| Wylie | e-texts produced with BDRC’s OCR application |
ཁམས་པ་ལོ་ཙཱ་བ། དགེ་སློང་བ་རི་རིན་ཆེན་གྲགས་ཀྱིས་བསྒྱུར་བའོ།། །། དེ་ནས་ལྷ་མོ་འོད་ཟེར་ཅན་འདིའི་གཟུངས་ཀྱི་རྟོག་པ་ཡིན་ཏེ། རྣམ་པར ་སྨན་མཛད་ཀྱི་རྒྱལ་པོ་ཆེན་པོ་ཡོངས་སུ་བཟུང་བའོ།། ཟླ་བའི་གཟུགས་བརྙན་ལས་ཉི་མའི་སྟེང་དུ་འོད་ཟེར་ཅན་རྣམ་པར་བསམ་པར་བྱའོ།། དེའི་འོད་ལས་ཡོངས་སུ་འདྲུ་བ ་པའི་ཁབ་དང་། སྐུད་པ་དང་བཅས་པས། གདུག་ཅན་རྣམས་ཀྱི་མིག་དང་། ཁ་དྲ་བ་བཞིན་པར་ཀུན་དུ་རྣམ་པར་བསམ་པར་བྱའོ།། དེའི་དོན་ཕྱི་རོལ་མཐོང་བ་སྤྱོད་ཡུལ་དུ ་མཚམས་བཅིང་བར་བྱས་ལ། ཟླ་བ་དང་ཉི་མ་གཉིས་དག་གི་འོད་ཟེར་ལ་སོགས་ཡོངས་སུ་རྫོགས་བཞིན་པའི་ལྷ་མོ་འོད་ཟེར་ཅན་བསམས་ལ། མཉན་ཡོད་ན་བཞུགས་ཏེ་ཞེས ་བྱ་བ་ནས་བཟུང་སྟེ། ལྷ་མོ་འོད་ཟེར་ཅན་ཞེས་བྱ་བ་ནི་རྒྱལ་བས་བཀའ་སྩལ་པའོ།། དེའིཉི་མ་དང་ཟླ་བའི་མདུན་ནས་མདུན་དུ་འགྲོ་ཡང་ལྷའི་ཚོགས་མང་པོས་ཀྱང་མཐོང་བར ་མི་འགྱུར་རོ།། དེའི་ཚེ་བདག་ཀྱང་བལྟར་མེད་པའི་ཞེས་བྱ་བ་འདི་དང་དེ་ཡང་། དགུ་ཕྲག་གསུམ་ཡིན་ནོ།། སྔགས་ཀྱི་ཚོགས་ནི་འདི་ལྟ་སྟེ།། ཨོཾ་བ་དཀྲ་མ་སི། པ་ར་པྲམ ་སི། ཨུད་ད་ཡ་མ་སི། བ་ད་མ་སི། པྲེ་མ་ཨན་ཧ་ད་ན་མ་སི། མིང་ཉིད་རབ་དུ་སྦྱར་ཏེ། ལྷ་མོ་འོད་ཟེན་ཅན་བདག་ལ་སྐྱོབས་ཤིག། ལམ་ལོག་པ་ལས་སྐྱོབས་ཤིག། རྒྱལ ་པོ་དང་། མེ་དང་། དགྲ་བོ་དང་། སེང་གེའི་འཇིགས་པ་ལས་བདག་སྐྱོབས་ཤིག། བདག་དུསུ་ཐམས་ཅད་དུ་ཕུན་སུམ་ཚོགས་པ་གྲུབ་པར་གྱིས་ཤིག། ན་མོ་རདཱ་ན་ཏྲ་ཡཱ་ཡཱ། ཨོཾ ་ཨ་ལོ་ཏ་ལོ།། པད་ཚལ་ལོ།། སཾ་མུད་ཧ་ཧི། རཀྐ་རཀྐ། ར་མཾ་སརྦ་བྷ་ཡེ་ཤུ་སྭཱ་ཧཱ།། དཀོན་མཆོག་གསུམ་དང་ལྡན་པའི་ཞེས་བྱ་འོ།། ཨོཾ་བ་ར་ལེ ་བ་ཧེ་ལེ། བ་ད་ལེ། བ་ར་དྷ་ལུ་ཁི་སརྦ་དུཥཱ་ད་ཥྚཱ་ནཾ་མུ་ཁཾ། བྷན་དྷ་བྷན་དྷ། དུས་ཐམས་ཅད་དུ་ལེགས་པར་གསུངས་པར་འགྱུརརོ།། བསྐལ་ཚིག་དང་། བཞི་བཅུ་རྩ་བཞི་ནི། ་རྒྱ་མཚོ་གསུམ་ནི་མཆོག་ཏུ་བརྗོད་ལའོ།། ཨོཾ་དང་བཅས་པའི་སྙིང་པོ་དང་། ཉི་ཤུ་རྩ་གཉིས་པ་དང་ཡི་གེ་དྲག་པ་ནི། འཇིགས་པ་ཐམས་ཅད་ལས་བསྲུང་བར་བྱེད་དོ།། ་སྙིང་པོའི་གསང་སྔགས་འདི་འཛིན་བློ་རྣོ་བར་བྱེད་དོ།། གླེང་བཞི་དང་བཅས་པས་གསང་སྔགས་འདི་བཟླས་པ་བྱས་ན། ནོར་དང་། འབྲུ་དང་། འཁོར་གཡོག་འཕེལ་བར་བྱེད་ཅིང་། ་མཆོད་སྦྱིན་པར་བྱེད་དོ།། དོན་གྲུབ་པར་འདོད་པས། ཟང་སྐུའམ་ཤིང་ལེབ་ལ་དྲི་སྐུ་བྱ་བ་ནི། མྱ་ངན་མེད་པའི་ཤིང་གི་སྡོང་པོའི་ཙར་པད་མ་གནས་པ། རྒྱན་ཐམས་ཅད ་གྱི་གནས་བརྒྱན་པ་ལྗང་ཀུ་ཨཾ་ཀུ་རག་སྔོན་པོ་དང་། སྟོང་གཡོགས་སྔོན་པོ་དང་། མགོ་བོ་ནི་མཆོད་རྟེན་ཡོར་པ་གཞོན་ནུ་མ། གཡོན་པའི་ཕྱོགས་གཟིགས་པའི་སྤྱན་ཅན ་མྱ་ངན་མེད་པའི་དཔལ་འོད་ཟེར་ཅན་བྱ་བར་བྱའོ།། སྔོན་དུ་བསྟན་པའི་ཆོ་ག་ཟང་སྐུ་འདིའི་མདུན་དུ་ལྟས་ཤིང ་མཆོག་ཏུ་གྲུབ་པའི་སྙིང་པོ་དང་བཟླས་བརྗོད། ཨོཾ་མ་རི་ནྱེ་སྭཱ་ཧཱ་ཞེས་བྱའོ།། མཆོག་གི་སྙིང་པོ་འདི་ངེས་པར་མཆོག་ཏུ་སྒྲུབ་པར་འགྱུར་རོ།། ནད་ཐམས་ཅད་མེད་པར་བྱེད་དོ།། བཟླ ་པ་དང་སྦྱིན་སྲེག་ཀྱང་འོད་ཟེར་ཅན་གྱི་ནོར་འཕེལ་བ་བསྐྱེད་པར་བྱེད་དོ།། ཞོ་དང་དུར་གཉིས་ཀྱི་སྦྱིན་བསྲེག་གིས་གིས་ནི་ངེས་པར་ནད་མེད་པར་བྱེད་དོ།། སྦྲང་རྩི་དང་མར་གྱི ་སྤྲིན་བསྲེག་གིས་ནི་རིམས་མེད་པར་བྱེད་དོ།། རང་གི་ཁྲག་དང་རུས་པ་དང་དག་དང་སྐྱེ་ཚེ་སྟོང་ཕྲག་ཅིག་སྤྲིན་བསྲེག་བྱས་པས་དགྲ་བོ་འཆིའོ།། འོ་མའི་སྤྲིན་སྲེག་བྱས་པས་དག ་བོ་ཆེའོ།། འོ་མའི་སྦྱིན་གྱིས་ནི་ཞི་བར་འགྱུར་རོ།། རྟག་ཏུ་བཟླས་ན་དུག་འཇོམས་པར་བྱེད་ཅིང་བཅང་བ་མེད་པར་མཁའ་འགྲོ་མ་རྣམས་འཇོམས་ཉི་མ་རེ་རེར་རབརྒྱ་རྩ་བརྒྱད་བཟླས་ནི ་འཛིན་བློ་རྣོ་བར་འགྱུརརོ།། ཨོཾ་བ་ར་ལེ། བད་ལེ་བ་ར་ལེ། བ་ར་ཧ་མུ་ཁི་སརྦ་དུསྟན་ནཾ། པྲ་དུཥྚཱ་ནཾ། བྷན་དྷ་བྷན་དྷ། སརྦ་མ་ཁ་སྭཱ་ཧཱ། འོད་ཟེར་ཅན་གྱི་སྙི་པོའོ།། ཨོཾ་མ ་རི་ཙེ་སྭཱ་ཧཱ།། བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་གསང་བའི་སྙིང་པོ་ཡི་གེ་དྲུག་པའོ།། སྙིང་པོའི་ཕྱག་རྒྱ་ནི་འདི་ཡིན་ཏེ། ལག་པ་གཉིས་པ་མཉམ་པར་བྱས་པ་ལ་ཐལ་མོ་རྣམ ་པར་སྦྱར་བར་བྱས་པའང་ཁ་ཕྱེ་བ་ཡང་རུང་སྟེ་འཐེ་བ་ཆེན་ཅུང་ཟད་བཀུག་སྟེ་གུང་མོ་གཉིས་ཕུན་ཚུན་རིག་ལ་ཟླུམ་པའི་རྣམ་པ་མཚན་མར་བྱས་ལ་དཀྱིལ་མོ་དཀྲུང་ཏུ་གནས་པས་། ་བའི་ཕྱོགསུ་འདུག་པར་བྱའོ།། ཕྱག་རྒྱ་འདི་ནི་མཆོག་གཙོ་བོ་སྟེ། ལས་རྣམས་ཀུན་ལ་སྦྱར་བར་བྱའོ།། ཟ་མ་དང་ནི་འབྲིང་པོ་ཡང་།། མཆོག་རྣམས་ལ་ཡང་འདི་སྟོན་ཏོ།། ་མྱུར་དུ་དེ་ཡིས་དོན་བྱེད་ཅིང་།། ཀུན་ཏུ་འགྲུབ་ཅིང་མཆོད་པར་འགྱུར།། དག་བྱེད་བསོད་ནམས་ཆེན་པོ་སྟེ།། བཀྲ་ཤིས་སྡིག་པ་ཉམས་པར་བྱེད་ཅིང་།། བསོད་ནམས་སྡིག་པ་ཀུན་ཟད ་པཻ་ཥ་དངོས་གྲུབ་ཏུ་ནི་ཕྱག་རྒྱ་ཡིན།། བཅོམ་ལྡན་འདས་མ་འོད་ཟེར་ཅན་གྱི་མཚན་བརྗོད་ན་སྲུང་བ་དང་བསྐྱབ་པ་དང་སྦ་བར་འགྱུར།། ཏདྱ་ཐཱ། ཨརྒ་མ་སི། མ་ག་མ་སི། ཨུདུ་ཡམ ་སེ་བ་ན་སེ། ཅི་བར་མ་སི། མ་ཧ་ཙི་བ་མ་སི། ཨིན་རྟ་ར་དྷ་ན་ས་མ་སེ། ན་མོ་རད་ན། ཏྲ་ཡ་ཡ། ཏདྱ་ཐཱ། ཨོཾ་བ་ད་ལཱི། བ་ར་ལི། བ་བ་ཏ་མུ་ཁི་སརྦ་དུཥྚཱན། པྲ ་དུཥྚཱ་ནཾ་ཡུལ་ཁམས་ཐམས་ཅད། བྷན་དྷ་བྷན་དྷ་སྭཱ་ཧཱ། རིག་པ་འཛིན་པའི་སྡེ་སྣོད་ལས་འབྱུང་བའི་རྟོག་པ་ནི་འདི་ཡིན་ནོ།། དེ་ནས་རྒྱ་ག་གཞན་ཤི་འདི་ཡིན་ཏེ། གསེར་མདོག ་ཅན་བརྒྱ་ཕག་པར་བསྒོམས་ལ། དེའི་སྟེང་དུ་འོད་ཟེར་ཅན་གོས་དཀར་མོའི་ཤམ་ཐབས་ཅན་བསྒོམ་པར་བྱའོ།། དེའི་སྤྱི་བོར་མཆོད་རྟེན་དང་། གཡོན་ཕྱོགས་ཀྱི་ཤིང་མྱ་ངན་མེད་པའི ་ཡལ་ག་མེ་ཏོག་དང་བཅས་པའི་ཕྱག་ཅན་ནོ།། འཇིགས་པ་ཆེན་པོའི་དུས་ཡང་བདག་ཉིད་ཕག་པའི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་བསྒོམ་པར་བྱའོ།། སྙིང་ཁར་ཆོས་གོས་ཀྱི་གླཟུང ་སྟེ་ལེན་བདུན་བསྔགས་མདད་པ་བདུན་བྱས་ན། ལམ་ཏུ་རྐུན་མ་ལ་སོགས་པས་ཆོམ་པར་མི་འགྱུར་རོ།། དེ་ནས་འདུད་པ་ཡོངས་སུ་བཀྲམ་པར་བྱའོ།། ཞེས་བྱ་བ་ནི། བཅོམ་ལྡན ་འདས་མ་འོད་ཟེར་ཅན་གྱི་རྟོག་པ་རྫོགསོ།། རང་གི་སྙིང་ཁར་ཟླ་བ་ལ་ལ་རྣམ་པར་བསམ་ལ་དེ་ཉིད་ཡིད་ལ་བརྗོད་པས། ཆོས་ཟབ ་ཅད་བདག་མེད་པའི་ངོ་བོ་ཉིད་དུ་བསྒོམ་པར་བྱའོ།། དེ་ནས་ཡང་ན་མཁའི་ཕྱོགསུ་བསམ་པ་ནི། བདག་ཉིད་རྣམ་པར་སྣང་མཛད་ཀྱི་གཟུགས་པད་མའི་ལྟེ་བར་སེང་གེའི་ཁྲི་ལ་རྡོ་རྗེ་དཀྱིལ ་དཀྲུང་གིས་བཞུགས་པ། གསེར་གྱི་མདོག་ཅན་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཅན་གྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་པ། རལ་པའི་དབུ་རྒྱན་འཆང་ཞིང་ཞི་བ་ཡི་གེ་མང་ཉིད་སྦྱི ་གྱིས་བརྗོད་པའི་རྣམ་པ་བསམ་པར་བྱའོ།། དེ་ནས་མདུན་དུ་ཟླ་བའི་གཟུགས་བརྙན་རྣམ་པར་སྣང་མཛད་ཀྱི་འོད་ཟེར་ཅན་མ། ཨོཾ་མ་རི་ཙེ་སྭཱ་ཧཱ། ཞེས་བྱམས་པའི་གསེར་གྱི་མདོག ་གི་སྐུད་པ་དང་བཅས་པའི་བཟུང་བའི་ཕྱག་གིས་གདུག་པ་ཅན་གྱི་མིག་ཡངས་པར་དྲབས་པ་མདུན་དུ་རྣམ་པར་བསམ་པར་བྱའོ།། བུ་མོས་བཀལ་པའི་སྐུད་པ་ཉི་ཤུ་རྩ་ཅིག་ལ་རྩ ་བའི་སྔགས་ཀྱིས་རིམ་པ་ལན་ཅིག་ཡོངསུ་བཟླས་པ་ན། དེ་ནས་ན་མོ་རད་ན་ཏྲ་ཡ་ཡཱ། མི་རི་ཙྱ་དེ་བ་དང་ཡང་ཧྲི་ད་ཡ་བ་ར་བ་ར་ཏ་ཡ་ཤྱ་མེ་དཾ་ཏྱ་ཐཱ། ཨོཾ་བད་དེ་ལི་བད་ཏི་ལི། ་པྲད་ཏ་ལི་བ་ར་ལི། བར་རྫ་ཧ་མུ་ཁི་སརྦ་དུཥྚཱ་ནཾ། བན་ཧ་མི་སྭཱ་ཧཱ། ཞེས་བྱ་བ་དང་ཡན་ལག་བརྒྱ་རྩ་བརྒྱད་བཟླས་ཏེ། ན་མོ་མེ་ར་ནྱེ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་བད་ལི་བད ་ལི་བ་ལཾ། བ་ར་མུ་ཁི། སརྦ་དུཥྚཱ་ན་པྲ་དུཥྚེན། བྲན་ཐི་བྷན་དྷ་སྭཱ་ཧཱ། ཞེས་བྱ་བ་བརྗོད་དོ་དེས་སྐུད་པ་ལ་རང་ཉིད་བསྲུང་བའི་ཕྱེད་དུ་མདུད་པ་བདུན་བྱའོ།། ་གཡོག་པོའི་ཆེད་དུ་བྱས་ཏེ། མིང་ཡོངས་སུ་བཟུང་བའི་སྦྱོར་བས་མདུད་པ་གཅིག་བྱའོ།། འགྲོ་བ་དང་འོང་བ་སྐུད་པ་དེས་རྐྱེད་པ་བཅིངས་ཏེ། གླེང་བཞི་དང་བཅས་པའི་འོད་ཟེར་ཅན ་གྱི་རིག་པ་ཀླགས་ཏེ། མདུན་དུ་འགྲོ་བར་བྱའོ།། དེ་ལྟར་བྱས་ན་རང་བཞིན་གྱིས་བསྲུང་བར་འགྱུར་རོ།། ནུབ་མོ་མདུན་དུ་བཟླས་པ་ལ། ཉིན་མོ་ཉི་མའི་དཀྱིལ་འཁོར་ལ་སྔོན་དུ ་གསུངས་པ་བཞིན་རང་གི་གནས་སུ་བྱའོ།། དེའི་རྗེསུ་ཇི་ལྟར་གསུངས་རིག་པ་ལན་བདུན་བརྗོད་པར་བྱ་བ་སྟེ། ན་མོ་སརྦ་བུ་དྷི་སཾ་ཏེ་བྱཱ། ཏདྱ་ཐཱ། ཨོཾ་བ་ལོ་ཀི་ཏེ་ལོ་སད་ཅ་ལོ།། ་སཾ་མུར་རྟ་ཊི། རཀྵ་རཀྵ་མཾ་སརྦ་བྷ་ཡེ་ཥུ་སྭཱ་ཧཱ།། དཀོན་མཆོག་གསུམ་དང་ལྡན་པ་ཞེས་བྱ་བའི་རིག་པའོ།། ཏདྱ་ཐཱ། ཨོཾ་མི་རི་ནྱེ། བད་ཏ་ལི། བད་ཏེ་ལི། བ་ར་ལི། བར ་ཧ་མུ་ཁི་སརྦ་དུཥྚ་པྲ་དུཥྚཱ་ནཾ། བན་དྷ་བྷན་དྷ་མུ་ཁཾ་སྭཱ་ཧཱ། ཏདྱ་ཐཱ། ཨོཾ་བ་ར་ལེ་བ་ར་ལེ། བཱ་ར་ལེ། བ་ར་ཧ་ནུ་ཁཾ། སརྦ་དུཥྚ་པྲ་དུ་ཥ་ནཾ། བན་དྷ་བན་དྷ། མུ་ཁེ་སྭཱ་ཧཱ། ཨོཾ་མ ་རི་ཙེ་སྭཱ་ཧཱ། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་སྙིང་པོའི་མཆོག་ནི་འདི་ཡིན་ནོ།། ཨོཾ་མ་རི་ཙེ་པྲ་ད་ཀ་མ་སི་ད་པ་ར་པྲ་མ་སཻ། ཨུ་དེ་ཡ་མ་སི། ནེ་ར་མ་སི། ཨརྒ་མ་སི། ཨར ་མ་སི་བུམ་མ་མ་སི། ར་ཙི་པར་མ་སི། མ་ཧ་ཙི་པ་ར་མ་སི། ཨན་ཏར་དྷ་དྷ་ན་མ་སི། ན་མོ་རང་ན་ཏྲ་ཡ་ཡཱ། ཏད་པཱ་ཐཱ། ཨོཾ་བྷན་དྷ་ལི། མ་ད་ལི། བ་ར་ལི། བ་ར་མ་ཁཱ ་ཁི་སརྦ་དུཥྚ་པྲཾ་དུ་ཥཱན། བྷན་དྷ་བྷན་དྷ་སཱ་ཧཱ། ཨོཾ་པད་ཏ་ལེ། བད་ཏ་ལེ། བ་ར་ལི། བ་ར་ཧ་ར། མུ་ཁི་སརྦ་དུཥྚ་པ་ཏ་ནཾ། ཙྱཻ་ཀྵ་མུ་ཁཾ་བན་དྷ་ཡི་སྭཱ་ཧཱ།། ཞེ་བྱའོ།། ་ཨོཾ་པད་ཏ་ལི། བཱ་ཏ་ལི། བ་ར་མ་ར་དྷ་ལུ་ཁི་སརྦ་དུཥྚ་པྲ་ཥཱ་ནཾ། གན་ཐཱ་བ་ན་ཧྲི། མི་སྭཱ་ཧཱ། ཞེས་བརྗོད་པར་བྱའོ།། ་རང་ཉིད་བསྲུང་བའི་དོན་དུ་སྔགས་ཀྱི་དོན།། ཨོཾ། ཨརྒ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཨན་དྷ་ར་དྷ་ན་མ་སཻ་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཏེ་ཙེ་མ་སྭཱ་ཧཱ། ཞེས་བྱ་བ་དང་། ་ཨོཾ་ཨུ་དྷ་ཡ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་མུ་ལཾ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་བ་ན་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཙི་པ་ར་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨཽ་ས ་དྷ་ཀྲ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་པ་ར་ཏ་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ཨུར་མ་ལས་སྭཱ་ཧཱ། དེ་ནས་ལས་གཞན་ཡིན་ཏེ། མཆོག་ཏུ་གྱུར་པའི་སྔགས་ནི། ཨོཾ ་མ་རི་ཙྱཻ་སྭཱ་ཧཱ། ཞེས་བྱ་བྱའི་སྔགས་འདིའི་ལས་ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན་སྤྱོད་དང་དགུག་པའོ།། བདག་དོན་དུ་སྙིང་ཁར་ཧྲི་དང་པི་པའི་སྙིང་པོ།། ཨོཾ་དང ་སྤེལ་བ་བྱས་ལ་འགལ་མེའི་འཁོར་ལོ་བ་གནས་པ་མེའི་ལྕགས་ཀྱུ་དང་། ཞགས་པ་དང་། དགུག་པ་དང་། དག་ཚད་བརྒྱ་ཡིན་དུ་ཟད་ཀྱང་ལྷ་རྫས་ཀྱི་བུད་མེད་འགུགས་པར་བྱེད ་དོ།། དེ་ནས་སྦྱོར་བ་གཡས་ཡིན་ཏེ། ཉི་མའི་འཆར་ཀའི་ཚེ་བྱས་ཏེ། གཞོན་ནུ་མ་ལ་སྔགས་བརྒྱ་བཟླས་ཏེ། བའི་ལྟེ་བའི་དཀྱིལ་འཁོར་བྱས་ལ་གནས་པར་བྱས་ཏེ། ཅན ་དན་དཀར་པོས་ཡན་ལག་བྱུགས་ལ། མེ་ཏོག་དང་ལེགས་པར་ཁྲུས་བྱས་ཤིང་། གོས་དཀར་པོ་བསྐོན་ལ། གུ་གུལ་གྱིས་བདག་པས་སྦྱིན་ཏེ། མཐེ་བོང་རྒྱ་སྐགས་དང་། ་མར་ནག་གིས་བསྐུས་ལ་སྔགས་བརྒྱ་རྩ་བརྒྱད་བཟླས་ཏེ། དབང་བསྐུར་བ་བསྟན་པར་བྱའོ།། ལྷ་ལ་སོགས་པའི་ཐམས་ཅད་སྔགས་ཀྱི་རྒྱལ་པོ་འདིས་བསྐུལ་ཏེ། ཨོཾ་ཙི་རི་ཙི་རི་མུ། ་སྭཱ་ཧཱ། ཞེས་བྱ་བ་ནི་སྔགསོ།། ཨོཾ་མཾ་སྔགས་འདིས་མར་མེ་ལན་བརྒྱད་བརྒྱ་མངོན་པར་སྔགས་ཏེ་གཞོན་ནུ་མ་ལ་བསྟན་པར་བྱས་ནས། སྔོན་བཞིན་དུ་མཐོ་བར་འགྱུརརོ།། མ ་མོ་ཐམས་ཅད་ཀྱིས་དགེ་མི་དགེ་བ་ཡང་ཐོས་པ་ནི། ཨོཾ་པ་ཏ་མེ་ཡཾ་མུ་སྔགས་འདི་ཁྲི་ཚོ་ཅིག་བཟློས་ཏེ་བསྟན་པར་བྱའོ།། ཡང་ན་དགྲ་བོ་རིམས་ཀྱིས་བཟུང་བར་འདོད་ན། མིའི་རུས་པ། ་པའི་ཕྱེ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་། ཆུ་བོ་འོས་གཉིས་ཀྱི་ངས་དང་། རྐང་རྗེས་ཀྱི་རྡུལ་དང་བཅས་ལ། གཟུགས་བརྙན་བྱས་ཏེ། དུས་དང་། མེ་དང་། སྐྱེ་ཆེ་དང་། ཉིན་ཕྱེད ་དང་། འོ་མ་དང་ལྡན་པས་དུར་ཁྲོད་ཀྱི་རས་ལ་སྔགས་དང་སྤེལ་བ་བྲི་བཞིན་བྱས་ཏེ། ཨོཾ་ཙ་རི་ཙ་ཆེ་གེ་མོ་རིམས་ཀྱིས་ཟུང་ཤིག། ཟུང་ཤིག་ཧཱུཾ་ཕཊ་སྭཱ་ཧཱ། ཞེས་པ་ནི་བརྒྱད་བརྒྱ ་བཟླས་པས་དགྲ་བོའི་ཁང་པར་རྨས་པས་རིམས་ཀྱིས་འཛིན་པར་འགྱུརརོ།། ཡང་ན་ཐོད་པ་ལ་སྔོན་ཏུ་བསྟན་པའི་རྗེས་ཉིད་ཀྱིས་མིང་བྲིས་ཏེ། ཡི་གེ་ཨེ་བཞི་ནང་དུ་བཅུག་སྟེ། ་མེའི་ནང་དུ་ཡང་མཾ་གིས་ཡོངས་སུ་བསྐོར་ལ་ཁྲོས་པས་སེང་ལྡེང་གི་མེ་ལ་འདུག་པར་བྱའོ།། རྟིང་ནས་སྐྱེས་པ་བཅིངས་པའི་ཐོད་པ་དགྲ་བོའི་ཁང་པར་རྦས་ལ། འཕྲལ་དུ་རིམ ་ཀྱིས་འཛིན་པར་འགྱུར་རོ།། ཡང་ན་ད་ཁྲོད་དུ་བྱའོ།། དེ་ནས་དགྲ་བོ་གསད་པར་འདོད་ན། དག་དང་། རྩ་དང་། སྐྱེ་རྩེ་དང་། ཁྲག་གིས་མིའི་རུས་པའི་སྡུག་གུས་ཐོད་པ ་ལ་མིང་མངོན་པར་བྲིས་ཏེ། ཧཱུཾ་དང་ཕཊ་གཉིས་ཀྱིས་ནང་དུ་བཅུག་ནས་གསོད་པར་འགྱུར་རོ།། སྔགས་ཀྱིས་ཡོངས་སུ ་བསྐོར་བར་བྱས་ཏེ། ཨོཾ་མ་རི་ཙེ་ཧཱུཾ། ཆེ་གེ་མོ་སོད་ཅིག། ཧཱུཾ་ཞེས་བྱ་བ་སྟོང་ཕྲག་བརྒྱད་བཟླས་ན་འཆི་བར་འགྱུར་རོ།། དུར་ཁྲོད་དུ་བྲིས་ན་ནི་ཞག་གསུམ་ཀྱིས་ཉམས་པར་འགྱུརརོ།། ་ཡང་ན་བསྐྱོད་པར་འདོད་ན། ཨོཾ་མ་རི་ཙྱཻ་ཡི་ལ་ཙ་ལ། ཕྲ་ཙ་ལ་པྲ་ཙ་ལ། ཤི་གྷ་གྷ་མི་ནི་ཆེ་གེ་མོ་སྐྲོད་ཅིག། ཧཱུཾ་ཕཊ་འདིས་བྱ་རོག་གི་བཤོག་པ་ལ་བླངས་ཏེ། སྟོང་ཕྲག་བརྒྱ ་བཟླས་ལ་དགྲ་བོའི་ཁྱིམ་དུ་འབད་པར་སྔ་བར་བྱས་ལ། རྔ་མོའི་སྟེང་དུ་ཞོན་པར་བསྒོམ་པར་བྱས་ན། དེ་མ་ཐག་ཏུ་སྲོད་པར་བྱེད་དོ།། ཡང་ན་དབྱེ་བར་འདོད་ན་དུ་ཁྲོད་ཀྱི་ཐལ་བ ་དང་། ཆུ་རླུང་གྱི་ངོས་གཉིས་ཀྱི་ས་དང་། རྐང་རྗེས་ཀྱི་ས་དང་ཡང་དག་པར་ལྡན་པའི་སོ་སོར་གཟུགས་བརྙན་བྱས་ལ། རྒྱབ་སྲང་དེ་མ་ཧེའི་ཤ་དང་རྟའི་འོག་སྤུས་ལེགས་པར ་བཅིངས་ལ། དུག་དང་སྐྱེ་ཆེ་དང་ཆབ་གསུམ་གྱིས་ལུས་བྱུགས་ལ་དེ་ཉིད་དང་མ་ཧེའི་ཤ་དང་རྟའི་ཁྲག་དང་ལྡན་པས། དུ་ཁྲོད་ཀྱི་རས་ལ་ཕཊ་བཞིའི་དབུས་སུ་ཧཱུཾ་གིས་སྲེལ ་བའི་མིང་བྲིས་ལ། མཾ་གིས་ཡོངས་སུ་བསྐོར་ལ། དེའི་སྙིང་ཁར་བཅུག་སྟེ། སྔགས་བཟླས་ཤིང་མ་ཧེ་དང་རྟ་གཉིས་ལ་ཞོན་པ་གཉིས་ཀ་ཡང་འཐབ་པ་བཞིན་རྣམ་པར་བསམས ་ན་དབྱེ་བར་བྱེད་དོ།། འཕྲོགས་བྱེད་དང་རྐང་སྐྱུགས་མ་དང་བཅོས་པས་དུ་ཁྲོད་དུས་རྒས་པས་སྲས། ཨོཾ་མ་རི་ཙྱཻ་ཆེ་གེ་མོ་ཕྱེ་ཤིག་ཧཱུཾ་སྭཱ་ཧཱ། ཞེས་པ་ནི་སྔགས།། དེ་ནས་སྦྱོར ་བ་བཞིན་ནི། མ་ཧེའི་ཤ་དང་རྟའི་རུས་པ་ལ་གཟིགས་བརྙན་བྱས་ཏེ། དུག་དང་གཏུམས་པའི་ས་བོན་དང་། མ་ཧེའི་ཤ་དང་། རྟའི་ཁྲག་གིས་སྙིང་ཁར་མིང་མངོན་པར་བྲིས་ལ ་སྔགས་བཟླས་ཤིང་སེང་ལྡེང་གི་མེ་ལ་བདུགས་ན། དེ་མ་ཐག་ཏུ་འབྱེད་པར་བྱེད་དོ།། ཡང་ན་དགྲ་བོའི་ཁྱིམ་ཏུ་རྨ་ས་ན་ནང་འབྱེད་པར་བྱེད་དོ།། དེ་ནས་ཡང་དག་པར་བརྗོད་པར ་བྱ་བ་ནི། འོད་ཟེར་ཅན་ཆེན་མོ་འབྱུང་བའི་རྒྱུད་ལས་འབྱུང་བ་ནི། དགྲ་དཔུང་རེངས་པར་བྱེད་པའི་ཆོ་ག་སྟོན་ཏེ། ཁ་ཅིག་ཏུ་རྒྱལ་པོའི་ཚོགས་གཡོས་པར་འགྱུར་ཞིང་། གང ་གནས་ཀྱིས་ཡུལ་འཁམས་ཕུང་བར་བྱེད་པར་བརྩོན་ན། གང་གི་ཚེ་དེ་ལ་རྒྱལ་པོ་འོངས་ནས་སླར་བྱེད་ཅིང་། མཆོད་དོ།། སྔགས་པ་ལ་གསོལ་བ་འདེབས་ན། དེའི་ཚེ་སློབ ་དཔོན་གྱིས་སེམས་ཅན་ཐམས་ཅད་ལ་རྗེས་སུ་བཙེ་བས། བྱམས་པའི་སེམས་ཀྱི་ཏིང་ངེ་འཛིན་བྱའོ།། དེ་ལ་ཆོ་ག་དགོས་པ་ཐམས་ཅད་དང་ལྡན་ཞིང་ལེགས་པར་གྲོགས་པོས ་དེ་ཆེད་དུ་བྱས་ཏེ། བཅོམ་ལྡན་འདས་ཀྱི་ཐང་སྐྲ་བཀྲམ་ལ་ཅན་དན་དཀར་པོས་དཀྱིལ་འཁོར་ཉེ་བར་བྱུགས་ནས་མེ་ཏོག་དཀར་པོ་དཀྲམ་ལ། བདུག་སྤོས་དང་། དྲི་དང་། ཕྲེང ་བ་དང་། གཏོར་མ་ཡང་བྱིན་ལ། ཞོ་དང་སྦྲང་རྩི་དང་། བུ་རམ་དང་ལྡན་པས་ལན་བདུན་ཏུ་བསྔགས་ལ་དབུལ་བར་བྱའོ།། སྔགས་ནི། ཨོཾ་མེ་རི་ཙྱཻ་བྷ་ཀ་དཾ་པྲ་ཏིཿསྭཱ་ཧཱ། ་ཨོཾ་མ་རི་ཙེ་གན་ཧཱུཾ་པྲ་ཏི་ཙ་ཡ་སཱ་ཧཱ།། ཨོཾ་མ་རི་ཙྱཻ་པ་ཡང་པྲ་ཏི་ཙ་སྭཱ་ཧཱ།། ཨོཾ་མ་རི་ཙྱཻ་དུ་པཾ་པྲ་ཏིཙྪ་སཱ་ཧཱ།། ཨོཾ་མ་རི་ཙཱ་དེ་འམ་པྲ་ཏིཙྪ་སྭཱ་ཧཱ།། དེ་ནས་བཅོམ་ལྡན་འདས་མ ་ལ་མཆོད་ཅིང་ཡོངས་སུ་སྔོ་སྟེ། དགེ་བར་བྱས་ལ་བདག་ཉིད་བཅོམ་ལྡན་འདས་མའི་གཟུགསུ་དམིགས་ཤིང་། རང་ཉིད ་ང་རྒྱལ་དང་ལྡན་པས་ཁྲི་ཕྲག་གསུམ་བཟླས་པ་བྱའོ།། དེའི་སྔོན་དུ་སོང་བའི་སྙེན་པས་ཕན་ཏེ། དགེ་བ་དང་མི་དགེ་བའི་མཚན་མ་མཐོང་བར་འགྱུར་རོ།། དེ་ནས་ཕྱིས་ནི་སྦྱིན ་བསྲེག་བྱས་ཏེ། སྔོན་དུ་བསྟན་པའི་ལོགས་ལས་ཐམས་ཅད་པའི་ཐབ་ཁུང་དུ་རྒྱ་སྐྱེགས་ཀྱི་ཤིང་དང་། བྱང་ཆུབ་ཀྱི་ཤིང་། ཨུ་དུམ་པ་རའི་ལམ་ཤིང་མེ་སྦར་ལ། ཞོ་དང ་འོ་མ་མ་དང་མར་དུ་སྐྱུགས་པའི་དུར་བ་ཉག་མ་རེ་རེ་རྣམས། སྟོང་ཕྲག་བརྒྱད་སྦྱིན་བསྲེག་བྱའོ།། དེ་ནས་ལས་ཐམས་ཅད་ནུས་པར་འགྱུར་རོ།། ཨོཾ་བ་ཏ་ལི། བ་ཏ་ལི། ་བ་རི་ལི། མ་ཧཱ་མུ་ཁི། སརྦ་རི་ཕུ་སཱཾ་སྟཾ་བྷ་སྭཱ་ཧཱ། འདི་ནི་རེངས་པར་བྱེད་པའི་སྔགས་སྟེ། རེངས་པར་བྱེད་པའི་ལས་ཐམས་ཅད་ལ་སྦྱར་བར་བྱའོ།། སྔགས་དེས་བཟླས ་པ་དང་སྦྱིན་བསྲེག་ཀྱང་བྱའོ།། ཕྱིས་ནི་རྒྱལ་པོ་དང་མདུན་ནས་འདོན་ནི་གྲོག་འམ། རས་སམ། གུར་གུམ་འམ། གི་ཝང་དག་གིས་སྒྲུབ་བྱའི་མིང་དང་། སྔགས་སྤེལ་ཏེ་ཡང ་གིས་ཀྲིས་པ་ཡང་ཡི་གེ་བཞིས་ཡོངས་སུ་བསྐོར་ཏེ།། ཨོཾ་མ་དཱ་མཱཾ། ཕྱི་རོལ་ཏུ་ཡོངས་བསྐོར་བའི་འཁོར་ལོ་བྲིས་ལ། གང་གི་སྤྱི་གཙུག་གམ། མགུལ་པའམ་དཔུང་པ ་ལ་བཏགས་ན་ལས་ཐམས་ཅད་ཉིད་ལས་སྲུང་བར་བྱེད་པ་ཡིན་ནོ།། གཡུལ་ངོར་ཞུགས་པའི་མཚོན་ཆས་ལུས་ལ་མི་ཆོད་པར་འགྱུར་རོ།། གཡུལ་ངོ་དེ་ན་རྒྱལ་བར་འགྱུར་རོ།། ་དེ་ནས་ཡང་ནི་ཕྱིས་ནི་མཆོག་ཏུ་གྱུར་པའི་གླང་པོ་ཆེའམ། མཆོག་ཏུ་གྱུར་པའི་ཤིང་རྟ་ལ་རྡོ་རྗེའི་དཔོན་ཞོན་ཏེ།། གཡུལ་ལས་མངོན་པར་ཕྱོགས་ལས་བཅོམ་ལྡན་འདས་མའི ་ཟང་སྐུ་བཀྲམ་ལ་རྒྱལ་མཚན་སེར་པོ་བཙུགས་ཏེ་གོས་སེར་པོའི་ཤམ་ཐབས་དང་། སེར་པོའི་ཐོང་བཅིངས་ཏེ། ཚོགས་བྱས་རྡོ་རྗེ་དྲིལ་བུ་བཟུང་ཞིང་བསྙེན་པ་བཅས་པས་སྔོན ་བཞིན་དུ་བག་པའི་ཤིང་རྟ་ལ་བསྒོམ་པ་སྔགས་བརྗོད་པར་བྱའོ།། ཨོཾ་མ་རི་ཙེ་བ་ཏ་ལི་པ་ཏ་ལི། བ་ར་ཧ་མུ་ཁེ་སརྦ་དུས་ཥཱ་རིས་དུ་སཾ་བྱཾ་སྟཾ་བྷ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། ཕག་པས་བསྐོར ་བའི་ནང་དུ་བསྒོམས་ནས། དེ་མ་ཐག་ཏུ་དགྲའི་དཔུང་ཚོགས་པས་རྒྱལ་བར་འགྱུར་རོ།། མཚོན་གྱིས་གཅོད་པའི་མྱིག་གི་བེར་བའི་རོའི་གོས་སམ། དུར་ཁྲོད་ཀྱི་རས་ལ་འཁོར་ལོ ་འདི་བླ་བ་འོམ། ཡུང་བའི་ཁུ། བས་བྲིས་ཏེ། ཁུ་བའི་ངོས་གཉིས་ཀྱི་སའམ། དུར་ཁྲོད་ཀྱི་ཐལ་བ་དང་། དགྲའི་དཔོན་གྱི་གཟུགས་བརྙན་བྱས་ལ། འཁོར་ལོ་དེའི་སྙིང ་ཁར་བཅུག་ལས་དེ་དང་ལྷན་གཅིག་ཏུ་འབྲས་ས་ལུའི་ཁུ་བ་ལ་ཡུང་བའི་ཁུ་བ་དང་ལྡན་པ་ལ། ཕག་པའི་གཟུགས་བྱས་ལ་དེའི་ཁ་རུ་དགྲ་བོའི་གཟུགས་བརྙན་ཁ་མཐུར་དུ་བསྟན་ལ ་བཅུག་ཏེ། ཕག་པ་དེ་ཁམ་སྐྱོང་ཁ་སྦྱོར་གྱི་ནང་དུ་བཅུག་ལ་སོང་སྟེ། དགྲའི་དཔུང་ལ་མདོ་ཏུ་ལྟས་པས་བཞག་པར་བྱའོ།། ཟན་དང་། ཉ་དང་། ཤ་རློན་པ་དང་ལྡན་པས་གཏོར་མ་བྱིན ་ལ། སོར་བརྒྱད་པའི་སེང་ལྡེང་གི་ཕུར་བུ་བཏབ་ལ། ས་རྐོས་ཏེ་སྦས་ལ་སྔགས་སྟོང་ཕྲག་བརྒྱད་རྡོ་རྗེའི་ཁྲི་བོའི་སྟོབས་དང་ལྡན་པས་བཟླས་པ་བྱས་ན། དགྲ་བོའི་དཔུང་རེངས་པར་འགྱུར ་དེ་ནས་གཞན་ཡང་འཁོར་ལོའི་མཚན་ཉིད་ནི། སྒྲུབ་བྱའི་མྱིང་ཡི་གེས་ཡོངསུ་བཀྲིས་པར་བྱས་ལ། ཡ་ཙའི་ཡི་གེས་ཡོངསུ་བསྐོར ་བར་བྱའོ།། ཡི་གེ་དེ་གཉིས་ཀྱི་བར་པ་ལི་ལ་སོགས་པའི་སྔགས་ཀྱིས་ཕྲེང་བས་ཡོངས་བསྐོར་བར་བར་བྱའོ།། ཡང་དེ་ལ་མཾ་གི་བསྐོར་བར་བྱས་ལ། ཡང་ཡི་གེ་བཞིས་ཡོངས ་བསྐོར་ཞིང་། གྲུ་བཞི་ཕྱོགས་དང་འཚམས་རྡོ་རྗེས་མཚན་པར་བྱས་ནས། དེ་ཉིད་ཀྱིས་དེ་མ་ཐག་ཏུ་དགྲ་བོའི་དཔུང་རེངས་པར་བྱེད་ཅིང་། ཉམས་པར་བྱེད་པ་ལ་ཐེ་ཚོམ་མེད་དོ།། ་དགྲ་བོའི་དཔུང་ལས་མཆོག་ཏུ་རྒྱལ་བ་ཞེས་བྱ་བའི་འཁོར་ལོ་འདི་སློབ་དཔོན་གྱི་མན་ངག་ཤེས་པར་བྱའོ།། དེ་ནས་གཞན་ཡང་རེངས་པར་བྱེད་པ་དང་། འབྱེད་པར་བྱེད་པ་དང་། ་གསོད་པར་བྱེད་པའི་སྦྱོར་བའི་དབང་དུ་བྱས་པའི་འཁོར་ལོའི་འདི་ཡིན་ཏེ་གྲོགས་བཟང་པོ་དང་ལེགས་པར་བསྲུང་ཏེ། མིའི་བགེགས་ཡོངསུ་སྤངས་ཏེ། དུར་ཁྲོད་དུ་གནས་ལ། ་བློ་དང་ལྡན་པས་འབད་པ་དང་བཅས་པའི་ཐང་སྐྲ་བཀྲམ་ལ། དེའི་མདུན་དུ་ལྕི་བའི་དཀྱིལ་འཁོར་བྱས་ཏེ། ཅི་ལྟར་འབྱོར་པའི་མཆོད་པ་རྣམས་ལྔ་དང་ལྡན་པས་མཆོད་ལ། གོས ་ནག་པོ་ཅན་ནི། ཟོད་ནག་པོ་བཅིངས་པ་ཚོགས་ཆས་དང་། རྡོ་རྗེ་དྲིལ་བུའི་ཚོགས་སྟོན་པས། ཁྲོས་པས་སྔོན་བཞིན་དུ་ལྷ་མོ་འོད་ཟེར་ཅན་བསྒོམ་པར་བྱ་སྟེ། ཕག་པའི་ཞལ ་གསུམ་པ། སྤྱན་གསུམ་པ་ཞལ་འགྱུར་ཞིང་མཆེ་བ་གརྩིགས་པ། གློག་བཞིན་ལྗགས་འཇིབ་པར་བྱེད་པ། ཉི་མ་བཅུ་གཉིས་དང་འདྲ་བའི་འོད་འབར་ཞིང་འཕྲོ་བ་ནི་མེན་ལྟ ་བུའི་གོས་སྔོན་པོའི་སླད་བཀྲིས་བྱས་ཤིང་ཤད་འགག་པ་དང་། སྟེང་གཡོགས་སྣ་ཚོགས་པའི་གོས་ཀྱིས་བྱས་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཕྱག་བརྒྱད་པ་གཡས ་ན་མདའ་དང་རྡོ་རྗེ། ཁབ་དང་ལྕགས་མདའི་ཕྱག་གོ། གཡོན་དུ་གཞུ་དང་ཞགས་པ་དང་། ཤིང་དང་མྱ་ངན་མེད་པའི་ཡལ་ག་དང་། སྐུད་པ་སྣམས་པའི་ཕྱག་གོ། མཆོད་རྟེན ་འགྲོ་ལ་ཡོད་པའི་སྒྲ་དང་ལྡན་པས། ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་བའི་ཞབསུ་བཞགས་པ་ཁྲོས་པས་བསྒྲུབ་བྱ་མནན་པ་ཉིད་དུ་བསམ་པར་བྱའོ།། ཆུ་བོའི་ངོས ་གཉིས་ཀྱིས་དང་། མིའི་རུས་པའི་ཕྱེ་མ་དང་། དུར་ཁྲོད་ཀྱི་ཐལ་བ་དང་ལྡན་པས་གཟུགས་བརྙན་བྱས་ལ་ཚ་བ་གསུམ་དང་། དུག་དང་། ཁྲག་དང་། ཚ་དང་། སྐྱེ་ཆ་དང་། ་ད་རུ་ར་ཡིས། རའི་མགོ་ལ་བསྒྲུབ་བྱའི་མིང་བརྩེགས་མ་དང་བཅས་པ་སྤེལ་བར་བྱས་ལ་སྙིང་ཁར་བཞུག་པར་བྱ་སྟེ། ཨོཾ་མ་རི་ནྱེ་བད་ཏྲ་ལི། བ་ཏ་ལི། བ་ར་ཧ་མུ་ཁི་ཧཱུཾ་ཆེ ་གེ་མོ་སོད་ཅིག། ཧཱུཾ་ཕཊ་སྭཱ་ཧཱ། སྔགས་འདི་ལ་མིང་སྤེལ་ཏེ། མི་ཤ་སྐམ་པོ་དང་། གུ་གུལ་དང་ཡང་དག་པར་ལྡན་པས་རུ་ནི་བྱས་ལ། མི་ཆིལ་དང་བསྲེས་ཏེ་རོ་བསྲེག ་པའི་ཤིང་གི་མེ་ལ་སྟོང་ཕྲག་བརྒྱད་སྦྱིན་བསྲེག་བྱའོ།། ཚ་བའི་མར་ནག་གིས་གཞན་གྱི་དཔུང་གི་རྒྱལ་པོའི་མིང་བཟུང་སྟེ། གལ་ཏེ་གསོད་པར་འདོད་ན་དེ་ཉིད་ཀྱིས་བདུག ་ན་འཆི་བར་འགྱུར་རོ།། གལ་ཏེ་རེངས་པར་འདོད་ན་ཡང་རེངས་པར་འགྱུར་རོ།། ཡང་ན་གཡུལ་ངོ་མངོན་ཏུ་བལྟས་ཏེ། མིའི་རུས་པའི་ཕྱེ་མ་འམ། མི་ཆིལ་དང་བསྲེག་པའི ་སྔགས་བཟླ་ཞིང་སྦྱིན་བསྲེག་བྱས་ན། དགྲའི་དཔུང་གི་ཚོགས་དེ་མ་ཐག་ཏུ་རེངས་པར་བྱེད་དོ།། དེ་ནས་གཞན་ཡང་སྦྱོར་བ་ནི་ལྕེ ་སྦྱང་ཉེ་བར་ཞི་བར་འདོད་ན། གནག་གི་ལྔས་སོང་སྟེ། གནས་འཇུག་པའི་སྒོའི་རྟ་བབས་ལ་སྔགས་མངོན་པར་བྲིས་ཏེ། རྒྱལ་མཚན་དཀར་པོའི་རྩེ་མོ་ལ་བཙུགས་ཏེ་ཙན་དན་དཀར ་པོ་དང་། གར་གུམ་དང་། གི་ཝང་གིས་ཁྱུ་མཆོག་གི་རྩེ་མོ་དགན་པ་དང་། ཕྱུགས་རྗེའི་མིང་དང་སྤེལ་ཞིང་འཆན་ཁུང་ལ་ཁྱུ་མཆོག་གིར་ཕྱུགས་རྗེ་རྣམས་ཀྱི་སྐྱེ་བར་འཁོར་ལོ་བཅིང་ངོ་།། ་འཁོར་ལོ་ནི།། ཨོཾ་མཱ་བཱ་མཱཾ། ཡང་བས་བསྐོར་ཅིང་ཡ་ཙ་ཡིས་བསྐོར་ཏེ། དེའི་ཕྱི་རོལ་ཏུ་མང་གིས་བསྐོར་ལ་འཁོར་ལོ་དེ་ཉིད་བྱའོ།། སླར་ཡང་སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི ་ཚད་ལ། མཚོན་སྣའི་ལྔའི་སྐུད་པས་བཀྲིས་ཏེ། སྔགས་ལན་བདུན་བཟླས་ཏེ་ཕུར་བུས་གདབ་པོ།། ཨོཾ་མ་རེ་ནྱེ་ཧཱུཾ་སརྦ་བྷི་ག་ན་བུད། ས་ན་ད་ཡ་ཧཱུཾ་ཕཊ་སྭཱ་ཧཱ། བགེགས་བསྐྲད ་པའི་ཕུར་བུའི་སྔག་སོ།། དེ་ནས་ཕྱིས་ནི་གནག་ལྷས་དབུས་སུ་བཅོམ་ལྡན་འདས་མའི་ཐང་སྐུ་ཁ་ཤར་ཏུ་བསྟན་པས་བཀྲམ་པ་ལ་བློ་དང་ལྡན་པས་འབ་པ་དང་བཅས་པ་བྱའོ།། དེའི ་མདུན་དུ་སྦྱིན་བསྲེག་གི་ཟབ་ཁུང་གྲུ་བཞི་པ་ལ་ཁྲུ་གང་ཙམ་བསྐོར་བར་བྱས་ཏེ། ཚམས་བཞི་རུ་དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་འབྲུ་སྣ་ལྔ་དང་། དྲི་ཞིམ་པོའི་ཆུས་ཡོངས་སུ ་བཀང་བ་ཙན་དན་དཀར་པོས་བྱུགས་ལ། གོས་དཀར་པོ་ཟུང་གིས་བསྒྲིབ་པ། ཡལ་ག་རྣམ་པ་ལྔ་སྟེ། བྱ་སྒོ་དང་། བྱང་ཆུབ་ཀྱི་ཤིང་དང་། ཨུ་དུམ་ཐར་བ་དང་། ཨ་འབྲས་ད་། ་ཤི་ཨརྒའི་ཡལགས་བརྒྱན་པ། བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་བསྔགས་ལ་བཞག་གོ།། ཐབ་ཁུང་དེ་ཉིད་ཀྱི་མཚམས་བཞི་རུ་སེང་ལྡེང་གི་པུར་བུ་ལ་སྔོན་དུ་བསྟན་པའི ་སྔགས་བཟླས་ལ་གདགས་པར་བྱའོ།། ཡང་ཕྱིས་ནི་ལྕི་བས་མནྟ་ལ་བྱུགས་ལ། ཁྲག་གི་གཏོར་མ་དང་། ཀུ་མུ་ཏ་དང་། ཨུད་པ་ལ་དང་། པད་མའི་ཕྲེང་བ་དང་། དྲི་ཞིམ ་པོའི་མེ་ཏོག་གིས་རྣམ་པར་བཀྲམ་ལ། དྲི་ཞིམ་པོའོ་ཅན་དན་གྱི་ཆུས་ཆག་ཆག་བྱས་ཏེ། ཞོ་དང་། སྦྲང་རྩི་དང་། བུ་རམ་དང་། ལྡན་པས། ཟས་ཁམ་སྐྱོང་ཅིག་གི་ལྷ་བཤོས ་འབུལ་བར་བྱའོ།། བའི་མར་གྱིས་མར་མེའི་ཕྲེང་བ་ཁས་ལེགས་པར་བརྒྱན་ཅིང་བླ་རེ་བརྒྱངས་ལ་མེ་ཏོག་གི་ཕྲེངས་སྦྱངས་ཤིང་། གོས་དཀར་པོའི་རྒྱལ་མཚན་གྱི་རྩེ་མོར་སྔགས་བྲིས ་ལ་བཙུགས་ལ་གུ་གལ་གྱི་བདུག་པའི་སྤོས་སྦྱིན་ནོ།། བཅོམ་ལྡན་འདས་མ་འོད་ཟེར་ཅན་ཡང་དག་པར་མཆོད་པ་ལ། མཉེས་པར་བྱས་ཏེ། སྔོན་དུ་བསྟན་པའི་སྔགས་ཀྱིས་མངོན ་པར་སྔགས་ལ། ཉེ་བར་ཁོ་བ་ཐམས་ཅད་དབུལ་བར་བྱའོ།། ཡང་ཐང་སྐྲའི་མདུན་དུ་སྦྱིན་བསྲེག་གི་ཐང་ཁུང་ཁྲུ་གང་ཙམ་བསྐོར་བ་བསྒྲུབ་པ། ཁ་ཁྱེར་སོར་བཞི་པ་རྡོ་རྗེའི་ཕྲེང ་བས་བསྐོར་བ། རྩེ་བ་དང་བཅས་པའི་པད་མའི་རྣམ་པར་བྱའོ།། དེའི་དབུས་སུ་པད་མ་ལ་རྡོ་རྗེས་མཚན་པར་བྱས་ཏེ་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུགས་ལ་མེ་ཏོག ་གིས་རྣམ་པར་བཀྲམ་པར་བྱའོ།། དེ་ནས་སྔགས་པས་ཁྲུས་བྱས་ཤིང་། གཙང་མའི་གོས་དཀར་པོ་གྱོན་ལ། ཉེ་བར་འཁོ་བའི་ཐོད་དཀར་པོ་བཅིངས་ཏེ། རྡོ་རྗེ་དྲིལ་བུ་བཟུང ་ཞིང་། སྙེམས་པ་དང་བཅས་པས་འཇུག་པར་བྱའོ།། ཐབ་ཁུང་གི་མདུན་དུ་སྔགས་ཀྱིས་བགེགས་བསྐྲད་ལ་སེང་ལྡེང་གི་ཕུར་བུ ་ཡིས་ཟབ་ཁུང་གི་ཕྱི་རོལ་གྲུ་བཞིར་གདབ་པར་བྱའོ།། དེ་ནས་སྔོན་བཞིན་དུ་ཐབ་ཁུང་ཤར་ནས་ནུབ་ཏུ་མངོན་པར་ཕྱོགས་པར་གནས་ལ། སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས་པ ་སྔགས་པས་ཀུ་ཤའི་ཆང་བུའི་སྟེང་དུ་གས་ལ་ཐབ་ཁུང་གི་ཕྱོགས་བཞིར་ཀུ་ཤ་བཀྲམ་པར་བྱའོ།། དེ་ནས་དགོས་པ་ཐམས་ཅད་ལ་སྔགས་བཟླས་ཏེ། ག་ཡས་ཕྱོགསུ་བཞག་པར་བྱའོ།། ་གཡོན་ཕྱོགས་ཆུའི་སྣོད་བཞག་ཅིང་མདུན་དུ་མཆོད་ཡོན་གྱི་སྣོད་དྲི་ཞིམ་པོའི་ནུ་དང་། མེ་ཏོག་གིས་བཀང་བ་བཞག་ལ། ཞོ་དང་། བུ་རམ་དང་། སྦྲང་རྩི་དང་། ལྡན་པས་ཡང་བཞག ་ཏེ། རྩུབ་ཤིང་གིས་བཏོན་པའི་མེ་ལ་ཐབ་ཁུང་གི་ནང་དུ་བཞག་སྟེ། བྱ་སྒྲོ་གྲོ་ཏ་དང་། ཨུ་དུས་པ་དང་། པ་ལ་ཤའི་ཡམ་ཤིང་གིས་མེ་སྦར་ལ། དེ་ནས་ཡང་ཨོཾ་ཡོངསུ་གྱུར་པས ་པ་ལས་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་རམ་ཡོངསུ་གྱུར་པ་ལས། མེ་ལྷ་སྒོམས་ལ་གཞན་མ་ལྷ་སྔགས་ཀྱིས་སྤྱན་དྲང་སྟེ། ཨོཾ་ཧྱ་ཧི་ས་ཧྱ་བྷུ་ཏ་དེ་པ་ཏི་ཛ་རི་ཤི་སན་ཏེ་མགྲི ་ཏྲི་ཏྲམ?། ས་ཧུ་ནི་མ་ཧ་ར་མ་སྨིན་ས་ན་ཙ་ཏེ་ཏི་བྷ་བཾ། མེ་ལྷ་སྤྱན་དྲང་བའི་སྔག་སོ།། ཨོཾ་ཨག་ནེ་ཡེ་དྷེ་བྱ་ཏི་བྱ་ཨ་བྱི་ཤ་མ་ཧ་ཤྲི་ཏེ་ཧ་བྱ་ཀ་བྱ་ཧ་ན་ཡ་སྭཱ་ཧཱ། མེ་ལྷའི་སྔགསོ། ཟླ་བའི ་དཀྱིལ་འཁོར་ལ་གནས་པའི་ཞལ་གསུམ་པ་ཕྱག་བཞི་པ་འབར་བའི་སྤྱན་གསུམ་པ་མེ་ལྷ་བཟང་པོ་སྟོན་ཀའི་ཟླ་བའི་འོད་འདྲ་བ་དྲི་མ་མེད་པ་བདུད་རྩིའི་རྒྱུན་འབབ་ཅིང་ཞི་བ་དབྱུག ་པ་དང་། རིལ་བ་སྤྱི་བླུགས་དང་། ཕྲེ་བ་དང་། མཆོག་སྦྱིན་པ་འཆང་བར་བསམ་ལ། མཆོག་ཡོན་སྤྲིན་ལ་སྔོན་དུ་བསྟན་པའི་སྨོད་དུ་མཆོད་པ་ལྔ་དང་བཅས་པས་དེའི་ཞལ ་དུ་སྒང་ལུགས་གསུམ་དབུལ་བར་བྱའོ།། ཡང་ཆུས་གསུངས་ལ་ཞི་བ་ལ་ནི་འབར་བའི་ངོ་བོ་ཉིད་དུ་ཡོངས་སུ་གྱུར་ནས་གཞན་ཡང་དེ་ཉིད་དུ་ལྷ་མོ་འོད་ཟེར་ཅན་ཟླ་བའི་དཀྱིལ ་འཁོར་ལ་གནས་པ་སྟོན་ཀའི་ཟླ་བ་ལྟ་བུར་དཀར་ཞིན་གཞན་ནུ་མ་སུད་པ་ལ་སྔོན་པོའི་སྤྱན་ཅན། ནམ་ཟ་དཀར་མོ་འཆང་བཞི་པ་ལ་ནི་སྣ་ཚོགས་པའི་བདུད་རྩིའི་བུམ་པ་འཆང་ཞིང ་འབབ་ལ། འབར་བའི་མེ་ལྷ་ཞེས་པའི་ལྷ་གཞོན་ནུ་མ་འགྲོ་བ་ལ་བདུད་རྩིའི་རྒྱུན་འབབ་བཞིན་པའི་ལྷ་མོ་བསམ་ལ། དེའི་ཞལ་དུ་སྐང་ལུགས་དབུལ་བར་བྱའོ།། ཕྱུགས་ཀྱི། ་འོག་སྐུ་དང་། རུས་པ་དུར་བ་དང་ལྡན་པས། ཞོ་དང་། སྦྲང་རྩི་དང་། མར་དང་། འོ་མ་དང་བསྲེས་ལ་ལན་སྟོང་ཕྲག་བརྒྱད་སྦྱིན་བསྲེག་བྱའོ།། གཞན་ཡང་གནས་ལྷས ་ལས་ཕྱིར་སོང་ངམ། འབྱུང་པོ་ཐམས་ཅད་གཏོར་མ་ལྔ་དང་བཅས་པ། ཞོ་དང་། འོ་ཐུག་དང་། འོ་མ་དང་། ཁུ་བ་དང་། སྲན་མ་མ་ཤ་དང་། བུ་རམ་དང་། བསྲེས་པ་ཁུར ་བ་དང་། བཅས་པ་ལ་ལན་བདུན་མངོན་པར་སྔགས་ཏེ་སྦྱིན་པར་བྱའོ།། འོ་ཐུག་ནི་ཀླུ་རྣམས་ལའོ།། འོ་མ་ནི་ལྷ་རྣམས་ལའོ།། ཞོ་དང་། འོ་མ་ནི་ལྷ་རྣམས་ལའོ།། སྙིང་པོ་གསུཾ ་ནི་གནོད་སྦྱིན་རྣམས་ལའོ།། འབྲས་ཀྱི་ཕྱེ་མ་བུ་རས་དང་བསྲེས་གོང་བྱས་པ་ནི་ཚོགས་ཀྱི་བདག་པོ་ལའོ།། ཁུར་བ་ནི་ཤ་ཟ་རྣམས་ལའོ།། འབྲས་དང་མ་ཤ་བསྲེས་པའི་ཐུག་པ་ནི་འབྱུང ་པོ་རྣམས་ལའོ།། ཤ་ནི་སྲིན་པོ་རྣམས་ལའོ།། ཉ་ནི་ཡི་དགས་ལའོ།། ཨོཾ་ཁཱ་ཁ། ཁ་ཧི་ཁ་ཧི། སྨིནན་རྒྱུན་སརྦ་བྷུཏ་བྷ། ་ལིང་སྭཱ་ཧཱ། ཡང་ལྷའི་ཁང་པར་ཞུགས་ལ། སྔགས་བརྒྱད་བརྒྱ་བཟླས་ཏེ་ནུབ་མོའི་ཆུས་གན་པའི་བའམ། ཁྱུ་མཆོག་ལ་གཏོར་བར་བྱའོ།། དེས་ནི་ལྕེ་སྤྱང་གི་ཉེ་བར་འཚབ ་ཞི་བར་འགྱུར་རོ།། དེ་ལྟར་བྱས་ཏེ་དུས་གསུམ་ཏུ་ཞི་བཞི་བཟླས་པས་སྦྱིན་བསྲེག་ཞག་བདུན་དུ་ཞི་བར་འགྱུར་རོ།། ཨོཾ་མ་རི་ཙེ་སྭཱ་ཧཱ། ལག་པ་གཉིས་མཉམ་པར་བྱས་ལ་ཐལ་མོ ་གཉིས་པའམ། གཙོ་མོ་ཁ་ཕྱེ་ཡང་རུང་སྟེ། ཐེ་བོ་གཉིས་བཀུག་ལ་སྡིགས་འཛུབ་གཉིས་གྲོལ་བའི་ཚུལ་ཏུ་སྦྱར་བའི་རྣམ་པས་མཚོན་པའོ།། དཀྱིལ་དཀྲུང་འདུག་སྟེ་ལྟེ་བའི ་ཕྱོགསུ་དེ་སྦྱར་བར་བྱའོ།། ཕྱག་རྒྱ་འདི་ནི་མཆོག་ཡིན་ཏེ། ལས་རྣམས་ཀུན་ལ་སྦྱར་བར་བྱའོ།། གླང་པོ་ཆེ་དང་། རྟ་དང་། ཕྱུགས་དང་། མ་ཧེ་ཤ་དང་། མི་དང་། མ ་མོ་དང་། རྒྱལ་པོ་དང་། བྱིས་པ་རྣམས་ནི་འདིས་ཐེ་ཚོམ་མེད་པར་ཞི་བར་འགྱུར་རོ།། དེ་ནས་སྦྱིན་བསྲེག་གི་ཟབ་ཁུང་དུ་པ་ལ་ཤ་དང་། ནྱ་གྲོ་ཏ་ཡམ་ཤིང་བྱས་ལ་དུར་བ་ཉག ་ས་རེ་རེ་སྦྱིན་སྲེག་བྱའོ།། ཚེ་འདོད་པ་དང་ཞི་བར་འདོད་པ་དང་། མིང་ས་བེ་ཏ་ཞེས་བྱ་བའི་མེ་ལྷ་ཐམས་ཅད་དཀར་བའི་རང་བཞིན་ནི་ཞི་བ་ལ་དྲན་པར་བྱའོ།། རྒྱས་པ་ནི་གྲུ་བཞི་པ ་ཁ་གྱེ་སོར་བཞི་པ་ལ་རྡོ་རྗེ་ཕྲེང་བས་བརྒྱན་ཅིང་པད་མ་དང་། འཁོར་ལོ་དང་། རིན་པོ་ཆེས་ཡང་དག་པར་བརྒྱན་པ། ཐབ་ཁུང་གི་འཚམ་སུ་སྣ་ཚོགས་ཀྱི་རྡོ་རྗེས་མཚན་པ་ལ། ་ཨ་ཤ་ཐ་དང་ཨུ་དམ་པ་རའི་ལམ་ཤིང་བསྲེགས་ཤིང་གི་མེ་ཏོག་དང་ཨུད་པ་ལ་དང་། པད་མ་དཀར་པོ་དང་། ཞོ་དང་མར་དང་། སྦྲང་རྩི་དང་བསྲེས་པའི་རྗེས་ཀྱི་གསེར ་བུ་སེར་བའི་མེ་ལྷ་ལེགས་པར་བརྒྱན་པས་གནས་པར་བསམས་ལ་ཉེ་བར་འཁོ་བ་ཐམས་ཅད་སེར་པོ་ནི་རྒྱས་ཕ་ལ་དྲན་པར་བྱའོ།། ཡང་དབང་ལ་ནི་གྲུ་གསུམ་བྱང་ཆུབ་ཤིང་གི་འདབ ་མ་ལྟ་བུ་ཐབ་ཁུང་དེའི་དབུས་སུ་ཡང་པད་མ་བྱང་ཆུབ་ཀྱི་ཤིང་གི་ལོ་མ་ལྟ་བུ་དེའི་སྟེང་དུ་རྡོ་རྗེ་རྩེ་གསུམ་པ། ཁ་ཁྱེར་ལ་རྡོ་རྗེ་ལྕགས་ཀྱུའི་ཕྲེང་བས་རྣམ་པར་བརྒྱན་པ། བྱང་ཆུབ་ཀྱི་ཤིང ་གི་ཡམ་ཤིང་བྱས་ལ། ཏིལ་དང་། ཆ་དང་། སྐྱེ་ཙེའི་རྫས་དང་། གོས་དམར་པོ་དང་། ཕྲེང་བ་དམར་པོ་དང་། ཙན་དན་དམར་པོ།། ཀ་མ་ཏའོ་ཞེས་བྱ་བའི་མེ་ལྷ་བན་དུཀ ་དང་། འཇ་མེ་ཏོག་ལྟ་བུ་ལ་དམར་པོ་བསམ་པ་ཡི། མངོན་སྤྱོད་ལ་ནི་ཟླ་ཕྱེད་ཀྱི་རྣམ་པ་ལྟ་བུའི་ཐབ་ཁུང་ཁ་གྱེར་ལ་རྡོ་རྗེའི་ཕྲེང་བས་བརྒྱན་པ། དབུས་སུ་ནི་རྡོ་རྗེ་ཁ་ཕྱེ་བའོ།། ་རོ་བསྲེགས་པའི་ཤིང་དང་གཏུམ་མོའི་མེ་ལ་མི་ཤ་དང་མིའི་རུས་པའི་ཕྱེ་མ་དང་། མེའི་འཚམས་མིའི་ཚི་ལ་ལུ་དང་བསྲེས་པའི་རྫས་ནི་མངོན་སྤྱོད་ལང་སྟེ། ཀྲོ་དྷ་ན་ཞེས་བྱ་བའི་མེ་ལྷ ་ནག་པོ་གོས་ནག་པོ་འཆང་བ། ཆེ་བ་གརྩིགས་པའི་ཞལ་འཇིགས་པར་བྱེད་པ། འཇིགས་པར་བྱེད་པའི་བསྐལ་པའི་མེ་ལྟ་བུ་ལངས་པའི་རང་བཞིན་ནོ།། སྒྱུ་མ་འོད་ཟེར་ཅན ་འབྱུང་བ་ཞེས་བྱ་བའི་རྒྱུད་ལས་བྱུང་བ། རྟོག་པའི་རྒྱལ་བ་ཡང་དག་པར་རྣམ་པར་སྣང་མཛད་ཀྱི་གསུངས་པ་ཇི་ལྟ་བ་བཞིན་དུ་ཇི་སྲེད་པ།། རྫོག་སྷོ།། ་པོ་འོད་ཟེར་ཅན་ལ་ཕྱག་འཚལ་ལོ།། སྒྱུ་མའི་མིང་ལྷ་མོ་འོད་ཟེར་ཅན་འབྱུང་བ་ཞེས་བྱ་བའི་རྒྱུད་ལས། འོད་ཟེར་ཅན་འབྱུང ་བ་ཞེས་བྱ་བའི་དཀྱིལ་འཁོར་ཡང་དག་པར་རྒྱལ་བས་གསུངས་པ་བརྗོད་པར་བྱ་སྟེ།། སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི།། གྲུ་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞི་ཡི ་རྣམ་བརྒྱན་ཅིང་།། དྲ་བ་དྲ་བ་ཕྱེད་པས་སྦས།། ཀ་བ་བརྒྱད་ཀྱིས་མཛེས་པ་སྟེ།། རྡོ་རྗེ་རིན་ཆེན་ཟླ་ཕྱེད་ནི།། འོད་ཟེར་ཕྲེང་བས་འཚམས་ཆར་བྲི།། དབུས་སུ་འཁོར་ལོ་ཡང་ནི ་བྲི།། རྡོ་རྗེ་རྒྱན་གྱི་འོད་བྲང་ཅན།། འཁོར་ལོའི་སྟེང་དུ་རྡོ་རྗེ་སྟེ།། རྡོ་རྗེ་ཕྲེང་བས་བསྐོར་བའོ།། ལྷ་རྫས་འབར་བ་ཡི་ནི་མེ།། སྟོན་ཀའི་ཟླ་བ་དྲི་མེད་འོད།། བུམ་པ་བརྒྱད་ནི་བཞག་པ་སྟེ། ་སྨན་ཆེན་པོ་ལྔ་དང་། འབྲུ་སྣ་ལྔ་དང་། རིན་པོ་ཆེ་ལྔ་དང་། དྲི་ཞིམ་པོའི་ཆུས་བཀང་བ་ལ། གོས་ཀྱིས་ཡོངས་སུ་བཀྲིས་ཏེ། ཙན་དན་དཀར་པོའི་ཡན་ལག་བྱུགས་ལ། མེ ་ཏོག་ཕྲེང་བསབརྒྱན་ཏེ། སྣ་ཚོགས་པའི་ལྷ་བཤོས་དང་། མར་མེ་འཕྲེང་བས་ལེགས་པར་བརྒྱན་ནོ།། དེ་ནས་རྣམ་པར་རྒྱལ་བའི་བུམ་པ་ལ་བརྒྱད་བརྒྱ་སྔགས་ཏེ། ་སྲན་ཆེན་པོ་ལྔ་དང་། རིན་པོ་ཆེ་སྣ་ལྔ་དང་། གོས་དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་ཁུ་དང་། སྔོན་པོས་བརྒྱན་ཅིང་བཞག་གོ།། མེད་ན་རས་སུ་གཟུང་ཅིག ་གིས་བྱ་ཞིང་བླ་རེ་བརྒྱངས་པ་ཉིད་དང་། སྣ་ཚོགས་པའི་རྒྱལ་མཚན་ལ། མེ་ཏོག་གི་ཕྲེང་བས་དཔྱངས་ཏེ། དྲི་ཞིམ་པོའི་བདུག་སྤོས་ཀྱིས་བདུག་ལ། སློབ་མ་དེ་རུ་བཞག ་བར་བྱའོ།། གོས་ཟུང་གིས་གདོང་བཀྲིས་ལ། དེ་ནས་མགོ་ལ་བོད་ཀྱི་རྣམ་པར་བཅིངས་ལ། ཙན་དན་གྱིས་ཡན་ལག་བྱུགས་ལ། མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། དབང ་བསྐུར་བར་བྱའོ།། ཨོཾ་མ་རིཙྪ་སྭཱ་ཧཱ། ཉེ་བར་འཁོ་བ་རྣམ་ལ་སྔོན་དུ་བསྔགས་ཏེ། དེ་ནས་དབུས་སུ་མིང་ལྷམོ་འོད་ཟེར་ཅན་ཞེས་བྱ་བ། འཇམ་བུའི་ཆུ་བོ་གསེར་ལྟ་བུའི་འོད ་བྱེད་པ་ཀྱ་ལྟ་བུའི་སེར་མོ།། སྐུ་ལ་གོས་སྔོན་པོ་འཆང་ཞིང་། ཤ་འགག་དང་སྟེང་གཡོགས་སྔོན་པོ་སྣ་ཚོགས་པའི་གདུ་བུ་ལ་སོགས་པ། རྒྱན་ཐམས་ཅད་ཀྱིས་ཡོངསུ ་བརྒྱན་པ་དབུས་སུ་བཀོད་དེ། ཕྱག་དྲུག་ལ་ཞལ་གསུམ་པ་སྤྱན་གསུམ་པ། ཕག་པ་ལ་ཞོན་པ། མཆོད་རྟེན་སྤྱི་བོར་བྱས་པའི་མགོ་སྐྱེས་ཅན། ཕྱག་གཡོན་པ་ན་གཞུ་དང་། ་ཨུད་པ་ལ་དང་། མྱ་ངན་མེད་པའི་ཡལ་ག་བསྣམས་པ། ཕྱག་གཡས་པ་ན་མདའ་དང་། རྡོ་རྗེ་དང་། ཁབ་བསྣམས་པའི་ཕྱག་ཅན། མཆོད་རྟེན་གྱི་ཁོངསུ་གཡས་ཀྱང ་བའི་ཞབས་ལ་བཞུགས་པའོ།། ཨོཾ་ཨ་རྒ་མ་སི་སྭཱ་ཧཱ། ཞེས་བྱ་བའི་ནི་ཤར་ཕྱོགསུ་བཀོད་དོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་འཆར་ཀའི་ཉི་མ་ལྟ་བུ་གཞོན་ནུ་མ་ལང་ཆོ ་ལ་བབ་པ་སྔོན་པོའི་ཤ་འགག་ཡོད་པ། ཁབ་དང་སྐུད་པའི་ཕྱག་གི་ཁབ་དང་མིག་དྲུག་པོའི་ཕྱག་གཉིས་པའི། ལྷོ་ཕྱོགསུ་གནས་པའི་ལྷ་མོ་ནི། ཨ་མརྒ་སི་སྭཱ་ཧཱ།། ་ཞེས་བྱ་བ་ནི་མགེ་རུ་རི་གསེར་གྱི་མདོག་ཅན། གཞོན་ནུ་མའི་རྣམ་པ་འཆང་བ་གོས་སྔོན་པོ་ཤ་འགག་སྔོན་པོ་དང་། སྟང་གཡོགས་སྔོན་པོ་ཅན། མྱ་ངན་མེད་པའི་ཡལ་གེ་དང་། ་ཁབ་སྐུད་བསྣམས་པའི་ཕྱག་གཉིས་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྲི་བར་བྱ་བ་ནི་ལྷ་ཕྱོགས་ཀྱི་ལྷ་མོའོ།། ཨོཾ ་ཨན་ཏ་ར་དྷ་ན་མ་སི་སྭཱ་ཧཱ། ཞེས་བྱ་བ་ནི་ནུབ་ཕྱོགས་གནས་པའི་ལྷ་མོའོ།། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཞོན་ནུ་མ། ཞགས་པ་དང་མྱ་ངན་མེད་པའི་ཡུལ་ག་བཟུང ་བའི་ཕྱག་མདོག་སེར་བ། སྔོན་པོའི་གོས་དང་། ཤ་འགག་དང་། སྟེང་གཡོགས་ཅན། ཕག་པ་ལ་ཆིབས་པས་ཕྱག་གཉིས་པ་མེ་ལྟ་བུར་འབར་བ་ནུབ་ཕྱོགསུ་ཡང་དག ་བར་གནས་སོ།། ཨོཾ་ཏེ་ཙི་ལ་སི་སྭཱ་ཧཱ། བྱང་ཕྱོགསུ་གཞོན་ནུ་མ་རྒྱན་སྣ་ཚོགས་པས་བརྒྱན་པ་མདོག་ཅན་དམར་པོ་སྔོན་པོའི་ཤ་འགག་དང་། སྟོད་གཡོགས་དང་གོས་འཆ ་བ། ཕྱག་གཉིས་པ་མདའ་དང་གཞུ་སྣམས་པའི་ཕྱག་ཅན། གོ་རིམས་བཞིན་དུ་བྱང་གི་ཕྱོགས་གནས་བརྒྱད་དུ་ལྷ་མོ་དགོད་པར་བྱའོ།། ཨོཾ་ཨུ་ད་མ་སི་སྭཱ་ཧཱ། མེའི་ཕྱོགས ་སུའོ།། ཨོཾ་གུ་ལཾ་སི་མ་སི་སྭཱ་ཧཱ། བདེན་བྲལ་གྱི་ཕྱོག་སུའོ།། ཨོཾ་བ་ན་སི་སྭཱ་ཧཱ། རླུང་དུའོ།། ཨོཾ་ཙི་ར་མ་ས~ཾ་སྭཱ་ཧཱ། དབང་ལྡན་དུ་ཅི་ལྟ་བའི་རིམ་པས་དེ་ལྟར་གྱིས་རིམ ་པ་བཞིན་དུ་ལྷ་མོ་དགོད་པར་བྱའོ།། དེ་བཞིན་དུ་དེ་ཐམས་ཅད་ཉིད་དེ་ནི་ཕག་པའི་ཞལ་གཟུགས་ཅིག་པ་སྟོབས་ཆེ་བའོ།། ཕག་པ་ཡོངས་གྱུར་པ་སྔོན་དུ་སོང་བས་ཅི་ལྟ་བའི ་ལས་ཀྱིས་རྗེས་འབྲངས་ཏེ་བསམ་པར་བྱའོ།། དེ་ལྟར་ཤར་གྱི་སྒོ་རུ། ཨོཾ་ཨ་ལི་སྭཱ་ཧཱ། ཞེས་བྱའོ།། ལྷོའི་སྒོར། ཨོཾ་དྷ་ལོ་སྭཱ་ཧཱ་ཞེས་བྱའོ།། ནུབ་ཀྱི་སྒོ་རུ། ་ཨོཾ་ཀ་ལོ་སྭཱཧཱ། ཞེས་བྱའོ།། བྱང་གི་སྒོར། ཨོཾ་སད་ཙ་ལོ་སམ་མུར་དྷ་ཏི་སྭཱ་ཧཱ། ཞེས་བྱའོ།། མེའི་འཚམ་ས་ཨོཾ་པ་ལི་སྭཱ་ཧཱ།། ཞེས་བྱའོ།། བདེན་བྲལ་དུ་ནི། ་ཨོཾ་པ་ལི་སྭཱ་ཧཱ། ཞེས་བྱའོ།། རླུང་དུ་ནི། ཨོཾ་བ་ར་ལི་སྭཱ་ཧཱ། ཞེས་བྱའོ།། དབང་ལྡན་དུ་ནི། ཨོཾ་བ་ར་ཧཱ་སུ་ཙི་སྭཱ་ཧཱ། ཞེས་བྱའོ།། ལྷོའི་སྣམ་བུ་ལ་གཉིས ་ཏེ། ཨོཾ་པ་ད་ཀྲ་མ་སི་སྭཱ་ཧཱ། ཞེས་བྱའོ།། ཨོཾ་པ་ར་སི་ལི་སཱཧཱ། ཞེས་བྱའོ།། ནུབ་ཀྱི་རྣམ་བུ་ལ་ཡང་གཉིས་ཏེ། ཨོཾ་བ་ར་ཀྲ་མ་སི་སྭཱ་ཧཱ། ཞེས་བྱའོ།། ཨོཾ་བར་ལེས ་ཧཱ།། ཞེས་བྱའོ།། བྱང་གི་སྣམ་བུ་ལ་ཡང་གཉིས་ཏེ། ཨོཾ་ཨུད་མ་མ་སི་སྭཱ་ཧཱ། ཞེས་བྱའོ།། ཨོཾ་པ་ར་ལི་སྭཱ་ཧཱ། ཞེས་བྱའོ།། ཤར་གྱི་སྣམ་བུ་ལ་ཡང་གཉིས་ཏེ། ་ཨོཾ་མ་ཧ་ཙི་པི་རི་མ་སི་སྭཱ་ཧཱ། ཞེས་བྱ་བོ་ཨོཾ་བ་ར་ཧ་མུ་ཁི་སྭཱ་ཧཱ། ཞེས་བྱའོ།། འདི་ལྟར་ཤར་ལ་སོགས་པའི་སྒོ་སྐྱོར་རྣམས་ནི་མི་བསྐྱོད་པ་ལ་སོགས་པའི་དེ་བཞིན་གཤེགས ་པ་རྣམས་མདོག་དང་། རྡོ་རྗེ་ལྕགས་ཀྱུ་ལ་སོགས་པའི་མཚན་མ་རྣམས་པ། བད་ཏ་ལ་རྫོགས་པ་ནི། ཨརྒ་མ་སི་ལ་སོགས་པ་དང་མདོག་ཀྱང་དྲི་ཞིམ་མཚན་མ་ཡང་འདྲ་བར ་འཆང་བའོ།། ལྷོ་ཕྱོགས་ལ་སོགས་པའི་སྣམ་བུ་ལ། ལྷ་མོ་གཉིས་ནི་དེ་བཞིན་གཤེགས་པའི་མཆོག་རིམ་པ་ཅི་ལྟ་བ་བཞིན་དུ་རྡོ་རྗེ་དང་། མྱ་ངན་མེད་པའི་ཡ་རྩེ་ལག་དང་། ་མདའ་དང་། གཞུ་དང་། ཁབ་དང་། སྐད་པ་དང་། ལྕགས་ཀྱུ་དང་། ཞག་པ་འཆང་བ་ཐཾད་ཕག་གི་ཞལ་ཅན། ཕ་སྤྱན་གསུམ་པ། ཕག་ལ་ཞོན་པ། རྒྱན་ཐམས་ཅད ་ཀྱིས་བརྒྱན་པ་བསམ་པར་བྱའོ།། དེ་ལྟར་སྒོམ་པའི་དཀྱིལ་འཁོར་ནི། སྡིག་པ་ཐམས་ཅད་སེལ་ཞིང་དཔལ་དང་གཡང་འཆང་ཞིང་ནོར ་དང་འབྲུ་བསྐྱེད་པར་བྱེད་པ། ཐམས་ཅད་ཀྱིས་བརྒྱན་པ་བསམ་པར། དགེ་བའི་ཡིད་ལ་བྱེད་པའི་འབྲས་བུ་ནི། རྟག་ཏུ་བཟླས་པ་ཙམ་གྱིས་འགྲུབ་པར་བྱེད་དོ།། དེ་ནས་གཞན ་ཡང་ལས་ནི་འདི་ཡིན་ཏེ། ཨོཾ་མ་གི་ས་བོན་མཆོག་ཏུ་གྱུར་པའི། ཨོཾ་མ་རཱི་ནྱེ་སྭཱ་ཧཱ། སྔགས་འདིས་ལས་ཐམས་ཅད་བྱའོ།། ཞི་བ་དང་། རྒྱས་པ་དང་། དབང་དང་། མངོན ་སྤྱོད་དང་། དགུག་པའི་སྔགས་ནི་ཧྲི་དང་སྤེལ་བར་བྱས་ཏེ། སྙིང་ཁར་ཧཱུཾ་གིས་གསལ་བར་བྱ་ཞིང་། འགལ་མེའི་འཁོར་ལོ་འཁོར་བཞིན་པ། བསམས་ནི། དཔག་ཚད་བརྒྱན ་ཡོད་པའི་ལྷ་རྫས་ཀྱི་བུད་མེད་འགུག་པར་འགྱུར་རོ།། དེ་ནས་རྒྱལ་པོ་དབང་དུ་འདོད་ན། ཚ་བའི་རང་བཞིན་གྱི་གཟུགས་བརྙན་བྱས་ལ་དེ་ལ་དུས་གསུམ་མེ་ལྷ་སྦྱིན་བསྲེག་བྱས་ལ། ་ཞག་བན་ཏུ་མཐོང་ཞིང་ཡིད་ཆེས་པར་དབང་དུ་བྱེད་དོ།། ཞི་བར་བྱེད་པར་འདོད་པས་ན་དུར་བ་འབུམ་ཕྲག་ཅིག་འབུལ་བར་བྱའོ།། དེ་ནས་འོད་ཟེར་ཅན་རང་གི་གཟུགས་ཀྱིས ་མཐོང་བའམ་ཡང་ན་ཕུན་སུམ་ཚོགས་པ་ཆེན་པོ་ཐོབ་པར་འགྱུར་རོ།། སྐྱེ་བ་འདི་ལ་བདེ་བ་ཐམས་ཅད་བསྐྱེད་པར་བྱེད་པའི་མཆོག་གོ། ཡང་ན་ཀུ་མུ་ཏ་དང་། ཨུད་པ་ལ་འབྲུ ་ཕྲག་ཅིག་སྦྱིན་བསྲེག་བྱས་ན། ཡིད་ལ་འདོད་པའི་ལོངས་སྤྱོད་ཐོབ་ཅིང་བཅོམ་ལྡན་འདས་མ་འདི་མཐོང་བར་འགྱུར།། གཞན་ཡང་ལས་ནི། ཨོཾ་མ་རི་ཧྱེ་བད་ཏ་ལི་མ་ཏ་ལི། ་མ་ར་ལི། མ་ར་ལི། མ་ར་ཧ་མུ་ཁི། སརྦ་དུ་པྲ་བ་ན། ཙ་གྷུར་ཁཾ་བན་དྷ་བན་དྷ་པཱ་སྭཱ་ཧཱ། ཞེས་བྱའོ།། འདིས་ནི་གོས་ལ་ལན་བདུན་སྔགས་ལ་མདུད་པ་བྱས་ཏེ། སེང ་ལྡེང་སོར་བཞི་པའི་ཕུར་བུ་རྣམ་པར་གཅུགས་ནས་སོང་ན་རྐུན་མ་ལ་སོགས་པའི་གླང་པོ་ཆེའི་རྒྱལ་པོ་མཆེ་བ་གཙིགས་པ་ལྟ་བུར་མཐོང་ཞིང་། རྐུན་མ་ཐམས་ཅད་བཙོངས་པར་འགྱུར།། ་སྐྱེ་འགྲོའི་ཚོགས་ཐམས་ཅད་རྗེསུ་ཆགས་ཤིང་རྨོངས་པར་འགྱུར་རོ།། དེ་ནས་སྦྱོར་བ་གཞན་ཟངས་མའི་སྣོད་དུ་གཟུགས་ཉེ་བར་བྲིས་པས། བ་གླང་དང་། ཡུང་བ་དང་། ཕྱུགས ་ཀྱེ་མིང་དང་སྔགས་སྦལ་བས། སྣ་ཚོགས་རྡོ་རྗེ་རྐང་པས་གནན་པ་བྲིས་པར་བྱས་ན། འགྲོ་བ་དང་། འོང་བ་རངས་པར་བྱེད་དོ།། འདིས་ནི་ཆུའི་སྟེང་དུ་གཞག་ན་མཐོང་བས ་ཡིད་ཆེས་སོ།། དེ་ནས་གཞན་ཡང་སྦྱོར་བ་ནི་གི་ཝང་དང་། རྟའི་ཁྲག་གིས་ཟངས་མའི་སྣོད་ལ་གཟུགས་བརྙན་བྲིས་ལ། མིང་དང་སྔགས་སྤེལ་བ་སྙིང་ཁར་ཆུའི་སྟེང་དུ་བཞག ་པར་བྱ་ཞིང་། བཟླས་བརྗོད་བྱས་ན་དཔག་ཚད་སྟོང་ན་ཡོད་པ་ཡང་འགུགས་པར་འགྱུར།། རླུང་གི་དཀྱིལ་འཁོར་ལ་གནས་པ། ཞགས་པ་དང་ལྕགས་ཀྱུ་བཀུག་བཞིན ་པར་སྐྱེས་པའམ། བུད་མེད་རྣམ་པར་བསམས་ན། འགུགས་པ་ལ་ཐེ་ཚོམ་མེད་དོ།། འོད་ཟེར་འབྱུང་བའི་དཀྱིལ་འཁོར་དུ་དབང་བསྐུར་བ། བླ་མ་དང་ལྷ་གཉིས་ལ ་མཆོད་པ་བྱེད་ན། དེ་ལ་ལྷའི་སྔགས་ཡང་དག་པའི་རྒྱལ་བས་གསུངས་པ་འགྲུབ་པར་འགྱུར་རོ།། ཡི་གེ་བཞི་ཕྱོགས་བཞིར་རི་དང་འདྲ་བ་ཨེན་ཏེ་ནི་ལེའི་འོད་ཅན་དཔག་ཆད ་སྟོང་དུ་ཁྱབ་པ་བཀོད་དེ། དེའི་དབུ་སུཟླ་པའི་དཀྱིལ་འཁོར་རོ།། དེའི་དབུས་སུ་པས་ལས་ཡོངས་སུ་སྤྲུལ་པའི་བདག་ཉིད ་ཡོངས་སུ་སེར་ཞིང་མཛེས་པའི་གཟུགས་ཡིད་དུ་འོང་བ། གོས་ནག་པོ་འཆང་ཞིང་གོས་སྔོན་པོའི་ཤ་འགག་དང་། སྟེང་གཡོགས་ཅན་ཕྱག་དྲུག་པ། བག་གི་ཞལ་གསུམ་པ། ་སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུལ་བ་མཆོད་རྟེན་དཀོད་པ། ཕྱག་གཡས་པ་ན་འབར་བའི་རྡོ་རྗེ་འོད་ཀྱི་ཕྲེང་བ་ཅན་དང་མདའ་དང་། ཁབ་བསྣམས ་བའོ།། གཡོན་པ་ན། ཞུ་དང་སྐུད་པ་དང་། ཤིང་མྱ་ངན་མེད་པའི་ཡལ་ག་རྣམས་པའོ།། ཟླ་བ་ལ་ཕག་པའི་ཤིང་རྟ་ལ་གསེར་གྱི་མདོག་གིན་ཏུ་མང་ཞིང་ལེགས་པའོ།། ་ནུབ་མོའི་དུས་སུ་ཟླ་བ་ལཾ། ཉི་མོའི་དུས་སུ་ཉི་མ་ལ། གནས་པའི་འགྲུབ་བཞིན་པ་ལྷ་བསམ་པར་བྱའོ།། ཨོཾ་བཱ་རཾ་བཾ་མཾ། མ་མེ་པ་ཤིན་དུ། དུ་བྷ་ས་ཏ། ཨན་དྷ་ར་དྷ ་ནི། མ་ས~ཾ་སྭཱ་ཧཱ། སྔགས་བཟླས་ཤིང་འགྲོ་ན། དེ་ལྟར་མེད། བཟུང་དུ་མེད། བཅིང་དུ་མེད། དགག་དུ་མེད། བརྒལ་ཏུ་མེད། རྨོངས་པ་བྱར་མེད། སྐྲ ་བསྐལ་བར་འགྱུར་བས་ཟ་བ་འམ་ཉི་མ་གཟས་ཟིན་པའི་དུས་སུ་ཕྱུང་སྟེ། གོང་མོའི་དང་གཅིག་ཏུ་བྱས་ཏེ་རང་བུ་བྱས་ལ། ཉི་མ་དང་ཟླ་བ་དང་མེའི་དབུས་སུ་བཅུག་སྟེ། ་ཁ་རུ་གཙུག་ན་རྦད་དེ་ཉིན་མོ་དང་། མཚན་མོ་མི་མཐོང་བར་བྱེད་པའི་རྩེ་མོའི་རི་ལུའོ།། ཨོཾ་ཡང་ན་ནི་སྙིང་པོ་མཆོག་གོ། སྙིང་པོ་ལས་སྙིང་པོ་གསང་བ་ལས་ཡང་ཤིང་ཏུ ་གསང་བ་ལས་འདོད་པ་བཞིན་དུ་སྦྱིན་པ་བསྐྱེད་པ་འདི་ལ་སངས་རྒྱས་ཉིད་ཐོབ་པར་འགྱུར་རོ།། ཞེས་བྱའོདེ་ནས་གཞན་ཡང་སྦྱོར་བ་ནི་ཟླ་བའི་དབུས་སུ་བཅོམ་ལྡན་འདས་མ་ལྷ་མོ ་འོད་ཟེར་ཅན་ཟླ་བའི་གདན་ལ་གནས་པ་དང་། འཛམ་བུ་ན་དའི་ཆུ་བོ་སེར་ལྟ་བུའི་འོད་དང་། འོད་ཟེར་ཅན་ཡིད་དུ་འོང་བ། ཞལ་གསུམ་པ། སྤྱན་གསུམ་པ། གོས་སྔོན་པོ་འཆང ་ཞིང་། སྔོན་པོའི་ཤང་འགག་སྟེང་གཡོགས་ཅན། སྣ་ཚོགས་ཀྱིས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུལ་མཆོད་རྟེན་བཀོད་པ། ཞལ་དང་པོ་བཞད་པའི་ཞལ། གཡོན་པ ་ཕག་པ་ཞལ་ནག་མོ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། ལྕེ་དྲིལ་ཞིང་དགྲ་བོ་ལ་ཁྲོ་གཉེར་བྱེད་ཅིང་འཇིགས་པར་བྱེད། གཡས་པའི་ཞལ་ནི་དཀར་པོ་སྟོན་ཀའི་ཟླ ་བ། འོད་དྲི་མ་མེད་པ་ཅན་ནི། གཡོན་པའི་ཕྱག་དུ་གཞུ་དང་། སྐུད་པ་དང་། ཤིང་མྱ་ངན་མེད་པའི་ཡལ་ག་དང་ལྡན་པའོ།། གཡས་པ་ན་མདའ་དང་། ཁབ་དང་། ་རྡོ་རྗེ་གསོར་བ་ལ་དགོས་པ་དེ་ལྟ་བུའི་རྣམ་པར་བསྒོམ་མོ།། འདོད་པ་ཐམས་ཅད་སྟེར་བ་དོན་ཡོད་པ། དངོས་གྲུབ་ཐམས་ཅད་སྟེར་བའི་དཀྱིལ་འཁོར་འདི་ནི་རྒྱལ་བས་བཀའ་སྩལ ་པ་ཡིན་ནོ།། འོད་ཟེར་ཅན་འབྱུང་བ་ཞེས་བྱ་བའི་རྒྱུད་འདི་ནི་གསུངས་པ་ཙམ་གྱིས། གྲུ་བཞི་པ་ལ། སྒོ་བཞི་པ། རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། གོས་ཟུང་གིས་ནི་བསྒྲིབས ་པ་ཡིན།། བུམ་པ་བརྒྱད་དང་ལྡན་པ་པོ།། ཙན་དན་དཀར་པོ་དག་དང་ནི།། མེ་ཏོག་ཕྲེང་བས་མཛེས་པ་སྟེ།། དཀྱིལ་འཁོར་མཆོག་ཏུ་གྱུར་པ་ནི།། མཚོན་སྣ་ལྔ་ཡིས་བྲི་བར ་བྱ། དེའི་དབུས་སུ་པད་མ་ནི།། འདབ་བརྒྱད་གེ་སར་དང་བཅས་པའོ།། མེ་ཏོག་ཕྲེང་བདྲ་ཕྱེད་དང་།། ཏྲས་རྟ་རྟ་བབས།། ་དག་དང་བཅས།། མེ་དམར་བརྒྱད་དང་ཡང་དག་ལྡན།། སྣ་ཚོགས་བཟའི་ལྷ་བཤོས་དང་།། སྣ་ཚོགས་བླ་རེས་བརྒྱན་བྱས་ཏེ།། པད་མའི་དབུསུ་ཡི་གེ་མ།། ཨོཾ་མ་རི་ཅེ་ས ་ཧཱ། ཞེས་བྱའོ།། ཨོཾ་ཨ་ཀ་མ་སཾ་སྭཱ་ཧཱ།། ཞེས་བྱ་བ་ཤར་ཕྱོགསུའོ།། ཨོཾ་མརྒ་མ་སི་སྭཱ་ཧཱ། ཞེས་བྱ་བ་ནི་ལྷོ་ཕྱོགས་སུ་ལྡན་པའོ།། ཨོཾ་ཨན་ཏ་དྷ་ན་མ་སི་སྭཱ་ཧཱ། ཞེས་བྱ་བ་ནི། ་ནུབ་ཕྱོགས་སུ་འདོད་པའོ།། ཨོཾ་ཏ་ཙ་མ་སི་སྭཱ་ཧཱ། ཞེས་བྱ་བ་ནི། བྱང་ཕྱོགས་སུ་འདོད་པའོ།། ཤར་ལྷོའི་འཚམ་ས་ནི། ཨོཾ་བད་ཀྲ་མ་སི་སྭཱ་ཧཱ། ཞེས་བྱའོ།། བདེན་བྲལ ་ད་ནི་ཨོཾ་ཨུད་དུ་ཡ་མ་སི་སྭཱ་ཧཱ། ཞེས་བྱའོ།། རླུང་དུ་ནི། ཨོཾ་བ་ན་སེ་སྭཱ་ཧཱ། ཞེས་བྱའོ།། དབང་ལྡན་དུ་ནི། ཨོཾ་ཙི་བ་རིམ་སི་སྭཱ་ཧཱ། ཞེས་བྱའོ།། སྟེང་དུ་ནི། ཨོཾ་མ་ཧ ་ཙཾ་པ་ར་རམ་སི་སྭཱ་ཧཱ། ཞེས་བྱའོ།། འོག་གི་ཆར་ནི། ཨོཾ་པར་ཀྲ་མ་བི་སྭཱ་ཧཱ། ཞེས་བྱའོ།། དེ་ལྟར་དཀྱིལ་འཁོར་དཀོད་ལ་མཆོད་པ་བྱས་ནས། འདོད་པ་ཐམས་ཅད་སྟེར་རོ།། ་སྔོན་དུ་བསྣན་པའི་རིམ་པས་ཐང་སྐུའམ། ཡང་ན་བྲི་བར་བྱའོ།། ཡང་ན་སློབ་དཔོན་ཁ་ཅིག་དཀྱིལ་འཁོར་དུ་དབང་བསྐུར་ན། དེ་ལ་དངོས་གྲུབ་ཐམས་ཅད་རིང་བ་མ་ཡིན་ནོ།། ་དེ་ནས་སློབ་མ་གུས་པ་དང་ལྡན་པ་ཡིན་ནོ།། རང་གི་ནོར་རམ། རང་གི་ལུས་པོ་ཡང་འབུལ་བར་བྱའོ།། ཡི་གེ་བཞིའི་ཆོ་ག་རྫོགས་སྷོ།། ་ནམཁའ་ལ་ཟླ་བ་དང་ཉི་མ་མཆོད་རྟེན་གྱི་ནང་དུ་མཾ་ཡིག་ཡོངསུ་གྱུར་པ་ལས་བདག་ཉིད་གཞོན་ནུ་མ། གསེར་གཞུས་པ་ལྟ་བུ་ལེགས་ཤིང་སེར་བ་འཆང་ཀའི་ཉི་མ་ལྟ་བུ་འོད་གསལ ་ཞིང་འབར་བ་འཕྲོ་བའི་འོད་ཟེར་སྟོང་གི་ཕྲེང་བ་ཅན་བན་ད་ཀ་དང་ཛའི་མེ་ཏོག་ལྟ་བུ་དམར་ཞིང་གོས་འཆང་བ། སྣ་ཚོགས་ཀྱི་གདུ་གུའི་ཕྱག་བརྒྱ་ཅན། རྒྱན་ཐམས་ཅད་ཀྱིས་བརྒྱན ་པ་དབུ་ལ་རྣམ་པར་སྣང་མཛད་བཞུགས་པ། མྱ་ངན་མེད་པའི་ཕྲེང་བས་མགོ་བོ་ལ་བརྒྱན་པ། ཕྱག་བརྒྱད་ཞལ་གསུམ་པ། སྤྱན་གསུམ་མ། གཡོན་པའི་ཕྱག་ན་གཞུ་དང་། ་མྱ་ངན་མེད་དང་། སྐུད་པ་དང་། ཞགས་པའི་ཕྱག་ཅན་ནོ།། གཡས་ན་རྡོ་རྗེ་དང་། ཁབ་དང་། ལྕགས་ཀྱུ་དང་། མདའ་སོར་བ་ལ་སོགས་བགྱིའོ།། ཞལ་དང་པོ་ནི་ཞི་བའི ་ཞལ་ཕྱེ་མ་གསེར་ལྟ་བུ་ཤིན་དུ་སེར་བ། ཨུད་པ་ལ་ལྟ་བུའི་སྤྱན་ལི་ཀྲི་ཕྲ་མོ་བསྐུས་པ་ལྟ་བུའི་ཆུས། སྒེག་པ་དང་བཅས་ཤིང་ཡོངས་སུ་དྲིལ་བུ། གཡོན་པ་ནི་ཕག་གི་ཞལ་ནི ་ཁྲོ་བ་དང་བཅས་ཤིང་ཞལ་འགྱུར་བ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད། ཨིན་ཏྲ་ནི་ལཱ་ལྟ་བུ་འོད་མུ་མེན་དང་འདྲ་བའི། ཉི་མ་བཅུ་གཉིས་ཀྱི་འོད་དང་མཉམ་པར་ལྡན་པ་ཁྲོ ་བ་དང་བཅས་པའི་ཁྲོ་གཉེར་གརྩིགས་པ་ལྗགས་འདྲིལ་བ། འཇིགས་པ་ཡང་འཇིགས་པར་བྱེད་པའོ།། གཡས་ཀྱི་ཞལ་ནི་ཤིན་དུ་དམར་བ། ལྷ་རྫས་ཀྱི་པད་མ་ར་གའི་འོད་ལྷ ་བུ་འབར་བའི་མཆོད་རྟེན་གྱི་སྐྱེ་གནས་པའི་ཤིང་མྱ་ངན་མེད་པའི་སྡོང་པོའི་ཡལ་ག་ལ་དམར་པོའི་མེ་ཏོག་གིས་ཡོངས་སུ་བརྒྱན་པ་ལ། དེའི་འོག་གི་ཅ་བར་རྣམ་པར་སྣང་མཛད་རལ ་པའི་གཅོད་པན་འཆང་བ། ཞི་བ་གསེར་ལྟ་བུ་མདོག་སེར་བའི་མགོན་པོ་བྱང་ཆུབ་མཆོག་གི་ཕྱག་རྒྱ་ཡོངས་སུ ་འཆང་བཞིན་པ། ཕག་པའི་ཤིང་རྟ་རེ་བདོག་པ་མཆོད་རྟེན་གྱི་ནང་དུ་གཡས་བརྐྱང་ཞིང་། ཞབས་ཀྱིས་བཞུགས་པ། གཞོན་ནུ་མ་ལང་ཚོ་ལ་བབ་པ། དེའི་ཤིང་རྟའི་མདུན ་འོག་ཏུ་རླུང་གི་དཀྱིལ་འཁོར་ལ་ཧ་ལས་ཡོངས་སུ་རྫོགས་པའི་གཟའ་ཆེན་པོར་ཧུ་ལ། ཉིན་མོ་ཉི་མ་དང་། མཚན་མོ་ཟླ་བ་ཡོངསུ་འཛིན་པའོ།། ལྷ་མོ་བཞིས་ཡོངས་སུ་བསྐོར་ཏེ། ་ཨོཾ་མ་རི་ནྱེ་སྭཱ་ཧཱ། ཞེས་བྱ་བའི་སྔགསོ་མདུན་དུ་གནས་པའི་ཡང་དག་པར་བསྐུལ་བའི་ཤིང་རྟའི་མཆོག་ཕྱག་བཞི་པ། མདོག་དམར་བ་ཕག་པའི་ཞལ།། གོས་དམར་པོ་འཆང་བ། ་དམར་པོའི་ཤང་འགག་དང་། སྟེང་གཡོགས་འཆང་བ། བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཁབ་དང་སྐུད་པར་བྱེད་པའི་ཤིང་རྟའི་མཆོག་ལྕགས་ཀྱུ་ཡིས་བསྒྲུབ་བྱ་འགུགས ་བཞིན་པ་དང་། ཞགས་པ་དང་ཡལ་གའི་ཕྱག་རྒྱ་ཅན་ནོ།། ཨོཾ་པ་ཏ་ལི། བ་ཏ་ལི། བ་ར་ལི། བ་ར་མུ་ཁཻ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དེས་ཡིད་ཀྱིས་འདོད་པའི་བུད་མེད་དེ། ་སྐྱེས་པ་རླུང་གི་དཀྱིལ་འཁོར་ལ་ཞོན་ནས་འགུགས་པར་བྱེད་དོ།། ལྷོ་ཕྱོགསུ་གནས་པའི་ལྷ་མོ་ནི། ཨོཾ་བད་ཏ་ལི། བད་ཏ་ལི། རི་ལི། བ་ར་ཧ་མུ་ཁྱི་སརྦ་དུཥཱ་བ་དུཥྚ ་ཀྵར་མུ་ཁ་བྷན་དྷ་བྷན་དྷ་མི་སྭཱ་ཧཱ། ཞེས་བྱ་བ་ནི་བདུག་པ་ཅན་གྱི་ཁ་བཅིང་བར་བྱེད་པའི་སྔགསོ།། ཕྱག་བཞི་པ་གསེར་གྱི་མདོག་གོས་དམར་པོ་འཆང་བ། དམར་པོའི་ཤེང ་འགག་དང་། སྟོད་གཡོགས་འཆང་བ་ཅན། མྱ་ངན་མེད་པའི་ཡལ་ག་དང་། ཞགས་པའི་ཕྱག་ཅན། ཁབ་དང་། སྐུད་པ་དང་། གྲུ་བཞིན་པ་མྱ་ངན་མེད་པའི་མེ་ཏོག་ཕྲེང ་དབུ་བརྒྱན་པའོ།། ནུབ་ཕྱོགས་སུ་གནས་པའི་ལྷ་མོ་ནི། ཨོཾ་བད་ལི། པ་ཏ་ལི། བ་ར་ལི། བར་ཧ་མུ་ཁི་སརྦ་དུཥྚ་པ་དུ་ཥྚཱ་ནཾ། སྟཾ་བྷ་ཡ་མུ་ཁཾ་སྭཱ་ཧཱ། རྒྱབ་ཏུ་གནས ་པའི་ལྷ་མོ་ཕྱག་བཞི་པ་བསམ་པར་བྱའོ།། རྡོ་རྗེ་དང་། ཞགས་པ་དང་། ཡལ་ག་དང་། ཁབ་ཀྱི་ཕྱག་ཅན། གོས་དམར་པོ་འཆང་བ། ཤང་འགག་དང་། སྟོད་གཡོགས ་དམར་པོ་ཅནཾ། གཞོན་ནུ་མ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བས་བུ་ལ་བརྒྱན་པའོ།། ཨོཾ་བད་ཏ་ལི། བ་ཏ་ལི། བ་ར་ལི། བ་ར་ཧ་མུ་ཁཾ ་སརྦ་དུ་ཐུན་མེ་བ་ཤ་ཡ་སྭཱ་ཧཱ། བྱང་ཕྱོགས་སུ་གནས་པའི་ལྷ་མོ་ཕྱག་བཞི་པ། རྒྱན་སྣ་ཚོགས་ཀྱི་བརྒྱན་པ། གོས་དམར་པོ་འཆང་ཤིང་། དམར་པོའི་ཤང་འགག་དང་། ་སྤྱོད་གཡོགས་ཅན་ཉི་མ་འཆར་ཀའི་ལྟ་བུའི་འོད་འཕྲོ་བ། འདོད་པའི་མེ་ལྟ་བུ་འཇ་པ། གཡོན་པའི་ཕྱག་དུ་འབར་གཞུ་དང་། མྱ་ངན་མེད་པའི་སྤངས་པའི་ཕྱག་གོ།། གཡོས ་པའི་ཕྱག་ན་མདའ་དང་། རྡོ་རྗེ་འོད་འགྲོབའོ།། འཇིགས་པའི་དུས་ཀྱི་བསྐལ་པའི་མེ་ལ་བུ་གནས་པའི་ལྷ་མོ།། སེམས་ཅན་འབར་ཐམས་ཅད་དབང་དུ་བྱེད་ལ་གཅོམ་པའི་དང ་ཉིད་དུ་འཕགས་པའི་དགེ་འདུན་ལ་སྟོན་མོ་བྱས་ཏེ། རས་གསར་པ་ལ་བཅོམ་པ་ལྡན་འདས་མ་ལྷ་མོ་འོད་ཟེར་ཅན་གྱི་ཟང་སྒྲ། ལྔ་བཟོ་མཁན་གསོ་སྦྱོངས་ལ་གནས་པས་བྲི་བར་བྱས ་གུས་པ་དང་ལྡན་པའི་སྟེང་གཡོགས་ཡོད་པའི་ས་ཕྱོགས་ཅིག་ཏུ་ཆུས་ནི་ཟང་སྐྲ་རྫོགས་པར་བྱས་ཏེ། དགེ་སློང་མ་རྣམས་ལ ་སྟོན་མོ་སྦྱིན་ཞིང་། བུ་མོ་གཞོན་ནུ་མ་རྣམས་ལ་ཡང་སྟོན་མོ་སྦྱིན་ནོ།། དེ་ནས་མཆེའུ་འམ། རྒྱ་མཚོ་འམ། རི་བོ་འམ། དུར་ཁྲོད་དམ། ཤིང་ནྱ་གྲོ་ཏ་འམ། སྐྱེད་མོ་ཚལ་ལོ།། ་ལྷ་ཁང་ངམ། ཁང་པ་རུ་གདུང་དང་བཅས་པའི་མཆོད་རྟེན་གྱི་ནང་དུ་སྐུ་གཟུགས་བཀྲམ་ལ་མཆོད་པ་རྣམས་པ་ལྔ་དང་བཅས་པ་ཡི་གེའི་གྲངས་ཀྱི་འབུམ་བཟླསོ།། དེ་ནས་དང་པོ་དང ་གཉིས་པ་དང་། གསུམ་པས་སྡིག་པ་དག་པར་འགྱུར་རོ།། ཞི་བས་ནི་རྒྱ་མཚོ་ལས་བརྒལ་བ་དང་། རི་བོ་ལ་གནས་པ་དང་། གཞོན་ནུ་མ་འཕྲད་པས་མཐོང་བ་དང་། དེ་ནས་སྡིག ་པ་དག་པ་ཡིན་ནོ་ཞེས་རྟོག་པར་བྱའོ།། ལྔ་པ་ལ་མེ་དམར་གྱི་རྩེ་མོ་འཕེལ་ཞིང་དྲི་ཞིམ་པ་རྣམས་ལ་བྲིའོ།། དྲུག་པ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐོང་ངོ་།། བདུན ་པ་ལ་ནི་འོད་ཟེར་མཐོང་བར་འགྱུར་རོ།། གང་གིས་ཆེ་བསྒྲུབ་པའི་རྟགས་འདི་རྣམས་མཐོང་ན་དེའི་ཚེ། སྔགས་གྲུབ་པ་བརྟན་པོར་འགྱུར་བ་ཡིན་ནོ།། གང་གི་ཚེ་མི་དགེ་བའི་མཚན ་མ་མཐོང་ན་དེའི་ཚེ། སྦྲུལ་དང་། སྤྲེའུ་དང་། བྱིམྦི་དང་། བོང་བུ་དང་། རྟ་དང་། གླང་པོ་ཆེ་དང་། མ་ཧེ་ཤ་དང་། ཁྱི་དང་དེ་བཞིན་ཕན་ཚུན་དུ་འཐབ་བཞིན་པ་དང་། ་སྒྲུབ་པ་པོ་སྐབས་བཞིན་པར་གལ་ཏེ་མཐོང་ན་དེའི་ཚེ་ཉིས་འགྱུར་གྱི་འབུམ་ཚོ་བཟླས་ནས། དེའི་ཚེ་བཅོམ་ལྡན་འདས་མའི་སྐུ་གཟུགས་མཐོང་སྟེ། དེ་ནས་སྡིག་པ་ལས་འགྲུབ་བོ།། ་ཨོཾ་མ་རི་ཙི་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི་ལས་ཐམས་ཅད་ལ་སྦྱར་བར་བྱའོ།། རྟག་ཏུ་བརྒྱ་ཕྲག་བརྒྱད་བཟླས་ན། འཛིན་བློ་གོནོ་བར་འགྱུར་ཞིང་གཞུང་སྟོང་ཕྲག་ཅིག་འཛིན ་པར་འགྱུར་རོ།། ཚེ་རིང་བར་དང་། ནད་མེད་པ་དང་། སྟོབས་དང་ལྡན་པར་འགྲུབ་ཅིང་། དེ་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་འགྱུ་རོ།། ཚེ་སྟོང་ཕྲག་ཅིག་འཕེལ་བ་ནི་ཁྲི་ཚོ ་ཅིག་བཟླས་པས་གྲུབ་པར་འགྱུར་རོ།། འཚམས་མེད་རྣམ་པ་ལྔ་བྱས་ཀྱང་། བྱེ་བ་ཕྲག་ཅིག་བཟླས་ན་འགྲུབ་པར་འགྱུར་རོ་ནི། ངེས་པར་ཡང་དག་པར་རྣམ་པར་སྣང་མཛད་ཀྱིས ་གསུངས་པའི། མི་མཐོང་བ་དང་མིག་སྨན་དང་། འཆི་ལ་ལྷམ་པ་དང་རལ་གྲི་དང་། རེའུ་དང་གི་ཝང་དང་། མཁའ་སྤྱོད་དང་དབང་དང་དགུག་པ་དང་། བགྲད་པ་དང་གསད ་པ་དང་། དབྱེ་བ་དང་། རེངས་པ་དང་། རྨོངས་པར་བྱ་བ་དང་། བཅིངས་པ་དང་། གནན་པ་དང་། ཕུར་བུས་གདབ་པ་དང་། གནོད་སྦྱིན་མོ་དགུག་པ་དང་། མཁའ ་འགྲོ་མ་ཚར་བཅད་པ་དང་། རིམས་དང་། ནད་དང་། དུག་དང་། རིམས་ཉིན་བཞི་པ་ལ་སོགས་པ་མེད་པར་བྱ་བ་དང་། དབབ་པ་དང་། ལྷ་དགུག་པ་དང་། གཏེར་སྟེར་བར ་བསྐྱེད་པར་བྱ་བ་དང་། ངོ་མཚར་བ་མང་བ་ནི་འདིས་བྱེད་དེ། སྔགས་ཀྱི་རྒྱལ་པོ་བསྐུལ་ཞིང་འོད་ཟེར་ཅན་གྱི་ང་རྒྱལ་ལ་ཡང་དག་པར་གནས་པས་རྟག་ཏུ་སྔགས་བཟླས་པར ་བྱའོ།། དེ་ནས་དབང་དང་དགུག་པའི་ཆོ་ག་ཡིན་ཏེ། སྟེང་གཡོགས་ཡོད་པའི་ས་ཕྱོགས་ཙན་དན་དཀར་པོས་དཀྱིལ་འཁོར་བྱུག་པའམ། ཡང་ན་ལྕི་བས་བྱས་ཏེ། སྐུ ་གཟུགས་ཀྱི་མདུན་དུ་བྱའོ།། མྱ་ངན་མེད་པའི་མེ་ཏོག་གི་ཁུ་བ་དང་། རྒྱ་སྐྱེགས་དང་། ཙན་དན་དམར་པོ་དང་། གི་ཝང་། ་དང་། གཟུགས་མངོན་པར་བྲིས་ཏེ། སྙིང་ཁར་སྔགས་དང་སོབ་མི་ངོ་བྲིས་ཏེ། དེའི་ཆོས་འབྱུང་དུ་གཡོན་པའི་ལལ་ག་བཞག་སྟེ། རྐང་པ་ལྷུང་ཞིང་སྣ་ཚོགས་པས་མྱོས ་ཏེ། ཤིན་ཏུ་ཆགས་པས་སྐྲ་གྲིལ་བས་འདར་བཞིན་པ་བསམས་ལ་སྔགས་བཟླས་སོ།། མིང་བཟུང་བའི་སྦྱོར་བས་ཡིད་ལ་འདོད་པ་ཞག་གསུམ་གྱིས་ངེས་པར་དབང་དུ ་བྱེད་དོ།། དེ་ནས་གཞན་ཡང་སྦྱོར་ནི། ཆུ་ཀླུང་གི་ངོགས་གཉིས་ཀྱི་ས་འམ། རྐང་རྗེས་ཀྱི་ས་འམ་ལྡན་པས་གཟུགས་བྱས་ལ་སྔོན་དུ་བསྟན་པའི་རྗེས་དེ་ཉིད་ཀྱིས་འགྲོ་འམ། ་དུར་ཁྲོད་ཀྱི་ས་ལ་སྔགས་དང་སྤེལ་བའི་མིང་བྲིས་ཏེ། སྙིང་ཁར་བཅུག་ལ་དེ་ནི་སྐར་མ་རྒྱལ་ལ་བྱའོ།། སོར་བརྒྱད་པའི་མྱ་ངན་མེད་པའི་ཕུར་བུས་བསྐྱེད་ནས་ཕུག་ལ། ་བར་བུ་དེ་གཡོན་པའི་ལག་པར་བཞག་སྟེ། མིར་གཟུང་བས་སྔགས་བཟླས་པར་བྱའོ།། ངེས་པར་ཞག་གསུམ་གྱིས་དབང་ཕྱུག་ཆེན་པོའི་ཆུང་མ་ཡང་དབང་དུ་འགྱུར་ན། ་གཞན་སྐྱེ་འགྲོ་རྣམས་ལྟ་ཅི་སྨོས། དེ་ནས་གཞན་ཡང་སྦྱོར་བ་འདི་ཡིན་ཏེ། པྲ་ཚིལ་གྱི་རང་བཞིན་གྱི་གཟུགས་བརྙན་བྱས་ལ། སིན་དུ་རའི་རྡུལ་གྱིས་མཛེས་པའི་སྣོད ་དུ་སྙན་པའི་སྨན་ཆེན་པོས་གྲོ་ག་ལ་སྔགས་དང་སྤེལ་བའི་མཽང་བྲིས་ཏེ་སྙིང་ཁར་བཞགོ། འདི་དག་ཀུན་ཀྱང་སྐར་མ་རྒྱལ་ལ་བྱའོ།། མྱ་ངན་མེད་ཀྱི་ཕུར་བུས་ཆོས་འབྱུང ་ཟུག་ལ་ལུས་སྐྱེ་ཆེས་བྱུགས་ལ་སེང་ལྡེང་གི་སྤེལ་འདུག་པ་ཙམ་གྱིས་བརྒྱ་སྦྱིན་གྱི་བུ་མོ་ཡང་ཞག་གསུམ་གྱིས་དབང་དུ་འགྱུར་ན། མིའི་བུ་མོ་ལྔ་སྨོས་ཀྱང ་དགོས། དེ་ལྟར་སྐྱེས་པ་ཡང་སྔགས་པ་ཙམ་གྱིས་འགྲུབ་པོ།། དེ་ནས་གནས་ཡང་སྦྱོར་བ་ན་འདི་ཡིན་ཏེ། དུར་ཁྲོད་ཀྱི་ཐལ་བ་དང་གྲོགས་ཁར་གྱི་ས་དང་། རྫ་ཁྱཱ་ཁན ་གྱི་འཁོར་ལོའི་ས་དང་། རྐང་རྗེས་ཀྱི་ས་དང་ལྡན་པས་གཟུགས་བརྙན་བྱས་ལ། ཙན་དན་དམར་པོ་དང་། གི་ཝང་གིས་སྔགས་དང་སྤེལ་བའི་མིང་བྲིས་ལ། སྙིང་ཁར་བཅུག་སྟེ ་སེང་ལྡེང་གི་མེ་ལ་གདག་པར་བྱས་ན། མིའི་རྒྱལ་པོ་ཡང་ཞག་བདུན་དུ་ཐུན་འཚམས་གསུམ་དུ་ཐང་སྐྲའི་མདུན་དུ་བཟླས་པ་བྱས་ན། དབང་དུ་བྱེད་ཅིང་མཐོང་ཞིང་ཡིད་ཆེས ་པའོ།། དེ་ནས་གཞན་ཡང་གུས་པའི་སྦྱོར་བ་ཆེན་པོ་ནི། དཔྱངས་ཏེ་ཤི་བའི་དམིགས་སྨན་དང་། གཡོན་པའི་སྲིན་ལག་གི་སོར་མོ་དང་། གཡོན་པའི་རྩིབ་མ་སོར་དྲག་པ ་བླངས་ཏེ། སྐྱེས་བུའི་ཐོད་པར་ཅན་དན་དམར་པོ་དང་། རྒྱ་སྐྱེགས་དང་། གི་ཝང་དང་། ཤིང་མྱ་ངན་མེད་ཀྱི་མེ་ཏོག་གི་ཁུ་བ་སྐར་མ་རྒྱལ་གྱི་དུས་སུ་བླངས་ཏེ། པད་མ་འདབ་ས ་བརྒྱད་པ་ལ་མིང་སྤེལ་བའི་སྔགས་ཀྱི་རྒྱལ་བྲིས་ཏེ་མེ་ཏོག་དྲུག་གི་བསྐོར་བ་རླུང་གི་ས་བོན་གྱིས་བསྐོར་བར་བསམས་ལ། ལྷ་མོ་ཉི་མའི་དཀྱིལ་འཁོར་ལ་གཡས་བརྐྱང་བའི་ཞབས ་ཀྱིས་བཞུགས་པ། ཞགས་པ་དང་ལྕགས་ཀྱུ་དཀུག་བཞིན་པ་རླུང་གི་དཀྱིལ་འཁོར་ལ་དཔག་ཚད་སྟོང་ན་ཡོད་པ་ཡང་འགུགས་པར་བྱེད་དོ།། བུད་མེད་དགག་པ་མཆོག་ཏུ ་འགྲུབ་བོ།། དེ་ནས་གཞན་ཡང་སྦྱོར་བ་འདི་ཡིན་ཏེ། མྱ་ངན་མེད་ཀྱི་ཤིང་ལེབ་ལ་མིའི་བདག་པོའི་གཟུགས་རང་པོ ་བྲིས་ལ། རང་གི་ཁྲག་དང་། གི་ཝང་དང་། གུར་གུམ་གྱིས་དེའི་སྙིང་ཁར་མིང་བྲིས་ཏེ། མཾ་གིས་བསྐོར་ཅིང་ལ་ཙ་ཡིས་བསྐོར་བར་བྱས་ལ། རྐང་པ་གཡོན་པས་གནན་ཅིང་། ་མིའི་བདག་པོའི་མིང་གཟུགས་པའི་སྔགས་བཟླས་པ་བྱས་ལ། ཞག་གསུམ་གྱིས་ཐེ་ཚོམ་མེད་པར་འགགས་པར་བྱེད་དོ།། དེ་ནས་གནོད་སྦྱིན་མོའི་གཟུགས་ཁྲུ་གང་ཙམ་གྱི། གནོད ་སྦྱིན་མོའི་གཟུགས་གསལ་པོ་ཅོ་ལ་གནས་པར་བྱས་ལ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡས་པའི་ཞབས་ཅུང་ཞིག་བསྐུམ་པ། གཡོན་པའི་ཕྱག་གིས་ཤིང་ནྱ་གྲོ་ཏའི་ཡ་ལག ་ལ་མཇུས་པ། སྒེག་པའི་ཉམས་ཀྱིས་རིལ་བར་འདོད་པ་ལ་སྤྱོད་པ་དགའ་བ་དང་། སྔོན་པོའི་སྨན་ཆེན་པོའི་མིང་དང་སྔགས་སྤེལ་བའི་སྙིང་ཁར་བྱས་ལ། སྟེང་གཡོགས་ཡོད་པའི ་ས་ཕྱོགས་གཅིག་ཏུ་མིའི་འདྲ་འཛི་མེད་པར་ནུབ་མོར་བདོགས་པར། ཙན་དན་གྱི་དཀྱིལ་འཁོར་ཉེ་བར་བྱུགས་ལ། ཐང་སྐྲའི་མདུན་དུ་བཞག་པར་བྱའོ།། མེ་ཏོག་གི་རྣམ་པ་བཀྲ ་སྟེ། མར་མེ་སྦར་བར་བྱེད་ཅིང་། གུ་གུལ་གྱི་བདུག་པ་ཡང་སྦྱིན་པར་བྱའོ།། གནོད་སྦྱིན་གང་གི་མིང་ནས་བཟུང་སྟེ། བཟླས་པ་བྱས་ན་དེ་འོང་བར་འགྱུར་རོ།། ཞག་དང་པོ་ལ་མཚན ་མ་སྟོན་ཅིང་དེ་ནས་ཞག་གཞན་གྱིས་མཐོང་བར་བྱེད་དོ།། དེའི་ཚེ་ཅི་ཡང་མི་སྦ་བར་གནས་པར་བྱའོ།། སྒྲ་བཅད་ཀྱི་སྡོམ་པ་ཅི་སྲེད་ཟླ་བ་དྲུག་ཏུ་བྱས་ན་འགྲུབ་པར་འགྱུར་རོ།། གྲུབ་ན། ་མཆོག་སྟེར་བར་བྱེད་དོ།། མ་ཉིད་དམ་སྲིང་མོ་ཉིད་དང་། ཆུང་མ་ཉིད་གང་དུ་སྒྲུབ་པ་པོས་བརྗོད་པར་བྱའོ།། དེའི་ཚེས་ཀྱིས་ཁུར་ནས། རང་གི་ཡུལ་དུ་འགྲོ་སྟེ། སྒྲུབ་པ་པོ ་བསྐལ་པ་གཅིག་གི་བར་དུ་ཅི་དགོས་པ་རོལ་བར་འགྱུར་རོ།། གང་གི་སྐྱོན་གྱིས་བག་མེད་ལྔར་འགྱུར་ཏེ། མ་གྲུབ་ན་སྦྱིན་བདག་ཆེན་པོར་འགྱུར་རོ།། ཚེ་འདིར་ལོང་སྐྱོང་རྒྱ་ཆེན་པོ། ་ཐོབ་ཅིང་། སྐྱེ་བ་གཞན་དུ་གནོད་སྦྱིན་གྱི་རིགསུ་སྐྱེ་བར་འགྱུར་རོ།། དེ་ལྟར་གནོད་སྦྱིན་མོའི་སྒྲུབ་ཐབས་ཀྱི་ཆོ་ག་བརྗོད་པའོ།། གཞན་ཡང་རྒྱལ་པོ་དབང་དུ་བྱ་བ་འདོད་ན། ཤིང་ཉ་ཀྲ ་ཏའི་ཙ་བ་མར་ལ་ཕྱར་བ་ལ། དེའི་རང་བཞིན་གྱི་གཟུགས་བརྙན་བྱས་ལ་ལེགས་ཤིང་གསལ་བར་བྱའོ།། དེའི་སྙིང་ཁར་མིང་གི་ཝང་དང་། རྒྱ་སྐྱེགས་དང་། གུ་གུལ་གྱིས། ་མངོན་པར་བྲིས་ལ། ཞགས་པ་དང་། ལྕགས་ཀྱུ་དང་། གཉིས་ཀྱིས་བཀུག་ཅིང་། རྐང་པ་གཉི་སུ་ལྟུང་བར་བསམས་ཤིང་། སྔགས་བཟླས་ན་ཁོལ་པོ་བཞིན་དུ་ཇི་སྲིད་འཚོ་བར ་དབང་དུ་འགྱུརརོ།། སྦྱོར་བ་མཆོག་དུ་འགྱུ་རོལ་འདི་ནི་ངེས་པར་འབད་པར་བྱའོ།། ཡང་ན་དགེ་བའི་ཉིན་ཞག་རྒྱལ་བྱས་པ་ནི་ཤིང་མྱ་ངན་མེད་ཀྱི་བཞིན་ལས་གཟུགས་བརྙན་ཁྲུ་གང ་ཙམ་བྱས་ལ། ཡང་རྒྱལ་བ་བཅོམ་ལྡན་འདས་མ་འོད་ཟེར་ཅན་ཕྱག་བརྒྱད་པ། ཞལ་གསུམ་པ། སྤྱན་གསུམ་པ། མཆོད་རྟེན་གྱི་དཔལ་ལ་བརྒྱད་པའི་མགོ་སྐྱེས་ཅན། མྱ་ངན ་མེད་པའི་ཤིང་མེ་ཏོག་ཕྲེང་བས་བརྒྱན་ལ། གསེར་གྱི་རྣ་བརྒྱན་དང་། མགུལ་བརྒྱན་དང་། ཕྲེང་བ་ཕྱེད་པ་དང་། གདུ་བུ་དང་། སྐྱེ་རགས་དང་། རྐང་རྒྱན་དང་། སྣ་ཚོགས ་པའི་ཕྲེང་བ་བརྒྱ་ཡིས་བརྒྱན་པ། འཛམ་བུའི་ཆུ་བོ་གསེར་ལྟ་བུའི་འོད་འབར་བའི་སྐུ། སྟོང་ཕྲག་བཅུའི་ཉི་མའི་འོད་དང ་འདྲ་བའི་འོད། གོས་དམར་པོ་འཆང་ཞིང་། སྣ་ཚོགས་པའི་ཤང་འགག་དང་། སྟོད་གཡོགས་ཅན། གཡོན་པའི་ཕྱག་ན་གཞུ་དང་། མྱ་ངན་མེད་པ་དང་། ཞགས་པ ་དང་། སྐུད་པའི་ཕྱག་ཅན་ནོ།། གཡས་ཕྱོགས་ན་འབར་བའི་རྡོ་རྗེ་དང་། མདའ་གསོར་བ་དང་། ཁབ་དང་། ལྕགས་ཀྱུ་བསྣམས་པའི་ཕྱག་གོ། གཡས་དང་གཡོན་ནི ་བག་པའི་ཞལ་ལོ།། དང་པོའི་ཞལ་ཕྱེ་མ་འོད་ཟེར་ཅན་གསེར་གྱི་ཞུན་མ་ལྟ་བུ་དང་འདྲ་བ་མེ་ཏོག་རྒྱས་པ་ལྟ་བུའི་སྤྱན་ནོ།། མཛེས་པའི་ཞལ་འོད་འཕྲོ་བ་འབྱུང་། དུང་དང་། ་བན་དུ་ཀ་དང་། རྫའི་མེ་ཏོག་ལྟ་བུའི་ཆུ་བའོ།། གཡོན་པ་ནི་ཁྲོ་ཞལ། ཞལ་འགྱུར་བ་ཁྲོས་པ། མཆེ་བ་གརྩིགས་པ་འཇིགས་པར་བྱེད་པ། མི་བཟད་པའི་ཁྲོ་གཉེར་ཅན། ་སྤྱན་མི་ཚུགས་པ་མ་ཉམས་པ། ལྗགས་འདྲིལ་བ། འཇིགས་པའམ་འཇིགས་པར་བྱེད་པ། ཨིན་ཏྲ་ནི་ལ་ལྟ་བུའི་གཞོན་པའི་ཞལ་ལོ།། གཡས་པ་ནི་ཕག་པའི་ཞལ ་པད་མར་ག་ལྟ་བུའི་མདོག་གོ།། མྱ་ངན་མེད་ཀྱི་སྡོང་པོ་མེ་ཏོག་དང་བཅས་པ་ནི། རྒྱན་དུ་བྱས་པའོ།། ཟླ་བ་དང་ཉི་མའི་བར་གྱི་ལཱ་མ་ཡིན་དང་ཕག་པའི་ཤིང་རྟ་དང་བཅས། ་པ་ཉེ་བར་སྦྱར་བ་གཡོན་བརྐྱང་བའི་ཞབས་ཀྱིས་གནས་པའི་ལྷ་མོ་ལང་ཚོལ་གནས་པའི་ཤིང་རྟ་འོག་གི་རླུང་གི་དཀྱིལ་འཁོར་ལ་ཡོངས་སུ་གྱུར་པ་ལས་གཟའ་ར་ཧུ་ལ་ཉིན་མོ ་ཉི་མ་མཚན་མོ་ཟླ་བ་འཛིན་པ་ཡང་སྐར་མ་རྒྱལ་ལ་བྲིས་ལ་ཅི་འབྱོར་པའི་མཆོད་པ་འབད་པ་ལས་གཞོན་མའི་སྟོན་མོ་བྱའོ།། དེ་ནས་ངེས་པར་རྫོགས་པར་བྱ་བའི་སྐུ་གཟུགས ་ཕྱིས་ནས། གདུང་གི་རི་ལུང་གསེར་གྱིས་བཀྲིས་ལ་སྤྱི་བོ་ན་ཡོད་པའི་མཆོད་རྟེན་གྱི་ཞབས་ཀྱི་ཞང་དུ་བློ་དང་ལྡན་པས་ཕྱུག་སྟེ། དེ་ནས་སྐུ་གཟུགས་ཤེས་པར་བྱའོ།། ཡང ་སྐུ་དེ་སྟངས་ཁངས་ཡོད་པའི་ས་ཕྱོགས་ཡངས་པའི་གནསུ་ཙན་དན་ནམ། བ་གླང་གི་ལྕི་བས་དེའི་མདུན་དུ་དཀྱིལ་འཁོར་ཉེ་བར་བྱུགས་ལ། ཡང་དག་པར་མཆོད་དེ་བཟླས ་པ་བྱས་སྐུ་ཤེས་པར་བྱའོ།། མེ་ཏོག་གི་རྣམ་པ་བཀྲམ་ཀྲམ་ཞིང་། མེ་ཏོག་གི་ཕྲེང་བ་དང་། དྲ་བ་དང་། དྲ་བ་བྱེད་པས་དཔུངས་ཏེ་མར་མེའི་ཕྲེང་བས་བརྒྱན་པ། དྲི་ཞིམ ་པོ་དང་། དྲི་དང་། ལྷ་བ་ཤོས་དང་། ཅན་དན་དང་། གུ་གུལ་གྱི་བདག་སྤོས་སྦྱིན་ནོ།། དེ་ནས་མཆོད་ཡོན་གྱི་སྣོད་བཤད་པར་བྱས་ཏེ ་དུང་དང་ཉ་ཕྱིས་ཀྱི་སྣོད། གསེར་དང་། དངུལ་དང་། ཟངས་མའོ།། ཡང་ན་འཇིམ་པའི་རང་བཞིན་གྱི་བུམ་པ་ལ་བྱ་བ་སྔོན་བཞིན་དུ་བདག་ཉིད་ཀྱིས་རྣམ་པར་སྣང་མཛད་ཀྱི ་ཕྱག་རྒྱ་ཆེན་པོ་བ་ལས་བསམ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་མ་འོད་ཟེར་ཅན་རང་བཀུག་པའི་སྔགས་ནི།། ཨོཾ་མ་རི་ནྱེ་ཨེ་ཧྱེ་ཨ་ཏ་སན་ནི་ཧི་ཏཾ་བྷ་བ། འོངས་ནས་སྐུ ་གཟུགས་དེ་ལ་ཞེས་པར་བསྒོམ་པར་བྱའོ།། དེ་ནས་མཆོད་རྟེན་པ་རྣམ་པར་ལྔ་དང་ཡང་དག་པར་མཆོད་ལ། ཨོཾ་མ་རི་ཙྱཻ་དེ་བ་ཏ་ཡེ་ཨན་ཏ་ས་ནི། ཧེ་ཧེ་མེ་བྷ་བ། ཨ་པུར ་ག་ཏི་མེ་བྷ་བ། སུ་ཏོ་ཥོ་མ་བྷ་བ། སུ་ཏོ་ཥོ་མ་བྷ་ག། སརྦ་སིད་དྷེ་མེ་བྷ་བ། པྲ་ཡཾ་ཆ།། དེ་ལྟར་བསྒྲུབ་པོས ་བརྗོད་པར་བྱའོ།། དེ་ནས་སྔོན་དུ་གསུངས་པའི་བུམ་པ་ཙན་དན་དཀར་པོས་བྱུགས་ལ། མེ་ཏོག་གི་ཕྲེང་བ་འཛིན་པ་ལ། རིག་པ་འཛིན་པས་བརྒྱ་ཕྲག་བརྒྱད་བཟླས་ཏེ། ཨ ་རྒ་བྱིན་ལ་བུམ་པ་དེ་བཞག་པར་བྱའོ།། བཅོམ་ལྡན་འདས་མ་བདག་ཉིད་ལ་དབང་བསྐུར་ཞིང་། དེ་ལྟར་བརྗོད་པས་བོས་ནས་ཁྱོད་ཀྱིས་སྔགས་བདག་ལ་གྲུབ་པར་མཛད་དུ་གསོལ ་དེ་ནས་འོད་ཟེར་ཅན་གྱི་ང་རྒྱལ་གྱི་བསྙེན་པས་བཟླས་པ་དང་། བསྒོམ་པ་བྱ་ཞིང་ཡི་གེ་གྲངས་ཀྱིས་འབུམ་བཟླས་སོ།། དེ་ནས་དངོས་གྲུབ་ཀྱི་མཚན་མ་སྐྱེ་སྟེ། སྐུ་གཟུགས ་གསལ་བ་འམ། འདར་བ་འམ། མེ་མར་གྱི་རྩེ་ཕྲེང་བའམ། དྲི་ཞིམ་པོའི་དྲི་བོ་བ་དང་། དྲོ་བ་དང་། དུང་བ་དང་། འབར་ཞེན་པ་མཐོང་ངོ་།། གལ་ཏེ་མ་མཐོང་ན་དེའི ་ཉིས་འགྱུར་གྱི་བཟླས་པ་བྱའོ།། ཡང་ན་བྱེ་བ་ཅིག་བཟླས་པ་བྱས་ན་འགྲུབ་པ་སྟེ། དེ་ནས་བཅོམ་འདས་མ་དངོས་ཀྱི་གཟུགས་མཐོང་ཞིང་འགྲུབ་པར་འགྱུར་རོ།། མཆོག་སྟེར ་ཞིང་ཡིད་ལ་འདོད་པ་འགྲུབ་པའོ།། རལ་གྲི་དང་། མིག་སྨན་དང་། མཆིལ་ལྷམ་དང་། གི་ཝང་དང་། མི་སྣང་བ་དང་། རི་ལུ་དང་། བཅུད་ཀྱིས་ལེན་པ་ཉིད་ཀྱང་བྱའོ།། ་དངོས་གྲུབ་ཡིད་བཞིན་འོང་བའི་རལ་གྲི་བཟུང་བ་ཙམ་གྱིས། རིག་པ་རྣམས་ཀྱི་བདག་པོར་འགྱུར་རོ།། རིག་འཛིན་མོ་རྣམས་དང་ལྷན་ཅིག་ཏུ་རོལ།། རལ་གྲིའི་དངོས་གྲུབ་བརྗོད ་བའོ།། དམིག་སྨན་མིག་ལ་བསླུས་པ་ཙམ་གྱིས། ལཱ་མ་ཡིན་དང་། མི་དང་བཅས་པ་དབང་དུ་འགྱུར་རོ།། མིག་སྨན་གྱི་དངོས་གྲུབ་བརྗོད་པའོ།། མཆིལ་ལྷམ་གོན་ན་འད ་དཔག་ཚད་སྟོང་དུ་འགྲོ་བ་དང་འོང་བར་བྱེད་དོ།། དེ་ནས་མཆིལ་ལྷམ་གྱི་དངོས་གྲུབ་བརྗོད་པའོ།། གི་ཝང་གིས་དཔྲལ་བར་ཐིག་ལེ་བྱས་ན་སྣ་ཚོགས་ཀྱི་གཟུགས་འཛིན་པར་འགྱུར། ་རངས་རྒྱ་མཐོང་བ་ཙམ་གྱིས་དབང་དུ་འགྱུར།། གེ་ཝང་གི་དངོས་གྲུབ་བརྗོད་པའོ།། རིལ་བུ་ཁར་བཅུག་ནས་གཞི་ཆེན་པོ་ལ་སྤྱོད་ཅིང་གནོད་སྦྱིན་དང་འདྲ་བར་འདོད་པའི་གཟུགས་འཛིན་པའོ།། ས་ཏུ ་ང་དྲུག་རིལ་བུ་ཁར་བཅུག་ན་དངུལ་ཆུ་ཡང་དག་པར་རྙེད་པར་བྱས་ན། ཁམས་ཐམས་ཅད་གསེར་འགྱུར། རྡོ་རྗེའི་ལུས་པོར་ཡང་འགྱུརོ།། དངུལ་ཆུའི་སྒྲུབ་པ་པོ་ཡང་གང་འདོད་པ་འ ་བ་མེད་ཅིང་མཁའ་སྤྱོད་ཀྱི་བདག་པོ།། ལྷ་རྫས་ཀྱི་ལུས་ཉེས་པ་ཐམས་ཅད་ལས་གྲོལ་བ། སྣ་ཚོགས་པའི་གཟུགས་འཆང་ཞིང་། འོད་ཟེར་གྱི་སྟོབས་དང་རྫུ་འཕྲུལ་གྱིས་གཞན་གནོད ་པའི་གཟི་བརྗིད་དང་མཚུངས་པར་གྲུབ་པར་འདོད་ན་དེ་ལྟར་ཟད་སྐྲ་དང་སྐུ་གཟུགས་ལ་བསྒྲུབ་པ་ཐམས་ཅད་འདི་འདྲ་བར་སྒྲུབ་པར་འགྱུར་རོ།། ཡང་ན་བདག་མེད་པ་བསྒོམས་པས ་འགྲུབ་སྟེ། ཡང་དག་པར་འདི་ནི་རྣམ་པར་སྣང་མཛད་ཀྱིས་གསུངས་པའོ།། ཡང་ན་རྒྱལ་པོ་དབང་དུ་བྱེད་པར་འདོད་ན། ཙན་དན་དཔར་པོ་གི་ཝང་གིས། གྲོག་ལ་བསྒྲུབ་བྱའི ་གཟུགས་གྲིས་ལ། དེའི་སྙིང་སྔགས་དང་སྤེལ་བའི་མིང་བྲིས་ལ། སྐུ་གཟུགས་ཀྱི་རྐང་པའི་འོག་ཏུ་ཡང་དག་པར་བཞག་ལ། དམར་པོའི་ཕྲེང་བ་དང་གོས་འཆང་བར་འགྱུར། ་མེ་ཏོག་དམར་པོས་མཆོད་པ་བྱས་ལ། གུར་གུམ་གྱིས་བདུག་སྤོས་སྦྱིན་ནོ།། དེ་ཉིད་ཞགས་པ་དང་། ལྕགས་ཀྱུ་བཀུན ་སྟེ་རྐང་པ་གཉིས་སུ་ལྒང་ཞིང་དཀུག་བཞིན་པར་བསམས་པར་བྱའོ།། སྔགས་ཀྱི་རྒྱལ་པོས་བསྐུལ་བས་མེའི་བདག་པོ་ཡང་ཞག་གསུམ་གྱིས་དབང་དུ་འགྱུར་ཏེ། དེ་ནས་གཞན་ལ ་སྦྱོར་བ་ནི་འདི་ཡིན་ཏེ། དེ་ཉིད་ཀྱི་གཟུགས་ལ་ཁྲག་དང་བཅས་པའི་གུར་གུམ་དང་། གི་ཝང་གིས་གྲོ་ག་ལ་རྫོགས་པར་བསྒྲུབ་བྱའི་གཟུགས་བྲིས་ཏེ། དེའི་སྙིང་ཁར་སྔགས་དང ་སྤེལ་བའི་མིང་ས་བོན་གྱིས་བསྐོར་བ། སྐུ་གཟུགས་ཀྱི་མདུན་ཏུ་གུ་གུལ་གྱི་བདག་པས་བདུག་ཅིང་། སྔགས་བརྒྱ་རྩ་བརྒྱད་བཟླས་པ་བྱའོ།། དེ་ཉིད་ཞགས་པ་དང་། ལུགས ་ཀྱུ་དབུག་པ་རླུང་གི་དཀྱིལ་འཁོར་ལ་ཞོན་པར་བསམ་པ་ནི། དཔག་ཚད་བརྒྱན་ཡོད་པའི་བུད་མེད་མཆོག་ཏུ་གྱུར་པ་ཡང་འགུགས་སོ།། ཡང་དེ་ལ་གདུང་གི་རིལ་བུའི་བསྒྲུབ་པའི ་ཐབས་བརྗོད་པར་བྱ་སྟེ། མིའི་རོའི་ཞག་དང་། བུད་མེད་ཀྱི་སྣ་དང་དུར་ཁྲོད་ཀྱི་ཐལ་བ་དང་། ཡོངས་སུ་སྨིན་པའི་ཀ་བའི་ཐལ་བའི་ཕྱེ་མ་དང་། གུ་གུལ་དཀར་པོ་དང་། རྟའི ་དངུལ་གྱིས་ཡོངས་སུ་མཉེས་ལ། བདེ་བར་གཤེགས་པའི་གདུ་ལ་ཡོད་ཆེས་པ་པ་ལ་དེ་ཉིད་ཡོངས་སུ་བཀྲེས་ཏེ། ཉི་མ་དང་ཐ་བ་དང་། མེའི་དབུས་སུ་རྟོགས་པས་རྒྱལ་བ ་གསུམ་གྱི་བསྒྲུབ་པ་འོད་ཟེར་ཅན་གྱི་མདུན་དུ་སྔགས་བཟླས་པས་གྲུབ་པ་ནི་ཁ་རུ་བཅུག་ན་ས་གཞིའི་དཀྱིལ་འཁོར་དུ་གནོད་སྦྱིན་དུ་འདོད་པའི་གཟུགས་འཛིན་པར་འགྱུརརོ།། ་དེ་ནས་གཞན་ཡང་རིལ་བུ་སྒྲུབ་པ་ཡིན་ཏེ། བྱི་ལ་ནག་པོ་དྲི་མ་དང་། ཁྱི་ནག་པོའི་མིག་དང་། རྟ་ནག་པོའི་མིག་དང་། ཁོད་ནག་པོའི་མིག་དང་། ཕག་ནག་པོའི་རྣ་བ་དང ་གཡོན་པ་དང་། ཁྲག་དང་། བདེ་བར་གཤེགས་པའི་གདུང་ཡིད་ཆེས་པ་ལ་བཀྲིས་ལ་རིལ་བུ་ཉི་མ་དང་ཟླ་བ་དང་། མེ་གསུམ་ཏུ་རྟོགས་པའི་རྒྱལ་གསུམ་ལ་བསྒྲུབ་ཏེ། ་འོད་ཟེར་ཅན་གྱི་མདུན་དུ་གསུང་བའི་བདག་གནས་སུ་མཆོག་གི་ཁར་བཅུག་ནས། སྔགས་བཟླས་ན་ནོར་གྱི་དྲུག་ཆ་ལེན་ཅིང་གཞན་ནི་བུད་མེད་མཆོག་རྣམས་ལ་ལོངས་སྤྱོད་དོ།། དེ ་ནས་གཞན་ཡང་རིལ་བུ་ཡིན་ཏེ། སྲིན་བྱ་ནག་པོའི་མིག་དང་། ཁ་ནག་པོ་དང་། འུག་པའི་མིག་དང་། གོ་ཀེ་ནག་པོའི་མིག་དང་། བདེ་བར་གཤེགས་པའི་གདུང་ཡིན་པར ་ཡིད་ཆེས་པ་དང་། རྡོ་རྗེའི་འོད་མས་མཉེས་ལ། རིལ་བུ་ཉི་མ་དང་། ཟླ་བ་དང་། མེའི་ནང་དུ་གཏོགས་པས་བཀྲེས་ལ་བསྒྲུབ་པ་ནི། འོད་ཟེར་ཅན་གྱི་མདུན་དེ་སྔགས ་བཟླས་ན་འགྱུར་ཏེ། ཁར་བཅུག་ན་མི་མཐོང་བར་འགྱུར་རོ།། དེ་བལྟར་མེད། གཟུང་དུ་མེད། དགག་ཏུ་མེད། བརྒལ་ཏུ་མེད། རྨོངས་པར་བྱར་མེད། མགོ་བྲེག ་ཏུ་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོ་པོ།། མེད་མཐོང་བར་བྱེད་པའི་གཙོ་བོ་འདི།། ཡང་དག་པར་རྣམ་པར་སྣང་མཛད་ཀྱིས་གསུངས་ཏེ།། བརྩོན་པ ་མཆོག་གི་བཟླས་པ་འམ། ཞིག་ཙམ་གྱིས་བྱའོ།། དེ་ནས་འབེབས་པར་འདོད་ན་གཞོན་ནུ་མ་ལོ་བཅུ་གཉིས་ལོན་པ། མིག་ཡངས་པ་བོད་རིང་བ་བདེན་པའི་ས་ཕྱོགས་ཅིག་ཏུ། ་གཙང་ཞིང་ཁྲུས་བྱས་གོས་དཀར་པོ་འཆང་བ་ཅན་དན་གྱི་ཡལ་ག་བྱུགས་ལ། མེ་ཏོག་གི་ཕྲེང་བ་དང་། དྲི་དང་། གདུག ་སྤོས་བྱའོ།། དེ་ནས་བ་ལང་གི་ལྕི་བས་དཀྱིལ་འཁོར་ཉེ་བར་བྱུག་པར་བྱུག་པར་བྱས་ལ་གུ་གུལ་གྱི་བདག་སྤོས་ལ་བརྒྱ་ཕྲག་བརྒྱད་བཟླས་ཏེ་བྱིན་ལ་སྒྲུབ་བྱའི་སྙིང་ཁར་ཟླ་བའི ་དཀྱིལ་འཁོར་གྱི་སྟེང་དུ་མཾ་དམར་པོ་འབར་བ་མེ་ལྟ་བུའི་རྣམ་པར་བསམས་ལ་འོད་ཟེར་གྱི་ང་རྒྱལ་གྱིས་བསྙེན་པ་དང་བཅས་པས། དྲིལ་བུའི་མཆོག་གི་སྒྲ་དང་། གུ་གུལ་གྱིས ་བདུགས་ན་སྐ་ཅིག་དེ་ཉིད་ལ་འབེབས་སོ།། ཨོཾ་མ་རི་ཙྱཻ་ཨ་བེ་ཤ་ཡ་ཨ་པེ་ཤ་ཡ། དྷུན་ཀམ་པ་ཡ་ཀམ་པ་ཡ། ཏྲཾ་གྲི་ཧྣ་གྷྲི་ཧཱ་ཧཱུཾ། ཨོཾ་མ་རི་ནྱེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་འདི ་བབ་པར་བྱེད་དོ།། གང་ཡང་དག་པར་རྣམ་པར་སྣང་མཛད་ཀྱིས་གསུངས་སོ།། ཆར་འབེབས་པ་ཞེས་བྱ་བའི་ཏིང་ངེ་འཛིན། ཀླུ་རྣམས་སྒྲུབ་པར་བྱེད་པ་དེ་བཞིན་དུ་ཀླུ་རྣམས ་ཡང་དག་པར་བསྐུ་ལན་ཆར་རྒྱུན་འབེབས་པར་བྱེད་དོ།། གང་གི་ཚེ་ཆར་འབེབས་པ་ཁ་ཅིག་གི་དུས་སུ་བདུག་པ་ཅན་གྱི་ཀླུ་མི་བཟད་པ་བདག་པའི་སེམས་དང་ལྡན་པས། མེ ་ཏོག་དང་། རྩ་བ་དང་། ཡལ་ག་དང་། སྨན་དང་། སྨན་མེད་པར་བྱེད་པས། གལ་ཏེ་ཆར་མི་འབེབ་ན་དེའི་ཚེ་རིགས་སྔགས་འཆང་གི་ཡང་དག་པའི་སྙིང་པོའི་སྔགས་འདི ་ལན་ཅིག་བཟླས་པ་བྱས་ན། ཆར་ཆེན་པོའི་རྒྱུན་འབེབས་པར་བྱེད། ལོ་ཏོག་དང་། རྩ་བ་དང་། ཡལ་ག་དང་། འདབ་མ་དང་། སྨན་གྱི་ནགས་ཐམས་ཅད་དེ་ཡིས ་བསྐྱེད་པར་བྱེད་དོ།། ཨོཾ་མ་རི་ནྱེ་བྷི་སུ་ལཱ་བ་རེ་ན་གེ་ན་ག་ཧྲི་ཧ་ཡ་བ་དྷ་བཛྲ་ལ། སརྦ་ན་ག་ཧྲི་ཡཾ། ཀི་ལ་ན་ཀུན་ལ་ཏཱཾ་པ་ཏི། ཧ་ན་ཧ་ན་སརྦ་དུཥྚཱ་ན་ག་ཧྲི་ད་ཡ་ནི། ད་ཧ་ད་ཧ་སཿ ་དུསྟ་ན་ག་བྷ་ན་ནི། པ་ཙ་པ་ཙ། ཡ་སརྦ་དུཥྚཱ་ན་ག་ན། ཨ་གྲ་མ་ཨ་གྲ་མ་སརྦ་ས་མུ་ཏྲ་ས་ག་ར་ནིར་མ་ལེ་བི་ཀྲ་མ་ཀྲ་མ། མ་ཧ་ན་གྷ་ཏེ་ཛ་པ་རེ་སཱ་ཧཱ། ཀུན་ཏུ་འབར་བའི་གློག་གི་སྙིང ་པོ་ཞེས་བྱ་བའི་གཟུངས་ཀྱི་སྔགས་ཀྱི་ཚིག་འཆང་ཞིང་དྲན་པ་ཙམ་གྱིས་ཀླུ་རྣམས་ཀྱིས་ཆར་གྱི་རྒྱུན་འབེབས་པར་བྱེད་དོ།། ཏདྱ་ཐཱ། ཨོཾ་མ་རི་ནྱེ། ཙཊ་ཙ་ཊ། བ་ཙཊ་བི་ཏ་སྥ་ཐཱ། ་སྭཱ་ཧཱ། ཐཱ་ས་པ་རི་ཙྱཻ་ཏ་སྭཱ་ཧཱ། དེ་ལྟ་བུའི་གཟུངས་ཀྱི་སྔགས་ཀྱི་ཚིག་བཞིན་ཏུ་བརྗོད་པར་བྱའོ།། དེ་ནས་གཏུམ་མོའི་ས་བོན་བརྒྱ་བརྩ་བརྒྱད་ཀླུ་གནས་པའི་ཆུར་སྦྱིན་བསྲེག ་བྱས་ན། མྱུར་ཏུ་ཆར་པའི་རྒྱུན་འབེབས་པར་བྱེད་དོ།། གུ་གུལ་དཀར་པོ་སྦྲང་རྩི་དང་བཅས་པས་སྦྱར་ལ་ལན་ཉི་ཤུ་རྩ་གཅིག་གཟུངས་ཀྱི་ཡོངས་སུ་བཟླས་ན་ཀླུ་རྣམས་ལ་བདུག ་པར་བྱེད་དོ།། ཕྱི་རོལ་གྱི་དཀྱིལ་འཁོར་ཀུན་ཏུ་ཕྱེ་བ་དང་འོ་མ་ཡིས་ཀླུ་བྲི་བར་བྱའོ།། སྒོ་བཞིར་སྒོམ་ཏེ་ལོགས་རེ་རེར་གཏོར་མ་གང་བ་བདུན་བདུན་བཞག་པར་བྱའོ།། རྣམ་པ་སྣ ་ཚོགས་པ་ཅི་ལྟར་རྙེད་པའི་རི་ཡང་བཞག་པར་བྱའོ།། མེ་ཏོག་ཡོངས་སུ་བཀྲམ་པར་བྱེད་ཅིང་། སྣ་ཚོགས་པའི་གཏོར་མ་སྦྱིན་ཞིང་། འབྲས་བུ་ཡོངས་སུ་དག་པར་བྱའོ།། བུ ་བ་གང་བ་བཞི་དང་། ཡོངས་སུ་རྒྱས་པའི་གཏོར་མའི་བུམ་པ་བཞི་དང་། བདུག་སྤོས་ཀྱི་སྣོད་བཞི་གུ་གུལ་གྱི་བདག་སྤོས་བསྲེགས་ལ། མར་མེ་བརྒྱད་སྦྱིན་པར་བྱའོ།། ་རིག་སྔགས་འཆང་གིས་ཤར་གྱི་སྒོ་རུ་སྦྱིན་བསྲེག་བྱ་ཞིང་། ཀ་ར་བི་རའི་ཤིང་གིས་མེ་སྦར་ལ་ཡུངས་ཀར་དང་། རྒྱ་ཆེ་བསྲེས ་པས་བརྒྱ་ཕྲག་བརྒྱད་སྦྱིན་བསྲེགས་པའི་ཡུངས་ཀར་དང་། ཆ་བའི་མར་ནག་དང་། སྦྲང་རྩི་དང་། རྟ་གསོད་ཀྱི་མེ་ཏོག་དང་། ནག་གེ་སར་པའི་ཕྱེ་མས་རི་ལུ་བྱའོ།། དེ་ནས ་རིལ་བུ་ཀླུའི་སྙིང་ཁར་བཅུག་སྟེ། སྔགས་བརྒྱ་ཕྲག་བརྒྱད་བཟླས་ནས། བཅུག་པ་ཙམ་གྱིས་ཀླུ་རྣམས་དགའ་ཞིང་ཆར་གྱི་རྒྱུན་ཆེན་པོར་འབེབས་པར་བྱེད་དོ།། གལ་ཏེ་དེ ་མ་ཐག་ཏུ་ཆར་མི་འབེབས་ན། དེ་རྣམས་ཀྱི་ལུས་རུལ་ཞིང་ཉམས་ནས་མགོ་ནད་དང་ལྡན་ཏེ། སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་རོ།། ཟལ་པ་བླངས་ཏེ་རང་སྐྱ་དང་། ་བསྲེས་ལ། ལན་དྲུག་བཅུར་བསྔགས་ཏེ་ཀླུའི་གནས་ཀྱི་ནང་དུ་ཀླག་པར་བྱའོ།། དེ་བླུགས་པ་ཙམ་གྱི་སྣ་རྣམས་མྱོངས་པར་འགྱུར་ཏེ། ཆར་གྱི་རྒྱུན་འབེབས་པར་བྱེད་དོ།། གཱ ་གི་ཚེ་དེ་མ་ཁང་ལ་ཆར་མི་བབ་ན། དེའི་ཚེ་ལུས་རྣམས་ལ་ཤ་ཀློར་མི་མཛེས་འབྱུང་བར་འགྱུར་ཞིང་མིག་ལོང་བར་འགྱུར་རོ།། པད་མ་དང་། ཨརྒ་དང་། ཨུད་པ་ལ་སྔོན་པོའི ་གེ་སར་བབ་ལ་དང་བསྲེས་བཟངས་མའི་ཕྱེ་མ་དང་། ཡུངས་ཀར། དབང་པོ་ལག་པ་དང་། རྒྱ་སྐྱེགས་དང་། བུ་རམ་གྱི་ཆུས་ཤེས་རབ་དང་ལྡན་པའི་རིལ་བུ་བྱའོ།། ་ལན་བཅུར་སྔགས་ཏེ་རྒྱ་ཤུག་གི་འབྲས་བུ་ཙམ་གྱི་རིལ་བུ་བྱས་ཏེ། དེ་ནས་ཀླུའི་གནས་སུ་རིལ་བུ་བདུན་བཞུག་པར་བྱའོ།། ཆར་མེད་པའི་དུས་སུ་ཉིན་བདུན་དུ་རྒྱུན་ཆད་པ ་མེད་པའི་ཆར་འབེབས་སོ།། གལ་ཏེ་དེ་མ་ཐག་ཏུ་ཆར་མི་འབེབས་ན། ཀླུའི་གནས་ཐམས་ཅད་སྐམས་པར་འགྱུར་རོ།། ཀླུ་ཐམས་ཅད་སྡུག་བསྔལ་བར་འགྱུར་རོ།། རིལ་བུ ་གཅིག་ཏུ་ཀླུ་གནས་པའི་མཚོར། རྒྱལ་མཚན་གྱི་རྩེ་ལ་གདགས་པར་ཞིང་། བ་དན་སྔོན་པོས་ཡང་དག་པར་གདགས་པར་བྱའོ།། སྔགས་འདི་བྲིས་ཏེ་དེ་ཉིད་ལ་གདགས ་བར་བྱའོ།། དེ་སྙེད་དུ་རྒྱལ་མཚན་གྱི་རྩེ་མོ་ལས་གྲིལ་བ། དེ་སྲིད་ཀླུའི་རྣམས་ཆར་འབེབས་པར་བྱེད་དོ།། དེ་ནས་གཞན་ཡང་ཆོ་ག་བརྗོད་པར་བྱེ་དེ། ཨོཾ་མ་རི་ཙེས་ཏེ་བཛྲ་ཏུ ་ན་ཧེ་མི་ལི་མི་ལི་སྭཱ་ཧཱ། སྔགས་འདི་བྲིས་པའི་ཁུ་བ་ལ་ཀླུའི་གཟུགས་བྱས་ཏེ་མགོ་དགུ་སོར་བརྒྱད་པའི་ཚད་དེ་དག་གི་ལུས་པོ་ལ་འཚལ་གྱིས་བྱུགས་པར་བྱའོ།། སྔགས་བྲིས ་པའི་བ་དན་གལ་ཏུ་བཅིངས་ལ་བཅོམ་ལྡན་འདས་མའི་མདུན་དུ་གྲ་བཞི་པའི་མན་དྷིས་བྱས་ཏེ། མེ་ཏོག་བཀྲམ་ལ་ཇི་ལྟར་ཡོད་པའི་གཏོར་མ་དཀར་པོ་སྤྲིན་ཞིང་། མེ་ཏོག་དང་། ་བདུག་སྤོས་ཡང་སྦྱིན་པར་བྱའོ།། སེ་འབྲུའི་ཡལ་ག་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཤིང་། བརྒྱ་རྩ་བརྒྱད་ཀྱང་བཟླས་པ་བྱས་ལ། ཀླུའི་གཟུགས་བརྙན་གྱི་གཟུགས་རྫོགས ་པར་བྱའོ།། ཀླུ་གང་གི་མིང་བྱས་པའི་ཀླུ་ཁུགས་པར་འགྱུར་རོ།། གལ་ཏེ་རང་གི་གནས་ལ་མི་རྒ་བས་ཕྱིར་འགྲོ་ཞིང་ཆར་གྱི་རྒྱུན་འབེབས་པར་བྱེད་དོ།། གལ་ཏེ་ཆར་རྒྱུན་མི་འབེབས ་ན་བསྒྲུབ་བྱའི་སྲིད་དང་བྲལ་བར་བྱེད་དོ།། དེ་ནས་ཡུངས་ཀར་རེ་རེ་ལ་སྟོང་རྩ་བརྒྱད་བཟླས་ཤིང་ཀླུ་དེ་ལ་བརྟགས་པར་བྱ། སྟོང་རྩ་བརྒྱད་ཆང་བ་དང་། ཀླུ་དེའི་གཟུགས ་འགུལ་ཞིང་སྤྲུལ་མགོའི་གཞ་བྱེད་དོ།། སོ་འབྲུའི་ཡག་གས་ཀྱང་བརྡེག་པར་བྱས་ན་གནས་ཤིང་རྩེ་གཉིས་སྟོན་པར་བྱེདའོ།། ་ཅི་སྲིད་དུ་ནུབ་མོ་སྟོན་པར་བྱེད་ན། དེ་ལྟར་ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། གང་བཟླས་པར་བྱེད་པ་དེ་འོ་མ་དང་ཡུངས་ཀར་ཏུ་བཅས་པ་དེ་ཇི་ལྟར་བའི་གཟུགས་ཀྱིས ་སྔགས་བརྒྱ་བརྩ་བརྒྱད་བཟླས་ཏེ། གནས་ཐམས་ཅད་དུ་བཞུགས་པར་བྱའོ།། ཐམས་ཅད་ནས་ཐམས་ཅད་དུ་སོ་སོ་ནས་འགུགས་པར་འགྱུར་རོ།། ་ཏདྱ་ཐཱ། ཨོཾ་མ་རི་ནྱེ་ཙཊ་ཙཊ། བི་ཙ་ཊ་བི་ཙཊ། སྭ་ཐཱ་ས་ཐཱ། ཤ་པ་རི་ཙི་ཏི་ཙི་ཏི་སྭཱ་ཧཱ།། ཉིན་མཚན་གཅིག་གིས་ཉེ་བར་སྤྱོད་པའི་ཆོ་ག་རིག་སྔགས་འཆང་གིས་བྱས་ན། ་གང་གི་ཚེ་འཛམ་བུའི་གླིང་གི་ཀླུ་ཐམས་ཅད་ཀྱིས། སེམས་ཅན་རྣམས་ཡོངས་སུ་ཀྱང་བར་བྱ་བའི་དོན་ཆེད་དུ་ཆར་འབེབས་པར་མི་བྱེད་ན། དེའི་ཚེ་རིག་སྔགས་འཆང་གིས་དམ ་ཚིག་དང་། ཅི་ལྟ་བའི་གཟུགས་བཀླག་པར་བྱའོ།། སྔགས་འདིས་ཡང་ལན་བདུན་དུ་སྔོན་བཞིན་དུ་བརྗོད་པར་བྱའོ།། དེ་ནས་གཏུམ་མོའི་ས་བོན་བརྒྱ་རྩ་བརྒྱད་ཀླུ་གན ་པའི་ཆུ་མིག་ཏུ་སྦྱིན་སྲེག་བྱའོ།། དེའི་ཀླུ་ཐམས་ཅད་ཀྱི་གནས་འབར་ཞིང་། ལྷག་མ་འདུས་པའི་གོང་པོ་རྣམས་ཡོངས་སུ་བསྐམས་པར་འགྱུར་རོ།། ན་མ་ཤཱཀྱ་མུན་པ་ཏ ་ཐ་ག་ཏ་ཡེ། ཏདྱ་ཐཱ། བཛྲེ་བཛྲེ། ས་མན་ཏ་བྷུ་ཏྲེ། ཏ་ཏ་བུ་ཛ། པྲ་པ་ར་བུ་ཛེ། ཏུ་རུ་ཏུ་རུ་ས་མ་ཡ་ཙ་ད་ནེ་སྭཱ་ཧཱ། ན་ག་པ་ར་ས་ཙ་ད་ནཾ་སྭཱ་ཧཱ།། ཆར་ཆེན་པོའི་དུསུ ་སྔགས་འདིས་ཨརྒའི་ཤིང་མེ་རུ་མར་ཡུངས་ཀར་རྟ་གསོད་ཀྱི་མེ་ཏོག་བརྒྱ་རྩ་བརྒྱད་དམ། སྟོང་ཀླུའི་མཚོ་འམ། ཆུ་མིག་དུ་སྦྱིན་བསྲེག་བྱས་ན་ཞི་བར་འགྱུར་རོ།། མ་ལུས ་པའི་ཡུལ་དང་ཕྱོགས་ཀྱི་ནམ་མཁའ་ལ་ཉི་མ་སྟོང་གི་འོད་ཟེར་འབར་ཞིང་རྣོ་བའི་རྣམ་པ་ཅན་གྱི་རྡོ་རྗེ་གདེངས་པ་འཕྲོ་བས། བསྲེག་པའི་བདུད་ཀྱི་ཚོགས་དང་། འདོད་ཆགས་དང་། ་ཞེ་སྡང་དང་། གཏི་མུག་དང་། སྲིད་པ་དང་། སྐྱེ་བ་དང་། རྒ་བ་དང་། འཆི་བ་ཀུན་བཅོམ་པའོ།། འབར་ཞིང་འཕྲོ་བའི་ཕྱོགས་ཀྱི་འཁོར་ལོའི་དབུསུ་མཾང་གི་ཡི་གེ་ལོངས ་སུ་སྤྲུལ་པའི་བདག་ཉིད་གཞོན་ནུ་མ་ལང་རྣོ་ལ་བབ་པ། སྐ་ཅིག་གིས་ཡོངསུ་སྣང་བར་བྱས་ཏེ་ཤིན་ཏུ་སེར་བའི་འཛམ་བུའི་ཆུ་བོའི་གསེར་བཞུས་པ་ལྟ་བུའི་འོད། ཉི་མ་སྟོང ་གི་འོད་ཟེར་གྱི་ཚོགས་གློག་ལྟ་བུ་རྣམ་པར་བྱེད་པའི་འོད་ཟེར་ཅན་མ་ལུས་པའི་ནམཁའི་གསལ་བར་བྱེད་པ། སྔགས་པས་དེ་ལྟ་བུ་བསམ་པར་བྱའོ།། ཕྱག་བརྒྱད་པ། ་ཞལ་གསུམ་པ། སྤྱན་གསུམ་པ། ཞལ་གཉིས་ནི་ཕག་གི་ནག་པོ།། བདག་ཉིད་དབུ་སུ་ཞབས་གཉིས་རིལ་བས་གནས་ཤིང་། ནམ་ཟ་སྔོན་པོ་འཆང་བ། སྣ་ཚོག ་པའི་ཤང་འགག་དང་སྟོད་གཡོགས་ཅན། གསེར་གྱི་རྣ་ཆ་དང་། སྐྱེ་རགས་ལ་དྲིལ་བུ་གཡེར་ཁས་བརྒྱན་པ། ལག་གདུབ་དང་། རྐང་རྒྱན་ལ་སིལ་སིལ་སྒྲ་སྒྲོགས ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དང་། ཐམས་ཅད་སྣ་ཚོགས་པའི་ཀླུའི་དབང་པོས་བརྒྱན་བྱས་པ། ཀླུའི་དབང་པོ་སེར་པོའི་སྦྲུལ་གྱི་གདེངས་ཀའི་ནོར་བུའི་འོད་ཀྱིས་སྤྲས ་ཤིང་འོད་ཟེར་རྣམ་པར་འཕྲོ་བ། མྱ་ངན་མེད་པའི་མེ་ཏོག་གི་ཕྲེང་བས་དབུ་ལ་བཅིངས་ཤིང་། དབུའི་རལ་པ་གྱེན་དུ་བགྲེ ་བ་ལ་མཆོད་རྟེན་གྱིས་བརྒྱན་པའི་མགོ་སྐྱེས་ཅན་རྒྱབ་ཏུ་མཆོད་རྟེན་གྱི་སྐྱེ་བའི་སྟེང་དུ་གནས་པའི་མྱ་ངན་མེད་པའི་སྡོང་པོ་མཆོག་ལ་གནས་པ། མེ་ཏོག་རྣམ་པས་གང་བ་དེའི ་འོག་ཏུ་པད་མོ་དཀར་པོ་ཁ་ཕྱེ་བ་ལ་གནས་པའི། དཔལ་རྣམ་པར་སྣང་མཛད་མགོན་པོ་རལ་པའི་ཅོད་པན་འཆང་བ་དཀྱིལ་དཀྲུངས་ཀྱིས་བསམ་གཏན་ལ་རྩེ་ཅིག་པར་བཞུགས་པ ་གཟི་བརྗིད་ལས་བྱུང་བའི་འོད་འབར་བས་མེ་ལྕེའི་རྩེ་མོ་འབར་བ་ལྟ་བུ་རྒྱུན་དུ་རྒྱུན་གྱིས་ན་མཁའི་ཕྱོགས་ཁྱབ་པའི་འཁོར་ལོ་ལ་འོད་ཟེར་གྱི་ཕྲེང་བ་སངས་རྒྱས་ཀྱི་བརྒྱན་འཕྲོ་ག། ་བཅོམ་ལྡན་འདས་མའི་གཡོན་པའི་ཕྱག་ན་འབར་བའི་གཞུ། དཔག་ཏུ་མེད་པའི་ཡོན་ཏན་འགུགས་པ་རྣམ་པ་རྣ་བའི་བར་དུ་བཀང་བ་གཞུ་གཉིས་པ་རྩེ་གཉིས་དྲིལ་བའི་ནོར ་རྒྱས་ཀྱི་སྐུད་པ། གནས་པའི་ཀླུ་ཏ་ག་ཤ་ཀ་ནི་མྱ་ངན་མེད་པའི་མེ་ཏོག་གོ། བཞི་པ་བསྡིགས་འཛུབ་དང་། ཀར་ཀ་ཏི་ནི་ཞགས་པའོ།། གཡས་ན་འབར་ཞིང་རྣོ་བའོ།། ་རྡོ་རྗེ་གདེངས་པ་འོད་འབར་རིག་ལྡན་ནོ།། གཉིས་པ་ན་མདའ་བཀང་བའི་པད་མའོ།། གསུམ་པ་ན་པད་མ་ཆེན་པོ་འོག་ཏུ་འདྲིལ་བཞིན་པའི་ལྟེ་གཉིས་ནི་ཁབ་དང་སྐད་པ་བཟླ ་བའི་ཕྱག་གོ།། བཞི་པ་ན་དུང་སྐྱོང་ལྕགས་ཀྱུ་ལ་བཀྲིས་པ་ཕྱག་ཏུ་བསྣམས་པའོ།། ཡང་ཀླུ་ཐམས་ཅད་ནི་མཆེ་བ་གརྩེགས་ཤིང་ལྗགས་འདྲིལ་བ། མཐོང་བ་དུག་ཅན ་གྱི་སྦྲུལ་མགོ་གདེངས་ཤི་འནོར་བུའི་འོད་ཟེར་གྱིས། ཕྱོགས་དང་ཕྱོགས་འཚམ་སུ་གསལ་བར་ཀླུའི་ཞལ་དང་པོ་ཤིན་ཏུ་སེར་བ། བཞང་པའི་ཞལ་གཉིས་འཆར་ཀའ ་བུའི་འོད་ཟེར་གྱི་འོད་ཀློག་གི་འོད་ཅན་འཕྲོ་བ་ཅན་དུ་ཀི་དང་། མཛ་བའི་མེ་ཏོག་ལྟ་བུའི་མཆུ་པད་མ་རྒྱས་པ་ལྟ་བུ་མཛེས་པའི་ཞལ། སྨིན་མ་དང་། ཤངས་ཀྱི་དབྱིབས་མཐོ ་བ། པད་མ་རྒྱས་པ་ལྟ་བུའི་སྤྱན། གཡས་པའི་ཞལ་ནི་མེ་ཏོག་ལྟ་བུའི་འོད་དཀར་པོས་དཀར་སེར་བའི་འོད་ཟེར་དཀར་པོ་སྤྲིན་ལྟ་བུ། དཀར་བ་སྟོན་ཀའི་ཟླ་བ་ལྟ་བུའི་ཞལ ་དྲི་མ་མེད་པའི་སྔོ་བཞིན་མི་བཟད་པ་ལ། ཁྲོ་བ་དང་བཅས་པ་གཞོན་པའི་ཞལ་འགྱུར་ཞིང་། གསལ་བའི་འོད་མཆེ་བ་གརྩིགས་པས། འཇིགས་ཤིང་མི་བཟད་པའི་ཉི་མ ་སྟོང་ལྟ་བུར་འོད་འཕྲོ་ཞིང་འཇིགས་པའི་དུས་ཀྱི་བསྐལ་པའི་མེ་ལྟ་བུ་ཉེ་བར་གནས་པ་ལྟས་པར་དཀར་བའི་ཁྲོ་གཉེར་སྨན་མི་མཉམ་པར་ལྟས་པས། ཀླུ་རྣམས་ཀྱི་ཚོགས ་བསྒྲག་པར་བྱེད་པ་ལྟུང་གནས་ཁ་མཐུང་དུ་བལྟས་ཏེ། ཆུ་སྐྱུག་པར་བྱེད་ཅིང་ན་མཁའ་ལ་གནས་ནས་ཆར་པའི་རྒྱུན་འབེབས་པར་བྱེད་པ། དེ་མ་ཐག་ཏུ་ས་གཞི་ཀུན་ཏུ ་མང་པོས་ས་ཡང་ཀུན་ཏུ་འགེངས་པར་བྱེད་དོ།། དེ་ལ་དེ་ཉིད་དུ་ན་མཁའ་ལ་ཉི་མ་ལས།། ཨོཾ་བ་ཏྲ་ཀྲ་མ་སི་སྭཱ་ཧཱ།། ཞེས་བྱ་བ་ནི་སྔོན་བཞིན་ནོ།། ཨོཾ་བ་ར་ཀྲ་མི་སི་སཱ ་ཧཱ། ཞེས་བྱ་བ་ནི་མདུན་དུ་གནས་པའི་ལྷ་མོ་ཕྱག་བཞི་པ། གོས་སེར་པོའི་ཤ་འགག་དང་། སྟོད་གཡོགས་ཅན། སྤྱན་གསུམ་པ། ཕག་གི་ཞལ་ཕག་པ་སེར་པོ་ལ ་ཞོན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཨིན་ཏྲ་ནི་ལ་དང་འདྲ་བ་འདི་འོད་སྔོན་པོའི་མེ་འབར་བ་མཆེ་བ་གརྩིགས་པ ་སྨིན་མ་དང་ཁྲོ་གཉེར་མི་མཉམ་པའི་སྤྱན་ཀླུའི་དབང་པོ་སེར་པོའི་གཡོན་པའི་ཕྱག་ཏུ་འབར་བ་རྡོ་རྗེ་སྐུད་པ་དང་བཅས་པའོ།། གཡས་པ་ལྕགས་ཀྱུ་ཁབ་དང་བཅས་པའི ་ཕྱག་གོ། ཨོཾ་གུ་ལ་མ་སི་སྭཱ་ཧཱ། ཞེས་བྱ་བ་ཕྱོགསུ་གནས་པའི་ལྷ་མོ་གཞོན་ནུ་མའི་གཟུགས་སེར་པོ།། སྔོན་པོའི་ཤང་འགག་དང་སྟོད་གཡོགས་ཅན། ཕག་པའི ་ཞལ་དང་ཕག་པ་ནག་པོ་ལ་ཞོན་པ། སྤྱན་གསུམ་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གཡོན་པའི་ཕྱག་ན་བསྡིག་འཛུབ་དང་བཅས་པའི་ཞགས་པ་དང་། མེ་ཏོག ་དང་བཅས་པའི་ཡལ་ཀའོ།། གཡས་པ་ལྕགས་ཀྱུ་དང་ཁབ་བསྣམས་པའི་ཕྱག་གོ། ཨོཾ་བ་དྷ་མ་སི་སྭཱ་ཧཱ།། ཞེས་བྱ་བ་ནི་ནུབ་ཏུ་གནས་པའི་ལྷ་མོ་ཕྱག་བཞི་པ། དམར་པོ ་དང་བཅས་པའི་སྔོན་པོའི་གོས་འཆང་བ། སྣ་ཚོགས་པའི་ཤང་འགག་དང་གཡོགས་ཅན། སྣ་ཚོགས་པའི་ཕག་པའི་ཞལ། སྤྱན་གསུམ་པ། རྒྱན་ཐམས་ཅད ་ཀྱིས་བརྒྱན་པ། གཡོན་པའི་ཕྱག་ན་གཞུ་དང་། མྱ་ངན་མེད་པའི་ཡལ་གིའོ།། གཡས་ན་འདའ་དང་། ལྕགས་སྒྲོག་གི་ཕྱག་རྒྱའོ།། ཨོཾ་ཨན་ཏ་ར་དྷ་ན་ས ་སི་སྭཱ་ཧཱ། ཞེས་བྱ་བ་དང་། བྱང་ཕྱོགས་གནས་པའི་ལྷ་མོ་མར་གད་ཏ་ལྗང་ཁུ་འོད་ནམ་ཟ་དཀར་མོ་དང་། ཤང་འགག་དང་སྟོད་གཡོགས་དམར་པོ་འཆང་བ། ་སྦྲུལ་གྱིས་བརྒྱན་པའི་སྐྱེ་རགས་ཅན། སྤྱན་གསུམ་པ་ཕག་གི་ཞལ། ཕྱག་བཞི་པ་གཡོན་པའི་ཕྱག་ཏུ་རྡོ་རྗེ་དྲིལ་བུ་འཁྲོལ་ཞིང་། སྐུད་པ་དང་ཁབ་ཀྱི་ཕྱག་གོ།། ་གཡས་པའི་ཞལ་པ་དང་། ལྗགས་ཀྱུ་དེས་ལྷ་མོ་བཞིས་བསྐོར་བ་ཐམས་ཅད་ལ། ཀླུའི་དབང་པོས་རལ་པ་བཅིངས་ཤིང་མཆོད་རྟེན་གྱི་མགོ་སྐྱེས་བརྒྱན་པའོ།། ཨོཾ ་མ་རི་ཙེ་སྔོན་དུ་སོང་བའི་རང་གི་སྔགས་ལས་སྐྱེས་པའི་གསེར་ལྟ་བུའི་བག་པ་ལ་ཞོན་པ་བསམ་པར་བྱའོ།། དེ་ནས་ཤར་ཏུ་ཀླུའི་རྒྱལ་པོ་ཆེན་པོ་དགའ་བོ་ནག་པོའི་འོད ་འབར་བ་སྦྲུལ་མགོ་གདེངས་ཀ་བདུན་པ། གདེངས་ཀ་གསུམ་གྱི་ཀླུ་མོ།། གཉིས་གནས་ཤིང་པད་མ་སྣམས་པའི་ཕྱག་གོ། ལྷ་ཞལ་འགྱུར་བའི་འོག་ཏུ་བྱིན་པ་ལ། ་མགོ་སྐྱེས་བཅང་བ། ཐམས་ཅད་ཀྱིས་མཐོང་བའི་དག་ཅན། རིན་པོ་ཆེའི་དབུ་རྒྱན་ཅན་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། སྦྲུལ་མགོའི་གདེངས་ཀའི་ནོར་བུའི་འོད་ཀྱིས ་མུན་པ་ཐམས་ཅད་འཇོམས་པ། སྙིང་ཁར་བད་སའི་ཐལ་མོ་སྦར་ལ་སེམས་མི་དགའ་ཞིང་འཇོམས་པས་སྐྲག་པས་སྐྱུག་ཅིང་སྦྲུལ་མགོ་ནས་ཆུའི་རྒྱུན་འབབ་པ་ལྷོ་ཕྱོགསུ ་ནོར་རྒྱས་ཤིན་ཏུ་སེར་བ། འཇོག་པོ་དཀར་ཞིང་དམར་བ་ནུབ་ཕྱོགས་སུའོ།། རླུང་པད་མ་ཆེན་པོ་ཅུང་ཞིག་དམར་བའོ།། དབང་ལྡན་དུ་རིག་ལྡན་སྔོན་པོའོ།། དེ་ལྟར ་ཤར་ལ་སོགས་པའི་སྒོར་གནས་པའི་དགའ་བོ་ལ་སོགས་པའི་ཀླུ་བཞིནན་པའི་མགོ་སྐྱེས་བཞི་བཀོད་པར་བྱའོ།། ཨོཾ་ཨ་ལོ་ཧཱཾ་སརྦ་ན་ག་ན་ཨ་ཀར་ཤ་ཡ་ཛ་སཱ་ཧཱ།། ཞེས ་། བྱའོ།། ཨོཾ་ཏ་ལོ་ཧཱུཾ་སརྦ་ཧཱུཾ་སརྦ་ན་ག་ན་པྲ་བེ་ཤ་ཡ་ཧཱུཾ་སྭཱ་ཧཱ། ཨོཾ་ཀ་ལི་ཧཱུཾ་སརྦ་ན་ག་ན་བྷ་དྷ་ཡ་བཾ་སྭཱ་ཧཱ། ཨོཾ་པ་ར ་ཙ་ཡོ་ས་གུར་ཏ་ཏི་ཧཱུཾ་སརྦ་ན་ག་ནཾ་བྷ་ཤ་ན་མ་ཧཱ་ཡོ། སྭཱ་ཧཱ། དེ་ནས་མེ་ལ་སོགས་པའི་འཚམས་སུ་ཀླུ་རྣམས་མནན་ཅིང་གནས་པའི་ལྷ་མོ་ཏྲཻ་ལ་སོགས་པ་བསམ་པར་བྱའོ།། ཞེ ་པ་གནས་པ་ནི་གོ་རིམས་སྔོན་བཞིན་དུ་ཀླུ་བརྒྱད་པའི་མིང་བྲི་བར་བྱའོ་ཞེས་བྱའོ།། དེ་ནས་ཆོ་ག་འདིས་དགེ་བ་སྐར་མ་བཟང་པོ་བརྒྱལ་པོ་ལ་གུས་པའི་མཆོད་པ་ལྔ་དང་ལྡན་པས ་ཟང་སྐྲ་གསལ་བ་སྐྲ་ཉག་རེ་དང་བྲལ་བ། གསོ་སྦྱོང་དང་ལྡན་པའི་ལྷ་བཟོས། སྟེང་ཁབས་ཡོད་པའི་ཕྱོགས་ཅིག་ཏུ་བྲི་བར་བྱའོ།། ཕྱིས་ནི་དགེ་སློང་རྣམས་དང་། གཞོན ་ནུ་མི་རྣམས་ལ་སྟོན་མོ་བྱའོ།། དེ་ནས་ཆར་མེད་པའི་དུས་མཉམ་པར་བཞག་སྔགས་པས། ལེགས་པར་ཁྲུས་དང་གཙང་སྦྲ་བྱས་པས་དེས་ལ་གནས་པ་སྟེ། འོ་མ་བཏུང ་ཞིང་གོས་ནག་པོ་གོན་ཏེ། གྲོགས་བཟང་པོ་དང་དེ་བཞིན་ཏུ་བྱའོ།། མཐོང་བའི་མཆེའུ་འམ་མཚོ་འམ། ཆུ་འམ། རྫིང་བུའི་འགྲམས་ཀྱི་ཀླུ་གནས་པའི་ཆུ་མིག་གམ། ་ལྷའི་གནས་སམ། གཞན་ཡང་ཡིད་དགའ་བའི་གནསུ་ཁང་པ་བྱའོ།། དེ་ལྕི་བས་དཀྱིལ་འཁོར་བྱས་ལ་སྐུ་གཟུགས་བཀྲམ་སྟེ། སྣ་ཚོགས་པའི་ཁ་དོག་གི་བ་དན ་རྒྱལ་མཚན་གྱི་རྩེ་མོར་བཞག་པ་བྲི་བར་བྱའོ།། བླ་རེ་བྲེས་ལ་སྐྱེ་ཆེ་དང་བཅས་པའི་ཡུངས་ཀར་དང་། འབྲས་ས་ལུ་ཆོས་བྱས་པའི་འཚོན་གྱི་གྲུ་བཞི་སྒོ་བཞི་པའི་དཀྱིལ ་འཁོར་བྲི་བར་བྱའོ།། ཕྱི་རོལ་ཏུ་པད་མ་ཆེན་པོ་ཁ་རླུང་གི་དཀྱིལ་འཁོར་དེའི་དབུས་གཙོ་བོའི་གནསུ་པད་མ་འདབ་མ་བརྒྱད་པ་འོད་འཕྲོ་བ་འཇིགས་པའི་དུས་ཀྱི་མེ་ལྟ་བུ་རྡོ། ་རྗེ་ལྟེ་བ་ཝེ་ཧཱུཾ། རྒྱ་མཚོར་འགྲོ་བའི་ཆུ་བོའི་ངོས་གཉིས་ཀྱི་ས་དང་། གྲོག་ཁར་གྱི་ས་དང་ལྡན་པའི་ཀླུའི་གཟུགས་བརྙན་བྱས་ལ་པད་མ་འདབ་མ་བརྒྱད་པ་བཞག་པར་བྱའོ།། རང་གི ་འཁོར་གྱིས་ཡོངས་སུ་བསྐོར་ཅིང་ཕན་ཚུན་ལོགས་གཉིས་ན་ཀླུ་གནས་པས། ཐལ་མོ་སྦྱར་བས་འདུག་པའོ།། ཀླུའི་སྙིང་ཁར་ཧཱུཾ་ངོ་།། མགྲིན་པར་བུའོ།། འཇུག་མ་ལ་འཇམ་གྱིས ་བཀྲིས་པའི། སྦྲུལ་མགོའི་གདེངས་ཀའི་ནོར་བུས་འོད་ཐམས་ཅད་འབར་བའི་མེ་ལྟ་བུ་ཀླུའི་བརྒྱད་པོ་ཞེས་བྱའོ།། དྲི་ཞིམ་པོ་དང་ཙན་དན་གྱི་ཡལ་ག་ལ་བྱུགས་ཤིང་། མེ་ཏོག ་ཕྲེང་བས་བརྒྱན་ཏོ། དྲ་བ་དང་། དྲ་བ་ཕྱེད་པས་དཔྱངས་པ། ཀུ་མུ་ཏ་དང་། ཨུད་པ་ལ་དང་། པད་མ་དཀར་པོ་དང་། མ་ལི་ཀའི་མེ་ཏོག་གིས་རྣམ་པར་བཀྲམ་ལ་ཆུས ་ཡོངས་སུ་བཀང་བའི་བུམ་པ་བརྒྱད་ཀྱང་བཞག་པར་བྱའོ།། མར་མེ་བརྒྱད་ཀྱང་བཞག་པར་བྱའོ།། མར་མེ་བརྒྱད་རྟག་ཏུ་འབར་བར་བྱའོ།། སའི་ཁམས་ཀྱི་བརྒྱད་འོ་མས་ཡོད ་སུ་བཀང་ལ་བཞག་པར་བྱའོ།། རོ་ཐམས་ཅད་ཀྱི་གཏོར་མ་བཞི་དང་། སྦྲང་རྩི་དང་། མར་དང་། ཤ་ཁར་དང་། འབྲས་ཀྱི་ཟན་དང་། ཡང་དག་པ་དང་ལྡན་པའི་སྦྱིན་པ ་བྱའོ།། སྤོས་དང་ཡུངས་ཀར་ཡོངས་སུ་དག་པར་བྱའོ།། ཨོཾ་བ་ན་མ་སི་སྭཱ་ཧཱ། ཞེས་བྱ་བ་དང་། ཨོཾ་ན་མ་སི་སྭཱ་ཧཱ། ཞེས་བྱ་བ་སྟེ། དགའ་བོ་ཤར་ཕྱོག་སུའོ།། ཨོཾ་ལ་ས ་ཧཱ། ཞེས་བྱ་བས། ནོར་རྒྱས་ལྷོ་ཕྱོག་སུའོ།། ཨོཾ་ཧཱུཾ་ཛ་སྭཱ་ཧཱ། ཞེས་བྱ་བས། འཇོག་པོ་ནུབ་ཕྱོག་སུའོ།། ཨོཾ་སུ་ས ་ཧཱུཾ། ཞེས་བྱ་བས། ཀར་ཀོ་ཏ་བྱང་ཕྱོག་སའོ།། ཨོཾ་བམ་སྭཱ་ཧཱ། ཞེས་བྱ་བས། དུང་སྐྱོང་མེའི་ཕྱོགས་སུའོ།། ཨོཾ་ཕཊ་སྭཱ་ཧཱ། ཞེས་བྱ་བས་ནི། པད་མ་སྲིན་པོའི ་ཕྱོགས་སུའོ།། ཨོཾ་དྷ་ཀ་དྷ་ཀ་པ་སི་སྭཱ་ཧཱ། ཞེས་བྱ་བས་ནི། པད་མ་ཆེན་པོ་རླུང་གི་ཕྱོགས་སུའོ།། ཨོཾ་བྷ་སྭཱ་ཧཱ་ཞེས་བྱ་བས་ནི་རིགས་ལྡན་དབང་ལྡན་དུའོ།། ཐལ་མོ་གཉིས ་བཀན་ཏེ་མེཐེའུ་ཆུང་གཉིས་ཁབ་ལྟ་བུར་བྱས་ལ་སྲིན་ལག་གཉིས་དེའི་རྒྱབ་ནས་བཞིབས་ཏེ་སྲིན་ལག་གཉིས་ཀྱི་ཅིབས་གསུམ་པར་གུང་མོ་གཉིས་ཀྱི་རྩེ་མོ་གཉིས་ལ་བཞི་པས ་ལ། བསྡིག་འཛུབ་གཉིས་དང་འཐེབ་ཆེན་གཉིས་ཀྱི་སོ་སོར་རྩེ་མོ་བཀུག་སྟེ་གདེངས་ཁ་ལྟར་བྱའོ།། ཀླུའི་དབང་པོ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱའོ།། ལག་པ་གཉིས ་ཐལ་མོ་སྦྱར་བ་བྱས་ལ་མཐེ་རྩེ་གཉིས་ཀྱི་སྟེང་དུ་པུས་མོ་གཉིས་དང་། སྲིན་ལག་གཉིས་ཀྱི་ཚིགས་གསུམ་བསྐུམ་པར་བྱས་པ་ནི། གཤིན་རྗེ་ཐར་གྱི་ཕྱག་རྒྱའོ།། སྔགས་ནི་ཨོཾ་ལ ་མན་ཀ་ཡེ་ཧཱུཾ། དེ་ལྟར་རང་རང་དང་ཕྱག་རྒྱའི་བཀུག་ལ་ཡང་དག་པར་བརྗོད་དོ།། ཕྱིས་ནི་རིགས་སྔགས་འཆང་གི་ལས་ཀྱང་སར་པའི་མས་བཀལ་བ་སྔགས་དང་བཅས་པས་བཟུང ་སྟེ། སྐྱེ་བ་མན་ཆད་དུ་ཆུའི་ནང་དུ་བཅུག་ལ། འོད་ཟེར་ཅན་གྱི་སྙིང་པོ་དང་བཅས་པའི་ང་རྒྱལ་གྱིས་སྔོན་དུ་གསུངས་ཀྱིས་རྣམས་བསྐུལ་ཞིང་བཟླས་པ་བྱའོ།། དེ་ནས་མཉམ་པར ་བཞག་པའི་སྔགས་པས་ཕྱིར་འོངས་ནས། ལྷའི་དབང་པོར་བཞུགས་ཏེ། དཀྱིལ་འཁོར་གྱི་ཤར་སྒོ་སྔོན་དུ་གསུངས་པའི་ཐབ་ཁུང་དུ་ཇི་ལྟ་བུའི་ཚོགས་མེ་ལ་སྐྱེ་ཆེ་དང་། རྒྱནན ་དང་། རྟ་བསོད་ཀྱི་མེ་ཏོག་དང་བཅས་པའི་ཚེ་བའི་མར་ནག་ལ་སྤགས་ཏེ་སྤྲིན་བསྲེག་བྱའོ།། དེ་ནས་ཀླུ་རྣམས་ཅད་ཀྱིས་ཆར་གྱི་རྒྱན་འབེབས་པར་བྱེད་དོ།། ཡང་ན་སྔགས་ཀྱི་སྦྱོར ་བར་བྱས་ཏེ། ན་མཁའི་དབུས་སུ་ངེས་པར་མཾ་ལས་སྐྱེས་སྐྱེས་པའི་འོད་ཟེར་ཅན་གྱི་གསེར་མདོག་དང་ལྡན་པའི་གཞོན་ནུའི་གཟུགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གོས་སྔོན་པོ ་དང་བཅས་པ་སྣ་ཚོགས་པའི་ཤང་འགག་དང་། སྟོད་གཡོགས་ཅན་དང་སྟོན་པའི་མཚན་མོའི་ཕྱག་རྒྱ་དང་བཅས་པ། ཕྱག་དྲག་པ། པད་མ་བྱེ་བ་ལྟ་བུའི་ཞལ། བན་དང་དུང་དང ་ཆ་ལྕི་བའི་མེ་ཏོག་ལྟ་བུའི་མཆུ། ཨུད་པ་ལ་སྔོན་པོ་ལྟ་བུའི་སྤྱན་ཅན། མཆོད་རྟེན་དབུ་རྒྱན་པའི་དགེ་སྐྱེས་ཅན། རྒྱབ་ཏུ་ཟླ་བ་དང་མཆོད་རྟེན་གྱི་སྐྱེ་བ་ལས་སྐྱེས་པའི ་ཤིང་མྱ་ངན་མེད་ཀྱི་རྡོ་བའི་མེ་ཏོག་གིས་རྣམ་པར་ངེས་པའི་རྒྱན་པ། གསེར་གྱི་མདོག་ལྟ་བུའི་ཕན་ལ་ཞོན་པ། ཕག་པའི་ཚོགས་ཀྱི་དབུས་སུ་ཕྱག་རྒྱ་བཅས་ཤིང་སྔགས་བཟླས ་ཤིང་ལྷ་མོ་བསྒོམ་པར་བྱས་ན། དགྲའི་དཔུང་གི་ནང་དུ་ལྷ་མོ་འགྲོ་ཡང་བལྟར་མེད་དོ།། བཟུང་དུ་མེད་དོ།། བཅིང་དུ་མེད་དོ།། དགག་ཏུ་མེད་དོ།། བརྒལ་ཏུ་མེད། ་རྨོངས་པར་བྱར་མེད། ཅད་པས་བཅད་དུ་མེད། མགོ་བྲེག་ཏུ་མེད། ཚིག་པར་བྱར་མེད། དགྲའི་དབང་དུ་མི་འགྲོའོ།། ཨོཾ་མ་རི་བྱེ་བན་དྷ་ལ། དྷན་དྷ་ལི་བ ་ར་ལི། བ་ཏྲ་མུ་ཁཾ་སརྦ་དུ་རྫ་མྲ་དུཥྚཱ་ན་ཙཀྲཱ་མུ་ཁཾ་བན་ད་ཧཱ་སྭཱ་ཧཱ། སྔགས་འདི་ཡིས་ལས་བྱས་པའི་དལ་བུས་རླུང་ཁར་བཅུག་ཅིང ་བཀག་ལ། རྩེ་ལ་སོ་སོར་སྔ་མ་ལ། སྣ་བུ་གཉིས་ནས་རླུང་ཕྱིར་ཕྱུང་ནས་སྲུངས་ཞིང་། དེ་ལྟར་ལྷ་མོ་དྲན་པར་བྱ་སྟེ། སྔགས་བཟླས་པ་བྱའོ།། གོས་ཀྱི་མཐའ་མ་ལ་ལན ་ཉི་རྩ་གཅིག་གི་བར་ད་བཟླས་ཏེ། ལྕེ་དང་མིག་དང་ལྕེ་གདམས་ཤིང་གནས་ཏེ་མདུན་པའོ།། ཀུན་མ་བདུག་པ་ཅན་ཐམས་ཅད་བཅིངས་ནས་གནས་པ་ཡིན་ནོ།། ལྷ་མོ་བས ་ཞིང་སྔགས་པ་དྲན་ནོ་ནགས་ངན་པའི་ནང་དུ་འགྲོ་ན། སྔགས་པས་རྐུན་མའི་ནང་དུ་བལྟར་མེད། བཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་ཏུ་མེད། ་རྨོངས་པར་བྱར་མེད། ཞེས་བྱ་བ་ལ་སོགས་པ་ཡང་དག་པའི་ཆོ་ག་བྱའོ།། རྒྱལ་བ་གཞོན་ནུ་མས་བཀལ་བའི་སྐུད་པ་མ་ཆད་བསྔགས་པས་སུམ་བསྒྲིལ་ཏུ་བྱས་པ་ལ་ལན ་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་བགེ་ཁྲག་དང་། གི་ཝང་གཉིས་ཀྱིས་བྱུགས་ཏེ་བཟླས་པའོ།། སྔགས་དང་བཅས་པའི་མིང་དང་བཅུག་ཏེ། འདུད་པའི་འཕྲེང་བ་ཉིད་བྱ་བ་ན ་ལན་ཉི་ཤུ་རྩ་གཅིག་ཏུ་མདུད་ལ་གོས་ཀྱི་མཐའ་མ་འམ། ལག་པར་བཅིངས་ལ་རྣ་བར་ཕག་གི་མཆེ་བ་བཅུག་ནས་འགྲོ་ན་བལྟར་མེད། བཟུང་དུ་མེད། བརྒལ་ཏུ་མེད།། ་བཅིང་དུ་མེད། དགག་ཏུ་མེད། རྨོངས་པར་བྱར་མེད། ཆད་པས་བཅད་དུ་མེད། མགོ་བྲེག་ཏུ་མེད། ཞེས་བྱ་བ་ལ་སོགས་པ་ཕག་པའི་རྣ་བའི་སྨན་རྩ་བ་དང་བཅས་པ། ་མེ་ཏོག་དང་བཅས་པ། གི་ཝང་དང་འཕགས་པའི་སོ་སོར་སྐར་མ་རྒྱལ་བ་ལ་རྡོང་རིས་དང་མཉེལ་ཞིང་། བཤིགས་ཏེ་རིལ་བུ་བྱས་ལ། དྲི་བ་མ་ལ་བསྐམས་ཏེ། རྒྱལ་པོ་ཆེན ་པོ་དབང་ཕྱུག་དང་ཕྲད་པའི་དུས་སུ། དཔྲལ་བ་ལ་ཐི་ལི་བྱས་ཏེ་དབང་ཏུ་འགྱུར་རོ།། རྫས་དེའི་འབྲས་བུ་དང་། རྣམ་པར་རྒྱལ་བ་དཀར་པོའི་འབྲས་བུ་གི་ཝང་དང་ལྷན་ཅིག་དུ ་ཅི་སྲིད་དུ་སྐར་མ་རྒྱལ་ལ་ཕག་གི་སོ་སོ་མཉེ་ཞིང་བཞིབས་ལ། དཔྲལ་བར་ཐིག་ལེ་བྱས་ན་རྒྱལ་པོ་དབང་ཕྱུག་གང་གིས་མཐོང་ནས་དགའ་བར་འགྱུར་ཏེ། འགྲོ་བ་སྤྱོད་དོ།། ་གཡུལ་ངོར་བྱས་ན་རྒྱལ་བ་ཐོབ་པར་འགྱུརརོ།། གཡུལ་ཆོས་བྱེད་པའི་ནང་དུ་ཡང་། པུ་ཏྲཾ་ཛ་རི་དང་། ཨ་པ་ན་ཛ་ཏ་ཀ་དང་། ནུ་ཏན་ཏི་དང་། ངན་འདོད་པ་ལ་དང་། ་ལུས་ཀྱི་རྨ་ལ་བྱུགས་ལསའི་དྲི་མ་དང་། མིག་གི་དྲི་མས་བྱས་པའི་ཕྱེ་རེག་ཙམ་གྱིས་སྐྱེ་འགྲོའི་བུད་མེད་དབང་དུ་བྱེད་དོ།། ཨ་ན་བ་ཛི་ཏི་ཀ་དང་། ཀྲ་ཏ་དང་། པྲ་བན་ཏི་དང་། ་ལག་རྨི་དང་། རྨ་ནས་བྱུང་བ་དང་མིག་གི་དྲི་མ་དང་། མིག་ཆུའི་སྔགས་བཟླས་ན། དེ་མ་ཐག་ཏུ་རྒྱལ་པོ་དབང་ཕྱུག་གི་བུད་མེད་རྣམས་ཀྱི་དབང་དུ་བྱེད་དོ།། ཀུན་ཏ་ནི་ཁྱབ ་འཇུག་རྣམ་པར་གནོན་པ་ལ་བྱའོ།། པྲ་བན་ཏི་ལྡུམ་བུ་རྟག་ཏུ་རྟེན་མ་ལ་བྱའོ།། ཨན་པ་ཛ་ཏི་ཀ་ནི། ལུས་པོ་ཐལ་མོ་སྦྱར་བ་ལྟ་བུར་ཤེས་པར་བྱའོ།། རྡུལ་མ་དང་། དན་ཏན ་པ་དང་། ལན་ཅིག་པོ་ནི་བུད་མེད་དབང་དུ་བྱེད་པར་འགྱུར་རོ།། སུརྱ་ཨ་པ་ཏ་དང་། མིག་སྨན་དང་། དབང་པོ་ལག་པ་དང་། མི་འཇིགས་པའི་ལག་པ་དང་། དེ་རྣམས ་འབྱུང་བའི་རྩ་བ་དང་། སོ་ཀ་དང་། ཧ་རིར་བྷུ་བ་ཧ་ན་དང་། དུང་དང་འདི་རྣམས་ཕྱེ་མ་བྱས་ཏེ། མིག་གི་ཆུས་སུ་བསངས་ཏེ། བདག ་ཉིད་ཀྱི་མྱོས་བྱེད་དང་བཅས་པ་རང་གི་བུད་མེད་ཀྱི་ཚོགས་དང་བཅས་པ་དེ་མ་ཟག་ལ་དབང་དུ་འགྱུར་རོ།། དྲན་པ་ཙམ་གྱིས་མཆོག་ཏུ་གྱུར་པའི་བུད་མེད་བཅོམ་ལྡན་འདས་མས་བསམ་སུ་ཟིན ་ཀྱང་། ཡང་ངེས་པར་དྲན་པའི་མཚན་མས་ཨརྒ་དཀར་པོའི་སྡོང་བུ་རྩ་བ་དང་། གཅོད་དང་ཁང་པའི་བྱེའུ་དང་། རུ་རྟ་དང་། རང་གི་ལུས་ཀྱི་རྨའི་ཁྲག་དང་། མིག་གི་དྲི་མ ་དང་བསྲེས་པ་ནི། རང་གི་མྱོས་བྱེད་ཀྱིས་ཁམས་གསུམ་ཡང་དབང་དུ་བྱེད་དོ།། སི་ཏ་ས་ར་མོ་དཀར་པོ་དང་། ཨ་ས་ཀ་ཏ་ས་ར་མ་ཕྱེ་མས་ནི་རང་གི་ཁྱོ་མ་ཡིན་པ་ངོ་མི ་ཤེས་པ་འདུལ་དཀའ་བ་ཡང་དབང་དུ་འགྱུར་རོ།། མི་ཤེས་པ་ཡང་རང་གི་ས་བོན་དང་ལྡན་པས་སྐར་མ་རྒྱལ་ལ་བྱས་ནས་དབང་དུ་བྱེད་དོ།། རམ་དུ་ཏི་དང་རྟུན་ས་དང་། ་ཀྲོ་ར་བི་ཀ་དང་། རང་གིས་བྱེད་ཀྱིས་སང་ཞིང་བསྲེས་ཏེ།། སེང་ལྡེང་གི་ཤིང་གི་ནང་ནས་བྱུང་བའི་ཁེ་ལེ་ས་རི་ལུ་དང་། རམ་བུ་ལེན་ལན་ཅིག་ཏུ་སུམ་བཅུ་པའི་བདག ་པོ་ཡིས་ཉེས་པ་རང་གི་ཆུང་མ་དབང་དུ་བྱེད་དོ།། དུར་དཀར་པོ་དང་། རི་དགགས་ཀྱི་དུར་བ་དང་། གྷེ་ཝང་དང་ལྷན་ཅིག་ཏུ་བྱས་ཏེ། དཔྲལ་བར་ཐིག་ལེ་བྱས་ན་མཐོ ་བ་ཙམ་གྱིས་རྒྱལ་པོ་ཡང་དབང་དུ་འགྱུར་རོ།། ན་གཾ་གེ་སར་དང་། དེ་བཞིན་དུ་པད་མ་གོ་སར་དང་། ཙན་དོན་དམར་པོ་དང་། དེ་བཞིན་ཏུ་ཀུ་མུ་ཏ་དང་། ལྡོང ་རོས་དང་། ཤིང་རྟ་ལ་དང་བཅས་པའི་གྷི་ཝང་དང་མར་ཧ་ཀན་དང་། ཁྱབ་འཇུག་གིས་མནོན་པ་དང་། ཕག་གི་ཁྲག་གིས་རིལ་བུ་བྱས་ལ། འོད་ཟེར་ཅན་གྱི་སྔགས་བཟླས་ན། ་དཔྲལ་བར་ཐིག་ལེ་བྱས་པ་དང་སྤྱི་བོ་དང་། མགྲིན་པ་དང་། སྙིང་ཁ་དང་། ལག་པ་གཉིས་དང་། དེ་བཞིན་ཏུ་ལྟེ་བ་དང་། རྐང་པ་གཉིས་ཀྱི་ཕྱོགསུ་བྱས་ན། ཆེན་པོར ་གྱུར་པས་གནོད་སྦྱིན་འདོད་པའི་གཟུགས་འཛིན་ཅིང་ས་གཞི་ལ་ལོངས་སྤྱོད་དོ།། དེ་ཡང་བལྟར་མེད། བཟུང་དུ་མེད། བཅིང་དུ་མེད། དགག་ཏུ་མེད། བརྒལ་ཏུ་མེད། ་རྨོངས་པར་བྱར་མེད། མགོ་བྲེག་ཏུ་མེད། ཆད་པས་བཅད་དུ་མེད། དགྲའི་དབང་དུ་མི་འགྲོ་བར་འགྱུར་རོ།། མ་ཧེ་ཤ་གཏོགས་པའི་སྣ་ཟག་གསེར་ཤིང་ལས་བྱས་པ་དང་། ་རོ་བསྲེགས་པའི་ས་དང་ཐལ་བ་དང་བུད་མེད་ཤི་བའི་ལགས་བརྔུབ་རི་བསྲེགས་ལ་ད་རུ་རའི་ཁུབས་བད་དེ་ཕྱེ་མ་དང་། རང་གི་མིས་བྱེད་ཀྱིས་བྱས་ན་ལྷའི་དབང་པོའི་བུ་མོ་ཡང ་དེ་མ་ཐག་ཏུ་དབང་དུ་འགྱུར་རོ།། ཁ་ག་བན་ཏྲི་འཁོར་ལོ་དང་། ལྷའི་དབང་པོ་ལ་སོགས་པ་དང་། ལྡོང་རོས་དང་། གི་ཝང་དང་། དྲི་མ་དང་ལྡན་པས། ཐི་ལེ་དཔྲལ་བར་བྱས ་ན་དབང་དུ་འགྱུར་རོ།། ཁག་པ་ཏའི་འཁོར་ལོ་དང་། དབང་པོ་ལ་སོགས་པ་དང་། ཡན་པ་དང་ཏི་ཀ་དང་། རྫུན་མ་དང་། མིག་གི་འཆིམས་སངས་རྒྱས་པའི་ཕྱེ་བས་ནི། མིན ་བདག་པོའི་བུད་མེད་ཀྱང་དེ་མ་ཐག་ཏུ་དབང་ཏུ་བྱེད་དོ།། གསར་དུ་བག་མ་བྱས་པའི་ཁྱོག་ཤི་བའི་རོའི་མེ་ཏོག་དང་བན་ད་ཀ་བསྲེག་བྱེད་ཀྱི་སྤྱི་བོར་མཆོད་པའི་མེ་ཏོག་དང་། ་མི་ཤི་བ་བུད་མེད་དང་ལྷན་ཅིག་ཏུ་བསྲེགས་པའི་ཐལ་བ་དང་། བཅས་པ་བུད་མེད་ལ་བསྣུན་པ་ཙམ་གྱིས་རང་གི་ཕྱི་ནས་ངོ་བོ་ཁྱབ ་འཇུག་གནོན་པོ་དང་། དབང་པོ་ལ་སོགས་པ་དང་། ལག་ཁྲ་ན་དང་། རྔན་མ་དང་བཅས་པའི་སྦྲུལ་གྱི་ཞང་པོ་དང་། མིག་གི་མཆི་མས་བསངས་པའི་ཕྱེ་མ་དང་། དབང་པོ་ཆུང་མ ་ཤང་ཅི་ཡང་དེ་མ་ཐག་ལ་དབང་དུ་འགྱུར་རོ།། ལག་པ་གཉིས་མཉམ་པར་བྱས་ཏེ། ཐལ་མོ་རྣམས་རྣོལ་བར་བྱས་པ་འམ། ཁ་བྱེར་བར་བྱའོ།། མཐེ་ཆེན་གྱི་སྲིན་ལག་གཉིས་བཟུང ་སྟེ། གུང་མོའི་སོར་མོ་གཉིས་ཡང་དག་པར་སྦྱར་ལ་བསྡིག་འཛུབ་གཉིས་འཁྱིལ་བའི་རྣམ་པར་བྱས་ཏེ། དཀྱིལ་དཀྲུང་དུ་གནས་པའི་ལྟེ་བའི་ཕྱོགས་དགོད། ཕྱག་རྒྱ་མཆོག ་གི་གཙོ་བོ་འདི་ལས་རྣམས་ཀུན་ལ་སྦྱར་བར་བྱའོ།། མཆོག་ལ་རབ་ཏུ་སྔགས་པ་ཏེ། ཐ་མ་ཡང་ནི་འབྲིང་མང་སྟེ། མྱུར་དུ་དངོས་གྲུབ་འདི་ཡིས་བྱེད།། ཐམས་ཅད་དུ་གྲུབ་པར ་མཆོད་པའོ།། བསོད་ནམས་ཆེན་པོ་དག་བྱེད་པ།། བཀྲ་ཤིས་སྐྱོན་རྣམས་མེད་པར་བྱེད།། སྡིག་པ་ཐམས་ཅད་འཇོམས་པར་བྱེད་པའི།། ཕྱག་རྒྱ་འདི་ནི་དངོས་གྲུབ་རྒྱུ།། འདི ་ནི་སྦྱོར་བ་བཞི་ཡིན་ཏེ། གསེར་གྱི་མདོག་གི་ཕག་པ་བསྒོམ་ལ་དེའི་སྟེང་དུ་འོད་ཟེར་ཅན་མ། གོས་དཀར་མོའི་ཤམ་འདབས་ཅན་ཕག་པའི་ཚོགས་ཀྱིས་བསྐོར་བ་བསྒོམས ་པར་བྱའོ།། དེའི་དབུས་སུ་མཆོད་རྟེན་དང་། གཡོན་པའི་ཕྱག་ན་ཤིང་མྱ་ངན་མེད་ཀྱི་ཡལ་ག་མེ་ཏོག་དང་བཅས་པའི་ཕྱག་ཅན་བསྒོམ་པར་བྱའོ།། འཇིགས་པ་ཆེན་པོའི་དུས་སུ ་བདག་ཉིད་དེ་བསམས་ཏེ། སྙིང་ཁར་རང་གི་ཆོས་གོས་ཀྱི་མཐའ་མ་བཟུང་སྟེ། ལན་བདུན་དུ་སྔགས་ཏེ་མདུད་པ་བྱས་ཏེ་སྔགས་བཟླས་ཤིང་ལམ་ཏུ་འགྲོ་ན། རྐུན་མ་ལ་སོགས་པའི ་འཇིགས་པ་མི་འབྱུང་ངོ་།། དེ་ནས་བདེ་བར་ཕྱིན་ན་འདུད་པ་གྲོལ་བར་བྱའོ།། ། ན་མོ་རད་ན་ཏྲ་ཡཱ་ཡཱ། ན་མོ་མ་རི་ནྱེ་དེ་པ་ཏ་ཧྲི་ཡ་མ་བར་ཏ་ཡི་ཤ་ཡི།། ཏདྱ་ཐཱ། ཨོཾ་བ་ད་ཡི། ་བ་ཏ་ལི། བ་ཏ་ལི། བ་ར་ཧ་མུ་ཁི། སརྦ་དུཥྚཱ་ན་པྲ་དུ་ཐཱན་ཙཀྐུ་མུ། ཁ་བན་ད་མ་སི་སྭཱ་ཧཱ། ཁ་བཅིང་བར་བྱེད་པའི་སྔགས་འདི་ཡིན་ནོ།། ཨོཾ་ན་མ་རི་ཙྱཻ་དེ་པ་ཏ་མེ། ཨོཾ་བ་ཏོ་ལི། ་བ་ད་ལི། བ་ད་ལི། བ་ར་ཧ་མུ་ཁི། སརྦ་དུཥྚ་པྲ་དུཥྚཱ་ན། གྲན་ཐི་བན་དྷ་མ་སི་སྭཱ་ཧཱ། འདི་ཡིས་མདུད་པ་བྱས་ལ། མདུད་པ་ལན་བདུན་ཏུ་བྱས་ལ་གཡོག་པོ་ལ་ཅི་སྙེད་པ་རྣས ་ལ་ཡང་མི་བཟུང་བར་སོ་སོར་མདུད་པ་བྱས་ལ་རང་ཉིད་ཀྱི་མདུན་དུ་གྲོལ་ཏུ་བཞུག་གོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། ཡང་དག་རྒྱལ་བ་རྣམས་ལ་ཕྱག་འཚལ་ལོ།། ་འོད་ཟེར་ཅན་མ་ཡེ་ཤེས་མཚོ།། དེ་མཉེས་བཤང་ཐབས་ཀྱིས་བརྗོད།། བཏུས་ཤིང་མྱུར་ཏུ་གྲུབ་པའི་ཐབས།། མ་ལུས་སྟོང་པ་རྣམ་པར་བསྒོམ།། སྙིང་ཁར་ཡོངས་སུ་འཁོར་བ ་རུ། བློ་ལྡན་དབྱངས་ཡིག་དང་པོ་ལས།། ཟླ་བའི་དཀྱིལ་འཁོར་དམིགས་བྱས་ལ། དེ་སྟངས་གནས་པའི་ས་བོན་ཞི།། གསེར་གྱི་བསྲེག་པ་འོད་བུ་འོད།། འབར་ཞིང་འབར་བ ་འཁྲུགས་བཟང་བ།། འཇིག་རྟེན་གསུམ་བསྒྲུབ་བསྒོམ་པར་བྱའོ།། ས་བོན་སྡེ་ཚན་གཉིས་པ་དང་པོའོ།། དབྱངས་ཡིག་བཞི་པ་དབྱེ་བྱས་ལ།། དེ་ཉིད་སྦྱར་བའི་འོད ་ཟེར་ཅན།། དང་པོ་དེ་ཉིད་བསྒོམ་པར་བྱ།། པད་མ་ཟླ་བའི་གདན་གནས་ཤིང་།། སྣ་ཚོགས་ཀྱིས་ནི་འཆང་བ་དང་། ་སྒེག་པའི་ལས་རྩོགས་རི་དང་ལྡན།། བརྒྱད་ཀྱི་ཕྱག་གིས་བརྒྱན།། གཡོན་ན་ཞགས་པ་ཡལ་ག་རྣམས།། གཡས་ན་རྡོ་རྗེ་ལྕགས་ཀྱུ་ཕྱག། སྙིང་ཁར་ཕྱག་རྒྱ་སྔགས་ལྡན་པས། ་བལྟས་ན་དངོས་གྲུབ་པར་ཐོབ་བྱེད།། སྐྱེད་རིམས་རྫོགས་རིམས་སྦྱར་བ་ཡིས།། རང་གི་དེ་ཉིད་རྫོགས་བྱས་ལ།། ཡི་གེ་གྲངས་འབུམ་བཟླས་བསྒོམ་བྱ།། དེ་ནས་དེ་ཉིད་གསུ ་དབྱེ་བས།། སྟོང་ཕྲག་ཁྲི་སྦྱིན་པར་བྱ།། དེ་ནས་ཆོ་འཕྲུལ་ཟླ་ཉ་དུས།། དངོས་གྲུབ་ཀུན་སྟེར་དཀྱིལ་འཁོར་ཏུ།། བཞུགས་ལ་རྒྱ་ཆེན་མཆོད་བྱས་ན།། སྟོང་ཕྲག་བརྒྱད་ནི ་བཟླས་བསྒོམས་ནས།། ངེས་པར་དངོས་གྲུབ་དུ་ནི་འགྱུར།། དེ་ནས་དེའི་ཕྱིར། བཅོམ་ལྡན་འདས་འོད་ཟེར་ཅན་མའི་ལས་གཞན་གྱི་བསྒྲུབ་པ་ཡིན་ཏེ། ཁམ་སྐྱོང་གཉིས ་བ་ལ་མཾ་ཡིག་གི་དབུས་སུ་བསྒྲུབ་བྱའི་མིང་སྤེལ་བར་བྱས་ལ།། ཐལ་བས་ཁམ་པོར་བཀང་སྟེ། སྐུད་པ་སེར་པོས་བཀྲིས་ལ།། འོག་མའི་སྟེངས་ལ་སྣ་ཚོགས་རྡོ་རྗེ ་མནན་པ།། བསང་བར་བཞག་སྟེན་བའི་རིག་པ།། བད་མ་རྫོགས་པ་སྟོང་ཕྲག་བརྒྱད་བཟླས་ནས།། གང་དུ་འགྲོ་བར་འདོད་པ་དེར་འགྲོ་ཡང་།། འཇིགས་པ་དང་སྐྲག ་པ་ཁམས་ཅད་ལས་གྲོལ་བར་བྱེད་དོ། ཅན། ཨ་རྣམས། ཨོཾ་མས་ས། བརྣམས། སུ་རྣམས། གུལ་མས། ཙ་པེ་མ་ས། ཡན་དྷན་པ་སེཾསཿ། ་ན་མོ་རད་ན་ཏྲ་ཡཱ་ཡཱ། ཏདྱ་ཐཱ། ཨོཾ་ཨ་རི་ལཾ། ཏ་ལི་ཀ་ལི། སད་ཙ་ཡོས་མུར་ཏ་ཏི། རཀྵ་རཀྵ་མཾ། སརྦ་བྷ་ཡེ་བྱ། ཨོཾ་མ་རི་ཙྱཻ་དྷེ་བ་ཏ་ཡེ། བ་ར་ལེ། བ་ཏ་གི་དྷ། ་ར་ཧ་མུ་ཁི། སརྦ་དུཥྚ་པྲ་ཤ་ནཾ། མུ་ཁཾ་བན་དྷ་ནཾ། ཀུ་རུ་སྭཱ་ཧཱ། སྔོན་གྱི་ས་བོན་གྱི་ནང་དུ་སྒྲུབ་པ་པོ་བསྐུལ་ཚིག་དང་ལྡན་པའི་མིང་བྲིས་ལ། ས་བོན་གྱི་ཕྱི་རོལ་ཏུ་རིག་པ་འཛིན ་བ་བརྒྱད་དང་རྩ་བའི་སྔགས་དང་བཅས་པ་བྲི་བར་བྱའོ།། ཐམས་ཅད་དུ་ཡི་གེའི་མགོ་ནང་དུ་བྱས་ཏེ། མ་ཏྲ་གསུམ་གྱི་བྲིས་ལ། སྐྱེ་བ་ལ་ནི་གྲོ་ག་ལ་གུར་གུམ་གྱིས་བྲིས་ཤིང་། ་བུད་མེད་ལ་ནི་གོ་རོ་བན་ནས་བྲི་བར་བྱའོ།། ཡང་ན་གོས་ལ་བྲིས་ཏེ། རིག་པ་འཆང་བས་རིག་པ་བཅངས་ནས། འཇིགས་པ་ཐམས་ཅད་ལས་སྤངས་པར་འགྱུར་རོ།། ལྷ་དང ་ལྷ་མ་ཡིན་རྣམས་དང་། གཞན་རྣམས་ཀྱིས་ཀྱང་གནོད་པར་མི་ནུས་སོ།། མངོན་པར་འདོད་པའི་སྔགས་ཀྱི་དངོས་གྲུབ་ཐོབ་པོ།། བདུག་པ་ཅན་རྣམས་འཆིང་བར་འདོད་ན ་སྔོན་ཏུ་སྟོན་པའི་ས་བོན་གྱི་ལྟེ་བར། བྷན་དྷ་བྷ་ཞེས་བྱ་བའི་བསྐུལ་ཚིག་དང་ལྡན་པས་བསྒྲུབ་བྱའི་མིང་བྲིས་ཏེ། ཐལ་བའི་ཕྱེ་མས་བཀང་བའི་ཁམ་སྐྱོང་ཁ་སྦྱར་བྱས་ཏེ། ་དབེན་པའི་གནས་སུ་བཞག་པར་བྱས་ན། གདུག་པ་ཅན་རྣམས་འཆིང་བར་འགྱུར་རོ།། བསད་པའི་ལ་ཡང་དེ་ཉིད་ལ་ཡང་དེ་ཉིད་འོན་ཀྱང་དུར་ཁྲོད་ཀྱི་རས་ལ་བྲིས་ཏེ། ་དེ་ཉིད་དུ་པའོ།། མི་མཐོང་བར་བྱེད་པ་ནི། སྔོན་དུ་བསྟན་པའི་ས་བོན་གྱི་བར་བདག་གི་དེ་ཉིད་སྲིན་པོ་ལྟ་བུར་བལྟའོ།། འཕྲོ་ཞིང་འབར་བ་ན་མཁའ ་ལྟ་བུས་ལྟ་སྟེ། ཡི་གེ་གྲངས་ཀྱི་འབུམ་བཟླས་ཏེ། དེ་ནས་བཟུང་སྟེ་གང་དུ་ཡང་ཐོགས་པ་མེད་དོ།། ཐམས་ཅད ་ཀྱིས་མི་ཤེས་པར་བྱ་བར་འདོད་ན། སྔོན་དུ་བསྟན་པའི་ས་བོན་གྱི་ལྟེ་བ་པ་ཏ་ལ་སོགས་པའི་སྔགས་བྲིས་པ་རྩ་བའི་སྔགས་དང་བཅས་པ་ཁམས་སྐྱོང་ཁ་སྦྱོར་གྱི་ནང་དུ་བཞག་སྟེ། ་སྐུད་པ་སེར་པོས་བཀྲིས་ལ་དམར་དང་སེར་པོ་འབར་བ་འཁྲུགས་པའི་འོད་ཀྱིས་ན་མཁའི་ཁམས་ཁྱབ་པར་དམིགས་ལ། དབེན་པའི་གནས་བཞག་སྟེ། མེ་ཏོག་སེར་པོས་མཆོད ་ནས། སྟོང་ཕྲག་བརྒྱད་བཟླས་ན་རྐུན་མ་རྣམས་དང་། གཡུལ་ངོའི་མཚོན་དང་། དུག་དང་། མེ་དང་། གཞན་གྱི་དཔུང་ལ་སོགས་པ་དགོངས་པ་ནི་ཐེ་ཚོམ་མེད་པར་རེངས་པར ་བྱེད་དོ།། དེ་ནས་བཅོམ་ལྡན་འདས་མ་མཆོག་ཏུ་གསང་བ་ལས་ཐམས་ཅད་པ་ཡིད་བཞིན་གྱི་ནོར་བུའི་འཁོར་ལོ་ཡིན་ཏེ། སྔོན་ཏུ་སྙན་པའི་ས་བོན་གྱི་ལྟེ་བར་འཁོར་ལོ་རྩིབས་བརྒྱད ་པ་སྟེ། དེ་ལ་བརྩིབས་བརྒྱད་ལ་གོ་རིམས་བཞིན་དུ། ཨརྒ་མ་སི་ལ་སོགས་པའི་བརྒྱད་བྲིས་ལ། འབར་བ་ལ་སོགས་པའི་རྩ་བའི་སྔགས་བསྐུལ་ཚིག་དང་བཅས་པ། ཕྱི་རོལ ་ཀྱིས་ཁྲུང་ལ་གྲོའོ།། འཁོར་མའི་ཆིབས་ལ་རིག་པའི་ལྷ་མོ་ཟེའོ།། དབུས་སུ་བསྐུལ་བའི་ཚིག་དང་བཅས་པའི་མིང་བྲིས་ཏེ། ཞི་བ་དང་། རྒྱས་པ་དང་། དབང་དང་། ་དགུག་པ་དང་། བསད་པ་དང་། སྐམས་པ་དང་། རེངས་པ་དང་། དབྱེ་བ་དང་། མངོན་པར་སྤྱོད་པ་ལ་སོགས་པའི་ལས་བྱེད་ན། མངོན་པར་འདོད་པའི་དབང་གིས ་རིག་པའི་རྒྱལ་པོ་ཕྱོགས་སྐྱོང་མ་ཆེན་མོ་འདིས་ཡིད་བཞིན་གྱི་ནོར་བུའི་མཆོག་བསྒྲུབ་པ་པོ་རྣམས་གང་འདོད་པ་བྱེད་དོ།། འཕགས་མ་འོད་ཟེར་ཅན་མ་རིག་པའི་རྒྱལ་མོ་ཡིད ་བཞིན་གྱི་ནོར་བུའི་འཁོར་ལོ།། ། རྫོགས་སྷོ།། དེ་ནས་གཞན་ཡང་བཤད་བྱ་བ།། འོད་ཟེར་ཅན་གྱི་རྟོག་བྱ་མཆོག། དང་པོ་གུར་གུམ་གྲོ ་ག་ལ།། བཅོམ་ལྡན་འདས་མ་གཡས་གཡོན་གཉིས་ཀྱིས་རྡོ་རྗེ་ཕག་མོའི་ཞལ་སྔོན་བཞིན་དུ་འཇིགས་པར་བྲིས་ལ། འོ་མའི་ནང་དུ་བཅུག་ལ་མེ་ཏོག་དཀར་པོས་མཆོད ་ཅིང་། གོས་དཀར་པོ་ནི་ཞི་བར་འགྱུར་རོ།། རྒྱས་པ་ལ་ནི་གི་ཝང་དང་མར་བསྲེས་པས་བྲིས་ལ་ཁམ་སྐྱོང་ཁ་སྦྱོར་གྱི་ནང་དུ་བཞག་པ་སྟེ། སྔགས་བཟླས་པ་བྱས་ན་ཉེ་བར ་འཆེ་བ་ཐམས་ཅད་ལས་ཐར་པར་འགྱུར་རོ།། མངོན་སྤྱོད་ཀྱི་ལས་ལ་ནི། དུ་ཁྲོད་ཀྱི་རས་སམ་མཚོན་གྱིས་བཅད་པའི་རས་ལ། དུག་ལ་སོགས་པས་བྲིས་སྟེ། ཆུ་ངོས་གཉིས ་ཀྱིས། རྒྱལ་པོའི་སྒོ་ས་དང་། ལམ་གྱི་བཞི་མདོའི་ས་དང་། རླུང་བུའི་ས་ཡིས་འབྲས་པའི་དྲལ་འབྱར་བའི་ས་དང་། བསྒྲུབ་བྱའི་ཆུས་གཏང་བའི་སའོ།། ས་ལྔ ་ལས་བསྒྲུབ་བྱའི་གཟུགས་བརྙན་བྱས་ཏེ། དེའི་ནང་དུ་བཞུགས་ལ་ཚ་བའི་མར་གྱིས་བླུགས་ཏེ། དུར་ཁྲོད་དུ་སྲས་ལ་དེ་རུ་གཡོན་བརྐྱང་བའི་ཞབས་ཀྱིས་མནན་ཅིང་། ་ཁམས་གསུམ་རྣམ་པར་རྒྱལ་བའི་སྤོང་བ་དང་ལྡན་པ། སྔགས་བརྒྱ་ཕྲག་བརྒྱད་བཟླས་ནས། དེ་མི་ཟག་ཏུ་འཚོའོ།། ཡང་ན་སེང་ལྡེང་གི་ཟུར་བུས་གཏབ་ལ། དུར་ཁྲོད ་ཀྱི་མེ་ལ་བདུད་པར་བྱས་ནས། དེ་མ་ཐག་ཏུ་འཆིའོ།། སྲོད་པ་ཡིན་ན། རས་དེ་དང་དེ་ཉིད་ལ་བྱ་རོག་གི་བཤོག་པའི་སྦུ་གུས ་ཁྱིའི་འོ་མ་དང་། ད་རུ་རའི་ཁྲ་བ་དང་། དུར་ཁྲོད་ཀྱི་སོལ་བ་དང་བསྲེས་ལ་བྲིའོ།། འབྲས་ཀྱི་ཁུ་བའི་གཟུགས་བརྙན་བྱས་ཏེ། དེའི་ནང་དུ་ལམ་གྱི་ནི་མདོར་བརྐོས་ཏེ ་སྦས་ལ། ཤིན་རྗེ་གཤེད་ཀྱི་རྣལ་འབྱོར་གྱིས་སྔགས་ཀྱི་བཟླས་པ་དྲན་ན། དཔག་ཚད་བརྒྱ་ཡིན་ཡང་མི་གནས་སོ།། དབྱེད་པ་ནི་གོས་དེ་ལ་བཅུག་པའི་སྒྲའི་སྡུག་གུས ་དེ་ཉིད་ཀྱི་ས་ལ་འཁོར་ལོ་ལ་སོགས་པ་བྲིས་ལ། ཆུ་ངོགས་གཉིས་ཀྱི་ལྷོ་ཕྱོགས་ཀྱིས་བླངས་ལ། བསྒྲུབ་བྱའི་གཟུགས་བརྙན་བྱས་ལ། དེའི་ནང་དུ་བཅུག་སྟེ། དེ་ནས ་གཉིས་ཀ་རྒྱབ་སྤད་ལ་སྒོའི་ཐེམ་གུས་བཀྲི་བར་བྱའོ།། དུར་ཁྲོད་དུ་བཞག་ལ་དེའི་སྟེང་དུ་ལྕི་བས་ཉལ་ཉིལ་དུར་ཁྲོད་ཀྱི་ཤིང་གི་མེས་བསྲོ་ཞིང་གདུང་བར་བྱས་ན་དེ་མ་ཐག ་ཏུ་འཕྲོག་བྱེད་དང་། ཆུང་མ་ཡང་འབྱེད་པར་བྱེད་ནས་གཞི་སྐྱེ་བོའི་བུད་མེད་ལྟ་སྨོས་ཀྱང་ཅི་དགོས། རེངས་པར་བྱེད་ན་གོས་དེ་ཉིད་ལ་ཡུང་བས་བྲིས་ལ་འཁུར་བ་སེར་པོ ་ལས་བྱས་པའི་རྗེ་བཙུན་མའི་ལྟོ་བར་བཞུགས་པ་ནི། དེ་ལས་བྱས་པའི་བསྒྲུབ་བྱའི་གཟུགས་བརྙན་བཅུག་སྟེ། མེ་ཏོག་སེར་པོས་མཆོད་ན་ཞག་བདུན་གྱིས་དགྲ་ཆེན ་དང་རེངས་པར་བྱེད་དོ།། གཞན་དཔུང་རིངས་པར་བྱེད་པ་ནི་གཉིས་ཀྱི་གོས་ལ་བྱའོ་ཁྲག་གི་ཡལ་ག་བདུན་གྱི་སྦུ་གུས་བྲིས་ལ་དེའི་ཕྱུགས་ཀྱི་རབས་ཀྱི་གཏོགས་པའི་ས ་དང་ལས་གྱི་མདོས། རྒྱལ་བའི་སྒོངས་དང་། རྦ་རླུང་གི་ངོས་གཉིས་ཀྱི། ས་ལས་ཚོགས་བདག་བྱས་ཏེ། དེའི་སྤོ་བར་བཅུག་ནས་ལས་གྱོན་དོར་བགོས་ཏེ་སྦས་ལ། ཁ ་གསུམ་པར་རྒྱལ་བའི་རྣལ་འབྱོར་གྱི་སྔགས་འདི་ཟླས་པར་བྱའོ།། དགུག་པ་ནི་བུད་མེད་ཟོད་པ་ལ་གི་ཝང་དང་། ཕག་པའི་ཚིལ། བྱ་འཆིལ་པའི་གཤོག་པའི་སྦུ་གུས་བྲིས ་ལ། ས་ལམ་ལྷུང་བའི་ལྕི་བས་དཀྱིལ་འཁོར་སྐྲ་ཟེ་གུ་དང་ལྡན་པས་དེར་བཞག་ན་འགུགས་པར་བྱེད་དོ།། བསྐུལ་ཚིག་དང་བཅས་པས་བཟླས་པ་བྱའོ།། རིལ་པོས་འགུགས ་པ་ནི་དེ་ཁོ་ན་བཞིན་དུ་བྲིས་ལ། དེའི་སྟེང་དུ་སེང་ལྡེང་གི་མེ་ལ་བདུང་བར་བྱས་ན། དཔག་ཚད་བརྒྱན་གནས་ཀྱང་འགུགས་སོ།། སྐྱེས་པ་འགུགས་པ་ལ་ནི། དེ་ཉིད་ཀྱི་ཐོད་པ ་ལ་སྔ་མ་བཞིན་དུ་བྱའོ།། ཆར་མེད་པའི་དུས་སུ་ཨུ་དུམ་པ་རི་ཤིང་ལེབ་ལ། ཙན་དན་དཀར་པོ་ལ་སྤ་བྱའི་སྒོའི་སྨྱུ་གུས་འཁོར་ལོ་བྲིས་ལ། འོག་ཏུ་ཀླུའི་རྒྱལ་པོའི་གཟུགས་གྲོག ་མཁར་གྱི་ས་ལ་བྱས་ལ། དྲི་ཞིམ་པོའི་པད་མ་འདབ་བརྒྱད་པའི་རྫིང་བུ་བཞག་ལ་ཀར་བི་ར་དང་། ནག་པུས་པའི་མཆོད་པ་བྱའོ།། ན་ག་པུས་པ་ཕྱེ་མ་དང་གུ་གུལ་གྱི་བདུག ་སྤོས་བསྲེག་ལ་སྟོབས་པོ་ཆེན་པོའི་རྣལ་འབྱོར་གྱིས་གནས་ལ། བསྒྲུབ་བྱའི་སྔགས་ཀྱི་ཡི་གེ་ཆུའི་མཐའ་ཅན་དུ་བཟའ་ཞིང་ཤིང་ལེབ་དེ་ཉིད་བཟུང་ཞིང་། བཅོམ་ལྡན་འདས ་མའོ་ཡའི་མཆོག་གཤེགས་པར་བསམས་ན། འཕྲལ་དུ་ཆར་འབེབ་སོ་ཡང་གལ་ཏེ་ཆར་མི་འབེབས་ན་དེའི་ཚེ་བཅོམ་ལྡན་འདས་མ་ལ་བློ་དང་ལྡན་པས་བཏུམ་མོའི་ས་བོན་གྱིས ་བསྣུན་པར་རེངས་པ་ལ་ནི་ཁ་འོག་ཏུ་ལྟས་ལ་བཞག་སྟེ། ཐལ་བས་བསྣུན་པར་བྱའོ།། མཐུན་པར་བྱ་བའི་སྦྱོར་བ ་ཡང་ཏང་ཀའི་རས་མ་དུར་ཁྲོད་ཀྱི་སོལ་བ་དང་། ཀུ་ཤའི་ཁུ་བས་འཁོར་ལོ་བྲིས་ལ། རྐང་པ་གཡོན་པས་མནན་ཏེ། སྐུད་པ་དང་གཡས་པ་ལ་ལྕགས་ཀྱུ་བཟུང་བའི་རྟ་མཆོག ་གི་རྣལ་འབྱོར་གྱིས་ས་དྲུག་པར་བྱའོ།། གཞན་གྱི་རིགས་གཅོད་པ་ནི་ཐུན་མོང་གི་རས་ལ་ཆུ་ཤིང་ལོ་མའི་ཁུ་བས་ནུས་ཁྱེར་བའི་ཤིང་གི་སྦུ་གུས་འཁོར་ལོ་བྲིས་ལ། གཅེར་བུ་སྒྲ་སྒྲའི ་ཞི་བའི་གནས་སུ། འཁོར་ལོ་བསྒྱུར་བ་ལྟ་བུའི་པང་གི་རྒྱལ་མཚན་གྱི་མགོ་བཞུགསུ་གསོལ་ལོ།། བཅིངས་པ་ལ་ནི་ས་བོན་ལ་སོགས་པ་བསྒྲུབ་བྱ་བྱས་ལ། ཞི་བའི་གནས་སུ ་རྒྱལ་མཚན་གྱི་རས་ལ་དཀྱིལ་འཁོར་གྲུ་གསུམ་པའི་གནས་སུ་བྱི་ལའི་ཁྲག་གིས་འཁོར་ལོ་བྲིས་ལ། དེའི་ནང་དུ་བཅུག་སྟེ། མ་མོའི་ཁང་པར་སྦས་ན་ཕན་ཚུན་དབྱེ་ཞིང་མཐུན་པ ་ཆེན་པོར་འགྱུརརོ།། རྨོངས་པར་བྱ་བ་ལ་ནི་ཟོད་ལོ་ཀོར་གྱིས་བྱུགས་པ་ལ། དུག་གིས་སྦྲུལ་བྲིས་ཏེ། སྦྲུལ་མགོ་གསུམ་པ་གཡོན་པའི་ལག་པས་བཟུང་བས་མདུད་དུ་སྒྲ ་ལ་སྔགས་པར་འགྱུར།། ཟླ་བ་དང་ཀྱིམ་གཉིས་ལན་མེན་ཅི་གཅིག་ཏུ་ག་ཡས་བེ་སྐོར་བ་སྒོམ་པར་བྱའོ།། སྤེལ་ཚིག་དང་བབས་པའི་སྔགས་བཟླས་ཏེ། དགུག་པའི་སྣོང ་གཙུམ་རྗེ་གསུམ་པ། འོག་གི་ཅི་མོ་གཅིག་པ་བྱས་ན། རྐུན་མ་ལ་སོགས་པའི་གནོད་པར་མི་འགྱུར་རོ།། ཐུགས་པདེ་ཅི་ཞིང་འཇིགས་པ་ཆེན་པོ་ལས་ཁྱེར་ཞིང་། ཡིགེ་ཚུ ་བཟླས་ནས་འཇིགས་པ་ཐམས་ཅད་ལས་བསྲུང་བར་འགྱུར་རོ།། འོག་ཏུ་བཟླས་པའི་དཀྱིལ་འཁོར་གྱི་སྟེང་དུ་ཡང་ཟླ་བའི་དཀྱིལ་འཁོར་ཨ་ལས་སྐྱེས་པ་དེར། བདག་ཉིད ་ཡིབ་པར་བྱའོ།། འོད་ཟེར་ཅན་བདག་ལ་སྐྱོབས་ཤིག་ཅེས་བྱ་བ་ལ་སོགས་པ་སྔོན་དུ་བསྟན་པ་བསྔགས་བཟླས་པ་བྱའོ།། ཟླ་བ་དང་ཉི་མ་ཕན་ཚུན་འོད་ཟེར་གཉིས་འདྲེས་པ ་ནི།། འཇིགས་པ་ཐམས་ཅད་ཀྱི་དུས་སུའོ།། ཉལ་བའི་དུས་སུ་མལ་སྟན་ལ་འདུག་སྟེ། ཅིའི་ཡི་གེ་མངོན་པར་བྲིས་ལ། རྐང་པ་གཡོན་པས་བཞག་སྟེ། མི་སྐྱོང་པ་བསྒོམ ་པར་བྱའོ།། དེ་ནས་ནི་རྐུན་མོས་མི་ཚུགས་ཏེ།། བཅིངས་ནས་རྨོས་ནས་འདུག་གོ། ཡང་ན་བཅོམ་ལྡན་འདས་མ་ནི་ལས་ཀྱི་རྗེས་སུ་འབྲང་བའི་མདོག་ཡིན་ཏེ།། དབང་ལ་ནི ་དམར་པོ་ཕྱག་གཉིས་པ།། གཞུ་མདའ་རྣམས་པའི་ཕྱག། ཉི་མའི་དཀྱིལ་འཁོར་ལ་གནས་པའི་ཕྱག། ཞི་བ་ལ་ནི་ཕྱག་བཞི་པ། ཅིག་ནས་མཆོད་སྦྱིན་དང་།། གཉིས་པ་ནི ་རྡོ་རྗེ་དང་།། གཡོན་པའི་དང་པོ་ན་ཤིང་ངན་མེད་པའི་ཡལ་ག། གཉིས་པ་ན་མི་འཇིགས་པའི་ཕྱག་རྒྱ།། པད་མ་དཀར་པོ་ལ་གནས་པའོ།། རྒྱས་པ་ནི་ཕྱག་བཞི་པ།། ཅུང ་ཟད་དཀར་བ་ཕྱག་གཉིས་ན་ཞགས་པ་དང་།། དགྲ་སྟ་རྣམས་པའོ།། བཅིངས་པ་གྲོལ་བར་བྱེད་པ་ལ་ནི་ལྕགས་ཀྱུ་གཉིས་པ། ཞགས་པ་གཉིས་དང་ངག་རྣམས་ལྟ་བའོ།། ་མངོན་སྤྱོད་ལ་ནག་མོ་ཕྱག་བཞི་པའོ།། གཡས་པ་ན་རལ་གྲི་དང་ཕྱག་གཞན་ཐོ་བའོ།། གཞན་བསྡིགས་འཛུམ་པོ།། སྐྲོད་པ་ལ་ནི་དུ་བའི་མདོག་ཅན།། ཕྱག་གཉིས་པ་དགྲ ་སྣའི་ཕྱག་གོ། དབྱེ་བ་ལ་ནི་སྔོན་མོ་ཕྱག་བཞི་པ།། གཡས་ན་རལ་གྲི་དང་དབྱུག་པ།། གཡོན་ན་ཐོད་པ་དང་མྱ་ངན་མེད། ་དོ།། རེངས་པ་ལ་ནི་མདོག་སེར་བ་ཕྱག་དྲུག་པ།། གཡས་ན་རྡོ་རྗེ་དང་མདའ།། གཡོན་ན་ཞགས་པ་དང་གཞུ།། མྱ་ངན་མེད་པའི་ཡལ་གའོ།། གཞན་གྱི་དཔུང་རེངས་པར་བྱེ་ལ།། ་གཟུགས་འབར་ཞིང་འཁྲུག་པ།། མི་བཟད་པ་ཕྱག་བཅུ་གཉིས་པ།། སྣ་ཚོགས་པའི་ཕྱག་ཅན་འཆང་བ་ཞལ་དྲུག་པ།། ཞབས་དྲུག་པ་དང་པོའི་ཞལ་དམར་པོ།། གཡས་པ་ན་ནི ་མདུང་ཟུང་དང་།། རྡོ་རྗེ་དང་། མདའ་དང་། དབྱུག་པ་དང་། དགྲ་སྟ་དང་། རལ་གྲི་བསྣམས་པའོ།། གཡོན་གྱི་དང་པོ་ན་སྡིག་འཛུབ་དང་། མྱ་ངན་མེད་པའི་ཡལ་ག་དང་། ་ཁ་ཊེ་ཁ་དང་། ཐོད་པ་དང་། རྩེ་གསུམ་པ་དང་། མི་མགོ་འཆང་བའོ།། དགུག་པ་ལ་ནི་དཀར་མོ་ཕྱག་བཞི་པ། ཞལ་གསུམ་པ། གཡས་ན་ལྕགས་ཀྱུ་དང་། མདའ་དང་། ་གཡོན་ན་ཞགས་པ་དང་ཐོ་བའོ།། དབུ་མ་ནི་གསེར་ལྟ་བུའི་མདོག། གཡས་པ་ནི་གནག་པ། དམར་མོ་ཕན་ཚུན་མཐུན་པར་བྱེད་པའི་དུས་སུ་ཞལ་གཉིས། ནག་པོ་སྟེ་རྟ་དང་ཕག ་གིཞལ་ལོ།། གཡས་པ་ན་རལ་གྲི་དང་། རྩེ་གསུམ་རྡོ་རྗེའོ།། གཡོན་པ་ཡི་དགས་དང་ཐོད་པའོ།། དེ་ལྟར་གཉིས་ཀ་ཡང་སྟེ། གཞན་གྱི་རིག་སྔགས་གཅོད་པ་ལ་ནི། ་ངེ་འཛིན་གྱི་ཕྱག་རྒྱ་དང་། མྱ་ངན་མེད་ཀྱི་སྡོང་པོ་ལ་བརྟེན་པའོ།། ན་མོ་རད་ན་ཏྲ་ཡཱ་ཡ། མར་ཅིང་ཏེ། བ་ཏ་ཡེ། ཧྲི་དྷ་ཡ། མ་པར་ཏ་བྱ་བ་མེ། ཏདྱ་ཐཱ། པ་ཏ་ལེ། ་ཁར་ལི། བར་མུ་ཁི། སརྦ་དུཥྚཱ་ནཾ། ཙཀྲ་ཀྐ་བྷདྷ། ཛམ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ། ཧྲི་ཧཱུ་ཕཊ་སྭཱ་ཧཱ། མའི་ཡི་གེ་ལས། ཁ་རུ་ཟླུམ་པོ་ཉི་མའི་དཀྱིལ་འཁོར་རོ།། སའི། ་ཡི་གེ་ལས་མགོ་བོ་དང་།། རྒྱབ་ཏུ་ཟླ་བའི་དཀྱིལ་འཁོར་རོ།། ཙའི་ཡི་གེ་སྙིང་ཁར་སྒོམས་པར་བྱའོ།། བ་ཏ་ལ་ནི་དཔུང་པ་གཡས་པ་ལའོ།། པ་ཏ་ལ་ནི་གཡོན་པའི་དཔུང་པ་ལའོ། ་འབར་ར་ནི་གཡས་པའི་པུས་མོ་ལའོ།། འབར་ར་ཧ་མུ་ཁི་གཡོན་པའི་པུས་མོ་ལའོ།། སརྦ་དུཥྚཱ་ནཾ་ཙཀྑ་ཀྲི་དྷ་བྷན་དྷ་བྷན་ནི།། གཡས་ཕྱོགས་ཀྱི་གཞོགས་ལའོ།། ཛཾ་བྷ་ཡ ་མཛེ་བྷ་ཡང་རྒྱབ་དུའོ།། སྟཾ་པ་ཡ་སྟཾ་པ་ཡ་ནི་གཡོན་པའི་གཞོགས་ལའོ།། མོ་ཧ་ལ་མོ་ཧ་ཡ་ནི་ནུ་མ་གཉིས་ཀྱི་བར་ལའོ།། ཧྲི་ཤི་ཡན་ལག་ཐམས་ཅད་ལ་བཀོད་པའོ།། ཧཱུཾ་ནི ་གསལ་བར་བྱས་པའོ།། ཕཊ་ནི་ལོང་བར་བྱེད་པའོ།། སྭཱ་ཧཱ་ཚིམ་པར་བྱེད་པའོ།། ཐལ་མོ་མཉམ་པར་བྱས་ལ། བསྡིག་འཛུབ་གཉིས་ཀྱི་ཐེ་བོང་གཉིས་ཀྱི་བར་དུ་བཞག་པ་ནི། ་མན་ལན་གྱི་ཕྱག་རྒྱ་སྟེ། འདི་ཡིས་ཡན་ལག་ཐམས་ཅད་ལ་ཆོ་ག་བྱའོ།། འོད་ཟེར་ཅན་འབྱུང་བའི་རྒྱུད་སྟོང་ཕྲག་བཅུ་གཉིས་པ་ལས། མཆོག་ཏུ་ཤིན་ཏུ་ཡང་སྙིང་པོར་གྱུར་པཱི། ་འོད་ཟེར་ཅན་གྱི་རྟོག་པ་བརྒྱ་ཕྲག་བདུན་ཕྱུང་བ་རྫོགས་སྷོ།། ། དགེའོ།། སརྦ་མངྒ་ལཾ།། ་