| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཨརྱེ་ཤྲཱི་མ་ཧཱ་དེ་བི་བྱ་ཀ་རཎ། བོད་སྐད་དུ། འཕགས་པ་ལྷ་མོ་ཆེན་མོ་དཔལ་ལུང་བསྟན་པ།། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བདེ་བ་ཅན་ན་བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་ལ ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་ཐོབ་པ་དང་། བྱང་ཆུབ་སེམས ་བྱུང་སེཾས་དཔའ་མོས་དཔའ་ཆེན་པོ་རྣ་མཁའི་སྙིང་པོ་དང་། ་དཔའ་སེམས་དཔའ་ཆེན་པོ་སྒྲིབ་པའིམས་ཅིང་རྣམ་པར་སེལ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སའི་རྨིང ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཀུན་དུ་བཟང་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་སེམས་དཔ ་ཆེན་པོ་འཇིག་པ་ཐམས་ཅད་སེལ་བ་དང་། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱེད་ཀྱི་བཀྲ་ཤིས་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་འཇིགས་པ་ཐམས་ཅད་སེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉི་ཟླ་དང་། འཇིག་རྟེན་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མུ་སྟེགས་ཀྱི ་བཀྲ་ཤིས་ཐམས་ཅད་འཛིན་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པ་དང་། དེ་ལ་སོགས་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ཆེན ་པོ་ཐམས་ཅད་དང་ཐབས་གཅིག་ཏུ་བཞུག་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ལྷ་མོ་ཆེན་མོ་དཔལ་ཡང་བཅོམ་ལྡན་འདས་ཀྱི་ཐད་དུ་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས ་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་བདེ་བ་ཅན་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ལ་ཡང་མགོ་བོས་ཕྱག་འཚལ ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་བཅོམ་ལྡན་འདས་བསོད་ནམས་བརྒྱ་སྟོང་དུ་མས་བརྒྱན་ཅིང་།། དེ་བཞིན་གཤེགས་པ་བྱེ་བ་དག་གིས་ཡོངས་སུ་བསྐོར་ཏེ། བརྒྱ་བྱིན་དང་། ་ཚངས་པ་དང་། འཇིག་རྟེན་བསྐྱོང་བ་ཐམས་ཅད་ཀྱིས་བསྟོད་ཅིང་བསྔགསོ།། ལྷ་མོ་ཆེན་མོ་དཔལ་ལ་གཟིགས་ནས། ཚངས་པ་ཆེན་པོའི་གསུང་གིས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྤྱན་རས་གཟིགས་དབང་ཕྱུག་རྒྱལ་པོ་འམ། བློན་པོ་འམ། དགེ་སློང་ངམ། དགེ་སློང་མའོ།། ་དགེ་བསྙེན་ནམ། དགེ་བསྙེན་མ་འམ། བྲམ་ཟེ་འམ། རྒྱལ་རིགས་སམ། རྗེའུ་རིགས་སམ། རྨངས་རིགས་གང་ལ་ལས་ལྷ་མོ་ཆེན་མོ་དཔལ་གྱི་མིང་བརྒྱ་རྩ་བརྒྱད་དྲི་མ་མེད ་པར་གྲགས་པ་ཞེས་བྱ་བའི་བསྟོད་པ་འདི་འཆང་ན། རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཡུལ་དང་། སེམས་ཅན་དེ་དག་གི་འཇིགས་པ་དང་། ཡམས་ཀྱི་ནད་དང་། གནོད་པ་ཐམས་ཅད ་ཞི་བར་འགྱུར་ཞིང་ཆོམ་རྐུན་དང་། མི་དང་མི་མ་ཡིན་པའི་འཇིག་པ་ཐམས་ཅད་འབྱུང་བར་མི་འགྱུར་ཏེ། ནོར་དང་། འབྲུ་དང་། མཛོད་དང་། བང་བ་ཐམས་ཅད་རྣམ་པར་འཕེལ ་བར་འགྱུར་རོ།། རྒྱལ་རིགས་ཀྱི་རྒྱལ་པོ་དེའི་ཁྱིམ་དུ་ཡང་དཔལ་ངེས་པར་གནས་པར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས་ཚིག་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གསུང་འདི་ལེགས་པར་བཀའ་སྩལ་པ་ལེགསོ་ལེག་སོ།། ལེགས་ལགས་ཏེ། གང་དག་ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམས་འཛིན་པ་དང་། ་ཐོས་ནས་བསྒྲུབ་པར་བགྱིད་པ་དེ་དག་གི་ཡོན་ཏན་དང་། ཕན་ཡོན་ནི་དེ་དག་ལགསོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དཔལ་གྱི་དགེ་བའི་རྩ་བ་གང་དུ་བསྐྱེད་པ་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ་མོ་ཆེན་མོ་དཔལ་གྱིས་དེ་བཞིན་གཤེགས་པ་གང་གི་ཀླུང་གི་བྱེ་མ་རྙེད་ལ་དགེ་བའི་རྩ་བ་བསྐྱེད་དེ། སྤྱན་རས་གཟིགས་དབང་ཕྱུག་སྔོན་བྱུང་བ ་འདས་པའི་དུས་ན་འཇིག་རྟེན་གྱི་ཁམས་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བ་ན། དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་ཡོན་ཏན་གྱི་རྒྱ་མཚོ་བཻ་དཱུརྱ་དང་། གསེར་གྱི་རི་བོ་མདོག་མཛེས ་གསེར་འོད་དཔའ་ཞེས་བྱ་བ་འཇིག་རྟེན་དུ་བྱུང་སྟེ། དེ་དང་དེ་བཞིན་གཤེགས་པ་མང་པོ་གཞན་ལྷ་ཡང་ལྷ་མོ་ཆེན་མོ་དཔལ་གྱིས་དགེ་བའི་རྩ་བ་བསྐྱེད་དོ།། དེ་བཞིན་གཤེགས་པའི་མན ་འདི་དག་ཀྱང་ལྷ་མོ་ཆེན་མོ་དཔལ་དེའི་དགེ་བའི་རྩ་བ་རྣམ་པར་འཕེལ་བ་དང་། འགྲུབ་པར་བྱེད་པ་དང་། རྟག་ཏུ་རྗེས་སུ་འབྲང་བ་ཡིན་ཏེ། དེ་དག་ནི་འདིར་ལྷ་མོ་ཆེན་མོ་དཔལ་ཡང་དག་པར ་བརྗོད་པ་དང་། སྡིག་པ་ཐམས་ཅད་སེལ་བ་དང་། ཉེས་སྡིག་ཐམས་ཅད་མེད་པར་བྱེད་པ་དང་། ལུས་ཐམས་ཅད་དྲི་མ་མེད་པར་བྱེད་པ་དང་། ནོར་དང་འབྲུ་རྣམས་འདུ་ཞིང་འཕེལ་བར ་བྱེད་པ་དང་། དབུལ་བ་གཅོད་པར་བྱེད་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས ་ཅད་འདུན་པར་བྱེད་ཅིང་འགུགས་པར་བྱེད་པ་དང་། ཡམས་ཀྱི་ནད་དང་། གནོད་པ་དང་། འཐབ་པ་དང་། འཁྲུགས་པ་དང་། འགྱེད་པ་དང་། ཅོད་པ་དང་། ཐམས་ཅད་ཞི་བར་བྱེད ་བ་དང་། ཕ་རོལ་དུ་ཕྱིན་པ་དྲུག་བསྒྲུབ་པར་བྱེད་པའོ།། འདི་ལྟ་སྟེ། དེ་བཞིན་གཤེགས་པ་དཔལ་སྟུག་པོ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རིན་པོ་ཆེའི་མེ་ཏོག་ཡོན་ཏན་གྱི ་རྒྱ་མཚོ་བཻ་དཱུརྱ་དང་། གསེར་གྱི་རི་བོ་མདོག་མཛེས་གསེར་འོད་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་གང་གའི་མུ་སྟེགས་ཀྱི་སྒོ་ཐམས་ཅད་ཀྱི་བཀྲ་ཤིས་ཀྱི་དཔལ་ལ་ཕྱག ་འཚལ་ལོ།། དེ་བཞིན་གཤེགས་པ་ཅན་དན་གྱི་མེ་ཏོག་གཟི་བརྗིད་སྐར་མའི་འོད་ཀྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཀུན་དུ་སྣང་བ་གཡུལ་ལས་རྣམ་པར་རྒྱལ་བཱི ་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཡོན་ཏན་རྒྱ་མཚོ་སྣང་བའི་དཀྱིལ་འཁོར་གྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་ཀྱི་ཆོ་འཕྲུལ་རྒྱལ་མཚན་ཤུགས ་ཀྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྐར་འོད་ཞི་བའི་སྤོས་སྣང་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སེམས་ཅན་གྱི་བསམ་པ་ཞི་བར་མཛད་པའི་སྐུའི ་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྨོན་ལམ་རྒྱ་མཚོ་སྣང་བའི་དཔལ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་ཡོངསུ་བརྗོད་པ་མཚན ་གསོལ་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཕྱིར་མི་ལྡོག་པའི་ང་འཁོར་ལོ་རིན་པོ་ཆེའི་གནས་ཀྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཉི་མའི་དཀྱིལ་འཁ ་འོད་འཕགས་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་བརྩོན་འགྲུས་གྲངས་མེད་པ་ལ་ཡང་དག་པར་རྫོགས་པའི་དཔལ ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དཔག་ཏུ་མེད་པའི་གསེར་མཆོག་སྣང་བའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་གསུང་གི་ཡན་ལག་ཐམས་ཅད་ཀྱི་སྒྲ ་དབྱངས་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཤེས་རབ་སྒྲོན་མ་གྲངས་མེད་པའི་འོད་ཀྱི་རྟོག་གི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྲེད་མེད་ཀྱི་བུའི ་བརྟུལ་ཞུགས་ཀྱི་ཆོ་ག་ལྷུན་པོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཚངས་པའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དབང་ཕྱུག་ཆེན་པོའི་དཔལ་ལ ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཉི་ཟླའི་འོད་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཟབ་མོའི་ཆོས་ཀྱི་འོད་ཀྱི་རྒྱལ་པོའི་དཔལ་ཕྱག་འཚལ་ལོ།། དེ་བཞིན ་གཤེགས་པ་ན་མཁའ་སྒྲོན་མ་འོད་བཟངས་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཉི་འོད་རྟོག་གི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྤོས་ཀྱི་སྒྲོན་མའི ་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་རྒྱ་མཚོའི་སྙིང་པོ་ལས་བྱུང་བའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྤྲུལ་པའི་འབྲུག་སྒྲ་སྙན་པའི་དཔལ་ལ་བྱེད ་འཚལ་ལོ།། དེ་བཞིན་གཤེགས་པ་ཆོས་ཀྱི་སྣང་བ་ཐམས་ཅད་བཀོད་པའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཤིང་གི་རྒྱལ་པོ་ལྷར་སྐྱེས་པའི་དཔལ་ལ་ཕྱག་འཚམ། ་དེ་བཞིན་གཤེགས་པ་རིན་ཆེན་འོད་འཕྲོ་རི་བོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཡེ་ཤེས་འོད་འཕྲོ་རྒྱ་མཚོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས ་པ་སྨོན་ལམ་ཆེན་པོའི་ཤུགས་ཀྱི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་སྤྲིན་ཆེན་པོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དྲན་པའི་རྟོག་གི་རྒྱལ་པོ ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་དབང་པོ་རྟོག་གི་རྒྱལ་མཚན་གྱི་རྒྱལ་པོའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ནོར་དང་འབྲུ་ཐམས་ཅད་བསྡུད་པའི ་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཞི་བ་འདྲེན་པའི་དཔལ་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ་ཕུན་སུམ་ཚོགས་པ་འགུགས་པའི་དཔལ་ལ་ཕྱག་འཚའོ།། ་དེ་བཞིན་གཤེགས་པའི་མཚན་འདི་དག་རིམ་འགྲོར་བྱས་ཏེ། བཅང་བར་བྱའོ།། ཀླག་པར་བྱའོ།། དེ་ལྟར་བྱས་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་བསོད་ནམས་ཤིན་དུ་མང ་དུ་བསྐྱེད་པར་འགྱུར་རོ།། ལྷ་མོ་ཆེན་མོ་དཔལ་དེ་བཞིན་གཤེགས་པ་ཐམས་ཀྱིས་ལུང་བསྟན་ཏེ། ལྷ་མོ་ཆེན་མོ་དཔལ་ཁྱོད་མ་འོངས་པའི་དུས་ན། འཇིག་རྟེན་གྱི་ཁམས་དཔལ་ཆེན ་བོ་རིན་པོ་ཆོས་བརྒྱན་པ་ཞེས་བྱ་བར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔལ་ནོར་བ་རིན་པོ་ཆེ་ལས་བྱུང་བ་ཞེས་བྱ་བར་འགྱུར་ཏེ། འཇིག་རྟེན ་གྱི་ཁམས་དེ་ཡང་ལྷའི་རིན་པོ་ཆེའི་སྣ་ཚོགས་ཀྱིས་བརྒྱན་པར་འགྱུར་རོ།། འཇིག་རྟེན་གྱི་ཁམས་དེར་དེ་བཞིན་གཤེགས་པ་དེ་ཉིད་སྣང་བ་མཛད་པར་འགྱུར་ལ། འཇིག་རྟེན་གྱི་ཁམས་དེ ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་རང་ལས་འོད་འབྱུང་ཞིང་ཆེ་དཔག་ཏུ་མེད་པར་འགྱུར་རོ།། ན་མཁའ་ལས་ཀྱང ་སངས་རྒྱས་དང་། ཆོས་དང་། དགེ་འདུན་གྱི་སྒྲ་འབྱུང་བར་འགྱུར་རོ།། སངས་རྒྱས་ཀྱི་ཞིང་དེར་བྱང་ཆུབ་སེམས་དཔའ་གང་དག་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ཀྱང་པད་མའི་སྙིང ་པོ་དག་ལས་སྐྱེ་བར་འགྱུར་རོ་ཞེས་ལུང་བསྟན་ཏོ།། དེ་ལ་མིང་བརྒྱ་རྩ་བརྒྱད་དྲི་མ་མེད་པ་ལྟ་བུ་ཞེས་བྱ་བའི་རྒྱུན་ཆགས་བཅུ་གཉིས་པ་གང་ཞེ་ན། འཇིག་པ་མེད་པ་སྤྱན་རས་གཟིགས ་དབང་ཕྱུག། ལྷ་མོ་ཆེན་མོ་དཔལ་གྱི་མིང་རྣམས་དང་ཉོན་ཅིག། འདི་ལྟ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བ། ལྷ་ཐམས་ཅད་ཀྱི་དབང་བསྐུར་བ། དེ་བཞིན་གཤེས ་པ་ཐམས་ཅད་ཀྱི་ཡུམ། ལྷ་ཐམས་ཅད་ཀྱི་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་དཔལ། འཕགས་པ་ཉན་ཐོས་དང་། རང་སངས ་ཐམས་ཅད་ཀྱི་དཔལ་དང་། ཚངས་པ་དང་། ཁྱབ་འཇུག་དང་། དབང་ཕྱུག་ཆེན་པོ་རྣམས་ཀྱི་དཔལ། ལྷ་ལ་སོགས་པ་ཐམས་ཅད་ཀྱི་དཔལ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ་དྲིཟ་དང་། ལྷ་མ་ཡིན་དང་། ནམཁའ་ལྡིང་དང་། མེའམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། རིག་སྔགས་འཆང་དང་། ལག་ན་རྡོ་རྗེ་དང་། རྡོ་རྗེ་འཆང་ཐམས ་ཅད་ཀྱི་དཔལ། འཇིག་རྟེན་སྐྱོང་བཞི་དང་། ལྔའི་དཔལ། གཟའ་བརྒྱད་དང་རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ཀྱི་དཔའོ།། ཨོཾ་ཉི་མའི་བུ་མོ་འམ། ཡུམ་རིག་བྱེད་བཞིའི་དཔལ ་བཀྲ་ཤིས་མ། སེམས་ཅན་གྱི་མ། རྒྱལ་མ། རྣམ་པར་རྒྱལ་མ། གདག་མ། མུ་སྟེགས་ཐམས་ཅད་མ། བཀྲ་ཤིས་ཐམས་ཅད་མ། དྲི་མ་མེད་པར་བྱེད་པི་དཔལ། སྡིག་པ། ་ཐམས་ཅད་འཕྲོག་མ། རྒྱགས་བྱེད་མ། ཟླ་བའི་དཔལ། ཉི་མའི་དཔལ། གཟའ་ཐམས་ཅད་ཀྱི་དཔལ། སེང་གེ་ལ་ཞོན་མ། པད་མའི་མཆོག་འབུམ་གྱིས་བཀབ་མ། པད་མ་པདྨ ་ལས་བྱུང་བ། པད་མ་ལ་གནས་མ། པད་མ་དང་ལྡན་མ། རིན་པོ་ཆེ་འོད་འབར་བའི་ཕྲེང་བ་དུ་མ་དང་ལྡན་པ། ནོར་སྦྱིན། དཀར་མོ་ཆེན་པོ།། ལག་དཀར་མ། བཀྲ་ཤིས་ཐམས ་ཅད་འཛིན་མ། བསོད་ནམས་ཐམས་ཅད་བསགས་པའི་ལུས་ཅན་མ། ཤེས་ཉེན་ཅན་གྱི་བུ་མོ།། ལག་པ་འབུམ་ལྡན་མ། མིག་འབུམ་ལྡན་མ། མགོ་འབུམ་ལྡན་མ། ནོར་བུ་རྣམ ་པ་སྣ་ཚོགས་གཅོད་ཅན་དང་ལྡན་མ། གཟུགས་བཟང་མ། ཀུན་གྱི་གཟུགས་ཅན་མ། གྲགས་མ་ཤིན་དུ་གྲག་མ། ཞིམ། སྤྲིན་འདྲ་བའི་སྒྲ་གཙང་མ། ཟླ་བ་ལྟར་མཛེས་མ། ་དགེ་མ། དགེ་བྱེད་མ། སེམས་ཅན་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་དཔལ། འཕགས་མ། མེ་ཏོག་གི་དཔལ། མེ་ཏོག་གི་དབང་ཕྱུག་མ། རིའི་རྒྱལ་པོ་རི་རབ་ཐམས་ཅད་ཀྱི ་དཔལ། ཆུ་ཀླུང་དང་མཚོ་ཐམས་ཅད་ཀྱི་དཔལ། ཆུ་དང་རྒྱ་མཚོ་ཐམས་ཅད་ཀྱི་དཔལ། མུ་སྟེགས་ཐམས་ཅད་མངོན་དུ་ཕྱོགས་པའི་དཔལ། སྨན་དང་རྦ་དང་། ནག་ཚལ་དང་། ་ནོར་དང་འབྲུ་ཐམས་ཅད་ཀྱི་དཔལ། གསེར་སྦྱིན་མ། ཟས་དང་སྐོམ་སྦྱིན་མ། འོད་གསལ་མ། སྣང་མ། ལུས་གཅངས་མ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་དབང་ཕྱུག་མ། ལྷའི་ཚོགས་ཐམས་ཅད་ལ་མངོན་དུ་ཕྱོགས་པའི་དཔལ། གཤིན་རྗེ་དང་། ཆུ་ལྷ་དང་། ལུས་ངན་དང་། རྒྱ་བྱིན་ལ ་སོགས་པའི་དཔལ། སྦྱིན་བྱེད་མ། ལོངས་སྤྱོད་མ། གཟི་བརྗིད་མ། གཟི་བརྗིད་ལྡན་མ། ཕུན་སུམ་ཚོགས་མ། འབྱོར་པ་མ། རྣམ་པར་འཕེལ་མ། མཐོ་མ་ཆོས་ཀྱི་དཔལ་མ། ་ཁྱབ་འཇུག་ལ་བརྟེན་མ། ཀུ་མུ་ཏ་ལ་གནས་མ། གནོད་སྦྱིན་མ། བཟོད་སྦྱིན་མ། མཐུ་རྩལ་གྱི་གནས་མ། དག་བྱེད་དང་བཀྲ་ཤིས་ཐམས་ཅད་ཀྱི་ལག་ལྡན་མ། བཀྲ་མི་ཤེས་པ ་ཐམས་ཅད་འཇིག་བྱེད་མ། བསོད་ནམས་ཐམས་ཅད་བསྡོད་པའི་དཔལ། ས་ཐམས་ཅད་དང་རྒྱལ་པོ་ཐམས་ཅད་ཀྱི་དཔལ། རིག་སྔགས་འཆང་གི་རྒྱལ་པོ་ཐམས་ཅད་ཀྱི་དཔལ། ་འབྱུང་པོ་དང་། སགནོད་སྦྱིན་དང་། སྲིན་པོ་དང་། ཡི་དགས་དང་། ཤ་ཟ་དང་། གྲུལ་བུམ་དང་། ལྟོ་འཕྱེ་ཆེན་པོ་ཐམས་ཅད་ཀྱི་དཔལ། ལྷའི་གནས་དང་། ལྷ་ཐམས་ཅད་ཀྱི ་དཔལ། བཟླས་བརྗོད་དང་། བཟླས་བརྗོད་བྱ་བ་དང་། སྦྱིན་བསྲེག་དང་། སྦྱིན་བསྲེག་དུ་བྱ་བ་དང་། བཀྲ་ཤིས་ཐམས་ཅད་ཀྱི་དཔལ། འོད་ལྡན་མ། མཆོག་དགའ་མ། སྐལ ་བས་གྱུར་མ། དྲང་སྲོང་ཐམས་ཅད་དགའ་བར་བརྗོད་པའི་དཔལ། བུད་མེད་ཐམས་ཅད་ཀྱི་གནས། ཀུན་གྱི་གཙོ་མོ།། དཔལ་གྱི་མཆོག། མི་འམ་ཙོ་མོ་ཐམས་ཅད་དང་། ལྷ་མ ་ཡིན་ཐམས་ཅད་ཀྱི་དཔལ་གྱི་མཆོག། ཁ་ན་མ་ཐོ་བ་མེད་པའི་གནས་ན་འདུག་མ། ཡིད་འོང་མ། སིམ་བྱེད་མ། ལུས་ངན་ལ་སྔགས། ཆོས་ཀྱིས་རྒྱལ་པོའི་དཔལ། ཨོཾ་སྡུག ་བསྔལ་ཐམས་ཅད་ལས་རྣམ་པར་གཟིགས་ཤིང་སྒྲོལ་ཅིང་། ཐར་བར་མཛོད་ཅིག། བསོད་ནམས་ཀྱི་ཚོགས་ཐམས་ཅད་བདག་ལ་མངོན་དུ་གྱུར་པར་མཛོད་ཅིག་སྭཱ་ཧཱ། ཨོཾ་ག་ག། ་སརྦ་ཏི་རྠ་མྲ་ཁེ་སྭཱ་ཧཱ། ཨོཾ་སརྦ་བིད་ཏྲི་སྭཱཧཱ། སརྦ་མག་ལ་དྷ་རེ་ཎི་སྭཱ་ཧཱ། ཙ་ཏུར་བེ་ད་སརྦ་ནཀྵ་ཏྲཱ། གྲཱ་ཧཱ་ག། ནཱ་ཧཱ་ག། ན་དྷ་མུ་རྟ་སྭཱ་ཧཱ། བྲྀཧྨ་ཡ་སྭཱ་ཧཱ། བེཥྤ་བེ་སྭཱ་ཧཱ། རུད་ཏྲ་ལ ་སྭཱ་ཧཱ། བི་ཤོ་མུ་ཁཱ་ཡ་སྭཱཧཱ། ཨོཾ་གྲི་ནི་གྲཱི་ན་སརྦ་ཀདྱ་སཱ་དྷ་ནི། སཻ་ནི་སི་ནི། ཨཱ་བཱ་ཧཱ། དེ་བ་ཧཱ། བཱཾ་ཤྲ་མ་ན་ཡ་སྭཱ་ཧཱ། སུ་བརྞ། དྷ་ནེ་དྷ་ནྱ། ཨ་ཀར་ཤཻ་ནེ་སྭཱ་ཧཱ། སརྦ་པུནྱ ་ཨ་ཀར་ཤ་ནཻ་སྭཱ་ཧཱ། ཤྲི་ཧེ་པ་ཏེ་ཨར་ཤ་ནཻ་སྭཱ་ཧཱ། སརྦ་པཱ་པཾ་ན་ཤ་ཡཻ་སྭཱ་ཧཱ། སརྦ་ཨ་ལ་ཀྵི་པྲ་ཤ་མ་མ་ནྱཻ་སྭཱ་ཧཱ། སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥི་ཀ་ཡེ་སྭཱ་ཧཱ། སརྦ་དེ་པ་ཏ་ཨ་བྷི་མུ་ཁ་ཤྲི ་ཡེ་ཨ་ཡུར་བ་ལ་བརྞ་ཀེ་ར་ཡེ་སྭཱ་ཧཱ། ས་བིད་ཏཱ་མཾ་ག་ལ་ཧ་སྟཱ་ཡ་སྭཱ་ཧཱ།། སི་ག་བ་ཧ་ན་ནཻ་སྭཱ་ཧཱ། པད་མ་སཾ་བྷ་ཏ་སྭཱ་ཧཱ། སརྦ་ཀྲིད་ཏི་ཀ་ཁོ་དྷ་བྷི་ནི་མཾ་སྭཱ་ཧཱ། འཇིགས་པ་མེད་པ་སྤྱན ་རས་གཟིགས་དབང་ཕྱུག། གང་ལ་ལ་ལྷ་མོ་ཆེན་མོ་དཔལ་གྱི་མིང་ཉེས་སྡིག་ཐམས་ཅད་མེད་པར་བྱེད་པ། སྡིག་པ་ཐམས་ཅད་འཇོམས་པར་བྱེད། བསོད་ནམས་ཐམས་ཅད་བསྡུད་པར ་བྱེད་པ། བཀྲ་མི་ཤེས་པ་ཐམས་ཅད་མེད་པར་བྱེད་པ། དཔལ་དང་། བདེ་བ་དང་། བསྐལ་པ་བཟང་པོ་ཐམས་ཅད་བསྡུད་པར་བྱེད་པ་འདི་དག་དང་། དེ་བཞིན་གཤེགས་པའི ་མཚན་འདི་དག་འཆང་བ་དང་། ཀློག་པར་བྱེད་པ་དེས་ནང་པར་ལངས་ཏེ། གཙང་བར་བྱས་ལ། སངས་རྒྱས་ཐམས་ཅད་ལ་མེ་ཏོག་དང་བདུག་པ་གསོལ་ནས། ལྷ་མོ་ཆེ ་མོ་དཔལ་ལ་ཡང་། ཙན་དན་གྱི་བདུག་པ་ཕུལ་ཏེ། ཀླགས་ན་དེས་དཔལ་ཐམས་ཅད་མཐོང་བར་འགྱུར། ཡིད་བདེ་བ་ཐམས་ཅད་ཐོབ་པ ་འགྱུར། ལྷ་ཐམས་ཅད་ཀྱང་བསྲུང་བ་དང་། བསྒྲུབས་པ་དང་། སྦེད་པར་བྱེད་པར་འགྱུར། དེའི་དགོས་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ ་ནས། བྱང་ཆུབ་སེམས་དཔའ་འཇིགས་པ་མེད་པར་སྤྱན་རས་གཟིགས་དབང་ཕྱུག་དང་། ལྷ་མོ་ཆེན་མོ་དཔལ་དེ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་ལྷ་མོ ་ཆེན་མོ་དཔལ་ལུང་བསྟན་པ་རྫོགས་སྷོ།། ། རྒྱ་གར་སྐད་དུ། ཨརྱ་ཛ་གུ་ལ་ན་མ་བིརྱ། བོད་སྐད་དུ། འཕག ་