CLOSE WINDOW

F616: de bzhin gshegs pa thams cad kyi yum sgrol ma las sna tshogs 'byung ba zhes bya ba'i rgyud
Wyliee-texts produced with BDRC’s OCR application

ཞེ། ་ལ་མ་སྐྱེ་ན་མ ་སོ་སོ་འབྲང་མ་ཆེན་མོ་ལ་ན་མ།། ་སརྦ་ཏ་ཐ་ག་མ་ཏྲི་ནི་ཏ ་བྲིས་ཀམ ་བཏན་དྲན་མ། བོད་སྐད་དུ། ་ནགཤེགས ་པ་ཐམས་ཅད་ཀྱི་ཡུམ་སྒྲོལ་མ་ལས་སྣ་ཚོགས་འབྱུང་བ་ཞེས ་བྱ་བའི་རྒྱུད་འཕགས་པ་འཇས་དཔལ་ལ་ཕྱག་འཚལ་ལོ།། འདི ་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་དགའ ་ལྡན་གྱི་གནས་ན་བཞུགས་ཏེ། བྱང་ཆུབ་སེམས་དཔའ་བྱམས ་དང་། ལས་དག་མ་པ་དང་། ཀླ། ་ཁྲོད་ལོ་མ་ཅན་ལ་སོགས་པ་དང་། ཚངས་པ་དང་། བརྒྱ་བྱིན་ལ་སོགས་པ་དཔག ་ཏུ་མེད་པ་དག་གིས། ལྷ་རྫས་ཀྱི་མེ་ཏོག་པད་མ་དང་། ཀུ་མུ་ཏ་དང་། མན་དྷ་ར་བ་ལ ་སོགས་པ་ལྷ་རྫས་ཀྱི་མེ་ཏོག་དཔག་ཏུ་མེད་པ་དག་དང་། དུང་དང་། པི་ཝང་དང་། རྔ་དང་རྫ ་རྔ་དང་། གོང་བུ་རྒྱུད་མང་ལ་སོགས་པ་ལྷའི་རོལ་མོ་དཔག་ཏུ་མེད་པ་དང་། ལྷའི་གདུགས་དང་། ་རྒྱལ་མཚན་དང་། བ་དན་ལ་སོགས་པ་དཔག་ཏུ་མེད་པ་ཐོགས་ཏེ། གཡས་ཕྱོགས་ནས ་བསྐོར་ཏེ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པའི་སྤྲིན་གྱིས་མཆོད་དོ།། དེ་ནས་བཅོམ་ལྡན ་འདས་ཀྱིས། ཕ་རོལ་གྱི་སྡེ་རབ་དུ་འཇོམས་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་མཉམ་པར་བཞག་སྟེ། བཞག ་མ་ཐག་ཏུ་ས་ཆེན་པོ་ཡང་གཡོས། བདུད་ཀྱི་འཁོར་ཡང་ཕམ་པར་བྱས་སྟེ། འོད་ཀྱི་སྣང་བ་ཆེན་པོ་ཡང ་བཀྱེའོ།། དེ་ཡང་འདི་ལྟ་སྟེ། དཀར་པོ་དང་། དམར་པོ་དང་། སེར་པོ་དང་། ལྗང་ཁུ་དང་། འཐིང་ཁ་དང་། ་འདྲེས་པ་སྟེ། འོད་སྣ་ཚོགས་བཀྱེ་སྟེ། སྡུག་བསྔལ་དང་བཅས་པ་སྦྱངས་ཏེ། སངས་རྒྱས་ཐམས་ཅད་ཀྱི་ཡུམ ་སྒྲོལ་མ་ཀུ་རུ་ཀུ་ལེའི་གཙུག་ཏུ་ནུབ་པར་གྱུར་ཏོ།། གཙུག་ཏུ་ནུབ་མ་ཐག་ཏུ་མཆོད་པའི་སྤྲིན་གྱི་ཆར་ཕབ་པར་གྱུར་ཏོ།། ་དེ་ནས་ལྷ་མོ་དཔེར་ན་སྤྲིན་དང་བྲལ་བའི་ཉི་མའི་དཀྱིལ་འཁོར་ལྟ་བུར་གྱུར་ཏོ།། དེའི་ཚེ་བསྟོད་པའི་ཚིག་སུ་བཅད་པ ་འདིས་བསྟོད་པ།། ཞིང་ཁམས་ཐམས་ཅད་ཡོངས་སུ་དག་པ་ལ།། རིན་ཆེན་མེ་ཏོག་མང་པོའི་ཆར་དུ་ཕབ།། དུས ་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ།། ཡུ་མ་གྱུར་སྒྲོལ་མ་ཁྱེད་ལ་ཕྱག་འཚལ་བསྟོད།། ཅེས་གསུང་སོ།། ་གཟུངས་སྔགས་འདི་བརྗོད་པར་བྱའོ།། ནན་ཏན་དུ་བྱའོ།། འདིའི་ཡོན་ཏན་ཤེས་པར་བྱའོ།། འདི་མཆོད་པར་བྱའོ།། ་ལུང་ནོད་པར་བྱའོ།། ཐེ་ཚོམ་མེད་པར་བྱའོ།། ལས་ལ་ནན་ཏན་དུ་བྱའོ།། འདི་ལ་བསྔགས་པ་ཡིད་ལ་བྱའོ།། སོ་སོའི་སྒོ་ནས་བསྒྲུབ་པར ་བྱའོ།། དེ་སྐད་ཅེས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལ་བསྟན་པ།། ། དེས་ནི་གླེང་བཞིའི་ལེའུ་སྟི་དང་པོའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པས།། བཅོམ་ལྡན་འདས་ལ་གསོལ་བ། བཅོམ་ལྡན་འདས་འདི་ཇི ་ལྟར་བསྒོམ་པར་བྱ། འདི་ལ་ཇི་ལྟར་ནན་ཏན་དུ་བྱ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་གསུངས་པ། འཇམ་དཔལ་འདི་ལྟར ་ཡིད་ལ་བྱའོ།། འཇམ་དཔལ་ཆོས་ཐམས་ཅད་ནི་མོ་སྐྱེས་པའོ།། ཆོས་ཐམས་ཅད་ནི་མ་འགགས་པའོ།། ཆོས་ཐམས་ཅད་ནི་དྲི་མ་དང་བྲལ ་བའོ།། ཆོས་ཐམས་ཅད་མྱ་ངན་ལས་འདས་ཤིང་རང་བཞིན་གྱིས་རྣམ་པར་དག་པར་བསྒོམ་པར་བྱའོ།། འཇམ་དཔལ་དེ་ཡི་ཕྱིར་ངས་འདི་བརྗོད ་པར་བྱའོ།། ། ཨོཾ་སྭ་བྷ་བི་ཤུད་དྷོ་སརྦ་དྷརྨ་ནི་སྭ་བྷ་ཝ་བི་ཤུད་དྷོ་ཧཾ།། ཞེས་བརྗོད་པར་བྱའོ།། ཡང་བཅོམ ་ལྡན་འདས་ཀྱིས་གསུངས་པ། མངལ་ནས་སྐྱེས་པ་དང་། སྒོང་ང་ལས་སྐྱེས་པ་དང་། དྲོད་གཤེར་ལས་སྐྱེས་པ་དང་། བརྫུས་ཏེ་སྐྱེས ་པ་དག་ལྟ་སྟེ།། བྱམས་པ་བསྒོམ་པར་བྱའོ།། སྐྱེ་བ་དང་། རྒས་པ་དང་། ན་བ་དང་། འཆི་བ་ལ། སྙིང་རྗེ་ཆེན ་པོ་བསྐྱེད་པར་བྱའོ།། སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། ་སྭ་ར་ཎ་ས་མ་ཡཻ་ཧཱུཾ་སྭཱ་ཧཱ། ཞེས་བརྗོད་པར་བྱའོ།། མཆོད་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་བྱང་ཆུབ་སེམས་དང་། ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་གསུངས་པ།། འཇམ་དཔལ་ཡུམ་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡུམ་མོ།། འཇམ་དཔལ་དེའི་ཕྱིར་དུས་གསུམ་གྱི ་སངས་རྒྱས་ཐམས་ཅད་ཀྱི་ཡུམ་གྱིས་བསྟོད་པ་འདི་འཇམ་དཔལ་ཁྱོད་ཀྱིས་ཡིད་ལ་གྱིས་ཤིང་།། དེ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་གཟུངས་གསུངས་པ།། ན་མ་སཿ ་ཏ་ཐཱ་ག་ཏ། ཏདྱ་ཐཱ། ཨོཾ་ན་མ་སུ་ག་ས། ན་མ་ཏ་ཡེ་ཏ་ར་མི་ཏ་ན་མ་ཏ་རེ་ཏུ་རེ་བི་ར་ཡེ་ཀྵན་རྱ་ཏེ་ནི་ཙི་ཀྵ་ནེ།། ཏྲེ་ལོག་ཀྵ་ན་ཐ་བག་ཏ་བག་ཛ།། བེ་ཀ་ཤད་ཀྱེ་ས་ར་དེ་བྷ་བི། ་ན་མ་ཤ་ཏ་ཤཾ་རད་ཙནྟ་སརྦ་པུ་ཎ་པ། ཊ་ལ་ན་ནི། ཧ་ར་ས་ཧ་ཤྲཱི་ནི་ཀ་ར་པྲ་ཤད་ཀྱེ་རོ་ནོད་ཛ་ལི་ན་མ་ཀ་ན་ཀ་ནི་ལ་བ་ཛ་ཡ་ནི་པད་མ་བྷི་བུ་ཤེ་ཏེ།། དྷ་ནི་བིརྱ་ཏ་པ་ཤན་ཏི་ཏ།། ཏི ་ཀྵ་ཏ་ར་ན་གོ་ཙེ་ར་ན་མ་སརྦ་ཏ་ཐཱ་ག་ཏོཥྚེ་ཥ་བི་ཛ་ཡ་ནན་ཏུ་ཙ་རེ་ནི།། ཨ་ཤེ་ཤ་པ་ར་མི་ཏ་བྲབ་ཏ། ཛི་ན་བུ་ཏཱ་ནི།། ཤེ་བི་ཏྲེ་ན་མ་ཏུ་ཏ་རེ་ཧཱུཾ་ཀཱ་ར།། པུ་རེ་ཏ་ཤ་གེ་ཙ་རི། སབ ་ལོག་ཏྲ་མ་གྲན་ཏི།། ཨ་ཤི་ཤ་ཀཪྵ་ན་ཀྵ་མེ། ནམ་ཤ་ཀྲ་ན་ལ་བྷྲམ་ཏ། མ་རེད་ཤེ་ཤ་རད་བཱི་ཏི་བྷཱུ་ཏ་པེ་ཏགྷན་དྷ་བ། ག་ན་ཡ་ཀྵ་བ་དུ་སྱཱད་དྷེ། ན་མ་ཊི་ཊི་ཏི་ཕཊ་ཀ་ར། ་བ་ར་ཡན་ཏྲ། པྲ་མར་དྷེ་ནི། པྲད་རྒྱ་ལི་ཏ་པ་ཏ་ནེ་ས། ཤེ་ཁེ་ཛྭ་ལ་གུ་ལུ་ཛྭ་ལ། ས་ནསྟ་རི་མ་ཧཱ་གྷི་རི། མ་ར་བི་ར་ཙི་ན་ཤ་ནེ། བྷེ་ཀོ་ཏི་ཀྲེ་ར་བག་དྲ་བ་ཛྲ། སརྦ་ཥག་ཏུ་ནཾ་སུ་དྷ་ནེ། ་ནམ་ཏྲེ་རད་ན་སུ་ཏྲཾ། ག་ཧྭེ་རྱ་ཀོ་ལི་བེ་བྷུ་ཤུདྡྷེ། བྷུ་ཤི་ཏ་ཤ་དྷིག། ཙཀྲ་ནེ་ཀ་ར་ས་ཀ་ར་ཀུ་ལེ། ན་མ་སྲ་མུ་ཏེ་ཏ་དོ་བ། མུ་གུ་དཀྵེ་པ་ཏ་མ་ལི་ནི། ཧ་ས་ད་པྲ་ཧ་སད་ཏུད ་ཏ་རེ། མ་ཀ་བ་ཤེ་ཀ་རི། ན་མ་ས་མནྟ་བུ་པ་ལ། སརྦ་ལ་ཀ་ཤ་ན་ཀྵ་མེ། ཙ་ལཾ་བྷེ་ཀུ་ཏེ་ཧཱུཾ་ཀ་ར། སརྦ་པ་དཾ་བཱི་མུ་ཙ་ནེ། ན་མ་སོ་མ་ཤི་ཁན་དྷ། ཏུ་མུ་ཀུ་ཏ་བྷ་ར་ནི་ཛ་ལི། ཨ ་མི་ཏ་བྷ་ཛི་ཧ་བྷ་ར། བྷ་ཤ་རི་ཀ་རི་ནོད་བྷ་ཝི། ན་མ་ཀ་ལ་པན་ཏྱོད་ཏ། བུག་ཛ་ལ་མ་ལ་སྟུ་ར་སྠི་ཧ། ག་ཛ་ལ་མ་ལ་སྟུ་ར་སྠ། ཨ་ལི་དྷ་མུ་ཏེ་ཏ་པད་ཏ། རེ་ཡུ་ཙཀྲ་བེ་ན་ཤ་ནེ། ་ན་མ་ཀ་ར་ཏ་ལ་གྷ་ཏ། ཙ་ར་ན་ཧ་དེ་བུ་ད་ལི། བྷེ་ཀུ་ཏེ་ཀྲེ་ཏ་ཧཱཾ་ཀྵ་ར། ས་བ་ཏ་པ་ཏ་ལ། བུད་དྷེ་ནི། ན་མ་ཤི་བེ་ཤུ་བི་ཤན་ཏི། ནེར་པ་ན་གྷུ་ཙ་ལི་སྭཱ་ཧཱ། ཨོཾ་པྲ་ན་བ་སཾ་མུ་ཏེ། ་མ་ཧ་པ་ཏ་ཀ་ཤ་ནེ། ན་མ་པྲ་མུ་ཏེ་ཏ་པད་ད་རེ་ཡུཀ་པྲ་བི་ཏི་ནི། ད་ཤ་ཨཀྵ་ར་པ་དུ་བེ། ས་བེརྱ་ཧཱུཾ་ཀ་ར་དྷི། ན་མ་སྟཱ་ར་བ་གྷ་ཏྲ་ཧཱུཾ་ཀ་ར་ན་བི་ཛི་ཏ། མེ་རི་མན་དྷ་ར་ཀྵ་ལཱི།། ས ་པུར་པ་ན་ཙ་ལི་ནེ། ན་མ་སྭ་ར་སྭ་ར། ཀ་ར་ཧ་ན་མ་ཀ་ར་ཀ་ར་སྟེ་ཏ། ཏ་ར་ཤེ་དུག་ཏ་ཕཊ་ཀྵ་ར་ཨ་བེ་ཤ་བི་ཤ་ན་ཤེ་ནི། ནམ་སུ་ར་གྷ་ན་བུགྷྣ། སུ་རཀྵི་ན་ར་སེ་བི་ཏེ། ཨ ་བད་ཏ་ཨུ་ཏ་ཏ་ཏོ།། པ་ཀ་ལེ་ཏོ་ས་པ་ན་ན་ཤ་ནེ། ན་མ་ཙནྣ་ཀྵེ་ས་པུརྞ། ཏ་པ་ཏཪྱ་ཏེ་པ་སུ་རེ། ཧ་ར་ཏ་དུག་ཏ་རེ། བྷེ་ཤོ་སྭ་ཛཱ་ར་ན་ཤ་ནེ། ན་མ་ཏཱ་ཏོད་ཏ་བེ་ཏུ། ས་ཤེ་པ ་སག་སྟེ་ས་མ་ཏི་ཏེ། གྷ་ཧ་བི་ཏ་ལ་བྷཀྵི། གྷ་ན་ཤ་ནེ་པྲ་བ་ཏི་ཏུ་རཾ། མན་ཏྲ་མུ་ལེ་མེ་དཾ་སཱུ་ཏྲཾ། ན་མསྐ་རི་སྐ་བི་ཤ་ཀཾ་བཻ་མནྟ། དི་བྱ་བ་ག་ཏིས་མད་བི་ད། ས་མི་བཱ་བྲི་ཏ། ་རོད་\ུ0f7f་ཡ། སྭ་རིད་སརྦ་བྷ་ཡ་དམ། སརྦབ་པ་སྲ་ཤ་ནཾ། སརྦ་དུ་ག་ཏན་ཤ་ནཾ། ཨ་བི་ཤོག་ཏ་བྷ་དྷི་ཙུཿ། སབ་ཏ་བྷ་ཛྙཱ་ནི་ཀུ་ཏེ། ་བྷེ་ཨ་སྤེན་མ་ཧད་ཏ། མ་ས་ཏྱ་སི་ཏ་པི་ཏཱཾ། པ་ཏི་པྲ་ཛི་ཏ་པེ་ཤན་ཏུ་པྱ་མ་ཧཱ། གྷོ་རཾ་སཱ་བ་རཾ་བྷ་ཝ་ཛི་ག་མས། སྭ་ར་ནོམ་པྲ་ལི་ཏ་མི་པ་ཏི། ཁ་དྷེ་ཏཾ་པི་ཏ་མི་པ་ཙ། གྷ་ཧ ་ཛྭ་ར་བྷེ་ཤད་ཏན། པྲ་རམ་དྲེ་བ་ན་ཤ་ནཾ། ཨཙྱཻ་ཤཾ་སྭཱ་ཧཱ་ནཾ། ཏེ་ཏྲི་སབ་ཏེ་བ་ར་བར་ཏི་ནཾ། པུ་ཏྲན་ཀ་མོ་ལ་པོ་ཏཱ་སུ་ཏྲ་ནི། བི་ནི་ཀ་མོ་བི་ནི་ལ་བི་ད་སརྦ་ཀརྨན་མ་སྤོ་ཎ། ་ན་བྷིད་གྷི་པྲ་ཧི་ཧ་ཏྱ་ཏི། ཏ་ར་བ་ག་བ་ཏྱ་སུ་ཏྲཾ། ས་མྱག་སཾ་བུདྷྭེ་བ་ཤེ་ཏྲི་སརྦ་ཀ་ར། ས་མ་ཡ་ཨ་ལཾ་ཀ་ར་ཡ། བུད་ཏོ་ནི། ཙ་དྷརྨ་ནི། སཾ་གྷ་ནི་ཙ་ཏ་ར་ཡེ་སྭཱ་ཧཱ།། ་། འཇམ་དཔལ་གཟུངས་འདི་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཤིང་། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད ་པའི་ཡུམ་སྒྲོལ་མ་ལ་མ་རུངས་པ་འཇོམས་པའི་སྒོ་ནས་བསྟོད་པ་སྟེ་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པོ།། འཇམ་དཔལ་དེའི་ཕྱིར་བརྗོད་པར་བྱའོ།། གཟུངས ་སྔགས་འདི་བརྗོད་པའི་གང་ཟག་ནི་སེམས་ཅན་དམྱལ་བ་དང་། ཡི་དགས་དང་། དད་འགྲོ་ལ་སོགས་པའི་གནས་སུ་ནམ་ཡང་སྐྱེ་བར་མི་འགྱུར་རོ།། ཡུལ་མཐ ་འཁོ་བ་དང་། ཀླ་ཀློ་དང་དབང་པོ་མ་ཚང་བ་ལ་སོགས་པར་སྐྱེ་བར་མི་འགྱུར་རོ།། རིམས་དང་འབྲམ་བུ་དང་། ནད་དང་འགོ་བག་ལ་སོགས་པའི་ནད་ཀྱི་འཇིགས་པ ་ཐམས་ཅད་ལས་གྲོལ་ཞིང་འཇིགས་པ་མི་འབྱུང་ངོ་།། འཇིགས་པ་ཆེན་པོ་བརྒྱད་ལ་སོགས་པ་ལས་གྲོལ་བར་འགྱུར་རོ།། འཇམ་དཔལ་དུས་གསུམ་གྱི་སངས་རྒྱས ་ཐམས་ཅད་ཀྱིས་བསྟོད་པ་འདི་འཛིན་པའི་གང་ཟག་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལ་མཆོད་པ་བྱས་པར་འགྱུར་རོ།། འདི་འཛིན་པའི་གང་ཟག་དེ་ནི།། ་མཚམས་མེད་པ་ལ་སོགས་པའི་སྡིག་པ་མ་ལུས་པར་བྱང་བར་འགྱུར་རོ།། སངས་རྒྱས་ཐམས་ཅད་མཐོང་བར་འགྱུར་རོ།། དུས་མ་ཡིན་པར་འཆི་བ་མི་འབྱུང་ཞིང ་ནམ་འཆི་བའི་ཚེ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་སྒྲོལ་མ་མཐོང་བར་འགྱུར་རོ།། འདི་འཛིན་པའི་གང་ཟག་ནི་ཡིད་ལ་བཅངས་པ་ཐམས་ཅད ་འགྲུབ་པར་འགྱུར་རོ།། གཟུགས་ཕུན་སུམ་ཚོགས་པ་དང་། འཁོར་ཕུན་སུམ་ཚོགས་པ་ལ་སོགས་པ་ཕུན་སུམ་ཚོ་པ་ཐམས་ཅད་ཐོབ་པར་འགྱུར་རོ།། རྨི་ལམ་ངན ་པ་དང་སྡང་བ་དང་མི་མ་ཡིན་པའི་བར་དུ་གཅོད་པ་ཐམས་ཅད་ཞི་བར་འགྱུར་རོ།། དུས་གསུམ་གྱི་བདེན་པ་ལ་ཡང་མཐོང་བར་འགྱུར་རོ།། ཡུམ་སྒྲོལ་མའི་སྐུ་དངོས ་སུ་མཐོང་བར་འགྱུར་རོ།། ན་མ་སརྦ་ཏ་ཐཱ་ག་ཏ་ས་མྱཀས་བུད་དྷ་ཡཱ་ཏྲེ་ཡང་ཏེ་ཧ་ར་སྟེ་སྐུ་ཞེས་བརྗོད་པར་བྱའོ།། །། བསྟོད་པའི་ལེའུ་སྟེ་གསུམ་པའོ།། ་དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་བཅོམ་ལྡན་འདས་ལ་གསོལ་པ། གཟུངས་སྔགས་འདི་གང་ལ་བརྟེན་ནས་ཡིད་ལ་ནན་ཏན་ཏུ་བྱ་ཞེས ་ཁ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྡུག་བསྔལ་ལས་གྲོལ་བར་འདོད་ཅིང་ཟབ་མོའི་དོན་ལ་མོས་པ་ནན་ཏན་དུ་བྱའོ།། ་དེ་ནས་ཏཾ་ལས་བྱུང་བའི་འོད་ཟེར་ལས་སྟེང་འོག་ཐམས་ཅད་དུ་རྡོ་རྗེར་གྱུར་ཏེ། འཇམ་དཔལ་སྔགས་འདི་བརྗོད་པར་བྱའོ།། ཨོཾ་བཛྲ་ཛྭ་ལ་བཛྲ་སྟ་ན་ཧཱུཾ་ཕཊ། ཞེས་བརྗོད ་པར་བྱའོ།། དེ་ནས་ཏཾ་ལས་བྱུང་བའི་ཨེ་དཀར་པོ་བསྒོམས་པར་བྱའོ།། དེའི་སྟེང་དུ་བམ་སྔོན་པོ་བསྒོམ་པར་བྱའོ།། དེའི་སྟེང་དུ་ལམ་སེར་པོ་བསྒོམ་པར་བྱའོ།། དེའི ་སྟེང་དུ་ཡང་ལྗང་ཁུ་བསྒོམ་པར་བྱའོ།། དེའི་སྟེང་དུ་རམ་དམར་པོ་བསྒོམ་པར་བྱའོ།། དེ་རྣམས་ཀྱི་འོད་ཟེར་འཕྲོ་བ་དང་འདུ་བ་བྱུང་སྟེ། ཨོཾ་དྷརྨ་དྷར་དུ་བི་ཤུད་དྷ་ཧཱུཾ། ་ཨོཾ་ཨ་དྷ་བུ་བི་ཤུད་དྷ་ཧཱུཾ། ཨོཾ་ས་མནྟ་བི་ཤུད་དྷ་ཧཱུ~ཾ། ཨོཾ་པྲཀྵེ་བི་ཤུདྷ་ཧཱུཾ། ཨོཾ་ཀྵ་ཏ་པུ་ཐཱ་ན་བི་ཤུད་དྷ་ཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མན་དྷ་ལ་ས་མནྟ་བི་ཤུད་དྷ་ཧཱུཾ། ་འཇམ་དཔལ་དེ་ལྟར་སྔགས་བརྗོད་པས་དཀྱིལ་འཁོར་ཁང་པ་བསྐྱེད་པར་བྱའོ།། པདྨ་འདབ་བཞི་ཁ་དོག་སྣ་ཚོགས་པ་ལ་རྡོ་རྗེ་ར་བས་བསྐོར་བ། གྲུ་ཆད་བཞི་དང ་ལྡན་པ། གྲུ་ཆད་བཞིར་འདུག་ཅིང་སྒོ་བཞིར་ཀ་བ་བརྒྱད་དང་ལྡན་པ། དྲ་བ་དང་དྲ་བ་ཕྱེད་པ་དང་། ཏ་ར་ན་ལ་སོགས་པ་མཛེས་པའོ།། དེ་ལྟར་དཀྱིལ་འཁོར ་གྱི་ཁང་པ་དེ་འདྲ་བ་བསྐྱེད་དེ། དབུས་ཀྱི་ཟེ་འབྲུ་ལ་ནི་ཟླ་བ་དང་པད་མའི་སྟེང་དུ་ཏཾ་ལྗང་ཁུ་ལས་བྱུང་བའི་ཨུད་པ་ལ་ཏཾ་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། གཞའ་ཚོན་ལྟ་བུ་དང་། སྲེག་སྒྱུ་ལྟ་བུ་དང་། ཆུ་ཟླ་དང་གཟུགས་བརྙན་ལྟ་བུ ་མཐོང་ངོ་།། དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མའི་སྐྲ་ལྗང་ཁུ་ཕྱག་གཉིས་པ་གཡས་ཀྱི་མཆོག་སྦྱིན། གཡོན་སྡོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་པ། མཛེས་པའི ་སྐ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པའི་གཞོན་ནུ་མ་ལང་ཚོ་ལ་བབ་པ། ཞལ་འཛུམ་བག་དང་བཅས་པ་མཉ ་པའི་དཀྱིལ་མོ་དཀྲུང་དང་བཅས་པས་ཟླ་བ་དང་པདྨའི་སྟེང་དུ་བཞུགས་པའོ།། ཤར་དུ་པད་མ་དང་ཟླ་བའི་སྟེང་དུ་ཏཾ་ལས་སྐྱེས་པའི་ཨུད་པ་ལ་འཐིང་ཁ་ས་བོན་དང་བཅས ་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། འཇའ་ཚོན་དང་། སྨིག ་སྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུ་མཐོང་ངོ་།། དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་མཐིང་ཁ། ཕྱག་གཉིས་པ་ཕྱག་གཡས་ཀྱི་ཏྲི་ཤུ་ལ་འཛིན་པ། ་ཕྱག་གཡོན་པ་སྡོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་རྒྱན་དང་། དཔུང་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚེ་དར་ལ ་བབ་པ། ཞལ་འཛུམ་པ་དང་བཅས་པ་མཉམ་པའི་དཀྱིལ་མོ་དཀྲུང་བཅས་པས་ཟླ་བ་དང་པད་མའི་སྟེང་དུ་བཞུགས་པའོ།། ལྷོ་རུ་ཟླ་བ་དང་པད་མའི་སྟེང་དུ་རེ་ལས་སྐྱེས་པའི ་ཨུད་པ་ལ་སེར་པོ་ས་བོན་དང་བཅས་པ་ལས། འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན ་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་དང་། གཞའ་ཚོན་དང་། སྨིག་སྒྲ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེའི་ཨུད་པ་ལས་བྱུང ་བའི་སྒྲོལ་མ་སྐུ་མདོག་གསེར་བསྲེགས་པ་ལྟ་བུ། ཕྱག་གཉིས་པ། གཡས་ན་རལ་གྲི་འཛིན་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུད་པ་ལ་འཛིན་པ། མཛེས་པའི་སྐུ ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དབུ་རྒྱན་དང་། རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཞལ་འཛུམ་བག་དང་བཅས་པ་མཉམ་པའི་དཀྱིལ ་མོ་དཀྲུང་དང་བཅས་པ་ཟླ་བ་ཉི་མའི་སྟེང་དུ་བཞུགས་པའོ།། ནུབ་ད་ཟླ་བ་དང་པད་མའི་སྟེང་དུ། ཏུ་ལས་བྱུང་བའི་ཨུད་པ་ལ་དམར་པོ་ས་བོན་དང་བཅས་པ་ལས། འཇིག་རྟེ ་གྱི་ཁམས་ཐམས་ཅད་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། གཞའ་ཚོན་དང་། སྨིག་སྒྱུ་དང་། ཆུ་ཟླ་དང་གཟུགས ་བརྙན་ལྟ་བུར་མཐོང་ངོ་།། དེ་ཡིས་ཨུད་པ་ལ་ལས་བྱང་བའི་སྒྲོལ་མ་དམ་མོ་ཕྱག་གཉིས་པ། གཡས་ན་འཁོར་ལོ་འཛིན་པ། གཡོན་ནི་སྡོང་བུ་དང་བཅས་པའི་ཨད ་པ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དབུ་རྒྱན་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། གཞོན་ནུ་ལང་མཚོ་ལ་བབ་པ། ཞལ་འཛུམ ་བག་དང་བཅས་པ། མཉམ་པའི་དཀྱིལ་མོ་དཀྲུང་དང་བཅས་པ། ཟླ་བ་དང་པད་མོའི་སྟེང་ན་བཞུགས་པའོ།། བྱང་དུ་ཟླ་བ་དང་པད་མའི་སྟེང་དུ་ཏཾ་ལས་བྱུང་བའི་ཨུད་པ་ལ ་ས་བོན་དང་བཅས་པ་ལས་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་ཁྱབ་སྟེ། འོད་ཁ་དོག་སྣ་ཚོགས་པ་ལས་འཇིག་རྟེན་ཐམས་ཅད་སྤྲུལ་བ་ལྟ་བུ་དང་། གཞའ་ཚོན་དང་། སྨིག ་སྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུ་མཐོང་ངོ་།། དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་ལྗང་ཁུ་ཕྱག་གཉིས་པ་གཡས་ན་གདུགས་འཛིན་པ། གཡོན་ན་སྡོང་བུ ་དང་བཅས་པའི་ཨུད་པ་ལ་འཛིན་པ། མཛེས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བ ་པ་ཞལ་འཛུམ་བག་དང་བཅས་པ་མཉམ་པའི་དཀྱིལ་མོ་དཀྲུང་བཅས་པ་ཟླ་བ་དང་པད་མའི་སྟེང་ན་བཞུགས་པའོ།། ཤར་གྱི་སྒོར་ཟླ་བ་དང་པདྨའི་སྟེང་དུ་ཏཾ་ལས་བྱུང་བའི ་ཨུད་པ་ལ་ས་བོན་དང་བཅས་པ་འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་འོད་ཁ་དོག་སྣ་ཚོགས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། ་གཞའ་ཚོན་དང་། སྨིག་སྒྱུ་དང་ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་ལྕགས་ཀྱུ་མ། སྐུ་མདོག་དཀར་མོ་ཕྱག་ས ་ལྕགས་ཀྱུ་འཛིན། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་། དཔུང་རྒྱན་རྒྱན་སྣ་ཚོགས་པས་བརྒྱན་པ་གཞོན་ནུ་ལང་ཚོ་ལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ ་དང་བཅས་པ། ཞབས་བརྐྱང་བསྐུམ་དུ་ཟླ་བ་དང་པད་མའི་སྟེང་ན་བཞུགས་པའོ།། སྒོའི་སྒོར་ཟླ་བ་དང་པདྨའི་སྟེང་དུ་རེ་ལས་བྱུང་བའི་ཨུད་པ་ལ ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། གཞའ་ཚོན་དང་། སྨིག་སྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་མཐོང་ངོ་།། ་དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་ཞགས་པ་མ། སྐུ་མདོག་སེར་མོ་ཕྱག་གཉིས་པ་ཞགས་པ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ་དང་། དཔུང་རྒྱན་དང ་རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོ་ལ་བབ་པ། ཅུང་ཞིག་ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་པད་མ་དང་ཟླ་བི་གདན་ལ་བཞུགས་པའོ།། ་ནུབ་ཀྱི་སྒོར་པདྨ་དང་ཟླ་བའི་སྟེང་དུ་ཏུ་ལས་བྱུང་བའི་ཨུད་པ་ལ་ས་བོན་དང་བཅས་པས་འཇིག་རྟེན་གྱི་ཁམས་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། གཞའ་ཚོན་དང་། ་སྨིག་སྒྱུ་དང་། ཆུ་ཟླ་དང་གཟུགས་བརྙན་ལྟ་བུར་མཐོང་ངོ་།། དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་ལྤགས་སྒྲོག་མ་སྐུ་མདོག་དམར་མེ།། ཕྱག་གཉིས་ལྕགས་སྒྲོག ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་། སྙན་ཆ་དང་དཔུང་བརྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན་པ། གཞོན་ནུ་ལང་ཚོལ་བབ་པ་ཁྲོས་པའི་ཞལ་དང་བཅས ་པ་ཞབས་བརྐྱང་བསྐུམ་དུ་པད་མ་དང་ཟླ་བའི་གདན་ལ་བཞུགས་པའོ།། བྱང་གི་སྒོར་པདྨ་དང་ཟླ་བའི་སྟེང་དུ་རེ་ལས་བྱུང་བའི་ཨུད་པ་ལ་ས་བོན་དང་བཅས་པས་འཇིག་རྟེན ་གྱི་ཁམས་ཐམས་ཅད་དུ་འོང་ཁ་དོག་སྣ་ཚོགས་པས་འཇིག་རྟེན་ཐམས་ཅད་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། གཞའ་ཚོན་དང་། སྲེག་སྒྱུ་དང་། ཆུ་ཟླ་དང་གཟུགས་བརྙན ་ལྟ་བུར་མཐོང་ངོ་།། དེ་ཡིས་ཨུད་པ་ལ་ལས་བྱུང་བའི་སྒྲོལ་མ་དྲིལ་བུ་མ་སྐུ་མདོག་ལྗང་ཁུམ། ཕྱག་གཉིས་ན་དྲིལ་བུ་འཛིན་པ། ཁྲོས་པའི་སྐུ་རིན་པོ་ཆེའི་དོ་ཤལ་དང་སྙན་ཆ ་དང་། དཔུང་རྒྱན་དང་། རྒྱན་རྣམ་པ་སྣ་ཚོགས་པས་བརྒྱན། གཞོན་ནུ་ལང་ཚོ་ལ་བབ་པ། ཁྲོས་པའི་ཞལ་དང་བཅས་པ་ཞབས་བརྐྱང་བསྐུམ་དུ་པད་མ་དང་ཉི་མའི་སྟེང་དུ་བཞུགས ་པའོ།། འཇམ་དཔལ་དེ་ལྟར་ལྷའི་འཁོར་ལོ་བསྒོམ་པར་བྱའོ།། །། འཇམ་དཔལ་གྱིས་གསོལ་པ། བཅོམ་ལྡན་འདས་སྤྲུལ་པ་ལ་སོགས་པ་རྣམས་ནི་ཇི་ལྟ་བུ། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འགྲོ་བ་དྲུག་པོ་རྣམས་ཀྱིས་ཉོན་མོངས་པ་དང་བཅས་པའི་ཁམས་སོ།། དེ་ལྟ་བས་ན་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། ་གཞའ་ཚོན་དང་། སྨིག་སྒྱུ་དང་། ཆུ་ཟླ་དང་། གཟུགས་བརྙན་ལྟ་བུར་རིག་པར་བྱའོ།། །། ལྷའི་ལེའུ་སྟེ་བཞི་པའོ།། །། དེ་ནས་འཇམ་དཔལ་གྱིས ་ཞུས་པ། བཅོམ་ལྡན་འདས་ལྷ་དེ་ཇི་ལྟར་བྱིན་གྱིས་རླབ་པར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་སྤྲུལ་པ་ལྟ་བུ་དང་། སྒྱུ་མ་ལྟ་བུ་དང་། གཞའ ་གཞའ་ཚོན་ལྟ་བུ་དང་། སྨིག་སྒྱུ་ལྟ་བུ་དང་། ཆུ་ཟླ་ལྟ་བུ་དང་།། གཟུགས་བརྙན་ལྟ་བུས་སོ།། འཇམ་དཔལ་གྱིས་སྨྲས་པ། བཅོམ་ལྡན་འདས་སྤྲུལ་པ་ཞེས་བྱ་བ ་ཇི་ལྟ་བུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྲུལ་པ་ཞེས་བྱ་བ་ནི་ཡང་དག་པ་མ་ཡིན་ཞིང་། གཉིས་ཀ་འཁྲུལ་པའོ།། སྒྱུ ་མ་ནི་གཞན་འཁྲུལ་པའོ།། གཞའ་ཚོན་སྟོང་པའོ།། སྨིག་སྒྱུ་ནི་ཡུལ་འཁྲུལ་ཅིང་སྟོང་པའོ།། ཆུ་ཟླ་ནི་རྒྱུ་འབྲས་སོ།། གཟུགས་བརྙན་ནི་དྲི་ཟའི་གྲོང་ཁྱེར་ཏེ། འཇམ་དཔའི ་འཁྲུལ་པ་ནི་དེ་བཞིན་ཏེ། ཉོན་མོངས་པ་དང་བཅས་པའི་ཁམས་ཀྱང་དེ་བཞིན་ནོ།། འཇམ་དཔལ་དེ་ལྟ་བས་ན་ལྷས་ལྷ་ལ་བྱིན་གྱིས་རླབས་ཡང་དེའོ།། འཇམ་དཔལ་སྤྲུལ ་པ་དང་། སྒྱུ་མ་དང་། གཞའ་ཚོན་དང་། སྨིག་སྒྱུ་དང་། ཆུ་ཟླ་དང་གཟུགས་བརྙན་ནི་ཐོགས་པ་མེད་ཅིང་ཐོགས་པ་དང་བྲལ་བའོ།། འཇམ་དཔལ་དེའི་ཕྱིར་རང་བཞིན་ནི་དེ་འདྲ ་བར་ཡིད་ལ་གྱིས་ཤིག། དེ་ནས་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པར་མཛད་པ་ནི། ལག་པ་ཐལ་མོ་སྦྱར་ཏེ། གུང་མོ་གཉིས་བརྐྱང་སྟེ་རྩེ་སྦྱར་ནས་འཛུབ་མོ་གཉིས ་དང་སྲིན་ལག་གཉིས་གུང་མ་ལ་རེག་སྟེ་ཟུར་བཅག་ནས་འཐེའུ་ཆུང་དང་འཐེ་བོ་རྩེ་སྤྲད་ནས་སྦྱར་བ་ནི་རྡོ་རྗེའི་ཕྱག་རྒྱའོ།། དེའི་སྔགས་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་ཧཾ་བཛྲ ་སྟན། སརྦ་ཏ་ཐཱ་ག་ཏ་བཛྲ་སྟ་ན་ཧཱུཾ་ཞེས་བརྗོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དབང་བསྐུར་བ་མཛད་ནི་ལག་པ་ཐལ་མོ་སྦྱར་ཏེ། འཐེའུ་ཆུང་དང་སྲིན་ལག་གཉིས ་ཕྱིར་བཀན་ཏེ། གུང་མོ་སྤྲད་དེ་འཐོ་བོས་འཛུབ་མོ་གཉིས་མནན་པ་ནི་རིན་པོ་ཆེའི་ཕྱག་རྒྱ་སྟེ། མགོ་བོའི་སྟེང་དུ་བཞག་ནས་སྔགས་བརྗོད་པ་ནི།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིན་དྷ ་མ་ནི་ཛྭ་ལ་ནི་སརྦ་ཏ་ཐཱ་ག་ཏ་ཨ་ཧཾ་ཤུད་དྷེ་པ་རི་ཤུདྷ་ཡ་སྭཱ་ཧཱ།། །། ཞེས་བྱ་བའི་སྔགས་འདི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར་ཞིང་། བྱིན་གྱིས ་བརླབས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་ཀྱི་རིགས་ཐམས་ཅད་ཀྱི་དམ་ཚིག་གི་ཕྱག་རྒྱ་ནི་ལག་པ་ཐལ་མོ་སྦྱར་ཏེ། སོར་མོ་རྣམས་ཕན་ཚུན་དུ་སོར་མོ་བསྣོལ་གུང ་མོ་སྒྲེང་སྟེ་འཐེ་བོ་དང་འཐེའུ་ཆུང་ཡང་བཤི་བས་ཏེ་བསྒྲེང་བ་ནི་དམ་ཚིག་གི་ཕྱག་རྒྱ་སྟེ། སྔགས་ནི། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་མ་ཡ་ཧཱུཾ་ཞེས་བརྗོད་པར་བྱའོ།། དབང་བསྐུར ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས་སྨྲས་པ། ཟླ་བ་ཉི་མའི་སྐུ་འདྲ་བའི།། ལྗང་ཁུའི་མདོག་ཅན་འགྱིང་བག་ཅན།། ་པད་མ་ཟླ་བའི་སྟེང་ན་བཞུགས།། སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ།། སེམས་ཅན་ཀུན་གྱི་སྐྱབས་གྱུར་པའི།། ཨུད་པ་ལ་བསྣམས་ལ་ཕྱག་འཚལ་བསྟོད།། ཅེས ་སྨྲས་ཡུམ་ལ་བསྟོད་ནས་སྨྲས་པ། བཅོམ་ལྡན་འདས་འདི་གསང་སྔགས་ནི་གང་གིས་འགྲུབ་ཅེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ཡི་གཟུངས ་སྔགས་ནི་འདིའོ།། ནམ་སྲ་ཡད་ཏེ། སརྦ་ཏ་ཐཱ་ག་ཏ་ནཾ། ནམ་ཏ་ར་ཡེ་ན་མ་སྟེ་རེ། སཱུ་རེ་བི་རེ་ཀཱན་དུ་སྟེ་ནི་བིཀྵ་ནི། ཏྲཻ་ལོ་ཀྱ་ན་བག་ཏཱ་བཛ་པ། བེ་ཀ་ཤད་ཏ་ཤ་རད་ཙནྟ་ས~ཾ་པ ་རྟ་བ་ཏྲ་ལན་ནི། ཏ་ར་ས་ཧ་ཤྭ་ནི། ཀ་ར་པྲ་ཏྲ་ཤད་ཀྱེ། རང་ནོད་ཛོ་ལི། ན་མ་ཀ་ན། ཀ་ནི་ལབ་ཛ་ཡ་ནཾ་པད་མ་བི་པུ་ཤི་ཏེ། ན་བིརྱ་ཏ་པེ་ཤན་ཏི་ཏ་ཏི་ཀྵ་ཏ། དྷ་ན་གོ་ཙ་རིན ་མ་ཏ་ཐཱ་ག་ཏོ་ཥཱི་ཥ་བེ་ཤ་ཙ་ཡ་ནན་ཏ་ཙ་རི་ནི་ཨ་ཤི་ཤ་ཨ་ར་མི་ཏ་པྲ་བ་སྟ་ཛེ་ན་པུ་ཏྲ་ནེ་ཏྲེ་ཏ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པ ་བྱའོ།། གཟུངས་སྔགས་ནི་དེའོ།། སྙིང་པོ་ནི་འདིའོ།། ཨོཾ་ཏ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། ཨོཾ་ཏུད་ཏ་རེ་ཏ་རེ་སྭཱ་ཧཱ། བེད་མའི་རིགས་ཀྱི་སྙིང་པོའོ།། ་ཨོཾ་ཏུ་རེ་ཏུད་རེ་ཏུ་རེ་སྭཱ་ཏ།། རིན་པོ་ཆེའི་རིགས་ཀྱི་སྙིང་པོའོ།། ཨོཾ་ཏུ་རེ་ཏུད་ཏ་རེ་ཏུདེ་ཏ་རེ་ཏ་རེ་སྭཱ་ཧཱ། ལས་ཀྱི་རིགས་ཀྱི་སྙིང་པོའོ།། ཨོཾ་ཏུ་རེ་ཏུད་ཏ་རེ་ཏ་རེ་སྭཱ་ཧཱ། ་རྡོ་རྗེ་རིགས་ཀྱི་སྙིང་པོའོ།། ཨོཾ་ཏུ་རེ་ཏུད་རེ་ཏ་རེ་ཏ་རེ་སྭཱ་ཧཱ། ལས་སྣ་ཚོགས་པའི་སྙིང་པོའོ།། ཨོཾ་ཏུད་ཏ་རེ་ཏ་རེ་ཏ་རེ་ཧཱུཾ་ཀ་ར་སུ་ཏེ་ཉ་ཤད་དེ་གམ་ཙ་རི་ས་བ་ཏ་ལོ་ག་ཏྲ་མ་ཏྲིན་ཏྲེ། ་ཨཱ་ཤྲི་ཤ་ཀ་ར་ཤ་ཎ་ཀྵ་མི་ཧྲི། དབང་དུ་བསྡུ་བའི་སྔགས་སོ།། ཨོཾ་ཏ་རེ་ཏཱ་རེ་ཏུད་ཏ་རེ་ཧཱུཾ་ཀ་ར་པུ་རེ་ཤད་ཏེ་ཙམ་ཙ་རི་ས་བ་ཏ་ལོ་ག་ཀྲ་མ་ཀྲ་མ་ཏི་ཨ་ཤི་ཤ་པུས་སྟི་ཀུ་རུ་ཀ་ར་ཤེ ་ནཀྵེ་མི། རྒྱས་པའི་སྔགས་སོ།། ཨོཾ་ཏུ་རེ་ཏུད་ཏ་རཱི་ཧཱུཾ་ཀ་ར་པུ་རེ་ཏ་ཤད་ཏེ་ལོ་ག་མ་ཀྲན་ཏི་ཨ་ཤི་ཤ་ཨ་མི་ཀ་མ་ར་ཡ། ཀཱར་ཤ་ན་ཀཱ་མི་ཕཊ། དེ་ནི་ལས་ཀྱི་སྔགས་སོ།། ་ཨཻ་ཏ་རེ་ཏུད་ཏ་རེ་ཧཱུཾ་ཀ་ར་པུ་ཏ་ཤ་ཏེ་ག་མ་ཙ་རེ་ས་བཾ་ཏི་ལོ་ག་ཀྲ་མ་ཀྲ་ན་ཏི་ཨ་ཤི་ཤ་ཤྲན་ཏི་ཀུ་རུ་ཀ་ར་ཀྵ་ན་ཀཱ་མི་སྭཱ་ཧཱ། ཞི་བའི་སྔགས་སོ།། ཨཽ་ཏ་རེ་ཏ་རེ་ཏུད་རེ་ཏུད ་རེ་ཤ་ཀྲ་ན་ལ་བྲ་ཧ་མ་རོད་དྷེ་ཤེ་ཙ་ཤ་རད་ཙེ་ཏི། པུ་ཏ་བེ་ཏ་ལ་གཾ་དར་བ། ག་ན་ཡ་ཀྵ་ཏུ་ཥེ་ཏྲི་ཏ་པད་ཀ་རི་པ་ར་ཡནྟེ་ཏྲ་པྲ་མ་ཏེ་ནི་པྲ་ཏེ་ལི་ཌ་པ་ད་བྱ་ས་ནེ་ཥི་ཛ་ལ་ཛཱ་ལ་ཀུ་ལེ། ་ཛ་ལི་རི་མ་ཧཱ་གོ་རི་མར་ཐི་ར་བི་ནཱ་ཤ་ནེ་ནེ་ཀོ་ཊི་ཀྲེ་ཀྲ་བག་ཏྲང་ཛ་སརྦ་ཤ་ན་ནེ་པུ་དེ་ནི་པུན་ད་ནེ་རད་ན་མུ་ཏྲཾ་ཀྲ་ཧྭེརྱ་ཀོ་ལོ་བྷེ་པྲ་ཤི་ཏ་བྷུ་ཤོ་དྷ་ཤི་ཤ་དྷི་གེ་ཙཀྲ་ནི་ཀ་ར་སྭ་ཀ་ར་ཀོ་ལི་ཙཱུ་ཧཱུཾ ་ཧཱུཾ་ཕཊ་ཕཊ་ཕཊ། ལས་སྣ་ཚོགས་པའི་སྣ་ཚོགས་སོ།། ཨོཾ་ཨིནྡྲ་ཡེ། ཡ་མ་ཡེ། བུ་རུ་ན་ཡེ། ཡཀྵ་ཡེ། ཨག་ནི་ཡེ། བ་ཡ་བེ་ཡ། ནི་རི་ཏི་རཀྵ་ཡེ། ཨེ་ཏྲ་པ་ལ་ཡེ། ་སུརྱ་ཙནྡྲཱ་ཡེ། ཨུ་ཏི་ཨ་མ་བུ་མེ་ཡེ། ཨ་ཁ་རོ་མུ་ཁཾ་སརྦ་དྷརྨ་ནཾ། ཨདྷྱ་ནུད་པན་ན་སྭཱ་ཧཱ། ཞེས་བྱ་བ་ནི་ལས་ཐམས་ཅད་གྲུབ་པའི་སྔགས་སོ།། ་སྔགས་ཀྱི་ལེའུ་སྟེ་དྲུག་པའོ།། ། འཇམ་དཔལ་ཞི་བའི་ལས་ནི་འདིའོ།། སྤོས་ཀྱི་ཁང་པ་ཡིད་དུ་འོང་བར་དྲི་ཞིམ་པའི་ཆག་ཆག་བཏབ་སྟེ་མཎྜལ་དཀར་པོ་ཙན་དན ་དཀར་པོའི་ཆུས་བྱུགས་ལ་མེ་ཏོག་གི་སིལ་མ་གཏོར་ཏེ། བུམ་པ་རིན་པོ་ཆེ་ལས་བྱས་པའི་ནང་དུ་རིན་པོ་ཆེ་སྣ་ལྔ་ནི། གསེར་དང་། མུ་ཏིག་དང་། མན་ཤེལ་དང་བྱུ་རུ་དང་། ་མུ་མེན་གཞུགས་པར་བྱའོ།། སྤོས་ལྔ་ནི་ཅན་དན་དང་། ཨ་ཀ་རུ་དང་དུ་རུ་ཀ་དང་། ག་པུར་དང་པུ་ཤེལ་ཅི་གཞུགས་པར་བྱའོ།། ནས་དང་གྲོང་དང་སྲན་མ་དང་འབྲས་དང་ཏིམ ་གཞུགས་པར་བྱའོ།། བུམ་དང་སྦྲམ་ཅི་དང་མར་དང་ལན་ཚྭ་དང་ཏིལ་གཞུགས་པར་བྱའོ།། གཙང་མའི་རས་ཁ་ཚར་མ་ཉམས་པས་དཀྲིས་ཏེ་དབུས་སུ་གཞག། གང་བའི་བུམ ་ཁ་བཞི་ཡང་གཞག་པར་བྱའོ།། པོག་པོར་བཞི་དང་མེ་ཏོག་ལ་སོགས་པ་ཡང་བཞག་པར་བྱའོ།། དེ་ལྟར་རྫོགས་པས་འདི་བསམ་གཏན་ཏུ་བྱའོ།། ཡི་གེ་ཏཾ་ལས་བྱུང་བའི་བན ་། འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པད་མ་རྒྱས་པ་ལས་བྱུང་ཞིང་ཟླ་བ་རྒྱས་པ་ལ་བཞུགས་པ་སྐུ ་མདོག་སྟོན་ཀའི་ཟླ་བ་དཀར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུ་སྐྲ་དོ་ཤལ་དང་དབང་རྒྱན་དང་། རིན་པོ་ཆེའི་ཆུན་འཆང་ལ་སོགས་པས་མཛེས་པར་བརྒྱན་པ། པན་ཙ་ལི་ཀིའི ་གོས་ཀྱི་སླད་དཀྲིས་པ། ཀ་ཤི་ཀ་ཡི་རས་ཀྱི་སྟོད་གཡོགས་པ། དཀྱིལ་དཀྲུང་བྱེད་པ་དང་བཅས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་འཛུམ་པ་སྤྱན་འཁྱུག་པ། ་ཕྱག་གཡས་པ་མཆོག་སྦྱིན་མཛད་པ། གཡོན་པ་ཨུད་པ་ལ་སྡོང་བུ་དང་བཅས་པ་འཛིན་པ་སྐྲ་ལས་འོད་འཕྲོ་ཞིང་པདྨ་དཀར་པོ་གེ་སར་དང་བཅས་པའི་དཀྱིལ་ན་བདུད་རྩིའི་ཆུ ་རྒྱུན་སྐུ་ལས་འཕྲོ་བ་ཅན། བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསམ་སྟེ་བཟླས་པ་འདི་བྱའོ།། ཨོཾ་ཏ་རེ་ཏུ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་པ་བྱའོ།། ་དེ་ནས་ལས་ཀྱི་སྔགས་དང་བཅས་པ་ནི་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ ་དེའི་ཕན་ཡོན་ནི་མཚམས་མེད་ལྔ་དང་། དེ་དང་ཉེ་བ་དང་སྡང་བ་དང་རྨི་ལམ་ངན་པ་ཐམས་ཅད་ཞི་བར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ངན་སོང་གསུམ་གྱི་སྡུག ་བསྔལ་ཞི་བར་འགྱུར་རོ།། མི་ཁོམ་བརྒྱད་དུ་ནམ་ཡང་མི་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ཚེ་རབས་དྲན་པ་དང་། དབང་པོ་གསལ་བ་དང་། ཡིད་གཞུངས་པར ་འགྱུར་རོ།། བཟོའི་གནས་ཐམས་ཅད་ལ་མཁས་པར་འགྱུར་རོ།། སྟོབས་དང་། མདངས་དང་གཟི་བརྗིད་ཕུན་སུམ་ཚོགས་པར་འགྱུར་རོ།། འཇིག་རྟེན་སྐྱོང་བ་ཐམས་ཅད ་བསྲུང་བ་དང་། སྐྱོབ་པ་དང་། སྦེད་པར་བྱེད་དོ།། གང་དུ་ཕྱིན་པ་ཐམས་ཅད་དུ་བཀྲ་ཤིས་འགྱུར་རོ།། །། ཞི་བའི་ལས་ཀྱི་ལེའུ་སྟེ་བདུན་པའོ།། ། ་འཇམ་དཔལ་རྒྱས་པའི་ལས་འདིའོ།། སྤོས་ཀྱི་ཁང་པ་དྲི་ཞིམ་པ་དང་ལྡན་པའི་གནས་པ་སེར་སྐྱའི་རྣམ་པ་ལྔས་རྐྱང་ནུལ་བྱས་སྟེ་དྲི་ཞིམ་སྤོས་བྱུགས་པའི་མཎྜལ་བྱའོ།། ་མེ་ཏོག་གི་ཚོམ་བུ་ཡང་བཀྲམ་པར་བྱའོ།། རྒྱས་པ་ལས་བྱུང་བའི་ཐང་ཀ་ཡང་བཀྲམ་པར་བྱའོ།། རིན་པོ་ཆེ་རྣམ་པ་ལྔ་དང་འབྲུ་དང་སྨན་ལ་སོགས་པ་དག་ལ་རི་ལུ་ཉི་ཤུ་རྩ ་གཅིག་བྱས་ཏེ། རིན་པོ་ཆེའི་ག་བུར་བཅུག་ལ།། མཎྜལ་གྱི་དབུས་སུ་བཞག་པར་བྱའོ།། པོག་པོར་བཞི་ཡང་བཞག་པར་བྱའོ།། མེ་ཏོག་ལ་སོགས་པ་ཡང་གཞག་པར ་བྱས་ནས་བསམ་གཏན་བསྒོམ་པར་བྱའོ།། ཡི་གེ་ཏཾ་ལས་སྐྱེས་པའི་མྱུར་པའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་གཅིག་མ་རྣལ་འབྱོར་མའི་ལུས་སུ ་བསྒོམ་པ་ནི། པདྨ་རྒྱས་པ་ལས་བྱུང་ཞིང་ཉི་ཟླའི་སྟེང་དུ་རྒྱས་པའི་སྟོན་ཀའི་ཟླ་བ་ལྟར་གསལ་བ་སྤྲིན་དང་བྲལ་བའི་ཉི་ས་ལྟ་བུར་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུའི་སྐུ་མདོག ་སེར་པོ་དོ་ཤལ་དང་དཔུང་རྒྱན་དང་། རིན་པོ་ཆེའི་ཆུན་འཕྱངས་ལ་སོགས་པས་མཛེས་པར་རྒྱན་པ། ཙནྡྲ་ལི་ཀའི་གོས་ཀྱི་སྨད་དཀྲིས་པ། ཀ་ཤི་ཀའི་གོས་ཀྱི་སྣོད་གཡོགས ་པ་དཀྱིལ་མོ་དཀྲུང་བྱེད་པ་དང་བཅས་པ་ཞལ་གཅིག་ཕྱག་གཉིས་མ་ཞལ་འཛུམ་ཞིང་སྙུན་འཁྱུག་པ། ཕྱག་གཡས་པ་མཆོག་སྦྱིན་མཛད ་པ། གཡོན་པ་ཨུད་པ་ལ་སྡོང་བུ་དང་བཅས་པ་འཛིན་པོ། སྐྲ་ལས་འོད་ཟེར་འཕྲོ་ཞིང་པདྨའི་གེ་སར་དང་བཅས་པའི་དཀྱི་ལོན་བདུད་རྩའི་ཆུ་རྒྱུན་སྐུ་ལས་འཕྲོ་བ། ལྷའི་ཚོགས ་དང་ལྷ་མ་ཡིན་གྱི་ཚོགས་དང་། ནམཁའ་ལྡིང་གི་ཚོགས་དང་། མི་འམ་ཅིའི་ཚོགས་དང་། མིའི་ཚོགས་དང་། དྲི་ཟའི་ཚོགས་དང་ལྟོ་འཕྱེ་ཆེན་པོའི་ཚོགས་དང་། སྲིན་པོ ་ལ་སོགས་པའི་ཚོགས་ཀྱིས་སྟོབས་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་བཅས་པ་བསྒོམས་སྟེ་བཟླས་པ་འདིའོ།། །། ཨོཾ་ཏ་རེ་ཏ་རེ་ཏུད ་ཏ་རེ་ཏུ་རེ་སྭཱ་ཧཱ།། ཞེས་པ་བཟླས་པ་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པ་ལན་གཅིག་གམ་བདུན་ནམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བརྗོད་ནས་གསོལ་བ་བཏབ ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ལྷའི་ཚོགས་དང་། ལྷ་མ་ཡིན་གྱི་ཚོགས་དང་། མི་འམ་ཅིའི་ཚོགས་དང་། མིའི་ཚོགས་དང་། དྲི་ཟའི་ཚོགས་ད ་ལྟོ་འཕྱེ་ཆེན་པོའི་ཚོགས་དང་། སྲིན་པོའི་ཚོགས་ཐམས་ཅད་ཀྱིས་དེའི་སྟོབས་ཐོབ་པར་མི་འགྱུར་ལ། བསྲུང་བ་དང་སྐྱོབ་པ་དང་སྦེད་པར་འགྱུར་རོ།། དུས་མ་ཡིན ་པ་འཆི་བ་དང་། བརྩོད་པ་དང་རྨི་ལམ་ངན་པ་དང་། རིམས་དང་འབུམ་བུ་དང་། གཡན་པ་ལ་སོགས་པས་མི་ཚུགས་སོ།། ནམ་འཆི་བའི་ཚེ་ཡང་སྟོབས་དང་ལྡན ་པར་འགྱུར་རོ།། ངན་སོང་གསུམ་དུ་མི་འགྱུར་རོ།། འཇམ་དཔལ་དེས་ཡོ་བྱད་དང་ཚེ་དང་བཀྲག་པ་དང་སྟོབས་དང་ལྡན་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་མཐོང ་བ་དང་། སྟོབས་དང་ལྡན་པར་འགྱུར། རྒྱས་པའི་ལེའུ་སྟེ་བརྒྱད་པའོ།། །། འཇམ་དཔལ་དབང་དུ་བསྡུ་བའི་ལས་ནི་འདིའོ།། དུར་ཁྲོད་དམ་ཤིང་གཅིག་གམ་ཆུ ་བོ་ཆེན་པོའི་འགྲས་འམ། གཙུག་ལག་ཁང་དུ་བྱའོ།། ཁང་པ་དེར་བའི་རྣམ་ལྔས་རྒྱང་ནལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་ལ་མེ་ཏོག་གི་སིལ་མ་བཀྲམ་པར་བྱའོ།། ་ཡུམ་གྱི་སྐུ་གཟུགས་ཀྱང་གཞག་སྟེ་པོག་ཕོར་དང་མེ་ཏོག་ལ་སོགས་པ་ཡང་བཤམ་པར་བྱའོ།། མེ་ཏོག་དང་འབྲས་བུ་ནུས་པ་དང་ལྡན་པའི་རྫས་རིན་པོ་ཆེའི་ག་བུར་བཅུག་ལ ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ།། དེ་ནས་བསམ་གཏན་བསྒོམ་པ་ནི་ཏཾ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ ་བ་ནི། པདྨ་ལས་བྱུང་ཞིང་ཉི་ཟླའི་སྟེང་ན་སྐུ་མདོག་བན་དུ་ཀའི་མེ་ཏོག་ལྟར་དམར་བ། གཞོན་ནུ་ལང་ཚོ་ལ་བབ་ལྟ་བུའི་སྐུ་མདོག་དང་། དཔུང་རྒྱན་རིན་པོ་ཆེའི་ཆུ་འཆངས་ལ ་སོགས་པས་མཛེས་པར་བརྒྱན་པ་བནྡྷ་ལི་ཀའི་གོས་ཀྱིས་སྨད་དཀྲིས་པ། ཀ་ཤི་ཀའི་གོས་ཀྱི་སྟོད་གཡོགས་པ་འགྱིང་བག་གི་ཚུལ་གྱིས་བཞེངས་པ། ཞལ་གཅིག་ཕྱག་གཉིས ་བ་ཞལ་བཞད་ཅིང་ཆེར་བཞད་པ་སྤྱན་འཁྲུགས་པ། ཕྱག་གཡས་ནི་ཐུགས་ཁ་ན་འདུད་པ། གཡོན་ན་སྡོང་བུ་དང་བཅས་པའི་ཨུད་པལ་འཛིན་པ། སྐུ་ལ་འོད་འཕྲོ་བ་དང་བཅ ་པ་དང་འཐུན་པའི་འོད་འཁྲུག་པ་དང་བཅས་པའི་སྐུ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའི་ལྷ་མོ་དཔག་ཏུ་མེད་པ་དང་བཅས་པ་བསམས ་ཏེ། བཟླས་པ་འདི་བྱའོ།། ཨོཾ་ཏ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། ཞེས་བཟླས་སོ།། དེ་ནས་ལས་ཀྱི་སྔགས་བཅས་པ་ལན་གཅིག་གམ།། བདུན་ནས་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ས་བདག་གི་རྒྱལ་པོ་ལ་སོགས་པ་འཇིག་རྟེན་གསུམ་པོ་ཐམས་ཅད་དབང་དུ ་འགྱུར་རོ།། དབང་གི་ལེའུ་སྟེ་དགུ་པའོ།། །། འཇམ་དཔལ་དྲག་པོའི་ལས་བྱ་བར་འདོད་ན། གནས་ནི་དུར་ཁྲོད་དམ་ཤིང་གཅིག་གམ་ཆུ་བོ་ཆེན་པོའི་འགྲ ་འམ། གཙུག་ཁང་དུ་བྱའོ།། ཁང་པ་དེར་བའི་རྣམ་ལྔས་ཆག་ཆག་བཏབ་སྟེ། དྲི་ཞིམ་པོའི་ཆུས་མཎྜལ་བྱའོ།། སྐུ་གཟུགས་ལ་སོགས་པ་ཡང་བཀྲམ་པར་བྱའོ།། ་གྲོ་ག་འམ་རས་སམ་ཤིང་ཤུན་ལ་རྒྱལ་པོ་ལ་སོགས་པ་འམ་གཟུགས་ནི་ནི་མ་པའི་ཆུས་འབྲིས་ལ་མཎྜལ་གྱི་སྟེང་དུ་ཁམ་པའི་གའུར་གཞུག་པར་བྱའོ།། དེ་ནས་མཎྜལ ་གྱི་སྟེང་དུ་གཞག་པར་བྱའོ།། དེ་ནཔ་པོག་པོར་ལ་སོགས་པའི་མཆོད་པ་ཡང་བཤམ་པར་བྱའོ།། དེ་ནས་བསམ་གཏན་བསྒོམ་པ་བྱས་ཏེ་ཡི་གེ་ཏཾ་ལས་སྐྱེས་པའི་མྱུར་བའི ་བརྩོན་འགྲུས་དང་ལྡན་པའི་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པད་མ་རྒྱས་པ་ལས་བྱུང་ཞིང་། ཉི་ཟླའི་སྟེང་ན་བཞུགས་པ་སྐུ་མདོག་ལྗང་ཁུ་ཀུན་ན ་གསལ་བ། གཞོན་ནུ་ལང་ཚོ་ལ་བབ་པའི་སྐུ་དོ་ཤོལ་དང་དཔུང་རྒྱན་དང་རིན་པོ་ཆེའི་ཆུན་འཕྱངས་ལ་སོགས་པས་མཛེས་པར་བརྒྱན་པ། བནྡྷ་ལི་ཀའི་གོས་ཀྱིས་སྤད་དཀྲི ་པ། ཀ་ཤི་ཀའི་གོས་ཀྱིས་སྟོད་གཡོགས་པ། གཡས་བརྐྱང་གཡོན་བསྐུམ་པས་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ། ཞལ་མཆེ་བ་གཙིགས་པ། སྤྱན་ནི་རབ ་ཏུ་འབར་ཞིང་དབུ་སྐྲ་གྱེན་དུ་བརྫེས་པ། དབུའི་ཟླ་བའི་སྟེང་ན་ཨ་མི་དེ་བ་དང་བཅས་པ་བསྐལ་པའི་མེ་དཔུང་ན་བཞུགས་པ། ཕྱག་གཡས་ན་འཁོར་ལོ་འཛིན་པ། གཡོན ་ན་སྡིགས་འཛུབ་དང་བཅས་པའི་ཨུད་པ་ལ་འཛིན་པ་སྐུ་ལས་ཁྲོ་བོ་དཔག་ཏུ་མེད་པ་དང་ལྷན་ཅིག་ཏུའོ།། དེའི་བཟླས་པ་ནི་འདིའོ།། ། ཨོཾ་ཏ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ།། ཞེས ་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས་དང་བཅས་པས་ལན་གཅིག་གི་བདུན་ནམ་ཉི་ཤུ་རྩ་གཅིག་གམ། བརྒྱ་རྩ་བརྒྱད་བཟླས་ཤིང་ཉིན་ལན་གསུམ་མཚན་ལན་གསུམ་དུ ་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུརརོ།། འཇམ་དཔལ་འདིའི་ཡོན་ཏན་ནི་ཉོན་མོངས་པ་དང་ལས་དང་། རྣམ་པར་སྨིན་པ་དང་ངན་སོང་ལ་སོགས་པ་ཐམས ་ཅད་འཇོམས་པའོ།། འཇམ་དཔལ་མ་རུངས་པ་དང་གདོན་བགེགས་ལ་སོགས་པ་ཐམས་ཅད་འཇོམས་པར་འགྱུར་རོ།། །། དྲག་པོའི་ཕྲིན་ལས་ཀྱི་ལེའུ་སྟེ་བཅུ ་པའོ།། ། འཇམ་དཔལ་ཕྲིན་ལས་སྣ་ཚོགས་པའི་ལས་འདིའོ།། དུར་ཁྲོད་དམ་ཤིང་གཅིག་གམ་མཆོད་རྟེན་གྱི་མདུན་ནས། ཆུ་བོ་ཆེན་པོའི་འགྲམ་དུ ་ལས་བྱའོ།། ཁང་པ་དེ་བའི་རྣམ་ལྔས་རྐྱང་ནུལ་བྱས་ཏེ་དྲི་ཞིམ་པོས་བྱུགས་པའི་མཎྜལ་ལ་མེ་ཏོག་གི་སིལ་མར་དཀྲམ་པར་བྱའོ།། ཡུམ ་གྱི་སྐུ་གཟུགས་ཀྱང་གཞུགས་སྟེ་སྤྲ་ཚིལ་ལས་བྱས་པའི་གཟུགས་ཀྱི་སྙིང་ཁར་དུར་ཁྲོད་ཀྱི་རས་ལ་སྔགས་བཅུ་པ་དང་གསལ་བའི་ཡི་གེ་གཉིས་དང་བཅས་པ་ལ་མིག་གི་མཁའ ་དང་བཅས་པ་བཅུག་སྟེ་མཎྜལ་གྱི་དབུས་སུ་གཞག་པར་བྱའོ།། པོག་པོར་དང་མེ་ཏོག་ལ་སོགས་པ་ལས་དང་འཐུན་པ་ཡང་བཀྲམ་པར་བྱའོ།། དེ་ནས་བསམ་བཏན་བསྒོམ ་བ་ནི་ཏཾ་ལས་བྱུང་བའི་མྱུར་བའི་བརྩོན་འགྲུས་དང་ལྡན་པའི་སྐུ་ཡུམ་སྒྲོལ་མ་དཔའ་མོ་རྣལ་འབྱོར་མའི་ལུས་སུ་བསྒོམ་པ་ནི་པད་མ་ལས་བྱུང་ཞིང་ཉི་ཟླའི་སྟེང་ནས་སྐུ་མདོག་ནག་པོ ་ཤིན་དུ་འཚེར་བ་གཞོན་ནུ་ལང་ཚོ་ལ་བབ་པ་ལྟ་བུ་སྐྲ་དོ་ཤལ་དང་། དཔུང་རྒྱན་རིན་པོ་ཆེའི་ཆུན་འཕྱངས་ལ་སོགས་པས་མཛེས་པར་བརྒྱན་པ། པནྡ་ལི་ཀའི་གོས་ཀྱི་སྨད་དཀྲིས་པ། ་ཀ་ཤི་ཀའི་གོས་ཀྱི་སྟོད་གཡོགས་པ། ཞབས་བརྐྱང་བསྐུམ་དུ་བཞུགས་པ། ཞལ་གཅིག་ཕྱག་གཉིས་པ་མཆེ་བ་ཟླ་བ་ཕྱེད་པ་ལྟ་བུ་གཙིགས་པ། ཞལ་ཁྲོ་ཉེར་ཧཱུཾ་སྒྲ་དང་བཅས ་བ། དབུ་སྐྲ་དམར་སེར་གྱེད་དུ་ཕྱོགས་པ། དབུ་ལ་ཟླ་བའི་སྟེང་ན་ཨ་མི་དེ་བ་བཞུགས་པ། སྐལ་པའི་མེ་དཔུང་དང་བཅས་པའི་འོད་ལས་འཇིགས་པ་བརྒྱད་ལས་བསྲུང་བའི་ལྷ་མོ ་འཕྲོ་བ། ཕྱག་གཉིས་ནི་གཡས་ན་གྲི་ཁུག་འཛིན་ཅིང་གཡོན་པ་སྡོང་བུ་དང་བཅས་པའི་ཨུད་ལྔའི་སྟེང་ན་མེ་ཏོག་གི་བཀང་བའི་བྲམ་ཟེའི་ཐོད་པ་ཅན་འཛིན་པ། ་ཁྲོ་མོའི་ཚོགས་དང་བཅས་པ་བསྒོམ་པར་བྱའོ།། སྔགས་འདི་བཟླས་པར་བྱའོ།། ། ཨོཾ་ཏ་རེ་ཏུ་རེ་ཏུད་ཏ་རེ་སྭཱ་ཧཱ། ཞེས་བཟླས་པར་བྱའོ།། དེ་ནས་ལས་ཀྱི་སྔགས ་དང་བཅས་པཾ་ལན་གཅིག་གམ་བདུན་ནམ། ཉི་ཤུ་རྩ་བརྒྱད་དམ་བརྒྱ་རྩ་བརྒྱད་བཟླས་ནས་གསོལ་བ་བཏབ་ན་འགྲུབ་པར་འགྱུར་རོ།། འཇམ་དཔལ་དེའི་ཕན་ཡོན་ནི་ཕྲིན་ལ ་བཞི་འགྲུབ་པར་འགྱུར་རོ།། འཇིགས་པ་ལས་སྲུང་བར་འགྱུར་རོ།། ཕྲིན་ལས་སྣ་ཚོགས་ཀྱི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་ཡང་བཅོམ་ལྡན་འདས་ལ་སངས ་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ་ཡིན་ན། རིགས་ལྔའི་བདག་ཉིད་ཀྱི་ཡུམ་ཇི་ལྟར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་རྡོ་རྗེའི་རིགས་ཀྱི་ཡུམ་ནི་ཞ ་བཞི་ཕྱག་བརྒྱད་མ་དུང་གི་མདོག་ཅན་གཞོན་ནུ་ལང་ཚོ་ལ་བབ་པ། ཞལ་དཀར་བ་གནག་པ་དང་། དམར་དང་སེར་བའི་ཞལ་བཞིའོ།། རིགས་ལྔས་དབུ་ལ་མཚན་པ་སྤྱན་གསུམ ་པའོ།། ཕྱག་བརྒྱད་ནི་རྡོ་རྗེ་དང་མདའ་དང་། མདུང་དང་། ཐ་མ་མཆོག་སྦྱིན་གྱི་ཕྱག་རྒྱའོ།། ཨུད་པ་ལ་དང་གཞུ་དང་རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་། སྡིགས་འཛུབ་ནི་གཡོན ་པའི་ཕྱག་གོ། རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རད་ན་ཏྲ་ཡ་ཡཱ། ན་མ་ཨརྱཱ་ཛྙཱ་ན་ས་ག ་ཡ་ཨ་ཀྵོ་བྷ་བྷཱུ་ཧ་ར་ཛ་ཡ་ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ་ས་མྱག་སཾ་བུ་དྷ་ཡ། ན་མ་ཨརྱ་པ་ལོ་ཀི་ཏེ་ཤྭ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨཽ ་ཏ་རེ་ཏུ་རེ་ཏུད་ཏཱ་རེ་སྭཱ་ཧཱ།། ཞེས་བརྗོད་པས་རྡོ་རྗེའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་མར་མེ་དང་། དྲི་ཆབ་དང་བཤོས་གཙང་གིས ་མཆོད་དོ།། འཇམ་དཔལ་དེའི་ལས་ནི་འདི་ཡིན་ཏེ། སྤྲ་ཚིལ་ལ་ལས་གང་བྱ་བའི་གཟུགས་བྱས་ཏེ། སྤྱོད་པའི་རྫས་ནི་བྱ་རོག་དང་ཧུ་ལུའི་ཤ་མིང་དང་བཅས་པའི་སྙིང་ཁར ་བཅུག་ནས་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨ་མོ་ཀཾ་མ་མེ་ཤ་མ་ན་ཡ་སྭཱ་ཧཱ། ཞེས་བརྗོད་པས་རླུང་གི་ཕྱོགས་སུ་སྦས་ན་འཇམ་དཔལ་འཐབ་ཅིང་འབྱེར་བར་འགྱུར།། གཞན ་དུ་འབྲོས་པར་འགྱུར་རོ།། རྡོ་རྗེའི་རིགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། ། འཇམ་དཔལ་པད་མའི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་རྩ་བའི་ཞལ་ནི་དམར ་པ~ཾ་བན་དུ་ཀའི་མེ་ཏོག་གི་མདོག་གི་སྐྲ། གཞོན་ན་ལང་ཚོ་ལ་བབ་པ་གཡས་བློ།། གཡོན་གྱི་ཞལ་ནག་པོ།། རྒྱབ་ཀྱི་ཞལ་སེར་པོ་རིགས་བཞིས་དབུ་ལ་མཚན་པ་སྤྱན་གསུམ་པའོ།། ་ཕྱག་རྒྱད་ན་པད་མ་དང་མདའ་དང་མདུང་དང་། ཐ་མ་མཆོག་སྦྱིན་གྱི་ཕྱག་རྒྱའོ།། ཨུད་པ་ལ་དང་། གཞུ་དང་། རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་ད་དང་སྡིགས་འཛུབ་ནི་གཡོན ་པའི་ཕྱག་རྒྱའོ།། རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། །། ན་མོ་རད་ན་ཏྲ་ཡ་ཡཱ། ན་མ་ཨརྱ ་ཛྙཱ་ན་ས་ག་ར་ཡ། ཨ་བྷི་དང་བ་བྷུ་ཧ་ར་ཛ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧེ་ཏེ་བྷྱ། སམྱཀ་སཾ་བུད་དྷ་ཡ། ན་མ་ཨརྱ་པ་ལོ་ཀི་ཏེ་ཤ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སད་ཏཱ་ཡཱ། མཧཱ ་ཀ་རུ་ནི་ཀ་ཡ། ཏདྱ་ཐཱ། ཨོཾ་ཏུ་དེ་ཏ་རེ་ཏེ་རེ་ཏུ་རེ་སྭཱ་ཧཱ། ཞེས་བརྗོད་པས་པད་མའི་རིགས་ཐམས་ཅད་ཀྱིས་མེ་ཏོག་དང་། བདུག་སྤོས་དང་། མར་མེ་དང་། དྲི་ཆབ་དང ་ཞལ་ཟས་ཀྱིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི་འདིའོ།། ད་དུ་ར་དང་ནིམ་པ་དང་། མྱ་དྲན་ཚང་གི་མེ་ཏོག་བཏགས་ཏེ་ཕྱེ་མ་སྦྲང་རྩི་དང་འདེ་གུ་བྱས་ནས་སྔགས་འདི ་བརྗོད་པར་བྱའོ།། ཨོཾ་ཨ་མུ་ཀ་ཨ་མི་ད་ནཾ་ཀུ་མ་རི་མ་ཧཱ་མྲ་དཏ་བྷ་ཧེ་ནད་ཏྱ་སུ་པི་ཏ་པ་ཡང་ཆད་ཧཱུཾ་ཧྲཱི། ཞེས་བརྗོད་ནས་ལུས་ལ་བྱུག་ན་རང་དབང་མེད་པར་ཁུགས་པར་འགྱུརརོ།། ་པད་མའི་རིགས་ཀྱི་ལེའུ་སྟེ་བཅུ་གསུམ་པའོ།། ། འཇམ་དཔལ་དེ་བཞིན་གཤེགས་པའི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ། སེར་པོ་གསེར་བསྲེག ་པ་ལྟ་བུ་སྐུ་གཞོན་ན་ལང་ཚོ་ལ་བབ་པ། རྩ་བའི་ཞལ་སེར་པོ།། གཡས་དཀར་པོ། གཡོན་དམར་པོ།། རྒྱབ་ཀྱི་ཞལ་ནག་པོ།། རིགས་བིཞེས་དབུ་ལ་མཚན་པ། སྤྱན་གསུམ ་བའོ།། ཕྱག་བརྒྱད་ན་འཁོར་ལོ་དང་མདའ་དང་། མདུང་དང་། ཐ་མ་མཆོག་སྦྱིན་མཛད་པའོ།། ཨུད་པ་ལ་དང་གཞུ་དང་། རྡོ་རྗེ་དང་ལྗགས་ཀྱུ་དང་ཞགས་པ་དང་། སྡིགས ་འཛུབ་དང་བཅས་པ་གཡོན་ན་འཛིན་པའོ།། རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་ཞིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ་མོ་རདན་ཏྲ་ཡ་ཡཱ། ན་མ་ཨརྱ་དཱ་ན་ས་ག་ར་ཡ། བཻ་རོ་ཙན་བྷུ་ཧ་ར་ཛ་ཡཱ། ཏ་ཐཱ་ག་ཏ་ཡཱ། ཨ་ར་ཧ་ཏེ་བྷྱ། སམྱག་སཾ་བུདྡྷ་ཡཱ། ཏདྱ་ཐཱ། ཨོཾ་ཏ་རེ་ཏུད་ཏ་རེ་ཏ་རེ་སྭཱ་ཧཱ། ཞེས ་བརྗོད་པ་དེ་བཞིན་གཤེགས་པའི་རིགས་ཐམས་ཅད་ཀྱི་མཆོད་པའི་མེ་ཏོག་དང་། མར་མེ་དང་། བདུག་པ་དང་དྲི་ལ་སོགས་པས་མཆོད་དོ།། ་འཇམ་དཔལ་དེའི་ལས་ནི་འདི་འདྲའོ།། ཐལ་ཆེན་དང་ས་ཞག་ལ་གཟུགས་བྱས་ཏེ། སྙིང་ཁར་གསལ་བྱེད་གཉིས་ཀྱིས་ཡི་གེའི་མཐའ་ཅན་བཅུག་ལ་སྔགས་འདི་བརྗོད་པར ་བྱའོ།། ཨོཾ་མ་ར་ཡ་མ་ར་མ་ཡ། ཀ་ར་ཡ་ཀ་ར་ཡ་སྙམ་པ་སྟཾ་པ་ཡ། ཛ་བྷ་ཡ་ཛཾ་བྷཱ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ལམ་ལམ་ལམ། ལཾ་ལཾ་ལཾ། ཞེས་བརྗོད་ནས་ལམ་རྒྱ་གྲམ་དུ་སྦ་བར་བྱའོ།། ་དེ་བཞིན་གཤེགས་པའི་ཡུམ་གྱི་ལེའུ་སྟེ་བཅུ་བཞི་པའོ།། འཇམ་དཔལ་རིན་པོ་ཆེའི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་ལ། རྩ་བའི་ཞལ་ནི་མཐིང་ཁ་གཞོན་ནུ་ལང་ཚོལ ་བབ་པ། འཐིང་ཁའི་སྐུ་ཞལ་གཡས་དཀར་པོ།། གཡོན་དམར་བ། རྒྱབ་ཀྱི་ཞལ་སེར་བ། རིགས་བཞིས་དབུ་ལ་བརྒྱན་པས་མཚན་པ་སྤྱན་གསུམ་པའོ།། ཕྱག་བརྒྱད་ནི ་རིན་པོ་ཆེ་དང་། མདའ་དངམདང་དང་། ཐ་མ་མཆོག་སྤྲིན་མཛད་པའོ།། ཨུད་པ་ལ་དང་། གཞུ་དང་། རྡོ་རྗེ་ལྕགས་ཀྱུ་དང་ཞགས་པ་དང་། སྡིགས་འཛུབ་གཡོན་པ་ན ་འཛིན་པའོ།། རྡོ་རྗེ་དཀྱིལ་དཀྲུང་གིས་བཞུགས་ཤིང་ཆོས་ཀྱི་སྐུའི་རང་བཞིན་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རད་ན་ཏྲ་པ་ཡཱ། ན་མ་ཨརྱ་ཛྙཱ་ན་ས་ག་རང་ན ་སཾ་བྷ་ཝ། བྷུ་ཧ་ར་ཛ་ཡཱ། ཏ་ཐཱ་ག་ཏ་ཡཱ། ཨ་ར་ཧ་ཏེ་བྷྱོ།། ན་མ་ཨརྱཱ་པ་ལོ་ཀི་ཏེ་ཤྭ་ར་ཡཱ། བོ་དྷི་སཏྭ་ཡཱ། མ་ཧཱ་སཏྭ་ཡཱ། མ་ཧཱ་ཀ་རུ་ཎི་ཀ་ཡཱ། ཏདྱ་ཐཱ། ཨཽ་ཏ་རེ་ཏེ་རེ་ཏུང ་ཏ་རེ་ཏུ་རེ་ཏུ་རེ་སྭཱ་ཧཱ། ཞེས་བརྗོད་པས་རིན་པོ་ཆེའི་རིགས་ཐམས་ཅད་ཀྱི་མེ་ཏོག་དང་བདུག་སྤོས་དང་། མར་མེ་དང་དྲི་ཆབ་ཀྱིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི་འདིའོ།། སྟག ་བའི་རྩ་བ་རུལ་པ་དང་། སྙིང་ལས་སྐྱེས་པའི་སྲིན་བུ་དང་། ས་བོན་གཉིས་སུ་བསྲེས་ལ་ཁམ་པའི་གཟུར་བཅུག་སྟེ་སྔགས་འདི་བརྗོད་པར་བྱའོ།། ཨོཾ་ཨ་མུ་ཨ་ཀ་བི་ཌ་ནཾ་ཨ ་ཀར་ཥ་ཡ་ཨ་ཀ་ར་ཥ་ཡ། ཨུ་མུ་ཀྱི་མ་ཡེ་བ་སེ་ཏྲཾ་ས་པ་ན་ན་ཀ་ཏ་ཧཱུཾ་ཧྲཱི་ཞེས་བཟླས་ཏེ། མ་ལ་འོག་ཏུ་སྦས་ན་ཡོན་ཏན་ཤེས་ཤིང་མི་ཕྱེད་པར་འགྱུར་རོ།། རིན་པོ་ཆེའི་རིགས་ཀྱི་ཡུམ ་གྱི་ལེའུ་སྟེ་བཅཝོ་ལྔ་པའོ།། ། འཇམ་དཔལ་ལས་ཀྱི་རིགས་ཀྱི་ཡུམ་ནི་ཞལ་བཞི་ཕྱག་བརྒྱད་པ། རྩ་བའི་ཞལ་ནི་ལྗང་ཁུ་གཞོན་ནུ་ལང་ཚོ་ལ་བབ་པ། གཡས་དཀར ་གཡོན་དམར་པོ།། རྒྱབ་ཀྱི་ཞལ་ལྗང་ཁུ་རིགས་བཞི་དབུ་ལ་མཚན་པ། སྤྱན་གསུམ་པའོ།། ཕྱག་བརྒྱད་ལ་རལ་གྲི་དང་། མདའ་དང་། མདུང་ཐུང་དང་ཐ་མ་མཆོག་སྦྱིན་པའོ།། ་ཨུད་པ་ལ་དང་། གཞུ་དང་། རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། བསྡིགས་འཇུབ་འཛིན་པ་གཡོན་པའོ།། རྡོ་རྗེ་དཀྱིལ་མོ་དཀྲུང་གིས་བཞུགས་ཞིང་ཆོས་ཀྱི་སྐུའི་རང་བཞིན ་ཅན་ནོ།། འཇམ་དཔལ་དེའི་སྔགས་ནི་འདིའོ།། ན་མོ་རད་ན་ཏྲ་ཡ་ཡཱ། ན་མོ་ཨརྱ་ཛྙཱ་ན་ཡ་ས་ག་ར་ཨ་མོ་གྷ་སིད་དྷི་བྷྱ་ཧ་ར་ཛ་ཡཱ། ཏ་ཐཱ་ག་ཏ་ཡཱ། ཨ་ར་ཧ་ཏེ་ས་མྱག་སཾ་བུད་དྷ་ཡཱ། ་ན་མ་ཨརྱཱ་པ་ལོ་ཀི་དེ་ཤ་ར་ཡཱ། བོ་དྷེ་སཏ་ཡཱ། མ་ཧ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་ཏུ་རེ་ཏུ་ད་ཏ་རེ་ཏ་རེ་སྭཱ་ཧཱ།། ཞེས་བརྗོད་པས་ལས་ཀྱི་རིགས་ཐམས་ཅད་ཀྱིས ་མེ་ཏོག་དང་བདུག་སྤོས་དང་། མར་མེ་དང་དྲི་ཆབ་ཀྱིས་མཆོད་དོ།། འཇམ་དཔལ་དེའི་ལས་ནི་པྲ་དོག་མེད་པར་མོ་ཐམས་ཅད་ཁུགས་པ་ནི་ཕུག་རོན་གྱི ་མིག་དང་ལྕེ་དང་། སྙིང་དང་གོ་རོ་ཅ་ན་དང་རུལ་རྡོ་དང་། དེ་རྣམས་ནི་ནིམ་པ་ལ་རི་ལུ་བྱས་ཏེ་འདི་བརྗོད་པར་བྱའོ།། །། ཙ་ལ་པྲ་ཙ་ལ་ཤིན་བྷ་ག་མེ་ཏེ་བ་ཏད་ཏ་ཨུ་ཙ་ཏ་ཡ་ཨུ ་མུ་ག་བ་ས་ནཾ་མུག་ཏཾ་ཀུ་རུ་ན་ཡཾ་མ་ན་ཧ་རི་ན་ཏེ་ཧྲི་སྭཱ་ཧཱ། ཞེས་བཟླས་ཏེ་བྱུགས་ན་མོ་ཐམས་ཅད་འགུགས་པར་འགྱུར་རོ།། དབང་དུ་འགྱུར་འཕྲ་དོག་མེད་པར་འགྱུར་རོ།། ་ལས་ཀྱི་རིགས་ཀྱི་ཡུམ་གྱི་ལེའུ་སྟེ། བཅུ་དྲུག་པའོ།། །། དེ་ལྟར་ལས་ཀྱི་བྱེ་བྲག་བསྟན་ནས། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ལས་ཐམས་ཅད ་ཀུན་རྫོགས་པར་བྱེད་པའི་སྲེགས་ཇི་ལྟར་ནན་ཏན་བྱ་ཞེས་སྨྲས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཇམ་དཔལ་འདི་ནི་ཐམས་ཅད་ཀྱི་སྔོན་དུ་འགྲོ་ཞིང་སོ་སོའི ་ལས་བསྒྲུབ་པའི་ཕྱིར་སྦྱིན་བསྲེག་བྱའོ།། དེ་ལས་དང་པོ་ཞི་བའི་ལས་བྱ་བ་ནི་ཚེས་གསུམ་པའི་ཟླ་བ་ལེ་ཁ་དོག་དང་འཐུན་པའི་ཁུང་བུ་བྱས་ཏེ་རྡོ་རྗེ་དཀར་པོ་དགོད་པར་བྱའོ།། ། ་བུད་ཤིང་ནི་ཙན་དན་དཀར་པོའི་ཤིང་ལ་སོགས་པ་ལ་བྱའོ།། དེ་ལ་མེ་སྦར་ཏེ་སྐུ་གཟུགས་མདུན་དུ་གཞག་སྟེ། འབྲས་དང་ཁྲེ་དང་། བྲུ་ཙེ་དང་ཏིལ་དཀར་པོ་ལ་སྔགས་བཏ ་པ་ནི། ཨོཾ་ཏ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། ལན་བདུན་ནམ་ཉི་རྩ་གཅིག་བཟླས་ཏེ་མེའི་ནང་དུ་དོར་བར་བྱའོ།། ཞོ་དང་འོ་མ་ལ་སྔགས་བཏབ་སྟེ། ཤན་ཏིང་ཀུ་རུ་དང་བཅས་པས ་དབུལ་བར་བྱའོ།། འོ་མ་བན་གྱི་ཤིང་དང་། མར་དཀར་པོ་ལ་ནི་སརྦ་པཱ་པཾ་དང་བཅས་པས་ཕུལ་ཏེ་བསྟོད་པར་བྱའོ།། འཇམ་དཔལ་མེ་ཏོག་དང་བཅས་པའི་མེའི་ཁང་པར ་ཙན་དན་ལ་སོགས་པ་དྲི་ཞིམ་པོའི་ཤིང་ལ་མེ་སྦར་ཏེ་སྐུ་གཟུགས་མདུན་དུ་བཞག་ལ། ཆུ་དང་ཉུངས་དཀར་ལ་སྔགས་བཏབ་སྟེ། མེར་གཏོར་བའི་སྔགས་ནི། ཏདྱ་ཐཱ། ཨོཾ ་སརྦ་ཏ་ཐཱ་ག་ཏ་ཏ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བའི་སྔགས་དང་། སརྦ་པཱ་པཾ་ཤན་ཏིང་ཀུ་རུ་སྭཱ་ཧཱ། ཞེས་བྱ་བས་ཆུ་སྦྱོར་བ་བརྒྱ་རྩ་བརྒྱད་དབུལ་བར་བྱའོ།། འཇ ་དཔལ་དེའི་ཕན་ཡོན་ནི་མཚམས་མེད་པ་ལ་སོགས་པ་ཞི་བར་འགྱུར་རོ།། ནད་འགོ་བ་དང་གནོད་པ་ལ་སོགས་པ་ཐམས་ཅད་ཀྱང་ཞི་བར་འགྱུར་རོ།། ཚེ་རབས་ཐམས་ཅད ་དུ་ཚེ་རབས་དྲན་པར་འགྱུར་རོ།། འཇམ་དཔལ་བའི་རྣམ་ལྔས་བྱུག་པས་བྱུགས་ཏེ། མེའི་ཁང་བུ་དྲི་དང་ལྡན་པའི་ཁང་པར་སྤྲ་ཚིལ་ལ་གཟུགས་བྱས་པ་དང་བཅས་པ ་སྔགས་འདིས་བསྲེག་གོ། ཨོཾ་ཏ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བས་བསྲེགས་ན་དབང་དུ་འགྱུར་ཞིང་ཚར་བཅད་པར་འགྱུར་རོ།། སྦྱིན་བསྲེག་གི་ལེའུ་སྟེ་བཅུ ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་འཛུམ་པ་མཛད་དོ།། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་འཁོར་ལོའི་རི ་བ་བཀའ་སྩལ་པ། འཁོར་ལོ་ལེ་རྩེ་དགུ་པ་ལ་ཨོཾ་དང་ཧ་གཉིས་དབུས་སུ་ཆེ་གེ་མོ་དང་བཅས་པ་བྲི། རཀྵ་རཀྵ་ཞེས་བྱ་བ་ནི་བསྲུང་བའོ།། ཕྱོགས་འཚམས་སུ་ཏ ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ།། ཞེས་བྱ་བ་བྲིས་ཏེ་རྐུན་ལ་སྭཱ་ཧཱ་བར་དུ་བཙུག་པ་གྲོ་ག་ལ་གུར་གུམ་གྱིས་བྲིས་ནས་དཔུང་པ་ལ་བཏགས་པ་ནི་བསྲུང ་བའི་མཆོག་གོ། ཞི་བའི་བསྲུང་བའི་ལེའུ་སྟེ་བཅཝ་བརྒྱད་པའོ།། ། དེ་ནས་དབང་གི་བསྲུང་བ་ནི་འཁོར་ལོ་ལེ་རྩེ་དགུ་པ་ལ་ཨོཾ་དང་ཧ་གཉིས་དབུས་སུ་ནི ་ཆེ་གེ་མོ་དང་བཅས་པ་བྲི། རཀྵ་རཀྵ་ཞེས་བྱ་བ་ནི་བསྲུང་བའོ།། ཕྱོགས་མཚམ་སུ་ཏ་རེ་ཏུ་ད་ཏ་རེ་ཏུ་རེ་སྭཱ་ཧཱ། ཞེས་བྱ་བ་བྲིས་ཏེ་ཀུ་མུ་དང་མུའི་བར་དུ་ས་བོན་ནོ།། དེ་གྲོ་ག ་དམར་པོ་ལྔ་སྐྱེགས་ཀྱི་ཁུ་བས་བྲིས་ཏེ་ལྟེ་བར་མིང་མངོན་པར་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་ཞིང་རབ་ཏུ་བསྡུད་དོ།། དབང་གི་བསྲུང་བའི་འཁོར་ལོ་སྟེ་ལེའུ་བཅུ ་དགུ་པའོ།། །། དེ་ནས་རྒྱས་པའི་བསྲུང་བ་ནི་འཁོར་ལོ་རྩིབས་བརྒྱད་པ་བྱ་སྟེ། ཨོཾ་ཏ་རེ་ཏུད་ཏ་རེ་ཏུ་རཾ། བརྒྱད་པོ་བསྒོང་པར་བྱའོ།། དབུས་སུ་ནི་སྭཱ་ཧཱ ་མཐའ་ཅན་གྱི་མིང་རཀྵ་དང་བཅས་པ་གྲོ་ག་ལ་གུར་གུམ་གྱིས་བྲིས་པ་དཔུང་པ་འམ་མགུལ་དུ་བཏགས་ན་བསྲུང་བའི་མཆོག་ཏུ་འགྱུར་རོ།། རྒྱས་པའི་བསྲུང་བའི ་འཁོར་ལོའི་ལེའུ་སྟེ་ཉི་ཤུ་པའོ།། །། དེ་ནས་བར་ཆོད་སེལ་བའི་བསྲུང་བའི་འཁོར་ལོ་ནི། མུ་ཁྱུད་གསུམ་ལ་ཐ་མ་ལ་ལེ་ཙེ་བརྒྱད་པའོ།། དབུས་སུ་མིང་གི ་མཐའ་ཅན་གྱི་སཱ་ཧཱ་རཀྵ་དང་བཅས་པའོ།། མུ་ཁྱུད་ནང་མ་ལ། ཨཱུ་ཨཱུ་ཨཱུ་ཨཱུ་ཨཱུ་ཨཱུ་ཨུ་ཨཱུ། ཞེས་བྱ་བ་བགོད་པར་བྱའོ།། ལེ་ཙེ་བརྒྱད་པའི་ཕྱི་ལ་ནི། ཨོཾ་ཏ་རེ ་ཏུ་རེ་ཏུད་ཏ་རེ་ཞེས་བྱ་བའི་ཡིག་འབྲུ་རྣམས། ཨུ་ཨུ་དའི་བར་དུ་བཅུག་པ་བཀོད་བགྲོ་ག་འམ། ཤིང་ཤུན་ལ་གུར་གུམ་གྱིས་བྲིས་ཏེ་སྤྱི་བོ་འམ་མཆན་ཁུང་དུ་མིས་མི་མཐོང་བར ་བཏགས་ན་གནོད་པ་ཐམས་ཅད་ལས་ཐར་རོ།། སྔགས་ནི་ཅི་མང་དུ་གྲངས་དང་ལྡན་པར་བཟླས་སོ།། ཤིན་དུ་རྒྱས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས ་ཕྲིན་ལས་ཐམས་ཅད་གྲུབ་པའི་འཁོར་ལོ་ན་གྲོ་ག་འམ་རས་ལ་ལེ་རྩེ་དགུ་པའི་འཁོར་ལོ་ཙན་དན་དཀར་པོའི་ཆུས་བྲིས་ཏེ་སྔགས་དགོད་པ་ནི། ཨ་ཨཱ་ཨི་ཨཱི་ཨུ་ཨཱ་ཨེ་ཨཱི་ཨོ ་ཨོཾ་རི་རཱི་ལི་ལཱི་ཨཾ་ཨ་ཞེས་བྱ་བ་ཕྱིའི་མུ་ཁྱུད་ལའོ།། ནང་གི་མུ་ཁྱུད་ལ་ཏ་རེ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། ཨོཾ་དང་ཧའི་བར་དུ་རཀྵ་རཀྵ་ཤན་ཏིང་ཀུ་རུ་ཞེས་བྱ་བ་ནི་སྟེང་གི་འཁོར་ལོའོ།། འོག ་གི་འཁོར་ལོ་ནི་སྔགས་བཟླས་པས་སོ།། ཕྱིའི་དབྱངས་ཡིག་ཀྱང་བཟློག་པར་ཤེས་པར་བྱའོ།། དབུས་སུ་ནི་ཨོཾ་དང་ཧའི་བར་དུ་རཀྵ་ཤན་ཏིང་ཀུ་རུ་བྲི་བར་བྱའོ།། ཞི་བ་ཆེན་པོའི ་འཁྲུལ་འཁོར་གྱི་བསྲུང་བ་སྟེ་ཉི་ཤུ་རྩ་གཉིས་པའོ།། །། དེ་ནས་ཕྲིན་ལས་བཞིས་ལས་སོ་སོའི་འཁྲུལ་འཁོར་ནི། ཞི་བའི་ཁམ་པ་ལ་གའུ་ཁ་སྦྱོར་བྱས་ཏེ་མེར་བསྲེག ་ལ། ཁ་དོག་དཀར་པོས་བྱུག་པར་བྱའོ།། དེའི་ནང་དུ་འཁོར་ལོ་ལེ་ཙེ་དགུ་ལ་བྲིས་ཏེ་སྔགས་དགོད་པ་ནི། ཨོཾ་ཏ་རེ་ཏུད་ཏ་རེ་ཏུ་རེ་ཞེས་བྱ་བ་རེ་མིག་བརྒྱད་པའོ།། རུ་རུ་ཨོཾ་རུ ་རུ་རུ་ཏ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུད་རུ་རུ། རུ་རུ་ཏ་རུ་རུ། རུ་རུ་རེ་རུ་རུ། རུ་རུ་ཏུ་རུ་རུ། རུ་རུ་རེ་རུ་རུ། ཞེས་བྲིའོ།། དབུས་སུ་ནི་རུ་རུ་ཤན་ཏིང་ཀུ་རུ་སཱ་ཧཱ། ཞེས་བྲིས་ཏེ་ག ་། སྦྱར་ཏེ་དབུས་སུ་སྲད་པུ་དཀར་པོ་དང་ལྡན་པའི་གའུ་མཎྜལ་ཐོག་ཏུ་གཞག་ལ་མེ་ཏོག་དཀར་པོས་མཆོད་ཅིང་མཆོད་པ་རྣམ་པ་ལྔ་ཕུལ་ཏེ་དུས ་གསུམ་དུ་མཆོད་ན། ཞི་བར་འགྱུར་རོ།། ཞི་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་གསུ་མོ།། །། དེ་ནས་ཞི་བ་ཆེན་པོའི་ལས་བྱ་བ་ནི་ཁམ་པ་ལ་གའུར་ཁ་སྦྱོར་བྱས་ཏེ།། ་ཙན་དན་དམར་པོས་སྣག་ཆ་བྱས་ལ། འཁོར་ལོ་ཕྱི་ནང་བཅས་པ་ལེ་ཙེ་དགུ་པ་བྲི་བར་བྱའོ།། སྔགས་བགོད་པ་ནི་ཤན་ཏིང་ཀུ་རུ་ཧ་ཞེས་བྱ་བ་དབུས་སུ་བྲིའོ།། མུ་ཁྱུད་ན ་མ་ལ་ནི་ཨ་ཨ་ཞེས་པ་བརྒྱད་དགོད་པར་བྱའོ།། མུ་ཁྱུད་ཕྱི་མ་ལ་ནི་ཨ་ཨཽ་ཨ། ཨ་ཏ་ཨ། ཨ་རེ་ཨ། ཨ་ཏུད་ཨ། ཨ་ཏ་ཨ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ། ་ཞེས་བྱ་བ་བྲི་བར་བྱའོ།། གའུ་མེ་ཏོག་གི་ཕྲེང་བས་བཅིངས་ཏེ་མཎྜལ་གྱི་སྟེང་དུ་བཞག་ནས་དུས་བཞིར་མཆོད་ཅིང་ཞག་བདུན་སྔགས་མ་ནོར་བར་བཟླས་ན་ཞི་བ་ཆེན་པོའི་ལས ་འགྲུབ་པར་འགྱུར་རོ།། ཞི་བ་ཆེན་པོའི་ལེའུ་སྟེ་ཉི་ཤུ་རྩ་བཞི་པའོ།། །། དེ་ནས་རྒྱས་པའི་ལས་བྱ་བ་ནི་གུར་གུམ་འམ། འགི་ཝང་གིས་གྲོ་ག་ལ་འཁོར་ལོ་ཕྱི ་ནང་དང་ལྡན་པའི་ལེགུ་པ་བྲིས་ཏེ་དབུས་སུ། སརྦ་དེ་སྟེང་ཀུ་རུ་ཨོཾ་ཧཱ་ཞེས་བྱ་བ་དགོད་པར་བྱའོ།། ལེ་ཙེ་ནང་མ་བརྒྱད་ལ་ཨོཾ་བརྒྱད། བྲི་བར་བྱའོ།། ལེ་ཙེ་ཕྱི་མ་བརྒྱད་ལ། ་ཨོཾ་ཨོཾ་ཨོཾ། ཨོཾ་ཏ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུད་ཨོཾ། ཨོཾ་ཏ་ཨོཾ། ཨོཾ་རེ་ཨོཾ། ཨོཾ་ཏུ་ཨོཾ། ཨོཾ་རེ་ཨོཾ། ཞེས་བྱ་བ་བྲིས་ནས། ཁམ་པའི་གབ་ཙེར་བཅུག་སྟེ། མེ་ཏོག་སེར་པོ་ལན ་ག་བུས་པའི་མེ་ཏོག་དང་། མཆོད་པ་ལྔས་དུས་བཞིར་ཟླ་བ་རྒྱས་ནས་བཟུང་སྟེ་ཞག་བདུན་དུ་མཆོད་ན། ཚེ་དང་བསོད་ནམས་ཐམས་ཅད་རྒྱས་པར་འགྱུར་རོ།། རྒྱས་པའི་འཁོར ་ལོ་སྟེ་ཉི་ཤུ་རྩ་ལྔ་པའོ།། །། དེ་ནས་དབང་དུ་བསྡུད་པར་འདོད་ན་ཀན་ཏ་ཀ་རི་ཤུན་ལྤགས་དང་། སེང་གེའི་ཤུན་ལྤགས་དང་། འཇོ་མོའི་ཤིང་གི་ཤུན་པ་བཤུས་པའི་ཁུ ་བས་བསྲེག་བ་བམ་ག་བུ་ལ་འཁོར་ལོ་བྲི་བ་ནི་ལེ་ཙེ་དགུ་པའོ།། སྔགས་དགོད་པ་ནི་དབུས་སུ་ཨ་སྭ་ཙ་ཨ་མོ་ཀླ་ཧྲི་ཧ་ཞེས་བྱ་བ་བྲི་བར་བྱའོ།། ལེ་ཙེ་བརྒྱད་པ་ལ་ནི་ཨཱ་ཨཽ་ཨ། ཨ ་ཏ་ཨ། ཨ་རེ་ཨ། ཨ་ཏུད་ཨ། ཨ་ཏེ་ཨ། ཨ་རེ་ཨ། ཨ་ཏུ་ཨ། ཨ་རེ་ཨ། ཞེས་བྲིས་ནས་ཐོད་པ་ཁ་སྦྱོར་དུ་བཅུག་ནས་སྐུད་པ་སྔོན་པོས་དཀྲིས་ནས་མེ་ཏོག་དམར་པོ་དང་མཆོད ་པ་ལྔས་དུས་བཞིར་ཟླ་བ་མར་ཁམ་པའི་དུས་སུ་མཆོད་ན་ཐམས་ཅད་དབང་དུ་འདུའོ།། དབང་དྲག་པོའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དྲུག་པའོ།། །། དེ་ནས་དབང་དུ་བསྡུ ་བོར་བྱེད་པ་ནི་སྲིན་ལག་གི་ཁྲག་དང་རྒྱ་ཀྱགས་ཀྱི་ཁུ་བ་དང་། དུར་ཁྲོད་ཀྱི་སོལ་བ་དང་ཀ་ན་ཀའི་ཁུ་བ་རྣམས་ཀྱིས་བྲིས་ཏེ། དུར་ཁྲོད་ཀྱི་རས་སམ་མི་ཤི་བའི་གོས་ལ་འཁོར ་ལོ་ལེ་ཙེ་དགུ་པ་བྲིའོ།། དབུས་སུ་སྭ་ཨ་མི་ཀ་ཧྲི་ཧ་ཞེས་བྲིའོ།། རྩིབས་བརྒྱད་ལ་ཨོཾ་ཏེ་ཨཽ།། ཏ་པ་དང་། རེ་ཏ་ད་རེ་ཏུད་ཏ་ཏུད། ཏ་ཨ་ཏྲ། རེ་མོ་རེ། རཱི་ཧི་ཞེས་བྱ་བ ་ཏེ། ག་པུར་སྲིན་མགོ་དམར་པོ་དང་། འཁོར་ལོ་བྲལ་ནས་རྩང་པོ་ལ་ཕར་འགྲམ་ཚུར་འགྲམ་དུ་སྦས་ན་དབྱེ་ཞིང་དབང་དུ་འགྱུར་རོ།། དབྱེ་ཞིང་དབང་དུ་བསྡུས་པའི་འཁོར་ལོ།། ་ལེའུ་སྟེ་ཉི་ཤུ་རྩ་བདུན་པའོ།། ། དེ་ནས་བསྐྲད་པར་འདོད་ནར་དུག་པ་དང་ཁྲག་དང་རམ་རྣམས་སྦྱར་ཏེ་དུར་ཁྲོད་ཀྱི་རས་ལ་འཁོར ་ལོ་གཉིས་བྲིས་ཏེ་ལེ་ཙེ་དགུ་པའི་དབུས་སུ། ཧ་སྭ་ཨུ་རྩ་ཧ་ཧ་ཧ་བྲི་བར་བྱའོ།། ལེ་ཙེ་བརྒྱད་ལ་ཧ་ཨོཾ་ཧ། ཧ་ཏ་ཧ། ཧ་རེ་ཧ། ཧ་ཏུ་ད་ཧ། ཧ་ཏ་ཧ། ཧ་རེ་ཧ། ཧ་ཏུ་ཧ། ་ཧ་རེ་ཧ། ཞེས་བྱ་བ་བྲིས་ཏེ་ཁ་སྦྱར་ཀ་པ་ལིར་བཅུག་སྟེ་སྐུད་པ་སྔོན་པོས་བཅིངས་ཏེ་དུར་ཁྲོད་དུ་སྦས་ན་བསྐྲད་པར་འགྱུར་རོ།། བསྐྲད་པའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ ་བརྒྱད་པའོ།། །། དེ་ནས་དབྱེ་བའི་འཁོར་ལོ་ནི་དུར་ཁྲོད་ཀྱི་སོལ་བ་དང་བྱ་རོག་དང་འུག་པའི་ཁྲག་དང་། དུག་མཉམ་པར་བསྲེས་པའི་སྣག་ཚས་འཁོར་ལོ་ཕྱི ་ནང་བཅས་པའི་ལེ་ཙེ་དགུ་བྲིས་ཏེ་དབུས་སུ་ཕཊ་ས་དེ་བ་ཏད་ཏ་ཧ་ཞེས་བྱ་བ་བྲིའོ།། ལེ་ཙེ་ནང་མ་བརྒྱད་ལ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཞེས་པ་བྲིའོ།། ལེ་ཙེ་ཕྱི་མ་བརྒྱད ་ལ། ཕཊ་ཨོ་ཕཊ། ཕཊ་ཏ་ཕཊ། ཕཊ་རེ་ཕཊ། ཕཊ་ཏུད་ཕཊ། ཕཊ་ཏ་ཕཊ། པཊ་རེ་ཕཊ། ཕཊ་ཏུ་པཊ། ཕཊ་རེ་ཕཊ། ཞེས་པ་བྲིས་ཏེ། བཱ་རོག་ད་འུག་པའི ་སྐོང་ངར་བཅུག་སྟེ་བྲག་དང་ཆུ་འཐབ་པའི་སྒོར་སྦས་ན་དབྱེ་བར་འགྱུར་རོ།། དབྱེ་བའི་འཁོར་ལོའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། ། དེ་ནས་གསད་པའི ་པའི་འཁོར་ལོ་ནི་དུག་དང་ཁྲག་དང་། སྐེ་ཚེ་རྣམས་མཉམ་པར་སྦྱར་བས་ལེ་ཙེ་དགུ་པའི་འཁོར་ལོ་ཕྱི་ནང་དང་བཅས་པ་བྲིས་ཏེ། དབུས་སུ་ཧཱུཾ་ས་མ་ར་ཡ་ཧ་ཕཊ་ཞེས ་བྱ་བ་ཀྲེས་ཏེ། ལེ་ཙེ་ནང་མ་ལ་ཧཱུ~ཾ་ཕཊཧཱུ~ཾ། བཊ་ཧཱུཾ་ཕཊ། ཧཱུཾ་བཊ་ཧཱུ~ཾ། བཊ་ཧཱུ~ཾ་ཕཊ། ཧཱུཾ་ཕཊ་ཧཱུ~ཾ། ཕཊ་ཧཱུ~ཾ་ཕཊྚ། ཧཱུཾ་ཕཊ་ཧཱུཾ། ཕཊ་ཧཱུཾ་ཕཊ། ཞེས་བྱ་བ་བྲིའོ།། ཡེ་མོ་བྱིས་པ་ཅུ ་ཨོཾ་ཕཊ། ཧཱུཾ་ཏ་ཕཊ། ཧཱུཾ་རེ་ཕཊ། ཧཱུཾ་ཏུ་ཕཊ། ཧཱུཾ་ཏ་ཕཊ། ཧཱུཾ་རེ་ཕཊ། ཧཱུཾ་ཏུ་ཕཊ། ཧཱུ~ཾ་ར་ཕཊ། ཞེས་བྱ་བ་བྲིས་ཏེ། རབས་ཆད་ཕོ་མོའི་ཐོད་པ་ལ་བྲིས་ཏེ། སྔགས་མང་དུ ་བཟླས་ནས་དུར་དུ་སྦས་ན་འཆི་བར་འགྱུར་རོ།། བསད་པའི་འཁོར་ལོའི་ལེའུ་སྟེ་སུམ་བཅུའོ།། ། མྱོས་པའི་འཁོར་ལོ་ནིད་དུ་རའི་ཆུས་རས་སམ་ཤོག་ཤོག་ལ་ལེ ་ཅེ་དགུ་པ་ཕྱི་ནང་དོང་བཅས་པའི་འཁོར་ལོ་བྲིས་ཏེ་དབུས་སུ་ཧ་ཧ་དེ་བ་ཏ་ཏ་ཧ་ཧ་ས་ཞེས་བྲིའོ།། ལེ་ཙེ་ནང་མ་ལ་དྷ་གྷདྷ་ཧྞ་དྷ་དྷ་དྡྷ་དྷཱ་བྲི་བར་བྱའོ།། ཕྱི་མ་བརྒྱད་པ་ནི་དྷ་ཨོཾ་དྷ། ་དྷ་ཏ་དྷ། དྷ་རེ་དྷ། ཧཱ་ཏུད་དྷ། དྷ་ཏ་དྷ། དྷ་རེ་དྷ། ཞེས་བྱ་བ་བྲིས་ཏེ། རྩ་བའི་ལན་བུར་བཅུག་ནས་བཟླས་པ་ཅི་ནས་ཀྱང་མྱུར་བར་བྱས་ཏེ། ལམ་རྒྱ་གྲམ་དུ་དོང་དང ་བཅས་པས་སྦས་ཏེ་དུར་སྤུངས་ན་མྱོས་པར་འགྱུར་རོ།། གསོན་མར་སྤྲད་ཅི་འོ་མས་ལིང་ག་བཀྲུས་ན་འཚོ་བར་འགྱུར་རོ།། མྱོས་བྱེད་ཀྱི་འཁོར་ལོའི་ལེའུ་སྟེ་སོ་གཅིག་པའོ།། ་དེ་ནས་གནན་པའི་འཁོར་ལོ་ནི་གཡམ་པ་ལ་ལེ་ཙེ་དགུ་པའི་འཁོར་ལོ་བྲིས་ཏེ་ཉུར་བའི་ཆུས་ལེ་ཙེ་དགུ་པ་ལ་དབུས་སུ་ག་སྭ་སྟཾ་པ་ཡ་སྟྭཾ་ཡ་གྷ་ཏ། ཞེས་བྱ་བ་བྲི་བར་བྱའོ།། ་ལེ་ཙེ་བརྒྱད་ལ། ག་ཨོཾ་ག། ག་ཏ་ག། ག་རེ་ག། ག་ཏུ་དག། ག་རེ་ག། ག་ཏུ་ག། ག་རེག། ཞེས་བྱ་བ་བྲིས་ཏེ། འཁོར་ལོ་ཁ་སྦྱར་ནས་ལམ་རྒྱ་གྲམ་དུ་སྦས་ན ་འགུལ་མི་ཤེས་པར་འགྱུར་རོ།། གནན་པའི་འཁོར་ལོའི་ལེའུ་སྟེ། སུམ་བཅུ་རྩ་གཉིས་པའོ།། །། དེ་ནས་མནན ་པ་ཆེན་པོ་ནི་ཉུང་བའི་ཁུ་བས་སྣག་ཆར་བྱས་ཏེ་ཁམ་པའི་གཞུའི་ནང་དུ་ཕྱི་ནང་ལེ་ཙེ་དགུ་པའི་འཁོར་ལོ་བྲིས་ཏེ་སྔགས་དགོད་པ་ནི། དབུས་སུ་རྒས་སྟཾ་པ་ཡ་རྒ་ཧ་ཞེས་བྱ་བ་བྲིམ ་ནང་མ་ལ་ཏ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཞེས་བྱ་བ་བརྒྱད་བྲིའོ།། དེའི་ཕྱི་རོལ་གྱི་ལེ་ཙེ་དགུ་ལ་ནི་རྒ་ཨོཾ་རྒ། རྒ་ཏ་རྒ། རྒ་རེ་རྒ། རྒ་ཏུད་རྒ། རྒ་ཏ་རྒ། རྒ་རེ་རྒ། རྒ་ཏུ་རྒ། རྒ་རེ་རྒ། ་ཞེས་བྱ་བ་བྲིས་ཏེ། བསྒྲུབ་པ་འཕགས་མ་ལ་བྱས་ལ། དགྲ་གང་ནས་འོང་བའི་ཕྱོགསུ་སྦས་ན་བསྲུང་བར་འགྱུར་རོ།། ཞིང་དགྲའི་སྒོར་སྦས་ན་གནན་པར་འགྱུར་རོ།། དགྲ ་མནན་པའི་འཁོར་ལོའི་ལེའུ་སྟེ་སུམ་བཅུ་གསུམ་པའོ།། །། དེ་ནས་རིག་སྔགས་ཀྱི་སྦྱོར་བ་གནོན་པར་བྱེད་པ་འམ། འཁོར་ལོ་ནི་ཡུང་བའི་ཁུ་བས་གཡམ་པ ་ལྷང་ཚེར་མ་གཉིས་གང་ཡང་རུང་བ་ལ་འཁོར་ལོ་བྲིས་ཏེ་ལེ་ཙེ་དགུ་པ་ལ་ཕྱི་དང་བཅས་པ་བྲིའོ། སྔགས་དགོད་པ་དབུས་སུ་དགོད་པ་ཝ་སོ་སྙམ་པ་ཡ་སྙམ་པ་ཡ་སྭཱ་ཧཱ། ་འཁོར་ལོ་ན་མ་ལ་ཝཾ་ཝཾ་ཝཾ་ཝཾ་ཝཾ་ཝ་ཝཾ་ཝཾ་ཞེས་བྱ་བ་བྲི་བར་བྱའོ།། ཕྱི་མ་ལ་ཝཾ་ཨཽ་ཝཾ། ཝ་ཏེ་ཝཾ། ཝཾ་རེ་ཝ། ཛ་ཏུད་ཝཾ། ཝེ་ཏ་ཝེ། ཝ་རེ་ཝཾ། ཐཾ་ཏུ་ཝ། ་རེ་ཝཾ་ཞེས་བྱ་བ་བྲིས་སྟེ་ཕན་ཚུན་དུ་གཡས་གཡོན་དུ་འཁོར་ལོ་རེ་རེ་སྦས་ན། གནན་པར་འགྱུར་རོ།། རིག་སྔགས་ཀྱི་སྦྱོར་བ་མནན་པའི་ལེའུ་སྟེ་སུམ་བཅུ་རྩ་བཞིའོ།། ་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུས། མེ་ཏོག་མནྡཱ་ར་བ་དང་། པད་མ་དང་། ཀུ་མུ་ཏ་ལ་སོགས་པས་བཅོམ་ལྡན་འདས་ལ་གཏོ ་རོ།། ལྷ་རྫས་ཀྱི་རོལ་མོའི་སྒྲ་དུ་མ་ཡང་བསྒྲག་སོ།། དེ་ནས་བཅོམ་ལྡན་འདས་ལ་གསོལ་པ། དམ་ཚིག་ཀྱང་གང་གིས་འགྲུབ་པར་འགྱུར་ཞེས་ཞུས་པ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། སོ་སོའི་དམ་ཚིག་སྡོམ་གནས་སྟེ།། ལྷ་ཡི་འཁོར་ལོ་དང་ལྡན་པས།། སྲོག་ཆགས་དག་ནི་གསད་པ་སྤང་།། མ་བྱིན་པ་དག་མི་བླང་ཞིང་།། ་བུད་མེད་མི་སྟེན་སྨད་མི་བྱ།། བརྫུན་ནི་རྣམ་པ་ཀུན་ཏུ་སྤང་།། མྱོས་འགྱུར་དག་དང་ཤ་དག་དང་། རྐུ་ཞིང་རྣམ་པ་རྟག་ཏུ་སྤང་།། མོ་རྣམས་ཐམས་ཅད་ལྷ་ནི།། མ་ཆགས་པའི ་སེམས་ཀུན་སྤང་བ་སྟེ།། མ་བཞིན་དུ་ནི་ཀུན་ལ་ནི།། ཕན་པའི་སེམས་ཀྱིས་ཀུན་ལ་བཀུར།། དམ་ཚིག་སྡོམ་པ་གནས་པ་ཡིན།། ལས་རྣམས་ཀུན་ལ་མཐུ་ཡོད་འགྱུར།། ཞེས ་བཅོམ་ལྡན་འདས་ཀྱིས་གསུངསོ།། དམ་ཚིག་དང་སྡོམ་པ་བསྟན་པའི་ལེའུ་སྟེ་སུམ་བཅུ་རྩ་ལྔ་པའོ།། །། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དང་། ཚངས་པ་ལ ་སོགས་པ་ལྷ་དཔག་ཏུ་མེད་པ་དང་། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་སོགས་པ་འཁོར་དཔག་ཏུ་མེད་པ་དག་དང་། ལྷ་དང་མི་དང་། ལྷ་མ་ཡིན ་དུ་བཅས་པའི་འཇིག་རྟེན་ཡིད་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། བཅོམ་ལྡན་འདས་མ་སྒྲོལ་མའི་རྒྱུད་ལས་སྣ་ཚོགས་པ་ཞེས་བྱ ་བ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་དྷ་མ་ཤྲི་མི་ཏྲ་དང་། ལོ་ཙཱ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། ་