CLOSE WINDOW

F637: 'phags pa rigs sngags kyi rgyal mo rma bya'i yang snying zhes bya ba
Wyliee-texts produced with BDRC’s OCR application

ཏི་ཀི་རི། ཧ་ན་ཧ་ན། མ་མ་པ་བཾ། ད་ཧ་ད་ཧ། མ་མ་པཱ་ས་དཾ། པ་ཙ་པ་ཙ། མ་མ་པཱ་པ་ཀན། ཨོཾ་ཨོ་ཌེ། གྲ་ས་གྲ་ས། རི་ཏེ་ཌི་རིཌེ། ཤན ་ཏ་ཀ་རཱི་ཡ་སྭཱ་ཧཱ། ཤུ་བྷ་ཀ་རཱི་ཡ་སྭཱ་ཧཱ། རིམས་ནད་ཀྱིས་བཏབ་པ་ལ་བྱབ་པ་བྱས་ན་རིམས་ནད་སོས་པར་འགྱུར་རོ།། སྨན་ལ་སྔགས་ཀྱིས་བཏབ་ཏེ་བླུད་ན་ནད་པ་སོས་པར་འགྱུར་རོ།། ་ཟས་ལ་སྔགས་ཀྱིས་བཏབ་ཏེ་ཟོས་ན་དུག་མི་གནོད་པར་འགྱུར་རོ།། འབྱུང་པོའི་གདོན་གྱི་ཟིན་པ་རྣམས་ལ་བུ་མོས་བཀལ་བའི་སྐུད་པ་ལན་ཉི་ཤུ་རྩ་གཅིག་བསྔགས་ཏེ་བཅིངས་ན་ཐར་པར ་འགྱུརརོ།། ། འཕགས་པ་གྲགས་ལྡན་མའི་གཟུངས་རྫོགས་སྷོ།། ། སརྦ་པངྒ་ལཾ།། ་རྒྱ་གར་སྐད་དུ། ཨརྱ་མ་ཡཱུ་རབ་དྱ་གར་བྷེ་ན་མ། བོད་སྐད་དུ།། འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱའི་ཡང་སྙིང་ཞེས་བྱ་བ། བཅོམ་ལྡན ་འདས་རྨ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། དགྲ་ཡིས་འཇིགས་པའམ། འཐབ་རྩོད་ཀྱིས ་བ་འམ། བགེགས་ཀྱིས་འཇིགས་པའམ། དུས་མ་ཡིན་པར་འཆི་བས་འཇིགས་པའམ། སྦྲུལ་གྱིས་འཇིགས་པའམ། གཅན་ཟན་གྱིས་འཇིགས་པ་འམ། དུག་གིས་འཇིགས་པ ་འམ། མེས་འཇིགས་པ་འམ། ཆུས་འཇིགས་པ་འམ། རླུང་གིས་འཇིགས་པ་འམ། འཇིགས་པ་ཐམས་ཅད་ཀྱི་ནང་ན་འདུག་ན་ཡང་ཡིད་ལ་བྱའོ།། རླུང་ལས་གྱུར་པའམ། ་མཁྲིས་པ་ལས་གྱུར་པ་འམ། བད་ཀན་ལས་གྱུར་པའམ། འདུས་པ་ལས་གྱུར་པའམ། གདོན་གྱི་ཟིན་ཏམ། རིམས་ཀྱིས་བཏབ་པ་འམ། དུག་འཐུངས་སམ། ནད་ཐམས་ཅད ་ཀྱི་ནང་ན་འདུན་ཡང་ཡིད་ལ་བྱའོ།། ན་མོ་བྷ་ག་ཝ་ཏེ། ཨིད་ཊི་ད་ཊ་ཡ། ཨན་གྲ་གོ་མི་སི་ཀཱ་ཡ། ཨ་ཤ་ནེ། པཱ་ཤ་ནེ། པ་ས་ནི་ཀྲཱ་ལེ། ཀ་སི་ལ་མི་ད་ཏེ། ཨི་ལེ་མེད་ཏེ་སྭཱ་ཧཱ། གསང ་སྔགས་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག། ན་རཱ་ཡ་ནི། པ་རཱ་ཡ་ནི། ཧ་རི་ཏཱ་ལེ། ཀུན་ད་ལི། ཨི་ལི་མི་སྟེ། ཀི་ལི་མི་ཏི། ཀི་ལི་ཏི་མེ་སྟེ་སྭཱ་ཧཱ། རིག་སྔགས་ཀྱི་གཞི་རྣམས་གྲུབ ་པར་གྱུར་ཅིག། ཧཱ་ཧཱ། ཧཱི་ཧཱི། ཧུ་ཧུ། ཁཱ་རཱ། མ་ར། ཁ་ཧི། ཁ་ཧི། ཧཱུཾ་ཧཱུཾ། ཕཊ་ཕཊ་སྭཱ་ཧཱ། བདག་ལ་བསྲུང་ཤིག་བསྲུང་ཤིག། ལོ་བརྒྱ་འཚོ་བར་གྱུར་ཅིག། སྟོན ་བརྒྱ་མཐོང་བར་ཤོག་ཤིག། ལན་ཉི་ཤུ་རྩ་གཅིག་བརྗོད་དེ་གཏོར་མ་རི་འཐོན་པོ་ལ་བཏང་བར་བྱའོ།། དེས་ཐམས་ཅད་ཞི་ཞིང་བཟློགས་པར་འགྱུར་རོ།། རྨ་བྱའི་སྙིང་པོ་རེག་པ་དང་བཅས ་པ་རྫོགས་སྷོ།། ། !། དཔལ་ལྷ་མོ་སྒྲ་དབྱངས་མ་ལ་བསྟོད་པ།། ལམ་གང་གིས་ནི་སངས་རྒྱས ་འབྱུང་བ་དང་།། རྒྱལ་བ་སྲས་བཅས་ཆོས་ཀྱི་བླ་མར་གྱུར།། མཁྱེན་པའི་རིམ་པར་ས་རྣམས་བཀོད་པ་ཡི།། ཤེས་རབ་དཀྱིལ་འཁོར་མ་ལ་སྐྱབསུ་མཆི།། ཕྱག་འཚལ་དཔལ་ལྡན་ལྷ་མོ ་དབྱངས་ཅན་ལ།། འཇིག་རྟེན་ཁམས་འདིར་སྨྲ་ལ་དབང་བརྙེས་ཤིང་།། དྲང་སྲོང་རིག་གསུམ་རིག་པའི་ཕ་རོལ་ཤེགས།། དེ་ནི་སྤྱོད་པ་རྒྱ་ཆེན་རྣམས་ལས་བྱུང་།། སེམས་ཅན་དོ།། ་