| Wylie | e-texts produced with BDRC’s OCR application |
པའི་གཟུངས་རྫོགས་སྷོ།། །། རྒྱ་གར་སྐད་དུ།། ཨརྱ་ཏཱ་ར་ཨཥྚ་གྷོ་རེ་ཏཱ་སྭི་སུ་ཏྲ། བོད་སྐད་དུ།། འཕགས་མ་སྒྲོལ་མ་འཇིགས་པ་བརྒྱད་ལས་སྐྱོབ ་པའི་མདོ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། རྗེ་བཙུན་མ་སྒྲོལ་མ་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ།། འདི་སྐད ་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རི་རབ་ཀྱི་སྟེང་ལྷའི་གནས་ན་བཞུགས་ཏེ། དེ་ཉིད་དུ་འཁོར་རྣམས་ཀྱི་ནང་ནས་ལྷ་མོ་སྒྲོལ་མས་འདི་སྐད་ཅེས ་སྨྲས་སོ།། མཐོ་རིས་རིན་ཆེན་ལྟ་བུ་འདི་ཐོབ་ནས།། ལས་དང་ལས་ཀྱི་འབྲས་བུ་ཤེས་པར་བྱོས།། བཟང་པོ་བསྟེན་ཅིང་ངན་པ་སྤང་བར་བགྱི།། གང་དག་སྡིག་པའི ་ལས་རྣམས་སྤྱོད་བྱེད་པ།། འཇིག་རྟེན་ཕ་རོལ་ཐུར་དུ་འབབ་འགྱུར་ཏེ།། དུད་འགྲོ་གླེན་ལྐུགས་གཅིག་ལ་གཅིག་ཟ་དང་། གྱེན་ཐུར་འཛེག་ག་ཡང་ས་ངལ་བའི་ལ།། ་འཇིགས་ཤིང་སྔངས་སྐྲག་ཤིན་དུ་སྐྱི་གཡའ་བ།། ཟོན་དང་བཅས་པའི་སྡུག་བསྔལ་བསམ་མི་ཁྱབ།། ཡི་དགས་ལྟོགས་ཤིང ་སྐོམ་དང་ལུས་མི་འཚམ།། བཟའ་བཏུད་སྣང་ཡང་གཞན་གྱིས་བསྲུངས་པ་དང་།། ཁ་ཅིག་ཟོས་ཀྱིང་མེ་དང་མཚོན་དུ་འགྱུར།། ལྟོགས་ཤིང་སྐོམ་པའི་སྡུག་བསྔལ ་བསམ་མི་ཁྱབ།། དམྱལ་བར་སྐྱེས་པའི་སེམས་ཅན་དེ་དག་ནི།། རང་དབང་མེད་པར་གཤིན་རྗེ་གདུག་པར་ཁྲིད།། བསྲེགས་ཤིང་བཅོས་ཏེ་མཚོན་གྱིས་རབ་ཏུ་འཐུབ།། ་བསྲན་གླགས་མེད་པའི་སྡུག་བསྔལ་ཚ་དང་གྲང་།། དེས་ན་ཚེ་འདིར་སྡིག་པའི་ལས་བྱེད་པ།། རང་གིས་རང་ལ་ངན་ནི་ཆེར་བྱས་ཡིན།། བསྐལ་པ་མང་པོར་སྡུག་བསྔལ་དྲག ་པོས་གདངས།། ཐར་པའི་དུས་མེད་པསྲན་པའི་གླགས་ཀྱང་མེད།། དྲན་པ་གསལ་བས་ལས་ཀྱི་འབྲས་བུར་ཤེས།། སྡུག་བསྔལ་མ་བཟོད་སྨྲེ་སྔགས་རང་ལ་སྨོད།། ་སྐད་ངན་དྲག་པོའི་ཀུ་བསྒྲག་གཞན་ཡང་སྐྲག། དེ་ལ་སོགས་ཏེ་སྡུག་བསྔལ་བསམ་མི་ཁྱབ།། གང་དག་ཉེས་དམིགས་རབ་ཏུ་ཤེས་གྱིས་ལ།། ངན་སོང་གསུམ་གྱི་རྒྱུ ་རྣམས་རབ་ཏུ་སྤོང་།། སྡིག་པའི་རྣམ་པ་ཕྲ་རགས་གང་ལ་ཡང་།། ལུས་ངག་ཡིད་ཀྱི་སྒོ་ནས་སྤྱད་ཏ་རེ།། རང་ཡང་བདེ་ལ་འགྲོ་རྣམས་ཡོངས་ལ་ཕན།། ཆགས་སྡང ་རྨོངས་སྤངས་སྙིང་རྗེའི་རྩ་བ་བརྟན།། སྒོ་གསུམ་དང་བས་འབད་དེ་དགེ་བ་སྤྱད།། ཤིན་ཏུ་ཟབ་པའི་སྙིང་པོ་འདི་ལ་འབད།། མེ་ཏོག་སད་ཀྱིས་ཁྱེར་བའི་འབྲས ་བུ་ལ།། སོ་ནས་བྱས་ཀྱང་མྱུ་གུ་མི་སྐྱེ་ལྟར།། སྡོམ་ཉམས་ཐེ་ཚོམ་ཟོས་པའི་གང་ཟག་གིས།། ཤིན་དུ་ཟབ་པའི་རིག་སྔགས་བསྒྲུབས་གྱུར་ཀྱང་།། བྱིན་རླབས་འབྱུང་ངོ་སྙམ ་ཡང་འབྱུང་མི་སྲིད།། བརྩོལ་བ་དེ་དག་ངལ་བ་དོན་མེད་འགྱུར།། རིག་སྔགས་དེ་ཡང་སྐྱེ་བོའི་ཚིག་དང་མཚུངས།། ཏིང་འཛིན་རྣམས་ཀྱང་བྱིས་པའི་བསམ་པ་འདྲ།། སྐྱོན ་མེད་སྐྱེས་བུས་རིག་སྔགས་དེ་བསྒྲུབས་ནི།། ཇི་ལྟར་འདོད་པ་བཞིན་དུ་མྱུར་དུ་འགྲུབ།། དཔེར་ན་བྱ་གྲོ་དྷ་ཡི་ས་བོན་ནི།། ཤིན་དུ་ཕྲ་ཡང་ཆུ་ལུང་ལེགས་བྲན་ན།། དགུང ་ཟླ་བ་བདུན་ན་དཔག་ཚད་ཅི་དུ་སྐྱེ།། བེམས་པོ་ཕྱིའི་འགྱུར་ཡང་དེ་འདྲི་ནི།། རོག་པས་རིག་པ་བསྒྲུབ་པ་ལྟ་ཅི་སྨོས།། འོད་གསལ་ནང་གི་འགྱུར་ལ་དཔག་ཏུ་མེད།། ཚེང ་དཔོན་ལམ་ལ་མཁས་པ་དག་ལ་བརྟེན།། གྲུ་ཆགས་ལེགས་པར་རྒྱ་མཚོར་ཞུགས་གྱུར་ན། རིན་ཆེན་འདོད་པ་བཞིན་དུ་རྙེད་གྱུར་ནས།། རང་གི་གནས་སུ་ལེགས་པར ་ཕྱིན་པ་ཡིན།། བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་བསྟེན།། བྱང་ཆུབ་སེམས་ལྡན་དགེ་བ་སྤྱད་གྱུར་ན།། ཡང་དག་རྫོགས་ཀྱི་ལམ་ལ་བཞུགས་གྱུར་ཏེ།། ་ངེས་པར་མཁྱེན་ཉིད་ས་ལ་འགྲོ་བར་འགྱུར་རོ།། མདའ་ཉིད་སྐྱེས་བུའི་འཐེབ་ནས་ཤོར་གྱུར་ན།། མི་འཕང་སྙམ་ཡང་ཤིན་དུ་འཕངས་པར་འགྱུར།། ཆོས་ཉིད་དོན་ཀུན་ཆུབ ་པའི་གང་ཟག་ནི།། མི་བྱིན་སྙམ་ཡང་ཕ་རོལ་ཕྱིན་པར་འགྱུར།། བྱ་ཆའི་རྣམ་པ་རང་བཞིན་རྫོགས་གྱུར་ནས།། སངས་རྒྱས་འབྲས་བུ་ཐོབ་པར་ཐེ་ཚོམ་མེད།། ཆོས་ཉིད ་རྣམ་པར་དག་པ་དེ་རྟོགས་ན།། བདག་མེད་སྲོག་མེད་སྲོག་ཀྱང་བཅད་དུ་མེད།། ལས་མེད་དེའི་རྣམ་པར་སྨིན་པ་མེད།། མཐའ་རྣམས ་རབ་སྤངས་སྐྱེས་བུ་རྣམ་པར་གྲོལ།། དེ་དོན་རྟོགས་ཕྱིར་བདག་གིས་བཤད་པ་ཡི།། སྙིང་པོ་འདི་ལ་གུས་པས་བཟླས་གྱུར་ན།། བསྐལ་པ་གྲངས་མེད་གསུམ་གྱི་སྡིག་ཀྱང ་མཛད།། ངན་སོང་གསུམ་དང་འཁོར་བའི་སྡུག་བསྔལ་ཀུན།། རབ་ཏུ་སྦྱོང་ཞིང་སྒྲིབ་པ་རྣམས་ཀྱང་འདག། དོན་དང་ལྡན་པའི་སྙིང་པོ་འདི་ལྟ་སྟེ།། ཨོཾ་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་མོ།། ལྷ་མོ་ཁྱོད་ཀྱི་བསྐྱབ་ཏུ་གསོལ།། ནཱ་མཾ་ཨརྱ་པ་ལོ་གི་ཏི་ཤྭ་ར་ཡ། བོ་དྷི་སཏྭ་ཡཱ། མ་ཧཱ་སཏྭ་ཡཱ། མ་ཧཱ་ཀ་རུ་ཎི་ཀཱ་ཡཱ། ཏདྱ་ཐཱ། ཨོཾ་ཏ ་རེ་ཏུད་ཏཱ་རེ་ཏུ་རེ་སརྦ་དུཥཎ། པུ་དུཥྚ་ཎ་མ་མ་ཀྲི་ཏི། ཛ་མ་བྷ་ཡ། སྟམ་བྷ་ཡ། མོ་ཧཱ་ཡ། བན་དྷ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ།། མ་མ་ཨརྱཱ་པ་ལོ་བྷ་ཡཱ་ན་རཱ། ་བོ་དྷ་སཱ་ཏཱ། མ་ཧཱ་ས་ཏྭ་ནི། ཨ་དྷིཥྛ་ན་ཨ་དྷིཥྛ་ཏེ། མ་མ་སརྦ་ཀརྨ་ཨ་ཝ་ར་ཎ་སྭ་བྷ་ཝ། ཤུད་དྷི་བཱིདྷེ། ཤཻ་དྷཱ་ཡ་བི་ཤོ་དྷ་ཡ། ཧཱུཾ་ཕཊ་སྭཱ་ཧཱ།། དེ་ནས་སངས་རྒྱས ་ཉིད་ཀྱིས་ལྷ་མོ་ཉིད་ལ་རབ་ཏུ་བསྟོད།། ཐུགས་རྗེ་ཤིན་དུ་ཆེ་བས་འགྲོ་བའི་དོན་མཛད་མ།། མཚན་དང་དཔེ་བྱད་རྫོགས་ཤིང་རིན་ཆེན་རྐྱེན་གྱིས་སྤྲས།། ཤིན ་དུ་མཛེས་ཚུལ་འཛུམ་ཞིང་བཞད་པའི་བཞིན།། སྤྱན་གྱི་སྐྱེ་མཆོད་ཟུར་མའི་པད་མ་འདྲ།། སྙན་གྱི་སྐྱེ་མཆེད་ཨུག་ཆོས་བྱེ་བ་འདྲ།། ཤངས་ཀྱི་སྐྱེ་མཆེད་ཨུད ་པལ་བུམ་བུ་འདྲ།། ནལ་གྱི་སྐྱེ་མཆེད་ཧ་ལོ་རྒྱས་པ་འདྲ།། སྣ་ཚོགས་སྐུ་མངའ་ན་ཆུང་མཚན་ལྡན་སྨྲ།། ཆོས་ཀྱི་སྒྲ་སྒྲོགས་ཀཱལ་བིང་དཀའི་གསུངས།། སེམས་ཅན་གན ་ལ་བྱམས་མགོན་ཐུགས་རྗེའི་ཐུགས།། འཁོར་ལོའི་སྐྱོན་གྱིས་མ་དགོས་པད་མ་གཡོན།། སེམས་ཅན་དོན་རྣམས་མཛད་ཕྱིར་སྐྱབས་སྦྱིན་གཡས།། ཐབས་དང་ཤེས་རབ ་ཟླའི་གདན་ལ་བཞུགས།། རྗེ་བཙུན་སྒྲོལ་མ་ལ་ནི་སྐྱབསུ་མཆི།། འཁོར་བའི་གཡངས་ཆེ་ལས་བདག་སྐྱོབས་ཤིག། འགྲོ་དྲུག་རང་གནས་སུ་འཁོར་ར་རེ།། ཐུགས་རྗེ་ཆེན ་པོའི་ཞགས་པས་བདག་ཟུང་ཅིག། ངན་སོང་གསུམ་གྱི་གནས་སུ་ཤོར་ར་རེ།། འཁྱམས་ས་མེད་པའི་ལམ་དུ་བདག་ཆུག་ཅིག། ལོག་པར་ལྟ་བའི་རིགསུ་སྐྱེས་སེ་རེ། ་བླ་མ་བྱང་སེམས་མངའ་དང་བདག་སྤྲོད་ཅིག། བཤེས་གཉེན་ངན་པ་དག་དང་ཕྲད་ད་རེ།། སང་གེ་གླང་ཆེན་མེ་དང་སྤྲུལ།། མི་རྒོད་ཆུ་དང་རིམས་རྣམས་དང་།། ་ཤ་ཟས་འཇིགས་པ་བརྒྱད་པོ་ལས།། སྐྱོབ་མཛད་ཁྱེད་ལ་ཕྱག་འཚལོ།། འཇིག་རྟེན་འདི་དང་གཞན་དག་ཏུ།། འཇིགས་པ་བརྒྱད་ལས་བསྐྱབ་ཏུ་གསོལ།། ་ཕ་རོལ་འབྲས་བུ་མ་ཐོབ་པར་དག་ཏུ།། སྦྱིན་དང་ཚུལ་ཁྲིམས་བཟོད་པ་བཙོན་འགྲུས་དང་།། བསམ་གཏན་ཤེས་རབ་ཐབས་དང་སྨོན་ལམ་དང་། ་སྟོབས་དང་དེ་བཞིན་ག་ཤེས་ཕ་རོལ་ཕྱིན།། བཅུ་པོ་དེ་དང་མི་འབྲལ་འགྲོགས་པར་ཤོག། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ།། ཆོས་འདི་འབྲི ་བ་དང་། ཀླག་པ་དང་། ཁ་ཏོན་དང་། ཀུན་ནུབ་པ་དང་། ཚུལ་བཞིན་དུ་ཡིད་ལ་བྱེད་པ་དང་། གཞན་དག་ལ་ཡང་རྒྱ་ཆེར་བསྟན་པར ་བྱའོ་ཞེས་བཀའ་སྩལ་པ་དང་།། ཐམས་ཅད་དང་ལྡན་པའི་འཁོར་རྣམས། ཡི་རངས་ཏེ་མངོན་པར་བསྟོད་དོ།། རྗེ་བཙུན་མ་སྒྲོལ་མའི་འཇིགས་བརྒྱད་སྐྱོབ་པའི་མདོ།། ་རྫོགས་སྷོ།། །། དགེའོ།། སརྦ་མངྒ་ལེ།། །། རྒྱ་གར་སྐད་དུ། མ་ཧཱ་སང་སྲ་པྲ་མ་རྡ་ན་སུཏྲ། བོད་སྐད་དུ། སྟོང་ཆེན་མོ་རབ་ཏུ་འཇོམས་པ་ཞེས་བྱའི་མདོ། ་