CLOSE WINDOW

F635: 'phags ma rdo rje lu gu rgyud ma'i rgyud kyi rtog pa
Wyliee-texts produced with BDRC’s OCR application

བདག་དགེ་བར་གྱུར་ཅིག།། འཕགས་པ་ལྷ་མོ་བསྐུལ་བྱེད་མའི་གཟུངས་རྫོགས་སྷོ།། ། རྒྱ་གར་སྐད་དུ།། ་ཨརྱ་བཛྲ་ཤྲི་ཁོ་ལ་སྱ་ཏན་ཏྲ་ཀ་ལ་པ། བོད་སྐད་དུ། འཕགས་པ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རྟོག་པ། དཔལ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ནས་ཡང་དག ་བཤད་པར་བྱ།། དཔལ་བསྐྱེད་སྡུག་བསྔལ་སེལ་བྱེད་ཅིང་།། སྡང་བའི་འཆིང་ཚོགས་ལས་གྲོལ་བའི།། ཆོ་ག་མཛེས་མས་ལེགས་པར་ཉོན།། ཁྲུས་གཙང་སྦྲ་དང་བྲལ ་ཞིང་།། དཀའ་ཐུབ་སྤྱོད་པ་དང་བྲལ་ནས།། དྲག་ཤུལ་སེམས་ཀྱི་སྡུག་བསྔལ་འདི།། བརྗོད་པ་ཙམ་གྱིས་མྱུར་དུ་འགྲུབ།། དད་པ་བརྩོན་འགྲུས་ཀྱིས་བརྒྱན་ཅིང་།། བག ་ཡོད་སྙིང་རྗེ་ཆེར་ལྡན་པ།། དེས་ནི་བླ་མ་མི་སྤོང་ལ།། དཔའ་བསྟན་པ་ཤེས་རབ་ངེས་པ་ཆེ།། འགྲོ་ལ་བྱམས་སེམས་ཆེ་བ་དེས།། སྔགས་དང་ཏིང་འཛིན་ཕྱག་རྒྱ་སོགས། ་བརྩམས་པ་ཙམ་ལ་དངོས་གྲུབ་འབྱུང་།། དད་མེད་ལེ་ལོ་རྣམ་འཚེ་ཅན།། བླ་མ་ལ་ནི་མི་གུས་ཤིང་།། ཤེས་རབ་གཞན་ཅིང་སྟོབས་ཆུང་།། བག་མེད་གཞན་ལ་གནོད་སེམས། ་ཅན།། དབང་བསྐུར་གནང་བ་མ་ཐོབ་ན།། དེས་ནི་བསྐལ་པ་སྟོང་ཕྲག་གི། བྱེ་བ་དུ་མར་བསྒྲུབས་བྱས་ཀྱང་།། འབྲས་བུ་ཡོད་པར་མི་འགྱུར་ཏེ།། དཔེར་ན་བྱིས་པ་བླུན་པོ་འགས།། ་འབྲས་འདོད་ཕུབ་མ་བརྡུངས་པ་ལ།། ཤ་ཐང་ཆད་པ་ཉིད་ལས་ནི།། ནམ་ཡང་འབྲས་བུ་མི་འགྱུར་རོ།། གསང་སྔགས་རྒྱལ་པོ་རྒྱལ་ཆེན་འདི།། བྱིན་བརླབས་རྣམ་མང ་འབྱུང་བའོ།། དེ་ནས་བཅོམ་ལྡན་བདེ་ཆེན་པོ།། ངེས་པར་འགྲུབ་པ་ཞེས་བྱ་བ།། ཏི་ངེ་འཛིན་ལ་སྙོམས་པར་ཞུགས་ནས།། ཉིད་ཀྱི་སྐུ་དང་གསུང་དང་ཐུགས།། རྡོ་རྗེ་བླ་ན་མེད་པ ་ལས།། གསང་སྔགས་རྒྱལ་པོ་འདི་ཕྱུང་ངོ་།། ། ན་མོ་བྷ་ག་ཝ་ཏྱཻ། བཛྲ་ཤྲྀ་ཁཱ་ལེ། དན་ན་ཧ་ན། ད་ར་ད་ར། ཙྪིན་དྷ་ཙྪི་ན་དྷཾ། བྷཉྩ་བྷཉྩ། མཱ་ར་ཡ་མཱ་ར་ཡ། ཁ་ས་ཡ ་ཏི་ནི། ར་ཀ་ཏ་ཨ་ཀྵི་བཛྲ་གྷོ་ན། ན་མོ་བྷ་གྷ་ཝ་ཏཻ། བཛྲ་ཤིང་ཁཱ་ལེ། པུརྦ་དི་ཤཾ། བཛྲ་པྲ་ཀ་རེ་ཎ་བན་དྷ། དཀྵི་ན། དི་ཤན་དཎ་ཌ། པྲ་ཀ་རེ་ཎ་བན་དྷ། པ་ཤྲཱི་མ་ལ་ཎི་ཤན་ཛ་ལ ་པྲཱ་ཀ་རེ་ཎ་བན་དྷ། ཨུད་ཏ་ར་དི་ཤཾ་ས་ར་པྲ་ཀ་རེ་ཎ་བནེ་དྷ། ཨ་ཀ་ནི་དི་པཾ་པྲ་ཀེ་རེ་ཎ་བན་དྷ། ནཻ་རི་ཏྱ་དི་ཤྲྀ། ཁ་ད་ག་པྲ་ཀ་རེ་ཎ་བན་དྷ། པྲ་ཡ་བྱཱ་དི་ཤོ་བཱ་ཏ་པྲཱ་ཀ་རེ་ཎ་བན་དྷ། ་ཨི་ཤྲ་ན་དི་ཤཾ་ཏྲི་ཤུ་ལཾ་ཀ་རེ་ཎ་བན་དྷ། པཱ་ཏ་ལ་དི་ཤཾ་ན་ག་པཱ་ཤེ་ན་བན་དྷ། ཨུར་ད་དི་ཤཾ་བཛྲ་ཤྲིང་ཁ་ལེ་པྲཱ་ཀ་རེ་ཎ་བན་དྷ། ཨུར་དཾ་བན་དྷ། ཧུ་ཧཱུཾ་ཕཊ་སྭཱ་ཧཱ། ཨི་དཾ་བཛྲ་ཤྲྀ་ཁཱ་ཡ། ་མནན་ད་ཤ་དི་ཤཾ་བན་དྷ། ཡཀྵ་རཀྵ་སཾ་བན་དྷ། བྲཧྨ་ར་ཤ་ས་དི་ན་བན་དྷ། སཱུ་ཏ་པྲེ་ཏ་བི་ཤ་ཙཾ་བན་དྷ། གན་དྷ་རྦ་ཀུ་ལཾ་བྷན་དྷ། ་ས་ནད་ཀུ་མཱ་རི་བྷུ་པ་ནཾ་བྷན་དྷ། བིདྱ་དྷ་རཾ་བན་དྷ། ན་ག་ན་ཤྲ་མ་ཎ་དར་ཤ་ན་མི་བན་དྷ། སརྦ་ཏིརྠི་ཀ་དར་ཤ་ནཾ་བན་དྷ། སི་ཧ་བྱ་གྷ་བན་དྷ། ཡཀྵི་ན་མི་བན་དྷ། རཀྵ་ས། བུ་ཏ ་ནིམ་བྷན་དྷ། ཀ་ཊ་ཊཱ་ཀ་ནི་མ་བྷན་དྷ། ཁེ་ཙ་རིམ་བྷན་དྷ། ཤ་ཀུ་ནི་མཱི་བན་དྷ། དེ་བཾ་བན་དྷ། དེ་བ་ཀུ་ལཾ་བན་བྷེན་དྷ། ན་གཾ་བན་དྷ། ཨ་སུ་རཾ་བན་དྷ། ཨེ་སུ་ར་ཀུ་ལཾ་བན་དྷ། ག་རུ ་ཌམ་བན་དྷ། ག་རུ་ཌེ་ཀུ་ལཾ་བན་དྷ། པཀྵི་ས་བན་དྷ། པཀྵ་ས་ན་བན་དྷ། ཀིན་ན་རི་བན་དྷ། ཀི་ནན་ར་བྷུ་བ་བན་དྷ། མནུ་ཥྱ་བན་དྷ། མ་ནུ་ཥྚ་བྷཱ་བན་དྷ། ཨ་མ་ནུ་ཥྱཾ་བྷུ་བན་དྷ། ་ཙནྡ་དི་ཏྱ་བྷུ་ན་བ་བན་དྷ། སརྦ་ཏཾ་བྷན་དྷ། སརྦ་ཏ་ཏ་ལཾ་བན་དྷ། བཀྵི་མ་བན་དྷ། བཀྵི་ཏ་ལཾ་བན་དྷ། ས་ཀུ་ལཾ་བན་དྷ། པ་ར་ཀུ་ལཾ་བྷན་དྷ། མཉྫུ་ཀ་སཾ་བན་དྷ། མཱ་ཤ་བ ་དམ་བན་དྷ། མ་ནི་མི་ཏྱཾ་བན་དྷ། ནི་ཏྱཾ་བན་དྷ། སརྦ་དུཥྚ་ས་ཏྲཾ་བན་དྷ། བཛྲ་ཤྲིང་ཁཱ་ལ། མཎ་ཌེ་ན་བྷན་དྷ། ཀུ་བེ་ར་བན་དྷ། སུ་སུ་མ་ཀ་རཾ་བན་དྷ། ཤྲི་སུ་མ་རཾ་བན་དྷ། ་ཛ་ལ་བན་དྷ། སྦ་ལ་བན་དྷ། ཨོཾན་མོ་བྷ་ག་ཝ་ཏི་བཛྲ་ཤྲྀང་ཁ་ལེ། ཧཱུ~ཾ་ཧཱུ་ཧཱ་ཧཱུ~ཾ་ཧཱུཾ་ཧཱུཾ། སརྦ་དུཥྚ་སརྦ་ག་པྲ་ཏྱཾ་གི་ལན་དྷ་དཱད་ཤ་བྷུ་ནི་ཡེ། དད་ཤན་ཏྲ་ཡེ། བིར་ཀརཿ1 ་ཡཻ། ཙན་ཌེ་ཡཻ། ས་ཧཱ་སྲ་པྲ་ཛཱ་ལི་ཏ་དི་བ་ཏ་ཏེ་ཡཻ། ཨུ་གྲ་བི་བི་ད་བེ་ཤ་དྷ་རེ་ཎཾ། ཨུར་ད་ཀེ་ཤ་ཡཻ། ཙ་པ་ལ་ཡཻ། ཏ་ཐཱ་ག་ཏེ་ཨ་བ་ཀ་རི་སཏྭཾ་ནཾ་བྷན་དྷ། ཨི་མཾ་བཛྲ་ཤྲིང་ཁཱ་ལེ། ་མནྟེ་ན། པཉྫ་ཤ་ཏེ་སྲོ་ཛ་ན་པ་རི་བེ་ཤ་ཏཾ། བཛྲ་ཤྲིང་ཁཱ་ལེ་ན་བན་དྷ། པ་ར་སུ་ཏྲ་ཚིན་དྷ་ཡེ་ན་པ་ལི་ག་མཾ་བན་དྷ། ཨུ་གྲཱ་ཡ་ནི་མ་བན་དྷ། ཙ་ཏུར་ཌ་ཀི་ནཾ་བྷན་དྷ། ཏིཥྛ་ཏིཥྛ་ཧུ་ཧཱུཾ་ཧཱུཾ་དཿ ་སྭཱཧཱུ~ཾ། ཧུ་ལྲྀ་ཧུ་ལུ། ནམཥཎྜ་མ་ཧཱ་ཀྲོ་དྷ། ཧུ་ཧྱ། ཨ་མྲྀ་ཏ་ཧུ་ཧུ་བན་དྷ། ཨ་ཤཱི་ཏི་ཏི་བ་ཀོན་སུ་ཏ་ཤ་ཏ་མ་ཧཱ་པ་ཎི་བཛྲ་ཤྲི་ཁ་ལན་བན་དྷ། ཏྲི་ཀོན་སྲེ་ཐི་བི་སུ་དྷ་ནི་བཛྲ་སྥོ་ཊཱ་ཡ། ་ཏི་སྭ་རིག་མར་པཱ་ཏཱ་ལཱ་བཱ་སུ་ཀྲི་ཏྭོ་ཏ་ཡ་ཏི། པ་ཏཾ་བན་དྷ། མེ་གྷ་བན་དྷ། སརྦ་ཏྲཾ་བན་དྷ། ཨི་དྲྀ་བན་དྷ། ཨིན་དྲ་བྷཱ་བ་ནཾ་བན་དྷ། བ་ན་པཱ་ཏི་དེ་བན་དྷ། ཨོ་ཀ་ས་ཏ་ད་བན་དྷ། ཏྲི་ཡ ་སྭ་ཏཱཾ་བན་དྷ། ཏྲི་པཱ་ཏི་བན་དྷ། ཙ་ཏུ་ར་ཤྱ་བན་དྷ། པཉྩ་པཱ་ད་དཾ་བན་དྷ། ཤ་ཏཾ་པཱ་དཾ་བན་དྷ། ལ་ཀ་པཱ་དཾ་བན་དྷ། སརྦ་བི་གྷ་བན་དྷ། སརྦ་བི་གྷི་གུ་ལཾ་བན་དྷ། བྲཧྨ་གྷུ་ལཾ་བན ་དྷ། བིཥྚ་བན་དྷ། བིཥྞུ་བྷ་བ་ན་བན་དྷ། མ་ཧེ་ཤྭ་ར་བྱཱ་བ་ནཾ་བྷན་དྷ། མ་ཧེ་དེ་བཾ་བན་དྷ། མ་ཧ་དེ་པ་ཛ་ཡ་ཏ་པ་མ་པཱ་དེ་ན་བི་ཀྲ་མི་བྷན་དྷ། ཨོཾ་ན་མོ་བྷ་ག་ཝ་ཏྱཻ་བཛྲ་ཤྲི་ཁཱ་ལེ་ད་ཤ་དི ་ཤ་བཛྲ་ས་ཀ་རེ་ཎ་བན་དྷི། ཧུ་ཧཱུ་ཧཱུ་ཧཱུ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་སྭཱ་ཧཱ།། རིགས་སྔགས་འདི་ཉིད་གསུངས་ཙམ་གྱིས།། རྒྱ་ཆེན་འཇིག་རྟེན་ཁམས་འདི་ནས། ་རྣམ་པ་དྲུག་ཏུ་གཡོས་གྱུར་ནས།། ལྷ་དང་ལྷ་མིན་སྲིན་བཅས་དང་།། གནོད་སྦྱིན་དྲི་ཟ་གྲུལ་བུམ་དང་།། མཁའ་ལྡིང་ལྟོ་འཕྱེ་ལུས་སྲུལ་པོ།། ཀླུ་དང་མི་འམ་ཅི་ལ་སོགས། ་ཚོགས་རྣམས་ཐམས་ཅད་མྱོས་བརྒྱལ་ཏེ།། ས་སྟེང་ཁ་སྦུབ་ཏུ་འགྱེལ་ནས།། དབང་པོ་ཤིན་དུ་སྟོར་བ་ལ།། བདེ་བ་ཆེན་པོ་འོད་ཟེར་གྱིས།། ཕོག་པའི་སྐ་ཅིག་དེ་མ་ཐག། དྲན ་པ་སླར་རྙེད་གཟི་མདངས་སྐྱེས།། དེ་ནས་བསྟོད་པའི་རྒྱལ་པོས་བསྟོད།། ཨེ་མ་ཧོ།། བདེ་བ་ཆེན་མཆོག་དཔལ་ཉིད་ལས།། ་རྒྱལ་པོ་སྟོབས་སྐྱེས་བཀྲ་ཤིས་ཀྱི།། ལྷ་མོས་ཧཱུཾ་བརྗོད་ཙམ་ཉིད་ལས།། ན་མཁའི་ཁམས་གྲགས་པར་འགྱུར།། བདེ་ཆེན་ཡེ་ཤེས་མངའ་བདག་ཉིད།། རྡོ་རྗེ་ཞེས་པ་མཚན ་ལྡན་པའི།། ལྷ་མོ་ལུ་གུ་རྒྱུད་མ་ལ།། བདག་ཅག་རྣམས་ཀྱིས་གུས་པར་འདུད།། སྐུ་འོད་ཟེར་སྣ་ཚོགས་ཀྱིས།། འགྲོ་བའི་ཉོན་མོངས་སེལ་བྱེད་པའི།། འོད་ཀྱིས་བདག་ལ ་བདེ་བ་སྐྱེས།། ལྷ་མོས་བདེ་བ་ཁྱོད་ཕྱག་འཚལ།། སྟོང་ཉིད་སྨོན་མེད་མཚན་མ་བྲལ།། རྒྱལ་བ་ཀུན་གྱི་རིག་པ་ལས།། ཡ་མཚན་ལྷ་མོའི་རང་བཞིན་ཐུགས།། མི་རྟོག ་རང་བཞིན་ཁྱོད་ཕྱག་འཚལ།། དེ་རྗེས་རྒྱལ་བ་ཀུན་འདས་པའི།། གཟུགས་སོགས་རིག་པའི་ལྷ་མོ་ཡིས།། འཁོར་ལོ་འདི་ལ་ལེགས་མཆོད་ནས།། མགྲིན་གཅིག་ཏུ་ནི་འདུས་ན ་སུ། སངས་རྒྱས་རྣམས་ཀྱིས་གསུངས་པ་ཡི།། རྡོ་རྗེ་ཚིག་གིས་བསྟོད་པར་བྱེད།། རྡོ་རྗེ་ན་མཁའ་ལས་བྱུང་བའི།། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ།། སྤྲོས་བྲལ ་ནམཁའ་རང་བཞིན་གསལ།། རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ།། རྡོ་རྗེ་གཟུགས་ཀྱི་སྒྲ་ཡིས་ནི།། ལྷ་སོགས་མ་ལུས་རྣམ་འཆིང་མཛད།། བདུད་རྣམས་ཆར་གཅོད་རྡོ་རྗེའི་སྒྲ། ་ན་མཁའི་གསུང་ལ་ཕྱག་འཚལ་སྟོད།། འགྲོ་དྲུག་བདུད་འཇོམས་ཞལ་དྲུག་མ།། ཕྱི་ནང་རྟེན་འབྲེལ་དག་ཕྱིར་ཕྱག། སྒེག་ཅིང་ཅུང་ཟད་འཇིག་པར་བྱེད།། རྡོ་རྗེའི་སྐུ་ལ ་ཕྱག་འཚལ་ལོ།། དེ་སྐད་རྡོ་རྗེའི་ལྷ་མོ་ལ།། ལྷ་ལ་སྲེགས་པ་ཐམས་ཅད་ཀྱིས།། དེ་སྐད་རྡོ་རྗེའི་ལྷ་མོ་ལ།། ལྷ་ལ་སོགས་པ་ཐམས་ཅད་ཀྱིས།། རྨད་བྱུང་བ་བསྟོད་པའི་རྒྱལ་པོ ་དེས།། བསྟོད་པའི་དེ་མ་ཐག་ཏུ་ནི།། ལྷ་མོའི་གཟི་མདངས་ཆེར་སྐྱེས་ནས།། རང་གི་སྙིང་པོ་འདི་གསུངསོ།། ཨོཾ་བཛྲ་ཤྲིང་ཁཱ་ལེ་ཧུཾ་ཧཱུཾ་ཕཊ་སྭཱ་ཧཱ། རིག་པ་གཟུངས་ཀྱི་ཕྲེང་བ་འམ།། ་གསང་སྔགས་འདི་ཉིད་བཤད་ཙམ་གྱིས།། རིམས་དང་ཤུ་བ་གཡན་པ་དང་།། ལྷོག་པ་ཤ་བཀྲ་མཛེ་ནད་འབྲས།། ཀླད་ནད་མིག་ནད་རྣ་ནད་དང་།། ལྐོག་ནད་གློ་མཆིན་ནད་རྣམ ་དང་།། རྒྱུ་གཟེར་སྙིང་ནད་མཁལ་ནད་དང་།། རྐང་ལག་ནད་དང་ཁྱབ་པར་ན།། ཆུ་སེར་ནད་དང་ཁྲག་ནད་དང་།། བད་ཀན་རླུང་དང་མཁྲིས་པ་དང་།། ཤིན་དུ་འཁྲུགས་པའི་ནད ་སོགས་པ།། ཡམས་ནད་ཐམས་ཅད་ཞི་བར་བྱེད།། གཞན་ཡང་འབྱུང་པོ་བརྗེད་བྱེད་གདོན།། ཤ་ཟ་མཁའ་འགྲོ་མ་མོ་དང་།། གཟའ་དང་རྒྱུ་སྐར་ལོག་འདྲེན་དང་།། བྱད་སྡེམས ་དྲག་པོ་ཕྱི་རོལ་གྱི།། རིགས་སྔགས་གཏུམ་པོ་ལ་སོགས་པས།། འཇིགས་པའི་གནོད་པ་ཐམས་ཅད་ཀུན།། རླུང་གིས་སྤྲིན་བཞིན་གཏོར་བར་བྱེད།། གཞན་ཡང་སྟག་གཟིགས ་དོམ་དྲེད་དང་།། འཕར་བ་སྦྱང་ཀི་གུང་པོ་ཆེ།། སྲེང་མོང་བྱི་བ་སྦྲུལ་བྱི་ལ།། སྦྲང་བུ་མཆུ་རིངས་པ་ཏྲེ་ཀ། ཁྭ་དང་སེ་བྱུའུ་རྟ་ལ་སོགས།། འཇིགས་པ་རྣམ་མང་ཇི་སྙེད་པ།། ་གསང་སྔགས་འདི་བརྗོད་ཐོས་ཙམ་གྱིས།། ཐག་རིངས་སུ་ནི་བསྐྲད་པར་བྱེད།། གནོད་པ་རྣམ་མང་ཐམས་ཅད་ཀྱང་།། སྔགས་ཀྱི་སྦྱོར་བས་སེལ་བར་སེལ།། གནོད་བྱས་རྣམས ་ནི་གནོད་མེད་བྱེད།། གནོད་མེད་སྣོད་དང་ལྡན་བྱེད་ཅིང་།། སྦྱོར་བ་ཡང་ནི་སྦྱོར་བ་འགས།། གཞན་གྱི་སྦྱོར་བས་འཆིང་བར་བྱེད།། ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་ལས་གསང་སྔགས་བསྟན་པའི་ལེའུ་སྟེ་དང་པོའོ།། །། དེ་ནས་འདིར་ནི་བཤད་བྱ་བ།། མཛེས་མ་རྡོ་རྗེ་ཁྲོ་མོ་ཡི།། ལྷ ་ཡི་ཏིང་འཛིན་སྦྱོར་བ་རྣམས།། ཐིག་ལེ་ཆེན་པོས་མཉན་པར་གྱིས།། ཨོཾ་བཛྲ་ཤྲིང་ཁཱ་ལེ། ཨང་མ་རཀྵ་རཀྵ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ་སྭཱ་ཧཱ།། གསང་སྔགས་འདི་ནི་བསྲུང་བ ་དང་།། ཐ་མ་ལ་རྟོག་པའི་ལུས་སྦྱོང་བྱེད།། སྙིང་ཁར་ཟླ་ཧཱུཾ་ཡིག་གིས།། འོད་ཀྱིས་རིགས་ཀྱི་གཙོ་མོ་དང་།། བླ་མ་སངས་རྒྱས་སྤྱན་དྲངས་ནས།། མདུན་དུ་ལེགས་པར་དམི ་ནས་ནི།། སྙིང་ཁེའི་ས་བོན་འོད་རྩ་ལས།། མེ་ཏོག་སོགས་འཛིན་ལྷ་མོས་མཆོད།། གཟུགས་སོགས་རྡོ་རྗེ་མ་རྣམས་ཀྱིས།། འདུད་ཅིང་སོ་སོར་ལེགས་པར་མཆོད།། ཐོག་མ ་མེད་པའི་སྲིད་རྒྱད་ནས།། ལུས་ངག་ཡིད་ཀྱིས་སྤད་པ་ཡིས།། སྡིག་པའི་ཚོགས་རྣམས་མ་ལུས་ཀུན།། བགྱིས་དང་བགྱིད་དུ་སྩལ་བ་དང་།། བགྱིད་ལ་རྗེསུ་ཡིད་རང་བ།། སྡིག་པའི ་ཚོགས་རྣམས་མ་ལུས་ཀུན།། ཐམས་ཅད་སོ་སོར་བཤགས་པར་བགྱི།། སླན་ཆད་མི་བགྱིད་སྡོམས་པར་ཡང་།། རྒྱ་ཆེན་བདག་གིས་བཟུང་བར་བྱ།། རྒྱལ་བ་སྲས་བཅས་མཛད་པ ་དང་།། འགྲོ་བའི་དགེ་ལ་རྗེས་ཡིད་རང་།། རྒྱལ་དང་བྱང་ཆུབ་སེམས་དཔའ་དང་།། རིགས་ལྡན་རྡོ་རྗེ་ལྷ་མོ་དང་།། སྔགས་རྒྱུད་རྒྱ་ཆེན་འཁོར་ལོ་དང་།། ཀུན་ནས་དང་བས ་སྐྱབས་སུ་མཆི།། མི་རྟོག་བློ་གློས་བསྐྱེད་པའི་ཕྱིར།། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་།། གདུལ་བྱ་ཇི་སྲིད་ཚིམ་པ་རུ།། མྱ་ངན་མི་འདའ་གསོལ་བ་འདེབས།། རྣམ་པ་ཀུན་གྱི ་མཆོག་ལྡན་པའི།། བྱང་ཆུབ་སེམས་ནི་བསྐྱེད་པར་བྱ།། གདོད་ནས་ཇི་སྲིད་ད་ལྟ་ཡི།། བར་དུ་ལུས་འདིས་ཅི་མ་བྱས།། ད་ནི་སྲིད་པའི་ཀླུང་རྟོགས་ནས།། རང་གི་ལུས་འདི་དབུལ ་བར་གྱིས།། ཐེག་ཆེན་བླ་ན་མེད་པ་ཡི།། ལམ་ཆེན་རྒྱ་མཚོ་གང་ཡིན་པ།། ཐེག་ཆེན་འབྲས་བུ་ཐོབ་ར་དུ།། རྒྱུན་མི་འཆད་པར་བརྟན་པར་བྱ།། དེ་ལྟར་དད་སེམས་འདུན་བྱས་ཏེ།། ་བསོད་ནམས་རྒྱ་ཆེན་རྣམ་བསགས་པའི།། དགེ་བ་བླ་ན་མེད་པ་དེས།། ཐམས་ཅད་བྱང་ཆུབ་ཕྱིར་བསྔོའོ།། དང་པོ་བྱམས་པའི་འོད་ཟེར་གྱིས།། འགྲོ་རྣམས་བདེ་ལ་འགོད་པར་བྱ།། ་གཉིས་པ་སྙིང་རྗེ་འོད་ཟེར་གྱིས།། འགྲོ་བ་སྡུག་བསྔལ་འབྲལ་སེམས་བསྐྱེད།། གསུམ་པ་དག་པས་བདེ་བ་ཐོབ།། བཞི་པ་ཆགས་བྲལ་བཏང་སྙོམསོ།། དེ་རྗེས་རགས་པ ་སྟོབས་སྤོང་ཞིང་།། བག་ཆགས་དྲི་མ་བ་ས་ནས་ཀྱང་།། ན་མཁའ་ལྟ་བུར་བསྒྲུབ་བྱེད་པའི།། དེ་ནས་དག་པ་རྗེས་དྲན་བྱ།། ཨོཾ་སྭ་བྷ་བ་ཤུདྡྷཿསརྦ་དྷརྨཿསྭ་བྷ་བ་ཤུདྡྷོ་ཧཾ།། ་དེ་ཡིས་དག་པར་བྱས་ནས་ནི།། སྟོང་ཉིད་རྗེསུ་བསྒོམ་པར་བྱ།། ཨོཾ་ཤུ་ནྱ་ཏཱ་ཛྙཱ་ནེ་བཛྲ་སྭ་བྷ་བ་ཨད་མ་ཀོ་ཧཾ། དངོས་པོ་ཐམས་ཅད་མ་ལུས་པར།། ན་མཁའ་ལྟ་བུར་བསྒོམ་པར་བྱ།། ་དེར་ནི་རཾ་སྐྱེས་ཉི་དཀྱིལ་འཁོར།། དམར་པོ་འོད་ཟེར་འཁྲིགས་པ་བསྒོམ།། དེ་དབུས་ཧཱུཾ་ཡིག་སྔོན་པོ་ཡི།། འོད་ཀྱིས་འགྲོ་བའི་བདུད་གསལ་ཏེ།། སླར་ཡང་ཡི་གེ་ལ་བཞུགས ་པར།། རྡོ་རྗེ་ཁྲོ་མོ་ཡོངས་སུ་རྫོགས།། ཞལ་གསུམ་ཕྱག་དྲུག་མེ་དཔུང་བཞུགས།། ཐུགས་ཁར་ཉི་མར་ཧཱུཾ་སྔོན་བསམས། ་འོད་ཀྱིས་བསྲུང་བའི་འཁོར་ལོ་བྱ།། ཤར་དུ་རྡོ་རྗེ་ལྷོར་དབྱུག་པ།། ནུབ་དུ་ཆུ་སྟེ་བྱང་དུ་མདའ།། བྱང་ཤར་རྩེ་གསུམ་ཤར་ལྷོ་མེ།། ལྷོ་ནུབ་རལ་གྲི་ནུབ་བྱང་རླུང་།། འོག་ཏུ་སྣ ་ཚོགས་རྡོ་རྗེ་བྲག། སྟེང་ཕྱོགས་རྡོ་རྗེ་རྩེ་ལྔའི་གུར།། གསང་སྔགས་བརྗོད་པས་བསྒོམ་པར་བྱ།། ཧཱུཾ་ལས་འོད་ཟེར་རབ་སྤྲོས་པས།། འཁོར་ལོ་བཀོད་པའི་ཕྱི་རོལ་དུ།། རྡོ་རྗེ་ཅི་གསུམ ་རབ་དང་།། གུར་ནི་རབ་དུ་བསྒོམ་པར་བྱ།། དེ་རྗེས་རྡོ་རྗེ་ཁྲོ་མོ་ནི།། ཞུ་ནས་རང་བཞིན་མེད་པར་གྱུར།། དེ་ལས་ཉི་མའི་སྟེང་གནས་པའི།། བདུད་བཞི་མནན་ཅིང་ཉི་ཟླ་ནི།། ཨ་ལི་ཀ ་ལི་ལས་བྱུང་བའོ།། བར་ད་ཧཱུཾ་ལས་རྡོ་རྗེ་ནི།། ཁྲོ་མའི་རང་བཞིན་འོད་ཀྱིས་བསྐོར།། ཁྲོ་མོ་དང་བཅས་འོད་ཟེར་རྣམས།། རྡོ་རྗེ་ལ་ཞུགས་སྐྲ་བཞེངས་ཏེ།། ཞལ་དྲུག་ཕྱག་དྲུག ་ཞབས་དྲག་འམ།། ཡང་ན་ཞབས་བཞི་བདུད་བཞི་གནན།། ཞལ་ཀུན་སྔོ་ཞིང་ཁྲོ་གཉེར་ཅན།། དམར་སེར་གྱེན་སྐྲ་ཟོད་ཕྲེང་ཅན།། རྡོ་རྗེས་ལུས་བརྒྱན་ན་མཁའི་མདོག་། བཅུ ་གཉིས་ཕྱག་ཏེ་གཡས་པ་ན།། རྡོ་རྗེ་ཞགས་པ་མདའ་གསོར་ཞིང་།། སྦྲུལ་དང་སྒྲ་སྟ་གྲི་གུག་འཛིན།། གཡོན་པ་དྲིལ་བུ་བསྡིགས་འཛུབ་གཞུ།། དབྱིག་བ་རྩེ་གསུམ་ཐོ་བའོ།། ་ཡང་ན་ཕྱག་དྲུག་གཡས་དང་པོས།། རྡོ་རྗེ་གཉིས་པས་ལྗགས་སྒྲོག་སྟེ།། ག་སུཾ་པས་མདའ་ནི་གསོར་བར་བྱེད།། གཡོན་གྱི་དང་པོས་བསྡིགས་འཛུབ་སྟེ།། གཉིས་པ་སྤྲུལ ་གྱི་ཞགས་པའོ།། གསུམ་པས་གཞུ་སྟེ་འགེངས་པའི་ཆུལ།། རྡོ་རྗེ་ལུག་རྒྱུད་མ་ཡིས།། བསམ་གཏན་ཏིང་འཛིན་ལ་གནས་ན།། ཡོན་ཏན་ཀུན་གྱི་བདག་ཉིད་ཀྱི།། སྔགས་ཀྱི ་རྩ་བར་འགྱུར་བས་སོ།། སྔགས་ཀྱི་བདག་ཉིད་ཡོངས་བསྐྱེད་ཅིང་།། ལྷ་ཡི་རང་བཞིན་བསྒྲུབ་པ་ཡི།། རིན་ཆེན་གཟུང་ཀྱི་ཕྲེང་བས་ནི།། ཆོས་རྣམས་མཐའ་དག་ཐོབ་འགྱུར ་ཏེ།། རལ་གྲི་མིག་སྨན་རིལ་བུ་དང་།། རྐང་པ་དབྱུག་དང་གཏེར་ཆེན་དང་།། ས་འོག་འགྲོ་དང་བཅུད་ལེན་དང་།། ནམཁར་འགྲོ་དང་གསེར་བསྒྱུར་དང་།། དེ་བཞིན་ས་གཞན ་འགྲོ་བ་དང་།། ཞི་དང་རྒྱས་དང་དབང་མངོན་སྤྱོད།། རྨོངས་དང་རེངས་དང་བསྐྲད་པ་དང་།། དབྱེ་དང་དགུག་དང་རིགས་སྔགས་འཆིང་།། བསྲུང་དང་ཕྱིར་བཟློག་ཆེན་པོ་དང་། ་ཞྭ་དང་ལྐུགས་དང་སེམས་བརྒྱལ་དང་།། ལོང་དང་སྣ་ཚོགས་ནད་བསྐྱེད་པའི།། སྦྱོར་བ་རྒྱ་ཆེན་འགྲུབ་པ་དང་།། མངོན་ཤེས་དྲུག་པོ་ཡོངས་སྐྱེ་ཞིང་།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། ཕྱག་རྒྱ་ཆེན་པ ་ཐོ་འགྱུར་ན།། བལྟས་མཐོང་ཙམ་ལ་སོགས་པ་ཡི།། དངོས་གྲུབ་ཕྲ་མོ་སྨོས་ཅི་དགོས།། སྔགས་ཀྱི་སྦྱོར་བ་བསྐྱེད་པའི་ལྷ།། ། ཧཱུཾ་ལས་སྐྱེས་པའི་ལྷ་མོ་ནི།། སྔོན་མོ་ཞལ་གསུམ་ཕྱག ་དྲུགས།། གཡས་པ་སེར་ཞིང་གཡོན་པ་དམར།། སྤྱན་གསུམ་སྡང་མག་ཁྲོ་གཉེར་ཅན།། དམར་སེར་གྱེན་སྐྲ་ཐོད་པས་བརྒྱན།། རུས་པའི་རྒྱན་གྱིས་སྤྲས་ཤིང་འགྱིང་།། ཟོད ་པའི་ཕྲེང་ཅན་ཀླུ་ཡིས་བརྒྱན།། ཞབས་གཉིས་བརྐྱང་བཀུམ་རོལ་བརྫིས།། ཕྱག་དྲུག་གཡས་ཀྱི་དང་པོ་ན།། རྡོ་རྗེ་གཉིས་པས་གྲི་ཁུག་སྟེ།། གསུམ་པ་སྦྲུལ་གྱི་ཞགས་པ ་རྒྱང་སྲེག་པི་རྩ་བར་གྱུར་ན། ་འཛིན།། གཡོན་གྱི་དང་པོ་བསྡིགས་འཛུབ་སྟེ།། གཉིས་བཟོད་པ་གསུམ་པ་ན།། སྦྲུལ་གྱི་ཞགས་པ་དཀར་པོའོ།། ་ཡང་ན་ཞལ་ཀུན་སྔོ་བསངས་ཉིད།། འདིས་ནི་འཆིང་དང་དབང་གི་ལས།། མཐའ་དག་རྫོགས་པར་བྱེད་པའོ།། སྲིད་པར་བྲམ་ཟེ་ལས་སྐྱེས་ལྷ་མོ་ནི།། སྔོན་མོ་ཞལ་གཅིག་ཕྱག ་གཉིས་མ།། ཕྱག་གཡས་རྡོ་རྗེ་གཡོན་ལྕགས་སྒྲོག། གཅེར་བུ་རུས་པའི་རྒྱན་ལྡན་མ།། གསང་བའི་ལས་རྣམས་ཐམས་ཅད་ནི།། རྡོ་རྗེ་རྣལ་འབྱོར་མ་འདིས་བསྒྲུབ།། དེ་ནས ་བཅོམ་ལྡན་རྡོ་རྗེ་ཅན།། ཆོས་རྣམས་ཐམས་ཅད་འབྱུང་བྱེད་ཅིང་།། དངོས་གྲུབ་མྱུར་དུ་སྐྱེད་པ་ཡི།། ཕྱག་རྒྱ་འབྱུང་ཞེས་བྱ་བ་ཡི།། ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས།། ཡན ་ལག་ཕྱག་རྒྱ་བཀའ་སྩལ་པ།། ལག་གཉིས་ཐལ་མོ་སྦྱར་བྱས་ཤིང་།། སླར་ལ་ཁུ་ཚུར་བཅངས་བྱས་ཏེ།། རྒྱབ་གཉིས་སྤྲད་ནས་འཛུབ་མོ་དང་།། མཐེའུ་ཆུང་ལྕགས་སྒྲོག ་བཅིང་བྱས་ཏེ།། ཁ་ཡི་ཐད་ཀར་བཞགས་ནས་ནི།། རིག་པའི་ཕྲེང་བ་བརྗོད་པ་ཡིས།། འདོད་པ་ཐམས་ཅད་བསྒྲུབ་པར་བྱེད།། ཕྱག་རྒྱ་བཅིངས་ནས་གསང་སྔགས་ནི།། རྗེས་དྲན ་པར་བྱས་ཙམ་གྱིས།། ལམ་དུ་འགྲོ་ཡང་བདེ་བར་ཐར།། གཞན་གྱི་རིག་སྔགས་གཅོད་པར་བྱེད།། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་མའི་རྒྱུད་ཀྱི་རིགས་སྔགས་ལས།། ལྷ་དང་ཕྱག་རྒྱ ་གཏན་ལ་དབབ་པའི་ལེའུ་སྟེ་གཉིས་པའོ།། །། དེ་ནས་ཡང་དག་བཤད་བྱ་བ།། རྫས་ཀྱི་སྦྱོར་བ་བླ་ན་མེད།། མཚུངས་པའི་ཚོགས་ཀུན ་འགྲུབ་བྱེད་པ།། རྡོ་རྗེ་མཁའ་འགྲོ་མ་ཡིས་ཉོན།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཤིཉྩ་ཏུ་མཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ས་མ་ཤྲཱི་ཡེ་ཧཱུཾ།། དབང་བསྐུར་བ་ནི་བླ་ན་མེད།། དྲི་མའི ་ཚོགས་རྣམས་དག་སྣང་།། ཇི་སྲིད་ཡེ་ཤེས་ཚོགས་རྒྱས་ནས།། རིག་པའི་རྒྱལ་པོ་ཐོབ་པར་བྱེད།། ཛ་ཧཱུཾ་བཾ་ཧོ།། ཨོཾ་བཛྲ་པུཥྤེ་ཨ་ཧཱུཾ་སྭཱ་ཧཱ། དྷུ་པེ་དཱི་བཾ་གན་དྷེ། ནེ་ཝེ་ཏྱེ་ཨ་ཧཱུཾ་སྭཱ་ཧཱ ་ཨོཾ་ཀྵི་ཧྲི། ས་ཀ་ལ། གྷ་ན་བི་ན་ཝ་རེ། ཤྱ་དྷུ་ས་པ་རི་ཝ་ར། ཨ་ཨ་ཨ། ཨ་བྷི་ཏི་རན་ཏི། ཨ་བྷ་ཏ་རན་ཏཻ། ཨ་བྷ་ཏ་རན་ཏུ། སརྦ་དྷ་ས་དྷི་ག། ལོ་ཀེ་བ་ལ། ལོ་ཀ་བ་ལི། ཨཾ་མཾ་བ་ལཾ། ་ཀྵི་དྷཱ་ཏུ། ཁརྟན་ཏུ་བེ་བན་ཏུ་ཧཱུཾ་ཕཊ།། ག་ག་ད་ཧེཥཧི། ཝེ་ཝཾ། ཨ་དྲཱ་པ་པ་ཏི་སྭཱཧཱ། ཡེ་ཤེས་སེམས་དཔའ་སྦྱོར་བ་ཡིས།། ཐ་དང་རྟོག་པ་སྤོང་བར་བྱེད།། མཆོད་པ ་དང་ནི་གཏོར་མ་ཡིས།། བར་དུ་གཅོད་པ་ཐམས་ཅད་སེལ་བར་བྱེད།། ཨོཾ་ཀ་ཡ་བཛྲ་སྭ་བྷ་ཝ་ཨཱད་མ་ཀོ་ཧཾ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། རྣམ་པར་སྤྲས་པའི་མཚན་མ་ལ།། ་མཚན་མ་མེད་པའི་རྣམས་གནས་པ།། ཤེས་ནས་མཚན་ཉིད་རྣམ་པར་དག། ཨོཾ་སརྦ་ཏ་ཐཱ་ག་ཏ་ཛྙཱ་ན་བཛྲ་སྭ་བྷཱ་བཱ་ཨད་མ་ཀོ་ཧཾ།། གང་ཞིག་དབང་པོས་ཡུལ་མཚོན་པའི།། མཚོན་བྱ ་མཚན་ཉིད་རྣམ་ཤེས་དང་།། ཡེ་ཤེས་ཉིད་ནི་མངོན་སུམ་དུ།། སྐྱེ་བ་ཉིད་ནི་ཐེ་ཚོམ་མེད།། དེ་ནས་རྒྱ་ཆེན་སྦྱོར་བའི་གཙོ།། འཁོར་ལོ་ཆོ་ག་བཤད་པར་བྱ།། གྲོ་ག་རས་སམ་ཤིང་ཤུན ་ཡ། གུར་གུམ་གི་ཝང་ཙན་དན་བཅས།། པུ་ཀ་སེར་པོས་འཁོར་ལོ་ནི།། རྩིབས་བཅུ་པད་མའི་སྟེང་དུ་བྲི།། མཐའ་ནས་མེ་ཡིས་ཕྲེང་བས་བསྐོར།། པདྨའི་འདབ་མ་བཅུ་ལ་ནི།། ་ཕྱོགས་བཅུ་ཀུན་དུ་བཅིང་བ་ཡི།། རྡོ་རྗེ་ལ་སོགས་བཅུ་པོ་བྲི།། དེ་ཡི་རྒྱབ་ཏུ་ཕྱོགས་བཅུ་རྣམས།། བཅིང་བའི་སྔགས་ནི་རིམ་བཞིན། ་བྲི། ཀའཁོར་ལོའི་རྩིབས་རྣམས་བཅུ་པོ་ལ།། ཧཱུཾ་གཉིས་བར་དུ་བསྒྲུབ་བྱའི་མིང་།། བསྲུང་བ་དང་བཅས་བྲི་བར་བྱ།། ཕྱོགས་བཞིར་སྔགས་དང་ཕྱག་རྒྱ་དང་།། འཁྲུལ་འཁོར་གཙད ་དང་འཆིང་བ་དང་།། འགུགས་པའི་སྔགས་བཅས་པ་བྲི།། གཞན་ཡང་འཚམས་རྣམས་དྲུག་པོར་ནི།། ལྷ་དང་ཀླུ་དང་ལྷ་མིན་གྱི།། གནོད་སྦྱིན་གྲུལ་བུམ་ལ་སོགས་པ།། བཅིང ་བ་དྲུག་པོ་བྲི་བར་བྱ།། ལྟེ་བར་བསྒྲུབ་བྱའི་གཟུགས་བརྙན་ནི།། དཀྱིལ་དཀྲུངས་ཐུགས་ཁར་ཐལ་མོ་སྦྱར།། མཛེས་པའི་གོས་ལྡན་བྲི་བར་བྱ།། དེ་རྗེས་གསང་སྔགས་ཕྲེང་བ་ཉིད། ་སྟོང་ཕྲག་གཅིག་ཏུ་བརྗོད་བྱས་ནས།། དེ་རྗེས་བསྟོད་པས་བསྟོད་བྱས་ཏེ།། གསེར་སོགས་བྲིས་ནས་ལུས་སམ་འགུལ།། གང་བདེའི་གནས་སུ་གདགས་པར་བྱ།། དེས་ནི་རྣལ་འབྱོར། ་བསྲུང་དོན་དུ།། ཇི་ལྟར་བསམས་པ་ཀུན་འགྲུབ་སྟེ།། འཇིགས་པ་བརྒྱད་པོ་མེད་པར་བྱེད།། དེ་ནས་གཞན་ཡང་རྒྱལ་པོའི་རས།། གསར་པ་ཙན་དན་ག་བུར་དང་།། དྲི་ཞིམ་རྣམས ་ཀྱི་བྱུགས་ནས་ནི།། རྒྱུ་སྐར་རྒྱལ་གྱི་ཉི་མ་ལ། གུར་གུམ་གྱིས་ནི་འཁོར་ལོ་བྲི།། དབུས་སུ་པད་མ་འདབ་བརྒྱད་པའི།། ཕྱི་རོལ་མུ་ཁྱུད་གསུམ་ལྡན་པའི།། པདྨའི་ལྟེ་བར་བསྒྲུབ་བྱ ་གཟུགས།། ཡན་ལག་རྡོ་རྗེས་མཚན་པ་བྲི།། དེ་ལ་སྙིང་པོའི་སྔགས་ཀྱིས་བསྐོར།། དེ་རྗེས་ལྟེ་བའི་མུ་ཁྱུད་ལ།། སྟེང་འོག་བཅིང་བའི་སྔགས་རྣམས་བྲི།། ཕྱོགས་འཚམས ་སྔགས་རྣམས་འདབ་མ་ལའོ།། ཕྱི་རོལ་མུ་ཁྱུད་དང་པོར་ནི།། རྩ་བའི་སྔགས་རིངས་བགོད་པར་བྱ།། གཉིས་པས་འོད་ཀྱིས་ར་བ་བྲི།། དྲི་ཞིམ་དཀྱིལ་འཁོར་སྟེང་བཞག་སྟེ།། རང་།། ་ཉིད་ལྷ་ཡི་སྦྱོར་རྫོགས་བྱ།། ཐུགས་ཁའི་ས་བོན་འོད་ཀྱིས་ནི།། ནམཁར་འཁོར་ལོ་སྦྱང་བྱས་ཏེ།། ཡི་གེ་ཧཱུཾ་གི་རྣམ་པར་བསམ།། དེ་ཡོངས་སུ་གྱུར་ལས་སྐུ་མདོག་བསྒོམ།། དེ་དབུས ་ཤེས་རབ་རྣམ་པར་བསམ།། ཟླ་དབུས་སྟེང་དུ་ཧཱུཾ་ལས་ནི།། འཁོར་ལོ་རྩིབ་ལྡན་བསྒོམ་པར་བྱ།། དེར་ནི་ཡི་གེའི་རྣམ་པ་ནི།། མར་མེ་ལྟ་བུ་གསལ་དམིགས་ལ།། མཁའ་འགྲོ་མ་དང་། ་དབྱེར་མེད་བྱ།། རང་སྙིང་ས་བོན་ལས་བྱུང་བའོ།། གསང་སྔགས་སྟོང་ཕྲག་བཟླས་བྱས་ནས།། གསེར་སོགས་དྲིས་ནས་སླམ་གུ་ལ།། བཏགས་ན་འཇིགས་པ་བརྒྱད་ལས་སྐྱོབ།། ཐམས ་ཅད་དུ་ནི་བསྲུང་བར་དེས།། ཡུངས་དཀར་བ་ཡི་རྣམས་ལྔ་དང་།། དུར་བའི་སྙི་མར་བཅས་པ་ལ།། གསང་སྔགས་སྟོང་ཕྲག་བཟླས་ནས་ནི།། རྒན་མོ་མིང་མེད་སྤོར་བྱ་ཡིས།། ་གནས་གསུམ་ཐིག་ལེ་བྱས་བསྲུང་ན།། ཆེ་ནི་སྟོང་ཕྲག་དུ་མར་འཕེལ།། ཀུ་ཤ་བ་མར་ཡུངས་ཀར་ཏི་ལ།། གསང་སྔགས་སྟོང་ཕྲག་བཟླས་བྱས་ཏེ།། ཤིས་པར་གྱུར་པའི་ཉི་མ་ལ།། ་མཆོད་རྟེན་སྤྱི་བོར་གདགས་བྱས་ནས།། འགྲོ་བའི་ནང་རྣམས་འཆད་པར་འགྱུར།། ཁྲག་དང་ཁྲོ་ཚུར་བཅས་པ་ལ།། གསང་སྔགས་སྟོང་ཕྲག་གསུམ་བཟླས་ཏེ།། ཟླ་བ་གཟས་བཟུང ་དུས་སུ་ནི།། ཉེ་བསྙེན་རྫོགས་པར་བྱས་ནས་ནི།། རྫས་ནི་ཤིན་དུ་སྦ་བྱས་ཏེ།། ལྷ་ཚོགས་གནོད་པ་གང་དམིགས་པའི།། སྙིང་ཁར་སྔགས་ནི་བསྣུན་བྱས་ན།། གང་དམིགས་བགེགས་ནི ་རྣམ་པར་འཇིག། རས་བལ་གསར་པར་གྱུར་པ་ལ།། ཤེས་རབ་མཚན་ལྡན་ཁྲུས་བྱས་ཏེ།། ཤིས་པ་ཉི་མ་ལ་བཀལ་ནས།། བཅིངས་པའི་དྲས ་ཀྱིས་མད་བྱས་ཏེ།། སྟོང་ཕྲག་གཅིག་གི་སྔགས་བཟླས་ནས།། ལུས་སམ་མགུལ་ལམ་སྤྱི་བོར་གདགས།། དེས་ནི་ཆེ་ལོ་སྟོང་ཕྲག་ཐུབ།། ཡང་ན་རང་ལུས་རྣམ་བསྒྲིབས་ནས།། ཆུ་ཡི་ཆོག ་ཀྱིས་དགེ་བྱས་ཏེ།། ཉི་ཤུ་རྩ་གཅིག་དྲངས་ལྡན་པར།། གཟུངས་ཀྱི་ཕྲེང་བ་བརྗོད་བྱས་ནས།། གསེར་ཕྱག་ལག་ཏུ་མ་བླངས་ཤིང་།། བདེན་བྲལ་ཕྱི་རོལ་མ་སོང་བར།། གཞན་གྱི་འཇིགས་པ ་མ་གསལ་ཞིང་།། ཚེ་ལོ་བརྒྱ་ནི་རྩ་བརྒྱད་པར།། རིམས་ནད་ཙམ་ཡང་མི་གནོད་དོ།། གོས་དང་ཟས་དང་སྣོད་སྤད་དང་།། སྨན་ལ་སོགས་པའི་རྫས་རྣམས་ནི།། མི་འཁྲུག་རྒྱལ་པོའི་ཕྱག་རྒྱ། ་ཡིས།། བསྲུང་ན་ཅིས་ཀྱང་མི་ཤོད་དོ།། སྲེང་ཆེན་རྔམ་པའི་སྟབས་ཀྱིས་ནི།། འུག་པའི་སྒྲ་གསུམ་བརྗོད་བྱས་ན།། ཕྱི་རོལ་རིག་སྔགས་སྟོང་ཕྲག་ནི།། དུས་མ་མཆིས་ཀྱང་མི་ཚུགས་སོ།། ་ཀླུ་ཡི་དབང་པོ་གནས་ལུགས་ཀྱིས།། རྩེ་ཅིག་རྡོ་རྗེའི་ཕྱག་རྒྱ་བཅས།། དེ་ནས་གསང་སྔགས་གསུམ་བརྗོད་ན།། ནད་དང་གདོན་ལ་སོགས་པ་སེལ།། རི་བོང་ནུ་མའི་འཚམས་བྱས ་ནས།། ཧཱུཾ་གིས་མནན་པའི་སྔགས་ཀྱིས་ནི།། དམིགས་མེད་ཏིང་འཛིན་ཡིད་བརྟན་ཞིང་།། འདིས་ཀྱང་གནོད་པས་བསྲུང་འགྱུར།། ཕྱི་རོལ་སོགས་ཡང་ཀུན་སྤངས་ནས།། སྣང་བ་ཡིད་ཀྱིས ་བསླབ་བྱས་ཏེ།། མི་སྣང་བ་ལ་མངོན་དམིགས་ནས།། བསྲུང་བ་རྣམས་ཀྱི་དམ་པ་བཤད།། དེ་ནས་གཞན་ཡང་སྦྱོར་བ་བཤད།། དུར་ཁྲོད་ལ་སོགས་འཇིགས་གནས་སམ།། མཚོ་དང་མཆེའུ ་དགོན་གནས་དང་།། གནས་དང་བསྐྱེད་མོས་ཚལ་ཆེན་དང་།། མེ་ཏོག་ཚལ་ལམ་ཡུལ་འཁོར་ལྗོངས་དང་།། ཆུ་ཡིས་འགྲམ་འམ་ཤིང་གཅིག་གམ།། ཡང་ན་རང་གི་ཁྱིམ་ཉིད་དུ། ་མཎྜལ་ལེགས་པར་བྱུགས་ལ།། བརྟན་ནས་ལྷ་ཡི་སྦྱོར་བ་བསྒྲུབས།། རས་རིས་ལ་སོགས་མདུན་བྱས་ཏེ།། བདེ་བའི་སྟན་ལ་དཀྱིལ་དཀྲུང་གིས།། བསྡད་ནས་མཉམ་བཞག་བརྩམ ་པར་བྱ།། ཐ་མ་ལ་སྦྱངས་པའི་ལུས་ཀྱིས་ནི།། ཐར་པ་ཆེན་པོ་ཐོབ་པར་འགྱུར་ཏེ།། གཞན་དུ་དེ་ལྟར་མ་ཡིན་ནོ།། ས་གཞི་ཤིན་དུ་ཉམས་དགའ་ཞིང་།། ལེགས་པར་བཀོད་པའི་རིང ་ལ། ནགས་ཚལ་ཤིན་དུ་སྟུག་པ་ལ།། གསལ་བའི་ཆུ་རྒྱུན་འབབ་པའི་ཕྱོགས།། རྣམ་བཀོད་མེ་ཏོག་ཚལ་གསེབ་དུ།། ཤར་དུ་སྒོ་བསྟན་ཁང་པ་ལ།། སྔགས་བཞིས་འཚམས ་བཅིངས་ཆོ་ག་ཡིས།། གསལ་ཁུང་དང་བཅས་རྩིག་པའི་ཕྱོགས།། སྙན་པའི་བྱ་ཡིས་སྒྲ་སྒྲོགས་ཤིང་།། དྲི་ཞིམ་སྤོས་དང་ལྡན་པ་ལ།། དྲིལ་བུ་སིལ་སིལ་སྒྲ་སྙན་སྒྲོགས།། ལྔ་ལྡི ་གོས་ཀྱི་ཕྲེང་བས་དཀྲིས།། ལྷག་པའི་མད་འཛི་རྣམས་སྤངས་ནས།། སྤྱོད་པ་མཐུན་པའི་གྲོགས་དང་ནི།། བདེ་བར་བྱང་ཆུབ་བསྒྲུབ་པར་བྱ།། འོན་ཀྱང་གནས་དང་གྲོགས་ལེ་སོགས། ་རྣལ་འབྱོར་ཡིད་འཇུག་ཕྱིར་བརྩམ་ཏེ།། མཐའ་དག་སྤངས་པའི་ཕ་རོལ་ན།། ལྷག་པའི་བྱང་ཆུབ་མ་མཆིས་སོ།། བདེ་དང་སྡུག་སྔགས་སྣ་ཚོགས་རྣམས།། རང་གི་སེམས་ལས ་འབྱུང་མོད་ཀྱི།། སེམས་རྟོག་མ་ལུས་སྤངས་པ་ལས།། ངས་ནི་ཆོས་བཞིན་འགའ་མ་བཤད།། དེ་བས་སེམས་རྟོག་སྣ་ཚོགས་རྣམས།། སྤང་བར་བྱ་ཕྱིར་སྣ་ཚོགས་ཐབས།། སྔགས་དང ་ཕྱག་རྒྱ་ཏིང་འཛིན་དང་།། སྦྱོར་བ་རྒྱ་ཆེན་རྣམས་བཤད་དོ།། དྲག་པོ་བསྒྲུབ་པའི་ཐབས་འགའ་ནི།། རིག་པའི་ཁྲོ་མོས་མཉན་པར ་གྱིས།། ས་གཞི་བདུད་རྩི་ལྔ་ཡིས་བྱུགས།། མེ་ཡི་དཀྱིལ་འཁོར་ས་བོན་བཅས།། དུར་ཁྲོད་ཕ་གུས་བྲི་བར་བྱ།། དེར་ནི་ཕོ་མོ་ཐོད་པ་ལ།། ཕྱི་རོལ་དམར་ནག་མཚོན་གྱིས ་བྱུགས།། ནང་དུ་སྣ་ཚོགས་རྡོ་རྗེ་ནི།། མུ་ཁྱུད་གསུམ་ལྡན་བྲི་བར་བྱ།། དབུས་སུ་རྡོ་རྗེ་མཁའ་འགྲོ་མའི།། སྙིང་པོ་སྔགས་བཅས་བྲི་བར་བྱ།། རྡོ་རྗེའི་རྭ་ནི་ཐམས་ཅད་ལ། ་ཧཱུ~ཾ་བྲི་མུ་ཁྱུད་གཉིས་ཕྲེང་སྔགས།། གསུམ་པར་ཁྲོ་བོའི་སྔགས་བྲིའོ།། ཐོད་པ་ཁ་སྦྱོར་ནང་དུ་ནི།། སྐེ་ཚེ་ཡུངས་ཀར་བཙན་དུག་དང་།། ལན་ཚྭ་ཁྲག་དང་ཤ་ཆེན་དང་། རྐང་རྗེས ་ས་ལ་སོགས་པ་བླུགས།། གཅེར་བུ་རྣལ་འབྱོར་སྐྲ་བཤིག་ནས།། ལྷ་ཡི་སྦྱོར་ལྡན་ལྷོར་བལྟས་ན།། ཞབས་ཀྱི་ཐོད་པའི་འཁོར་ལོ་ནི།། མནན་ཏེ་སྔགས་ཕྲེང་བརྗོད་པར་བྱ།། ་ཁྲོ་བོའི་ཆེན་པོའི་སྦྱོར་བ་ཡིས།། མཉམ་བཞག་ནས་ནི་སྟོང་ཕྲག་དགུ།། བཟླས་ལ་མཚན་ཕྱེད་པར་བྱས་ན།། བསད་པ་ཉིད་ལ་ཐེ་ཚོམ་མེད།། དུར་ཁྲོད་རས་ལ་འཁོར་ལོ་ནི། ་དབུས་སྲ་མེ་ཡི་དཀྱིལ་འཁོར་ཅན།། རྩིབས་བརྒྱད་མུ་ཁྱུད་གསུམ་ལྡན་པ།། དབུས་སུ་སྙིང་པོའི་སྔགས་རྣམས་ལ།། ཧཱུཾ་གཉིས་བར་དུ་བསྒྲུབ་བྱའི་མིང་།། བསད་པ་ཉིད་དང ་ལྡན་པར་བྱ།། མུ་ཁྱུད་གཉིས་པའི་ཕྲེང་སྔགས་ཀྱང་།། མིང་ཡང་བསད་པར་ལྡན་པའོ།། གསུམ་པ་ཁྲོ་བོའི་སྔགས་བྲིས་ཏེ།། འཁོར་ལོ་མཆོད་ཅིང་བྱིན་བརླབས་ནས།། དགྲ ་གཟུགས་སོར་བརྒྱང་སྙིང་ཁར་བཞུག། དེ་ཉིད་ཏི་ལ་མར་གྱིས་བྱུགསྟེ།། ཟོད་པ་གཉིས་ཀྱི་འཁོར་ལོ་ཡི།། བར་དུ་བཅུག་ནས་མེ་སྟེང་གཞག། སེང་ལྡེང་ཕུར་པ་སོར་བརྒྱད་པ།། ་མཉམ་བཞག་སྦྱོར་བས་སྔགས་དེ་གདབ།། བསད་པའི་སྦྱོར་བ་འདི་ཉིད་གྱིས།། ཤི་བར་འགྱུར་ལ་གཞན་དུ་མིན།། ཡང་ན་བྱང་ཆུབ་ཡན་ལག་ལས།། དུར་ཁྲོད་ཁྲག་གིས་འ ་ལོ་བྲི།། གྲུ་གསུམ་བརྩེགས་པའི་གཟུགས་བྲིས་ཏེ།། དབུས་སུ་དགྲ་མིང་བསང་སྔགས་བཅས།། རྩིབས་ལ་བཅུ་གཉིས་བར་དུ་ནི།། མིང་དང་བསད་པ་བཅས་པ་བྲི།། མུ་ཁྱུད་དང ་པོའི་སྔགས་ཕྲེང་ཡང་།། རྒྱལ་བའི་ཡན་ལག་ལྗིན་པ་བྲི།། སྤྲ་ཚི་ལ་གཟུགས་བརྙན་སོར་བརྒྱད་པའི།། སྙིང་ཁར་བཅུག་ནས་སྐྲ་ཡིས་དཀྲི།། རྣལ་འབྱོར་པ་ཡི་ཉལ་བའི་ཞབས།། ་མགོ་བོ་ལྷོར་བསྟན་བཞག་པར་བྱ།། ཆུ་ཤེལ་མ་མཐོང་བར་དུ་ནི།། ཉི་ཤུ་རྩ་གཅིག་སྔགས་བརྗོད་ནས།། མི་ཡི་རྡོ་རྗེ་དར་གྱིས་བརྒྱན།། སྡང་བྱེད་ས་སྟེང་འདིར་མི་གནས། ་ཀླུའི་གནས་སུ་གྲགས་པ་འམ།། ཆུ་ཡི་རྫིང་ལ་སོགས་འགྲམ་དུ།། དཀྱིལ་འཁོར་བ་ཡི་རྣམ་ལྔས་བྱུགས།། པདྨ་དམར་པོའི་རི་མོ་ལ།། ལྟེ་བ་རྡོ་རྗེ་མཁའ་འགྲོ་མ།། གསེར ་གྱི་མདོག་ཅན་ཐལ་མོ་སྦྱར།། ཀླུ་ཡི་གདེངས་ཀ་བདུན་ལྡན་པ།། ཟླ་བའི་དཀྱིལ་འཁོར་སྟེང་གནས་པ།། ཤིན་དུ་བལྟས་པས་གནས་པར་བྱ།། དགའ་བོ་ཉེར་དགའ་འཇོག ་པོ་དང་།། མཐའ་ཡས་དུད་སྐྱོང་རིགས་ལྡན་གཟུགས།། པད་མ་པད་ཚན་རྣམས་བྱས་ཏེ།། དཀར་དང་སེར་དང་ལྡང་བ་དང་།། དམར་དང་ལྗང་སྐྱ་སྔོ་སྐྱ་དང་།། དམར་སེར་ལྗང་སྟེ ་འཛུམ་པའི་གཟུགས།། གཙོ་བོ་ལ་ཐལ་མོ་སྦྱར་བཏུད་ནས།། རྒྱུ་སྐར་ཕྲེང་བ་དང་ལྡན་གནས།། འོ་མ་འབྲས་ཅན་འཁལ་ཀོ་ཤ། པུས་ཀ ་ཙི་ཏི་ལ་སོགས་སྨན།། ཁུ་བ་ཚོགས་བུ་དང་བཅས་པ།། རིན་ཆེན་སྣོད་དུ་དགྲམ་པར་བྱ།། གཟའ་དང་རྒྱུ་སྐར་རྣམས་དགའ་ཞིང་།། ཀླུ་རྣམས་བདེ་བའི་སེམས་ཐོབ་ཤོག། ལྷ་རྣས ་ཡིད་ནི་མཉམ་བཞག་ནས།། སྙིང་རྗེའི་བློ་ཆེན་སྐྱེ་བར་ཤོག། ལྷ་ཀླུ་གནོད་སྦྱིན་དྲི་ཟ་སོགས།། བྱང་ཆུབ་སེམས་ཆེན་དང་ལྡན་ནས།། ཐུགས་རྗེ་ཉེ་བར་དགོངས་ནས་ཀྱང་། ་དུས་སུ་ཆར་ཆེན་འབེབས་པར་ཤོག། སྨོན་ལམ་དེ་ཡི་རྗེསུ་ནི།། གཟུགས་ཀྱི་ཕྲེང་བ་བརྒྱ་དང་བརྒྱད།། བརྗོད་པའི་དེ་མ་ཐག་ཏུ་ནི།། ཆར་གྱི་རྒྱུན་ཡང་འབབ་པར་འགྱུར།། གལ ་ཏེ་ཅུང་ཟད་མི་འབེབས་ནི།། མེ་ལ་སྡིགས་པ་ཙམ་གྱིས་ནི།། གློག་གི་ཕྲེང་བ་གཏོང་བྱེད་ན།། ཆར་ཆེན་འབེབས་ལ་ཐེ་ཚོམ་མེད།། ཝ་ཡི་ཁྲག་གིས་འགྲོ་བ་ལ།། གོང་གི ་འཁོར་ལོ་བསྐྲད་པ་ཡི།། ཐབས་དང་ལྡན་པས་བྲིས་བྱས་ནས།། དུར་ཁྲོངས་ལས་བྱས་པ་ཡི།། རྔ་མོའི་སྙིང་ཁྲག་བཅུ་ག་ནས་ཀྱང་།། རྐང་པ་གཡོན་པས་མནན་ནས་ནི།། ་ལྷོར་བལྟས་བཀའི་སྦྱོར་བ་ཡིས།། གསང་སྔགས་ཁྲི་ཕྲག་གཅིག་བརྗོད་ན།། བསྐྲད་པ་ཉིད་ལ་ཐེ་ཚོམ་མེད།། སྦྲུལ་དང་སྲེ་མོའི་ཁྲག་གིས་ནི།། རྟ་དང་མ་ཧེའི་ལྤགས་པ་ལ། ་མཉམ་དུ་གཉིས་ཀྱི་གཟུགས་བྲིས་ཏེ།། དབྱེ་བའི་སྔགས་དང་བཅས་པ་ཡི།། འཁོར་ལོ་ཐོད་པའི་གཟུགས་བྲིས་ལ།། ལྤགས་པ་གཉིས་ཀྱིས་དཀྲིས་བྱས་ནས།། ཟླ་གམ་བྱེ། ་བྲག་དཀྱིལ་འཁོར་ལ།། བརྟེན་པས་དབྱེ་བའི་སྦྱོར་བ་རྫོགས།། མཚལ་དང་ཙན་དན་ག་པུར་བསྲེ།། ཟླ་གས་དབྱིབས་ཀྱི་དཀྱིལ་འཁོར་ལ།། སྙིང་པོ་དབང་གི་སྦྱོར་བར་བྱས།། ་ནུབ་དུ་བལྟས་ནས་བསླབ་པ་ཡིས།། ལྷ་ཡི་དབང་པོ་དབང་དུ་འགྱུར།། རྒྱུའི་ཁྱབ་པར་སྦྱོར་བའོ།། དྲི་ཡི་རྒྱལ་པོ་སྣ་ཚོགས་ཀྱིས།། ཤིང་གི་ལོ་མ་དཀར་པོ་ལ།། རྡོ་རྗེརྒྱུ ་གྲམ་གཉིས་བརྩེགས་ཀྱིས།། ཕྱོགས་ཀྱི་རྔ་རྣམས་ཧཱུཾ་གྱིས་སྤྲས།། མཚམས་ཀྱི་རྔ་རྣམས་དབུ་མ་ལ།། ཧཱུཾ་བྲི་རརཱ་ཡི་ཡན་ལག་ལ།། ཕཊ་ནི་ཕྱིར་ལ་བལྟས་པ་བྲི།། རྒྱ་ཆེན ་གསོལ་བ་གདབ་པར་བྱ།། གོས་བཟངས་སམ་ནི་སྐགས་ཤིང་དུ།། བཅུག་ནས་རྒྱལ་མཚན་རྩེར་བཏགས་ན།། རླུང་དང་ཐོག་དང་སེར་བ་གཅོད།། དམན་པ་རྣམས་དང་འབྲེལ ་བ་ཡང་།། ཐལ་བ་ཆུ་དང་ཡུངས་ཀར་ལ།། སྔགས་ཀྱི་ཕྲེང་བ་བཟླས་བྱས་ཏེ།། སྤྲིན་ལ་སོགས་པ་འཁྲུགས་པའི་ཆེ།། གཏོར་མ་བཙཾ་གྱིས་འཆད་པར་འགྱུར།། འབྲུ་མར་ལུངས ་ཀར་སེར་པོ་ལ།། སྔགས་ནས་ལུས་ལ་བྱུགས་ཙམ་གྱིས།། ཕྲན་ཚེ་ནད་རྣམས་ཐམས་ཅད་ལས།། མ་ཧེ་བཞིན་དུ་བསྟན་པར་བྱེད།། འཕགས་མ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་འཁྲུལ ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། སྦྱིན་བསྲེག་ཐབས་ཀྱི་སྦྱོར་བ་ཡི།། དངོས་གྲུབ་ཐམས ་དམྱུར་བྱེད་དེ།། སྣ་ཚོགས་ལྷ་མོས་མཉན་པར་བྱོས།། སེར་སྣའི་སྤངས་ཤིང་གཡོ་སྒྱུ་མེད།། དུལ་ལ་དཔལ་བརྟུལ་བཟོད་པ་ཆེ།། མཁས་ཤིང་རིག་ལ་བརྩོན་འགྲུས་བཟང་། ་སྔགས་ལ་མཁས་པས་སྦྱིན་བསྲེག་བརྩམ།། ཐབ་ནི་ཚུ་སོར་ཆད་ལ།། ཕྱེད་བརྐོས་ཁ་ཕྱིར་རྡོ་རྗེ་ནི།། རྩེ་གསུམ་དུར་ཁྲོད་མཚོན་གྱིས ་བྲི།། ཕྱི་རོལ་ཕྱག་རྒྱ་རྣམ་བཀོད་ནས།། དྲི་ཞིམ་མེ་ཏོག་བཅལ་དུ་བཀྲམ།། དེར་ནི་མཆོད་ཅིང་བསྲེག་པའི་རྫས།། ཚོགས་ནས་རྫས་རྣམས་གསང་གཏོར་བྱ།། བོང་བུ་རྔ་མོའི་རིལམ་དང་། ་གསལ་ཤིང་ཆེར་བཅས་ཤིང་ལ་མེ།། ས་བོན་ལས་སྐྱེས་སྦར་བར་བྱ།། དེར་ནི་རྡོ་རྗེ་ལུ་གུ་རྒྱུད།། བསྐྱེད་པའི་ཆོ་ག་རྫོགས་བྱས་ནས།། མཆོད་བསྟོད་བྱས་ནས་དེ་རྗེས་སུ།། སྐེ་ཚེ་ཡུས ་ཀར་བཅན་དུག་དང་།། རུས་ཕྱེ་ཤ་ཆེན་ཏིལ་ནག་པོ།། དང་བཅས་སྦྱིན་བསྲེག་སྟོང་ཕྲག་གཅིག། ཕྲེང་བའི་སྔགས་ཀྱིས་སྦྱོར་བ་བྱ།། ཐོག་མ་ཐ་མར་མར་ཆེན་དང་།། ཏིལ་མར་བརྒྱ ་ཕྲག་རེ་རེ་སྦྱིན།། སྦྱོར་བཅས་སྦྱིན་བསྲེག་རྫོགས་པ་དང་།། ཞག་བདུན་གྱིས་ནི་བསྒྲུབ་བྱ་དེ།། ཤི་བར་འགྱུར་ལ་ཐེ་ཚོམ་མེད།། གླང་ཤ་སྦལ་ཤ་སྲི་ཡང་ཀུ།། སྦྱིན་བསྲེག་སྟོང་གིས ་བསྒྲུབ་བྱ་ཞིང་།། བ་བླ་ལྡོང་རོས་རུ་རྟ་དང་།། ལིངྒ་གླང་པོ་བསེ་ཤར་བཅས།། སེར་པོར་བྱས་ལ་སྟོང་ཕྲག་ནི།། གཅིག་གིས་འཕྲལ་དུ་རེངས་པར་བྱེད།། སྦྲུལ་རྟ་ནེའུ་ལེ་མ་ཧེའི་ཤ། ་བྱ་རེག་འུག་ཤ་སྟོང་ཕྲག་གཅིག། བསྲེགས་པས་བསྒྲུབ་བྱ་འབྱེ་བར་ངེས།། དྲའོ་འབྲས་བུར་ཤ་ཁྲག། སྟོང་ཕྲག་གཅིག་གིས་ལྐུགས་པར་བྱེད།། རྔ་མོ་བྱེ་རག་རྒན་པོའི་ཤ།། ས ་ལུ་དམར་ཏིལ་དཀར་པོ་དང་།། ཡུངས་ཀར་སེར་པོ་ལ་སོགས་པ།། སྟོང་དུ་བསྲེགས་པས་བསྐྱོད་པར་བྱེད།། འབྲུ་ལྔ་སྨད་འཚོང་རང་བྱུང་གིས།། ནམ་ཕྱེད་ནུབ་དུ་ཁ་བལྟས་དབྱུག ་མེ་ཏོག་པད་མ་བཅས་པ་ཡི།། ཁ་དོག་དམར་དང་ལྡན་པ་ཡིས།། འོད་ཟེར་དམར་ལྡན་སྟོང་ཕྲག་གིས།། ངེས་པར་འགུག་དང་དབང་དུ་འགྱུར།། ཏིལ་བཅས་མར་གྱི་སྦྱིན་བསྲེག་ནི།། ་སྟོང་ཕྲག་བྱས་ན་སྡིག་པ་བྱང་།། མར་དང་དུར་བ་ཙན་དན་བཅས།། སྦྱིན་བསྲེག་སྟོང་གིས་ཚེ་འཕེལ་འགྱུར།། ཀུ་ཤ་བྱང་ཆུབ་ཤིང་འབྲས་བུ།། ཡུངས་དཀར་དཀར་པོ་ལན་ཚྭ་ཡི།། ་སྟོང་སྲེགས་འགོ་བའི་ནད་རྣམས་འཆད།། ཡུངས་དཀར་ཤ་ཆེན་ཕྱེ་མ་དང་།། དུར་ཁྲོད་ཐལ་བ་དག་སྣ་ཚོགས།། ཁྲོ་ཆུ་མའི་སྦྱིན་བསྲེག་སྟོང་།། ཁྲོས་པས་བྱས་ན་ལྷ་ཚོགས་འཇིག། ཨུད ་པལ་དམར་དང་ཡང་ན་དཀར།། གུར་གུམ་བཟང་པོའི་སྦྱིན་བསྲེག་གིས།། སྟོང་རྩ་བརྒྱད་ཙམ་བསྲེགས་བྱས་པས།། རིགས་ལྡན་བུ་མོ་དབང་དུ་འགྱུར།། ཨ་རུ་ར་དང་ཡུངས་ཀར་དང་། ་བ་ཡི་འོ་མ་སྟོང་བསྲེགས་ན།། རྣམ་ཐོས་རྒྱལ་པོའི་གཏེར་ཙམ་གྱིས།། ལོངས་སྤྱོད་ཆེན་པོ་འཐོབ་པར་བྱེད།། ཨོཾ་རཀྵ་རཀྵ་ཀུ་རུ་ཨོཾ།། བསྲུང་བའི་སྔགསོ།། ཨོཾ་ཤན་ཏི་ཀུ་རུ་ཨོཾ།། ་ཐམས་ཅད་ཞི་བའི་སྔགསོ།། ཧ་ཝ་ཤཾ་ཀུ་རུ་སྭཱ་ཧཱ། མཐའ་དག་དབང་དུ་བྱ་བའོ།། ས་པུས་ཏི་ཀུ་རུ་སྭཱ་ཧཱ། ཐམས་ཅད་དུ་རྒྱས་པར་བྱེད་པའི་སྔགསོ།། ཕཊ་ཧཱུཾ་མཱ་ར་ཡ་མཱ་ར་ཡ་ཧཱུཾ་ཕཊ། ་གསོད་པའི་སྔག་སོ།། བཾ་བི་དེ་ཤ་ཡ་བཾ།། དབྱེ་བར་བྱེད་པའི་སྔགསོ།། ཨུ་ཨུ་ཙེ་ད་ཡ་ཨུཾ། བསྐྲད་པར་བྱེད་པའི་སྔག་སོ།། ལཾ་སྟཾ་བ་ཡ་སྟཾ་བ་ཡ་ལཱཾ། རེངས་པར་བྱེད་པའི་སྔགསོ།། ་རཾ་ཛ་ར་ཛ་ར་རཾ། རིམས་བསྐྱེད་པའི་སྔགས་སོ།། ཛ་ཨཱ་ཀར་ཥ་ཡ་ཧྲི་ཛ། དགུག་པའི་སྔག་སོ།། ཨོཾ་པ་རི་ཤ་པ་ཏ་ཡ་པ་ཏ་ཡ་ཨོཾ།། ཆར་པ་དབབ་པའི་སྔགསོ།། ལཾ་ཤ་ལཾ་བྷི་སྟེ་བྷ་ཡ་ལཾ། ་སེར་བ་བཅད་པའི་སྔག་སོ།། ཛེ་ཛེ་ཏེ་ཡ་ཛེ་ཏེ་ཡ་ཛེ། ཞ་བར་བྱེད་པའི་སྔག་སོ།། ཧཱུཾ་ཡར་ཡཉྩ། མནུ་ཏ་ནཱ་སྭེན་སིན་དྷ། བིན་དྷ་བིནཿ། ་བྷན་དྷ་བྷན་དྷ། ཞེས་པ་ནི་ཐམས་ཅད་དུ་རིག་སྔགས་གཅོད་པར་བྱེད་པའི་སྔག་སོ།། རིག་པའི་རྒྱལ་པོ་བླ་མེད་ནི།། གསང་ཆེན་ལས་ནི་འབྱུང་བར་འགྱུར།། གསེང་ཆེན་རྒྱུད་འདི་ངོ་མམར་ཏེ།། ་རྨད་བྱུང་བས་ཆེ་མེད་དུ་བྱུང་།། བསྟན་པའི་སྙིང་པོ་གསང་ཆེན་འདི།། གསང་བའི་དེ་མ་ཐག་ཏུ་ནི།། ཕྱོགས་བཅུའི་རིག་སྔགས་འཆང་བ་རྣམས།། ངོ་མཚར་བསྐྱེད་ནས་ཐལ་མོ་སྦྱར།། བདེ་བའི ་སྙིང་པོ་ཤིན་དུ་ལེགས།། ལེག་སོ་ལེགས་སོ་རྡོ་རྗེ་འཛིན།། གང་ལ་བདེ་བསྐྱེད་དཔལ་ཐོབ་བྱེད།། བདག་ཅག་རྣམས་ལ་ཐུགས་རྗེ་ཡིས།། རྒྱུད་ཀྱི་སྙིང་པོ་འདི་བཤད་པ།། རྗེ་ཆེན་ལེགས་སོ ་མཚར་ཆེ།། འཕགས་པ་རྡོ་རྗེ་ལུགུ་རྒྱུད་ཀྱིས་རྟོག་པ་ལས་སྦྱིན་བསྲེག་གི་ལེའུ་སྟེ་བཞི་པའོ།། ། འཕགས་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་རྟོག་པ་དབུ་རྒྱན་ནས་བྱུང་བ ་རྫོགས་སྷོ།། ། པཎྜི་ཏ་ཨ་ཏུ་ལ་དྷ་ས་བཛྲ་ལ་ཞུས་ནས།། བོད་ཀྱི་ལོ་ཙཱ་བ་མར་པ་ཆོས་ཀྱི་དབང་ཕྱུག་གྲགས་པས་བསྒྱུར་བའོ།། ། ་