| Wylie | e-texts produced with BDRC’s OCR application |
ཤེས་སྡེས་བསྐུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། ། རྒྱ་གར་སྐད་དུ། ཨཱརྱ་བི་མ་ལ་དང་ཏ། བ་རི་བྲིད་ཙན་མ་མ་ཧ་ཡ་ན་སུ་ཏྲ། བོད་སྐད་དུ། འཕགས ་ག་ཚན་འཐགས་པ་ཅན་མ་ཆོས་ཀྱི་རྣམ་གྲངས་ས་སྤོང་ཟན་འདྷབ་ལས། དྲིམ་ཟད་ཀྱིས་བྱིན་པམ་ནུས་པ་ནས་བྱ་བཐེས་པཆེན་པ ་འད་མངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཇས་ལོ།། འདི་སྨད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཅན་མེད་ན། རྒྱལ་བཅུལ ་བྱེད་ཀྱི་ཆལ་མགོན་མེད་ཟས་བྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་ཐམས་ཅད་དང་ཐབས་གཅིག་ཏུ་བཞུགས་ཏེ། ཐམས་ཅད ་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། ཉོན་མོངས་པ་མེད་པ། དབང་དང་ལྡན་པར་གྱུར་པ། སེམས་ཤིན་ཏུ་རྣམ་པར་གྲོལ་བ། ཤེས་རབ་ཤིན་དུ་རྣམ་པར་གྲོལ་བ། ཅང་ཤེས་པ། ་གླང་པོ་ཆེན་པོ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ། ཡོངས་སུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན ་ཏུ་རྣམ་པར་གྲོལ་བ། སེམས་ཀྱི་དབང་ཐམས་ཅད་ཀྱི་དམ་པའི་ཕ་རོལ་ཏུ་སོན་པ་ཤ་སྟག་སྟེ། གང་ཟག་གཅིག་མ་རྟོགས་པ་ནི་འདི་ལྟ་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོ།། བྱང ་ཆུང་སེམས་དཔའ་སྟོང་ཕྲག་བཅུ་ཕལ་ཆེར་ཐམས་ཅད་ཀྱང་ཕྱིར་མི་ལྡོག་པ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་རིན་ཆེན་འོད་དང་། ་བྱང་ཆུབ་སེམས་དཔའ་ཤེས་རབ་བརྩེགས་དང་། བྱང་ཆུབ་སེམས་དཔའ་དཔལ་གྱི་སྙིང་པོ་དང་། བྱང་ཆུབ་སེམས་དཔའ་གྲགས་པའི་བློ་གྲོས་དང་། སྤོབས་པ་བརྩེགས་པ ་དག་སྤྱན་རས་གཟིགས་ཀྱི་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་། བྱམས་པ་དང་། མྱ་ངན་མེད་ཀྱིས་བྱིན་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། གོས་པ་དོར་བ་དོན་ཡོད ་དང་། མཐོང་བ་དོན་ཡོད་དང་། ངན་སོང་སྤོང་དང་། མྱ་ངན་མེད་ཀྱིས་མུན་པ་ཐམས་ཅད་འཇོམས་པ་དང་། ཡོན་ཏན་རིན་པོ་ཆེའི་མེ་ཏོག་གིས་རྟག་ཏུ་བརྒྱན་དང་། གསེར་གྱི ་ཕྲེང་བའི་འོད་ཀྱི་དཔལ་ཅན་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། བྱང་ཆུབ་སེམས་དཔའ་སེམས་ཐོག་པ་མེད་པ་དང་། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔ ་ཁྲི་དང་། ཡང་ཐབས་གཅིག་གོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུ་དང་། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་དང་། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང་། ཚེ་དང ་ལྡན་པ་འོད་སྲུང་ཆེན་པོ་དང་། ཚེ་དང་ལྡན་པ་རབ་འབྱོར་དང་། ཚེ་དང་ལྡན་པ་ནམ་གྲུ་དང་། ཚེ་དང་ལྡན་པ་མ་འགགས་པ་དང་། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། ཉེན ་ཐོས་ཆེན་པོ་བརྒྱད་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་དང་། རིན་པོ་ཆེ་ཏོག་དང་། མཛོང་བ་དོན་ཡོད་དང་། ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བརྒྱད་པོ་དེ་དག་སྔ་དྲོའི་དུས་ཀྱི་ཚེ་ཤམས་ཐབས་དང་། ཆོས་གོས་བགོས་ནས་ལྷུང་བཟེད་ཐོགས་ཏེ། བསོད་སྙོམས ་། ཀྱི་ཕྱིར་གྲོང་ཁྱེར་ཆེན་པོ་མཉན་ཡོད་དུ་བཞུགས་ནས། དེ་དག་ལམ་གྱི་བར་སྐབས་སུ་གཏམ་འདི་སྐད་ཅེས་གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས ་ཐམས་ཅད་ཀྱིས། འཕགས་པའི་བདེན་པའི་གཏམ་ཐོས་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ་ཞེས ་བརྗོད་པར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཤ་རིའི་བུས་སྨྲས་པ། གང་གིས་གྲོང་ཁྱེར་དུ་འཕགས་པའི་བདེན་པ་རྣམས་ལ་སྐྱེ་བོའི་ཚོགས་ཐམས་ཅད་ཀྱི་ཤེས་རབ་ཐོགས ་པ་མེད་དེ། དེ་དག་གི་ཤེས་རབ་ལ་མུན་པ་མུན་གནག་མེད་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ།། ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ལ་བདུད་ཀྱི་ལས་རྣམས་འབྲང་བར་མི་འགྱུར་བ་རྣམ་པ་དེ་ལྟ་བུའི ་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་བཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོས་སྨྲས་པ། ཅི་ནས་ཀྱང་གཞན་མུ་སྟེགས་ཅན་སྤྱོད ་བ་དང་། ཀུན་དུ་རྒྱུ་དང་། གཅེར་བུ་པ་དང་། འཚོབ་པ་དང་། བྲམ་ཟེ་དང་། ཁྱིམ་བདག་གང་དག་གྲོང་ཁྱེར་ན་འཁོད་པ་དེ་དག་སྡིག་པ་ཅན་གྱི་ལྟ་བ་དང་ལྡན་པར ་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ། གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་འོད་སྲུང་ཆེན་པོས་སྨྲས་པ། ཅི་ནས་ཀྱང་བློ ་བྱར་ན་སྐྱེས་པ་དང་བུང་མེད་དང་། ཁྱེའུ་དང་བྲ་མོ་གང་དག་བདག་ཅག་ལ་བསོད་སྙོམས་སྦྱིན་པར་བྱེད་པ་འཁོད་པ་དེ་དག་ཐམས་ཅད་ཡོངས་སུ་མྱ་ངན་ལས ་འདས་པ་ལ་ཐུག་གི་བར་དུ་ལོངས་ཟད་མི་ཤེས་པ་རྙེད་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ།། ་ཚེ་དང་ལྡན་པ་རབ་འབྱོར་གྱིས་སྨྲས་པ། གང་གི་གྲོང་ཁྱེར་དུ་སྐྱེ་བོའི་ཚོགས་ཐམས་ཅད་ཉོན་མོངས་པ་མེད་པར་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་ནམ་གྲུས་སྨྲས་པ། གང་གི་གྲོང་ཁྱེར་དུ་སྐྱེ་བོའི་ཚོ་གས་ཐམས་ཅད་ཀྱིས་ཏིང་ངེ་འཛིན་ཐོབ ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། གང་གི་གྲོང་ཁྱེར་དུ ་སྐྱེ་བོའི་ཚོགས་ཐམས་ཅད་ནད་མེད་པའི་བདེ་བ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ་སྙོམས་པར་ཞུགས་སྟེ་གྲོང་ཁྱེར་དུ་འཇུག་པར་བྱའོ།། ཚེ་དང་ལྡན་པ ་ཀུན་དགའ་བོས་སྨྲས་པ། གང་གིས་གྲོང་ཁྱེར་དུ་སྐྱེ་བོའི་ཆོ་གས་ཐམས་ཅད་ལ་སྔོན་མ་ཟོས་པའི་ཆོས་རྣམས་མངོན་དུ་འགྱུར་བ་རྣམ་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་ཁོ་བོ ་སྙོམས་པར་ཞུགས་ཏེ་གྲོང་ཁྱེར་དུ་འཇུག་པར་བྱའོ།། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ཅི་ནས་ཀྱང་གང་གིས་གྲོང་ཁྱེར་ན་སྒོ་དང་སྐར་ཁུང་དང་། རྩིག་པ་དང་། ་སྣོད་པ་ཅན་དང་། ཤིང་དང་། མས་དང་། མཏོག་དང་། འབྲས་བུ་དང་། གས་རྣམས་ལས་སྟོང་པ་ཉིད་ཀྱིས་ལྷ་འབྱུང་བར་འགྱུར་བ་དང་། ་མ་མ་པའི་སྒྲ་དང་། སྨོན་པ་མེད་པའི་སྒྲ་དང་། སྐྱེ་བ་མེད་པའི་སྒྲ་དང་། དངོས་པོ་མེད་པའི་སྒྲ་དང་། བདག་མེད་པའི་སྒྲ་འབྱུང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ། ་ཁོ་བོས་བསམས་པར་བྱའོ།། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་གིས་སྨྲས་པ། གང་གིས་གྲོང་ཁྱེར་ན་སེམས་ཅན་རྣམས་ཀྱི་ལས་ངན་སོང་མྱོང་བར་འགྱུར་བ་གང ་ཡོད་པ་དེ། ཚེ་འདི་ཉིད་ལ་ཡང་ཞིང་ཆུང་ངུ་མྱོང་བར་འགྱུར་བ་རྣམས་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ལྗོན་ཀྱིས ་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་གཟུགས ་མཐོང་བར་འགྱུར་བའི་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཏོག་གིས་སྨྲས་པ། གང་གིས་གྲོང་ཁྱེར་ན་ཁྱིམ་ཐམས ་ཅད་དུ་རིན་པོ་ཆེ་གང་བའི་གཏེར་རྣམས་འབྱུང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ ་པར་སེལ་བས་སྨྲས་པ། གང་གིས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་སྒྲིབ་པ་ལྔ་པོ་དག་རྣམ་པར་སེལ་བར་འགྱུར་བ་རྣམ་པ་དེ་ལྟ་བུའི ་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་བཅིངས་པ་དང་། ་གསད་པར་བཀྲི་བ་དེ་དག་ཐར་པ་དང་། འཇིགས་པས་ཉེན་པ་རྣམས་ཀྱང་འཇིགས་པ་མེད་པ་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། ་བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་སྨྲས་པ། གང་གིས་གྲོང་ཁྱེར་ན་སྐྱེ་བོའི་ཚོགས་ཐམས་ཅད་ཕན་ཚུན་དུ་ཚིགས་སུ་བཅད་པའི་དབྱངས་དང་། བྱམས ་པའི་སེམས་ཀྱིས་སྨྲ་བར་འགྱུར་བ་དང་། སྤོབས་པ་ཡང་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། བྱང་ཆུབ་སེམས་དཔའ་གོམ་པ ་འདོར་བ་དོན་ཡོད་ཀྱིས་སྨྲས་པ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པའི་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ།། དེ་ནས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས ་དཔའ་དེ་དག་རྣམ་པ་འདི་ལྟ་བུའི་གཏམ་འདི་བརྗོད་ཅིང་། མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་ཕྱིན་ཏོ།། ཡང་དེའི་ཚེ་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བུ་མོ་དྲི་མ་མེད ་ཀྱིས་བྱིན་པ་ཞེས་བྱ་བ། སྔོན་གྱིས་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་མང་པོ་ལ་བསྙེན་བཀུར་བྱས་པ། ཆོས་ཟབ་མོ་ལ་བཟོད་པ ་དང་ལྡན་པར་མངོན་པར་ཤེས་པ་ལྔ་པོ་དག་ཐོབ་པ་ཞིག་ཡོད་དེ། བུ་མ་དེའི་ལྷའི་མིག་དག་པ་མིའི་ལས་འདས་པས།། བྱང་ཆུབ་སེམས་དཔའ ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་མཐོང་ཞིང་དེ་དག་ལམ་གྱི་བར་སྐབས་སུ་གཏམ་ཅི་བརྗོད་པ་དེ་དག་ཐམས་ཅད་ཀྱང་ཐོས་སོ།། བུ་མོ་དེ་ཡང་གཟུགས་བཟང་བ། ་མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། ཕ་མེ་དང་། ནང་གི་མི་ལ་བྱམས་པ། བཙས་ནས་ལོ་བཅུ་གཉིས་ལོན་པ་སྟེ། དེ་དཔྱིད ་ཟླ་ཐ་ཆུང་ཚེས་བརྒྱད་སྐར་མ་རྒྱལ་གྱི་ཉིན་པར་ཕ་མས་དགེ་མཚན་དང་། བཀྲ་ཤིས་བྱེད་དུ་གནང་ནས། བྲམ་ཟེ་དང་ཞོ་དང་། རྩ་ཀུ་ཤ་དང་། མེ་ཏོག་དང་། ཡམ་སྲེག ་ཤིང་དང་། མར་དང་། བུམ་པ་ཐོགས་པ་ལྔ་བརྒྱས་ཡོངས་སུ་བསྐོར་ཏེ། ཁྲུས་བྱ་བར་ཁྲིད་པ་ལས་བྲམ་ཟེ་དེ་དག་གིས། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ ་དེ་དག་མཐོང་ངོ་།། མཐོང་ནས་ཀྱང་། བཀྲ་མི་ཤིས་སོ་སྙམ་པའི་འདུ་ཤེས་ཀྱིས་གནས་པར་གྱུར་ཏོ།། དེ་ནས་བྲམ་ཟེ་དེ་དག་གི་ནང་ནས་བྲམ་ཟེ་ཆེས་འགྲས་ཚངས་པའི་ལྷ་ཞེས ་བྱ་བ་དེས། བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་དགེ་སློང་དག་མདུན་ན་འཁོད་པ་ནི་བཀྲ་མི་ཤིས་ཏེ་དེ་དག་མཐོང་ན་དགོས་པ་འམ། ནོར་རམ། རྟགས ་སམ། མཆོད་སྦྱིན་ནམ། བཀྲ་ཤིས་ཀྱང་རུང་ཏེ། མི་འགྲུབ་ཀྱིས་གྲོང་ཁྱེར་དུ་སླར་བཞུད་དོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྲམ་ཟེ་ཚངས་པའི་ལྷ་དེ་ལ་ཚིགས་སུ ་ཡད་དེ་སྨྲས་པ། འདི་དག་ཆགས་མེད་མཆོག་ཏུ་དག་ཤེས་པ། སྐྱེ་བོ་མང་པོའི་སྡིག་པ་འཇིག་པར་བྱེད།། འདི་དག་རྣམ་པར་དག་ཅིང་བདེན་བཞི་མཐོང་།། དུལ་ལ་གྲོལ་བར་གྱུར ་ཅིང་མཉམ་པར་བཞག། འདི་དག་རྐང་གཉིས་དམ་པ་བསོད་ནམས་ཞིང་།། འདི་ལ་ཡོན་ཕུལ་མཐོ་རིས་འགྲོ་བར་འགྱུར།། འདི་ལ་ཡོན་ཕུལ་འབྲས་བུ་འཆི་མེད་ཐོབ།། སྦྱིན་གནས ་སེམས་ཅན་ངན་འགྲོར་འགྲོ་མི་འགྱུར།། ཚུལ་ཁྲིམས་དང་ནི་དུལ་བར་ལྡན་པ་ཡིན།། འདོད་ལས་རྒལ་ཅིང་སྡིག་མེད་རེ་བ་མེད།། འདི་དག་སྨན་པ་མཆོག་ཏེ་འཇིག་རྟེན་རྒྱུ།། ་སྡུག་བསྔལ་གཟིར་བའི་སྲོག་ཆགས་ཐར་བར་བྱེད། སངས་རྒྱས་འཇིག་རྟེན་དག་ན་ཆོས་ཀྱི་རྗེ།། དེ་སྲས་འདི་དག་རྡུལ་མེད་ཉོན་མོངས་མེད།། འདི་དང་བྱང་ཆུབ་སེམས ་དཔའ་གཞན་ཡང་མང་།། ཤེས་རབ་ལྡན་མིས་འདི་དག་ཅི་ལྟར་སྤང་།། འདི་དག་རྟུལ་ཞུགས་སྤྱད་ཅིང་འདོད་ཆགས་ཞི།། བཀྲ་ཤིས་གྱུར་ཅིང་མཁས་པ་སྦྱིན་ཆར་ཕབ། ་འདི་དག་རྣམས་ལ་བཀུར་སྟི་ཆུང་བྱས་ཀྱང་།། མི་རྣམས་ཆོས་དང་དེ་བཞིན་ནོར་དང་འགྲུབ།། འདི་དག་མཚན་རྣམས་ཡོངས་རྫོགས་བཀྲ་ཤིས་ལྡན།། འདི་དག་ཞིང་མཆོག ་རྣམ་དག་སེམས་དང་ལྡན།། བྲམ་ཟེ་འདི་ལ་སུ་ཞིག་དང་བྱེད་པ།། དེ་ནི་བསོད་ནམས་མང་པོ་བསྐྱེད་པར་འགྱུར།། དེ་ནས་བྲམ་ཟེ་ཚངས་པའི་ལྷས། བུ་མོ་དྲི་མ་མེད་ཀྱིས ་བྱིན་པ་ལ་ཚིགས་སུ་བཅད་དེ་སྔར་སྨྲས་པ། བྱིས་པའི་སེམས་ཀྱི་དབང་དུ་མ་བཞུད་ཅིག། མཆོད་སྦྱིན་དུས་འདིར་དགེ་སློང་མ་གཟིགས་ཤིག། ངུར་སྨྲིག་གོས་ཅན་དེ་བཞིན ་མགོ་གྲགས་པ།། དེ་དག་དོན་འདོད་པས་ནི་བལྟ་མི་བགྱི།། ཡབ་དང་ལུམ་ཡང་དགྱེས་པར་མི་འགྱུར་ཞིང་། བདག་ཀྱང་མཁས་པ་རྣམས་ཀྱིས ་སྤང་བར་འགྱུར།། ཁྱོད་ཀྱང་མཆོད་སྦྱིན་འགྲུབ་པར་མི་འགྱུར་བགྱིས།། དེ་བས་དགེ་སློང་རྣམས་ནི་ཤིན་ཏུ་སྤོངས།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྲམ་ཟེ ་ཚངས་པའི་ལྷ་དེ་ལ་ཚིགས་བཅད་དེ་སླར་སྨྲས་པ། ཡོན་ཏན་ལྡན་པ་འདི་དག་མ་བཏོགས་པར།། ཕ་དང་མ་ཡང་ཁོ་མོའི་སྐྱབས་མ་ཡིན།། གཉེན་གྱི་ཚོགས་དང་ནོར ་དང་ལང་ཚོ་མིན།། འདི་དག་འཁོར་བར་བྱིང་བ་རྣམས་ཀྱི་སྐྱབས།། བདག་ནི་སངས་རྒྱས་དགའ་བས་ལུས་གཏང་ཞིང་།། དེ་བཞིན་སྲོག་དང་ལོངས་སྤྱོད་རྣམས་ཀྱང་བཏང ་དཀོན་མཆོག་གསུམ་ཉིད་སྐྱབས་ཡིན་མ་གཏོགས་པར།། ཁོ་མོའི་སྐྱབས་རྟེན་སེམས་ཅན་འདི་ན་མེད།། དེ་ནས་བྲམ་ཟེ་ཚངས་པའི་ལྷས་བུ་མེ་དྲི་མེད་ཀྱིས་བྱིན་པ ་ལའདི་སྐད་ཅེས་སྨྲས་སོ།། བུ་མོ་བཙས་ནས་ཁྱོད་ཀྱིས་སྔོན་སངས་རྒྱས་ཀྱང་མ་གཟིགས།། སྔོན་ཆོས་ཀྱང་མ་གསན། སྔོན་དགེ་འདུན་ལ་བསྙེན་བཀུར་ཡང་མ་མཛདན ་ཁྱོད་ཅིའི་སླང་དུ་སངས་རྒྱས་ལ་དད་པར་འགྱུར། བུ་མེ་དྲི་མ་མེད་ཀྱིས་བྱིན་པས་སྦས་པ། བྲམ་ཟེ་ཁོམ་བཅས་ནས་ཞག་བདུན་ལོན་པ་ན། ཙན་དན་གྱི་ལངས་པ ་ཀྱི་ནང་ན་གསེར་གྱི་ཁྲི་ལ་བཞག་པའི་ཚེ། ལྒ་བུ་ལྔ་བརྒྱ་སྟེང་གི་བར་སྣང་ལ་འཇོས་པ་ཁོ་མོས་མཐོང་ཏེ། དེ་དག་རྣམ་གྲངས་དུ་མས་སངས་རྒྱས་ཀྱི་སྔགས་པ་བརྗོད། ཆོས ་རང་དགེ་འདུན་གྱི་བསྔགས་པ་བརྗོད་པ་ཐམས་ཐོས་སོ།། དེ་ནས་ལྷའི་བུ་དེ་དག་གིས་ནང་ནས་བྱང་ནས་སྔན་དེ་བཞིན་གཤེགས་པར་མཐོང་བ་གཅིག་པུ་དེ་ལ། ལྷའི་བུ ་རྣམས་ཀྱིས་དྲིས་པ་གྲོགས་པོ་དག་དེ་བཞིན་གཤེགས་པ་ནི་ཅི་འདྲ་ཞིག། དེ་ནི་ཅི་ལྟར་ཤེས་པར་བྱ། དེ་ནས་ལྷའི་བུ་ངེས་ཁོ་མོས་བསམ་པ་ཤེས་ནས། ལྷའི་བུ་དེ་དག ་ཀྱང་དད་པ་སྐྱེད་པའི་ཕྱིར་ཚིགས་སུ་བཅད་པ་འདི་དག་སྨྲས་སོ།། དེའི་དབུ་སྐྲ་དྲི་མེད་སྣུམ་ཞིང་མཛེས།། གཙང་འཇམ་གཡས་སུ་འཁྱིལ་པའི་ལྕང་ཅན། ཞལ་མདོག ་པད་མ་འདབ་མ་རྒྱས་པ་འདྲ།། ཟླ་བ་མཚན་མོ་ནམས་མཁར་མཛེས་པ་བཞིན།། དེའི་མཛད་བུ་ཁ་བཤེལ་མདོག་བཟང་།། སྨིན་འཚམས་བར་ནས་འཁྱིལ་ཅིང་ཤིན་ཏུ ་མཛེས།། དེའིས་འཁོར་རྣམས་ཟིལ་ཀྱིས་གནན་ཏེ་འདུག། རྒྱལ་བའི་ཞལ་ཡང་ཤིན་ཏུ་མཛེས་པར་བྱེད།། མི་དབང་སྤྱན་འཛེས་འགྲམ་པ་སེང་གེ་འདྲ།། སེམས་སྟོབས ་མི་ཞུམ་ཚེམ་མཉམ་ཐག་ཀྱང་བཟང་།། དེའི་ལྗགས་ཆེ་ཞལ་གྱི་དཀྱིལ་འཁོར་ཁེབས། དེའི་ཞལ་ནི་དྲི་མེད་རྣམ་པར་མཛེས།། དེའི་གསུང་ནི་ཕན་ཞིང་སྙན་ལ་རན།། ་ཚིག་རྩུབས་སྤངས་ཞིང་མི་འབྱེད་སྡིག་པ་མེད།། སྐྱེ་བོ་དཔག་ཏུ་མེད་པ་དང་མཛད་ཅིང་། འགྲོ་ལ་ཕན་ཕྱིར་རྒྱལ་བ་གསུང་དབྱངས་སྒྲོགས།། དེའི་མགུར་ནི་དུང་དང ་མཚུངས་ཤིང་འདྲ།། དེའི་མི་དབང་ཕྱུག་གི་སོར་མོ་རིང་།། དེའི་ཕྱག་ནི་གླང་ཆེན་སྣ་དང་འདྲ།། བྲང་ཡང་དྲི་མེད་ལྟེ་བ་གཞོལ་ཞིང་ཟབ།། རྟ་མཆོག་ལྟ་བུར་འདོམས་ཀྱི ་འ་དག་ས་ས་ཐམ་མི་བཱ་# ་རྣམ་ར། ལྦ་བ་ནུབ།། དེ་བཞིན་སྤུའི་ཁུང་བུགསེརརེ་དང་འདྲ།། བརླའི་དབྱིབས་ནི་གླང་པོས་ལག་དང་མཚུངས།། ཞབས་ནི་ལེགས་གནས་བྱིན་པ ་ཨ་ནིའི་འདྲ།། ཐུབ་པའི་དབང་པོ་བདེན་གསུང་རྒྱས་པའི་སྐྱོན་དང་བྲལ།། ངན་ལྟས་བཅོམ་པ་རྣམས་ནི་སྡིག་པའི་རྩ་བ་འཇིག། འཁོར་གྱི་ནང་དུ་དྲི་བ་བྱེ་བ་དྲིས་བྱས་ཀྱང་། ་འཁྲུལ་མེད་སྐྱོན་དང་བྲལ་བས་སེམས་ཅན་ཀུན་ཚིམ་མཛད།། གྱ་གྱུ་མེད་དང་ཚིག་གིས་ལུས་ནི་ཚིམ་མཛད་ཅིང་།། མྱ་ངན་འདས་པ་བདེ་མཆོག་ཡིད་འོང་ཡང་དག་ཞི།། ་སྐྱེ་བོ་ཀུན་གྱི་ཡིད་འོང་མྱ་ངན་འདས་སྟོན་ཅིང་།། མཐའ་གཉིས་དག་དང་བྲལ་བའི་དབུ་མའི་ལམ་ཡང་སྟོན།། དེ་ནི་རང་གི་སངས་རྒྱས་གྱུར་པ་ཏེ།། བདག་ཉིད་རྒལ་ཅིང ་ཕ་རོལ་རྣམས་ཀྱང་སྒྲོལ།། འགྲོ་བའི་སྐྱབས་དང་སྐྱོབས་དང་དགེ་ཤིས་དང་།། འཇིག་རྟེན་ཀུན་ལ་ཐུགས་རྩེ་ཕན་པར་མཛད།། སྟོན་པ་དེའི་ཡོན་ཏན་འདི་དག་དང་།། གཞན ་ཡང་མཐའ་ཡས་ཁོ་ཐོས་དེ་མ་བརྗོད།། ཟས་ནས་སྐྱེ་རྣམས་ཡིད་དགལ་དང་གྱུར་ནས།། རྒྱལ་བ་ལ་ནི་དང་བའི་ཡིད་ཀྱང་སྐོམ།། དེ་ནས་བུ་མ་དྲི་མ་མེད་ཀྱིས་བྱིན་པས་ཚི། ་སུ་བཅད་པ་འདི་དག་སྨྲས་ནས། བྲམ་ཟེ་ཚངས་པའི་ལྷ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་ཁོ་མོ་བཙས་ནས་ཞག་བདུན་ལོན་ནས། སངས་རྒྱས་ཀྱི་ཡོན་ཏན་རྣམ་པ ་འདི་ལྟ་བུ་དག་ཐོས་སོ།། མངོན་པར་དྲན་ཏེ་དེ་ཚུན་ཆད་ནམ་ཡང་རྨུགས་པ་དང་། གཉིད་ཀྱིས་ནོན་པར་མ་གྱུར་ཏོ།། ནམ་ཡང་འདོད་པ་ལ་རྣམ་པར་རྟོག་པའི་རྣམ་པར་རྟོག། ་བ་དང་། གནངས་པས་ཀྱི་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་དང་། འཚེ་བའི་རྣམ་པར་རྟོག་པའི་རྣམ་པར་རྟོག་པ་མ་བྱས་སོ།། མངོན་པར་དྲན་ཏེ་དེ་ཚུན་ཆད་ནམ་ཡང ་ཐལ་དགའ་བ་འམ། མལ་དགའ་བ་འམ། མིང་པོ་ལ་དགའ་བ་འམ། སྤུན་ལ་དགའ་བ་འམ། ཉེ་དུ་ལ་དགའ་བ་འམ། ནོར་ལ་དགའ་བ་འམ།། རྒྱན་ལ་དགའ་བ་འམ། ་གོས་ལ་དགའ་བ་འམ། ལུས་ལ་དགའ་བ་འམ། སྲོག་ལ་དགའ་བ་འམ། གྲོང་ཁྱེར་ལ་དགའ་བ་འམ། སྐྱེ་མཆེད་ལ་དགའ་བ་མ་བསྐྱེད་ཀྱི། བྲམ་ཟེ་གཞན་དུ་སངས་རྒྱས ་ཉིད་རྣམ་པས་རྗེས་སུ་དྲན་ནོ།། བྲམ་ཟེ་ཁོ་མོས་ནི་གསུམ་སེམས་ལ་ཡིད་ལ་བྱ་བ་ཡིད་ལ་བྱས་ཏེ། དེ་བཞིན་གཤེགས་པ་ཕྱོགས་གང་ན་བཞུགས་པ་དང་། དེ་བཞིན ་གཤེགས་པས་ཆོས་གང་བཤད་པ་དེ་ཐམས་ཅད་ཁོ་མོས་ལེགས་པར་ཡོངས་སུ་བཟུང་ཞིང་། ཁོ་མོས་དོན་ཏམ་ཚིག་འབྲུ་ལས་ཡི་གེ་དང་། ཚིག་གཅིག་ཀྱང་ཆུད་ཟོས ་པར་མ་བྱས་སོ།། དེ་བཞིན་གཤེགས་པ་དགེ་སློང་གི་དགེ་འདུན་གྱི་ཡོངས་སུ་བསྐོར་བ་ཁོ་མོས་ནམ་ཡང་ཡིད་ལ་མ་བྱས་པར་མ་གྱུར་ཏོ།། ཁོ་མོས་ཉིན་མཚན་གང་དུ ་ཡང་སངས་རྒྱས་མ་མཐོང་བ་དང་། ཆོས་མ་ཐོས་པ་དང་། དགེ་འདུན་ལ་སྙེན་བཀུར་མ་བྱས་པར་མགྱུར་ཏོ།། བྲམ་ཟེ་ཁོ་མོ་ནི་སངས་རྒྱས་ལ་བལྟ་བ་དང་། ཆོས་མཉན ་པ་དང་། དགེ་འདུན་ལ་བསྙེན་བཀུར་བྱ་བས་ཆོག་པ་མེད་དོ།། དེ་ནས་བྲམ་ཟེ་ཚངས་པའི་ལྷས་བྲམ་ཟེའི་ཁྱེའུ་ཞིག་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ཁྱོད་མངས་ལོ་རྒྱས ་འདི་རྒྱལ་པོ་དང་བཙུན་མོ་ལ་གསོལ་ཅིག། དེ་ནས་བྲམ་ཟེའི་ཁྱེའུ་དེ་རིང་བའི་ཚུལ་དུ་སོང་སྟེ། ཅི་ལྟར་མཐོང་བའི་ལོ་རྒྱུས་ཐམས་ཅད ་རྒྱལ་པོ་དང་བཙུན་མོ་ལ་གསོལ་ཏོ།། བུ་མོ་དྲ་མ་མེད་ཀྱིས་བྱིན་པས་ཀྱང་། ཅི་ལྟར་བྲམ་ཟེ་ཚངས་པའི་ལྷ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་པོ་དེ་དག་གིས་བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་དེ་ལྟར་སངས་རྒྱས་ཀྱིས་བསྔགས་པ་བརྗོད། ཆོས་དང་དགེ་འདུན་གྱི་བསྔགས་པ་བརྗོད་དོ།། དེ་ནས་བུ་མོ་དྲི་མ་སེད ་ཀྱིས་བྱིན་པ་ཤིང་རྟ་ལ་བབས་ནས། བྲམ་ཟེ་དེ་དག་ལྷན་གཅིག་ཏུ། བྱང་ཆུབ་སེམས་དཔའ་དེ་དག་དང་། ཉན་ཐོས་ཆེན་པོ་དེ་དག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེ་དག ་གི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། གུས་པ་དང་བཅས། ཞེ་ས་དང་བཅས་པ། ཚེ་དང་ལྡན་པ་ཤ་རིའི་བུས་མདུན་དུ་འདུག་ནས། ཚེ་དང་ལྡན་པ་ཤ་རིའི་བུ་ག་ལ ་བ་དེ་ལགས་སུ་ཐལ་མོ་སྦྱར་བ་བཏུད་དེ། ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཤ་རིའི་བུ་བུད་མེད་ནི་ཤེས་རབ་སོར་གཉིས་པ། ཉོན་མོངས་པ་དྲག་པ། ་བག་མེད་པ་མང་བ། དམན་པ་ལ་མོས་པ། ཚུལ་བཞིན་མ་ལགས་པ་ཡིད་ལ་བགྱིད་པའི་དབང་དུ་འཆི་བ་ལགས་ན། བདག་ལ་ཐུགས་བརྩེ་བ་ཉེ་བར་གཟུང་སྟེ། ཅི་ནས ་བདག་གིས་ཡུན་རིང་པོའི་དོན་དང་། སྨན་པ་དང་། བདེ་བར་འགྱུར་བའི་སླད་དུ་བཙུན་པས་དེ་ལྟར་བདག་ལ་ཆོས་ལེགས་པར་བསྟན་དུ་གསོལ། ཀོ་ས་ལའི་རྒྱལ་པོ་གསལ ་རྒྱལ་གྱིས་གཏམ་བྱུང་བ་འདི་དང་། བྲམ་ཟེའི་ཚིག་ཐོས་ནས་མྱུར་བའི་ཚུལ་གྱིས་ཕྱོགས་དེར་ཕྱིན་ཏེ། དེས་ཉན་ཐོས་ཆེན་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ ་དག་ལ་ཕྱག་བྱས་ནས། རང་གི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་ཁྱོད་ན་རེ་ཁོ་མོ་ནམ་ཡང་རྨུགས་པ་དང་། གཉིད་ཀྱིས་ནོན་པར་གྱུར་ཏོ།། ནམ་ཡང་དགའ་བ ་དང་། རྩེ་བ་དང་ལྡན་པའི་སེམས་བསྐྱེད་དོ་ཞེས་ཟེར་བ་དེ་ལྟར་ཁྱོད་བདེ་བ་དང་། ཡིད་བདེ་བ་ལ་བརྩོན་ནམ། འོན་ཏེ་འདི་ལྟར་ཡིད་བྱུང་བའི་ཚུལ་གྱིས་སྨྲ། དེ་ནས་རྒྱལ་པོ ་གསལ་རྒྱལ་གྱིས་རང་གི་བུ་མོ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཁྱོད་ཀྱི་གཟུགས་བྱད་ལྷའི་བུ་མོ་མཚུང་ཞིང་འདྲ།། རྒྱན་རྣམས་ཀྱིས་ནི་ཆས་པ་ཆ་བྱེད་འཛིན།། ཅི་ལྟར ་ཁྱོད་ནི་ནམ་ཡང་གཉིད་ཀྱིས་མ་ནོན་པ།། ཅི་ལྟར་བུ་མོ་ཁྱོད་ནི་འདི་འདྲིའི་ཡིད་བྱུང་གྱུར།། ཁྱད་ཀྱི་རྒྱལ་སྲིད་རྒྱས་ཤིང་ཤིན་ཏུ་ལེགས་པར་འབྱོར།། མ་ནི་རྟག་ཏུ་ཁྱོད་ཀྱིས ་དབང་དུ་གྱུར་པ་ཡིན།། བུ་མོ་དགའ་བ་དེ་ལས་ཅི་འདྲ་གཞན་ཡོད་ན།། དེའི་ས་ཁྱོད་ཀྱི་ལུས་ནི་དགའ་བ་རྙེད་མ་གྱུར། སྡུག་ཅིངས་ཕངས་ལ་ཡིད་དུ་འོང་བ་སྟེ། སྐྱེ་བ་ཀུན་ལ ་དགའ་བ་སྐྱེད་ཡིན་ན།། ཡོན་ཏན་བརྒྱ་ཕྲག་དུ་མས་བརྒྱན་པ་ཁྱོད།། ཅིའི་ཕྱིར་ན་ཁྱིམ་འདིར་དགའ་བ་མེད། བུ་མོ་ཁྱོད་ཀྱིས་ཅི་ཞིག་ཐོས་གྱུར་ཅིག། ཅི་ཞིག་མཐོང་ན་འདི་ལྟར ་ཡིད་མི་བདེ།། ཡོངས་སུ་ཉམས་ཤིང་ཡིད་བྱུང་སེམས་སུ་གྱུར།། ཁྱོད་ནི་འདོད་པ་ཅི་འདྲ་ང་ལ་སྨོས།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས།། རང་གི་ཕ་རྒྱལ་པོ་གསལ་རྒྱ ་ལ་ཚིགས་སུ་བཅད་དེ་སྨྲས་པ། ཡབ་ཅིག་ཕུང་པོ་ཉེས་མིག་སྣོད་རྣམས་པ། ཁྱིམ་གྱི་སྐྱོན་རྣམས་ཐུགས་སུ་མ་ཆུང་ངམ། འཁོར་བའི་གནས་ནི་ས ་ཡང་ལ་ལྟ་དང་མཚུངས།། འཚོ་བའི་འཇིག་རྟེན་མི་གནས་འཇིག་པ་ན།། བྲུལ་དུག་ནང་ན་གནས་པའི་ཁྱིམ་འདི་ལ།། གཉིད་དང་འདོད་པའི་འདུན་པ་གང་ལ་མཆིས།། ཁམས ་འདི་དག་ནི་གདུག་པའི་སྤྲུལ་བཞི་སྟེ།། སྲིད་པ་སེམས་དཔའ་བདེ་བ་ག་ལ་མཆིས།། མི་འཛའ་ཚོགས་ཀྱིས་རབ་ཏུ་གཙེས་གྱུར་ཅིང་།། དགོན་པར་ཕྱིན་ལ་དགའ་བ་ག་ལ ་མཆིས།། ཀུན་ནས་ཉོན་མོངས་དགྲའ་ཡོངས་བསྐོར་བ།། ཅི་ལྟར་བདེ་ཐོབ་རྒྱལ་པོ་བཀའ་སྩོལ་ཅིག། དུག་འཐུངས་པ་ལ་བདེ་བ་ག་ལ་མཆིས།། གསད་པར་ཁྲིད་ལ་བདེ ་བ་ག་ལ་མཆིས།། གཡངས་ས་ཆེ་འདིར་སུ་ཞིག་ཡིད་སྟོན་གྱིས།། རྒྱལ་པོ་འཚོ་བའི་འཇིག་རྟེན་དེ་དང་མཚུངས།། བློ་ངན་དག་གི་ལུས་རྣམས་བོར་བ་ནི།། རི་རབ་ཙམ་གྱི་ཕུང་པོར ་རབ་གྱུར་ཏོ།། དེ་བཞིན་གཤེགས་པས་དཔེ་ནི་བཀའ་སྩལ་ན།། འདུས་བྱས་སླུ་བའི་ཆོས་ལ་སུ་ཡིད་རྟོན།། ཕ་དང་མ་དང་སྡུག་དང་མིང་པོ་དང་།། བུ་དང་རྩ་ལག་གཉེན་ཚེགས ་འགྲོ་བ་ཀུན།། འདུས་བྱས་ཐམས་ཅད་མེ་ལོངས་གཟུགས་བརྙན་འདྲ།། འདི་འདྲིའི་མི་སྡུག་གང་ལ་སུ་ཡིད་རྟོན།། གང་ཚེ་བདག་གི་རང་བྱུང་རྒྱལ་བ་མཐོང་།། དེ་ཚེ་བསས་ཀྱི་རྒྱས ་འགྱུར་སྙམ་སེམས་ཀྱང་སྐྱེ། བྱང་ཆུབ་སེམས་དཔའ་བག་མེད་འགྱུར་བ་ནི།། ཡབ་གཅིག་བདག་གིས་མ་མཐོང་མ་ཐོས་སོ།། བདག་ནི་མཚན་རྫོགས་རྒྱལ་བ་ལྟ་འཚལ་གྱུར།། ་བདེ་བར་གཤེགས་པས་གསུངས་པའི་ཆོས་ཀྱང་ཐོས།། རྒྱལ་བ་རྒྱལ་པོའི་སྲས་པོ་འདི་དག་མཐོང་།། ཡབ་ཅིག་ཇི་ལྟར་འདོད་པ་བསྟན་པར་བགྱིད།། དེ་ནས་རྒྱལ་པོ་གསལ ་རྒྱལ་བུ་མོས་ཚིག་ཐོས་ནས། ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་རང་གི་ཕ་ཅང་མི་སྨྲ་བར་འགྱུར་བར་རིག་ནས། ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི ་སྐད་ཅེས་སྨྲས་སོ།། བཙུན་པ་ཤ་རིའི་བུ་ཁྱོད་ལ་ཞུ་བ་ཞུས་ཐུགས་བརྩེ་བར་དགོངས་སྟེ་ལན་གདབ་ཏུ་གསོལ། འདི་ལྟར་བཙུན་པ་ཤ་རིའི་བུ་ནི་བཅོམ་ལྡན་འདས་ཀྱིས་ཤེས ་རབ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཤེས་རབ་དེ་འདུས་བྱས་ལགས་སམ། འོན་ཏེ་འདུས་མ་བྱས་ལགས།། དེ་གལ་ཏེ་འདུས་བྱས་ལགས་ན་དེ ་བཞིན་གཤེགས་པས་འདུས་བྱས་ཐམས་ཅད་ནི་བརྫུན་པ་བསླུ་བའི་ཆོས་ཅན་ནོ་ཞེས་བཀའ་སྩལ་ཏོ།། ཅི་ཏེ་འདུས་མ་བྱས་ལགས་ན་འདུས་མ་བྱས་ལ་ནི་སྐྱེ་བ་མ་མཆིས། ་སོ།། གང་ལྟ་སྐྱེ་བ་མ་མཆིས་པ་དེ་ལ་ནི་ཕྲད་པ་མ་མཆིས་པ་ན། ཕྲད་པ་མ་མཆིས་པའི་ཤེས་རབ་ཀྱིས་ཅི་ལྟར་བཙུན་པ་ཤ་རིའི་བུ་ཤེས་རབ་ཆེན་པོ་ཞེས་བགྱི། དེ་ནས་ཚེ ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས། ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཤི་རིའི་བུ་བུ་མོས་དྲིས་པའི་ལན་ཐོབ་ཤིག། ཤ་རིའི་བུས་སྨྲས་པ། བུ་མོ་ནི ་འདུས་བྱས་མི་འདྲིའི་བུ་མོས་ནི་སྐྱེ་བ་མེད་པ་དྲིས་ཏེ་དེ་ནི་ལན་གདབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི ་སྐད་ཅེས་སྨྲས་སོ།། འདི་ལྟར་བཙུན་པ་མོའུ་དགལ་གྱི་བུ་ཆེན་པོ་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན ་བ་ལགས་ན། ཅི་ཚེ་དང་ལྡན་པ་སེམས་ཅན་དུ་འདུ་ཤེས་པ་ལ་གནས་ཏེ་རྫུ་འཕྲུལ་སྟོན་ཏམ། འོན་ཏེ་ཆོས་སུ་འདུ་ཤེས་པ་ལ་གནས་ཏེ་རྫུ་འཕྲུལ་སྟོན། གལ་ཏེ་སེམས ་ཅན་དུ་འདུ་ཤེས་པ་ལ་གནས་ཏེ་སྟོན་ན། སེམས་ཅན་ནི་མ་མཆིས་པ་སྟེ་དེ་ལྟ་བས་ན་རྫུ་འཕྲུལ་དེ་ཡང་མ་མཆིས་པར་འགྱུར་རོ།། ཅི་སྟེ་ཆོས་སུ་འདུ་ཤེས་པ ་ལ་གནས་ཏེ་སྟོན་ན། ཆོས་ཉིད་ནི་འགྱུར་བ་མ་མཆིས་པའོ།། འགྱུར་བ་མ་མཆིས་པ་གང་ལགས་པ་དེ་ལ་ནི་རྣམ་པར་རྟོག་པ་མ་མཆིས་ན། རྣམ་པར་མི་རྟོག་པས ་ཅི་ལྟར་ཚེ་དང་ལྡན་པའི་རྫུ་འཕྲུལ་འབྱོར་པར་འགྱུར། ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ཡང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བྱམས་མའི་བུ་གང་པོས། ཆ ་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། མོའུ་དགལ་གྱི་བུ་ཆེན་པོ་བུ་མོས་དྲིས་པའི་ལན་ཐོབ་ཤིག། མོ་ཆུ་དགལ་ཀྱི་བུས་སྨྲས་པ། བུ་མོས་འཆུང ་མ་སྒྲིས་ཐམས་འགྱུང་བ་སྲིད་འཛིམ་པ། འབྱུང་པ་མེ་པ་། དམ་པ་མ་རྟག་པནི་གག་པ་སལ་པས ་མ་མ་པ། པ་སུ་མ་ཇིམས་ཀྱི་སརྐྱེན་པས། བྱམས་པའི་ཐག་པལ་དིག་ཀྱིས་རྣམ་པ། ས་ང་ནས་དང་བརྣམ ་ས་ཚས་བླ་བ་རྣམས་ཀྱི་མཆབ་ཏུ་བསྟན་པ་ལགས་ན། ས་རྦ་དང་ལྡན་པ་དམིགས་པ་དང་བཅས་པའི་ཆོས་སྟོན་ཏམ། འོན་ཏེ་དཔགས་པ་མ་མཆིས་པའི་ཆོས་སྟན། ་གལ་ཏེ་དམིགས་པ་དང་བཅས་པའི་ཆོས་སྟོན་ན་ནི། ཁྱོད་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་སོ།། དེ་ཅིའི་སླད་དུ་ཞེ་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ནི།། ་དམིགས་པ་དང་བཅས་པའི་སླད་དུ་ཏེ། དེ་ལྟ་བས་ན་བཙུན་པ་ཡང་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་ཀྱི་ཆོས་རྣམས་དང་མ་བྲལ་བ་ལགས་སོ།། ཅི་ཏེ་དམིགས་པ་མ ་མཆིས་པའི་ཆོས་སྟོན་ན་ནི། ཆོས་སྨྲ་བ་ཉིད་དངོས་པོ་མ་མཆིས་པར་གྱུར་ཏེ་མི་འཐད་དོ།། དེ་ནས་ཚེ་དང་ལྡན་པ་གང་པོ་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་འོད ་སྲུང་ཆེན་པོས་གང་པོ་ལ་འདི་སྐད་ཅེས་སྨྲས་སོ།། གང་པོ་བུ་མོས་དྲིས་པའི་ལན་ཐོབ་ཤིག། ཚེ་དང་ལྡན་པ་གང་པོས་སྨྲས་པ། བུ་མོ་ནི་ཀུན་རྫོབ་མི་འདྲི། བུ་མོས་ནི ་དོན་དམ་པ་དྲིས་ཏེ། དེ་ནི་ལན་གདབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་བཙུན ་བ་འོད་སྲུང་ཆེན་པོ་ནི་རྣམ་པར་ཐར་པ་བརྒྱད་ལ་སྙོམས་པར་ཞུགས་ནས། ལངས་ཏེ་གཞན་དག་ལ་སྟོན་ཅིང་། གང་དག་ལས་ཐ་ན་གཟར་བུ་གང་ཙམ་གྱིས་བསོད་སྙོམས ་ཡོངས་སུ་བླངས་པ་དེ་དག་ཐམས་ཅད་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེ་ན། དེ་ཅི་བཙུན་པས་ལུས་སྦྱིན་པ་སྦྱོང་ངམ་འོན་ཏེ་སེམས་ཀྱི་སྦྱིན་པ་སྦྱོང་། གལ་ཏེ་ལུས་ཀྱི ་སྦྱ་ན། ལུས་ནི་བས་ཐོགས་མ་མཆིས་པ། བྱེད་པ་ལ་མཆིས་པ་སྟེ། རྩཝ་རང་ཤིང་དང་། རྩིག་པའི་ཆོས་ལྟ་བུ་མིག་ཡོང་དང་མཚུངས་པ ་དེས་ཀྱང་སྦྱོང་བར་མི་ནུས་སོ།། ཅི་སྟེ་སེམས་ཀྱི་སྦྱོང་ན། སེམས་ནི་སྒྱུ་མ་ལྟ་བུ་གནས་པ་མ་མཆིས་པ་སྟེ། དེས་ཀྱང་སྦྱོང་བར་མི་ནུས་སོ།། ཅི་སྟེ་ལུས་དང་སེམས ་ཀྱི་ཕྱི་རོལ་གྱིས་སྦྱོང་ན་དེ་ནི་མ་མཆིས་པ་སྟེ། མ་མཆིས་པས་ཅི་ལྟར་སྦྱོང་བར་བགྱིད། དེ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་ཡང་ཅང་མི་སྨྲ་བར་གྱུར་ཏོ།། རབ་འབྱོར། ་ཀྱིས་སྨྲས་པ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་བུ་མོས་དྲིས་པའི་ལན་ཐོབ་ཤིག། འོད་སྲུང་ཆེན་པོས་སྨྲས་པ། བུ་མོ་ནི་ལེན་པ་མི་འདྲིའ། བུ་མོས་ནི་ལེན་པ་མེད་པ ་དྲིས་ཤིང་ཡང་དག་པའི་མཐའ་འདི་བས་དེ་ནི་ལན་གདབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་གནས་བརྟན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། ་འདི་ལྟར་བཙུན་པ་རབ་འབྱོར་ནི་བཅོམ་ལྡན་འདས་ཀྱིས་ཉོན་མོངས་པ་མེད་པར་གནས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་ཉོན་མོངས་པ་མེད་པ་དེ་དངོས ་པོས་རབ་ཏུ་ཕྱེ་བ་ལགས་སམ། འོན་ཏེ་ཆོས་ཉིད་ཀྱི་རབ་ཏུ་ཕྱེ་བ་ལགས། གལ་ཏེ་དངོས་པོས་རབ་ཏུ་ཕྱེ་བ་ལགས་ན་ནི། འདུས་བྱས་སུ་འགྱུར་རོ།། ཅི་ཏེ་ཆོས་ཉིད ་ཀྱི་རབ་ཏུ་ཕྱེ་བ་ལེགས་ན། ཆོས་ཉིད་ནི་སྐྱེ་བ་མ་མཆིས་པའི་མཚན་ཉིད་དང་། འགག་པ་མ་མཆིས་པའི་མཚན་ཉིད་དེ། སྐྱེ་བ་མ་མཆིས་པ་དང་འགག་པ ་མ་མཆིས་པའི་མཚན་ཉིད་གང་ལགས་པ་དེ་ནི་མཉམ་པ་ཉིད་དོ།། ཉམ་པ་ཉིད་གང་ལགས་པ་དེ་ནི་དེ་བཞིན་ཉིད་དོ།། དེ་བཞིན་ཉིད་གང་ཡིན་པ་དེ་ནི་འགྱུར་བ་མིད་པའོ།། ་འགྱུར་བ་མ་མཆིས་པ་གང་ལགས་པ་དེ་ནི་ཐ་སྙད་མ་མཆིས་པའོ།། ཐ་སྙད་མ་མཆིས་པ་གང་ལགས་པ་དེ་ནི་བསམ་གྱིས་མི་ཁྱབ་པའོ།། བསམ་གྱིས་མི་ཁྱབ་པ་གང་ལགས ་པ་དེ་ནི་བསྟན་དུ་མ་མཆིས་པའོ།། བསྟན་དུ་མ་མཆིས་པ་གང་ལགས་པ་དེ་ནི་དངོས་པོ་མ་མཆིས་པའོ།། དངོས་པོ་མ་མཆིས་པ་གང་ལགས་པ་དེ་ནི་མ་བྱུང་བའོ།། མ་བྱུང་བ་གང ་ལགས་པ་དེ་ནི་འཕགས་པ་རྣམས་མི་སྟོན་ཏོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ནམ་གྲུས། ཚེ་དང་ལྡན་པ་རབ་འབྱོར་ལ་འདི ་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་རབ་འབྱོར་བུ་མོས་དྲིས་པའི་ལན་ཐོབ་ཤིག། རབ་འབྱོར་གྱིས་སྨྲས་པ། འདི་ལ་བརྗོད་དུ་ཅི་ཡང་མེད།། ཅང་མི་སྨྲ་བ་བདེ་ཐོབ་བྱེད།། ་སྤྲོས་པ་མེད་པའི་ཆོས་འདི་དག། བུ་མོ་ཡོངས་སུ་འབྲི་བ་བྱེད།། ཅི་སྲིད་དངོས་པོ་སྐྱེ་ཡོད་པ།། དེ་སྲིད་སྐྱོན་གྱིས་གོས་པར་འགྱུར།། ཆོས་ཀྱི་དབྱིངས་ནི་ཐ་སྙད་མེད།། ་འདི་ནི་ཉོན་མོངས་མེད་པའི་ཚུལ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་ནམ་གྲུ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་ནམ་གྲུ་ནི་བཅོམ་ལྡན ་འདས་ཀྱིས་བསམ་གཏན་པ་རྣམས་ཀྱིས་མཆོག་དུ་བསྟན་པ་ལགས་ན། ཅི་སེམས་ལ་གནས་ཏེ་བསམ་གཏན་མཛད་དམ། འོན་ཏེ་སེམས་མ་མཆིས་པ་ལ་གནས་སྟེ། ་ས[।]་ས་ཐན་པ ་བཀུན་བརྟགས་པ་ལགས་ན། ཅི་ཡང་དག་པ་མ་ཡིན་པ་ཀུན་བརྟགས་པ་མ་མཆིས་པ་ལགས་སོ།། བསམ་གཏན་མཛད་དག། ཅི་སེམས་མ་མཆིས་པ་ལ་གནས་ཏེ་བསས ་གཏན་མཛད་ན་ནི། རྩཝ་དང་ཤིང་དང་རྩིག་པ་དང་རྡོ་ལ་སོགས་པ་བྱུང་བ་དང་། ཞིག་པ་དེ་དག་ཐམས་ཅད་ཀྱང་ཏིང་ངེ་འཛིན་དུ་འགྱུར་རོ།། དེ་ཅིའི་སླང་དུ་ཞེ་ན། འདི་ལྟར་དེ་དག་ནི ་སེམས་མ་མཆིས་པའི་སྲང་དུའོ།། ཚེ་དང་ལྡན་པ་ནམ་གྲུ་ཡང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་མ་འགགས་པས།། ཚེ་དང་ལྡན་པ་ནམ་གྲུ་ལ་འདི་སྐད་ཅེས་སྨྲས་སོ ་ཚེ་དང་ལྡན་པ་ནམ་གྲུ་བུ་མོས་དྲིས་པའི་ལན་ཐོབ་ཤིག། ནམ་གྲུས་སྨྲས་པ། བུ་མོ་ནི་དེ་བཞིན་གཤེགས་པའི་ཡུལ་ཡོངས་སུ་འདྲི་སྟེ། དེ་ནི་ཉན་ཐོས་རྣམས་ཀྱི་བསྟན་པར་མི ་ནུས་སོ།། བུ་མོས་སྨྲས་པ། ཚེ་དང་ལྡན་པ་ནམ་གྲུས་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པ་རྣམས་ཀྱི་ཡང་གཞན་ལ། ཉན་ཐོས་རྣམས་ཀྱི་ཡང་གཞན་ལགས་སམ། གལ་ཏེ ་ཆོས་ཀྱི་དབྱིངས་གཞན་ལགས་ན་ནི་ཐ་དད་དུ་འགྱུར་རོ།། དེ་བཞིན་གྱི་ནི་གཉིས་སུ་མ་མཆིས་ཏེ། དེ་བས་ན་དེ་བཞིན་ཉིད་དང་གཉིས་ནི་བྱེ་ཟམ་མ་མཆིས་ན། པའི་སྲང་དུ་རྩེ་ད ་ལྡན་པ་ནམ་གྲཝ་དེ་སྐད་གསུང་། ནས་གྲཝ་ཡང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མ་དྲི་མ་མེད་ཀྱིས་བྱིན་པས། ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ།། འདིས ་དང་ལྡན་པ་མ་འགགས་པས་ནི་བཅོམ་ལྡན་འདས་ཀྱིས་ལྷའི་མིག་ཅན་རྣམས་ཀྱིས་མཆོག་ཏུ་བསྟན་པ་ལགས་ན། ཅི་ལྔའི་མིག་གིས་དངོས་པོ་གཟིགས་སམ། འོན་ཏེ་དངོས་པོམ ་བ་གཟིགས། གལ་ཏེ་དངོས་པོ་གཟིགས་ན་ནི། རྟག་པར་ལྟ་བར་འགྱུར་རོ།། ཅི་ཏེ་དངོས་པོ་མ་མཆིས་པར་གཟིགས་ན་ནི། ཆད་པར་ལྟ་བར་འགྱུར་ཏེ། དེ་ཡང་མི་རིགས་སོ།། མ་འགགས་པ ་ཡང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས། ཚེ་དང་ལྡན་པ་མ་འགགས་པ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་མ་འགགས་པ། བུ་མོས་དྲིས་པའི་ལན་ཐོབ ་ཤིག། ཚེ་དང་ལྡན་པ་མ་འགགས་པས་སྨྲས་པ། བུ་མོ་ནི་ཤེས་རབ་ཀུན་ཏུ་འཇོམས་པ་དྲི་བས་དེ་ནི་ལན་གདབ་པར་མི་ནུས་སོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་ཚེ་དང་ལྡན་པ་ཀུན་དགའ ་བོ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ལྟར་ཚེ་དང་ལྡན་པ་ཀུན་དགའ་བོ་ཁྱོད་ནི་བཅོམ་ལྡན་འདས་ཀྱིས་མང་དུ་ཐོས་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་མང་དུ་ཐོས་པ་ཉིད་དེ་དོན་དུ་བལྟ ་འམ། འོན་ཏེ་ཚིག་འབྱུང་བ་ལྟ། གལ་ཏེ་དོན་དུ་བལྟ་ན་དོན་ནི་བརྗོད་དུ་མ་མཆིས་ཤིང་བསྙད་དུ་མ་མཆིས་པ་སྟེ། དེ་ནི་རྣ་བའི་རྣམ་པར་ཤེས་པས་ཤེས་པར་བགྱི་བ་མ་ལགས་པ་ནས་ཡིད་ཀྱི་རྣ ་བ་ཤེས་པའི་མ་ཀྱི་ཤེས་པར་བགྱི་པ་ས་ལགས་པ་སྟེ། རྣམ་པ་དེ་ལ་ཞུ་གང་ལགས་པ་དོན་བསྟན་དུ་མ་མཆིམ་མན་ས་ག་ཚིག་འཐུང་བ་སྟན་ན་ནི། བཅོམ་ལྡན་ལས་ཀྱི་སངོན ་ནལ་ཡ་ཀྱི་གྱི་ཕྲུ་སྟ་པ་མ་ཡིན་ནོ་ནས་བསང་བས། དེཔསན་མ་རྫུན་པདུན་པའ་ལས་ས་པ་ཐོ་བམ་མརྣཔ་པ་དས་ཅས ་ཀུན་དགའ་བོ་ཡང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས།། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན ་པ་ཀུན་དགའ་བོ་བུ་མོས་དྲིས་པའི་ལན་ཐོབ་ཤིག། ཀུན་དགའ་བོས་སྨྲས་པ། བུ་མོ་ནི་ཡི་གེ་དང་བྲལ་བ་འབྲི་ཏེ། དེས་ནི་སྒྲས་ཚིམ་པར་བྱེད་པ་མི་ནུས་སོ།། བུ་མོ་ནི་སེས ་དང་བྲལ་བའི་མཉམ་པ་ཉིད་འདྲི་སྟེ། སློབ་པ་རྣམས་ཀྱིས་མ་ཡིན་ན། དེ་ཅི་ལྟར་བསྟན་པར་བྱ་སྟེ། ཆོས་ཀྱི་མངའ་བདག་དེ་བཞིན་གཤེགས་པ་ལ་ཞུ་དགོས་པའོ།། ་དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་ཁྱོད་ནི་དེ་བཞིན་གཤེགས་པཔཱ་ལཾ་ཟབ་མོ་ལ་མོས་པའི་བྱང ་ཆུབ་སེམས་དཔའ་རྣམས་ཀྱི་མཆོག་ཏུ་བསྟན་པ་ལགས་ན། ཅི་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པས་ཁྱོད་ཟབ་པ་འམ། འོན་ཏེ་ངོ་བོ་ཉིད་ཟབ་པས་ཟག། གལ་ཏེ་རྟེན་ཅིང ་འབྲེལ་བར་འབྱུང་བ་ཟབ་པས་ཁྱོད་ཟབ་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་དང་ལྡན་པའི་ཆོས་གང་ཡང་མ་མཆིས་སོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་རྟེན་ཅིང་འབྲེལ་པར ་འབྱུང་བ་ནི་སོང་བ་མ་ལགས། འོང་བ་མ་ལགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་མིག་གི་རྣམ་པར་ཤེས་པས་ཤེས་པར་བགྱི་བ་མ་ལགས་པ་ནས། ཡིད་ཅི་རྣམ་པར་ན། ་པའི་བར་གྱི་ཤེས་པར་བགྱི་བ་མ་ལགས་ཤིང་། གཉིས་སུ་མ་མཆིས་ལ་ཀུན་འབྱུང་བ་མ་མཆིས་པའི་སླད་དུའོ།། ཅི་སྟེ་ངོ་བོ་ཉིད་ཟབ་པས་ཟབ་པ་ཡིན་ན་ནི། ངོ་བོ་ཉིད་གང ་པ་ག་སུམོ་པ་དགཔ་མ་ཡ་མ་པ།། དུམ་ཁྲིམ་མ་ཙུན་པས་རྣམ་པ་འ ་དག་པའི་མཐའ་ནིམཐའ་མ་ལགས་ཏེ། དེའི་སྲང་དུ་རྣམ་པར་ཤེས་པས་འཇལ་པ་མ་ལགས་སོ།། འཇམ་དཔལ་གྱིས་སྨྲས་པ། བུ་མོ་ཡང་དག་པའི་མཐའ་ཞེས་བྱ་བ་འདི་ནི་དམིགས ་སུ་མེད་པའི་ཚིག་བླ་དགས་སོ།། བུ་མོ་དྲི་མ་མེད་ཀྱི་བྱིན་པས་སྦས་པ། འཇམ་དཔལ་དམིགས་སུ་མ་མཆིས་པ་གང་གིས་ཚིག་བླ་དགས་ཀྱང་མ་ལགས་ཏེ། དམིགས་སུ་མ་མཆིས་པ་ནི། ་ཚིག་བླ་དགས་ལས་ཡང་བར་འདས་པ་ལགས་སོ།། འཇམ་དཔལ་གྱིས་སྨྲས་པ། བུ་མོ་འདི་ཇི་ལྟར་གཞན་དག་ལ་བསྟན་པར་བྱ། བུ་མོས་སྨྲས་པ། འཇམ་དཔལ་དེ་བཞིན་གཤེགས་པ ་རྣམས་ཀྱི་བྱང་ཆུབ་ནི་བསྟན་པ་ལས་ཡང་དག་པར་འདས་པ་ལགས་ཏེ། དེ་ནི་བརྗོད་པས་བསྟན་པར་མི་ནུས་སོ།། འཇམ་དཔལ་ཡང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས ་བྱིན་པས། བྱང་ཆུབ་སེམས་དཔའ་མཐོང་བ་དོན་ཡོད་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྲོད་འདི་སྐད་དུ་ཅི་ནས་ཀྱང་གྲོང་ཁྱེར་ན་སྐྱེས་པ་འམ། བུད་མེད་དམ། ཁྱེའུ་འམ་བུ་མོ་གང ་དག་ཁོ་བོའི་མིག་ལས་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པའི་གཟུགས་མཐོང་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བྱས་མ་པ་མ་ཐོས་བསམ་པར་བྱའོ་ནས་གསུལ ་པ་དེ་ཅི་དེ་བཞིན་གཤེགས་པས་གཟུགས་ཀྱི་སྐུར་མཐོང་བར་མཛད་དམ། འོན་ཏེ་ཆོས་ཀྱི་སྐུར་མཐོང་བར་མཛད། གལ་ཏེ་གཟུགས་ཀྱི་སྐུར་མཐོང་བར་མཛད་ན། དེ་ནི་སངས་རྒྱས། ་ཀྱི་བཀའ་མ་ལགས་ཏེ། བཅོམ་ལྡན་འདས་ཀྱིས་ནི་འདི་སྐད་དུ། གང་དག་ང་ལ་གཟུགས་སུ་མཐོང་།། གང་དག་ང་ལ་སླར་ཤེས་པ།། འདུན་པ་འདོད་ཆགས ་ལྡན་པ་སྟེ།། སྐྱེ་བོ་དེ་དག་ང་མི་མཐོང་ཞེས་གསུངས་སོ།། ཅི་ཏེ་དེ་བཞིན་གཤེགས་པ་ཆོས་ཀྱི་སྐུར་བར་མཛད་ན། ཆོས་ཀྱི་སྐུ་ནི་བསྟན་དུ་མི་ནུས་པའོ།། དེ་ཅིའི་སླད་དུ་ཞེ་ན། དེ ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ནི་མིག་གི་རྣམ་པར་ཤེས་པ་ལས་ཡང་དག་པར་འདས་པ་སྟེ། བལྟ་བར་མི་ནུས་པའི་སླད་དུའོ།། མཐོང་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར ་གྱུར་ཏོ།། བྱང་ཆུབ་སེམས་དཔའ་རིན་ཆེན་ཏོག་གིས་སྨྲས་པ། མཐོང་བ་དོན་ཡོད་བུ་མོས་དྲིས་པའི་ལན་ཐོབ་ཤིག། མཐོང་བ་དོན་ཡོད་ཀྱིས་སྨྲས་པ། བུ་མོས་ནི་དངོས་པོ་མེད་པ ་འདྲི་ཏེ། དེ་ནི་བསྟན་པར་མི་ནུས་སོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས། སྨྲས་པ། བདག་ནི་དངོས་པོ་འམ་དངོས་པོ་མ་མཆིས་པ་མི་འདྲིའོ།། བསྟན་པ་བསློབ་ལ་དེ་ནས་སྟོན་ཅིག། ་མཐོང་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་པས་བྱིན་པས། བྱང་ཆུབ་སེམས་དཔའ་རིན་པོ་ཆེ་ཏོག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད ་ཀྱིས་འདི་སྐད་དུ་གང་གིས་གྲོང་ཁྱེར་ན་ཁྱིམ་ཐམས་ཅད་དུ་རིན་པོ་ཆེས་གང་བའི་གཏེར་རྣམས་བྱུང་བར་གྱུར་པའི་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུང ་པ་སྟེ། ཅི་ཟང་ཟིང་དང་བཅས་པས་ཕན་འདོགས་པ་མཛད་དམ། འོན་ཏེ་ཟང་ཟིང་མ་མཆིས་པས་ཕན་འདོགས་པ་མཛད། གལ་ཏེ་ཟང་ཟིང་དང་བཅས་པས་ཕན་འདོགས་ན་ནི ་ན་འན་པ་ལ་པ་ཡ་ས། 8།། རྒྱས་མམམ་བྱ་རྣམས་ཀྱི་དཔ་ཚ་མ་ཚང་ང ་སླང་དུགས་པང་དངས་མཆིས་པས་པན་འདོགས་པ་མཛངན་པང་ཟང་མ་མཆིས་པ་ནི་བསྒྲུབ་ཏུ་མ་མཆིས་པ་ལགས་སོ།། ན་པ་ཆེ་ཏོག་ཀྱང་རྒྱང་མི་སྨྲ་བར་གྱུར་ཏོ།། ་དེ་ནས་བུ་མ་དྲི་མ་མེད་ཀྱིས་བྱིན་པས། བྱང་ཆུབ་སེམས་དཔའ་ངན་སོང་སྤོང་བ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་གང་གིས་གྲོང་ཁྱེར་འདི་ན་ས ་ཅན་རྣམས་ཀྱི་ལས་ངན་སོང་མྱོང་བར་འགྱུར་བ་གང་ཡོད་པ་དེ་ཚེ་འདི་ཉིད་ལ་ཡང་ཞིང་ཆུང་ངུ་མྱོང་བར་འགྱུར་བ་རྣམས་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས ་གསུངས་པ་དེ་བཞིན་གཤེགས་པས་དེ་ནི་བསམ་གྱིས་མི་ཁྱབ་པ་ཉིད་དུ་བསྟན་ཏེ། དེ་ནི་ཁྱོད་ཀྱིས་བསམ་པར་མི་སྤྱོད་དོ།། གལ་ཏེ་སྤྱོད་ན་དེ་བཞིན་གཤེགས་པའི་བཀའ་དང་འག ་བར་འགྱུར་རོ།། ཅི་ཏེ་བསམ་པར་མི་སྤྱོད་ན་མི་མཁྱེན་བཞིན་དུ་མང་པོ་མྱོང་བར་འགྱུར་བའི་ལས་ཚེ་འདི་ཉིད་ལ་ཡང་ཞིང་ཆུང་ངུ་མྱོང་བར་འགྱུར་བའི་ཇི་ལྟར་མཛད་དེ། བདག་པོ་མ ་མཆིས་པའི་ཆོས་རྣམས་ལ་བདག་པོ་རྙེད་པར་འགྱུར་རོ།། གལ་ཏེ་དེ་ལྟར་མཛད་ན་དེ་བཞིན་གཤེགས་པའི་བཀའ་དང་འགལ་བར་འགྱུར་རོ།། ངན་སོང་སློང་གིས་སྨྲས་པ། ་ཁོ་བོ་ནི་སྨོན་ལམ་གྱི་དབང་གིས་མང་དུ་མྱོང་བར་འགྱུར་བའི་ལས་ཉུང་ངུ་མྱོང་བར་འགྱུར་རོན་བྱེད་དོ།། བུ་མོས་སྨྲས་པ། རིགས་ཀྱི་བུ་ཆོས་རྣམས་ཀྱི་ཆོས་ཉིད་ནི་སྨོན་ལམ ་བྱདང་གས་བསྡུད་དུ་ས་ནུས་ལགས་སོ།། གལ་ཏེ་ནུས་པར་གྱུར་ན་སེམས་ཅན་ཐམས་ཅད་ཡངས་སུ་མྱ་ངན་ལས་འང་མ་རྣམ་ང་བཞིན་གནས ་པ་རེ་རིའི་དགོངས་པ་དེ་སྨོན་ལམ་གྱི་དབང་གིས་ཅི་ལྟར་མི་འགྲུབ་སྟེ། རྣམ་གྲངས་འདིས་ན་སྨོན་ལམ་གྱི་དབང་གི་བསྒྱུར་བར་མི་ནུས་པར་རིག་པར་བྱའོ།། ངན་སོང་སྤོང་ཡང ་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བྱང་ཆུབ་སེམས་དཔའ་དྲི་བ་ཐམས་ཅད་རྣམ་པར་སེལ་བ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་འདི ་སྐད་དུ་གང་གིས་མཉན་ཡོད་ཀྱི་གྲོང་ཁྱེར་ཆེན་པོར་སྐྱེ་བོའི་ཚོགས་ཐམས་ཅད་ཀྱིས་སྒྲིབ་པ་ལྔ་པོ་དག་རྣམ་པར་སེལ་བར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་\ུ0f7fསམ ་པར་བྱའོ།། ཞེས་གསུང་བ་དེ། ཅི་ཏིང་ངེ་འཛིན་དེ་བདག་ལ་རག་ལས་པ་ལགས་སམ། འོན་ཏེ་གཞན་ལ་རག་ལས་པ་ལགས། གལ་ཏེ་བདག་ལ་རག་ལས་པ་ལགས་ན་ནི་མི ་འཕོ་བའི་ཆོས་ཅན་ལགས་ཏེ། ཅི་ལྟར་ཁྱོད་སྙོམས་པར་ཞུགས་པས་གཞན་དག་གིས་སྒྲིབ་པ་རྣམས་རབ་ཏུ་ཞི་བར་མཛད། ཅི་སྟེ་གཞན་ལ་རག་ལས་པ་ལག་ན་ནི་ཏིང་ངེ ་འཛིན་དེ་ཁྱོད་ཀྱི་མ་ལགས་སོ།། གང་ཁྱོད་ཀྱི་མ་ལགས་པ་དེས་ནི་གཞན་ལ་ཕན་པར་མཛད་པར་མི་སྤྱོད་དོ།། བྱང་ཆུབ་སེམས་དཔའ་སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བས་སྤྲས ་པ། བུ་མོ་ཁོ་བོའི་སྦྱོར་བ་ནི་བྱམས་པ་སྔོན་དུ་འགྲོ་བའོ།། བུ་མོ་དྲི་མ་མེད་ཀྱི་བྱིན་པས་སྨྲས་པ། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱང་བྱམས་པ་ལ་གནས ་མས་ན། སངས་རྒྱས་ཀྱི་ཞིང་རྣམས་ན་སེམས་ཅན་དགལ་སྒྲུབ་པ་རྣམས་ཀྱིས་གནོད་པ་སང་མ་ཚམ་ས།། བྱང་ཆུབ་སེམས་དཔའ་སྒྲུབ་པ་ཐམས་ཅད་པོ་པ་ས ་བ་མང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མ་དྲི་མ་མེད་ཀྱིས་བྱིན་པས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི ་ཁྱོད་ཀྱིས་འདི་སྐད་དུ་ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་བཅིངས་པ་དང་། གསད་པར་སྨཻ་བ་འདི་དག་ཐར་པ་དང་འཇིགས་པས་ཉེན་པ་རྣམས་ཀྱང་འཇིགས་པ ་མེད་པར་ཐོབ་པར་འགྱུར་བ་རྣམས་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུངས་པ་དེ། ཅི་ཁྱོད་ཀྱིས་སྦྱོར་བ་འདི་ལེན་པ་དང་བཅས་པ་ལགས་སམ། ་འོན་ཏེ་ལེན་པ་མ་མཆིས་པ་ལགས། གལ་ཏེ་སྦྱོར་བ་དེ་ལེན་པ་དང་བཅས་པ་ལགས་ན་ནི། བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱང་ལེན་ཀྱང་ལེན་པ་དང་བཅས་པ་ལགས་ཏེ། ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་དང་མཚུངས་པར་འགྱུར་རོ།། དེ་ལྟ་བས་ན་དེ་ཡང་མི་རིགས་སོ།། ཅི་ཏེ་སྦྱོར་བ་དེ་ལེན་པ་མ་མཆིས་པ་ལགས་ན་ནི་མངོན་པར་འདུས་མ་བྱས ་བས་ན་ཉེས་པར་བསྒྲུབས་པ་མ་མཆིས་སོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཐུག་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་ན ་པ་བརྩེགས་ཀྱིས། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ།། སྤྱན་རས་གཟིགས་དབང་ཕྱུག་བུ་མོས་དྲིས་པའི་ལན་ཐོབ་ཤིག། ་། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། བུ་མ་ནི་སྐྱེ་བ་དང་འགག་པ་མི་འདྲི་ཏེ། དོན་ལན་གདབ་པར་མི་ནུས་ས། ་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། སྤྱན་རས་གཟིགས་དབང་ཕྱུག་གང་ན་སྐྱེ་བ་མ་མཆིས་དང་འགག་པ་མ་མཆིས་པ་དེ་ནི་དྲི་བ་མ་མཆིས་སོ།། བྱང་ཆུབ་སེམས ་དཔའ་སྤྱན་རས་གཟིགས་དབང་ཕྱུག་གིས་སྨྲས་པ། བུ་མོ་གང་ན་སྐྱེ་བ་མེད་ཅིང་འགག་པ་མེད་པ་དེ་ནི་ཡི་གེ་འཇུག་པ་མེད་དོ།། བུ་མོས་སྨྲས་པ། འཇུག་པ་མ་མཆིས་པ ་དང་། ཡི་གེ་མ་མཆིས་པའི་ཆོས་ཐམས་ཅད་ལ་ནི་མཁས་པ་དག་ཡི་གེ་དང་འཇུག་པ་མི་སྟོན་ཏེ། ཡི་གེ་རྣམས་ལ་མི་ཆགས་སོ།། ཆགས་པ་མ་མཆིས་པ་ནི་ཆོས་ཀྱི་དབྱིངས ་ཏེ། དེ་ལ་ནི་རྟོགས་པར་བགྱིད་པའི་སླད་དུ་ཆགས་པ་མ་མཆིས་སོ།། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི ་མ་མེད་ཀྱིས་བྱིན་པས། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་པ་ལ་འདི་སྐད་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ་གང་གིས་གྲོང་ཁྱེར་ན་སྐྱེ་བོའི ་ཚོགས་ཐམས་ཅད་ཕན་ཚུན་དུ་ཚིགས་སུ་བཅད་པའི་དབྱངས་དང་། བྱམས་པའི་སེམས་ཀྱིས་སྨྲ་བར་གྱུར་པ་དང་། སྤོབས་པ་ཡང་ཐོབ་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར ་བྱའོ་ཞེས་གསུང་བའི་ཁྱོད་ཀྱི་སྤོབས་པ་ཉེ་བར་སྒྲུབ་པ་གང་ལགས་པ་དེ་ཅི་རྣམ་པར་རྟོག་པས་བསྐྱེད་པ་ལགས་སམ། འོན་ཏེ་རྒྱུ་མ་མཆིས་པ་ལས་བྱུང་བ་ལགས། གལ་ཏེ་རྣམ་པར་རྟོག་པས ་བསྐྱེད་པ་ལགས་ནནི། འདུས་བྱས་ཐམས་ཅད་ཀྱང་རྣམ་པར་རྟོག་པས་བསྐྱེད་པ་ལགས་ཏེ། དེ་ལྟ་བས་ན་རྣམ་པར་ནི་བར་མི་འགྱུར་རོ།། ཅི་ཏེ་རྒྱུ་མ་མཆིས་པ་ལས་བྱུང་བ་ལགས་ན་ནི་མཐུང ་བ་ལ་སྒྲོ་གདོགས་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་སྨྲས་པ། བུ་མོ་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་འགྱུར་བ་དེ་དག་ཐམས་ཅད་སྤོབ་པ་ཐོབ་པར ་གྱུར་ཅིག་ཅེས་བྱ་བའི་ཁོ་བོའི་སྨོན་ལམ་འདི་ནི་དང་པོ་སེམས་བསྐྱེད་པ་ནས་གཟུང་ཏེ་བཏབ་པོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། རིགས་ཀྱི་བུ་སེམས་བསྐྱེད་པ་གང་གིས་སྨོན་ལམ ་བཏབ་པའི་སེམས་བསྐྱེད་པ་དེ་མཆིས་སམ། འོན་ཏེ་མ་མཆིས། གལ་ཏེ་མཆིས་ན་ནི་རྟག་པར་བལྟ་བ་ལགས་སོ།། ཅི་སྟེ་མ་མཆིས་ན་ཆད་པར་ལྟ་བ་ལགས་ཏེ། དེ་གསུང་ན་ནི་ཁྱོད་ཀྱི་གསུང་བ ་ལོག་པ་ལགས་སོ།། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས་བྱང་ཆུབ་སེམས་དཔའ་གོམ་པ་འདོར་བ་དོན་ཡོད་ལ་འདི་སྐད ་ཅེས་སྨྲས་སོ།། རིགས་ཀྱི་བུ་ཁྱོད་ཀྱིས་འདི་སྐད་དུ། ཅི་ནས་ཀྱང་གྲོང་ཁྱེར་ན་སེམས་ཅན་གང་དག་ཁོ་བོའི་མིག་ལམ་ན་སྣང་བར་གྱུར་པ་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི ་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་རྣམ་པ་དེ་ལྟ་བུའི་བསམ་པ་ཁོ་བོས་བསམ་པར་བྱའོ་ཞེས་གསུང་བ་དེ། ཅི་བྱང་ཆུབ་དེ་མཆིས་པ་ཞེས་བརྗོད་པར་བགྱི་འམ། འོན་ཏེ་མ་མཆིས་པ་ཞེས ་བརྗོད་པར་བགྱི། གལ་ཏེ་མཆིས་ན་ནི་རྟག་པ་སྟེ། ཡོད་པའི་མཐར་འཛིན་པ་ལགས་སོ།། ཅི་སྟེ་མ་མཆིས་ན་ནི་ཆད་པ་སྟེ་མེད་པའི་མཐར་འཛིན་པ་ལགས་སོ།། བྱང་ཆུབ་སེམས་དཔའ་གོམ ་པ་འདོར་བ་དོར་ཡོད་ཀྱིས་སྨྲས་པ། བུ་མོ་བྱང་ཆུབ་ཅེས་བྱ་བ་འདི་ནི་ཡེ་ཤེས་ཀྱི་ཚིག་བླ་དགས་སོ།། བུ་མོ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། ཅི་ཡེ་ཤེས་དེ་སྐྱེ་བས་རབ་ཏུ་ཕྱེ་བ ་ལགས་སམ། འོན་སྟེ་ཞི་བས་ཕྱེ་བ་ལགས། གལ་ཏེ་སྐྱེ་བས་རབ་ཏུ་ཕྱེ་བ་ལགས་ན་ནི་ཚུལ་བཞིན་མ་ལགས་པ་ཡིད་ལ་བགྱིད་པ་ལས་བྱུང་བ་འདུས་བྱས་སུ་འགྱུར་ཏེ། ཤེས་པ་དེ་ནི་བྱིས་པ ་རྣམས་ཀྱི་ལགས་སོ།། ཅི་ཞི་བས་རབ་ཏུ་ཕྱེ་བ་ལགས་ན་ནི་དམིགས་པ་མ་མཆིས་སོ།། གང་ལ་དམིགས་པ་མ་མཆིས་པ་དེ་ལ་འདི་ནི་སོ་སོའི་སྐྱེ་བོའི་ཞེས་འམ། ཉན་ཐོས་སོ་ཞེས་འམ། རང་སངས ་རྒྱས་སོ་ཞེས་འམ། བྱང་ཆུབ་སེམས་དཔའ་འོ་ཞེས་འམ། སངས་རྒྱས་སོ་ཞེས་རྣམ་པར་རྟོག་པ་མི་སྐྱེའོ།། དེ་ཅིའི་སླད་དུ་ཞེ་ན། བྱང་ཆུབ་ནི་རྣམ་པར་མི་རྟོག་པ་ལགས་ན། བྱིས་པ་སོ་སོའི་སྐྱེ་བོ་རྣམ ་ནི་བྱང་ཆུབ་ལ་རྣམ་པར་རྟོག་སྟེ། མཁས་པ་རྣམས་ནི་མི་རྟོག་པའི་སླད་དུའོ།། བྱང་ཆུབ་སེམས་དཔའ་གོམ་པ་དོར་བ་དོན་ཡོད་ཀྱང་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་རབ་འབྱོར་ཀྱིས་བྱང ་ཆུབ་སེམས་དཔའ་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། བསོད་སྙོམས་ཀྱི་ཕྱིར་གྲོང་ཁྱེར་དུ་འཇུག་པར་མི་བྱའི་སླར་འདོང་ངོ་།། དེ་ཅིའི་ཕྱིར་ཞེ་ན། དེང་བུ་མོ་དྲི་མེད་ཀྱིས་བྱིན་པ་ལས་ཆོས་ཐོས་པ་གང ་ཡིན་པ་འདི་ནི་མཁས་པའི་ཟས་ཡིན་པས་ཆོག་པར་འགྱུར་བའི་ཕྱིར་སྟེ། ཆོས་ཀྱི་ཟས་བཟའ་བར་བྱའོ།། དེ་ནས་བུ་མོ་དྲི་མེ་མེད་ཀྱིས་བྱིན་པས། གནས་རྟེན་རབ་འབྱོར་ལ་འདི་སྐད་ཅེས་སྨྲས་སོ།། ་བཙུན་པ་རབ་འབྱོར་གང་ན་གདེག་པ་མེད་པ་དང་། གཞག་པ་མེད་པ་དེ་ལ་ཁྱོད་ཀྱིས་ཅི་ཞིག་གཞག་པར་སེམས། བཙུན་པ་རབ་འབྱོར་དགེ་སྦྱོང་གི་ཚུལ་ནི་སྤྲོས་པ་མ་མཆིས་པ་ལགས་ཀྱི། སྤྲོས་པ་ལ ་དགའ་བ་ནི་མ་ལགས་སོ།། བཙུན་པ་རབ་འབྱོར་དགེ་སྦྱོང་གི་ཆོས་ནི་གནས་པ་མ་མཆིས་པ། གནས་པར་མི་བགྱིད་པ་ལགས་ཏེ། འཕགས་པ་རྣམས་ཀྱི་སྤྱོད་ཡུལ་ནི་མི་དམིགས་པ་ལགས་སོ།། ་དེ་ནས་ཉན་ཐོས་ཆེན་པོ་བརྒྱད་པོ་དེ་དག་དང་། བྱང་ཆུབ་སེམས་དཔའ་བརྒྱད་པོ་དེ་དག་དང་། བྲམ་ཟེ་ལྔ་བརྒྱ་ཙམ་པོ་དག་དང་། བུ་མོ་དྲི་མ་མེད་ཀྱིས་བྱིན་པ་དང་། རྒྱལ་པོ་གསལ་རྒྱལ་དང་། དེ་ལས ་གཞན་པ་སྐྱེ་བོ་ཕལ་པོ་ཆེ་རྣམས། བཅོམ་ལྡན་འདས་ག་ལ་བ་དེར་དོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག ་དུ་འཁོད་དོ།། དེ་ནས་བུ་མོ་དྲི་མ་མེད་ཀྱིས་བྱིན་པས། བཅོམ་ལྡན་འདས་ལ་ལན་སྡོང་བསྐོར་བ་བྱས་ཏེ། གོས་ཕྲག་པ་གཅིག་ཏུ་དགོས་ནས། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། ་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། ཚིགས་སུ་བཅད་པའི་དབྱངས་ཀྱིས་ཞུ་བ་ཞུས་པ། ཏིང་འཛིན་སྟོབས་ལྡན་གྲགས་པ་མཐའ་ཡས་མངའ།། འཇིག་རྟེན་མགོན་པོ ་བདུད་རྩི་དགའ་རྩོལ་པ།། མཚུངས་མེད་ཡེ་ཤེས་བདེ་གཤེགས་ཁྱོད་ལ་ཞུ།། བྱང་ཆུབ་སེམས་དཔའ་ཅི་ལྟ་སྤྱད་པ་སྤྱོད།། ཅི་ལྟར་ཤིང་དབང་དྲུང་མཆིས་བདུད་རྣམས་འཇོམས།། ཅི་ལྟར་རིང་བཅས་ས ་རྣམས་གཡོ་བར་བགྱིད།། གྲགས་པ་མཐའ་ཡས་ཅི་ལྟར་འོད་ཟོར་གཏོང་།། བྱང་ཆུབ་སྤྱོད་ཚུལ་ལེགས་པར་བཤད་དུ་གསོལ།། སངས་རྒྱས་ནོར་གྱི་གཟུགས་ནི་ཅི་ལྟར་ཐོབ། ཏིང་འཛིན་ཞི་བ ་དམ་པ་ཇི་ལྟར་བསྒོམས།། མིའི་རྫུ་འཕྲུལ་སྟོབས་ནི་ཇི་ལྟར་འཐོབ།། སེམས་ཅན་རིན་ཆེན་རྣམས་ཀྱི་སྤྱོད་པ་གསུང་།། གང་གིས་དྲན་དང་རྟོགས་དང་བློ་གྲོས་འགྱུར།། སྤོབས་པ་མཛེས་དང་ལྡན་པར ་། གང་གིས་འགྱུར།། གང་དང་རབ་ཏུ་ལྡན་ན་འཁོར་ནང་དུ།། སྨན་ཅི་མཤིན་ཏུ་མཛེས་པ་སྨྲ་བར་བགྱིད།། གང་གིས་མིང་ནི་ཚེ་རབ་དྲན་པར་འགྱུར།། དྲི་མ་མ་མཆིས ་ལྷའི་མིག་ཀྱང་ཐོབ།། ལྷ་རྣ་འཐོབ་ཅིང་ཕ་རོལ་སེམས་ཚུལ་རིག། རྫུ་འཕྲུལ་གྱིས་ནི་ཞིང་རྣམས་བརྒྱར་ཡང་མཆིས།། ཅི་ལྟར་སྦྱིན་པ་གཏོང་ལ་བརྩོན་པར་འགྱུར།། རྟག་ཏུ་ཚུལ ་ཁྲིམས་དག་ཅིང་བཟོད་ལ་དགའ།། ཅི་ལྟར་བརྩོན་འགྲུས་བསམ་གཏན་མཁས་པར་འགྱུར།། ཤེས་རབ་ལ་ཡང་ཅི་ལྟར་ཤིན་ཏུ་བརྩོན།། མངལ་གྱི་གནས་ནི་ཅི་ལྟར་རྣམས ་སྤངས་ནས།། པད་མ་ལས་ནི་རྟག་ཏུ་རྫུས་ཏེ་སྐྱེ།། སངས་རྒྱས་རྣམས་ཀྱི་སྤྱན་སྔར་མཆིས་པར་བགྱི།། བདག་མེད་སྟོང་པ་ཉིད་ཀྱི་སྒྲ་ཡང་རྗོད།། ཅི་ལྟར་དེ་ཡིད་དགའ་དང ་མི་དགའ་མཚུངས།། སྲེད་པ་སྤང་ཤིང་ཟ་བ་ཞེ་སྡང་སྤོངས།། མཐོང་བར་མི་སེམས་འདའ་བར་སེམས་མ་མཆིས།། སེམས་བརྟན་གཡོ་བ་མ་མཆིས་རི་རབས་མཚུངས།། རྙེད་དང ་མ་རྙེད་གྲགས་དང་མ་གྲགས་དང་།། བཏོད་དང་སྨད་དང་བདེ་དང་སྡུག་བསྔལ་དང་།། ཇི་ལྟར་འཇིག་རྟེན་ཆོས་རྣམས་ཟིལ་མནན་ནས།། འཇིག་རྟེན་ཀུན་ན་ཟླ་བ་ལྟ་བུར་སྤྱོད།། ་ངའི་མ་མཆིས་ཚུལ་ཆོས་གཡོ་མ་མཆིས།། ཅི་ལྟར་རྡུལ་བྲལ་རང་རྒྱལ་རྒྱགས་པ་སྤོངས།། ཞི་དང་རབ་ཏུ་ཞི་དང་ནི་གནས་བརྩོན།། བློ་ལྡན་ཅི་ལྟར་ཡེ་ཤེས་མཆོག་ཏུ་འགྱུར།། ་ཆུང་མ་བུ་ནོར་འཛའ་ལ་དགའ་མ་མཆིས།། ཅི་ལྟར་བས་མཐའི་ལམ་ལ་མངོན་པར་དགའ།། རྟག་ཏུ་བྱ་དང་མཚུངས་ཞིང་ཟླ་བ་འདྲ།། ཅི་ལྟར་ཆོས་ཀྱི་ནོར་ལ་དགའ་ཞིང་མོས། ་ཆུ་དང་མཚུངས་ཤིང་ས་འདྲ་དྲུང་དང་མཚུངས།། མཁས་པ་ཅི་ལྟར་མེ་དང་འདྲ་བར་འགྱུར།། རྟག་ཏུ་ཅི་མཆིས་མ་མཆིས་མི་རྟོག་ལགས།། མཉམ་པ་ཉིད་ལ་དགའ་ཞིང་ནམ ་མཁའ་མཚུངས།། ཅི་ལྟར་རྟག་ཏུ་ཆོས་ནི་སྤོང་མི་བགྱིད།། བདག་འདོར་བགྱིད་ཀྱིས་ཆོས་མཆོག་ཡོངས་མི་གཏོང་།། འཇིག་རྟེན་དག་ཏུ་སྟོན་པའི་སེམས་བསྐྱེད་ནས།། ཅི་ལྟར ་གནས་ཏེ་བྱང་ཆུབ་འཇུག་པར་བགྱི།། ཞིང་གི་བཀོད་པ་ཅི་ལྟར་གནས་པར་འགྱུར།། དགེ་འདུན་དག་པར་ཅི་ལྟར་འགྱུར་བ་ལགས།། ཅི་ལྟར་དུས་གསུམ་དུ་ཡང་ཆོས་ཟོས་ཤིང་། ་ཅི་ལྟར་ཚེ་རིང་སེམས་ཅན་བདེ་བར་འགྱུར།། རྟག་ཏུ་སྲེད་པ་འགོག་པའི་ཕ་རོལ་སོན།། དགྲ་བཅོམ་འདུལ་བར་བདེན་བཞི་ཅི་ལྟར་མཐོང་།། སེམས་ཅན་བརྒྱ་དག་བྱང་ཆུབ ་འཇོག་བགྱིད་པར།། སྤྱོད་ཅིང་རྟག་ཏུ་དགའ་མོས་ཅི་ལྟར་འགྱུར།། གང་གིས་ཤིན་ཏུ་མཛེས་པར་འགྱུར།། རྫུས་ཏེ་སྐྱེ་བར་གང་གིས་འགྱུར།། ལོངས་སྤྱོད་ཆེ་དང་ཤེས་རབ ་ཆེ།། ཀུན་མཁྱེན་རྟོགས་པ་ཁོང་དུ་ཆུད།། གང་གིས་གསུམ་ཅུ་རྩ་གཉིས་མཚན།། དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ།། བསོད་ནམས་ཀུན་ལ་མཁས་པ་ལགས།། སྤོབས་པ་གང ་གིས་སྐྱེ་བར་འགྱུར།། ཞིང་ན་ཇི་ལྟར་དགའ་འགྱུར་ལགས།། དགེ་སློང་དགེ་འདུན་ཕུན་སུམ་ཚོགས།། གང་དུ་དེའི་སྨོན་བཏབ་པ།། དེར་ནི་ཅི་ལྟར་སྐྱེ་འགྱུར་ལགས།། ཚེ་རབས་དྲན ་པར་ཅི་ལྟར་འགྱུར།། ཇི་ལྟར་སངས་རྒྱས་རྣམས་དང་མཇལ།། བསྐལ་པ་བྱེ་བ་སྟོང་རྣམས་སུ།། ངན་འགྲོར་མཆི་བར་མི་འགྱུར་ལགས།། རྣམ་པར་འདྲེན་པ་ཇི་ལྟར་ན། མདོག་དང་གཟི ་བརྗིད་སྙན་གྲགས་འཐོབ།། སྐབས་དང་སབུ་དང་བརྩོན་འགྲུས་རྣམས།། ཅི་སྟར་ཐུབ་པར་མི་འགྱུར་ལགས། ཇི་སྐར་སངས་རྒྱས་ཆོས་དང་ཡང་། དགེ་འདུན་པ་ནི་སྤྱ ་སུ་མཆི།། ལུས་དང་སྲོག་ནི་གཏོང་བགྱིད་ཀྱི།། དེ་དག་ཆོས་ནི་འདོར་མི་བགྱིད།། བྱང་ཆུབ་སྤྱད་པ་སྤྱོད་བགྱིད་ཅིང་།། ཐེ་ཙོམ་མ་མཆིས་ཇི་ལྟར་འགྱུར།། འགྱོད་པ་ཐམས་ཅད་སྤངས་ནས་སུ། ་སྲོག་ཆགས་རྣམས་ལ་ཆོས་ཀྱང་སྟོན།། ཁྱོད་ལ་མི་མཁྱེན་ཅང་མི་མངའ།། ཐུབ་ཆེན་ཁྱོད་ནི་ཐམས་ཅད་མཁྱེན།། བྱང་ཆུབ་སེམས་དཔའི་སྤྱོད་གང་ལགས།། གོ་རིམས་བཞིན་ཏུ་བསྟན་དུ ་གསོལ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བུ་མོ་ལེགས་སོ་ལེགས་སོ།། བུ་མ་དེ་བཞིན་གཤེགས་པ ་ལ་དོན་འདི་ལྟ་བུ་འདྲི་བར་སེམས་པ་ནི་ཁྱོད་ཡང་ལེགས་སོ།། བུ་མོ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་། བཤད་དོ།། དྲི་མ་མེད་ཀྱིས་བྱིན་པས། བཅོམ་ལྡན་འདས ་ལེགས་སོ་ཞེས་གསོལ་ཏེ། བཅོམ་ལྡན་འདས་ཀྱིས་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། བདུད ་འདུལ་བར་བྱེད་དེ། བཞི་གང་ཞེ་ན། གཞན་གྱི་ནད་པ་ལ་ཕྲག་དོག་མེད་པ་དང་། ཕྲ་མའི་ཚིག་ཡོངས་སུ་སྤོང་བ་དང་། སྐྱེ་བོ་མང་པོ་དགེ་བའི་རྩ་བ་འཛིན་དུ་འཇུག་པ་དང་། སྒྲིབ་པ་མེད་པ ་བྱམས་པ་སྒོམ་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་བདུད་འདུལ་བར་བྱེད་དོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ཕྲག་དོག་མི་བྱེད་ཟ་མ་སྨྲ་མི་བྱ། སྐྱེ་བོ་མང་པོ ་དག་པ་རྣམས་ལ་སྦྱར། བྲགས་བཅུ་རྣམས་སུ་ཐམས་པ་བསྒོམས་བྱས་ན། བདུད་འདིར་བཏུལ་ནས་བྱང་ཆུབ་རེག་པར་འགྱུར། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ་སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་གཡོ་བར་བྱེད་དེ། གཞི་གང་ཞེ་ན། ཅི་སྐད་སྨྲས་པ་དེ་བཞིན་བྱེད་པ་དང་། ཆོས་ཟབ་མོ་ལ་མོས་པ་དང་། ཡིད་དམ་ལ་བརྟན་པ་དང་། སྐྱེ་བོ ་མང་པོ་བྱང་ཆུབ་ཡང་དག་པར་འཛིན་དུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་དག་གཡོ་བར་བྱེད་དོ།། ། ་དེ་ལ་འདི་སྐད་ཅེས་བྱ་སྟེ། ཇི་སྐད་སྨྲས་པ་དེ་བཞིན་བྱེད།། མཁས་པ་ཟབ་མོའི་ཆོས་ལ་བཟོད།། ཡི་དམ་ལ་ཡང་ཤིན་ཏུ་བརྟན།། དཀར་པོའི་ཆོས་ལ་འཛུད་པར་བྱེད། ་རྫོགས་པའི་བྱང་ཆུབ་བླ་མེད་ལ།། སྐྱེ་བོ་མང་པོ་དགའ་བར་བྱེད།། དེ་ལྟར་ཆོས་བཞི་དེ་དག་གིས།། ཞིང་རྣམས་བྱེ་བ་གཡོ་བར་བྱེད།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་དང ་ལྡན་ན།། སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་རྣམས་སུ་འོད་ཟེར་དག་གཏོང་སྟེ། བཞི་གང་ཞེ་ན། མརེ་མེ་སྦྱིན་པ་དང་། དམ་པའི་ཆོས་ཡོངས་སུ་འཛིན་པ་དང ་སེམས་ཅན་བག་མེད་པར་གྱུར་ཅིང་མི་ཁོམ་པར་གྱུར་པ་རྣམས་ཀྱིས་གན་དུ་སོང་སྟེ་ཆོས་སྟོན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་དག་ལ་རིན་པོ་ཆེའི་དྲ་བ་འགེབས་པ་སྟེ། བུ་མོ ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས་རྒྱས་ཀྱི་ཞིང་མཐའ་ཡས་མུ་མེད་པ་རྣམ་སུ་འོད་ཟེར་དག་གཏོང་ངོ་།། དེ་ལ་འདི་སྐད་ཅེས་བྱ་སྟེ། མར་མེ་བྱིན་པས་འོད་ནི་རྣམ ་པར་འདག་ཟད་པའི་དུས་ན་དམ་ཆོས་ཡོངས་སུ་འཛིན། བག་མེད་གྱུར་པ་རྣམས་ལ་ཆོས་སྦྱིན་བྱེད།། མཆོད་རྟེན་དག་ལ་རིན་ཆེན་དྲ་བ་འབུལ། དེས་ན་བྱེ་བ་བསམ་ཡས ་ཞིང་འགྲོ་ཞིང་། བྱང་ཆུབ་སེམས་དཔའ་འོད་ཟེར་གཏོང་བར་བྱེད།། རེག་ནས་སེམས་ཅན་བདེ་དང་ལྡན་པར་གྱུར།། མཁས་པ་བླ་མེད་བྱང་ཆུབ་དོན་དུ་གཉེར།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས ་བཞི་དང་ལྡན་ན། གཟུང་ཐོབ་སྟེ། བཞི་གང་ཞེ་ན། རྒྱན་སྣ་ཚོགས་གཙང་ཞིང་དག་པ་སྦྱིན་པ་དང་། བུ་མོ་བརྒྱན་ཐམས་ཅད་ཀྱིས་བརྒྱན་ཏེ། འདོད་པ་རྣམས་ལ་སྦྱིན་པ་དང་། རྒྱུན་མི་འཆད ་པར་དེ་བཞིན་གཤེགས་པའི་བསྔགས་པ་བརྗོད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མང་དུ་གནས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའི་ཆོས་བཞི་པོ་དེ་དག་དང་ལྡན་ན་གཟུང་འཐོབ ་པོ།། དེ་ལ་འདི་སྐད་ཅེས་བྱས་སྟེ། སྣ་ཚོགས་བྱིན་པས་གཟུང་ནི་འཐོབ་པར་འགྱུར། སྤོང་བ་རྣམས་ལ་བུ་མོ་བརྒྱན་ཏེ་སྦྱིན།། རྒྱུན་མི་འཆད་པར་སངས་རྒྱས་བསྔགས་པ་བརྗོད།། རྒྱལ ་བའི་ཡེ་ཤེས་དོན་དུ་ཤེས་རབ་བསྒོམས།། ཆོས་བཞི་འདི་དག་གིས་ནི་གཟུང་འཐོབ་འགྱུར།། བསྐལ་པ་བརྒྱར་ཡང་ཐོས་པ་ཆུད་མི་ཟ།། ཕྱོགས་བཅུར་དེ་བཞིན་གཤེགས་པ་ག ་འཆད་པ།། དེ་དག་ཐམས་ཅད་དྲན་པའི་སྟོབས་ཀྱིས་འཛིན། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། གཟུངས་འཐོབ་སྟེ། བཞི་གང་ཞེ་ན། འཁོར་བ་ལ་ཡིད་བྱུང་བ་མང ་བ་དང་། གཅིག་པུར་ཀུན་ཏུ་དགའ་ཞིང་མགུ་ལ་མོས་པ་དང་། བརྩོན་འགྲུས་བརྩམས་པ་དང་། ལས་ཀྱི་མཐའ་ཤིན་ཏུ་ཡོངས་སུ་མཐར་ཕྱིན་པ་ཡིན་ཏེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས ་བཞི་པོ་དེ་དག་དང་ལྡན་ན་ཏིང་ངེ་འཛིན་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སྲིད་པའི་འགྲོ་བ་ཀུན་ལ་ཡིད་ཀྱང་བྱུང་།། བསེ་རུ་ལྟ་བུར་གཅིག་པུར་སྤྱོད་ལ་དགའ།། རྟག་ཏུ་ཤིན་ཏུ་བརྩོན ་འགྲུས་བརྩམས་པ་ཡིན། དེའི་ལུས་རྟག་ཏུ་ཤིན་ཏུ་མཐར་ཡང་ཕྱིན།། རྟག་ཏུ་ཆོས་བཞི་དག་ལ་ཞུགས་ནས་སུ།། བྱང་ཆུབ་སྤྱོད་པ་ཞི་བ་མྱུར་ཚོལ་བྱེད།། བྱང་ཆུབ་སེམས་དཔའ་ཏིང ་འཛིན་ལ་གོར་འཐོ།། རྒྱལ་བ་རྣམས་ཀྱི་སྤྱོད་ཡུལ་བྱང་ཆུབ་རྟོགས།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།། རྫུ་འཕྲུལ་འཐོབ་སྟེ། བཞི་གང་ཞེ་ན། ལུས་ཡང་བ་དང་། ་སེམས་ཡང་བ་དང་། ཆོས་ཐམས་ཅད་ལ་མངོན་པར་ཞེན་པ་མེད་པ་དང་། ཁམས་བཞི་ནམ་མཁའི་ཁམས་དང་། མཉམ་པ་ཉིད་དུ་བྱིན་གྱིས་བརློབས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ ་ཆོས་བཞི་པོ་དེ་དག་དང་ལྡན་ན་རྫུ་འཕྲུལ་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ།། ལུས་ཡང་བ་དང་སེམས་ཀྱང་བདེ་ཞིང་ཡང་།། ཆོས་རྣམས་ཀུན་ལ་གནས་པ་མེད་པ་ཉིད་ན་མཁའི་ཁམ ་དང་མཚུངས་ཤིང་འདྲ་ཉིད་དུ།། ཁམས་བཞི་པོ་དག་བྱིན་གྱིས་རློབ་པར་བྱེད།། ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན།། བློ་ལྡན་དེ་ཡི་རྫུ་འཕྲུལ་མཐའ་ཡས་འཐོབ།། སྐད་ཅིག་གཅིག ་ལ་ཞིང་རྣམས་སྟོང་དུ་འགྲོ། སངས་རྒྱས་སྟོང་ཕྲག་མང་པོ་རྣམས་ཀྱང་མཐོང་།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། མཛེས་པར་འགྱུར་ཏེ། བཞི་གང་ཞེ་ན། ཁྲོ་བ་མེད་དེ ་རྩོད་པ་དང་ཐ་བ་དང་། ཞེ་སྡང་དང་བྲལ་བ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ཕྱག་པར་མངོན་པར་དགའ་བ་དང་། ཚུལ་ཁྲིམས་ཀྱི་སྡོམས་པས་བསྡམས་ཤིང་། ཚུར་ཤོག་ལེགས་པར་འོང ་སོ་ཞེས་རྟག་ཏུ་སྨྲ་བ་དང་། ཆོས་སྨྲ་བ་རྣམས་ལ་ཁྲོ་གཉེར་དང་བྲལ་ཞིང་ཞེ་འབྲས་པའི་སེམས་མེད་པ་ཡིན་ཏེ། བུ་མོ་བྱང་ཆུབ་སེམས་དཔའི་ཆོས་བཞི་པོ་དེ་དག ་དང་ལྡན་ན། མཛེས་པར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་ལ་ཁྲོ་དང་མངོན་དུ་འཛིན་མི་བྱེད།། ང་རྒྱལ་རྒྱགས་དང་ཐ་བ་ཞེ་སྡང་བྲལ།། རྩོད་པ་མེད་ལ་དགའ་ཞིང་སྙན་པར་སྨྲ།། ། ་གུས་པར་རྒྱལ་བའི་མཆོད་རྟེན་འཕྱག་པར་བྱེད།། དེ་ནི་ཚུལ་ཁྲིམས་རྣམ་དག་རྟག་ཏུ་སྲུང་།། དེ་ནི་རྟག་ཏུ་ལེགས་པར་འོངས་སྨྲ།། ཆོས་སྨྲ་རྣམས་ལ་དེ་ནི་ཐ་བ་མེད།། དེའི་སེམས་ནི་རྔོ ་རྗེ་རི་རབ་མཚུངས།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། རྫུས་ཏེ་སྐྱེ་བར་འགྱུར་ཏེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་པད་མའི་སྟེང་ན་བཞུགས་པ་བྱེད ་དུ་འཇུག་པ་དང་། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། པདྨ་དཀར་པོ་དག་གིས་ལག་པ་བཀང་སྟེ། དེ་བཞིན་གཤེགས་པ་འམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མངོན་པར་འཐོར ་བ་དང་། ཕན་པའི་དངོས་པོ་མང་ཞིང་ཡང་དག་པར་དགའ་བར་བྱེད་པའི་ངང་ཚུལ་ཅན་དང་། གཞན་དག་གི་སྐྱོན་མི་འཛིན་པ་དང་། དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་ཕན་པ ་དང་། བདེ་བར་བྱ་བའི་ཕྱིར་སངས་རྒྱས་ཀྱི་བྱང་ཆུབ་ཏུ་ཡོངས་སུ་བསྔོ་བར་བྱེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། རྫུས་ཏེ་སྐྱེ་བར་འགྱུར་རོ།། དེ་ལ་འདི་སྐད ་ཅེས་བྱ་སྟེ། སངས་རྒྱས་སུ་གཟུགས་པདྨ་མཆོག་བཞུགས་བྱེད་དུ་འཇུག། ཆུ་སྐྱེས་མེ་ཏོག་ལག་པ་བཀང་སྟེ་འབུལ་བར་བྱེད།། ཕ་རོལ་དག་ལ་དགའ་བ་བསྐྱེད་པའི་ཚིག་ཀྱང་སྨྲ།། དགའ ་ས་ལན་པ་ཅན་གྱི་སྤྱན་པ་མམ། སེམས་ཅན་བུནས་པན་བྱེང་བས་རྣམས་ཡང་དུ་བསྔོན། གྲུབ་མཚོག་རྣམས་ཀྱིས་སངས་རྒྱས་བྱང་ཆུབ་བསྒྲུབ་པནས། སངས་རྒྱས་གས ་བའི་ཡོན་ཏན་འདི་བནི་བསྙེན་ན་དེ།། རྒྱལ་བ་མཆོག་རྣམས་དྲུང་དུ་རྫུས་ཏེ་སྐྱེ་བར་འགྱུར། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡནན། མངས་སྤྱོད་ཆེན་པོར་འགྱུར་ཏོ།། བ་ནི་གང ་ནེན། འརྣས་པ་མེད་པར་སྦྱིན་པའི་ཆུས་ཅན་དང་།། ཆགས་པ་མེད་པར་དངོས་པོ་ཡོངས་སུ་གཏོང་བ་དང་། མོས་པ་མང་བ་དང་། ལྟ་བར་གྱུར་པ་ཐམས་ཅད་དང་བྲལ་པ་ཡིན་ཏེ། བུ་མ་བྱང་ཆུབ ་སེམས་དཔའ་ཆོས་པནི་པོ་དེ་དག་དང་ལྡན་ན།། ལོངས་སྤྱོད་ཆེན་པོར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ངེས་པ་བརྙས་པ་མེད་པར་སྦྱིན་པ་སྦྱིན་པར་བྱེད། དེ་ནི་དངོས་པོ་ཀུན་ལ་རྟག་ཏུ ་འཛིན་པ་མེད།། རྒྱལ་བའི་ཡེ་ཤེས་མཆོག་ལ་མོས་པ་སྐྱེད་བྱེད་ན།། དེ་ནི་ཕྱིར་ཞིང་ལོངས་སྤྱོད་ཆེན་པོ་འཐོབ་པར་འགྱུར། དང་དང་ལྡན་པར་འགྱུར་ཞིང་གཡོ་མེང་རྒྱུ་ཡང་མེད།། ཕ་རོལ་དག་གི་སྐྱོར ་ནི་འཛིན་པར་ཡོང་མི་བྱེད།། ལྷག་པའི་བསམ་པས་རང་གི་ལྷ་བ་དྲང་གྱུར་པ།། དེས་ན་དེ་འདིར་ལོངས་སྤྱོད་ཆེན་པོ་རྣམས་དང་ལྡན།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཤེས་རབ ་ཆེན་པོར་འགྱུར་ཏེ། བཞི་གང་ཞེ་ན། ཆོས་ལ་སེར་ན་མི་བྱེད་པ་དང་། མི་འཐུན་པར་མི་འཇུག་པས་མགྱོད་པ་སེལ་བ་དང་། གསོལ་བ་འདེབས་པ་ལ་ཡང་དག་པ་ཇི་ལྟ་བ་བཞིན་དུ་གདམས་ངག་སྟོན་པ ་དང་། སྟོང་པ་ཉིད་བསྒོམས་པ་ལ་མང་དུ་གནས་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན་ཤེས་རབ་ཆེན་པོར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། མཁས་པ་ནམ་ཡང ་སེར་སྣ་ཡོངས་མི་བྱེད།། མི་འཐུན་འཇུག་པ་མེད་པས་འགྱོད་པ་སེལ།། ཡང་དག་རབ་ལྡན་གདམས་ངག་སྟོན་པར་བྱེད།། རྒྱལ་བའི་སྤྱོད་པ་གང་ཡིན་སྟོང་ཉིད ་བསྒོམ།། ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན།། རྒྱལ་བས་བཞེད་པའི་བྱང་ཆུབ་མྱུར་དུ་འཐོབ། སངས་རྒྱས་རྗེས་སུ་བསྟན་ལ་སླབ་བྱས་ནས།། རྐང་གཉིས་དམ་པ་སངས ་རྒྱས་དེ་འགྱུར་རོ།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། ཚེ་རབས་དྲན་པར་འགྱུར་ཏེ། བཞི་གང་ཞེ་ན། ལུང་གནོད་པ་དང་། ཁ་ཏོན་ལ་བརྩོན་པ་རྣམས་ལུང་མནོས་པ ་དང་། གདམས་ངག་རྗེད་ནས་ཡུན་རིང་དུ་ལོན་ཏེ། གསོལ་བ་འདེབས་པ་ལ་ལུང་འབོག་ཅིང་དྲན་པར་བྱེད་པ་དང་།། འདི་ལྟར་ཀུན་དགའ་བའི་ཚིག་གིས་གཞན་དག་ལ་དང་བ་ཉེ་བར ་བསྒྲུབ་པ་དང་། འཁོར་བའི་སྡུག་བསྔལ་ལས་ངེས་པར་འབྱུང་བ་དང་། མྱ་ངན་ལས་འདས་པའི་བདེ་བ་ཐོབ་པར་བྱ་བའི་ཕྱིར་གཞན་དག་ལ་ཆོས་སྟོན་པ་དང་། ཡོངས་སུ་བསྔོ་བ་ལ་མངོན ་བར་འགྲོན་ཞིང་ཏིང་ངེ་འཛིན་གྱི་མཚན་མ་ལ་མཁས་པསེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་འདི་དག་དང་ལྡནན། ཚེ་རབས་དྲན་པར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ལུང ་མནོས་ཁ་ཏོན་བརྗོད་ལ་དྲན་པར་བྱེད།། གནན་ལ་ཡིད་དུ་འོངས་པའི་སྒྲ་ཡང་སྒྲོགས།། སྐྱོ་བ་མེད་པར་ཆོས་ཀྱང་བརྗོད་པར་བྱེད།། ཏིང་འཛིན་བསྒོམ་པའི་མཚན་མ་ལེགས་པར་འཛིན། ་ཆོས་པ་ནི་འདི་དག་ངེས་པར་བསྟན་བྱས་ན།། མཐུ་ཆེན་ལྡན་པ་ཚེ་རབས་དྲན་པར་འགྱུར། བསྐལ་པ་སྟོང་ཕྲག་བསམ་ལས་རྗེས་སུ་དྲན།། རྣམ་པར་འདྲེན་པའི་མཆོག་ཉིད་མྱུར་དུ་འཚ ་བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སངས་རྒྱས་རྣམས་དང་འཐད་པ་འཐོབ་སྟེ།། བཞི་གང་ཞེ་ན། སྲོག་གི་ཕྱིར་ཡང་དམ་པའི་ཆོས་མི་སྤོངས་པ་དང་། སྲོག་གི་ཕྱིར ་ཡང་སྡིག་པའི་གྲོགས་པོ་རྣམས་དང་མི་བསྟེན་པ་དང་། སྲོག་གི་ཕྱིར་ཆོས་སྨྲ་བ་ལ་སྐུར་པ་མི་འདེབས་པ་དང་། སངས་རྒྱས་རྗེས་སུ་དྲན་པའི་ཏིང་ངེ་འཛིན་བསྒོམ་པ་སྟེ། བུ་མོ་བྱང ་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས་རྒྱས་རྣམས་དང་ཕྲད་པར་འགྱུར་རོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་བྱང་ཆུབ་གྱ་ཙོམ་སྤོང་མི་བྱེད།། ཆོས་སྨྲ་བ ་ལསྐུར་བ་ཡོང་མི་འདེབས། ངེས་པ་སྡིག་པའི་གྲོགས་རྣམས་རྣམ་པར་སྤོང་།། གཡེལ་བ་མེད་པར་རྟག་ཏུ་སངས་རྒྱས་དྲན།། ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན། བདེ ་གཤེགས་རྣམས་དང་ཕྲད་པ་ངེས་འཐོབ་པོ།། བླ་མེད་བྱང་ཆུབ་མ་ཐོབ་བར་དུ་ཡང་།། འདྲེན་པ་ག་ལ་བཞུགས་པ་དེར་དེ་སྐྱེ།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སྐྱེས་བུ ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དེ་དག་འཐོབ་སྟེ། བཞི་གང་ཞེ་ན། དེ་བཞིན་གཤེགས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རིན་པོ་ཆེ་སྦར་གྱིས་འདོར་བ་དང་། འབྲུ་མར་གྱི ་དྲི་ཞིམ་པོ་དག་གིས་དེ་བཞིན་གཤེགས་པའི་མཆོད་རྟེན་འཁྲུ་བར་བྱེད་པ་དང་། མེ་ཏོག་དང་། སྤོས་དང་། སིལ་སྙན་སྣ་ཚོགས་འབུལ་བ་དང་། ཡིད་དུ་འོང་བའི་གཡོག་འཁོར་གྱི་མཁན་པོ་དང ་སླབར་ཡོ་ལ་སྙན་འགྱུར་བྱ་བས་རིམས་མོ་བྱེད་བ་སྟེ། བུམ་བྱང་ཆུབ་སེམས་དཔའ་ཆོས་པན་པོ་དེ་དག་དང་སྔར་ན། སྐྱེས་བུ་ཅན་པོའི་མཚན་སུམ་ཅུ་རྩ་གཉིས་པོ་དག་འཚའ་གོ། ་དེ་ལ་འདི་སྐད་ཅེས་བྱ་སྟེ། མཆོད་རྟེན་ལ་ནི་སྦར་གྱིས་དབྱིག་རྣམས་འཐོར།། དྲི་ཞིམ་འབྲུ་མར་རྣམས་ཀྱིས་མཆོད་རྟེན་འཁྲུ།། སྤོས་དང་མེ་ཏོག་སིལ་བསྟན ་སྣ་ཚོགས་འབུལ།། ཡིད་དུ་འོང་བས་མཁན་པོ་སློབ་དཔོན་བརྟེན། དེའི་ལུས་སུམ་ཅུ་རྩ་གཉིས་མཚན་དང་ལྡན།། རབ་ཏུ་མཛེས་ཤིང་ཡོན་ཏན་ཀུན་དང་ལྡན།། གང་གིས་ཤེས་རབ ་མཆོག་ལྡན་རྒྱལ་མཛེས་པ།། ཆོས་དེ་དག་གིས་སྐྱེས་ཆེན་མཚན་དུ་འགྱུར།། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་དག་འཐོབ་སྟེ། བཞི ་གང་ཞེ་ན། སྟན་རྒྱུ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ་བ་དང་། གཞན་ལ་སྟི་སྟང་བྱེད་པས་མི་སྐྱོ་བ་དང་། ཆོས་སྨྲ་བ་ལ་ཟབ་མོ་མི་རྒོལ་བ་དང་། སེམས་ཅན་རྣམས་བྱང་ཆུབ་ཡང ་དག་པར་འཛིན་ཏུ་འཇུག་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། དཔེ་བྱད་བཟང་པོ་བརྒྱད་ཅུ་པོ་དག་འཐོབ་པོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ་སྨན་སྟེ་སྣ་ཚོགས་ཆོས་ཀྱི་སྟན་དུ་འབུལ།། གཞན་ལ་སྟེ་སྣང་བྱེད་པས་སྐྱོ་བ་མེད།། ཆོས་སྨྲ་བ་ལ་འཐབ་མོ་ཡང་མི་རྒོལ། སེམས་ཅན་རྣམས་ནི་བྱང་ཆུབ་འཛིན་ཏུ་འཇུག ་འདི་བཞིས་ལུས་ལ་དཔེ་བྱད་བཟང་པོ་རྣམས།། འདི་ན་དེའི་རྙེད་པས་དཀའ་བ་མེད།། ཡོན་ཏན་འདི་དག་རྟག་ཏུ་བསྟེན་བྱས་ན།། བྱང་ཆུབ་སེམས་དཔའ་འདི་ན་བརྒྱན་པར་འགྱུར།། ་བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན། སྤོབས་པ་འཐོབ་སྟེ། བཞི་གང་ཞེ་ན། བྱང་ཆུབ་སེམས་དཔའི་སྡེ་སྣོད་འཛིན་པ་དང་། ཉིན་མཚན་དུ་ཕུང་པོ་གསུམ་པའི་ཆོས ་ཀྱི་རྣམ་གྲངས་ཁ་ཏོན་བྱེད་པ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་བྱང་ཆུབ་འཇིག་རྟེན་ཐམས་ཅད་དང་མི་འཐུན་པ་སྐྱེ་བ་མེད་ཅིང་འགག་པ་མེད་པར་ངེས་པ་ལ་མཆོག་ཏུ ་དགའ་བ་སྐྱེས་ནས་འཛིན་པ་དང་། ལུས་དང་སྲོག་དང་། ཡོ་བྱད་རྣམས་ལ་མི་ལྟ་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སྤོབས་པ་འཐོབ་བོ།། ་དེ་ལ་འདི་སྐད་ཅེས་བྱ་སྟེ། བྱང་ཆུབ་སེམས་དཔའི་སྡེ་སྣོད་ནི།། ཉིན་མཚན་རབ་ཏུ་འདོན་པར་བྱེད།། འཇིག་རྟེན་ཀུན་དང་མི་འཐུན་པ།། སྐྱེ་བ་མེད་པ་རབ་ཏུ་སྒྲོགས།། མཆོག་ཏུ ་དགའ་བ་རྙེད་གྱུར་ནས།། སངས་རྒྱས་བསྟན་ལ་འཛིན་པར་བྱེད།། ལུས་དང་སྲོག་ལ་མི་ལྟ་བར།། དེ་ནི་བྱང་ཆུབ་ལྟ་བར་བྱེད།། བཞི་པོ་འདི་དག་བསྟེན་བྱས་ན།། དེའི་སྤོབས་པ ་འཕེལ་བར་འགྱུར།། ལྷ་དང་བཅས་པའི་འཇིག་རྟེན་ཀུན།། སྣ་ཚོགས་འཕྲེང་འདྲས་ཚིམ་པར་བྱེད། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།། སངས་རྒྱས་ཀྱི་ཞིང ་ཡོངས་སུ་དག་པ་འཐོབ་སྟེ། བཞི་གང་ཞེ་ན། ཕྲག་དོག་མེད་པ་དང་། སེར་སྣ་མེད་པ་དང་། སེམས་ཅན་ཐམས་ཅད་ལ་སེམས་སྙོམས་པ་དང་། འཁོར་བ་དང་འདྲེ་བ་མེད་པ་སྟེ། ་བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དག་འཐོབ་པོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། གཞན་གྱི་སྙེད་ལ་ནམ་ཡང་ཕྲག ་དོག་མེད། མཐོང་ནས་དགའ་བར་གྱུར་ཏེ་སེར་སྣ་མེད།། སེམས་ཅན་ཀུན་ལ་དེའི་སེམས་ཀྱང་སྙོམས་འཁོར་དང་འདྲེ་བར་དེ་ནི་ཡོང་མི་བྱེད།། ཆོས་བཞི་འདི་དག་གིས་ནི་ཞིང་གི ་བདང་འཐབ་ཅིང་།། མྱུར་དུ་བྱང་ཆུབ་མཆོག་ཀྱང་འཐོབ་པར་འགྱུར།། བུ་མ་བྱང་ཆུབ་སེམས་དཔའི་ཆོས་བནི་དང་ལྡན་ན། དགེ་འདུན་ཕུན་སུམ་ཚོགས ་པཐོང་སྟེ། བཞི་གང་ཞེ་ན། གཞན་གྱི་འཁོར་མི་འབྱེད་པ་དང་། མི་འཐུན་པ་རྣམས་ཀྱི་སྡུམས་བྱེད་པ་དང་། ལུང་ནོད་པ་དང་། ཁ་ཏོན་བྱེད་དུ་གཞུགས་པས་ཕན་འདོགས་པ་དང་། ་ཕྲ་མའི་ཚིག་ཡོངས་སུ་སྤོང་བ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ་དེ་དག་དང་ལྡན་ན། དགེ་འདུན་ཕུན་སུམ་ཚོགས་པ་འཐོབ་བོ།། དེ་ལ་འདི་སྐད་ཅེས་བྱ་སྟེ། ་གཞན་གྱི་འཁོར་ནི་ནམ་ཡང་ཡོང་མི་འབྱེད།། སྐྱེ་བོ་མི་འཐུན་པ་དག་འདུམ་པར་བྱེད།། ལུང་ནོད་ཁ་ཏོན་བྱེད་ལ་ཡང་དག་འཛུད།། ཕ་རོལ་དག་ལ་དབྱེན་གྱི་ཚིག་མི་སྨྲ། ་ཆོས་བཞི་འདི་དག་ངེས་པར་བསྟེན་བྱས་ན། དགེ་འདུན་རྒྱ་ཆེ་རྣམ་དག་འཐོབ་པར་འགྱུར།། དེ་བས་དགེ་འདུན་རྣམ་པར་སྦྱང་བའི་ཕྱིར། མཁས་པས་ཆོས་འདི་རྟག་ཏུ་སྟེན་པར ་བྱ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ན།། སངས་རྒྱས་ཞིང་གང་དུ་སེམས་བསྐྱེད་པ་དེར་སྐྱེ་ཏེ། བཞི་གང་ཞེ་ན། གཞན་དག་གི་ཤེས་ཀྱི་ཁེ་དང་། རྙེད་པ་ལ་ཕྲག ་དོག་མི་སྐྱེ་བ་དང་། ལྷག་པའི་བསམ་པས་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཡོངས་སུ་དག་པ་ཡོངས་སུ་ཚོལ་བ་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྟོན་པར་འདུ་ཤེས་སྐྱེད་དེ། ་ཐ་ན་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་ཡང་སྟི་སྣང་བྱེད་པ་དང་། ཤེས་ཀྱི་ཁེའི་ཕྱིར་ཚུལ་འཆོས་པ་མེད་པ་སྟེ། བུ་མོ་བྱང་ཆུབ་སེམས་དཔའ་ཆོས་བཞི་པོ ་དས་པས་རྣས་ཀྱི་ནང་གང་དུམམས་འཟུང་བ་བའོ།། དས་དི་སྣ་བྱས་སྟེ།། གནནལ་མཆོད་པ་མཐོངན་ལྡན་དག་མེད།། བངོམ་བྱིན་པ ་ཡོངསུ་ཚོལ།། བྱང་ཆུབ་སེམས་དཔའི་སྟོན་པར་རྟག་ཏུ་སེམས།། ཤེས་ཀེ་བདེ་བའི་དོན་དུ་ཚུལ་འཆོས་མེད།། ཡོན་ཏན་འདི་དག་རྟག་ཏུ་བསྟེན་བྱས་ན།། དེ་བཞིན ་གཤེགས་པ་རྣམས་དང་དེ་འབྲང་འགྱུར།། ཞིང་གང་དག་ཏུ་སྨོན་ལམ་བཏབ་བྱས་པ།། འདོད་པ་བཞིན་དུ་ཞིང་དེར་སྐྱེ་བར་འགྱུར།། དེ་ནས་བཅོམ་ལྡན་འདས་ལ་བུ་མོ་ཏྲ ་མ་མེད་ཀྱིས་བྱིན་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གལ་ཏེ་བཅོམ་ལྡན་འདས་ཀྱིས་ཇི་ལྟར་ཆོས་བཏགས་པ་འདི་དག་བདག་གིས་ཡང་དགེ་པར་བླངས ་ཏེ། གནས་པར་མ་མཆིས་ན། བདག་གིས་སངས་རྒྱས་བཅོམ་ལྡན་འདས་གང་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་འཚོ་ཞིང་བཞེས་ལ། ཆོས་ཀྱང་སྟོན་པ་དེ ་དག་ཐམས་ཅད་བསླུས་པར་གྱུར་ཅིག། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས། བུ་མོ་དྲི་མ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་ཁྱོད ་འདི་སྐད་སྨྲ་བ་ནི་ངོ་མཚར་ཏོ།། བྱང་ཆུབ་སེམས་དཔའི་རྣམས་ཀྱི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསྒྲུབ་དཀའ་བར་མི་ཤེས་སམ། དེ་ནས་བུ་མོ་དྲི་མ་མེད་ཀྱི ་བྱིན་པས་གནས་བརྟན་མོའུ་དགལ་གྱི་བུ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་མོའུ་དགལ་གྱི་བུ་ཆེན་པོ་བདེན་པ་དང་བདེན་པའི་ཚིག་གང་གིས་བདག ་མ་འོངས་པའི་དུས་ན། ཇི་ལྟར་ད་ལྟར་དེ་བཞིན་གཤེགས་པ་མངོན་སུམ་དུ་བཞུགས་པ་བཞིན་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་སུ་འགྱུར་བ་དང་། ཇི་ལྟར་བཏགས་པ་ཆོས་འདི་དག་ཀྱང་ཡང་དག་པར་བླངས་ཏེ་གནས་པར་འགྱུར་ཞེ་ན། བདེན་པ་དང་བདེན་པའི་ཚིག ་དེས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་རྣམས་པ་དྲུག་ཏུ་གཡོས་ཏེ་བར་གྱུར་ཏེ། སེམས་ཅན་གང་ལ་ཡང་གནོད་པ་མེད་པར་གྱུར་ཅིག། བདེན་པ ་དང་བདེན་པའི་ཚིག་གང་གིས། བཅོམ་ལྡན་འདས་ཀྱིས་ཇི་ལྟར་བཏགས་པའི་ཆོས་འདི་དག་བླངས་ཏེ་གནས་པར་འགྱུར་ཞེ་ན། བདེན་པ་དང་བདེན་པའི་ཚིག་དེས་ལྷའི་མེ ་ཏོག་གི་ཆར་ཡང་མངོན་པར་འབབ་པར་གྱུར་ཅིག། མ་དཀྲོལ་བར་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་སྒྲ་འབྱིན་པར་གྱུར་ཅིག། བདག་ཀྱང་བུད་མེད་ཀྱི་ལུས་ལས་གྱུར་ཏེ ་སྐྱེས་པའི་ལུས་སུ་རེད་ཅིང་ལོ་བཅུ་དྲུག་ལོན་པ་འདྲ་བར་གྱུར་ཅིག། སྨོན་ལམ་དེ་ལྟར་བཏབ་ཅིང་བདེན་པའི་བྱིན་གྱིས་རླབས་འདི་བྱས་མ་ཐག་ཏུ་དེ་ནས་དེའི་མ་ལ ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་ཡང་རྣམ་པ་དྲུག་ཏུ་གཡོས། མ་དཀྲོལ་བར་སིལ་སྙན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གི་སྒྲ་ཡང་བྱུང་། ལྷའི ་མེ་ཏོག་གི་ཆར་ཡང་མངོན་པར་ཕབ་པོ།། བུ་མོ་དྲི་མ་མེད་ཀྱི་བྱིན་པ་ཡང་བུད་མེད་ཀྱི་ལུས་མི་སྣང་བར་གྱུར་ཏེ། སྐྱེས་པའི་དབང་པོ་ཐོབ་ནས། ལོ་བཅུ་དྲུག་ལོན་པ་ཙམ་གྱི་གཞོན ་ནུ་འདྲ་བར་སྣང་ངོ་།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་རྣམས ་ནི་ངོ་མཚར་ཆེ་ཏེ་ལགས་སོ།། བཅོམ་ལྡན་འདས་དང་པོ་སེམས་བསྐྱེད་པ་ནས་གཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོ་ལ་གནས་པའི་བར་གྱི་བྱང་ཆུབ་སེམས་དཔའ་ལ་ཕྱག ་འཚལ་ལོ།། དེ་ཅིའི་སླད་དུ་ཞེ་ན། འདི་ལྟར་འདིའི་བདེན་པའི་བྱིན་གྱིས་རླབས་ཀྱིས་རྒྱུ་འདི་དག་སོ་སོར་ཡོངས་སུ་རྫོགས་པས་བུ་མོ་དྲི་མ་མེད་ཀྱིས་བྱིན་པ་འདི་ནི། འ ་ལྟར་རྫུ་འཕྲུལ་ཆེ་བ། འདི་ལྟར་དབང་ཆེ་བར་གྲགས་པ། འདི་ལྟར་མཐུ་ཆེ་བ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ་དེ་དེ་བཞིན་ནོ།། ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། དང་པོ་སེམས་བསྐྱེད་པ་ནས་གཟུང་སྟེ། བྱང་ཆུབ་ཀྱི་སྙིང་པོའི་བར་གྱི་བྱང་ཆུབ་སེམས་དཔའ་རྣམས་ནི་ལྷ་དང་བཅས་པའི་འཇིག ་རྟེན་གྱི་མཆོད་རྟེན་དང་སྦྱིན་གནས་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱང་ཟིལ་གྱིས་གནོན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འཛུམ་པ ་མཛད་དོ།། འདི་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཆོས་ཉིད་ཏེ། གང་གི་ཚེ་འཛུམ་པ་མཛད་པ་དེའི་ཚེ། བཅོམ་ལྡན་འདས་ཀྱིས་ཞལ་སྒོ་ནས་འོད་ཟེར་ཁ་དོག་ཏུ ་སྣ་ཚོགས་འདི་ལྟ་ཏེ། སྔོན་པོ་དང་། སེང་པོ་དང་། དམང་པོ་དང་། དཀར་པོ་དང་། ལེབ་རྒན་དང་། ཤེས་དང་། དངུལ་གྱི་ཁ་དོག་ལྟ་བུ་རག་བྱུང་སྟེ། འོང་དེས་འཇིག་རྟེན་གྱི། ་མས་མཔའ་མས་སུ་མེ་འདུག་སྣང་ས་རྒྱས་ནས་ངས་སྦྱི་ས ་ས་ས་ལ་ས ་སྨྲ ་པ་སྤྱ་སྣས་ས་ང་རྣ་པ་ཁྱེ་དུ་གི་སྨྲ ་ན་དགའ་བ་བཟང་པོ་གནས་ཡས་སྐྱེད་མཛད་པ།། སྐབས་བཅུ་ཡོན་ཏན་རྒྱ་མཚོ་མངའ་བ་གང་གིདོན་དུ་འོད་བཏང་བསྟན་དུམསོལ། རི་ཆས་ནན ་བཅས་ཤིང་ཆབ་དང་བཅས་པའི་ས་རྣམས་རྣམ་པ་དྲུག་ཏུ་གཡས།། ལྷ་རྣམས་ནམཁར་གནས་ཤིང་ལྷའི་མེ་ཏོག་མེད་དུ་འོང་བའི་ཆར་པ་འ་བེབས།། སེང་གེས་མ་པམ ་བགྱིས་པ་བཞིན་དུ་ཁྱོད་ཀྱིས་མུ་སྟེགས་གཞན་ཀུན་ཕམ་པར་མཛད།། དཔའ་བོ་གང་གི་དོན་དུ་འོད་ཀྱི་ལྟས་འདི་བསྟན་པ་མཛད་པ་བཀའ་སྩལ་གསོལ།། ཉི་ཐ་བྱེ ་གངམས་འང་ཀྱི་བ་དང་ཀྲུང་ང་ཐ་ས་འད་ས་ལ་ང་ཀྲུང་བྲིབ་ནང་གྱུ་དས་འི་འོ་མ་ཡ་པ་ཡང་ལགས་པ། ཟབ་པ་མ ་དམས་ཤིང་དག་པའི་འོད་བྱུང་བ་དང་མཛའ་གྱུར་ནས། འོད་རྣམས་ཐམས་ཅད་མོག་མོག་གྱིས་ཏེ་སངས་རྒྱས་འོད་ནི་ཕྱོགས་བཅུ་རྣམས་སུ་མཛེས།། ཁྱོད་ཀྱི་སྨིན་མཚམས ་བར་གྱི་མཛོད་སྤུ་རབ་མཛེས་དཀར་ཞིང་དྲི་མ་མ་མཆིས་བཟང་།། འབར་ཞིང་པདྨའི་རྩ་དང་དུང་དང་མེ་ཏོག་ཀུན་ད་འདྲ་བས་ཕྱོགས་གསལ་བགྱིད།། ཐམས་ཅད་མོག་མོག་བགྱིས་ནས ་གདུགས་ཀྱི་སྲིན་བུ་མེ་ཁྱེར་བཞིན་དུ་རྒྱལ་བ་མཛེས།། མིའི་སེང་གེ་ཐུབ་འདི་གང་གི་དོན་ཆེན་བཟང་པོར་དེར་འགྱུར་བསྟན་ཏུ་གསོལ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན ་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ཀུན་དགའ་བོ་ཁྱོད་ཀྱིས་བུ་མོ་དྲི་མ་མེད་པས་བྱིན་པ་འདི་བྱིན་གྱིས་རླབས་གང་གིས་བུད་མེད་ཀྱི་དངོས་པ། ་གྱུར་ཏེ། སྐྱེས་པའི་དབང་པོ་འཐོབ་པར་གྱུར་པ་འཐོང་ངམ།། གསོལ་པ་བཅོམ་ལྡན་འདས་མཐོང་ལགས་སོ།། བཀའ་སྩལ་པ། ཀུན་དགའ་བོ་བྱང་ཆུབ་སེམས་དཔའ་དྲི་མ་མེད ་ཀྱིས་བྱིན་པ་འདི་བསྐལ་པ་གྲངས་མེད་པ་འབུམ་ཕྲག་བརྒྱད་ཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སྤྱད་དེ། བསྐལ་པ་གྲངས་མེད་པ་འབུམ་ཕྲག་དྲུག་ཅུར་སྤྱད་ན ་ཕྱིས་བུ་མོ་འདི་འཇམ་དཔལ་གཞོན་ནུར་གྱུར་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ།། འཇམ་དཔལ་གཞོན་ནུར་གྱུར་པ་ཅི་འདྲ་བ་དེ་འདྲ་བའི་བྱང་ཆུ ་སེམས་དཔའ་བརྒྱད་ཁྲི་དག་གི་སངས་རྒྱས་ཀྱི་ཞིང་གི་བཀོད་པ་ཡོན་ཏན་གང་དག་ཡོད་པ་དེ་འདྲ་བ་དག་ནི་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པའི་སངས་རྒྱས་ཀྱི་ཞིང་གི ་འདོ་ན་པདང་པས་ཅུ་འགྱུར་རོ།། དེནས་དང་ལྡན་པ་རྗོ་དགལ་ཀྱི་བུ་ཆེན་པོས་བྱུང་རྒྱ་སེམས་དཔའ་དྲིམ་མེད་ཀྱིས་བྱིན་པ་ལ་འདི་སྐད་ཅེས་སྨྲས་པ། ་རིགས་ཀྱི་བུ་ཁྱོད་དེ་ལྟར་ཡུན་རིང་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་སྤྱད་པ་སྤྱོད་ན། ཅིའི་ཕྱིར་ཁྱོད་ཀྱིས་དེའི་ཚེ་བུད་མེད་ཀྱི་དངོས་པོ་མ་གྱུར། བྱང་ཆུབ་སེམས ་དཔའ་དྲི་མ་མེད་ཀྱིས་བྱིན་པས་སྨྲས་པ། གནས་རྟེན་མོའུ་དགལ་གྱི་བུ་ཆེན་པོ་ནི་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ན། བཙུན་པ་ཁྱོད་ཅིའི་ཕྱིར་སྐྱེས་པའི་ལུས ་ལས་མི་སྦྱར། གནས་བརྟེན་མོའུ་དགལ་གྱི་བུ་ཆེན་པོ་ཅང་མི་སྐྱེས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དྲི་མ་མེད་ཀྱིས་བྱིན་པས་མོའུ་དགལ་གྱི་བུ་ཆེན་པོ ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་མོའུ་དགལ་གྱི་བུ་ཆེན་པོ་བུད་མེད་ཀྱི་ལུས་ཀྱིས་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན། སྐྱེས་པའི་ལུས་ཀྱིས་བྱང་ཆུབ་མངོན་པར ་རྫོགས་པར་འཚང་རྒྱ་བ་ཡང་མ་ཡིན་ནོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་ནི་མ་སྐྱེས་པ་སྟེ། དེ་ནི་ལུས་སམ་སེམས་ཀྱིས་མངོན་པར་རྫོགས་པར་འཚང་རྒྱ་བ་མི་ནུས་པའི་ཕྱིར་རོ།། དེ་ནས་བཅོམ ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ལྟར་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདི་ཟབ་མོ་ལ་མོས་པ་ནི་ངོ་མཚར ་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ལྟར་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་འདིས། སངས་རྒྱས་བྱེ་བ་ཕྲག་དྲུག་ཅུའི་ཐད་ན་ཚངས་པར་སྤྱོད་པ་སྤྱད ་ད།། སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་བསྒོམས་སོ།། བསྐལ་པ་བརྒྱད་ཅུར་མི་སྐྱེ་བའི་ཆོས་ལ་བཟོད་པ་བསྒོམ་སོ།། སངས་རྒྱས་བྱེ་བ་ཕྲག་སུམ་ཅུ་དང་། བྱང་ཆུབ་སེམས་དཔའ་ཟབ་མོའི་ཚུལ་དང་ལྡན་པ ་རྣམས་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལང་སུ་ལ་དྲིས་སོ།། སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་ལ། ན་བཟའ་དང་ཞལ་ཟས་ཀྱིས་བཀུར་སྟི་བྱས་སོ།། སྤོབས་པ་རྣམ་པར་ངེས་པའི་བསྟན་པའི་ཆོས ་ཀྱི་རྣམ་གྲངས་འདི་ཡང་ཡོངས་སུ་དྲིས་སོ།། འཇམ་དཔལ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུང་གི་བྱེ་མ་སྙེད་དག་གིས ་རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་བཀང་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་དབུལ་བ་ཕུལ་བ་བས། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གི་ཆོས ་ཀྱི་རྣམ་གྲངས་འདི་ཉེན་ཏམ། ལེན་ཏམ། འཛིན་ཏམ་འཆང་ངམ། ཀློག་གམ། ཀུན་ཆུབ་པར་བྱེད་དམ། གནན་དག་ལ་ཡང་རྒྱ་ཆེར་རབ་ཏུ་སྟོན་ན། འདི་ནི་དེ་བས་ཆེས་བསོད་ནམས་མང་དུ་བསྐྱེད་དོ།། ་ངོ་ཅིའི་ཕྱིར་ཞེ་ན། བསྒྲུབ་པ་འདི་ནི་བྱང་ཆུབ་ཐོབ་པར་འདོད་པའི་ཕྱིར་རོ།། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་བཀའ་སྩལ་པ། འཇམ་དཔལ་ཁྱོད་ཀྱི་ཆོས་ཀྱི་རྣམ་གྲངས ་འདི་ཟུང་ཤིག། ཆོངས་ཤིག། ལྷོགས་ཤིག། ཀུན་ཆུབ་པར་བགྱི་ཤིག། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་ཅིག། དེ་ནས་བཅོམ་ལྡན་འདས་ལ་འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད ་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་དེའི་ཕྱིར་ཆོས་ཀྱི་རྣམ་གྲངས་འདི་སྤོབས ་པ་རྣམ་པར་ངེས་པ་བསྟན་པ་ཞེས་བྱ་བར་ཡང་ཟུང་ཤིག། གཟུང་ཀྱི་རྡོ་རྗེས་ཚིག་ཅེས་བྱ་བར་ཡང་ཟུང་ཤིག། བྱང་ཆུབ་སེམས་དཔའི་སྡེ་སྣོད་ཅེས་བྱ་བར་ཡང་ཟུང་ཤིག། ་དྲི་མ་མེད་ཀྱིས་བྱིན་པ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་བསྟན་པ་ན། ལྷ་དང་མིའི་སྐྱེ་དགུ་ལས་སྲོག་ཆགས་ཁྲག་ཁྲིག་བརྒྱད་ཅུ་བླ་ན་མེད་པ་ཡང་དག་པར ་རྫོགས་པའི་བྱང་ཆུབ་ཏུ་ངེས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་ཀྱིས་འདི་སྐད་གསོལ་ཏོ།། བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པ་ཇི ་སྲིད་ཅིག་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པ་འཚང་རྒྱ་བར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་དྲི་མ་མེད ་ཀྱིས་བྱིན་པ་འདི་བསྐལ་པ་བརྒྱ་སྟོང་ཕྲག་གྲངས་མེད་པ། བགྲངས་པ་ལ་འདས་པ་ན། སངས་རྒྱས་ཀྱི་ཞིང་ཉན་ཐོས་དང་རང་སངས་རྒྱས་རྣམས་མེད་པ། ཚེའི་ཚད་དཔག་ཏུ་མེད་པ། བྱང་ཆུབ་སེམས ་དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ལྡན་པ། ལྷའི་ལོངས་སྤྱོད་པས་ཤིན་ཏུ་ལྷག་པ་དང་ལྡན་པ། ཡོན་ཏན་དཔག་ཏུ་མེད་པར་བཀོད་པ་ཞེས་བྱ་བར། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག ་པར་རྫོགས་པའི་སངས་རྒྱས་བཞད་ཅིང་འཛུམ་པ་དྲི་མ་མེད་པའི་རྟོག་གི་རྒྱལ་པོ་ཞེས་བྱ་བར་འགྱུར་རོ།། དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པས་བཅོམ་ལྡན་འདས་ལས་མངོན་སུམ ་དུ་ལུང་བསྟན་པ་ཐོས་ནས། དགའ་བ་དང་མཆོག་ཏུ་དགའ་བ་དེས། ཏ་ལ་བྱེད་པ་ཕྲག་བརྒྱད་ཅུ་སྲིད་དུ་ནམ་མཁའ་ལ་མངོན་པར་འཕགས་ཏེ། སངས་རྒྱས་ཀྱི་ཞིང་སྟོང་འོད་ཀྱིས་ཁྱབ་པར་བྱས་ནས། ་བཅོམ་ལྡན་འདས་ཀྱིས་དབུའི་གཙུག་གི་སྟེང་དུ་རིན་པོ་ཆེའི་གདུགས་ཆང་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ཡོད་པ་བྱིན་གྱིས་རླབས། རིན་པོ་ཆེའི་གདུགས་དེས་སྟོང་གསུམ་གྱི་སྡོང་ཆེན་པོ་འཇིག་རྟེན ་བྱི་ཁམས་འདི་ཁོབས་སོ།། དེ་ནས་ཡང་ན་མཁའ་དེ་ཉིད་ན་རྫུ་འཕྲུལ་དཔག་ཏུ་མེད་པ་བྱས་ནས། ཕྱོགས་བཅུའི་སངས་རྒྱས་གང་གའི་ཀླུང་གི་བྱེ་མ་སྙེད་དག་ལ་བསྟོད་ཅིང་ཕྱག་འཚལ་ཏེ། ་སྟང་བྱས་ནས་ནམ་མཁའ་དེ་ལས་བབས་ཏེ། བཅོམ་ལྡན་འདས་ལ་ལན་སྤོང་བསྐོར་བ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ།། དེ་ནས་བྲམ་ཟེ་ཚངས་པའི་ལྷ་ལ་སོགས་པ་བྲམ་ཟེ་ལྔ་བརྒྱ་པོ་དེ་དག ་གིས། བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན་པའི་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཡང་མཐོང་། ལུང་བསྟན་པ་དེ་ཡང་ཐོས་ནས་ཚིམ་ཞིང་མགུ་ལ་ཡིད་རངས་ཏེ། རབ་ཏུ་དགའ་ནས། བདེ་བ་དང་ཡིད་བདེ ་བ་སྐྱེས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། སྒྲ་སྐད་མཐུན་པར་བཅོམ་ལྡན་འདས་ལ་ཚིགས་སུ་བཅད་དེ་གསོལ་པ། གང་དག་སངས་རྒྱས་གུས་མཆིས་པ། ་གང་དག་སངས་རྒྱས་ཆོས་སྲང་དུ། བློ་ནི་ཤིན་ཏུ་ངེས་གྱུར་པ།། དེ་དག་རྙེད་པ་ཆེན་པོ་རྙེང། སྔོན་ཆད་སྡིག་པའི་ལས་བགྱིས་པས།། བདག་ཅག་བྲམ་ཟེའི་ཁྱིམ་དུ་སྐྱེས།། སྟོན་པའི་ཉེན་ཐོས་མཐོང ་གྱུར་ན།། བཀྲ་མི་ཤིས་ཤེས་ཚིག་ཏུ་བརྗོད།། སངས་རྒྱས་སྲས་ངག་མཐོང་གྱུར་ན།། བཀྲ་མི་ཤེས་ཤེས་བགྱིས་པའི།། ཚིག་ཏུ་བརྗོད་པ་གང་མཆིས་པ།། བཙུན་པ་ནོང་པ་བཤགས་པར་བགྱིད།། ཚོགས་ཀྱི ་རྒྱལ་པོ་མཆོག་གྱུར་པ།། སངས་རྒྱས་གང་དག་མ་མཐོང་བ།། མི་དེ་དག་གིས་ནོངས་པ་རྙེད།། དེ་དག་ཁ་ཟས་ངན་པ་འཚལ།། དྲི་མེད་སྦྱིན་པས་མཆོད་སྦྱིན་སྤང་།། བདག་ཅག་འགྲོན་དུ་བོས་པར་གྱུར།། ་@#།། སྟོན་པའི་ཉན་ཐོས་རྣམས་མཐོང་ནས།། མ་གུས་པས་ནི་སྡོད་ཅིང་མཆིས།། དེ་ལ་འདག་ཅག་རྣམས་ཀྱིས་དྲིས།། ཁྱོད་ཀྱིས་འདྲེན་པ་གང་ན་མཆིས།། དེས་སྤྲས་བཅས་ནས་ལོ་འདུན་ན། ་ཁོ་མོས་སངས་རྒྱས་མཚན་ཐོས་ནས།། དེ་ཡིས་སངས་རྒྱས་བསྔགས་མེད་པ།། དེ་བཞིན་གཞན་དུ་མི་འགྱུར་བརྗོད།། དེའི་ཚིག་ཐོས་བདག་ཅག་ཀུན།། བྱང་ཆུབ་མཆོག་ཏུ་ཡང་དག་ཞུགས།། བདག་ཅག ་སྔོན་གྱི་བསོད་ནམས་དང་།། སངས་རྒྱས་ཞེས་བགྱི་སྒྲས་བསྐུལ་པས།། ཤཱཀྱ་སེང་གེའི་ཞབས་ལ་ནི། ཕྱག་བགྱིས་སླད་དུ་ལྷག་པ་ལགས།། རྫོགས་པའི་སངས་རྒྱས་མཐོང་ཕྱག་བགྱིས།། ཆོས ་ཀྱི་དམ་པ་ཐོས་པར་འགྱུར།། རྐང་གཉིས་དམ་པ་འདི་མཐོང་བས།། བདག་ཅག་སྡུག་བསྔལ་ཀུན་ལས་གྲོལ།། སྐྱོབ་པ་ཤཱཀྱ་སེང་གེ་ཡིས།། ཆོས་གང་བཤད་པ་མཛད་པ་རྣམས།། སངས་རྒྱས་ཆོས ་ཀྱི་དོན་སྤད་དུ།། བདག་ཅག་དེ་ལ་བསློབ་པར་བགྱིད།། སངས་རྒྱས་ཆོས་ཐོབ་བགྱི་སླད་དུ།། བྱང་ཆུབ་སྤྱོད་པ་ཐོས་གྱུར་ནས།། བདག་ཅག་ཡང་དག་ནན་ཏན་གྱིས།། སྤྱོད་པ་དེ་ལ་སླབ་པར་བགྱིས ་བྱང་ཆུབ་སེམས་དཔའི་སྤྱོད་གང་གིས།། ལམ་དང་སྒོ་ཡང་བསྟན་པ་ལ།། ནན་ཏན་གྱིས་ནི་གནས་པར་བགྱི།། འཇིག་རྟེན་རྣམས་ཀྱིས་མཆོད་རྟེན་འགྱུར།། དེ་དག་ལྷག་པའི་བསམ་མཁྱེན་ནས ་ཐུབ་པ་དེ་ཆེ་འཛུམ་པ་མཛད།། ཐུབ་ཆེན་ལུང་བསྟན་མཛད་གསོའོ་ཞེས།། སངས་རྒྱས་ལ་ནི་ཀུན་དགས་ཞུས།། བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། བྲམ་ཟེ་ལྔ་བརྒྱ་འདི་དག་དང་། ་བྲམ་ཟེ་ཚངས་པའི་ལྷ་དེ་དང་།། དེ་ཀུན་བསྐལ་པ་གཅིག་གི་ཚེ།། རྣམ་པར་འདྲེན་པ་སངས་རྒྱས་འགྱུར།། སངས་རྒྱས་ལྔ་བརྒྱ་ཐམས་པ་ལ།། ཚེ་རབས་སྔ་མར་མཆོད་བྱས་པ།། དེ་ནས་ཕྱིན་ཆད ་སྤྱོད་ཚེ་ཡང་།། སངས་རྒྱས་བྱེ་བ་མཐོང་བར་འགྱུར།། བསྐལ་པ་བྱེ་བ་བརྒྱད་བཅུར་ནི།། དེ་དག་ངན་འགྲོར་འགྲོ་མི་འགྱུར།། དེ་དག་བསྐལ་པ་རེ་རེ་ལའང་། སངས་རྒྱས་བྱེ་བ་མཐོང་བར་འགྱུར།། དེ་དག ་བསྐལ་པ་གཅིག་དེ་ལ།། རྐང་གཉིས་རྣམས་མཆོག་འགྱུར་ཏེ།། འོད་བྱེད་ཅེས་བྱའི་བསྐལ་གཅིག་ལ།། ཚངས་པའི་སྒྲ་ཞེས་བྱ་བར་འགྱུར།། དེ་དག་ཚེ་ཚད་མཚུངས་འགྱུར་ཏེ།། བསྐལ་པ་བྱེ་བ་བརྒྱད ་ཅུ་ཟུག། ཞིང་མཚུངས་དགེ་འདུན་མཚུངས་འགྱུར་ཏེ།། དགེ་སློང་བྱེ་བ་བརྒྱད་ཅུ་ཡོད།། སེམས་ཅན་རྣམས་ཀྱི་དོན་སྤྱད་ཅིང་།། ཆོས་འདི་ལ་ཡང་སྤྱད་བྱས་ནས།། དེ་དག་ཐམས་ཅད་མཐར་ཀྱིས ་སུ།། མྱ་ངན་འདས་པ་ཞི་བ་འཐོབ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སྤོབས་པ་བརྩེགས་དང་། བྱང་ཆུབ་སེམས་དཔའ་དྲི་མ་མེད་ཀྱིས་བྱིན ་པ་དང་། འཇམ་དཔལ་གཞོན་ནུར་གྱུར་པ་དང་། བྲམ་ཟེ་དེ་དག་དང་། རྒྱལ་པོ་གསལ་རྒྱལ་དང་། ཉེན་ཐོས་ཆེན་པོ་དེ་དག་དང་། ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུང་བ་ལ་མངོན་པར་བསྟོད་དོ།། །། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལེའུ་སྟོང་ཕྲག་བརྒྱ་པ་ལས། ་དྲི་མ་མེད་ཀྱིས་བྱིན་པ་ཞེས་བྱ་བའི་ལེའུ་སྟེ། འདུས་པ་གསུམ་ཅུ་རྩ་གསུམ་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏཱ་དང་། སུ་རེན་ཏྲ་བོ་དེ་དང་། ཞུ་ཆེན་གྱི་ལོ་ཙ་བ་བན་དེ ་མིགས་སྡེས་བསྐུར་ཅིང་ནུས་ཏེ་གཏན་ལ་འའ་བཾ། རྒྱ་ག་སང་དུ། ཨཱདྱ་གུན་རང་ན་སང་སུསུ་མྲི་ཏ་ཟད་ཅན་མ་མེ་ག་ཡ་ན་སུ་ཏྲཾ། བེད་སྐད་དུ། ་