན་པའི་དོན་ཏོ།། བྷཱ་ནི་ལན ་@སྡུག་བསྔལ་བྱང་བར་བྱ་བའི་དོན་ཏོ།། སཧཱ་ནི་ལས་དང་སྡུག་བསྔལ་སྐྱེས་སྙོམ་བྱང་བར་གྱུར་ཅིག་པའོ།། དམྱུར་དུ་སོང་ལ་དེ་ལྟར ་གསོས་ཅིག་གསུངས་པས། དེ་ནས་གཉིས་མྱུར་དུ་ཕྱིན་ནས་དེ་བཞིན་དུ་བགྱིས་པས་གཟོད་དགའ་ནས་ལོངས་སྤྱོད་ཅིང་ལས་བག་གླན་ནོ།། དེ་ནས་ཆོས་སྟོན་པ་བབ ་ནས་གཉིས་པོ་རི་མོས་བྱས་ཏེ། ཤ་རིའི་བུ་བཤོས་གསོལ་ནས་ཅིག་གསོལ་དུ་རྩལ་ཏེ། ཆབ་བྱིན་པས་ཡང་གོང་བཞིན་དུ་བརྗོད་དེ་བྲོས་སོ།། ཡང་གཉིས་ཀྱིས ་ཡིད་མ་ཆེས་ནས་བཅོམ་ལྡན་འདས་ལ་ཞུ་རུ་མཆིས་སོ།། བཅོམ་ལྡན་འདས་ལགས་བདག་ཅག་གིས་གསུངས་པ་བཞིན་བགྱིས་ལགས་པ་གསོ་རུ་བཏུབ་པར་གདའ ་བ་ཆོས་སྟོན་ཡུལ་དུ་དགོངས་ནས་འཚལ་ནས་ཡང་། སྔར་བཞིན་དུ་བརྗོད་ཅིང་བྲོས་ནས་ཡང་ཞུ་རུ་མཆིས་སོ།། བཀའ་སྩལ་པ་དེ་ནི་ཁྱོད་ཀྱི་སེན་མོའི་བར་དུ་རྩམ་ལ ་ཡོད་པས་ལེན་པ་ཡིན་གྱིས། ལག་པ་ཁྲུ་ལ་བཟོད་བྱིན་ཅིག། དེའི་དྲུང་དུ་འགྲོ་མི་དགོས་ཏེ། འདི་ཉིད་ཀྱིས་བཏུབ་པོ་ཞེས་གསུངས་སོ།། དེ་གཉིས་ཀྱིས་ཁྲུས ་གྱིས་ཏེ། ཆུ་སྦྱིན་རྩལ་བས་ཡི་དགས་མོ་དེ་ཉིད་དུ་འོངས་ནས་ཅུང་ཟད་ན་མ་དངས་དང་ལྡན་པར་འགྱུར་ཏོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ་འདི་ལྟ་བུའི་སྦྱིན་པ་ནི་འདིར་མ་ཟད་དེ་དུ་ས་ཐམས་ཅད་དུ་ཡང་ཡི་དམ་དུ་གྱི་ས་ལ་མཐོང་ཅིག། གཞན་ཡང་རྒྱ་ཆེར་སྤེལ་ཅིག། དེ་ཅིའི་ཕྱིར་ཞེ་ན། འདིའི་ཕན་ཡོན ་ནི་དཔག་ཏུ་མེད་དེ་ཚད་ལས་འདས་སོ།། མདོ་ཙམ་བརྗོད་ན་འདི་ལྟ་སྟེ། འཇིག་རྟེན་གྱི་ཁམས་ཀྱི་མི་ཕྱུག་པོ་རྣམས་ལ་སྦྱིན་པ་བྱས་པ་བས། དབུལ་པོ་འགའ ་ཞིག་ལ་སྦྱིན་པ་བྱས་ན་དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེ་སྟེ། དེ་ཅི་སྟེ་ཞེ་ན། ཕྱུག་པོ་རྣམས་ནི་ང་རྒྱལ་ཏེ་དྲེགས་པ་དང་། རྒྱགས་པས་གནས་ངན་ལེན ་སྤྲོ་བར་བྱེད་དོ།། འཇིག་རྟེན་གྱི་ཁམས་ཀྱིས་དབུལ་པོ་རྣམས་ལ་སྦྱིན་པ་བྱས་པ་བ་སོ་ཡི་དགས་འགའ་ཞིག་ལ་སྦྱིན་པ་བྱས་ནས་དེའི་བསོད་ནམས་བརྒྱའི་ཆར་ཡང ་མི་ཉེའོ།། དེ་ཅི་སྟེ་ནེ་ན། དབུལ་པོ་རྣམས་ལ་ནི་འབོད་དུ་ཡོད། བཙལ་དུ་ཡོད། བ་སླང་དུ་ཡོད། ཡི་དག་ས་ལས་ཀྱི་དེ་ལྟ་བུ་དག་མ་ཡིན་གྱིས། མ་སྔོས་ན་ཁ་རུ ་ཆུད་ཀྱང་དུག་ཆེན་པོར་འགྱུར་རོ།། འཇིག་རྟེན་གྱི་ཁམས་ཀྱི་ཡི་དག་ས་ལ་སྦྱིན་པ་བྱས་པ་བས་འཇུར་འགྱེགས་ཀྱི་ཡི་དགས་གཅིག་ལ་ཆུ་སྦྱིན ་ན། དེའི་བསོད་ནམས་བརྒྱའི་ཆར་ཡང་མི་ཉེའོ།། དེ་ཅི་སྟེ་ཞེ་ན། ཡི་དགས་དེ་དག་ལ་ནི་དམིགས་པས་ཚིམ་པ་དང་། བ་ཤམས་པས་ཚིམ་པ་དང་། སྔོས་པས ་ཚིམ་པ། རེག་པས་ཚིམ་པ་དང་། རྗེས་ཀྱིས་ཚིམ་པ་དང་། བཤལ་བས་ཚིམ་པ་ཡོད་དེ། ལས་ཀྱི་རིམ་པ་བཞིན་ནོ།། འཛུར་འགྱེགས་ནི་གཞན་བཀག་པའི ་ལས་ཀྱིས་སྔགས་དང་། ཕྱག་རྒྱ་དང་། དམིགས་པ་གཞན་གྱིས་མི་ཐོབ། རྫས་ཐམས་ཅད་ལ་འཐབས་ཏེ་བཀག་པས་རྫས་གཞན་མི་མྱོང་། གཞན་གྱི་ཆུ ་གཅིག་པུ་ལ་མ་བཀག་པས་ཆུ་གཙང་རྩམ་པས་མ་རེག་པ་ལས་དབང་མེད། རང་གི་རྒྱུད་ཞི་བར་བྱེད་པའི་སྔགས་དང་། ཕྱག་རྒྱ་སེ་གོལ་གཅིག་མིན་པ་གཞན ་གང་གིས་ཀྱང་ཐོབ་པར་མི་ནུས་སོ།། སེ་གོལ་གཅིག་ཏུ་བཞག་པ་ཅི་ཞེ་ན། གཉིས་སུ་གྱུར་ན་གཞན་གྱིས་སྒྲ་གྱུར་ནས་མི་ཐོབ། དེས་ན་རང་གི་གོ་བ་བསྐྱེད་པ ་སྒྲ་གཅིག་ཏུ་ངེས་པའོ།། འདིས་ནི་བར་ཆད་ཀྱིས་མི་ཚུགས་པ་དང་། ནད་ཉུང་བ་དང་། ཚེ་རིང་བ་དང་། ལོངས་སྤྱོད་དང་ལྡན་པ་དང་། ཡི་ག་ཆུས་པ་རྣམས་འབྱེད ་པ་དང་། མདང་ས་ཉམས་པ་རྣམས་གསལ་བར་བྱེད་པ་དང་། འདི་གཞན་ལ་སྤེལ་ན་རྒྱུད་གྲོག་ནས་ཡི་དགས་ཀྱིས་རྒྱུད་ཆད་དེ་མཐར་མངོན་པར་རྫོགས་པར ་འཚང་རྒྱའོ།། དེ་སྐད་ཅེས་བཀའ་སྩལ་ནས། རིགས་ཀྱི་བུ་དེ་དག་གིས། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། འཇུར་འགྱེགས་ཞེས་བྱ ་བའི་གཟུངས་རྫོགས་སྷོ།། ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཏེ་གཏན་ལ་ཕབ་པའོ།། །། དཀོན་མཆོག་གསུམ་ལ་ཕྱག ་འཚལ་ལོ།། ལུས་ཀྱི་ཟག་པ་སྦྱིན་པར་བཏང་བའི་གཟུངས། མཆིལ་བ་ལ། ཨོཾ་ཨ་སྥརྦ་ཨ་ཧ་རེ་བྷཿསྭཱ་ཧཱ། ཡུད་པ་ལ། ཨོ་ཨ་ཁྲེར་ཨ་ཧ་རེ་བྷྱཿསྭཱ་ཧཱ། སྣབས ་ལ། ཨཽ་ཨ་སི་གྷ་ན་ཨ་ཧ་རེ་བྷྱཿསྭཱཧཱ། ལུས་ཀྱི་དྲི་མ་ལ། ཨོཾ་ཨ་མ་ལ་ཨ་ཧ་ར་བྷཿསྭཱ་ཧཱ། དྲི་ཆེན་ལ། ཨཽ་ཨ་བྷི་སྠ་ཨ་ཧ་རེ་བྷཿསཱཧཱ། དྲི་ཆུ་ལ། ཨོཾ་ཨུན་ད་ཏྲ་ཨ ་