CLOSE WINDOW

F646:
Wyliee-texts produced with BDRC’s OCR application

དེ་ནས་བཅོམ་ལྡན་འདས་མ་ནོར་གྱི་རྒྱུན་མའི་རྟོགས་པ་བཤད་པར་བྱས་ཏེ། དང་པོར་ཤིག་དཔྱིད་ཟླ་ཐ་ཆུངས་ཀྱི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ལ་རྒྱ་མཚོ་འབབ་པའི་ཆུ་དོར ་སོང་སྟེ། དེ་ནས་ནུ་མའི་བར་ཆུའི་ནང་དུ་ནུབ་པར་བྱས་ཏེ་འདུག་ལ། ཉི་མ་ལ་མངོན་དུ་ཕྱོགས་པར་ཡོངས་སུ་བརྟགས་ལ། ཅི་སྙེད་གནས་ཀྱི་བར་དུ་བཟླས་པ་བྱའོ།། བཟའ ་བ་ཐམས་ཅད་སྤངས་ཏེ། ཉོན་མོངས་པ་སྤངས་ཤིང་སྒྲ་བཅད་བྱས་ཏེ། ནུབ་བདུན་དུ་བཟླས་པ་བྱའོ།། དེ་ནས་བཅོམ་ལྡན་འདས་མའི་ཐང་སྐུ་ཡང་དབུ་སྐྲ་མ་གཏོགས་པར་གུར ་གུམ་དང་། ཙན་དན་གྱིས་བྱུགས་པར་བྱ་བ་ནི་ནུབ་མོ་སྔ་བར་ལངས་ཏེ་ཆུར་ཁྲུ་བདུན་ཞེང་དུ་ཁྲུ་གསུམ་སྟེ། ཁྲུ་བཅུ་དང་བཅས་པ་ལ་ཚོན་སྣམ་ལུས་པར་གསོ་སྦྱོང་དང་ལྡན ་པའི་ལྷ་བཟོས། བཅོམ་ལྡན་འདས་མ་མདོག་ལྗང་སེར་སྣ་ཚོགས་པའི་རྒྱན་གྱིས་བརྒྱན་པ། ཕྱག་གཡས་པ་ན་འབྲས་བུ་ཆེན་པོ་བསྣམས་པ། ཕྱག་གཡོན་པ་ན་སྒྲུབ་པ ་པོ་རྣམས་ལ་སྟེར་བའི་རིན་པོ་ཆེའི་ཟླ་ཏོག་མུ་ཏིག་རྡོ་རྗེ་ཕ་ལམ་དང་། བཻ་དུརྱའི་འབྲས་བུ་ཅན་སྣམས་པའི་ཕྱག་དང་ལྡན་པར་བྱའོ།། སྟེང་དུ་ལྷའི་ནོར་བུ་རིན་པོ་ཆེའི་ཆར ་མངོན་དུ་འབེབས་བཞིན་པར་བྱའོ།། གཡས་ལགསུ་དཔལ་ཆེན་པོ་པདྨོའི་ཕྱག་ཅན་སྒྲུབ་པ་པོ་ལ་ཉེ་བར་དགོས་པ་ལ་གནས་བཞིན་པར་བྱའོ།། གཡོན་ལོགས་པད་མའི། ་དཔལ་རིན་པོ་ཆེ་སྙིམ་པས་གང་བར་བྱའོ།། འོག་ཏུ་སྒྲུབ་པ་པོ་པད་མའི་ལག་པ་ཅན་བྱའོ།། དེ་ནས་ཐང་སྐུ་སྐུ་མདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ནུབ་ཕྱོགསུ་ཁ་བསྟ ་ལ་བཀྲམ་སྟེ། དེ་ནས་ཉེ་བར་སྤྱོད་པའི་གཏོར་མ་མ་རྟོགས་པར་མཛོད་ཀྱི་བཤེས་པ་ཡང་དབུལ་ཞིང་དྲི་ཞིམ་པའི་མེ་ཏོག་གིས་མཆོད་པ་ཆེན་པོ་བྱས་ལ་ཙན་དན་དང་། ཨ ་ཀའི་རུའི་བདུག་པ་བསྲེག་པར་བྱའོ།། ཞུན་མར་གྱི་མར་མེ་བརྒྱ་དབུལ་བར་བྱའོ།། དེ་ནས་བསྟན་གཅིག་ལ་གནས་ཏེ། བཅོམ་ལྡན་འདས་མའི་ཞལ་ལ་དམིགས་ལ་ནུ་མོ་མཚན ་བཟླས་པ་བྱས་ན། དེ་ནས་སྐྱེ་རེང་ཤར་བའི་དུསུ་སྐྱེས་བུ་ཆེན་པོ་ཙམ་གྱི་ནོར་བུ་རིན་པོ་ཆེ་ཐམས་ཅད་ཀྱི་རྒྱན་འབབ་ཅིང་ཁང་པ་གང་བར་འགྱུརརོ།། ཡང་ན་མཚན་མོ་བྱེད་ན་ཆུའི་ནང་དུ ་ཞུགས་ལ་བརྒྱད་བརྒྱ་བཟླས་པ་བྱའོ།། ཟླ་བ་ཅིག་དུ་གཅིག་གི་སྦྱོར་བས་ནོར་གྱི་རྒྱུན་འབབ་པར་འགྱུར་ཏེ། མི་ཤེས་པར་ཁང་ཅིག་འཕེལ་བར་འགྱུར་རོ།། ཡང་ན་རྒྱལ་པོའི་སྒོར ་མདོད་ན། ཉིན་མོ་ཆུའི་ཟླ་བའི་ནང་དུ་བྱ་ཞིང་མཚན་མོ་ཕྱེད་ན། ཏིལ་གྱི་སྦྱིན་བསྲེག་རྒྱ་ངརྒྱ་བྱས་ན། རྒྱལ་རིགས་ལ་རྙེད་པ་ཆེན་པོ་འཐོབ་པོ།། ཡུངས་ཀར་མར་ལ་བསྲེགས་ན ་སྦྱིན་བསྲེག་བྱས་ན་རྒྱལ་པོ་དབང་དུ་བྱེད་དོ།། ཀུན་ཏུ་རུའི་སྦྱིན་བསྲེག་བྱས་ན། རྒྱལ་པོའི་བློན་པོ་དབང་དུ་བྱེད་དོ།། ཁ་ཅིག་གི་སྦྱིན་པ་གང་གིས་མཚན་མོ་བཅོམ་ལྡན་འདས་མའ ་གདན་དྲང་བར་བྱས་ན། སྦྱིན་བདག་ཆེན་པོར་འགྱུརརོ།། འདིར་ནི་སྒྲུབ་ཐབས་ཆེན་པོ་བཤད་པར་བྱ་སྟེ། ཆོས་འཕྲུལ་གྱི་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་རྩམས་སྟེ ་ཟས་ཅི་སྲིད་དུ་བཅང་ནས། གདུང་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ་ཐང་ཀ་ནུབ་ཕྱོགསུ་བསྟན་ཞིང་དཀྲམ་ལ། ་ཉིན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་གླག་ཅིང་། མཚན་མོ་སྟན་གཅིག་ལ་གནས་པར་ས་ནུབ་ཡུལ་གྱི་བཟླས་པ་བྱས་ནས། ནོར་གྱི་ཕུང་པོ་ཆེན་པོ་རྙེད་ཏེ། མཐོར་གནོད་བྱས་ཀྱང ་འཛིན་པར་མི་འགྱུར་ཏེ་ལྷ་ཁང་ཆེན་པོ་བྱའོ།། ཆོ་ག་འདིའི་ཆོ་འཕྲུལ་གྱི་དཀར་པོའི་ཕྱོགས་ལ་བཟླས་པ་བྱས་ན་འཁོར་ལོ་བསྒྱུར་བཟོབ་ཅིང་བཅོམ་ལྡན་འདས་མ་ནོར་རྒྱུན་མའི་དང ་གྲུབ་ཐོབ་ཅིང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔར་འགྱུར་ཏོ།། ཅི་ལྟ་བ་དེ་ལྟར་ཚངས་སྤྱོད་བྱ་ཞིང་། ཁ་ན་མ་ཐོ་བ་མེད་པའི་ཟས་ཆང་དང་། ཉ་ཤ་ལ་སོགས་པ་སྤངས ་ཤིང་། འཚན་མོ་བཟླས་པ་བྱས་ན་དབུལ་པོར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་འཕགས་པ་ཀུན་དགའ་བོ་དང་། ཟླ་བ་བཟང་པོ་ཡོངས་སུ་དགེས་ནས། ཁྱིམ་བདག ་ཟླ་བ་བཟང་པོའི་དོན་དུ་གསུངས་ལ་མངོན་པར་བསྟོད་དོ།། །། བཅོམ་ལྡན་འདས་མ་ནོར་རྒྱུན་མའི་རྟོག་པ།། རྫོགས་སྷོ།། ་