CLOSE WINDOW

F630: de bzhin gshegs pa thams cad kyi gtsug gtor rnam par rgyal ba zhes bya ba'i gzungs rtog pa dang bcas pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏོ་ཨུཥྞཱི་ཥ་ཤཾ་བི་ཛ་ཡ་ན་མ་དྷ་ར་ནི་ཀལ་བས་ཧི་ཏ། བོད་སྐད་དུ། དེ་བཞིན་གཤེགས། ་པ་ཐམས་ཅད་ཀྱི། གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བདེ་བ ་ཅན་གྱི་ཆོས་ཡང་དག་པར་སྡུད་པའི་ཕུག། ཁང་བཟང་མཆོག་ན་ཉེ་བར་བཞུགས་སོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་ལ་བཀའ་སྩལ་པ། རིགས་ཀྱི་བུ་སྡུག་བསྔལ་ནད་ཀྱིས་གཟིར་བའི་སེམས་ཅན་ཆེ་འཐུང་བ་ཡོད་དེ། དེ་རྣམས་ཀྱི་ཕྱིར་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། ཀུན ་ཏུ་གཟིགས་པའི་དཔལ་གྱི་མཚན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་འཆང་བ་དང་། གློག་པ་དང་། གཞན་ལ་རྒྱ ་ཆེར་ཡང་དག་པར་སྟོན་པ་ན་ཚེ་རིང་བ་བསྒྲུབ་པར་བྱེད་པའི་ཆེད་དུའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས ་ལངས་ཏེ་ཐལ་མོ་སྦྱར་བར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བསྟན་དུ་གསོལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག ་གཏོར་རྣམ་པར་རྒྱལ་ཞེས་བྱ་བའི་གཟུངས་བདེ་བར་གཤེགས་པས་བསྟན་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་ཉེ་བར ་གཟིགས་ཏེ། ཀུན་དུ་གཟིགས་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པས་ཞུགས་ནས་དེ་བཞིན་གཤེགས་པ་ཐོས ་ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཀའ་སྩལ་པ།། ། ཨོཾ་ན་མོ་བྷེ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤི་ཥཱ་ཡ་བྷུད་དྷ་ཡ་ཏེ་ན་མཿཏདྱ་ཐཱ། ་ཨོཾ་བྷཱུབྷཱ་བྷྱཱཾ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བཱི་དྷ་ཡ། ཨ་ས་མ་ས་མནྟ་བྷ་ཨ་བྷ་བ་ཥ་སྭ་ར་ཎ་ག་ཏི། ག་ག་ན་ས་བྷ་ཝ་བི་ཤུད་དྷེ། ཨ་བྷི་ཤིཉྫནྟ་མ། སརྦ་ཏ་ཐཱ་ག་ཏ་སུ་ག་ཏ ་བ་ར་པ་ཙི་ན་ཨ་མྲི་ཏ་ཨ་བི་ཥེ་ཀཻར། མ་ཧཱ་མུ་དྲཱ་མ་བྷ་པ་དྭཻ། ཨ་ཧ་ར་ཨ་ར། མ་མ་ཨ་ཡུར་ས་དྷ་ར་ནི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་ས་བྷ་བ་བི ་ཤུད་དྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ས་ཧེ་པྲ་ར་སྨཻ་སོ་ཙི་དི་ཏེ། སརྦ་ཏ་ཐཱ་ག་ཏཱ་ཨ་བ་ལོ་ཀི་ཏེ། ཥ་ཊ་པཱ་ར་མི་ཏི་པཱ་རི་པུ་ར་ཎི། སརྦ་ཏ་ཐཱ་ག་ཏ་མ་ཏེ། ད་ཤ་བྷུ་མི་པྲ་ཏིཥྛི ་ཏེ། སརྦ་ཏ་ཐཱ་ག་ཏཱ་ཧྲིད་ཡ། ཨ་དྷི་ཥན་ཨ་དྷིཥྛི་ཏེ། མུ་དྲེ་སུ་དྲེ་མ་ཧཱ་སུ་དྲེ། བཛྲ་ཀ་ལ་ཡ་སཾ་ཧ་ཏ་ན་པ་རི་ཤུད་དྷེ། སརྦ་ཀརྨ་ཨ་པ་རཱ་ཎབི་ཤུད་དྷེ། པྲ་ཏི་ནི་བརྟ་ཡ། མམ ་ཨ་ཡུར་བི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏཱ་ས་མ་ཡ། ཨ་དྷིཥྛ་ན་ཨ་དྷིཥྛི་ཏེ། ཨོཾ་སུ་ནེ་མུ་ནེ་མ་ཧཱ་སུ་ནེ། བི་མུ་ནེ་བི་མུ་ནེ་མ་ཧཱ་བི་མུ་ནེ། མཻ་ཏི་མ་ཏི་སུམ་ཏི། མེ་ཏི་ས་ཏཾ་མ་ཧཱ ་མ་ཏི། ཏ་ཐཱ་ཏཱ་བྷཱུ་ཏ་ཀོ་ཏི་པ་རི་ཤུད་དྷེ། བི་སཱུཊ་བྷུད་དྷི་ཤུད་དྷེ། ཧེ་ཧེ། ཛ་ཡ་ཛ་ཡ། བེཛ་ཡ་བི་ཛ་ཡ། སླར་སྭ་ར། སྭ་ར་སྭ་ར་སྭ་ར་ཡ་སྥ་ར་ཡ། སརྦ་བཱཿ ་ཨངྒི་ཥྛ་ན་ཨ་དྷིཥྛི་ཏེ། ཤུད་དྷེ་ཤུད་དྷེ། བྷུང་དྷེ་བྷུད་དྷེ། བཛྲེ་བཛྲེ་མ་ཧཱ་བཛྲ། སུ་བཛྲེ། བཛྲ་གྷདྡྷེ། བིཛ་ཡ་གདྡྷེ། བཛྲ་ཛྭ་ལ་གརྦྷེ། བཛོད་བྷ་གེ། བཛྲ་སྟེ་ཧེ། ་བཛྲ་བཛྲེ་ནེ། བཛྲ་སྠཱ་བན་ཏུ། མ་མ་ཤ་རི་རཾ། སརྦ་ས་ཏ་ནཉྩ། ཀ་ཡ་པ་རི་ཤུད་དྷིནྟ་བྷཱ་ཏུ། སད་མེ་སརྦ་ག་ཏི། པ་རི་ཤུད་དྷེ་ཤྩ། སརྦ་ཏ་ཐཱ་ག་ཏ་ཤྭ་མཾ་ས་མ་ཡམ་སྭཱས ་ཡན?། བུདྷྱ་བུ་དྷཱ། སིད་དྷྱ་སིདྷཱ། བྷོ་དྷ་ཡ་བྷོ་དྷ་ཡ། བི་བོ་དྷ་ཡ་བྲི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ་ས་མཾནཱ་མྦོ་ཙ་ཡ་མོ་ཡ། ས་མནྟ་ར་སྨཻ་པ་རི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། ཨ་དྷིཥཱ་ན་ཨ་དྷིཥཱི་ཏེ། མུ་དྲེ་མུ་དྲེ་མ་ཧཱ་མུ་དྲེ། མ་ཧཱ་མུ་དྲ་མནྟ་བ་དེ་སྭཱ་ཧཱ། ་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་མའི་གཟུངས་འདི་ནི། འཆི་བདག་ཆེན་པོའི་དབྱུག་པ་འཛིན་པ་སྟེ། དག་བྱེ་སྡིག་པ་འཇོམས ་པར་བྱེད་པ་འདི། གྲོ་ག་འམ་གཞན་ཞིག་ལ་བྲིས་ཏེ་མཆོད་རྟེན་གྱི་ནང་དུ་གཞག་ལ། རབ་དུ་རྒྱ་ཆེ་བའི་མཆོད་པ་ཇི་ལྟ་བྱོར་པས་མཆོད་བསྐོར་བ་སྟོང་ཕྲག་བརྒྱ་བྱས་ན། མཆོ། ་གི་ཚེ་དང་བློ་རྣོ་བ་སྦྱིན་པ་བྱེད་པར་འགྱུར་རོ།། དེ་ལྟར་བྱས་པས་ཞག་བདུན་པའི་ཚེ་ནི་ལོ་བདུན་ཐུབ་པོ།། ལོ་བདུན་པའི་ཚེ་ནི་བདུན་བཅུ་ཐུབ་པོ།། དེ་ལྟར་མཆོག་གི་ཚེ་ཐོབ ་དྲན་པ་དང་ལྡན་པ་དང་། ནད་མེད་པ་དང་། སྐྱེ་བ་དྲན་པར་འགྱུར་རོ།། མཆོད་རྟེན་ལ་བཞུགསུ་གསོལ་ནས་མགོ་བོ་ལ་བཅིངས་ན། ནད་ཆེན་པོ་ལས་གྲོལ་ལོ།། གོས ་། སམ་ཤིང་ཤུན་ལ་གྷི་ཝཾ་གིས་རང་གི་མིང་དང་བཅས་པའི་གཟུགས་བྲིས་ཏེ། ཙན་དྷན་གྱི་རང་བཞིན་གྱི་མཆོད་རྟེན་ལ་བཞུགས་སུ་གསོལ ་ཏེ་རང་གི་ཁྱིམ་དུ་བཞུག་ལ་རྒྱ་ཆེ་བ་སྟོང་གི་མཆོད་ཅིང་ཟླ་བ་རེ་རེ་ཞིང་བརྒྱ་ཕྲག་བརྒྱད་ཀྱི་བཟླས་པ་མཆོད་པའི་ཆོ་ག་བྱས་ན་ནད་ལས་གྲོལ་ཞིང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ།། མེད ་ན་འདམ་པའི་རང་བཞིན་ལ་ཡང་བྱའོ།། ཡང་གོས་གཙང་མ་ལ་སྣ་ཚོགས་རྡོ་རྗེ་ལ་གནས་པའི་མཆོད་རྟེན་བྲིས་ལ། རྡོ་རྗེ་ཕྲེང་བས་བསྐོར་བར་བརྒྱན་པའི་དེའི་ནང་དུ་མིང་དང ་བཅས་པའི་གཟུངས་ཀྱི་ཚིག་འདི་གི་ཝཾ་གིས་བྲིས་པ་ཁམ་པོར་ཁ་སྦྱར་གྱི་ནང་དུ་བཞུགས་སུ་གསོལ་ལ། རང་གི་ཁྱིམ་དུ་བཞག་སྟེ་མཆོད་པ་རྒྱ་ཆེན་པོས་མཆོད་པ་བྱས་ན་རྟག་ཏུ ་བསྲུང་བར་འགྱུར་རོ།། གཞན་ཆོ་ག་ནི་ས་ལ་མ་ལྷུང་བའི་ལྕི་བས་མཎྜལ་གྲུ་བཞི་བྱས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ། འཚམས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ། ་ཨ་ཀ་རུ་དང་དུ་རུ་སྐའི་བདུག་པ་བྱས་ལ། དེ་བཞིན་དུ་དྲི་ཆུས་བཀང་བའི་སྣོད་མེ་ཏོག་དཀར་པོས་བརྒྱན་པའི་གཟུངས་ཀྱི་སྙིང་པོ་ཅན་གྱི་མཆོད་རྟེན་ནམ་སྐུ་གཟུགས་བཞུགས ་སུ་གསོལ་ལ། དེ་ལ་གཡོན་པའི་ལག་པས་རེག་སྟེ། གཡས་པའི་ལག་པས་ཕྲེང་བ་འཛིན་པས་ཉི་མ་རེ་རེ་བཞིན་ཉི་ཤུ་རྩ་གཅིག་དུ་དུས་གསུམ་དུ་བཟླས་པ་བྱས་ལ། ་དེའི་ཆུ་ཁྱོར་བ་གསུམ་འཐུངས་ན་ནད་མེད་པ་དང་། ཚེ་རིང་བ་དང་། དགྲ་ཡོངསུ་ཉམས་པ་དང་། འཛིན་བློ་རྣོ་བ་དང་། ངག་བཙུན་པར་འགྱུར་རོ།། སྐྱེ་བ་དང་སྐྱེ་བ་དྲན་པར ་འགྱུར་རོ།། དེའི་ཆུས་ཁང་པ་དང་ཕྱུགས་ཀྱི་ར་བ་འམ། རྟའི་ར་བ་དང་། རྒྱལ་པོའི་ཁབ་ཏུ་གཏོར་ན་རྐུན་མ་དང་སྦྲུལ་དང་གནོད་སྦྱིན་དང་སྲིན་པོ་ལ་སོགས་པའི་འཇིགས་པ་མི ་འབྱུང་ཞིང་ནད་ཀྱིས་ཡོངསུ་གདུངས་པར་མི་འགྱུར་རོ།། མགོ་བོ་ལ་གཏོར་ན་དེ་ནད་དེ་ལས་གྲོལ་བར་འགྱུར་རོ།། དེ་ལྟར་ཚེ་དཔག་ཏུ་མེད་པའི་ཕན་ཡོན་ཆེན་པོའི་གཟུངས་འདི ་གང་དང་གང་དུ་རབ་ཏུ་སྦྱར་ན་དེ་དང་དེ་རུ་ཞི་བར་ཆེན་པོར་འགྱུར་རོ།། སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་འཆོས་ན་ནད་མེད་པ་དང་བློ་རྣོ་བ་ཆེ་རིང་བར་འགྱུར་རོ།། ཆུ་ཁྱོར ་བ་གསུམ་ལ་གསུམ་དུ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ནས་འཐུངས་ན་ནད་ཐམས་ཅད་ལས་གྲོལ་ཞིང་ཡུན་རིང་དུ་འཚོ་བར་འགྱུར་རོ།། གཞན་ཡང་བྱང་ཆུབ་སེམས་དཔའ ་སེམས་དཔའ་སེམས་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་ལ་བསྐོར་བ་བྱས་ནས་འདི་ཅེས་གསོལ་ཏོ།། བཅོམ་ལྡན ་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ས་མཆོད་རྟེན་གྱི་ལས་ཇི་ལྟར་བགྱི། སྐུ་གཟུགས་ལ་སོགས་པས་བསྒྲུབ་པ་ཇི་ལྟར་བགྱི། འདིར་སྦྱིན་བསྲེག་ཀྱང་ཇི་ལྟར་བགྱི།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དྲི་བ་ལེགས་པས་སྨྲས་པ་ནི་དཔའ་བོ་ཆེན་པོ་ལེགས་སོ་ལེགས། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། འདི་ནི་རྩེ་གཅིག་ཡིད ་ཀྱིས་ཉོན།། དེ་ནས་བཅོམ་ལྡན་འདས་ཀུན་དུ་དཔག་ཏུ་མེད་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྐོས་པར་ཞུགས་ནས་དེ་བཞིན་གཤེགས་པ་པ་ཐ~ཾད་ཀྱི་ཚེ་དཔག་ཏུ་མེད་པ་ཞེས། ་བྱ་བའི་གཟུངས་འདི་གསུངས་པ་ནི་འདི་ལྟ་སྟེ། ཨོཾ་ཨ་མི་ཏྲཾ། ཨ་མི་ཏོནྡྷེ་བེ། ཨ་མི་ཏ་བི་ཀྲ་བྷེ། ཨ་མི་ཏཱ་ག་ཏྲེ། ཨ་མི་ཏ་ག་ཏེ། ་ཨ་མི་ཏ་ག་མི་ནི། ཨ་མི་ཏ་ཨ་ཡུར་ད་དེ། ག་ག་ན་ཀི་དྷི་ཀ་རེ། སརྦ་ཀླེ་ཤེས་ཀཱ་ཡཾ་ཀ་རཱི་ཡེ་སྭཱ་ཧཱ།། ཞེས་བྱ་བའི་གཟུངས་འདིས་མཆོད་རྟེན་བྱེད་པའི་འཇིམ ་བག་བླང་བ་དང་། བྱུག་པ་ལ་སོགས་པ་དང་། གདུག་གདག་པའི་བར་ཇི་སྲིད་རྫོགས་པར་བྱའོ།། འདིའི་ཆོ་ག་ནི། མཆོད་རྟེན་ཆོ་ག་མཆོག་གྱུར་པ།། དེ་ནས་ཡང་དག ་བཤད་པར་བྱ།། གསེར་དང་ཨིན་དཱ་ནི་ལ་དང་། དངུལ་དང་པདྨ་ར་ག་ལ་སོགས་པའི་རང་བཞིན་མང་པོའི་རིན་པོ་ཆེས་སྤྲས་པའི་སོར་བཅུ་གཉིས་ཀྱི་ཚད། པདྨའི་སྟེང་ན་བཞུགས ་པ། དེའི་ལོགས་བཞིར་འཇིག་རྟེན་སྐྱོང་བ་བཞི་ལག་ན་རྒྱལ་མཚན་བསྣམས་པའོ།། མེ་ཏོག་དང་གདུགས་དང་དྲི་ལག་པས་བཟུང་བའི་གནས་གཙང་མའི་ལྷའི་བུ་རྣམ ་དང་། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ལག་ན་གདུགས་ཐོགས་པ་དང་། གཡས་དང་གཡོན་ལོགས་གཉིས་ནི་སྤྱན་རས་གཟིགས་དང་། རྡོ་རྗེ་འཆང་གཉིས་རྔ་ཡང་དཀར ་པོ་ཕྱག་ན་བསྣམས་པ་གཉིས་སུ་བྱའོ།། དེ་ལྟ་བུའི་ཚོ་གས་མཆོད་རྟེན་ལག་ཡས་བསྐོར་གྱིས་སྦྱོར་བས་པདྨའི་འདབ་མ་ལ་བྲི་བར་བྱའོ།། དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་བྲིས་ལ་རིང་བསྲེལ་གྱི་སྙིང་པོ་ཅན་དུ་བྱས་ལ་དྲི་ཞིམ་པོ་དང་བསྲེས་པའི་ཆུས་གཏོར་ཞིང་། དྲི་ཞིམ་པོའི ་མེ་ཏོག་གིས་མཆོད་ལ་སྟོང་ཕྲག་ཅིག་གི་མཆོད་པ་ཆེན་པོ་བྱས་ཏེ། དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་ཉིན་ཞག་ལ་བསྙུང་བར་གནས་ཤིང་། སེམས་ཅན་ཐམས་ཅད་ལ་ཕན ་པའི་བློ་སྟེར་ཡོན་སྦྱིན་ཏེ། སྟོང་ཕྲག་གཅིག་བཟླས་པར་བྱའོ།། ཟླ་བ་རེ་རེ་བཞིན་བྱས་ན་ཟླ་བ་དྲག་གིས་ཆེ་ལོ་སྟོང་ཐུབ་པར་འགྱུརརོ།། རྟག་ཏུ་བཟླས་བརྗོད་བྱས་ན་ཚེ་ལོ ་འབུམ་ཐུབ་པར་འགྱུར་རོ།། རྟག་ཏུ་བྱས་ན་ཚེ་ལོ་མི་ཟད་པ་ཐུབ་ཅིང་སྟོབས་དང་ལྡན་པ་དང་། གང་གིས་ཀྱང་མི་ཐུབ་ཅིང་ལྷ་དང་ལྷ་མ་ཡིན་དང་མི་མཉམ་པའི་མཁའ ་སྤྱོད་ཀྱི་གཙུག་གཏོར་མཆོག་ཏུ་འགྱུར་རོ།། དེ་ནས་གཞན་ཡང་ཆོ་ག་ནི་རབ་ཏུ་དགེ་བའི་གནས་སུ་ས་བླངས་ལ། དྲི་ཞིམ་པོས་བསྲེས་ལ་མཆོད་རྟེན་བྱའོ།། སྟོང་ཕྲག་ག ་ནས་བརྩམས་ཏེ། ཇི་སྲིད་ལྔ་འམ་གཅིག་གི་བར་དུ་བྱའོ།། ཉི་མ་རེ་རེ་ཞིང་མཆོད་རྟེན་དུ་གཏོགས་པ་གཙུག་གཏོར་རྣམ་པར་རྒྱལ་མ་ཡང་དག་པར་བཞུགསུ་གསོལ། ་ཇི་སྐད་གསུངས་པའི་མཆོད་པ་རྒྱ་ཆེན་པོ་བྱས་ལ་སྟོང་ཕྲག་གཅིག་ནས་བརྩམས་ཏེ། ལན་བདུན་གྱི་བར་དུ་ཀླག་པར་བྱའོ།། ཉི་མ་རེ་རེ་ཞིང་ཚེ་དང་བློ་སྟེར་བར་བྱེད་པའི་ཆེ་དུ ་བྱས་ཏེ། སེམས་ཅན་ཐམས་ཅད་ལ་ཐུན་མོངས་དུ་དགེ་བའི་རྩ་བ་སྦྱིན་པར་བྱའོ།། སེམས་ཅན་རྣམས་ལ་བཅིངས་པ་དང་བཏུང་བ་ལ་སོགས་པ་སྤང་བར་བྱའོ།། ་ཟླ་བ་གཞན་རེ་རེ་ལ་མཆོད་པ་ཉིས་འགྱུར་དུ་བྱས་ལ་བརྒྱད་བརྒྱའི་བཟླས་པ་བྱ་བ་ནི་རང་ངམ་རང་འདྲ་བས་བྱའོ།། ཆོ་ག་འདི་ཡིས་ནི་དུས་མ་ཡིན་པར་འཆི་བ་བརྒྱད་མེད་པར་འགྱུ ་བློ་རྣོ་བ་དང་། ནད་མེད་པ་དང་། ཚེ་ལོ་བརྒྱ་ཐུབ་ཅིང་འགྲོ་བ་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་། སྐྱེ་བ་དྲན་པར་འགྱུར། ་གང་གི་ཚེ་འཆི་བའི་དུས་བྱས་པ་དེའི་ཚེ། སྦྲུལ་ཤུན་བརྗེས་པ་དང་འདྲ་བར་རང་གི་ལུས་བོར་ཏེ། དེ་མཛེས་པའི་ལུས་བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར་རོ།། ་དེ་ནི་དམྱལ་བ་དང་བྱོལ་སོང་གི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་གྱི་ངན་འགྲོར་མི་འགྱུར་རོ།། རྣ་བའི་བུག་པར་དམྱལ་བའི་སྒྲ་ཡང་ཐོས་པར་མི་འགྱུར་རོ།། འབྲས་བུ་སྲི། ་པ་ལྟ་ག་ལ་འགྱུར། འདི་རྣམས་གནས་སུ་འགྲོ་བ་མེད་དོ།། དེ་ནས་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པས། གཞན་ཡང་བསྒྲུབ་པའི་ཐབས་བཀའ་སྩལ་པ། གང་གིས་སོས ་ཅན་ཚེ་དཔག་ཏུ་མེད་པར་འགྱུར་བ་དང་། ཉམས་པའི་འཁོར་ལས་གྲོལ་བར་བྱེད་པ་ནི་གཞོན་ནུ་ས་བཀལ་བའི་སྐུད་པ་ལ་ཚད་དང་ལྡན་པའི་མཛེས་པའི་རས་མཁས་བྱའོ།། དེ་ནས ་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་ཚོན་སྣ་མ་ལུས་པས་གཟུངས་ཀྱི་ཡི་གེ་ལས་སྤྲུལ་པའི་མཆོད་རྟེན་གྱི་ནང་དུ་བྲི་བར་བྱའོ།། ཚེ་དཔག་ཏུ་མེད་པའི་འོད་ཟེར་སྟོང ་གི་ཕྲེང་བ་ཅན་པད་ས་དང་ཉི་མའི་གདན་ལ་བཞུགས་པ་སྟོན་ཀའི་ཟླ་བའི་འོད་ཅན་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཞལ་གསུམ་པཾ། སྤྱན་གསུམ་པ། ཕྱག་བརྒྱད་པ་གཡས་པ ་ཞལ་ཞི་བ་གསེར་གྱི་འོད་ཟེར་གྱི་འོད་དང་ལྡན་པའོ།། གཡོན་པའི་མཆེ་བས་མ་མཆུ་མནན་པའི་མི་བཟད་པ། ཨུད་པ་ལ་སྔོན་པོའི་འོད་ཟེར་གྱི་འོད་དང་ལྡན་པའོ།། དབུས་མ་ནི་སྲེག ་པ་དང་བཅས་ཤིང་དཀར་བའོ།། གཡས་པའི་ཕྱག་གིས་སྙིང་ཁར་སྣ་ཚོགས་རྡོ་རྗེའོ།། དེ་བཞིན་དུ་པད་མ་ལ་གནས་པའི་འོད་དཔག་ཏུ་མེད་པ་དང་། མདའ་དང་མཆོག་སྦྱིན་པའོ།། ་གཡོན་དུ་སྡིགས་འཛུབ་དང་བཅས་པའི་ཞགས་པ་དང་། དེ་བཞིན་དུ་གཞུ་དང་། མི་འཇིགས་པ་དང་། བུམ་པའོ།། ཡང་མགོ་བོར་མཆོད་རྟེན་ལ་གནས་པའི་ཨོཾ་དང་། མགྲིན་པར ་ཨ་དང་། སྙིང་ཁར་ཧཱུཾ་ངོ་།། དཔྲལ་བར་ཏྲཾ་ངོ་།། ལྟེ་བའི་ཕྱོགས་སུ་ཧྲིའོ།། རྐང་པ་གཉིས་ལ་ཨཾ་ཨ། ཡི་གེ་འདི་རྣམས་བཀོད་ལ་རཀྵ་སྭཱ་ཧཱ་དང་བཅས་པ་འདིའི་ནང་དུ་རང་གི་མིང ་དང་སྤེལ་བའོ།། དེའི་ལོགས་གཉིས་སུ་པདྨ་དང་རྡོ་རྗེ་འཆང་གཉིས་རྔ་ཡབ་དཀར་པོ་ཕྱག་ན་བསྣམས་པའོ།། སྟོང་དུ་བདུད་རྩིའི་ཆར་འབེབས་བཞིན་པའི་གནས་གཙང་མའི་ལྷ་གཉིས ་སོ།། ལོགས་བཞིར་ཁྲོ་བོ་མི་གཡོ་དང་། འདོད་པའི་རྒྱལ་པོ་དང་། དབྱུག་པ་སྔོན་པོ་དང་། སྟོབས་པོ་ཆེ་ཞེས་བྱ་བ་སྟེ། རལ་གྲི་དང་། ལྕགས་ཀྱུ་དང་། དབྱིག་པ་དང་། ་རྡོ་རྗེ་བསྣམས་པའོ།། གཡོན་པ་གདུག་པ་ཅན་ལ་སྡིག་འཛུབ་ཆེད་བྱེད་པའོ།། དེ་ལྟར་འབད་པས་རྫོགས་པར་བྱས་ལ། རིང་བསྲེལ་དང་བཅས་པའི་མཆོད་རྟེན་ལ་བསྐྱང་བར ་གནས་པས་མཆོད་པ་ཆེན་པོ་སྟོང་ཕྲག་གཅིག་གིས་མཆོད་པ་བྱས་ལ། འབུམ་ཕྲག་གཅིག་བཟླས་པ་བྱའོ།། དེ་ནས་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ། ཇི་སྲིད་བཅོ ་ལྔའི་བར་དུ་སྟོང་སྟོང་བཟླས་པ་བྱའོ།། དེ་ནས་སྔ་བར་ནམ་ལངས་པ་དང་། བཅོམ་ལྡན་འདས་མ་ཞལ་མཐོང་བར་འགྱུར་རོ།། དེ་ནས་ཇི་ལྟར་དངོས་གྲུབ་འདོད་པ་སྟེར་བས་སོ།། ་ཡང་ན་ནི་ཐང་ཀ་དེ་དྲི་ཞིམ་པོ་དང་བསྲེས་པའི་སས་བྱུགས་པའི་ཕྱོགས་གཅིག་ཏུ་ཡང་དག་པར་བཞུགསུ་གསོལ ་ལ། མཆོད་པ་རྒྱ་ཆེན་པོ་བྱས་ལ་ཉི་མ་རེ་རེ་ཞིང་བརྒྱད་བརྒྱ་བཟླས་པར་བྱའོ།། ཡང་ཟླ་བ་རེ་རེ་ལ་སྟོང་སྟོང་གི་མཆོད་པ་བྱ་ཞིང་སྟོང་སྟོང་བཟླས་པ་བྱས་ན་ཚེ་དཔག་ཏུ་མེད་པ་དང་། ་སྟོབས་དཔག་ཏུ་མེད་པ་དང་གཞན་གནོན་པ་དང་། ན་མཁའ་ལ་འགྲོ་བ་དང་། ནད་ཆེན་པོ་མེད་པར་བྱེད་དོ།། སེམས་ཅན་ཐམས་ཅད་ཉི་མ་རེ་རེ་ཞིང་ཚིགས་བཅད་སྟོང་འཛིན་པའི ་ཅི་མ་ལོགས་པའི་ངག་དུ་འགྱུར་རོ།། ཡང་ན་ཁ་ཅིག་གིས་དེ་ལྟ་བུ་བྱེད་པ་མི་ནུས་ན། དེ་ཡིས་རང་གི་ཁྱིམ་དུ་དྲི་ཞིམ་པོས་བསྲེས་པའི་སའི་ཆར་བཞུགསུ་གསོལ་ལ། ཇི་ལྟར་འབྱོར ་པའི་མཆོད་པ་བྱས་ལ་ཟླ་བ་ངོ་བོ་ཅག་གི་ཚེས་བརྒྱད་ལ་བརྒྱད་བརྒྱ་བཟླས་པ་བྱ་ཞིང་། ཉི་མ་རེ་རེ་ལ་དུས་གསུམ་དུ་ཉི་ཤུ་རྩ་གཅིག་བརྗོད་ན་བློ་རྣོ་བ་དང་ཚེ་རིང་བ་དང་། ཤེས་རབ་དང་ལྔ ་པ་དང་། ནད་མེད་པ་དང་། སྐྱིད་པ་དང་། ལོ་བརྒྱ་འཚོ་བ་དང་། སྐྱེ་བ་དྲན་པར་འགྱུར་རོ།། ཡང་ན་རང་གིས་མ་ནུས་ན་དེའི་ཚེ་རང་ས་བྱས་ན་ཚེ་རིང་བ་དང་། བློ་རྣ་བར་འགྱུ ་དེ་ནས་གཞན་ཡང་སྦྱིན་བསྲེག་གི་ཆོ་ག་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་ཉེ་བར་བཤད་པར་བྱས་ཏེ། ཁྲུ་གང་གི་ཚད་ཀྱི་ཐབ་ཁུང་ཟླུམ་པོ་རྡོ་རྗེ་ཕྲེང་བས་བརྒྱན་པ ་ད་དཀར་པོའམ། ས་དཀར་གྱིས་བྱུག་ལ། མེ་ཏོག་དཀར་པོ་བཀྲམ་སྟེ། ལོགས་བཞིར་ཞུན་མར་གྱི་མར་མེ་བཞི་བཞག་ལ་བདུག་སྤོས་ལ་སོགས་པས་ཡང་དག ་པར་མཆོད་ལ། ཕྱོགས་བཞིར་མཚན་ཉིད་དང་ལྡན་པའི་བུམ་པ་རབ་དུ་མཛེས་པ་དཀར་པོས་གཡོགས་ལ་ཡལགས་ཁ་བརྒྱན་ལ་བཞག་པར་བྱའོ།། འོ་མ་ཅན་གྱི་ཡེ ་ཤིང་ལ་མེ་སྦར་ལ་མ་བཀུག་སྟེ། དགང་ལུངས་གསུམ་སྦྱིན་ལ་གསང་གཏོར་བྱས་ཏེ་གཤེགས་གསོལ་ལོ།། དེ་ནས་ཚེ་དཔག་ཏུ་མེད་པ་གསལ་པོར་ཐབ་ཁུང ་གི་དབུས་སུ་བསམས་ལ། གཙུག་གཏོར་རྣམ་པར་རྒྱལ་བ་བཟླས་ཤིང་དགང་བླུགས་གསུམ་དབུལ་ལོ།། ཡང་ན་ཨོཾ་ཨ་མི་ཏ་ཨ་ཡུར་ད་དེ་སྭཱ་ཧཱ།། ཞེས་བྱ་བས་ཆེ་དང་བློ་རྣོ་བ། ་དང་བཅས་པ་ས་བརྒྱད་བརྒྱ་དུས་གསུམ་དུ་སྤྲིན་བསྲེག་བྱའོ།། གཙུག་གཏོར་རྣམ་པར་རྒྱལ་བ་ལན་བདུན་བཟླས་པ་བྱས་ན་བློ་རྣོ་བ་དང་། སྐྱིད་པ་དང་། ནད་མེད་པར་འགྱུར་རོ།། ་ཡང་ན་ཟླ་བ་རེ་རེའི་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ་དུས་གསུམ་དུ་ཆེ་ལོ་སྟོང་ཐུབ་པར་འདོད་པས་སྦྱིན་བསྲེག་བྱས་ན་མཆོག་གི་ཚེ་རིང་བ་དང་བློ་རྣོ་བ་སྦྱིན ་པར་བྱེད་དོ།། སེམས་ཅན་རྣམས་ལ་སྨད་པར་མི་བྱའོ།། ཆོ་ག་འདི་ཡིས་རང་གི་ལུས་ནད་ཀྱིས་བཏབ་པར་མི་འགྱུར་ཞིང་། ལོ་བརྒྱ་ལྔ་བཅུ་འཚོ་བ་དང་། དགྲ་ལས་རྣམ་པར ་རྒྱལ་བ་དང་། བློ་རྣོ་བ་དང་། དབྱངས་སྙན་པར་འགྱུར་རོ།། གལ་ཏེ་རང་གིས་མ་ནུས་ན་དེའི་ཚེ་རང་དང་འདྲ་བས་བྱས་ན་ཞི་བར། ་ཞི་བ་ཆེན་པོར་འགྱུར་རོ།། དེ་ནས་གཞན་ཡང་བསྒྲུབ་པར་འདོད་པས་གཙུག་གཏོར་གྱི་རྒྱལ་པོ་ཆེན་པོ་ཆེ་དང་བློ་དང་བཅས་པ་འབུམ་ཕྲག་གཅིག་སྦྱིན་བསྲེགས་བྱས་ཏེ། དང་པོ་དང ་མཐར་སྟོང་སྟོང་གི་མཆོད་བྱས་ལ་ཡང་འབུམ་ཕྲག་གཅིག་གི་བཟླས་པ་བྱས་ན་ཆེ་ལོ་འབུམ་ཕྲག་གཅིག་ཐུབ་པར་འགྱུརརོ།། བྱེ་བ་བྱས་ན་བྱེ་བ་ཐུབ་པོ།། དེ་ལྟར་དེའི་ཆོ་ག་ནི་རིམ་པས་ཚེ་ལོ། ་དཔག་ཏུ་མེད་པར་འགྱུར་ཞིང་ན་མཁའ་ལ་འགྲོ་བ་དང་། དཔའ་བ་ལས་དགྲ་ལས་རྒྱལ་བར་འགྱུར་རོ།། དཔལ་འདོད་ན་དཔལ་འབྲས་འབུམ་ཕྲག་གཅིག་སྦྱིན་བསྲེགས་བྱས་ན ་དཔལ་ཆེན་པོ་འཐོབ་པར་འགྱུར་རོ།། རྒྱལ་པོ་འདོད་ན་པདྨ་འབུམ་ཕྲག་གཅིག་སྦྱིན་བསྲེག་བྱས་ན་རྒྱལ་པོ་ཆེན་པོ་འཐོབ་པར་འགྱུར་རོ།། བྱེ་བ་གཅིག་བྱས་ན་འཁོར་ལོས ་བསྒྱུར་བ་ཐོབ་པར་འགྱུར་རོ།། ཡང་ན་རལ་གྲི་ལ་སོགས་པ་བསྒྲུབ་པར་འདོད་ན་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་མདུན་དུ་ཟང་སྐུ་བཀྲམ་ལ་སྟོང་མཆོད་པ་ཆེན་པོས ་མཆོད་ལ་བཟླས་པ་ཡང་འབུམ་བྱས་ལ། ཡང་ལྕགས་ལྔའི་རང་བཞིན་གྱི་རལ་གྲི་ལ་བཟླས་པ་འབུམ་བྱས་ཏེ་ལག་པ་གཡས་པར་བཅངས་ནས་ཡིད་ཀྱིས་འགྲོ ་བ་དང་། འདོད་པའི་གཟུགས་འཛིན་པ་དང་། སྟོབས་ཆེ་ཞིང་གཞན་གནོན་པ་དང་། སེམས་ཅན་ཐམས་ཅད་ཀྱི་གཅིག་ཏུ་འདྲེན་པ་པོར་གྱུར་ནས་སྨན་པ་ཆེན་པོའི་མཆོག་ཏུ་ཚེ་དཔག་ཏུ ་མེད་པར་འགྱུར་རོ།། དེ་ལྟར་རྡོ་རྗེ་དང་འཁོར་ལོ་དང་རྩེ་གསུམ་ལ་སོགས་པ་ཡང་བསྒྲུབ་པར་བྱའོ།། དེ་ལྟར་ཆེ་དཔག་ཏུ་མེད་པའི་གཟུངས་ཆེན་དེ་བཞིན་གཤེགས་པ་ཐམས། ་ཅད་ཀྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོར་གྱུར་པས་མཆོག་ཏུ་རྙེད་པར་དཀའ་བ་འདི་ཇི་ལྟར་སྦྱར་བ་དེ་ལྟར་གྲུབ་པར་བྱེད་དོ།། གང་ཡང་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་གཙུག་གཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་ཉིན་རེ་རེ་ལ་དུས་གསུམ་དུ་ལན་ཉི་ཤུ་རྩ་གཅིག་བཟླ་ཞིང་མཆོད་རྟེན་ཆེན་པོ་བྱས་ཏེ་ཡང་དག་པར་བཅངས་ན། ་གཞན་ལ་ཡང་རྒྱ་ཆེར་གསལ་བར་བྱས་ན། སྐྱིད་པ་འཐོབ་ཅིང་སྟོབས་དང་ལྡན་པ་དང་། ནད་མེད་པ་དང་། ལོ་བརྒྱ་ཐུབ་པ་དང་། བློ་རྣོ་བ་དང་། སྐྱེ་བ་དྲན་པར་འགྱུརོ།། ་གང་གི་ཚེ་འཆི་བའི་དུས་བྱས་པ་དེའི་ཚེ་སྦྲུལ་ཤུན་པ་བརྗེས་པ་དང་འདྲ་བར་རང་གི་ལུས་བོར་དེ། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམ་སུ་སྐྱེ་བར་འགྱུར་རོ།། དམྱལ་བའི་སྒྲ་རྣ་བུག ་དུ་ཡང་ཐོས་པར་མི་འགྱུར་ན། འབྲས་བུ་སྨིན་པར་ལྟ་ཡང་ག་ལ་འགྱུར། གང་དང་གང་དུ་སྐྱེས་པ་དེ་དང་དེར་སྐྱེ་བ་དྲན་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས ་བཀའ་སྩལ་པ་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང ་དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་གཏོར་རྣམ་པར ་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོགས་དང་བཅས་པ་རྫོགས་སྷོ།། རྒྱ་གར་སྐད་དུ། ཨརྱ་སརྦ་དུརྒ་ཏིཔ་རི་ཤོ་དྷ ་