| Wylie | e-texts produced with BDRC’s OCR application |
། རྗེ་རུ་། ་བྲིག་ཀླུ་ཏི་བ་ན ་དྲ། ་བོད་སྐད་དུ། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ཐམས་ཅད་མཁྱེན ་པ་ལ་ཕྱག་འཚལ་ལོ།། རྒྱལ་པོ་དུལ་བ་རྗེའི་རིགས་སུ ་འཁྲུངས།། སློབ་མ་དུལ་མཛད་ཉེས་པར་རབ་ཐུལ ་པ།། སངས་རྒྱས་འདུལ་བའི་གཙོ་དང་ཆགས ་བྲལ་ཆོས།། རྡུལ་དང་བྲལ་བའི་ཚོགས་ལ་ཕྱག་འཚལ་ཏེ།། ་དགེ་སློང་མའི་སོ་སོར་ཐར་རྣམ་འབྱེད་ཧ་ཅང་བསྡུས་པ ་དང་།། རྒྱས་པ་མ་ཡིན་བརྗོད་པར་བྱས།། འདུལ་བ་འདི་ནི་ང་ལས་ཉོན།། ་བསྐལ་པ་བྱེ་བ་རྣམས་སུ་ཡང་།། འདུལ་བ་ཐོས་པར་འགྱུར་བ་དང་། ་གཟུང་དང་འཛིན་པ་རྙེད་དཀའ་སྟེ།། སྒྲུབ་པའང་ཤིན་ཏུ་རྙེད་པར་དཀའ ་སངས་རྒྱས་རྣམས་ནི་འབྱུང་བ་བདེ།། ཆོས་བསྟན་པ་ཡང་བདེ་བ་ཡིན།། ་དགེ་འདུན་འཐུན་པ་བདེ་བ་སྟེ།། འཐུན་པ་རྣམས་ཀྱི་དཀའ ་ཐུབ་བང།། ཆོས་ཐོས་པ་དང་མ་མཐོང་བའི།། དབེན་པར་དགའ་བ་འདི ་བ་ཡིན།། འཇིག་རྟེན་སྲོག་ཆགས་འབྱུང་པོ་ལ།། མི་ཚེ་ཡང་དག་སྡོམ་པ ་བདེ།། འཇིག་རྟེན་འདོད་ཆགས་བྲལ་བ་དང་།། འདོད་པ་རྣམས་ལས་རྒྱལ ་བ་བདེ།། ངའོ་ང་རྒྱལ་འདུལ་བ་གང་།། དེ་ནི་མཆོག་ཏུ་བདེ་བ་ཡིན།། ཚུལ་ཁྲིམས་ལྡན་པ ་མཐོང་བ་བདེ།། མྲྀང་དུ་ཐོས་པ་མཐོང་བ་བདེ།། ཡང་སྲིད་རྣམ་པར་གྲོལ་བའི།། དགྲ་བཅོམ ་པ་དག་མཐོང་བ་བདེ།། འཕགས་པ་རྣམས་ནི་མཐོང་བ་བདེ།། དམ་པ་རྣམས་དང་འགྲོགས་པ ་བདེ།། བྱིས་པ་རྣམས་ནི་མ་མཐོང་ན།། རྟག་ཏུ་བདེ་བ་ཉིད་དུ་འགྱུར།། འཇུག་ངོགས་བདེ་བའི ་ཆུ་ཀླུང་བ་།། ཆོས་ལ་གོམས་པའི་སྐྱེ་བོ་བདེ།། ཤེས་རབ་ཐོབ་པར་གྱུར་པ་བདེ།། ང་ལོ་ང་རྒྱལ་ཟད ་། བ་བདྨོ།། འཛག་རྟེན་དགེ་སློང་འཛིན་པ་དང་།། དྲི་བཞིན་བྲམ་ཟེར་འཛིན་པ ་བོ་དོ།། འཇིག་རྟེན་ན་ནི་པར་འཛིན་པ་དེ།། དེ་བཞིན་མར་འཛིན་ཉིད་ཀྱང་བདེ།། དགོན་པ་ཞི་བ ་རྣམས་སུ་རྒས་གྱུར་དང་།། ཡང་དུ་ཐོས་པ་ནགས་ཀྱི་ནང་དག་དུ།། ལང་ཚོ་ཡོལ་བ་རྣམས་ཀྱི ་གནས་བྱེ་བ་དེ།། བྱང་ཆུབ་སེམས་དཔའ་དགའ་ལྡན་གྱི་གནས་ན་བཞུགས་པ་ན། གྲོང་ཁྱེར། ་ཤིང་ནྱ་གྲོ་དྷ་ཅན་ན་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟེ་བུ། ནྱ་གྲོ་དྷ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ལོངས ་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་། ་འགྲན་པ་ཞིག་གནས་སོ།། དེ་ལ་བྲན་གྲོང་བཅུ་དྲག་དང་། ལས་ཀྱི་མཐོའ་པའི་གྲོང་སུམ་ཅུ་དང་། སྐྱེད་སྦྱར་བའི་གྲོང ་དྲུག་ཅུ་དང་། སྨོན་པ་དོར་དག་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲག་ཅུ་དང་། གང་དག་གིས་རྒྱལ་པོ་པདྨ་ཆེན་པོ་ཐུབ ་པོའི་གསེར་གྱི་ནས་སྦྱང་བརྒྱད་ཅུ་ཡོད་དོ།། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། ་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་དོ།། དེ་ལ་བུ་ཡང་མེད་བུ་མོ་ཡང་མེད་ནས། བུའི་ཕྱིར་ལྕི་སྟོང་དུ་མ་ལ་གསོལ ་བ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མོ་དང་། ཁྱབ་འཇུག་དང་། ་བྱ་བྱ། དབང་བདག་དང་། ས་གཱ་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། སའི་ལྷ་དང་། ཀླུ་དང་། ་ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ་འཁོར་སྐྱོང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམས ་ཐོས་ཀྱི་བུ་དང་། ནོར་བུ་བཟང་པོ་དང་། གང་པོ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་ལ་སོགས་པ ་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩཝ་བརྒྱད་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀུན་དགའ་ར་བའི་ལྷ་དྲང་། ་ནགས་ཚིལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། གསུམ་མདོའི་ལྷ་དང་། གཏོར་མ་ལེན་པའི་ལྷ་དང་། ལུས་ཀྱི་ལྷ་དང་། ་ལྷན་ཅིག་སྐྱེས་པ་དང་། ཆོས་འཐུན་པ་པ་དང་། རྟག་ཏུ་འབྲང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ་སྟོང་དག་ལ་གསོལ ་བ་འདེབས་པར་བྱེད་དོ།། འཇིག་རྟེན་ན་ཡང་ལཱུ་ལ་གསོལ་བ་བཏབ་པའི་རྒྱུ་ལྔས་བུ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བ ་འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི། དེ་ནི་དེ་ལྟ་བུ་མ་ཡིན་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ནི། དཔེར་ན། འཁོར ་ལོས་སྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་ཡོད་པར་འགྱུར་རོ།། འོན་ཀྱང་གནས་དྲུག་པོ་དག་མངོན་དུ་གྱུར་པ ་ལས། བུ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲུག་པོ་གང་དག་ཅེ་ན། ཕ་མ་གཉིས་ཀྱི་ས་བུ་རྙེད་པར་འགྱུར་བའི་ལས་དགྲོ་བྱས་ཤིང ་བསགས་པ་དག་ཡིན། བུས་ཀྱང་ཕ་དང་མ་རྙེད་པར་འགྱུར་བའི་ལུས་དག་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་ཞིང་ཟླ་མཚན ་དང་ལྡན་པ་ཡིན། ཕ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡོང་ཉེ་བར་གནས་པ་ཡིན། དྲི་ཟས་ཀྱང་སེམས་གཉི ་པོ་རྗེས་སུ་ཆགས་པ་དང་ལྡན་པ་འམ། ཁོང་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་རབ་ཏུ་ཐོབ་པ་སྟེ། ་གནས་དྲག་པོ་འདི་དག་མངོན་དུ་གྱུར་པ་ལས། བུ་དང་བུ་མོ་དག་སྐྱེ་བ་ཡིན་ནོ།། དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷུར ་ལེན་ཅིང་འདུག་པ་ལས། བུ་ཡོང་མེད་བུ་མོ་ཡང་མེད་ནས། དེ་སྟེང་གི་ཁང་བཟངས་ཀྱི་སྟེང་དུ་སོང་སྟེ་ལག་པ་ལ་འགྲམ་པ་གཏད ་ནས། བདག་གི་ཁྱིམ་གྱི་འབྱེར་པ་རྒྱ་ཆེན་པོ་འདི་ལྟ་བུ་ནི་བུད་མེད་པའི་ཕྱིར་སླར་བཞེས་སེམས་ཁོང་དེ་ཆུད་ཅིང་འདག་གོ། དེ་ནས་དེའི ་དྲུང་དུ་ཉེ་དུ་རྣམས་ལྷགས་ཏེ། འདི་སྐད་ཅེས་སྨྲས་སོ།། ན་ཀྲོ་དྷ་ཁྱོད་ཅིའི་ཕྱིར་ཡིད་མི་བདེ་ཞིང་འདུག། དེས་སྐབས་དེ་ཉེ་དུ ་རྣམས་ལ་རྒྱ་ཆེར་སྨྲས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལྷ་རྣམས་དང་འཇུག་ངོགས་དགེ་ལ་བརྟེན་ཅིག། དེས་འདི ་སྐད་ཅེས་སྨྲས་སོ།། སྔར་ལྷ་འམ། འཇུག་ངོགས་གང་ལ་བརྟེན་པ་དེ་ཡང་མེད་ན། འོན་ཀྱང་བདག་ལ་བུ་འམ་བུ་མོ་ཡང་མེད་དོ།། དེ ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ན་གྲོ་དྷ་ཡི་མ་འོངས་ནས། འདི་སྐད་ཅེས་སྨྲས་སོ།། བུ་ནྱ་གྲོ་དྷ་ཁྱོད་ཇི་ལྟར་མི་བདེ། དེས་འདི་སྐད་ཅེས ་སྨྲས་སོ།། ཡུམ་ཅི་བདག་གི་ཡིད་མི་བདེ་བ་ཆུང་ངམ། བདག་གི་ཡོ་བྱད་རྒྱ་ཆེན་པོ་འདི་ལྟ་བུ། བུ་མེད་པའི་ཕྱིར་སླར་བཞེས་པར་འགྱུར་རོ།། ་བྲམ་ཤིང་སཱ་ལ་ཆེན་པོ་ན་གྲོ་དྷ་ཡི་བསྐྱེད་མོས་ཚལ་ན་ལྗོན་ཤིང་ནྱ་གྲོ་དྷ་ཆེན་པོ་ཡལ་ག་དང་། མགོ་ལྕོགས་དང་། འདབ་མ་དང་། ལོ་མ ་ཕུན་སུམ་ཚོགས་ཤིང་། འདབ་མ་རྒྱ་ཆེ་ལ་ཡལ་ག་གཡུར་ཟ་བ་ཞིག་ཡོད་དེ། དེའི་མིང་གིས་གྲོང་ཁྱེར་ནྱ་གྲོ་དྷ་ཞེས་བྱ་བར་ཤེས་སོ།། མས ་དེ་ལ་སྨྲས་པ། བུ་ཁྱོད་ཀྱི་ཕ་ཡང་བུ་མེད་པར་གྱུར་ནས། དེས་ཀྱང་ལྷ་བརྒྱ་སྟོང་དུ་མ་ལ་བུའི་ཕྱིར་གསོལ་བ་བཏབ་བོ།། འོན་ཀྱང་དེ་ལ་བུ་དང ་བུ་མོ་ཡང་མེད་པར་གྱུར་ཏོ།། དེ་ནས་དེས་ནྱ་གྲོ་དྷའི་དྲུང་དུ་སོང་སྟེ། ནྱ་གྲོ་དྷ་ལ་གསོལ་བ་བཏབ་པ་དང་། དེ་ནས་ཁྱོད་བྱུང་ངོ་།། དེའི་ཕྱིར ་། ནྱ་གྲོ་དྷ་ཞེས་བཏགས་སོ།། ཁྱོད་ཀྱང་བུ་མེད་ན་དེ་ཁོ་ན་ལྟར་གྱིས་ཤིག། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནུ ་གྲོ་དྷ། ཤིང་ནྱ་གྲོ་དྷའི་དྲུང་དུ་ཆག་ཆག་དང་ཕྱག་དར་ལེགས་པར་བྱེད་དུ་བཅུག་སྟེ། སྤོས་དང་། མེ་ཏོག་དང་། བདུག་པས་བཀང་ནས། རྒྱལ ་མཚན་དང་བ་དན་སྦེང་དུ་བཅུག་གོ། དེ་ནས་བྲམ་ཟེ་བརྒྱད་བརྒྱ་ལ་ཟན་སྦྱིན་ཏེ། རས་ཡུག་ཆེན་བསྐོན་ནས། རྗེས་ལ་ཤིང་ལ་གནས་པའི་ལྷ་ལ ་གསོལ་བ་བཏབ་པ། བདག་ལ་བུ་རྙེད་པར་སྤྲོ་བ་བསྐྱེད་དུ་གསོལ། གལ་ཏེ་བདག་ལ་བུ་མཆིས་ན། ལོ་གཅིག་བཞིན་འདི་འདྲ་བར་ཁྱོད་ལ་མཆོད ་བ་དཔག་ཏུ་མེད་པ་བགྱིའོ།། གལ་ཏེ་མ་མཆིས་ན་ལྗོན་ཤིང་འདི་བུ་ཤེལ་ཅིའི་རྩ་བ་ཙམ་གྱི་བར་ལུས་པ་ཡང་གཤེགས་ནས་དམ་བུ་དམ་བུར་བྱས་ལ ་ཞོགས་མ་ཞོགས་མར་བཞོགས་ཏེ་རླུང་དང་ཉི་མ་གཉིས་ལ། བསྐམས་ནས་མེས་བསྲེག་གོ།། བསྲེགས་ནས་ཐལ་བ་རླུང་ཆེན་པོ་ལ་ཕྱར་བ་འམ ་ཆུ་རླུང་ཆེན་པོ་དྲག་པོར་གཏོར་རོ།། ལྷ་དེ་ཡང་དབང་ཆུང་བ་ཡིན་པས། གསོལ་བ་བཏབ་པ་ན་ནི། མགུ་བ་དང་། དགའ་བ་དང་། ཡིད་རབ ་ཏུ་དགའ་བ་དང་། སྟོབས་དང་ལྡན་པ་ཡིན་ལ་ལ་བསྡིགས་པ་ན་ནི། བདག་གནས་ནས་བསྐྲད་པར་མི་འགྱུར་གྲང་ཞེས་འཇིགས་པར་གྱུར་ཏོ།། ལྷ་དེ་ཡང་རྒྱལ ་པོ་བཞིས་ཀུན་ཏུ་ཟིན་པ་ཟིན་པས། དེ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གི་དྲུང་དུ་སོང་སྟེ། ཕྱིན་ནས། ཡུལ་འཁོར་སྲུང་ལ་སྨྲས་པ། ཉེ་དབང་བདག ་གནས་ནས་བསྐྲང་བར་འགྱུར་དུ་མཆིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་ན། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས། བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད ་དུ་གསོལ། དེ་འདི་སྙམ་དུ་སྔོན་གྱི་ལས་ཀྱི་རྒྱུའི་སྟོབས་བསྐྱེད་པས་བུ་དང་བུ་མོ་དག་ཡིན་གྱི། འདི་ལ་བདག་ལ་ནི་དབང་མེད་དོ་སྙམ་དུ་བསྡམས ་ནས། དེས་དེ་ལ་སྦས་པ། བདག་གིས་ནི་བུ་འམ་བུ་མོ་སྦྱིན་པར་མི་ནུས་སོ།། འོན་ཀྱང་ཚུར་ཤོག། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོའི་དྲུང་དུ ་འདོང་ངོ་།། དེ་ཉིད་འཕགས་སྐྱེས་པོའི་དྲུང་དུ་དོང་སྟེ་ཕྱིན་ནས། དོན་དེ་ཉིད་དེ་ལ་སྨྲས་སོ།། དེ་བཞིན་དུ་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་རྣམ་ཐོས ་ཀྱི་བུའི་དུ་སོང་སྟེ་ཕྱིན་ནས་སྨྲས་ན། དེ་དག་གིས་ཀྱང་རང་གི་ལས་ཀྱིས་བུ་དང་བུ་མོ་དག་འབྱུང་གི་འདི་ལ་བདོག་ཅག་ལ་ནི་དབང་མེད་དོ་ཞེས་སྨྲས་སོ།། ་དེ་ནས་རྒྱལ་པོ་ཆེན་པོ་སྡེ་བཞི་ལྕིའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་དོང་སྟེ་སྦས་པ། ཀོའུ་ཤི་ཀ་བདག་ཅག ་གི་འཁོར་ད་གཏོགས་པ་ཞིག། རང་གི་གནས་ནས་བསྐྲད་པར་འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ་དྷ་ཅན་དེར། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ན་གྲོ་དྷས ་བུ་རྙེད་པར་འགྱུར་བར་སྤོ་བ་བསྐྱེད་དུ་གསོལ། བརྒྱ་བྱིན་གྱིས་སྨྲས་པ། ཉེ་དབང་དག་རང་གི་ལས་ཀྱིས་བུ་དང་བུ་མོ་དག་འབྱུང་གི། བདག་གིས ་ནི་སུ་ལ་ཡང་བུ་འམ་བུ་མོ་སྦྱིན་པར་མི་ནས་སོ།། དེ་ནས་ལྷའི་འཁོར་དེར་སྣང་བ་རྒྱ་ཆེན་པོ་ཞིག་བྱུང་བ་དང་། དེ་མཐོང་ནས་ལྷའི ་དབང་པོ་བརྒྱ་བྱིན་གྱིས་རྒྱལ་པོ་ཆེན་པོ་བཞི་ལ། ཉེ་དབང་དག་ཁྱེད་འདི་ནས་མ་འདོང་ཤིག། ཇི་ལྟར་སྣང་བ་རྒྱ་ཆེན་པོ་འདི་ལས་གོར་མ་ཆགས ་པར་འཁོར་འདིར་ཚངས་པ་ཆེན་པོ་འབྱུང་བར་འགྱུར་རོ།། ཞེས་བསྒོ་བ་དང་དེ་དག་འཁོད་དོ།། འཁོར་དེར་ཡང་ཚངས་པ་ཆེན་པོ་དར་ལ་བབ ་པ་གཞོན་པ་གཞོན་ནུ་མ་གཙུག་བུད་ལྔ་པ་བྱུང་ནས། དེ་ལྷའི་དབང་པོ་བརྒྱ་བྱིན་གྱི་བང་དུ་འདག་གོ།། དེས་བསྒྲུབ་པ་གང་ཡིན་པ་དེ ་ཡང་བསྒྲུབས་སོ།། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཚངས་བཆེན་པོ་དེ་ལ་ཕལ་མོ་སྦྱར་ཏེ་གསོལ་བ་བཏབ་པ། ཚངས་པ ་ཆེན་པོ་ཁྱོད་ཚངས་པ་དང་། ཚངས་པ་ཆེན་པོ་དང་། དབང་ཕྱུན་དང་། བྱེད་པ་པོ་དང་། བྱིན་པ་པོ་དང་སྤྲུལ་པ་པོ་དང་། ་གཙོ་བོ་དང་ཁྱད་པར་དུ་འཕགས་པ་དང་། འཇིག་རྟེན་རྣམས་ཀྱི་བར་གྱུར་པ། ཁྱོད་ཀྱིས་འགྲོ་བ་ཕྱུང་མ་ལགས་སམ། ་འོན་བདག་གི་འཁོར་དུ་གཏོག། བསལ་རྒྱུ་བ་ཞིག་མཆིས་ཏེ། དེ་ལྗོན་ཤིང་གི་གནས་ནས་བསྐྲད་པར་འགྱུར་གྱིས། གྲོང་ཁྱེར་ཤིང་ནྱ་གྲོ ་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ས་བུ་བུ་རྙེད་པར་འགྱུར་བར་སྤྲོ་བ་བསྐྱེད་དུ་གསོལ། ་སྙམ་དུ་བདག་གིས་སུ་ལ་ཡང་བུ་འ་བུ་མོ་སྦྱིན་པར་མི་ནུས་ན། གལ་ཏེ་བདག ་གིས་བུ་དང་བུ་མོ་སྦྱིན་པར་མི་ནུས་ཞེས ་ཀྱང་རབ་ཏུ་འབྱུང་དུ་མི་སྟེར་རོ།། དེ་ལྟ་བས་ན་བདག་ལ་བྲམ་ཟེའི་ཁྱིམ་དུ་སྐྱེ་བ་དགོས་པ་མེད་དོ།། ཚངས་པ་ཆེན་པོས་འདི་སྐད་ཅེས་སྨྲས་སོ།། ་གལ་ཏེ་དེ་ལྟར་ཡིན་ན་ཡང་འོན་ཀྱང་ངས་གསོལ་བ་བཏབ་པ་བཞིན་དེར་ཉིང་མཚམས་སྦྱོར་བ་ལོང་ཤིག་དང་། དེའི་ཚེ་ངས་ཁྱོད་ཀྱི་ཕ་མ་གཉིས་ལ་དུས་དུས་བསྐལ་བར་བྱའོ།། ་དེ་ནས་དེས་ཀྱང་གནང་ངོ་།། དེ་ནས་ལྷའི་བུ་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲགས་པ། སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་སྐྱེས་པ། སྲིད་པ་ཐམ་པ། ་སྤྱོད་པ་ཚོལ་བ། འཆིང་བ་ཉམས་སྨད་པ། ཐར་པའི་ཚོགས་བཟུང་བ། མྱ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས ་ཅད་དུ་འཆི་འཕོ་དང་། སྐྱེ་བ་དོན་དུ་མི་གཉེར་བ། ལུས་ཐ་མ་འཛིན་པ། དེ་ལྷའི་འཇིག་རྟེན་ནས་ཤི་འཕོས་ཏེ། ཆུང་མ་དེའི་མངལ་དུ་ཉིང་མཚམས་སྦྱོར་བ་བླངས་སོ།། ་འདི་ན་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག་ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས་པར་གྱུར་པ་ཤེས་ཤིང་། སྐྱེས་པ་ཆགས་དང་བྲལ་བ་ཤེས་པ་དང་། ་དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས་པ་དེ་ཡང་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོར་ཤེས་པ་སྟེ། གལ ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀ་གཡོན་པར་རྟེན་ཅིང་འདུག་པའོ།། བུད་མེད་དེས་ཀྱང་ཇི་ལྟར་བདག་གི་སྐུ་གཡས་རོལ་མི ་བདེ་བས་ན་གོར་མ་ཆགས་པར་བདག་གིས་བུ་རྙེད་དོ།། སྙམ་དུ་རིག་ནས་དེ་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས། ཁྱིམ་ཟབ་ལ་སྦས་པ། རྗེའི་སྲས་ཁྱོད་ལ་བཀའ ་མཆིད་སྙན་པ་ཞིག་གསོལ་ལོ།། དེས་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ལྷ་དང་མིའི་གཏམ་སྙན་ཐོབ་པར་གྱུར་ཅིག། གཏམ་སྙན་པ་ཇི་ལྟ་བུ་ཞིག། ཇི་ལྟར་བདག་གི་སྐག་ཡ ་རོལ་མི་བདེ་བས་ན། གོར་མ་བཀམ་པར་བདག་གིས་བུ་རྙེད་དོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ། གཞིན་པདྨ་རྒྱས ་པ་ལྟ་བུས། དགའ་བའི་ཚིག་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ཀྱི་བུ་དེ་བཞིན་དུ་སྐྱེ་བར་ཤོག་ཤིག། ཁོ་བོས་ཀྱང་བུ་སྡུག་པའི་དོ་མཐོང་བ་དང་། ཁོ་བོས་ཡུན་རིང་མོ ་ཞིག་ནས་མངོན་པར་འདོད་པའི་ཡིད་ལ་བསམས་པ་བཞིན་དུ་འགྲུབ་པ་དང་། ཁོ་བོས་དང་མཐུན་པར་སྐྱེ་ཞིང་མི་མཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་།། ་གསོས་པས་ཕྱིར་གསོ་བ་དང་། ཁོ་བའི་ནོར་རྫས་ལ་སྤྱོད་པ་དང་། ཁོ་བའི་རིགས་བརྒྱུད་ཀྱང་ཡུན་རིང་དུ་གནས་པར་འགྱུར་བ་དང་། བདག་གི་དབང་ཕྱུག་ཀྱང་ཉམས ་པར་མི་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལ་བབ་པ་ན་བདག་ཅག་གི་ཕྱིར་སྦྱིན་པ་ཆུང་ངུ་འམ་ཆེན་པོ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས། འདི་དེ་གཉིས་གང་དུ་སྐྱེས ་པ་དེར་འགྲོ་ཞིང་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་ཡོན་བསྔོ་བ་བྱེད་པར་ཤོག་ཤིག། དེ་ལ་སེམས་ཅན་ཞུགས་པར་རིག་ནས། སྟེང་གི་ཁང་བཟངས་ཀྱི་གཞིར་གནོད་པ་མེད་པར ་འདུག་ཏུ་བཅུག་སྟེ། གྲང་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་། བཏུང་བའི་བྱེ ་བྲག་ཧ་ཅང་མི་བསིལ་བ། ཧ་ཅང་མི་དྲོག་ཧ་ཅང་མི་ཚ་བ། ཧ་ཅང་ལན་ཆ་མི་ཆེ་བ། ཧ་ཅང་མི་སྦྱར་བ། ཧཅང་མི་དང་ར་བ། ཧ་ཅང་མི་སྐ་བ། ཧ་ཅང་མི་སྣུམ་པ། ཧ་ཅང་མི ་རྩུབ་པ། ཁ་བ་དང་། ཚ་བ་དང་། ལན་ཆ་དང་། སྐྱུར་བ་དང་། དང་ར་བ་དང་། བསྐ་བ་དང་། སྣོམ་པ་དང་། རྩུབ་པ་རྣམ་པར་སྤངས་པའི་ཁ་ཟས་དང་། བཏུང་བ་དག་གིས ་དེ་ལ་རིམ་གྲོ་བྱེད་དུ་འཇུག་གོ།། དེ་ནས་མངལ་ན་གནས་པ་ཡོངས་སུ་བསྐྱང་བའི་ཕྱིར། འདི་ལྟར་ཆུང་མ་དེ་གོས་ཚོན་སྣ་ཚོགས་སུ་སྤེལ་བ་ནི་བསྐོན། ལག་པ་ནི་གསེར་གྱི་གདུ་བུ་དང་། ་ནོར་བུ་དང་། མུ་ཏིག་གིས་གཏམས། དོ་ཤལ་དང་སེ་མོ་དོ་རྣམ་པར་འབྱུང་བ་དང་། ཟམ་པ་དང་གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་འཁོར་ནི་ཐོགས། མིག་ནི་མིག་སྨན ་གྱིས་བྲིས། གཞིན་ནི་དམར་རྩིའི་ཐིགས་ལེས་མཛེས་པར་བྱས། སོ་ནི་མེ་ཏོག་ཀུ་མུ་ཏ་དང་། དངུལ་དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་འདའ་དང་། ་ཟླ་བ་དང་། ངང་པ་དང་། བའི་འོ་མ་དང་། དུང་དང་། པདྨའི་རྩ་བ་ལྟར་དྲི་མ་ནི་མེད། རྐེད་པ་ནི་གསེར་གྱི་འོག་པག་གིས་བཅིངས། རྐང་པ་ནི་རྐང་རྒྱན་གྱིས་མཛེས་པར་བྱས ་ནས། གསེར་གྱི་མཆོད་སྡོང་མེ་ཏོག་གིས་ཀླུབས་པ་ལྟ་བུ་དེ། ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ། ཀླུ་དང་རོལ་མོའི་སྒྲ་བྱེད་པའི་རོལ་མོ་མཁན་དང་སྟེང་གི་ཁང་བཟང ་གྱི་ཐོག་ཏུ་བཞག་ནས། ཁྲི་བོ་ཆེ་ལེགས་པར་བཙུགས་པའི་སྟེང་ན། ཁྲི་ནས་ཁྲེར་དང་། ཁྲི་རུ་ནས་ཁྲིའུར་རྒྱུ་ཞིང་ཤོད་ཀྱིས་གཞིར་མི་འབབ་ལ། དེ་ལ་འགའ་ཡང་སྦྲ་ཡིད ་དུ་མི་འོང་བ་འབྱིན་པར་མི་བྱེད་དོ།། རེ་ཤིག་ཁྱིམ་དེ་ནོར་དང་འབྲུ་དང་། གསེར་དང་། དབྱིག་དང་། མཛོད་དང་། བང་བ་དང་། བྲན་དང་བྲན་མོ་དང་། ལས་བྱེད་པ་དང་། ་ཞོ་ཤས་འཚོ་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་པར་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིན་ཅིག ་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ་གལ་ཏེ་བདག་ལ་བུ་ཞིག་ཡོད་ན། ཇི་དེས ་ཇི་ལྟར་བྲམ་ཟེ་བལ་དག་ལྟར། ནས་ཐ་མལ་པ་ཐོགས་ནས། རྒྱལ་པོ་པདྨ་ཆེན་པོ་ལ་རྒྱལ་བ་སྤེལ་བ་བྱ་འམ། མ་ལ་བདག་གིས་དེའི་དོན་དུ་གསེར་གྱི་ནས་གཞན་བྱེད ་དུ་གཞུག་གོ་སྙམ་དུ་བསམས་ནས་རེ་ཤིག་ན་གསེར་གྱི་ནས་བྱེད་དུ་བཅུག་གོ། དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལས། ཁྱེའུ་གཟུགས་བཟང་བ་ལྟ་ན་སྡུག་པ། ་མཛེས་པ་པདྨའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུགས་ལྟ་བུ་དང་ལྡན་པ། ལག་པ་རིང་བ་དཔྲལ་བའི་དབྱིས་ཆེ་བ། སྲིན་མ་བཟང་བ། མཐོང་ཀ་སེང་གེའི་འདྲ་བ། ་རོ་སྟོད་སེང་གེ་ལྟ་བུ། དཔུང་པ་རིང་བ་ཞིག་བཙས་སོ།། དེ་བཅས་པའི་བཙས་སྟོན་བྱ་བར་བཙམས་ཏེ། ཤིང་ནྱ་གྲོ་དྷ་ཅན་དེ་ཐམས་ཅད་རྡོ་དང་། གསེག་མ་དང་གྱོ་མ ་དག་སེལ་དུ་བཅུག་ཅིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ། མེ་ཏོག་སྣ་ཚོགས་བཀྲམ། པོག་པོར་ནས་དྲི་དུ་མས་གདུགས། རྒྱལ་མཚན་དང་། ་བ་དན་བསྒྲེང་། དར་གྱི་ཆུན་པོ་དང་ལྡ་ལྡི་ཡང་བརྐྱང་། ཟོང་འགྲམ་པའི་ཚོང་སྲང་དག་ཀྱང་བྱེད་དུ་བཅུག་ནས། སྒོ་བཞི་མུདྨོའི་དབུས་སུ་སྦྱིན་པ་དག་སྦྱིན། བསོད་ནམས ་དག་ནི་བྱེད་དེ། ཟས་འདོད་པ་རྣམས་ལ་ནི་ཟས། སྐོམ་འདོད་པ་རྣམས་ལ་ནི་སྐོམ། གོས་འདོད་པ་རྣམས་ལ་ནི་གོས། ཕྲེང་བ་དང་སྤོས་དང་། བྱུག་པ་འདོད་པ་རྣམས ་ནི། ཕྲེང་བ་དང་སྤོས་དང་བྱུག་པ་རྣམས་སོ།། ཉི་མ་བདུན་གསུམ་ཉི་ཤུ་གཅིག་ཏུ་སྦྱིན་པ་རྣམ་པ་མང་པོ་དེ་ལྟ་བུ་དག་ནི་བྱིན། བསོད་ནམས་དག་ནི་བྱས་ནས། ཉིད་རྣམ ་ཚོགས་ཤིང་འདས་ཏེ། འདི་ལྟར་ཁྱེའུ་འདི་ལྗོན་ཤིང་ནྱ་གྲོ་དྷི་ལ་གསོལ་བ་བཏབ་སྟེ། རྙེད་པས་དེའི་ཕྱིར་ཁྱེའུའི་མིང་ནྱ་གྲོ་དྷ་སྐྱེས་ཞེས་གདགས་སོ།། ཞེས་མིང་བཏགས ་སོ། བྲམ་ཟེ་རྣམས་ཀྱིས་ནི་འདི་སྐད་དུ། འདིའི་པ་ཡང་འོད་སྲུང་དང་དུས་གཅིག་པས། ཁྱེའུ་ཡི་མིང་འོད་སྲུང་དུ་གདགས་སོ་ཞེས་སྨྲས་སོ།། དེ་ལ་ཁ་ཅིག་གིས་ན་འོད་སྲུང ་ཞེས་བྱ་བར་ཤེས་སོ།། ཁ་ཅིག་གིས་ནི་ནྱ་གྲོ་དྷ་སྐྱེས་ཤེས་བྱ་བར་ཤེས་སོ།། དེ་ཡང་མ་མ་བརྒྱད་པོ་པང་ན་འཚོ་བའི་མ་མ་གཉིས་དང་། ན་མ་བསྟན་པའི་མ་མ་གཉིས་དང་། ་དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེད་གྲོགས་ཀྱི་མ་མ་གཉིས་ལ་གཏད་དེ། དེ་ལྕགས་ཀྱི་མདའ་ཐོགས་ཤིང་། བསྲུང་ཁུག་དང་རྨ་བྱའི་མདོངོས་མང་པོ་ཐོགས་ནས། ་འོ་མ་དང་། ཞོ་དང་། མ་གསར་དང་། ཞུན་མར་དང་། མར་གྱི་སྙིང་ཁུ་དང་། གཞན་ཡང་ཡོ་བྱད་ཀྱི་བྲེ་བྲག་གཙོ་བོ་དག་གིས་སྲིང་བར་བྱེད། སྐྱེད་པར་བྱེད་དོ།། དེ་ཡང་རྫིང་ན་གནས ་པའི་པདྨ་བཞིན་དུ་སྐྱེད་དྲག་པར་གྱུར་ཏོ།། དེ་གང་གི་ཚེ་ཆེན་པོར་གྱུར་པ་དེའི་ཚེ། ཡི་གེ་སློབ་ཏུ་བཙུགས་པ་ལས། དེ་ཉི་མ་ཉུང་ཤས་ཀྱིས་ཡི་གེའི་ཕ་རོལ་ཏུ་སོན་ཅིང་དེའི་ཚེ། ་བྲམ་ཟེའི་སྤྱོད་ཚུལ་དང་སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། རབ་སྔགས་བྱ་བ་དང་། འཐོར ་འཐུང་བྱ་བ་དང་། བཟླས་བརྗོད་བྱ་བ་དང་། ཡང་དག་པར་བསྡོམ་པ་དང་། ངེས་པར་བྱ་བ་དང་། དུས་མཚམས་སུ་ཉེ་བར་སྤྱད་པར་བྱ་བ་དང་། ངེས་བརྗོད་ཀྱི་རིག་བྱེད་དང་། ་མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། བྲམ་ཟེའི་ལས་དྲུག་པོ་མཆོད་སྦྱིན་བྱེད་པ་དང་། མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ ་དང་། སྦྱིན་པ་དང་། ལེན་པ་ལ་མཁས་པར་གྱུར་ཏོ།། རིག་པའི་གནས་བཅོ་བརྒྱད་དག་ལ་ཡང་མཁས་པར་གྱུར་ཏེ། འདི་ལྟ་སྟེ། གསང་སྔགས་དང་། རྒྱུད་དང་ཆོ་ག་ཞིབ་མོ ་དང་། གཏན་ཚིགས་ཀྱི་རིག་པ་དང་། རིག་བྱེད་དང་། བརྡའ་སྤོང་བ་དང་། སྦ་ངེས་པར་སྦྱོར་བ་དང་། ཤེས་གསཔ་དང་། ངེས་པའི་ཚིག་དང་། བསྡེབ་སྦྱོར་བསྡུས་པ ་དང་། སྐར་མའི་རིག་པ། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྟུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་ཕན་པའི་རིག་པ་དང་། བྱེ་དྲག་པའི་རིག་པ ་དང་། རྒྱུད་དྲུག་ཅུ་པ་དང་། ཁྱུར་མྱིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་དང་། རིག་པའི་གནས་བཅོ་བརྒྱད་པ་འདི་དག་ཐམས་ཅད་ལ་བློ་ཤིན ་ཏུ་རྣོ་བར་གྱུར་ཏོ།། རེ་ཤིག་ན་པས་དེ་ལ་བྲམ་ཟེའི་ཁྱེའུ་ལྔ་བརྒྱ་བྲམ་ཟེ་གཙང་སྦྲ་ཅན་གྱིས་ཇི་སྙེད་ཐོས་པ་འདོན་པ་བྱེད་དུ་གཏང་བ་དང་། དེས་དེ་ལྟར་བགྱིའོ་ཞེས་པའི་ཚིག ་མཉན་ནས་དེ་བཞིན་དུ་བྱས་སོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་འདི་སྙམ་དུ། བདག་གི་རིགས་རྒྱུད་ནི་ཚེ། བདག་ནོར་རྒྱ་ཆེན་པོ་དང་ནི་ལྡན་པ་ཡིན་ཏེ། ཁྱིམ ་འདི་ལྟ་བུར་རྒྱུ་མེད་པར་བུ་དག་ཉིང་མཚམས་སྦྱོར་བ་མི་ལེན་ལ། བྲམ་ཟེ་རྣམས་ཀྱི་ལུགས་ནི་ལོ་བཞི་བཅུ་རྩ་བརྒྱད་དུ་ཚངས་པར་སྤྱོད་པ་ཡོངས་སུ་བསྲུང་བ་བྱས་ཏེ། རྒས་པའི ་གནས་སྐབས་ན་ཆུང་མ་དང་། ལྷན་ཅིག་རྩེ་བར་བྱེད་དགའ་བར་བྱེད་དགའ་མགུར་སྤྱོད་པར་བྱེད་པ་ཡིན་ན། བདག་གིས་ནི་ཐོག་མ་ཉིད་ནས་བུ་ལ་བག་མ་བླང་བར་བྱའོ།། སྙམ ་དུ་བསམས་ནས། དེས་ནྱ་གྲོ་དྷ་སྐྱེས་དེ་ལ་སྨྲས་པ། བུ་འཇིག་རྟེན་ན་འདི་ནི་ཆོས་ཉིད་ཡིན་པས། རིགས་རྒྱུད་ཀྱི་ཕྱིར་ཁྱོད་ཀྱི་བག་མ་བླང་བར་བྱའོ།། དེས་སྦས་པ། ཡབ ་བདག་ལ་མཆིས་བྲང་ཅིར་འཚལ་ཏེ། བདག་ནི་དཀའ་ཐུབ་ཀྱི་ནགས་སུ་གནས་པར་བགྱིའོ།། ཕ་དེས་དེ་ལ་རིགས་རྒྱུད་བརྟན་པར་བྱ་མོད་ཅེས་ཡང་ནས་ཡང་དུ་བརྟན་པ་དང་། ་དེ་འདི་སྙམ་དུ་སེམས་ཏེ། འོ་ན་གང་གིས་ན་བདག་གིས་ཡབ་ཡུམ་གྱི་དཀའ་ཡང་མ་བཅག་པར་འགྱུར་བ་དང་། བདག་ཀྱང་བུད་མེད་དང་བསྡུས་པར་མི་འགྱུར་བའི་ཐབས་ཅི་ཡོད ་གམ་དུ་དེ་ལྟར་བསམས་ནས་པ་ལ་སྨྲས་པ། ཡབ་བདག་ལ་འཇམ་བུའི་ཆུ་བོའི་གསེར་ཞིག་འཚལ་ལོ།། དེས་དཀོར་བའི་མི་བོས་ནས་འདི་སྐད་ཅེས་སྨྲས་སོ།། ན་གྲོ་དྷ་སྐྱེས ་འདི་ལ་འཛམ་བུའི་ཆུ་བོའི་གསེར་ཇི་སྙེད་དགོས་པ་དེ་སྙེད་བྱིན་ཅིག། དཀོར་བའི་མིས་འདི་སྐད་ཅེས་སྨྲས་སོ།། དེ་ལྟར་བགྱིའོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས ་པ་ལས་རྟོག་ཏུ་མགར་བ་ལེགས་པ་བསླབས་པ་བོས་ནས། འཛམ་བུའི་ཆུ་བོའི་གསེར་གྱི་བུད་མེད་ཀྱི་གཟུགས་བརྙན་བྱེད་དུ་བཅུག་ནས། དེས་དེ་ལ་ཕུལ་ཏེ་སྨྲས་པ། ་ཡབ་འདི་ལྟ་བུའི་གཟུགས་དང་འདྲ་བའི་བུ་མོ་ཞིག་གལ་ཏེ་བརྙེད་ན། དེ་བདག་གི་མཆིས་བྲང་ལགས་ཀྱི། དེ་ལས་གཞན་པ་ནི་བདག་གི་མཆིས་བྲང་དུ་དགོས་པ་མ་མཆི ་སོ།། དེ་འདི་སྙམ་དུ་སེམས་ཏེ། བརྟགས་ན་བུ་འདིས་ནི་བདག་ཅག་ལ་མ་བསམས་པ་ལྟ་སྟེ། གསེར་ཐ་མལ་པའི་མདོག་ཅན་གྱི་བུ་མོ་ཡང་ག་ལ་ཡོད་ན། ་འཛམ་བུའི་ཆུ་བོའི་གསེར་ལས་བྱས་པ་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ། དེ་སེམས་ཁོང་དུ་ཆུད་ཅིང་འདུག་པ་དང་། བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་མཐོང་ནས། ་དེ་རྣམས་དེའི་དྲུང་དུ་དོང་སྟེ། དྲིས་པ་མཁན་པོ་ཅིའི་སླད་དུ་ཐུགས་ཁོངས་སུ་ཆུད་ཅིང་བཞུགས། དེས་དེ་རྣམས་ལ་བུ་དེའི་བག་མ་བླང་བའི་སྦྱོར་བ་ཤིན་ཏུ་རྒྱ་ཆེར་སྨྲས་ནས། ་བརྟགས་ན་བུས་ནི་བདག་མ་བསམས་པ་ལྟ་སྟེ། རེ་ཤིག་གསེར་ཐ་མལ་པའི་མདོག་ཅན་གྱི་བུ་མོ་ཡང་རྙེད་པར་དཀའ་སྟེ་ག་ལ་ཡོད་ན། གཙོ་བོ་འཛམ་བུའི་ཆུ་བོའི་གསེ ་ལས་བྱས་པའི་གཟུགས་འདི་ལྟ་བུ་ལྟ་སྨོས་ཀྱང་ཅི་དགོས་ཏེ། ག་ལས་འབྱུང་བར་འགྱུར། དེ་རྣམས་ཀྱིས་དེ་ལ་སྨྲས་པ། མཁན་པོ་མི་དགེས ་པར་མ་མཛའ་ཅིག་ཇི་ལྟ་བུའི་སྐྱེས་བུ་འབྱུང་བ་དེ་ལ་ནི། དེ་འདྲ་བ་ཁོ་ནའི་ཡོ་བྱད་ཕུན་སུམ་ཚོགས་པ་འབྱུང་བས། རེ་ཤིག་གཅིག་ནི་འདིས་བགྱི། གཟུགས་བརྙན་འདི ་ལྟ་བུ་གཞན་གསུམ་ཞིག་བགྱིད་དུ་སྩོལ་ཅིག་དང་། བདག་ཅག་གིས་ནི་གདོན་མི་འཚལ་བར་བུ་མོ་རྙེད་པར་འགྱུར་བ་དེ་ལྟར་ཕྱོགས་བཞི་དག་ཏུ་ཡོངས་སུ་བཙལ་བར་བགྱིའོ།། ་དེས་སློབ་མ་རྣམས་ཀྱི་ཚིག་མཉན་ནས་གཟུགས་བརྙན་གཞན་གསུམ་བྱེད་དུ་བཅུག་གོ། བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་གཟུགས་བརྙན་བཞི་བླངས་ཏེ། གྲོང་དང་གྲོང་རྡལ ་དང་། གྲོང་ཁྱེར་དང་ལྗོངས་དག་ཏུ་རྒྱུ་བའི་ཕྱིར་རོལ་མོའི་སྒྲའི་ཆ་བྱད་ཀྱི་བར་དང་ཆས་ནས་ཕྱོགས་ཕྱོགས་སུ་བརྒྱ་བརྒྱ་ཆས་པར་གྱུར་པ་དང་། བྲམ་ཟེ་ཤིང་ས་ལ་ཆེན་པོ ་ལྟ་བ་ནྱ་གྲོ་དྷས་དེ་རྣམས་ལ་བསྒོ་བ། ཁྱེད་ཀྱིས་རིགས་སམ་རུས་མི་རྨ་བར་གཟུགས་བརྙན་འདི་ལྟ་བུའི་གཟུགས་འབའ་ཤིག་སྒྲུབས་ཤིག། དེ་རྣམས་འདི་སྙམ་དུ ་བདག་ཅག་གིས་ཁྱིམ་ནས་ཁྱིམ་ཀུན་ཏུ་རྒྱུ་བར་ག་ལ་ནུས་ཀྱིས་ཐབས་ཤིག་བསམ་པར་བྱའོ་སྙམ་མོ།། དེ་རྣམས་ཀྱིས་ཐབས་འཕྲིགས་ནས་དེ་རྣམས་ཀྱིས་གྲོང་དང ་གྲོང་ཁྱེར་དང་། གྲོང་རྡལ་དང་། ལྗོངས་གང་དུ་ཕྱིན་པ་དེས་ཞུགས་ནས། དབུས་སུ་གཟུགས་བརྙན་བཞག་ཏེ་སྤོས་དང་། མེ་ཏོག་དང་། བདུག་པ་ལ་སོགས་པ་དང་། ་རོལ་མོའི་སྒྲ་འབྱིན་པས་མཆོད་པ་དག་བྱེད་ཅིང་བུ་མོའི་ལྷ་མོ་ཕྱིན་པ་འདི་ལ་བུ་མོ་དག་བཀུར་སྟི་བྱེད་ན། དེ་ལ་དམ་པ་ལྔ་པོ་རིགས་མཐོན་པོར་སྐྱེ་བ་དང་། རིགས་མཐོན ་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་བ་སྦྱིན ་པར་བྱེད་དོ།། ཞེས་ཚིག་དག་ཀྱང་སྨྲ་བར་བྱེད་དོ།། ཚིག་དེ་ཐོས་ནས་བུ་མེའི་སྐྱེ་བོའི་ཚོགས་རྒན་མོ་དང་གཞོན་ནུར་བཅས་པས་མཆོད་པ་དང་། བཀུར་བསྟི་བྱེད་ཅིང་། ་གསོལ་བ་ཡང་འདེབས་པར་བྱེད་དོ།། རེ་ཤིག་ན་ཤར་དང་། ལྷོ་དང་བྱང་གི་ཕྱོགས་རྣམས་སུ་དོང་བ་དེ་དག་བསམ་པ་མ་གྲུབ་པར་ལྷགས་སོ།། དེ་དག་མཐོང་ནས ་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ནི་སེམས་ཁོང་དུ་ཆུད་ཅིང་འདུག་གོ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ནི་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ། འདི་སྐད་དུ ་གལ་ཏེ་མ་རྙེད་ན་ལེགས་སོ་ཞེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་གང་དག་བུ་མོའི་ལྷ་མོ་ཐོགས་ཏེ། ནབ་ཕྱོགས་སུ་དོང་བ་དེ་རྣམས་ནི་མཐར་གྱིས་གྲོང་དང་གྲོང་རྡལ་དང་། ་ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དུ་རྒྱུ་ཞིང་ཀ་པའི་ལའི་ལྗོངས་ན་གྲོང་ཁྱེར་ཀ་བི་ལ་ཞེས་བྱ་བ་དེར་ཕྱིན་ནོ།། དེ་ན་ཡང་བྲམ་ཟེ་སེར་སྐྱ་ཞེས་བྱ་བ་ཕྱུག་པ། ནོར་མང་བ། ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ། ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་པ་དེས་རིགས་མཉ ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ།། དུས་གཞན་ཞིག་ན་དེའི་ཆུང་མ་ལ ་སེམས་ཅན་ཞིག་ཞུགས་པར་གྱུར་ཏོ།། ཇི་ཙམ་ན་ཟླ་བ་བརྒྱད་དམ་དག་འདས་ཏེ་བཙས་པ་ལས། བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ་ཞིག་སྐྱེས་ནས། དེའི་ཉེ ་དུ་རྣམས་ཚོགས་ཤིང་འདུས་ཏེ་ཉི་མ་བདུན་གསུམ་ཉི་ཤུ་ཅིག་ཏུ་སྦྱིན་པོ་དག་ནི་བྱིན། བསོད་ནམས་དག་ནི་བྱས་ནས་མིང་འདོགས་པར་བྱེད་དོ།། ཡུལ་དབུས་ན་ཡང་ལུགས་ཀྱིས ་གང་གཟུགས་བཟང་བ་དེ་ལ་བཟང་བ་དེ་ལ་བཟང་མོ་ཞེས་ཟེར་བས། འདི་སྐད་དུ་བུ་མོ་འདི་གཟུགས་བཟང་བ་བལྟ་ན་སྡུག་པ། མཛེས་པ་ཡིན་ལ། འདིའི་ཕ་ཡང་སེར་སྐྱ་ཞེས ་བྱ་བ་ཡིན་པས་བུ་མོ་འདི་ཡང་སེར་སྐྱའི་བུ་མོ་བཟང་མོ་ཞེས་བྱ་བར་གདགས་སོ་ཞེས་མིང་བཏགས་སོ།། དེ་ནས་སེར་སྤྱིར་བུ་མོ་བཟང་མོ་མ་མ་བརྐྱང་ལ་རྗེས་སུ་གཏད་དེ། བརྒྱད ་པོ་དག་གང་ཞེ་ན། བང་ན་འཚོ་བའི་མ་མ་གཉིས་དང་། ནུ་མ་བསྣུན་པའི་མ་མ་གཉིས་དང་། དྲི་མ་འཕྱི་བའི་མ་མ་གཉིས་དང་། རྩེད་གྲོགས་ཀྱི་མ་མ་གཉིས་དང་། ལྗགས་ཀྱི ་མདའ་ཐོགས་ཤིང་རྨ་བྱའི་མདོངས་མང་པོའི་བསྲུང་ཁུག་བཅངས་ནས་འོ་མ་དང་ཞོ་དང་མར་དང་ཞུན་མར་དང་། མར་གྱི་སྙིང་ཁུ་དང་གཞན་ཡོ་བྱད་ཀྱི་བྱེ་བྲག་གཙོ་བོ་དག་གིས་སྲིང ་བར་བྱེད། སྐྱེད་པར་བྱེད་དོ།། དེ་ཡང་རྫིང་ན་གནས་པའི་པདྨ་བཞིན་དུ། སྐྱེད་དྲག་པར་གྱུར་ཏེ། ཇི་ཙམ་ན་ཆེན་མོར་གྱུར་ཏོ།། དེ་རྣམས་སྲང་གི་དབུས་སུ་ཕྱིན་ནས། གཟུགས ་བརྙན་བཞག་སྟེ། སྤོས་དང་། མེ་ཏོག་དང་བདུག་པ་ལ་སོགས་པ་དང་། རོལ་པའི་སྒྲ་དབྱིན་པས་མཆོད་པ་དག་བྱེད་ཅིང་། བུ་མོའི་ལྷ་མོ་ཕྱིན་པ་འདི་ལ་བུ་མོ་དག་བཀུར་སྟི་བྱེད། ་ན། དབ་པ་ལྔ་པོ་རིགས་མཐོན་པོའི་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཐབ་ཀྱང་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན ་བར་འགྱུར་བ་སྦྱིན་པར་བྱེད་དོ་ཞེས་ཚིག་དག་ཀྱང་སྦ་བར་བྱེད་དོ།། དེ་ནས་གྲོང་ཁྱེར་ཀ་པི་ལ་ན་འཁོད་པའི་གཞོན་ནུ་མ་རྣམས་བུ་མོའི་ལྷ་མོའི་དྲུང་དུ་དོང་སྟེ། མཆོད་པ་དག་བྱེད་ཅིང་། ་གསོལ་བ་དག་འདེབས་པར་བྱེད་དོ།། དེ་ནས་བྲམ་ཟེ་སེར་སྐྱའི་ཆུང་མས་བུ་མོའི་ལྷ་མོ་དེ་ལྟ་བུ་འོངས་ཏེ་དམ་པ་ལྔ་སྦྱིན་པར་བྱེད་དོ་ཞེས་ཐོས་སོ།། དེས་གཏམ་དེ་ཐོས་ནས་སེར ་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བུ་མོ་སོང་ལ་ཁྱོད་ཀྱང་བུ་མོའི་ལྷ་མོ་ལ་མཆོད་པ་བྱོས་ཤིག། དེས་སྨྲས་པ། བུ་མོའི་ལྷ་མོ་མཆོད་པས་དེ་ལ་ཅིར་འགྱུར། དེས་སྦས་པ། ་གསོལ་བ་བཏབ་ན་དམ་པ་ལྔ་སྦྱིན་པར་བྱེད་དེ། ལྷ་གང་ཞེ་ན།། རིགས་མཐོན་པོར་བག་མར་ལེན་པར་འགྱུར་བ་དང་། ཁྱིམ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུག་པ་དང་། ཁྱིམ་ཟབ་ཀྱང ་དེའི་དབང་དུ་འགྱུར་བ་དང་། བུ་དང་ཡང་ལྡན་པར་འགྱུར་རོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཡུམ་བདག་ནི་རིགས་མཐོན་པོར་སྐྱེས་ཤིང ་གཟུགས་བཟང་བ་དང་། བལྟ་ན་སྡུག་པའི་བར་དུ་གྱུར་ཀྱང་། འདོད་པ་རྣམས་ནི་བདག་དོན་དུ་མི་གཉེར་ན། བདག་ལ་དམ་པ་ཅི་ཞིག་འཚལ། དེ་ལ་མས་ཡང་དང་ཡང་དུ། ་བསྐུལ་བ་དང་། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་མའི་སེམས་བསྲུང་བའི་ཕྱིར། མེ་ཏོག་དང་། སྤོས་དང་། བྱེ་མ་དང་། གོས་ལ་སོགས་པ། ་ཁྱེར་ཏེ། བུ་མོའི་ལྷ་མོག་ལ་བ་དེར་སོང་ངོ་།། ཇི་ལྟ་ཇི་ལྟར་གཟུགས་བརྙན་དེ་དང་ཉེ་བར་ཕྲད་དུ་བྱེད་པ་དེ་ལྟ་དེ་ལྟར་གཟུགས་བརྙན་དེ་ཇི་སྡེ་ཇི་སྔོར་གྱུར་ཏོ།། དེ་དང་ཉེ་བར་ཕྲད་པ་དང་། ་བུ་མོའི་ལྷ་མོ་དེ་ལྕགས་ལས་བྱས་པ་འདྲ་བར་གྱུར་ཏོ།། བྲམ་ཟེའི་ཁྱེའུ་དེ་རྣམས་འདི་སྙམ་དུ་ཆོ་འཕྲུལ་བྱུང་བར་གྱུར་པ། འདི་ཅི་ཡིན། འདི་སུའི་མཐུ་ཡིན་སྙམ་དུ་བསམས་པ་ལས་དེ ་རྣམས་ཀྱིས་སྣང་བ་འདི་ལྟ་བུ་འདི་ནི་བུ་མོ་འདི་ཡིན་ནོ།། སྙམ་དུ་འཕྲིགས་ནས་དེ་རྣམས་ཀྱིས་བུ་མོ་དེ་ལ་དྲིས་པ། ཁྱོད་སུའི་བུ་མོ་ཡིན། དེས་སྦས་པ། བྲམ་ཟེ་སེར་སྐྱའི་བུ་མོ་བཟང ་མོའོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་བུ་མོ་དེ་ལས་ཐོས་ནས། བྲམ་ཟེ་སེར་སྐྱའི་ཁྱིམ་ག་ལ་བ་དེར་དོང་སྟེ། ཕྱིན་ནས་ཁྱིམ་གྱི་སྒོ་དྲུང་དུ་འཁོད་དེ། སྨྲས་པ་ཤེས་ལྡན་སློང ་མོ་བྱིན་ཅིག། བྲམ་ཟེ་སེར་སྐྱའི་སློངས་མོ་ཞེས་ཐོས་པས། བྲམ་ཟེའི་ཁྱེའུ་སློངས་མོ་དོན་དུ་གཉེར་བ་ཡིན་སྙམ་སྟེ། ནང་མི་ལ་བསྒོ་བ་བྲམ་ཟེའི་ཁྱེའུ་རྣམས་ལ་ཤིང་མ་ལུ་ཏའི་མེ ་ཏོག་གི་མདོག་འདྲ་བའི་ཕྱེ་དང་། མར་དང་། བུ་རམ་དང་། དགུན་འབྲུམ་དང་། བལ་པོའི་སེའུ་དང་། ཏིན་ཏི་ལི་ཀ་བྱིན་ཅིག། ཡུལ་དབུས་ན་ཡང་ལུགས་ཀྱིས་བུ་མོ་རྣམས་ཀྱིས ་པའི་ཁྱིམ་ནས་སློངས་མོ་སྦྱིན་པར་བྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཕའི་ཁྱིམ་ནས་སློངས་མོ་བྱིན་པས་སྙིང་པོ་བླང་བ་བླངས་པར་འགྱུར་རོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས།། ་སློངས་མོ་ཁྱེར་ཏེ་བྲམ་ཟེའི་ཁྱེའུ་སློངས་མོ་པ་རྣམས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སློངས་མོ་དེ་བྱིན་པ་དང་། བྲམ་ཟེའི་ཁྱེའུ་དེ་རྣམས་སློངས་མོ་ལེན་པར་མི་བྱེད་དོ།། ་ཇི་ཙམ་ན་བྲམ་ཟེ་སེར་སྐྱས་ཐོས་སོ།། དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཅི་འདོད། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བུ་མོའི ་སློངས་མོ་བདག་ཅག་ལ་དགོས་ཀྱི་ཕྱེའི་སློངས་མོ་ནི་མ་ཡིན་ནོ།། དེ་ནས་བྲམ་ཟེ་སེར་སྐྱ་ཁྲོས་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ངས་ཁྱེད་ལ་བུ་མོའི་སློངས ་མོ་ནི་མི་སྦྱིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ནི་རང་གི་དོན་དུ་བུ་མོའི་སློངས་མོ་མི་ཚོལ་ལོ།། དེ་ནས་བྲམ་ཟེ་སེར་སྐྱས། བྲམ་ཟེའི་ཁྱེའུ་དེ་རྣམས་ལ ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ་དག་ཁོ་བོས་ནི་དོན་དེ་བརྡའ་མ་ཕྲད་དོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་བྲམ་ཟེ་སེར་སྐྱ་ལ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན ་ཅི་ཡུལ་མ་ག་དྷ་ན་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ཞེས་བྱ་བ་དེ་ན་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཞེས་བྱ་བ། ཕྱུག་པ། ནོར་མང་བ། ལོངས་སྤྱོད་ཆེ་བ། ཡོངས་སུ་གཟུང་བ་ཡངས ་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུའི་ནོར་དང་འགྲན་པ་ཞིག་གནས་ལ། དེ་ལ་བྲན་གྲོང་བཅུ་དྲུག་དང་། ལས་ཀྱི་མཐའ་བའི་གྲོང་སུམ་བཅུ་དང་། སྐྱེད ་སྦྱར་བའི་གྲོང་དྲུག་ཅུ་དང་། རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་དང་། གསེར་བྱེ་བ་དྲུག་ཅུ་དང་། གང་དག་གིས་རྒྱལ་པོ་པདྨ་ཆེན་པོ་ཐུབ་པའི་གྱི་ནས་སྦྲང་བརྒྱད་ཅུ་བདོག་པ་ཞེས ་བྱ་བའི་བར་ནས་དེ་ལ་བུ་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ། བྲམ་ཟེའི་ལས་དྲུག་ལ་མཁས་པ། རིག་བྱེད་དང ་རིག་བྱེད་ཀྱི་ཡན་ལག་གི་ཕ་རོལ་ཏུ་སོན་པ། རིག་པའི་གནས་བཅོ་བརྒྱད་པོ་ཐམས་ཅད་ལ་ཤིན་ཏུ་བློ་རྣོ་བ། ཡོད་པར་ཐོས་སམ། བདག་ཅག་ནི་དེའི་ཆེད་དུ་བུ་མོ་སློངས་མོ ་སློང་ངོ་།། དེ་ནས་བྲམ་ཟེ་སེར་སྐྱས་བྲམ་ཟེའི་བྱེའུ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་བོས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་དེ་རིགས་དང་། ཚུལ་ཁྲིམས་དང་། གཙང་སྦྲ་དང་། ་ཀུན་ཏུ་སྤྱོད་པ་ཅི་འདྲ་བ་དང་ལྡན་པ་དེའི་ཡོན་ཏན་རྒྱ་ཆེན་ཐོས་ན་འོན་ཀྱང་ཡུལ་ཐག་རིང་པོ་ན་འདུག་པས། ཇི་ལྟར་དེ་དང་ལྷན་ཅིག་གཉེན་བྱ། དེ་དག་གི་ཤེས་ལྡན། མེ་གང་ཡིན་དང་། ་རླུང་གང་ཡིན། ཁྲག་དང་ཕྲད་པའི་དུག་དང་ནི། བྲམ་ཟེ་ངེས་པར་བྱས་པ་དང་། རྟ་གང་ཡིན་པ་དེ་མི་ཐོགས། ཞེས་བྱ་བའི་བར་དག་སྔོན་མ་ཐོས་སམ། བྲམ་ཟེ་དེ་ཡང་ཤིན་ཏུ ་ཕྲུག་ཆེན་ཡིན་ལ། ཁྱོད་ཀྱང་དེ་ཁོ་ན་འདྲ་བར་བྱུག་ཅིང་ནོར་ཆེ་བ་ཡིན་ཏེ། གང་གིས་དེ་དག་འགྲོ་བ་དང་འོང་བར་འགྱུར་བའི་བཞོན་པ་དང་མི་དག་ཀྱང་ཡོད་ལ། གཞན་ཡང ་རིང་པོ་ན་འདུག་པ་ཁོ་ན་དང་བཤེས་གཉེན་བྱ་བ་དེ་ནི་བརྟན་པ་ཡིན་ནོ།། གང་གི་ཚེ་བྲམ་ཟེའི་ཁྱེའུ་དེ་དག་གིས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་སེར་སྐྱ་ལ་སྙིང་སྡུད་པར་བྱེད་པའི་ཚིག ་དག་གིས་གོ་བར་བྱས་པ་དང་། དེའི་ཚེ་དེས་ཁྲུས་ཀྱི་ཡོ་བྱད་འདི་ལྟ་སྟེ་ཁྲུས་རས་དང་། སོ་ཕག་དང་། ཕྱེ་མ་དང་། འབྲུ་མར་དང་། སོ་མངས་ལ་སོགས་པ་དག་བྱིན་ནོ།། ་དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཁྲུས་ཀྱི་ཡོ་བྱད་དེ་དག་བླངས་ནས། གྲོང་ཁྱེར་ཀ་བི་ལའི་ཕྱི་རོལ་དུ་ལྟེང་ཀ་དག་ཏུ་ཞུས་བྱ་བའི་ཕྱིར་དོང་ངོ་།། དེ་ནས་བྲམ་ཟེ་སེར་སྐྱ་འདི་སྙམ་དུ། ་སེམས་ཏེ། ཇི་སྲིད་དུ་བྲམ་ཟེའི་ཁྱེའུ་རྣམས་ལྟེང་ཀར་ཁྲུས་ཀྱི་ཕྱིར་དོང་བ་དེ་སྲིད་དུ། བདག་ཀྱང་བཤེས་གཉེན་དང་། ཉེ་དུ་དང་། རྩ་ལག་རྣམས་དང་ལྷན་ཅིག་གྲོས་བྱའོ་སྙམ ་དུ་བསམས་ནས་བྲམ་ཟེ་སེར་སྐྱ་ཁྲིམ་གྱི་ནང་དུ་ཞུགས་ཏེ་ཆུང་མ་དང་། ཉེ་དུའི་ཚོགས་དང་ལྷན་ཅིག་ཏུ་འདུག་ནས་དེ་རྣམས་ལ་དོན་དེ་སྨྲས་པ་དང་། བྲམ་ཟེ་དེ་ཤིང་སཱ་ལ་ཆེན་པོ་ལྟ། ་བུ་ཞིག་ཡིན་པས། གལ་ཏེ་མི་འདོད་ན་ཡང་དེའི་ཕྱིར་བདག་ཅག་གིས་ཤིན་ཏུ་འབད་དེ་དེ་ལ་བུ་མོ་སྦྱིན་པར་བྱ་བ་ཡིན་ན། གང་གི་ཕྱིར་དེ་རང་ཉིད་དོན་དུ་གཉེར་ན་ལྟ་སྨོས་ཀྱང་ཅི་དགོས ་ཏེ། མི་བརྩིག་པར་སྦྱིན་པར་བྱའོ།། དེ་དང་བདག་ཅག་དུ་གཉེན་བྱ་བ་ནི་ཟབ་བླང་བབ་ཅིང་རུང་བ་ཡིན་ལ་བུ་མོ་ཡང་བདེ་བར་འགྱུར་རོ།། དེ་ནས་བྱིས་པ་མ་དེ་གཉིས་བུ་མོ་དེ་ཁྲུས ་བྱས་ཏེ། གོས་དཀར་པོ་དག་བསྐོན་ནས་དགེ་མཚན་དང་། བཀྲ་ཤིས་དག་བྱས་ཤིང་བྲམ་ཟེ་རྣམས་ཀྱིས་དག་བྱེད་དུ་འགྱུར་བ་དག་བླགས་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ ་ཆུང་མ་བྱ་བའི་ཕྱིར་བྱིན་ནོ།། དེའི་འོག་ཏུ་བུ་མོ་དེའི་བ་མ་གཉིས་ལ་ཟམ་ཟེའི་ཁྱེའུ་དེ་རྣམས་ཀྱིས་ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། སུད་ཙམ་དག་བཆིས་ཏེ་སྨྲས་པ། ཟླ་བ ་ཆེ་གེ་མེ་ཤིག་དང་། ཉི་མ་དང་རྒྱུ་སྐར་དང་། ཡུད་ཙམ་ཆེག་མོ་ཞིག་ན་ཁྱེའུ་དང་ཉེ་བར་གནས་པར་འགྱུར་རོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བརྣག་པ་ཡོངས་སུ་རྫོགས་ནས། ་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་བས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ག་ལ་བ་དེར་ཆས་ནས། མཐར་གྱིས་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་བྱིན་ནོ།། དེ་རྣམས་ཐག ་རིང་པོ་ན་འདུག་པ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་མཐོང་ངོ་།། མཐོང་ནས་ཀྱང་འདི་སྙམ་དུ་ཇི་ལྟར་བྲམ་ཟེའི་ཁྱེའུ་དེ་རྣམས་མགུ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་སྟེ་ལྷགས་པ་ལ ་ན་གོར་མ་ཆག་པར་ཇི་ལྟར་བདག་གིས་བསམས་པ་བཞིན་རྙེད་དོ་སྙམ་དུ་སེམས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ག་ལ་བ་དེར་དོང་སྟེ་ཕྱིན ་ནས་བྲམ་ཟེ་ནྱ་གྲོ་དྷ་ལ་ཕྱག་བྱས་ནས་འཁོད་དོ།། དེས་ཀྱང་བྲམ་ཟེའི་ཁྱེའུ་དེ་རྣམས་ལ་སོ་སོར་ཀུན་དགའ་བར་བྱས་སོ།། སོ་སོར་ཀུན་དགའ་བར་བྱས་ནས། བྲམ་ཟེའི་ཁྱེའུ ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་བྲམ་ཟེའི་ཁྱེའུ་རྣམས་ཅི་བདག་ཅག་གིས་ཇི་ལྟར་བསམས་པ་དང་། ཡིད་ལ་རེ་བ་བཞིན་ཡོངས་སུ་རྫོགས་སམ། དེ་རྣམས་མགུ ་ཞིང་དགའ་ལ་ཡིད་རབ་ཏུ་དགའ་བས་མཁན་པོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་མཁན་པོ་དགེས་པ་བསྐྱེད་དུ་གསོལ། མཁན་པོས་ཇི་ལྟར་དགོངས་དེ་བས་ཆེས་ཁྱེད་པར་དུ་འཕག ་བ་ཞིག་རྙེད་དོ།། དེ་འདི་སྐད་ཅེས་སྨོས་སོ།། དཔེར་ཇི་ལྟ་བུ་ཞིག། མཁན་པོ་རིགས་དང་། རུས་དང་། རྒྱུད་ཀྱིས་ནི་བུ་མོ་མི་བརྟག་གི། འོན་ཀྱང་གཟུགས་བཟང་བ་ཁོ་ན་བརྟག། ་པར་བྱའོ་ཞེས་མ་གསུངས་སམ། བདག་ཅག་གིས་ནི་གཟུགས་བཟང་བ་དང་། རིགས་དང་རུས་དང་། རྒྱུད་དང་། ནོར་དང་ལྡན་པ་རྙེད་དོ།། དཔེར་ཇི་ལྟ་བུ་ཞིག། བྲམ ་བེའི་ཁྱེའུ་དེ་རྣམས་ཀྱིས་དྲིས་པ་རྣམས་ཐམས་ཅད་རྒྱ་ཆེར་བརྙེད་དེ། ཟླ་བ་དང་། ཉི་མ་དང་། རྒྱུ་སྐར་དང་། ཡུད་ཙམ་ཡང་བརྗོད་དེ། མཁན་པོ་བདག་ཅག་གིས་དེ་ལྟར་ངེས་པར ་བགྱིས་ནས། མཆིས་ཀྱིས། མཁོན་པོ་དག་དེའི་དུས་ལ་བབ་པར་མཁྱེན་པ་མཛོད་ཅིག། དེ་ནས་བྲམ་ཟེའི་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་ལོ་རྒྱུས་དེ་དག་ཐོས་ནས་མགུ་ཞིང་། ་དགའ་ལ་ཡིད་རབ་ཏུ་དགའ་སྟེ། བྲམ་ཟེའི་ཁྱེའུ་དེ་རྣམས་ལ་བཟའ་བ་དང་། བཅའ་བ་དང་སྐོམ་དང་གོས་དང་། བགོ་བ་དང་། རྒྱན་གྱི་ཁྱད་པར་སྣ་ཚོགས་ཀྱིས་མཆོད་དོ།། ་དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བུ་མོ་དེ་གཟུགས་དང་། ཁ་དོག་རྒྱས་པ་དེ་ལྟ་བུ་དེ་ཐོས་ནས་ཡིད་ཆད་པར་གྱུར་ཏེ། གཟུགས་དེ་འདྲ་བར་སྡུག་པར་ཐོས་པ་ལས་ན ་གོར་མ་ཆག་པར་དེ་འདོད་ཆགས་ཤས་ཆེ་བ་ཡིན་གྱིས། མ་ལ་བདག་སོང་སྟེ་ཆེས་སྔར་བརྟག་པར་བྱའོ་སྙམ་དུ་བསམས་ནས། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཕ་མ་ལ་འདི་སྐད ་ཅེས་སྨྲས་སོ།། ལབ་ལུམ་ཆེས་སྔར་འཇུག་ངོགས་སུ་ཉེ་རེག་བགྱིའོ།། སླད་ཀྱིས་བག་མ་བླང་ངོ་།། དེ་ལ་དེ་གཉིས་ཀྱིས་གནང་ངོ་།། དེ་ནས་བྲམ་ཟེའི་ཁྱེརུ་ནྱ་གྲོ་དྷ་སྐྱེས་ཟམ ་ཟེའི་ཁྱེའུ་གཅིག་ཅིག་དང་ལྷན་ཅིག་ཏུ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་ནས་བྱུང་སྟེ། གྲོང་ཁྱེར་ཀ་བི་ལཱ་བ་དེར་ཆས་ནས། མཐར་གྱིས་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། ་རྒྱལ་པོའི་ཕོ་བྲང་དུ་རྒྱུ་ཞིང་གྲོང་ཁྱེར་ཀ་པི་ལར་ཕྱིན་ནོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལམ་གྱིས་དུབ་པ་ངལ་བསོས་ཏེ་ལོ་མའི་ཕུར་མ་ཐོགས་ནས་གྲོང་ཁྱེར་ཀ་པི་ལར ་སྤོངས་མོའི་ཕྱིར་ཞུགས་སོ།། དེ་ཁྱིམ་ནས་ཁྱིམ་དུ་སློངས་མོ་ལ་རྒྱུ་ཞིང་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་སེར་སྐྱེའི་ཁྱིམ་གྱི་སྒོར་བྱིན་ཏོ།། དེ་ནས། ་སེར་སྱའི་བུ་མོ་བཟང་མོ་སློང་མོ་ཐོབས་ནས་བྱུང་བ་དང་། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་མཐོང་ངོ་།། བུ་མོ་དེ་མཐོང་ནས་ཀྱང་དེ་འདི་སྙམ་བུ་མོ་དེ་ནི་འདི་ཡིན་ནོ་སྙམ་དུ ་བསམས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བུ་མོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་སུའི་བུ་མོ་ཡིན། དེས་འདི་སྐད་ཅེས་སྨྲས་སོ།། སེར་སྐྱའི་ཡིན་ནོ།། ་ཁྱོད་གཞན་ལ་བྱིན་ནམ། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་གྲོང་ཁྱེར་ནྱ་གྲོ་དྷ་ཙན་ན་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་སྐྱེས་ཞེས་བྱ་བ་དེ་ལ་བདག་པ་མ་གཉིས་ཀྱིས། ་བྱིན་པར་ཐོས་སོ།། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ལ་ཁྱིམ་ཐབ་དེ་འདྲ་བ་ཅིར་དགོས། གང་ལ་དེ་ལ་ཁྱིམ་ཐབ་དུ་གྱུར་པ་དེ་ནི་ཁྱིམ་ཐབ་མེད་པ་ཉིད་དུ་ཤེས ་པར་གྱིས་ཤིག། དཔེར་ཇི་ལྟ་བུ་ཞིག། དེས་འདི་སྐད་ཅེས་སྨྲས་སོ།། དེ་ནི་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ན། ཁྱིམ་ཐབ་དེ་ལྟ་བུ་དེས་ཅི་ཞིག་བྱ། རྗེའི་སྲས ་ལེགས་སོ་ལེགས་སོ།། ཁྱོད་ཀྱིས་བདག་དབུགས་ཀུན་ཏུ་ཕྱུང་ངོ་།། ཁྱོད་ཀྱིས་ནི་བདག་ལ་བདུད་རྩི་ཁོ་ནས་དབང་བསྐུར་ཏོ་སྙམ་སེམས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ་ཅིའི་ཕྱིར་བྲམ་ཟེའི་ཁྱེའུ་བདག་ཀྱང་འདོད་པ་རྣམས་ལ་དོན་དུ་གཉེར་བ་མ་ཡིན་ནོ།། འདི་སྐད་ཅེས་ཀྱང་སྨྲས་སོ།། ཕྱུག་པོ་དང་ནི་དབུལ་པོ་ལ།། འདྲ་བར་ཁྱོད་མཐོང་བདེ་བ་འདི།། ་སྙིང་དང་མཐུན་པའི་ཕྱག་པ་སྟེ།། ཙན་དན་བུ་ཤེལ་ཅི་དག་མིན།། འོན་ཀྱང་བདག་ལ་དབང་མེད་དེ་ཕ་མ་གཉིས་ཀྱིས་བདག་ཁྱིམ་ཐབ་ལ་བྱིན་ན་ཇི་ལྟར་བྱ། དེ་ནས་བྲམ་ཟེའི ་ཁྱིའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་བརྟན་པ་དང་སྤུངས་ཀྱིས་ཤིག། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་དེ་ཁོ་བོ་ཡིན་ནོ།། དེ་ནས་སེར་སྐྱའི ་བུ་མོ་བཟང་མོས་བྲམ་ཟེའི་ཁྱེའུ་དེ་ལས་ཚིག་དེ་ཐོས་ནས་རྒྱས་པར་ཆེས་དབུགས་ཀུན་ཏུ་བྱུང་བར་གྱུར་ཏེ། ནྱ་གྲོ་དྷ་སྠེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེའི་ཁྱེའུ ་བཞུད་པ་དམ་བཅས་པ་བརྟན་པགྱིས་ཤིག། དམ་པ་རྣམས་ནི་དམ་བཅས་པ་བརྟན་པ་ལགས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་དང ་ལྷན་ཅིག་གྲོས་བྱས་ནས་སླར་ཡང་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་ཕྱིན་ཏོ།། དེ་ནས་བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷས་ཁྱིམ་པ་རྣམས་ཀྱི་ཁྱིམ་པའི་ཆོས་ཇི་ལྟ་བུ་ཡིན་པ་དེ་བྱས ་ཏེ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་ཆུང་མ་བླངས་ནས། གང་གི་ཚེ་གྲོང་ཁྱེར་ནྱ་གྲོ་དྷ་ཅན་དུ་བཟང་མོ་བླངས་པ་དེའི་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕ་མ་གཉིས་ཀྱིས་བྲམ ་བེའི་ཁྱེའུ་ནྱ་གྲོ་དྷ་སྱེས་དང་། སེར་སྐྱའི་བུ་མོ་བཟང་མོ་གནས་གཅིག་ཏུ་བཀོད་དོ།། དེ་གཉིས་ཀྱི་ཆེད་དུ་མ་ལ་གཉིས་བཅས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ ་སྐྱེས་ཀྱིས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་སྔོན་དམ་བཅས་པ་དྲན་པར་བྱོས་ཤིག། སེར་སྐྱའི་བུ་མོ་བཟང་མོས་ཀྱང་བྲམ་ཟེའི ་ཁྱེའུ་ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་ཁྱོད་ཀྱང་དགོངས་ཤིག་ཅེས་གཅིག་ལ་གཅིག་བསྐུལ་ཏེ་མ་དང་བུ་གཉིས་ཇི་ལྟ་བ་བཞིན ་དུ་འཁོད་དོ།། དེ་ནས་བྲམ་ཟེ་ཤིང་ས་ལ་ཆེན་པོ་ལྟ་བུ་ནྱ་གྲོ་དྷ་ཆུང་མ་དང་བཅས་པས་དེ་གཉིས་ཀྱི་རིམ་གྲོ་མ་ལ་སྨྲས་པ། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཆུང་མ་དང་ལྷན་ཅིག་ཇི་ལྟར ་འདུག། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། མ་དང་བུ་ལྷན་ཅིག་པ་འམ། བུ་དང་མ་ལྷན་ཅིག་པ་བཞིན་ནོ།། དེ་སྐད་ཅེས་ཐོས་ནས་ཀྱང་། བྲམ་ཟེ་ཤིང་སཱ་ལ་ཆེན་པོ་ནྱ་གྲེ ་དྷཿཆུང་མ་དང་ལྷན་ཅིག་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ཁོ་ནའི་ཉེས་པ་ཡིན་གྱི་དེ་གཉིས་ཀྱི་ནི་མ་ཡིན་ཏེ། གང་གི་ཕྱིར་བདག་ཅག་གིས་དེ་གཉིས་ཀྱི་ཆེད་དུ་མལ་གཉིས ་བཅས་པས་སོ་སྙམ་བསམས་ནས་མལ་དང་ཁྲིའུ་གཅིག་བཞག་གོ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་འདི་སྙམ་དུ་ཀྱེ་མ་ཕ་མ་གཉིས་ཀྱིས་བདག་ཅག་ལ་དམ་པ་མ་ཡིན་པའི ་ཆོས་ཀྱི་ཆེད་དུ་བརྩམ་པ་ཆེན་པོ་འདི་བླངས་སོ།། སྙམ་དུ་སེམས་སོ།། སེར་སྣའི་བུ་མོ་བཟང་མོས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕ་མའི་དགོས་པ་ཁོང་དུ་ཆུད་ནས། བྲམ་ཟེའི ་ཁྱེའུ་ནྱ་གྲོ་དྷ་སྨྲོས་ལ་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་ཁྱོད་དང་བདག་གི་ཆེད་དུ་སྦྱོར་བ་འདི་སྦྱར་ཏོ།། འོན་ཀྱང་སྔོན་གྱི་དམ་བཅས་པ་དགོངས་ཤིག། དེས་སྨྲས་པ། སྙིང ་ལས་ཆུང་ངུར་གྱིས་ལ་བག་མ་ཚ་ཤིག། དེ་ན་ནམ་གྱི་ཆ་སྟོད་ལ་ནི་སེར་སྐྱའི་བུ་མོ་མལ་དུ་ཉལ་ལོ།། ནྱ་གྲོ་དྷ་སྐྱེས་ནི་ཁྱེའུ་ལ་གནས་ཤིང་འདུག་གོ། ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ ་དྷ་སྐྱེས་ཉལ་ལོ།། བབང་མོ་ནི་གནས་ཤིང་འདུག་གོ།། ནམ་གྱི་ཆ་སྨད་ལ་ནི་ཡང་བཟང་མོ་ཉལ་ལོ།། ནྱ་གྲོ་སྐྱེས་ནི་ཁྲི་རུ་ལ་འདུག་ཅིང་མི་ཉལ་ལོ།། དེ་བཞིན་དུ་ལིརྱ། ་གྱི་བར་ཡང་ཕྱུང་བ་དང་། ཡང་སེར་སྐྱའི་བུ་མོ་བཟང་མོས་ནྱ་གྲོ་དྷ་སྐྱེས་ལ་སྨྲས་པ། རྗེའི་སྲས་འོ་སྐོལ་གྱི་ཆུང་ངུ་སྦྱོར་བ་འདི་བརྩམས་ཀྱིས། སྔོན་གྱི་དམ་བཅས་པ་དགོད ་ཤིག། དེས་སྨྲས་པ། རྟོག་པ་མེད་པ་དང་དོགས་པ་མེད་པར་གྱིས་ལ། ཁྱོད་ཀྱང་སྔོན་གྱི་དམ་བཅས་པར་གྱིས་ཤིག། དེ་ན་བཟང་མོ་ནི་ནམ་གྱི་ཆ་སྟོད་ལ་ཉལ་ལོ།། ནྱ་གྲོ་དྷ ་སྐྱེས་ནི་འཆག་གོ།། ནམ་གྱི་གུང་ཐུན་ལ་ནི་ནྱ་གྲོ་དྷ་སྐྱེས་ཉལ་ལོ།། སེར་སྐྱའི་བུ་མོ་བཟང་མོ་ནི་འཆག་གོ། ཡང་ནམ་ཀྱི་ཆ་སྨད་ལ་བཟང་མོ་ཉལ་ལོ།། ནྱ་གྲོ་དྷ་སྐྱེས་ནི ་འཆག་སྟེ། དེ་དག་ཚུལ་འདིས་གནས་གཅིག་ན་མལ་གཅིག་ཏུ་ལོ་བཅུ་གཉིས་ཐལ་ཐལ་དུ་ལན་འགའ་ཡང་དེ་གཉིས་གཅིག་ལ་གཅིག་འདོད་ཆགས་ཀྱི་སེམས་མ་བསྐྱེད་དོ།། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་གཉིས་པ།། ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་འདི་སྙམ་དུ་ཀྱེ་མ ་འདོད་ཆགས་དང་བྲལ་བར་མ་གྱུར་བཞིན་དུ་འདོད་ཆགས་དང་བྲལ་བའི་ཚུལ་ཉམས་སུ་མྱོང་བར་བྱེད་པ་ནི་ངོ་མཚར་ཏེ་མ་ལ་བདག་གིས་འདི་གཉིས་བགམ་པར་བྱའོ་སྙམ་དུ་བསམ ་ནས། བདག་ཉིད་སྦྲུལ་གྱི་ཆ་བྱད་དུ་མངོན་པར་སྤྲུལ་ཏེ། དེ་གཉིས་ཀྱི་མལ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། སྦྲུལ་ཆེན་པོ་སྐྱེལ་བ་བྱས་ཏེ་མལ་གྱི་འོག་ཏུ་འདུག་པ་དང་། བྲམ ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སྦྲུལ་ནག་པོ་གདུག་པ་དྲག་པོ་སོ་གདུག་པ་དེ་མལ་གྱི་འོག་ཏུ་འདུག་པ་མཐོང་ངོ་།། མཐོང་ནས་ཀྱང་དེ་འདི་སྙམ་དུ་ཀྱེ་མ། ་གཟུགས་ལྟ་བུ་མ་རུང་བར་བྱས་པར་འགྱུར་རོ།། སྙམ་དུ་སེམས་སོ།། ཉལ་བ་དེའི་ལག་པ་ཡང་ཕྱི་རོལ་དུ་འཕྱང་ངོ་།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཅི་བདག ་གིས་ད་ཇི་ལྟར་བྱ་སྙམ་དུ་བསམས་སོ།། དེ་ནས་རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུབས་བཏེག་སྟེ་བཞག་གོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་རྔ་མའི་བསིལ་ཡབ་ཀྱི་ནོར ་བུའི་ལུ་བས་རེག་པས་སད་པ་དང་། སྐྲག་ཅིང་ཡིད་མི་དགའ་ནས། ནྱ་གྲོ་དྷ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ།། ཇེའི་སྲས་རེག་པར་བྱེད་པ་འདི་ནི་ཞིག་ལགས། ཁྱོད་ཀྱིས ་བདག་ལ་འདོད་ཆགས་དང་བཅས་པའི་སེམས་ཀྱིས་མ་རེག་གམ། དེས་སྦས་པ། བཟང་མེ་དེ་ལྟ་མ་ཡིན་ནོ།། འོན་ཀྱང་སྦྲུལ་གདུག་པ་འདིས་ཟིན་པར་གྱུར་ན་མི་རུང་ངོ་སྙམ ་ནས་དེའི་ཕྱིར་ཁོ་བོས་ལག་པ་འཕྱང་བ་བཏེག་ཏེ་བཞག་གོ། ཇི་ལྟ་བུ་ཞིག་གིས། དེས་སྨྲས་པ། རྔ་མའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ་རྗེའི་སྲས་བདག་ནི་སྦྲུལ་གདུག་པས་ཟིན་ཀྱང་བླའི། ཁྱོད་ཀྱིས་རྔ་མོའི་བསིལ་ཡབ་ཀྱི་ནོར་བུའི་ཡུ་བས་རེག་པ་ནི་མི་རུང་ངོ་།། ཅིའི་སླད་དུ་ཞེས། མ་ལུ་ཏའི་འཁྲི་ཤིང་འཆི ་པས་ལྗོན་ཤིང་བཟང་པོ་ཉམས། བུད་མེད་དག་ལ་རེག་པའི་རྒྱུ་ཡིས་འཇིག་རྟེན་བུང་བར་འགྱུར། དེའི་སླད་དུ་མགྱོགས་པར་འཆི་བའི་སྦྲུལ་གྱིས་ཟིན་སླའི། སྐྱེས་པའི ་ལག་པས་བུད་མེད་མཆོག་ལ་རེག་པར་མི་རུང་ངོ་།། གཞན་ཡང་། མི་དབང་བུ་མོའི་ལུས་ཀྱིས་རེག་པ་ཡིས། དཀའ་ཐུབ་ཆེན་པོ་རྭ་ཅན་བཀའ་ཐུབ་ཉམས། ལྷག་སྤྱོད་རླུང་གི ་ལམ་ནས་མི་དབང་གི། ཁྱིམ་དུ་འོངས་ནས་ནགས་སུ་རྐང་པས་སོང་། དེ་ནས་དེ་དག་དེ་ལྟར་འཁོད་འཁོད་པ་ལས་དུས་གཞན་ཞིག་ན་ཕ་མ་གཉིས་ཤིའོ།། དེ་ནས་བྲམ་ཟེའི་ཁྱེའུ ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། གང་གི་ཚེ་བ་མ་གཉིས་གསོན་པ་དེའི་ཚེ་ནི་བདག་ཅག་སྙིང་ལས་ཆུང་ངུར་འཁོད་འཁོད་ན། ད་ནི་བདག་གི་ཕ་མ་གཉིས་ཤི་བས་དེའི་ཕྱིར། ་བདག་གིས་རང་གི་ཁྱིམ་གྱི་འཚོ་ཅིས་བསྒྲུབ་པར་བྱ་བ་ཡིན་ནོ་སྙམ་དུ་བསམས་ནས་སེར་སྐྱེའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་གང་གི་ཚེ་བདག་གི་ཕ་མ ་གཉིས་གསོན་པ་དེའི་ཚེ་ནི། བདག་ཅག་སྙིང་ལས་ཆུང་ངུ་ར་ཁོང་འཁོད་ན་ནི་བདག་ཅག་གི་ཁྱིམ་གྱི་འཚོ་ཅིས་སུ་བསམ་དགོས་པས་བཟང་མོ་རེ་ཤིག་ཁྱོད་ཀྱིས་ནི་ཁྱིམ་གྱི ་ལས་ཀྱི་མཐའ་ལ་ལྟོས་ཤིག། ང་ཡང་གྲོང་གི་ཞིང་ལས་དག་ལ་འགྲོའོ་ཞེས་སྨྲས་ནས། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཞིང་ལས་ལ་སོང་ངོ་།། བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས ་ཀྱིས། བའི་ཞིང་ལས་ལ་བལྟས་ན་རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་རྨོད་ཅིང་དེ་ན་ཡང་སྲོག་ཆགས་ཕྲ་མ་ཕྲ་མོ་དག་ཚུལ་མ་ཡིན་པས་ཉོན་མོངས་པར་འགྱུར་བ་དང་། ་གླང་རྣམས་ཀྱང་སྣ་ནི་ཕུག་གཤུལ་ནི་ཤོམ། ལྕག་གིས་རྐུབ་བཅོས་ནི་རྡོལ་པ་དང་། མི་རྣམས་ཀྱང་སྐྲ་དང་ཁ་སྤུ་ནི་རིང་། ལག་པ་དང་། རྐང་པ་ནི་སེར་ཀ་བྱུང་། གསོ་རས ་དག་ནི་གྱོན། ལུས་ནི་སའི་རྡུལ་གྱིས་ལེག། སྡོང་དུ་མཚིག་པ་ནི་འདྲ། འདྲེ་ལྟ་བུར་གྱུར་ཅིང་། གཤོལ་དང་། ཐོང་ལྕགས་དང་། ་སྤྱད་དང་། གླང་ལྕག་གི་ཕྱིར་གཅིག་ལ་གཅིག་ཁ་ཟེར་བ་དང་། རྡེག་པ་ལ་ཞུགས་ནས་ལས་བྱེད་པ་མཐོང་ངོ་།། མཐོང་ནས་ཀྱང་དེ་དེ་རྣམས་ཀྱི་གན་དུ་སོང་སྟེ་འདི་སྐད་ཅེས ་སྨྲས་སོ།། ཤེས་ལྡན་དག་སུ་ཡིན། བདག་ཅག་ནི་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ལས་བྱེད་པ་ཡིན་ནོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱེད་སུས་བསྐོས། དེ་རྣམས་ཀྱིས། ་འདི་སྐད་ཅེས་སྨྲས་སོ།། བདག་ཅག་དེས་བསྐོས་པ་ནི་མེད་ན་འོན་ཀྱང་ཕས་དེའི་ཁྱིམ་གྱི་འཚོ་ཅིས་འདི་བྱེད་དུ་བཅུག་གོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་ཞིང་པ་དེ ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན་དག་གལ་ཏེ་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱི་ཕས་ཁྱིམ་གྱི་འཚོ་ཅིས་འདི་བྱེད་དུ་བཅུག་ན། ཤེས་ལྡན་དག་ཅིའི་ཕྱིར་ཁ་ཟེར ་པ་དང་། རྡེག་པ་ལ་ཞུགས་ནས་ལས་བྱེད། ཅིའི་ཕྱིར་འདི་ལྟ་བུའི་ལུས་དང་ངག་གི་སྤྱོད་པ་ཀུན་ཏུ་བརྩོམ་པར་བྱེད། ཁྱེད་དེའི་རྣམ་པར་སྨིན་པས་འཁོར་བར་ཡུན་རིང ་བོར་སྡུག་བསྔལ་ཉམས་སུ་མྱོང་བར་མི་འགྱུར་རམ། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷི་སྐྱེས་འདི་སྙམ་དུ་བདག་གིས་ནི་ལུས་ཀྱིས་ཀྱང་ཅུང་ཟད་ཀྱང་ཀུན་ཏུ་མི་སྤྱོད་ལ། ་ངག་གིས་ཀྱི་མ་ཡིན་ཡིན་གྱིས་ཀྱང་མ་ཡིན་བཞིན་དུ། འདི་ལས་བདག་ལ་ཡང་བསོད་ནམས་མ་ཡིན་པ་ཉེ་བར་སྐྱེའོ།། སྙམ་དུ་སེམས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ། ་དྷ་སྐྱེས་རང་གི་ཁྱིམ་དུ་སོང་སྟེ། སེར་སྐྱའི་བུ་མོ་བཟང་མོ་ལ་སྦས་པ། བཟང་མོ་དག་ཡོད་པར་ཁྱིམ་བསྒྲུབས་ཤིག། སེར་སྐྱའི་བུ་མོ་བཟང་མོས་འདི་སྐད་ཅེས་སྨྲས་སོ།། ་རྗེའི་སྲས་ཁྱོད་ཅི་མཛད། དེས་འདི་སྐད་ཅེས་སྨྲས་སོ།། དཀརའ་ཐུབ་ཀྱི་ནགས་སུ་འགྲོའོ།། ཇི་ཙམ་ན་ཚིགས་སུ་བཅད་བསྨྲས་པ། བྲེའུ་ཆུང་གང་གི་འབྲས་ཆེན་རུང་། ་མལ་ཅིག་གིས་ནི་བདེ་བ་སྐྱེད།། རས་བཅོས་ཟུང་གཅིག་བཅང་བར་བྱ།། ལྷག་མ་གཏི་མུག་ཡོངས་སུ་འཛིན།། རེ་ཤིག་ན་བཟང་མོས་ཀྱང་ཁྱིམ་ལ་བལྟ་བར་བརྩམས་སོ།། ་ཇི་ཙམ་ན་བྲན་མོ་རྣམས་ལག་པ་དང་རྐང་པ་ནི་སེར་ཀ་བྱང་། གསོ་རས་ནི་གྱོན། མགོ་ནི་ལེགས། གཏུན་དང་གཏུན་བུ་དང་། སླང་ཆེན་དང་། ཁྲི་ལ་སོགས་པའི་ཆེད་དུ་གཅིག ་ལ་གཅིག་ཁའི་མདུང་ཐུང་གིས་ནི་འདེབས་པ་མཐོང་ནས་སོང་སྟེ། དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཤེས་ལྡན་མ་དག་ཁྱེད་སུའི་ཡིན། དེ་རྣམས་ཀྱིས་འདི་སྐད ་ཅེས་སྨྲས་སོ།། སེར་སྐྱའི་བུ་མོ་བཟང་མེའི་ལགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ཅག་སེར་སྐྱའི་བུ་མོ་བཟང་མོས་བསྐོས་སམ། དེ་རྣམས་ཀྱིས་འདི་སྐད་ཅེས ་སྨྲས་སོ།། འདི་ལྟར་བདག་ཅག་ནི་སེར་སྐྱའི་བུ་བཟང་མོས་མ་བསྐོས་མོད་ཀྱི། འོན་ཀྱང་སྐྱུག་མོས་དེའི་ཁྱིམ་འཚོ་ཅིས་བྱེད་པར་བསྐོས་སོ།། རེ་ཤིག་ན་དེ་ཡང་ཡིད་བྱུང ་སྟེ་ཚིགས་སུ་བཅད་པ་སྨྲས་པ། ཟེའུ་ཆུང་གང་གི་འབྲས་ཆན་རུང་།། མལ་གཅིག་གིས་ནི་བདེ་བ་བསྐྱེད།། རས་བཅོས་ཟུང་ཅིག་བཅང་བར་བྱ།། ལྷག་མ་ཏིག་མུག་ཡོད ་སུ་འཛིན།། དུས་དེའི་བར་དུ་ཡང་སངས་རྒྱས་དདུང་དུ་མ་བྱུང་བར་གྱུར་ཏེ།། དེ་གཞན་མུ་སྟེགས་ཅན་སྤྱོད་པ་པ་དང་། ཀུན་ཏུ་རྒྱུ་དང་། གཅེར་དུ ་པ་དང་། ཀུན་ཏུ་འཚོ་བ་པ་དང་། ཐལ་བ་ཅན་ལ་སོགས་པ་རྣམས་དང་། བཀྲེན་པ་དང་། སྡུག་ཕོངས་པ་དང་། སློངས་མོ་པ་རྣམས་ལ་སྦྱིན་པ་བཏང་བ་བྱས་ནས། ་དབུལ་པོ་ནི་མིང་དབུལ་བར་བྱས། བྲན་དང་། གླ་མི་དང་། མངག་བཞུག་པ་རྣམས་ནི་མི་བཀོལ་བར་བྱས། བཤེས་གཉེན་དང་། བློན་པོ་དང་། ཉེ་དུ་དང་། སྣག ་གི་གཉེན་མཚམས་ལ་ནི་རྫས་ཀུན་བགོས་ནས། ཁྱིམ་གྱི་ནང་དུ་ཞུགས་ཏེ། གོས་ཐ་ཆད་འགའ་ཅི་ཡོད་བྲང་ངོ་སྙམ་ནས་གོས་ཀྱི་རྫས་ཀྱི་མཛོད་དུ་བལྟས་པ་དང་། དེས ་གོས་ཀྱི་ཕྱི་ཆས་རས་ཡུག་ཆེན་ཐ་ཆད་སྟོང་ཕྲག་བརྒྱ་རི་བཞིག་ནི་བདག་གིས་ཁྱེར། དེ་འདྲ་བ་གཅིག་ནི་བཟང་མོ་ལ་བྱིན་ནོ།། ཁྱིམ་ནི་ཉེ་དུ་རྣམས་ལ་གཏད་དོ།། དེ ་ནས་བྲམ་ཟེའི་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་སེར་སྣའི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་གང་དུ་འགྲོ་བར་འདོད། དེས་སྨྲས་པ། ཁྱོད་ཁོ་ན་དང་ལྷན་ཅིག་ཏུ ་དཀའ་ཐུབ་ཀྱི་ནགས་སུ་མཆིའོ།། དེས་སྨྲས་པ། གང་གི་ཕྱིར་བུད་མེད་ལྷན་ཅིག་དཀའ་ཐུབ་ཀྱི་ནགས་སུ་འདུག་པར་བྱ་བ་དེ་ནི་ཆ་མ་ཡིན་ནོ།། བཟང་མོས་སྤྲས ་པ། གལ་ཏེ་དེ་ལྟ་ན་བདག་ཇི་སྔར་ཁྱིམ་ནས་ཐོང་ཤིག། ཅིའི་ཕྱིར། བཟང་མོས་འདི་སྐད་ཅེས་སྨྲས་སོ།། གང་གི་ཕྱིར་ཁྱོད་སྔར་ཇི་བཀུད་ན་བུད་མེད་ནི་འབྲས་ཆན ་ཆོས་པ་དང་འདྲ་བར་སྐྱེ་བོ་མང་པོས་དོན་དུ་གཉེར་བར་བགྱི་བ་ལགས་ཏེ། ཁྱོད་བཞུད་ན་བདག་ཁ་ཅིག་གིས་དོན་དུ་གཉེར་བར་གྱུར་ན་མི་རུང་བ་དེ་སྲིད་དོ།། དེ་ནས་བྲམ་ཟེའི ་ཁྱེའུ་ནྱ་གྲོ་དྷ་སྐྱེས་ཀྱིས་བསམས་པ། བུ་མོ་འདི་ནི་མཁས་ཤིང་བློ་ཤིན་ཏུ་བརྟན་ལ་རབ་པ་ཡིན་ནོ།། སྙམ་དུ་བསམས་ཏེ། སེར་སྐྱའི་བུ་མོ་ལཱ་འདི་སྐད་ཅེས་སྨྲས་སོ།། ་བཟང་མོ་ཚུར་ཤོག། ཁྱིམ་ནས་ལྷན་ཅིག་ཁོ་ནར་འདོད་པར་བྱའོ།། དེ་དག་ཁྱིམ་ནས་ལྷན་ཅིག་ཁོ་ནར་དོང་ངོ་།། དེ་ནས་བྲམ་ཟེའི་ཁེའུ་ནྱ་གྲོ་དྷ་སྐྱེས་དང་ཐི་གི་བར་དུ་ལྷན་ཅིག ་ཁོ་ནར་དོང་ནས། སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྦས་སོ།། བཟང་མོ་སོང་ལ་སྤྱོད་པ་ཇི་ལྟར་འདོད་པ་ལ་གནས་པར་གྱིས་ཤིག། དེའི་ཚེ་ན་རྒྱལ་པོའི་ཁན ་ན་ཅེར་བུ་པ་རྫོགས་བྱེད་ཅེས་བྱ་བ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་ཆེ་བ་ཞིག་གནས་ཏེ། དེ་ཡང་གཅེར་བུ་པ་དང་གཅེར་བུ་པའི་སློབ་མ་དུ་མས ་ཡོངས་སུ་བསྐོར་ཏོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་གཅེར་བུ་པ་རྫོགས་བྱེད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། གཅེར་བུ་པ་རྫོགས་བྱེད་ལ་འདི་སྐད་ཅེས་སྨྲས་སོ།། ་བཙུན་པ་བདག་ཁྱོད་ལས་རབ་ཏུ་འབྱུང་བར་འཚལ་ལོ།། དེས་དེ་རབ་ཏུ་ཕྱུང་ནས་གཅེར་བུ་མ་རྣམས་ཀྱི་ནང་དུ་བཞག་གོ། དེ་ནས་གཅེར་བུ་པ་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ ་གཟུགས་བཟང་བ། བལྟ་ན་སྡུག་པ་མཛེས་པ། ཁ་དོག་རྒྱས་པ་མཆོག་དང་ལྡན་པ། མཐོང་ནས་གཅིག་ལ་གཅིག་སྨྲས་པ། བདག་ཅག་རབ་ཏུ་བྱུང་བ་གང་ཅི་ཡང་རུང་བ་དེ ་ཐམས་ཅད་ནི་ལྷའི་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱི་ཕྲེང་ཡིནི་ལ། སང་བྱའི་བུ་མོ་བཟང་པོ་འདི་ཡང་གཱའི་བུང་མེད་འདྲན་རེ་ཤིག་ལྔའི་འཛི ་ཡོན་ཏན་རྣམས་རྙེད་དམ་མི་རྙེད་གཏོལ་མེད་ཀྱིས་ཇི་སེར་སྐྱའི་བུ་མོ་བཟང་མོ་འདི་ལ་ལོངས་སྤྱོད་པར་བྱའོ་ཞེས་སྨྲས་ནས། གཅེར་བུ་པ་ལྔ་བརྒྱ་ཙམ་གཅེར་བུ་པ་རྫོགས་བྱེད་ག ་ལ་བ་དེར་དོང་ངོ་རོ།། རེ་ཤིག་ན་སྐབས་དེ་རྒྱས་པར་སྨྲས་ནས། དེ་ནས་དེ་རྣམས་ཀྱིས་སེར་སྐྱའི་བུ་མོ་བསླངས་པ་དང་། དེས་ཀྱང་སློབ་མ་ལ་བྱམས་པའི་ཕྱིར་གནང་ང་ངོ་།། དེ ་ནས་ལས་ཀྱི་རྣམ་པར་སྨིན་པ་རྐྱེན་གྱིས་ཉི་མ་རེ་རེ་ཞིང་གཅེར་བུ་པ་ལྔ་བརྒྱ་པ་རྣམས་ཀྱིས་དགའ་མགུར་སྤྱོད་པར་བྱེད་དོ།། ཇི་ཙམ་ན་དེ་ཡིད་བྱུང་བས་རྫོགས་བྱེད་ལ་གསོལ་པ་དང་། ་དེས་སྨྲས་པ། གང་ལ་རྒྱ་ཕོག་པ་དེ་དང་ཕྲད་པར་གྱིས་ཤིག། དེའི་ཚེ་ན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སྐུ་ཚེ་ལ་ཉི་ཤུ་རྩ་དགུར་འདོད་པ་རྣམས་ལ་རོལ་ནས་རྒན་པོ་དང་། ་ནད་པ་དང་ཤི་བ་གཟིགས་པས་ཐུགས་བྱུང་སྟེ་ནམ་ཕྱེད་ཀྱི་དུས་སུ་རྟ་རིན་པོ་ཆེ་སྔགས་ལྡན་ལ་བཅིབས་ནས་ནགས་སུ་གཤེགས་ཏེ་ལེ་དྲུག་དུ་ཅིར་ཡང་མི་ཕན་པའི་དཀའ་བ་སྤྱད་ནས ་ཆུ་བེ་ནིའི་རན་ངནར་ཁྲུས་མཛད་དེ། དགའ་མོ་དང་དགའ་སྟོབས་མ་གཉིས་ལས་ལན་བཅུ་དྲུག་ཉིད་ཁུར་བྱས་པའི་འོ་མའི་ཐུག་པ་ནི་གསོལ། ཀླུའི་རྒྱལ་པོ་དུས་ཅན་གྱིས་ཚིག ་སུ་བཅད་པ་དག་གིས་ནི་མངོན་པར་བསྟོད་ཅིང་རྩ་འཚོང་བཀྲ་ཤིས་ལྡན་ལས་རྩ་དག་བཞེས་ཏེ་བྱང་ཆུབ་ཀྱི་ཤིང་དྲུང་དུ་བཞུད་ནས་ཉིད་ཀྱིས་མ་འཁྲུགས་པ་དང་། མ་འཛིངས་པར ་གདིང་བ་བཤམས་ཏེ། ཀླུའི་རྒྱལ་པགཉིད་ལོག་པ་བསྐྱིལ་བ་བཞིན་དུ་སྐྱིལ་སོ་ཀྲུང་དཀྱིལ་ལེར་བཅས་ནས། བག་པ་དད་པ་མ་ཐུབ་ཀྱི་པར་སྐྱེས་མོ་ཟུང་མི་བཞིག་གོ་ཞེས་བླནས ་ཀྱང་བསྐྱེད་ཚིག་ཏུ་ཡང་གསུང་ངོ་།། རེ་ཤིག་ན་བདུད་འབྱུང་པོའི་རིགས་བྱེ་བ་ཕྲག་ཅུ་རྩ་དྲུག་གི་འཁོར་ཅན་བཏུལ་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན ་པར་རྫོགས་པར་སངས་རྒྱས་སོ།། ཚངས་པས་བསྐལ་པས་ཡུལ་བ་ར་ན་སེར་གཤེགས་ཏེ། ཆོས་དང་ལྡན་པའི་ཆོས་ཀྱི་འཁོར་ལོ་བསྐོར་ནས་ཀུན་ཤེས་ཀོའུ་དེརྱ་དང་། ལྷ་སྟོང ་ཕྲག་བརྒྱད་ཅུ་བདུན་པ་རྣམས་ལ་བཀོད་དོ།། ལྔ་སྡེ་རྣམས་ཀྱང་བཏུལ། ཉེར་ལྔའི་སྡེ་རྣམས་ཀྱང་བཏུལ། གྲོང་གི་གཙོ་བོ་ལྔ་བཅུ་ཡང་བཏུལ་ཏོ།། ཤིང་བལ་ཅན་གྱི་ནགས ་ཁྲོད་དུ་གཤེགས་ནས་བཟང་སྡེའི་ཚོགས་དྲུག་ཅུ་བཏུལ་ཏོ།། དམག་ལྡན་གྱི་གྲོང་དུ་གཤེགས་ནས་གྲོང་གི་བུ་མོ་དགའ་མོ་དང་དགའ་སྟོབས་མ་གཉིས་བདེན་པ་རྣམས་ལ་བཀོད ་དོ།། ཡུལ་ལྟེང་རྒྱས་སུ་གཤེགས་ནས་ལྟེང་རྒྱས་འོད་སྲུངས་རྫུ་འཕྲུལ་གྱི་ཆོ་འཕྲུལ་བཅཝོ་བརྒྱད་ལ་སོགས་པ་ལྔ་བརྒྱས་བཏུལ་ཏོ།། ཡུལ་ག་ཡང་གཤེགས་ནས་ཆུ་ཀླུང ་འོད་སྲུངས་དང་། རལ་པ་ཅན་སྟོང་ཕྲག་དེ་རྣམས་ལ་ཆོ་འཕྲུལ་གསུམ་པོ་དག་གི་གདམས་པ་མཛད་དེ། ཡུལ་འོད་མའི་ལྟང་བྲང་ཅན་དུ་གཤེགས་ནས་རྒྱལ་པོ་གཟུགས ་ཅན་སྙིང་པོ་སྲས་དང་འཁོར་དང་བཅས་པ་དང་། ལྷ་སྟོང་ཕྲག་བརྒྱད་བཅུ་དང་། ཡུལ་མ་ག་དྷའི་བྲམ་ཟེ་དང་ཁྱིམ་བདག་བརྒྱ་སྟོང་ཕྲག་དུ་མ་བཏུལ་ཏེ། འོད་མའི་ཚལ ་བཞེས་ནས་དེའི་ཚེ་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བུ་མངས་ཀྱི་མཆོད་རྟེན་ན་བཞུགས་སོ།། འོད་སྲུངས་ཀྱིས་ཤིང་ཞིག་གི་དྲུང་ན་བཅོམ་ལྡན ་འདས་མཛེས་པ། དད་པར་འོས་པ། དབང་བ་ཞིང་། ཐུགས་དུལ་བ་དང་ཉེ་བ་བཞི་པའི་མཆོག་དང་ལྡན་པ། གསེར་གྱི་མཆོད་སྟོང་ལྟར་དཔལ་འབར་བ། རྟེན་ཅིང ་བཞུགས་པ་ཐོང་ངོ་།། མཐོང་ནས་ཀྱང་དེ་འདི་སྙམ་དུ། ཀྱེ་མ་སྟོན་པ་མཐོང་ངོ་།། ཀྱེ་མ་དགྲ་བཅོམ་པ་མཐོང་ངོ་།། ཀྱེ་མ་བཅོམ་འདས་མཐོང་ངོ་།། ཀྱེ་མ་བདེ ་བར་གཤེགས་པ་མཐོང་ངོ་།། ཀྱེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་མཐོང་ངོ་སྙམ་དུ་སེམས་ཤིང་། དེས་ཆེད་ཆེར་བྱས། བླ་མར་བྱས། ཡིད་ལ་བྱས་སེམས ་ཐམས་ཅད་ཀྱིས་བསམས་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འད ་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་བཅོམ་ལྡན་འདས་ནི་བདག་གི་སྟོན་པ་ལགས་ཏེ། བདག་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ལགས་སོ།། བཙུན་པ་བཅོམ་ལྡན ་འདས་ནི་བདག་གི་སྟོན་པ་ལགས་སོ།། སྟོན་པ་ལགས་སོ།། བདག་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ལགས་སོ།། ཉན་ཐོས་ལགས་སོ།། དེ་སྐད་ཅེས་གསོལ་བ་དང་། ་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུངས་དེ་དེ་བཞིན་ནོ་དེ་དེ་བཞིན་ཏེ།། འོད་སྲུངས་ང་ནི་ཁྱེད་ཀྱི་སྟོན་པ་སྟེ། ཁྱོད་ནི་ངའི་ཉན་ཐོས ་ཡིན་ནོ།། འོད་སྲུངས་ང་ནི་ཁྱོད་ཀྱི་སྟོན་པ་ཡིན་ནོ།། སྟོན་པ་ཡིན་ནོ།། ཁྱོད་ནི་ངའི་ཉན་ཐོས་ཡིན་ནོ།། ཉན་ཐོས་ཡིན་ནོ།། འོད་སྲུངས་གང་ལ་ལ་འདི་ལྟར་སེམས་ཐམས་ཅད་ཀྱིས། ་བསམས་ཏེ། མི་ཤེས་བཞིན་དུ་བདག་ནི་ཀུན་ཤེས་པ་ཡིན་ནོ་ཞེས་སྨྲས། མི་མཐོང་བཞིན་དུ་བདག་ནི་མཐོང་བ་ཡིན་ནོ་ཞེས་སྨྲ། དེ་བཞིན་གཤེགས་པ་མ་ཡིན་བཞིན་དུ། ་བདག་ནི་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་སྨྲ། དགྲ་བཅོམ་པ་མ་ཡིན་བཞིན་དུ་བདག་ནི་དགྲ་བཅོམ་པ་ཡིན་ནོ་ཞེས་སྤྲོ་ཞིང་། ཡང་དག་པར་རྫོགས་པའི་སངས་རྒྱས་མ་ཡིན་བཞིན ་དུ། བདག་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཁས་ཆེ་བར་བྱེད་ན། འོད་སྲུངས་སྟོན་པ་དེའི་མགོ་བོས་ཚལ་བ་བདུན་དུ་འགས་པར་འགྱུར་རོ།། འོད་སྲུངས ་ང་ནི་ཤེས་པ་ཡིན་པས། ང་ནི་ཀུན་ཏུ་ཤེས་པ་ཡིན་ནོ་ཞེས་སྨྲའོ།། མཐོང་བ་ཡིན་པས་ང་ནི་ཀུན་ཏུ་མཐོང་བ་ཡིན་ནོ་ཞེས་སླའོ།། དེ་བཞིན་གཤེགས་པ་ཡིན་པས་ང་ནི་དེ་བཞིན་གཤེས ་པ་ཡིན་ནོ་ཞེས་སྨྲ་ཞིང་། ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་པས། ད་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཡིན་ནོ་ཞེས་ཞལ་གྱིས་འཆེའོ།། ད་ནི་ཉན་ཐོས་རྣམ ་ལ་གླེང་གཞི་དང་བཅས་པ་ཁོ་ནའི་ཆོས་སྟོན་གྱི། གླེང་གཞི་མེད་པ་ནི་མ་ཡིན་ནོ།། ངེས་པར་འབྱུང་བ་དང་བཅས་པ་ཡིན་གྱི། ངེས་པར་འབྱུང་བ་མེད་པ་ནི་མ་ཡིན་ནོ།། རྟོན ་པ་དང་བཅས་པ་ཡིན་གྱི། རྟོན་པ་མེད་པ་ནི་མ་ཡིན་ནོ།། རྟུན་པ་དང་བཅས་པ་ཡིན་གྱི། རྟུན་པ་མེད་པ་ནི་མ་ཡིན་ནོ།། ཆོ་འཕྲུལ་དང་བཅས་པ་ཡིན་གྱི། ཆོ་འཕྲུལ་མེད་པ་ནི་མ ་དྲན་པ་ཟེར་བར་འགག་དྷཱ་འི་དག་སེམས་ལེགས་པར་ཉེ་བར་གནས་པར་བྱའོ།། ་ཡིན་ནོ།། འོད་སྲུངས་དེ་ལྟ་བས་ན། ཁྱོད་ཀྱིས་འདི་ལྟར་སླབ་པར་བྱ་སྟེ། ཆོས་དགེ་བའི་ཆོས་དང་ལྡན་པ། གང་ཅི་ཡང་རུང་བ་མཉན་པར ་བྱའོ།། དེ་ཐམས་ཅད་བཀུར་བསྟིར་བྱས། བླ་མར་བྱས། ཆེད་ཆེར་བྱས། སེམས་རྩེ་གཅིག་ཏུ་བྱས། རྣ་བར་ཀླགས། སེམས་ཐམས་ཅད་ཀྱིས་བསམས་ནས་མཉན་པར ་བྱའོ།། འོད་སྲུངས་དེ་ལྟ་བས་ན་འདི་ལྟར་བསླབ་པར་བྱ་སྟེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་རྣམས་ལ་སྐྱེ་བ་དང་། འཇིག་པར་རྗེས་སུ་བལྟ་བས་གནས་པར་བྱའོ།། སྐྱེ ་མཆེད་དྲག་པོ་དག་ལ་ཀུན་ཏུ་འབྱུང་བ་དང་། ནུབ་པར་རྗེས་སུ་ལྟ་བས་གནས་པར་བྱའོ།། དྲན་ཉེ་བར་གཞག་པ་བཞི་དག་ལ་སེམས་ལེགས་པར་ཉེ་བར་གནས་པས་གནས ་པ་ན། བྱང་ཆུབ་ཀྱི་ཡན་ལག་བདུན་བསྒོམ་པར་བྱ། རྣམ་པར་ཐར་པ་བརྒྱད་ལུས་ཀྱིས་མངོན་སུམ་དུ་བྱས་ཏེ། རྫོགས་པར་བྱས་ནས་གནས་པར་བྱའོ།། བདག་གི་སྟོན་པ་དང ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ཤས་རེར་ཉེ་བར་གནས་པར་འགྱུར་བ་དང་། རྟག་ཏུ་བདག་གི་ལུས་ལ་དྲན་པ་དང་ལྡན་ཞིང ་མི་གཏོང་བ་དང་། བྲལ་བར་མ་གྱུར་པར་ལུས་ལ་གནས་པར་འགྱུར་བ་དེ་ལྟར་འོད་སྲུངས་ཁྲིད་ཀྱིས་བསླབ་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ ་ཡང་དག་པར་བསྟན། ཡང་དག་པར་ལེན་དུ་བཅུག། ཡང་དག་པར་བཟེང་བསྟོད། ཡང་དག་པར་རབ་ཏུ་མགུ་བར་མཛད་ནས། གདན་ལས་བཞེངས་ཏེ་གཤེགས་སོ།། ་དེ་ནས་ཚེ་དང་ལྡན་པ་འོད་སྲུངས་བཅོམ་ལྡན་འདས་ཀྱིས་ཞབས་འབྲིང་དུ་འབྲང་ཞིང་བཅོམ་ལྡན་འདས་གནས་གང་དུ་བཞུགས་པ་དེར་བདག་གིས་རས་ཡུག་ཆེན་གྱི་སྣམ ་སྦྱར་སྟོང་ཕྲག་བརྒྱ་རི་བ་བལྟ་བ་སྟེ་གནད་གི་དང་བར་བྱའོ་སྙམ་དུ་སེམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་འོད་སྲུངས་ཀྱི་སེམས་ཀྱི་ཀུན་ཏུ་རྟོག་པ་ཐུགས ་ཀྱིས་མཁྱེན་ནས། ལམ་བོར་ཏེ་ཕྱོགས་གཅིག་ཏུ་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཀྱིས་མྱུར་བ་མྱུར་བ་ཁོ་ནར་རས་ཡུག་ཆེན་གྱི་སྣམ་སྦྱར་སྟོང་ཕྲག་བརྒྱ་རིང ་བལྟབ་སྟེ། བཅོམ་ལྡན་འདས་ཀྱིས་ཆེད་དུ་གདན་བཤམས་སོ།། འདི་སྐད་ཅེས་ཀྱང་གསོལ་ཏོ།། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ། གདན་བཤམས་པ་ལ་བཞུགས ་སུ་གསོལ། བདེ་བར་གཤེགས་པ་གདན་བཤམས་པ་ལ་བཞུགས་སུ་གསོལ། དེས་ན་བདག་ལ་ཡུན་པོའི་དོན་དང་། ཕན་པ་དང་བདེ་བར་འགྱུར་ལགས་སོ།། བཅོམ་ལྡན ་འདས་གདན་བཤམས་པ་ལ་བཞུགས་ཏེ། བཞུགས་པར་ཚེ་དང་ལྡན་པ་འོད་སྲུངས་ལ་བཀའ་སྩལ་པ། འོད་སྲུངས་ཁྱོད་ཀྱི་རས་ཡུག་ཆེན་གྱི་སྣམ་སྦྱར་ཡང་ངོ་།། འོད་སྲུང ་ཁྱོད་ཀྱི་རས་ཡུག་ཆེན་གྱི་སྣམ་སྦྱར་འཇམ་མོ།། དེ་སྐད་ཅེས་བཀའ་སྩལ་བ་དང་། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་དེ་དེ་ལགས་སོ།། བདེ་བར་གཤེགས་པ་དེ་དེ་ལགས་ཏེ། བཙུན་པ་བདག་གི་རས་ཡུག་ཆེན་གྱི་སྣམ་སྦྱར་ཡང་ལགས་སོ།། བཙུན་པ་བདག་གི་རས་ཡུག་ཆེན་གྱི ་སྣམ་སྦྱར་འཇམ་ལགས་སོ།། བཅོམ་ལྡན་འདས་ཐུགས་བརྩེ་བའི་སླད་དུ་རས་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་པར་གསོལ། དེ་སྐད་ཅེས་གསོལ་པ ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འོད་སྲུངས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། འོད་སྲུངས་ངའི་གསོ་རས་ཕྱག་དེར་ཁྲོད་ཀྱི་གོས་ཟུང་ཤིག། དེ་སྐད་ཅེས་བཀའ ་སྩལ་པ་དང་། བཅོམ་ལྡན་འདས་ལ་འོད་སྲུངས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རས་ཡུག་ཆེན་གྱི་སྣམ་སྦྱར་བཞིས་པར་གསོལ། བདེ་བར་གཤེགས་པ་རས ་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་པར་གསོལ། བཙུན་པ་དག་གིས་བཅོམ་ལྡན་འདས་ཀྱིས་གསོ་རས་ཕྱག་དར་ཁྲོད་ཀྱི་ན་བཟའ་བཟུང་བར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ཚེ་དང་ལྡན་པ་འོད་སྲུངས་ཀྱི་རས་ཡུག་ཆེན་གྱི་སྣམ་སྦྱར་བ་ཞེས་སོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཉིད་ཀྱི་ཕྱག་ནས་གོས་རས་ཕྱག་དར་ཁྲོད་པ་དེ་ལ་གནང་ངོ་།། དེ་ནས་ཚེ་དང ་ལྡན་པ་འོད་སྲུངས་གིས་གདམས་ངག་བཏམས་པ་དེས་ཉི་མ་བརྒྱད་དུ་སློབ་པས་བསོད་སྙོམས་ཡོངས་སུ་སྤྱད་དོ།། ཉི་མ་དགུ་པ་ལ་ནི་མི་སློབ་པས་སོ།། དེ་ནས་ཚེ་དང་ལྡན ་པ་འོད་སྲུངས་དགྲ་བཅོམ་པ་མཁས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ནམཁའ་དང་ལག་འཐིལ་དུ་འཚུངས་པའི་སེམས་དང་ལྡན་པ། ་ཙན་དན་སྤངས་པ་ལྟ་བུ། མ་རིག་པས་སྒོ་ངའི་སྦུབས་དྲལ་བ། རིག་པ་དང་། མངོན་པར་ཤེས་པ་དང་། སོ་སོ་རིགས་པ་དང་། སོ་སོར་ཡང་དག་པར་རིག་པ་ཐབ་པ། སྲིད ་པའི་རྙེད་པ་ལ་མ་ཆགས་པ་དང་། བཀུར་བསྟི་ལས་ཕྱིར་ཕྱོགས་པ། དབང་པོ་དང་ཉིད་དབང་དང་བཅས་པའི་ལྷ་རྣམས་ཀྱིས་རི་མོར་བྱ་བ་དང་། མཆོད་པར་བྱ་བ་དང་། ་ཕྱག་བྱ་བར་གྱུར་ཏོ།། དེ་ནས་ཁ་ཅིག་གིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་མ་དགེ་སློང་འོད་སྲུངས་ཀྱིས་ཁྱད་པར་ཆེན་པོ་འདི་རྟོགས་པས་མིང་འོད་སྲུངས་ཆེན་པོ་ཞེས་བྱ་བ་བྱུང་ངོ་།། ་དེ་ནས་བཅོམ་ལྡན་འདས་མཐར་ཀྱིས་ལྗོངས་རྒྱུ་བ་རྒྱུ་ཞིང་རྒྱལ་པོའི་ཁབ་དུ་གཤེགས་ནས། རྒྱལ་པོའི་ཁབ་འོད་མིའི་ཚལ་བྱ་ཀ་ལཱན་ད་ཀ་གནས་པ་ན་བཞུགས་སོ།། དེའི་ཚེ་རྒྱལ་པོའི ་ཁབ་ན་རི་བོ་དང་། མཛེས་པ་འཕྲད་པའི་དུས་སྟོན་བྱེད་དོ།། དེར་མུ་སྟེགས་པ་ཐམས་ཅད་གདོན་མི་ཟ་བར་འདུ་བ་ཡིན་པས། རེ་ཤིག་ན་གཅེར་བུ་པ་རྣམས་ཀྱང་རྒྱལ་པོའི་ཁབ་ཏུ་དོང་ངོ་།། ་དེ་ནས་སེར་སྣའི་བུ་མོ་བཟང་མོ་འདི་སྙམ་དུ་སུ་ཞིག་འདི་ལྟར་ཡུན་རིང་པོར་ཉོན་མོངས་པ་ཉམས་སུ་མྱོང་བར་བྱེད། རྒྱལ་པོའི་ཁབ་ཏུ་སློངས་མོའི་ཕྱིར་འཇུག་པ་འདི་ནི་བདག་གི་དུས་ལ་བབ ་པོ་སྙམ་དུ་སེམས་སོ།། དེ་ནས་དེ་ཉོན་མོངས་པས་ཡིད་བྱུང་བས་སྐབས་རྙེད་དེ། རྒྱལ་པོའི་ཁབ་ཏུ་སློངས་མེ་ལ་སྙད་བཏགས་ཏེ་སོང་ངོ་།། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ཡང ་སྔ་དྲོ་ཤམས་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་དེ་ཐོགས་ནས། རྒྱལ་པོ་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་བཞུགས་སོ།། དེས་སེར་སྣའི་བུ་མོ་བཟང་མོ་ཁ་དོག་རྒྱས་པ ་མཆོག་དང་ལྡན་པ་མ་ཡིན་པ་དེ་འདྲ་བར་གྱུར་པ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། སྲིད་མོ་ཇི་ཡང་དག་པར་ཚངས་པར་སྤྲོད་པ་ལ་གནས་པ་ཡོངས་སུ་སྦྱངས་སན། ་དེས་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་རང་གི་ཁྱིམ་ན་གནས་པ་དེ་ཁོ་ན་བདག་གི་ཚངས་པར་སྤོད་པར་གྱུར་གྱི། ད་ལྟར་ནི་མི་ཚངས་པར་སྤྱོད་པ་ཁོ་ནར ་བས་ཏེ། ཚངས་པར་སྤྱོད་པ་མ་མཆིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་ཚངས་པར་སྤྱོད་པ་ལ་གནས་པར་བྱ་བའི་ཕྱིར་ལེགས་པར་གསུངས་པའི་ཆོས་འདལ་བ་ལ་རབ ་ཏུ་འབྱུང་ངམ། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི་བུ་མོ་བཟང་མོས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་ཁྱེད་ལ་ཡང་རྒྱས་བཏོད་པ་མེད ་གྲང་། རེ་ཤིག་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་དགོངས་པར་བརྩམས་ན། ཉེས་པར་བཤད་པའི་ཆོས་ཅན། ཉེས་པའི་ཆོ་ག་ཅན་དེ་རྣམས་ཀྱིས་དམ་པ་མ་ཡིན་པའི་ཆོས་ལ ་སྦར་བར་མཐོང་སྟེ། དེས་བྱུང་བ་དེ་ལྟ་བུ་རིག་ནས། སེར་སྐྱའི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ།། སྲིད་མོ་མ་འཇིགས་ཤིག། བཅོམ་ལྡན་འདས་ཀྱིས་བསྟན་པ་ནི་དྲི་ང་བ་མེད་པ ་དང་། སྡིག་པ་མེད་པ་ཡིན་ནོ།། དེའི་ཉན་ཐོས་རྣམས་ནི་ལྷའི་འདོད་པ་རྣམས་ཀྱང་དོན་དུ་མི་གཉེར་ན། མི་རྣམས་ཀྱི་ལྟ་སྨོས་ཀྱང་ཅི་དགོས་པ་ཡིན་ནོ།། དེས་དེ་སྐྱེ་དགུའི་བདག་མོ ་ཆེན་མོ་ལ་ཡོངས་སུ་གཏད་ནས། དེས་དེ་རབ་ཏུ་ཕྱུང་། བསྙེན་པ་རྫོགས་པར་བྱས་སོ།། དེ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། གཡོན་ཅན་དང་། འཕྱོན་མ་དང་། ཟོལ་པ་དག ་གཟུགས་འདི་ལྟ་བུར་སྡུག་པ་འདི་ཡོངས་སུ་ལོངས་སྤྱོད་པ་མེད་པར་དགའ་བར་བྱེད་དེ་ཞེས་ཁ་ཟེར་རོ།། དེ་ནས་དུས་གཞན་ཞིག་ན། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་སྔ་དྲོ་ཤམ ་ཐབས་བགོས། ཆོས་གོས་དང་། ལྷུང་བཟེད་ཐོགས་ཏེ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ།། སེར་སྐྱའི་བུ་མོ་བཟང་མོ་ཡང་སྔ་དྲོ་ཤམས་ཐབས་བགོས། ཆོས་གོས ་དང་ལྷུང་བཟེད་ཐོགས་ཏེ། རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་སེར་སྐྱའི་བུ་མོ་བཟང་མོ་མཐོང་ངོ་།། མཐོང་ནས་ཀྱང ་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་ཅི་ཁྱོད་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་མངོན་པར་དགའ་འམ། དེས་སྨྲས་པ། བདག་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་མངོན་པར་དགའ ་སྟེ་མངོན་པར་མི་དགའ་བ་མ་མཆིས་སོ།། འོན་ཀྱང་བདག་ནི་ལུག་ཆེན་པོ་དང་འདྲ་བར་གཟུགས་འདིས་གནོད་པ་བྱུང་སྟེ། གང་དང་གང་དུ་མཆི་བ་དེ་དང་དེ་ནས་སྐྱེ་བོ་དག་བདག་ལ ་གཡར་མཆིའོ།། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་སྨྲས་པ། བསོད་སྙོམས་ཀྱི་ཕྱིར་ཉོན་མོངས་པར་མ་བྱེད་ཅིག། ངས་ཁྱོད་ལ་ཉི་མ་རེ་རེ་ཞིང་རང་གི་བསོད་སྙོམས་ལས ་ཕྱེད་ཕྱེད་སྦྱིན་ནོ།། དེ་བསོད་སྙོམས་ལ་བརྒྱུས་ཏེ་ཕྱེད་ནི་བདག་ཉིད་ཀྱིས་སྤྱད། ཕྱེད་ནི་དེ་ལ་སྦྱིན་ནོ།། དེ་དེ་ལྟར་ཞུགས་པ་ན་དྲུག་སྡེ་རྣམས་འོད་སྲུངས་ཆེན་པོ་འདི་ཁྱིམ་པར་གྱུར ་པ། བཟང་མོ་འདི་དང་ལྷན་ཅིག་ཁྱིམ་གཅིག་ན། ལོ་བཅུ་གཉིས་འདུག་ཀྱང་ལན་འགའ་ཡང་ཀུན་ཏུ་ཆགས་པའི་སེམས་ཀྱང་མ་སྐྱེད་དོ་ཞེས་ཐོས་ན། ད་ལྟར་ནི་དེ་ལ་བསོད ་སྙོམས་ཕྱེད་སྦྱིན་པར་བྱེད་དོ་ཞེས་འཕྱ་བར་གྱུར་ཏོ།། དེ་ནས་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་སེར་སྐྱའི་བུ་མོ་བཟང་མོ་ལྔ་བྱ་བསྒོ་བ་དང་། དེས་བརྩོན་པ་དང་། འབད་པ་དང ་བརྩལ་བ་བྱས་པས་ཉོན་མོངས་པ་ཐམས་ཅད་སྤངས་ཏེ། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་སོ།། རེ་ཤིག་ན་ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས ་དགེ་སློང་དག་འཕྱ་བར་ཐོས་སོ།། ཐོས་ནས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་དགེ་བའི་བཤེས་གཉེན་གྱི་བྱ་བ་གང་ཡིན་པ་དེ། ངས་བྱས་ཟིན་ལ་རི་དག ་མི་གསོས་ཀྱིས། ང་ནི་རང་གི་སྤྱོད་ཡུལ་སངས་རྒྱས་ཀྱིས་གནང་བ། པུའི་ཡུལ་དུ་སྦྱངས་པའི་ཡོན་ཏན་བསོད་སྙོམས་རྗེས་སུ་སྤེལ་ཅིག་ཅེས་དེ་སྐད་རྗེས་སུ་བསྟན་ནས་ཚེ་དང ་ལྡན་པ་འོད་སྲུངས་ཆེན་པོ་གཏང་སྙེམས་བསྒོམ་པར་བྱེད་དོ།། དེའི་ཚེ་མ་སྐྱེས་དགྲས་མི་དགེ་བའི་གྲོགས་པོ་ལྷ་སྦྱིན་ལ་བརྟེན་ནས། བ་ཆོས་དང་ལྡན་པ་ཆོས་ཀྱི་རྒྱལ་པོ་སྲོག ་དང་བྲལ་ཏེ། སཔའི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱ་བའི་ཕྱིར་འདུག་གོ།། འདུག་མ་ཐག་ཏུ་ཡིད་ལ་གཅགས་པར་གྱུར་ནས། དེ་ཡང་མྱ་ངན་གྱི་ཁང་པར་ཞུགས་སོ།། དེའི ་མྱ་ངན་ཐབས་དུ་མས་ཀྱང་བསང་བར་མ་ནུས་ནས། བློན་པོ་རྣམས་ཀྱིས་བསམས་པ། གྲོང་ཁྱེར་ཆེན་པོ་དྲུག་པོ་དག་ན་གར་མཁན་དང་། ཟློས་གར་མཁན་དང་། གཞད་གད་མཁན་དང་། ་ཤིང་འཛེགས་མཁན་དང་། རོལ་མོ་མཁན་གྱི་བྱེ་བྲག་ཇི་སྙེད་ཡོད་པ་ཐམས་ཅད་བསྡུ་བར་བྱའོ་སྙམ་ནས། དེ་རྣམས་ཀྱིས་དེ་བཞིན་བྱས་སོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲའི་མདུན ་ན་རོལ་མོ་མཁན་གྱི་ཁྱད་པར་དུ་མས་པི་ཝང་དང་། གླེང་བུ་དང་། རྫ་རྔ་དང་། འཁར་རྔ་དང་། ལྕགས་ཀྱི་སིལ་དཀྲོལ་དང་། སྒྲ་སྙན་ལ་སོགས་པ་རོལ་མོའི་སྒྲ་དག་བྱེད། གླུ་དག་ལེན། ་གང་དག་བྱེད། རྒྱུག་པར་བྱེད། མཆོད་པར་བྱེད་དོ།། དེ་ལྟར་བྱས་ཀྱང་རྒྱལ་པོ་མ་སྐྱེས་དགྲའི་མྱ་ངན་བསང་བར་མ་ནུས་སོ།། དེ་ནས་དུས་གཞན་ན་སེར་སྐྱའི་བུ་མོ་བཟང་མེ་སྔ་དྲོ ་ཤམས་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། སྤྱོད་ལས་ཀུན་ནས་འཛེས་པས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་སོ།། བློན་པོ་ངན་སེམས་ཅན་ཞིག་གིས ་སེར་སྐྱའི་བུ་མོ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། ལུས་གསེར་གྱི་ཁ་དོག་པས་ཀྱང་ལྷག་པར་མཐོང་ངོ་།། མཐོང་ནས་ཀྱང་དེ་འདི་སྙམ་དུ་སེམས་ཏེ། འདིས་རྒྱལ ་པོའི་མྱ་ངན་སེལ་བར་བྱེད་དེ།། སྙམ་དུ་བསམས་ནས། བློན་པོ་དེས་སེར་སྐྱའི་བུ་མོ་བཟང་མོ་བཟུང་སྟེ་རྒྱལ་པོ་ལ་འོས་པའི་ཁྲུས་རྣམས་ཀྱིས་ཁྲུས་བྱས་ནས། རྒྱལ་པོ་ལ་འོས ་པའི་སྤོས་དང་། མེ་ཏོག་ཕྲེང་བ་དང་། གོས་དང་། རྒྱན་གྱི་ཁྱད་པར་རྣམས་ཀྱིས་བརྒྱ་ནས། རྒྱལ་པོ་མ་སྐྱེས་དགྲ་ལ་ཕུལ་ལོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སྔོན་ལས ་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བར་མྱོང་འགྱུར་བར་ངེས་པ་ཡོད་པ་བཞིན་དུ་རྣམ་པར་གནས་ཏེ། དཔེར་ན་རི་དག་གམ། རིའི་རྩེ་མོ་དག་གི་གྲུབ་མ་ས་ལ་བབས་ཤིང་མངོན ་པ་བབས་པ་དེ་བཞིན་དུ། སེར་སྐྱའི་བུ་མོ་བཟང་མོ་ལ་ཡང་སྔོན་ལས་རྣམས་བྱས་ཤིང་བསགས་པ་གདོན་མི་ཟ་བ་འབྱུང་བ། མྱོང་བར་འགྱུར་བར་ངེས་པ། འོང་བ་བཞིན་དུ་རྣམ ་པར་གནས་པ་ཡིན་པས། རེ་ཤིག་ན་རྒྱལ་པོ་མ་སྐྱེས་དགྲས། སེར་སྐྱའི་བུ་མོ་བཟང་མོ་མཐོང་མ་ཐག་ཏུ་ཆགས་ནས། དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བ་བརྩམས་སོ།། ་དེ་ནས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་སེར་སྐྱའི་བུ་མོ་བཟང་མོ་ཚོགས་ཀྱི་ནང་ན་མི་སྣང་ངོ་།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་བསམས་ན། རེ་ཤིག། ་ན་སེར་སྐྱའི་བུ་མོ་སྐབས་སུ་ཆུད། ཉམས་ང་བར་གྱུར་པར་མཐོང་ངོ་།། སྐབས་སུ་ཆུད་པ་དང་ཉམ་ང་བ་དང་མི་བདེ་བར་གྱུར་པར་རིག་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མས། ་ཨུད་པ་ལའི་མདོག་ལ་སྨྲས་པ། ཕུ་ནུ་མོ་སེར་སྐྱའི་བུ་མོ་བཟང་མོ་ལ་སོམས་ཤིག། དེ་ནས་ཨུད་པ་ལའི་མདོག་གསོ་སྦྱོང་བཅཝོ་ལྔ་པ་དེ་ཉིད་ལ་རྫུ་འཕྲུལ་གྱིས་མ་སྐྱེས་དགྲའི ་ཁྱིམ་ག་ལ་བ་དེར་སོང་ངོ་།། དེ་ནས་ཨུད་པ་ལའི་མདོག་སྐར་ཁུང་གི་བུ་ག་ནས་ཞུག་ནས། སེར་སྐྱའི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ན་མོ་ཁྱོད་ཀྱིས་ཐོག་མ་མེད་པའི ་དུས་ནས་གོམས་པ་ཁམས་གསུམ་པའི་ཉོན་མོངས་པ་རྣམས་དྲལ་སྤངས། བརྩ་ལ། ཡོངས་སུ་བཏང་ན་ཅིའི་ཕྱིར་ཁྱེད་ཀྱིས་རྫུ་འཕྲུལ་རོ་དང་འདྲ་བ་མུ་སྟེགས་པ་ཐམས ་ཅད་དང་ཐུན་མོང་པོ། འདི་མངོན་དུ་མ་བྱས། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྲའི་བུ་མོ་བཟང་མོས་ཨུད་པ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་འཕྲུལ་གྱི་ལམ། ་མི་ཤེས་སོ།། དེ་ནས་ཨུད་པ་ལ་འིརི་མདོག་གིས་སེར་སྐྱའི་བུ་མེ་བཟང་མོ་ལ་རྫུ་འཕྲུལ་གྱི་ལམ་བསྟན་ཏོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་འཇིག་རྟེན་པའི་ལམ་གྱིས་བསམ ་གཏན་བཞི་ལ་བརྟེན་ཏེ་རྫུ་འཕྲུལ་མངོན་པར་བསྒྲུབས་སོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་དགེ་སློང་མའི་དབྱར་ཁང་ག་ལ་བ་དེར་སོང་ངོ་།། ་དགེ་སློང་མ་བཅུ་གཉིས་སྡེས། སེར་སྐྱའི་བུ་མོ་བཟང་མོ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་མཐོང་ངོ་།། མཐོང་ནས་ཀྱང་སྐྱེ་དགུའི་བདག་མོ་ཆེན་མོགོའུ་ཏ་མི་ལ་འདི་སྐད་ཅེས་སྨྲས ་སོ།། བདག་ཅག་ནི་རྒྱལ་པོའི་ཆུང་མ་དང་ལྷན་ཅིག་གསོ་སྦྱོང་ཉམས་སུ་མྱོང་བར་མི་བགྱིད་དོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོརུ་ཏ་མི་ས་སེར་སྐྱའི་བུ་མོ་བཟང་མོ་ལ་འདི་སྐད ་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་སོང་ལ་རྒྱལ་པོའི་གན་དུ་སོང་སྟེ། གོས་དང་རྒྱན་སླར་བྱིན་ལ། རྒྱལ་པོས་གནང་བར་བགྱིས་ཏེ། གོས་ངུར་སྨྲིག་གྱོན་ལ། སླར་བདག་ཅག་གི་དྲུང་། ་དུ་ཤོག་ཤིག། དེ་ནས་སེར་སྐྱའི་བུ་མོ་བཟང་མོས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིའི་ཚིག་མཉན་ནས། རྒྱལ་པོ་མ་སྐྱེས་དགྲའི་ཁྱིམ་ག་ལ་བ་དེར་སོང་ངོ་།། དེའི་ཚེ་རྒྱལ་པོ་མ ་སྐྱེས་དགྲ་སད་ནས། སེར་སྐྱའི་བུ་མོ་བཟང་མོ་མཐོང་སྟེ་ཁྱུད་པར་བརྩམས་སོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མོ་སྟེང་གི་ན་མཁའ་ལ་མངོན་པར་འཕགས་སོ།། དེ་ནས་རྒྱལ་པོ ་མ་སྐྱེས་དགྲས་སེར་སྐྱའི་བུ་མོ་བཟང་མོ་དང་བའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟར་སྟེང་གི་ན་མཁའ་ལ་མངོན་པར་འཕགས་པ་མཐོང་ངོ་།། མཐོང་ནས་འཇིག་ཤིང་སྐྲག་ལ་ཡིད་བྱང ་སྟེ་སྤྱི་བུང་ཞེས་བྱེད་ནས་བསམས་པ། ཅི་རེ་ཤིག་ལྷ་མོ་ཡིན་ནམ། འོན་ཏེ་ཀླུ་མོ་འམ། དྲི་ཟ་མོ་འམ། གནོད་སྦྱིན་མོའམ། སྲིན་མོ་ཡིན་སྙམ་དུ་སེམས་ཏེ། ཚིགས་སུ་བཅད་པ་ཡང ་སྨྲས་པ། ཁྱོད་ཅི་ལྷ་མོ་འམ་ཀླུ་མོ་འམ། གནོད་སྦྱིན་སྲིན་མོ་དྲི་ཟ་མོ།། བུད་མེད་འདྲ་མོ་ཅི་ཡིན་པ། དྲིས་པ་དེ་ནི་བདག་ལ་གསུངས། དེ་སྐད་ཅེས་སྨྲས་པ་དང་། སེར་སྐྱའི ་བུ་མོ་བཟང་མོས་རྒྱལ་པོ་མ་སྐྱེས་དགྲ་ལ་འདི་སྐད་ཅེས་སྨྲས་སོ།། བདག་ནི་ལྷ་མོ་ཀླུ་མེ་མིན། དྲི་ཟ་གནོད་སྦྱིན་སྲིན་མོ་མིན། མི་དབང་བདག་ནི་བདེ་ག་ཤེས ་ཀྱི་བྱ་བ་བྱས་པ་ཉན་ཐོས་མའོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ཚིག་དེ་ཐོས་ནས་རི་དྭགས་དང་འདྲ་བར་ཟུག་རྔུ་གཉིས་པས་གནད་དུ་བསྣུན་ནས་ཀྱི་ཧུད་ཀྱེ་མ་ཨ་ལ་ལ་སྡིག་པ་ཆེན། ་པོ་བྱས་སོ།། སྙམ་ནས་ཚིགས་སུ་བཅད་པ་ཡང་སྨྲས་པ། བདག་ནི་རྒྱ་མཚོའི་བ་མཐར་འདྲ་བ་ཡི།། སྡུག་བསྔལ་གཅིག་མཐར་རེ་ཤིག་མི་ཕྱིན་ནི།། ད་ནི་གཉིས་པ་ཉེ་བར་གནས། ་གྱུར་ཏེ།། གླགས་པ་ཡོད་པས་བདག་ལ་གནོད་མང་འབྱུང་།། དེ་དེ་ལྟར་སེམས་པ་ལས་བརྒྱལ་ནས་སའི་སྟེང་དུ་འགྱེལ་བ་ལས་རེ་ཤིག་ན་ཆུས་གཏོར་ནས་བསླང་ངོ་།། དེ་ནས་རྒྱལ། ་པོ་མ་སྐྱེས་དགྲས་རང་གི་སེམས་རྙེད་ནས། སེར་སྐྱའི་བུ་མི་བཟང་མོ་ལ་འདི་སྐད་སྨྲས་སོ།། ཀྱེ་མ་ཨ་ལ་ལ་བདག་ནི་སྨས་ཤིང་སྣང་བས་འཁོར་བར་འཁོར་བ་ན་ཤིན་ཏུ་སྨས་པར་གྱུར ་མི་རུང་བས། འཕགས་མ་མར་གཤེགས་མར་གཤེགས། ཉེས་པར་སྤྱོད་པའི་འདབ་གྱི་ཆུ་བོར་བྱིང་བ། བདག་གི་སུག་པ་ནས་དྲང་དུ་གསོལ། དེ་ནས་སེར་སྐྱའི་བུ་མོ་བཟང་མོས། ་དེ་རྗེས་སུ་བཟུང་བའི་ཕྱིར་བབས་སོ།། བབས་ནས་གདན་བཤམས་པ་ལ་འདུག་གོ།། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་ལྡན་ཤིང་རྩ་ནས་བཅད་པ་བཞིན་དུ་སེར་སྐྱའི་བུ་མོ་བཟང་མོའི ་རྐང་པ་གཉིས་ལ་གཏུགས་ནས་སེར་སྐྱའི་བུ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གདུལ་དཀའ་བ་རྣམས་ལ་བཟོད་པ་མཛད་དུ་གསོལ། སེར་སྐྱའི་བུ་མོ་བཟང་མོས་འདི་སྐད ་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ་བདག་བཟོད་དོ།། རེ་ཤིག་ན་སེར་སྐྱའི་བུ་མོ་བཟང་མོས་གོས་དང་རྒྱན་རྣམས་རྒྱལ་པོ་ལ་བྱིན་ནོ།། རྒྱལ་པོས་ཀྱང་གོས་ངུར་སྨྲིག་དག་སེར་སྐྱའི ་བུ་མོ་བཟང་མོ་ལ་བྱིན་ནས། རྐང་པ་གཉིས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ལ་ཇི་སྲིད་འཚེའི་བར་དུ། ཆེས་གོས་དང་བསོད་སྙོམས་དང་། མལ་སྟན ་དང་། ནད་ཀྱི་གསོས་སྨན་དང་། ཡོ་བྱད་རྣམས་ཀྱིས་བསྟབས་པར་བགྱིའོ།། དེ་ནས་སེར་སྐྱའི་བུ་མོ་བཟང་མེས། རྒྱལ་པོ་མ་སྐྱེས་དགྲལ་འདི་སྐད་ཅེས་ཀྱང་སྨྲས་སོ།། ལྔ་པ་ལ ་ཆེར་བདག་གི་ལས་ཀྱི་ཉེས་པ་ལགས་ཀྱི། ཁྱོད་ཀྱི་ཉེས་པ་ནི། ཡིན་ནོ།། ཅིའི་སླད་དུ་ཞེ་ན། ལྷ་བཅོམ་ལྡན་འདས་ཀྱིས། གང་དུ་གནས་ན་ལས་ཀྱིས་མི་ཚུགས་པའི།། ས་ཕྱོགས་དེ་ནི ་ཡོད་པ་མ་ཡིན་ཏེ།། བར་སྣང་ལ་མེད་རྒྱ་མཚོའི་ནང་ན་མེད།། རི་རྣམས་ཀྱི་ནི་གསེབ་ཏུ་ཞུགས་ནའང་མེད།། ཅེས་གསུངས་སོ།། ལྷ་གཞན་ཡང་། ཇི་ལྟར་གྲིབ་མ་མིའི་རྗེས་འབྲང ་ག།། འདུག་ན་འདུག་ལ་འགྲོ་ན་འགུལ་བ་ལྟར།། དེ་བཞིན་དགེ་དང་མ་དགེ་གྲིབ་མ་ལྟར།། སངས་རྒྱས་སྨྲ་བའི་བླ་ན་མེད་པ་གསུང་།། དེ་ནས་སེར་སྐྱའི་བུ་མོ་བཟང་མོས། རྒྱལ ་པོ་མ་སྐྱེས་དགྲ་ལ་ཚིག་སྙིང་དུ་སྡུད་པར་བྱེད་པ་དེ་བུའི་ཆོས་ཀྱི་གཏམ་རྣམ་གྲངས་དུ་མས་ཡང་དག་པར་བསྟན། ཡང་དག་པར་འཛིན་དུ་བཅུག། ཡང་དག་པ་གཟེར་སྟེ་དེ།། ་ཡང་གང་པར་རབ་ཏུ་དགའ་བར་བྱས་ནས། སྟེང་གི་ན་མཁའ་ལ་མངོན་དུ་འཕགས་ཏེ་སླར་ཡང་དགེ་སློང་མའི་དབྱར་ཁང་དུ་སོང་ངོ་།། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་འདི ་སྐད་ཅེས། བདག་ནི་དགེ་སློང་མ་ཉམས་པ་དང་ལྷན་ཅིག་གསོ་སློང་མི་བྱའོ་ཞེས་སྨྲས་པའི་སྐབས་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམ་ལ་སྨྲས། ་སོ། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་སྒྲའི་དགེ་འདུན་གྱིས། དོན་ཤེས་པ་དང་། དུས་བསླབ་པའི་གཞི་ཡང ་ལེགས་པར་བཅས་པར་འགྱུར་རོ་སྙམ་དུ་དགོངས་ནས་བྱང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དེ། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པ་མ་ཡིན། དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན།། ་དོན་དང་ལྡན་པ་ཡིན་གྱི་དོན་དང་མི་ལྡན་པ་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེད་པ་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ།། ། ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སེར་སྐྱའི་བུ་མོ་བཟང་མོ་ལ། ་བཀའ་སྩལ་པ། དགེ་སློང་མ་ཁྱོད་ཀྱི་དེ་ལྟར་བྱས་པ་བདེན་ནམ། བཙུན་པ་མེད་དོ།། དགེ་སློང་མ་ཁྱོད་ཀྱིས་བདག་གིར་མ་བྱས་སམ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན ་པ་བདག་ནི་རང་བཞིན་གྱིས་འདོད་ཆགས་དང་བྲལ་བ་ལགས་ན། བདག་གིས་ཇིའི་སླད་དུ་བདག་གིར་བགྱིད། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ ་ཡིན་པ། རྗེས་སུ་མཐུན་པ་མ་ཡིན་པ། རུང་བ་མ་ཡིན་པ། ཚུལ་དང་མཐུན་པ། མ་ཡིན་པ་དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ།། དེ་ནས། ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། གཉི་གའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་དང་དགེ་སློང་མ་དག་དེ་ལྟ་བས་ན་ཕན་ཡོན་བཅུ་པོ་འདི ་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར་དང་། དགེ་འདུན་འཐུན་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར ་དང་། གནོད་མི་བཀུར་བའི་གང་ཟག་རྣམ་ཚར་གཅོད་པར་བྱ་བའི་ཕྱིར་དང་། ངོ་ཚར་ཤེས་པ་རྣམས་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མ་དད་པ་རྣམས་དད་པར་བྱ་བའི ་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་འཕེལ་ལ་རྒྱས་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས ་བཟློག་པར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་དང་། བསྟན་པ་ཐུན ་པར་བྱ་བའི་ཕྱིར་དང་། ངའི་བསྟན་པ་ཡངས་པར་གྱུར་པ། སྐྱེ་བོ་མང་པོ་ལ་ཕན་པ། ལྷ་དང་མིའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཡུན་རིང་ད་གནས་པར་འགྱུར་བ་ལ ་གཟིགས་ནས། འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ།། ང་ནི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ་ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་དང་། ལྷན་ཅིག་བསླབ་པ་མཚུངས་པར་གྱུར་པ་བསླབ་པ་མ་ཕུལ་ཞིང་། བསླབ་པ་ཉམས་པར་མ་བྱས་པར་མི་ཚང། ་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་ལྷན་ཅིག་ཀྱང་རུང་སྟེ། དགེ་སློང་མ་དེ་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང ་མ་གང་ཞེས་བྱ་བ་ནི་དགེ་སློང་མ་རྣམ་པ་བཞི་པོ་མིང་གི་དགེ་སློང་མ་དང་། ཁས་འཆེ་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ ་སློང་མའོ།། དེ་ལ་མིང་གི་དགེ་སློང་མ་གང་ཞེ་ན། གང་གི་མིང་དང་། མིང་དུ་བརྗོད་པ་དང་། ཚིག་གཉིས་པ་དང་། ཚིག་བླ་དགས་དང་། འདུ་ཤེས་དང་། བོད་པ་དང་། གདགས ་པ་དང་། ཐ་སྙད་ཀྱི་དགེ་སློང་མ་ཞེ་འམ། དགེ་སློང་མའི་རིགས་ཤེ་འམ། དགེ་སློང་མ་དང་འདྲ་བར་གྱུར་པ་ཞེས་བྱ་བ་དེ་ནི་མིང་གི་དགེ་སློང་མ་ཞེས་བྱའོ།། ཁས་འཆེ་བའི་དགེ་སློང ་མ་གང་ཞེ་ན། གང་དགེ་སློང་མ་མ་ཡིན་བཞིན་དུ་བདག་ཉིད་དགེ་སློང་མའི་ཞེས་ཁས་འཆེ་བར་བྱེད་པ་དང་། རྐུ་ཐབས་སུ་གནས་ཤིང་ཡང་དགེ་སློང་མ་ཡིན་ནོ་ཞེས་བདག་ཉིད་དགེ ་སློང་མར་ཁས་ཆེ་བའི་དགེ་སློང་མ་ཞེས་བྱའོ།། སློང་བའི་ཕྱིར་དགེ་སློང་མ་གང་ཞེ་ན། གང་ཆོས་དང་ལྡན་པས་སློངས་མོ་སྤྱོད་པས་འཚོ་བར་བྱེད་པ་དེ་ནི་སློང་བའི་ཕྱིར་དགེ་སློང་མ་ཞེས ་བྱའོ།། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་གང་ཞེ་ན། གང་གི་ཟག་བཟད་པ་ཀུན་ནས་ཉོན་མོངས་པར་བྱེད་པ་ཡང་སྲིད་པར་བྱེད་པ། རིམས་ནད་དང་བཅས་པ། རྣམ་པར ་སྨིན་པ་སྡུག་བསྔལ་བ། ཕྱི་མ་ལ་སྐྱེ་བ་དང་། རྒ་བ་དང་། འཆི་བར་འགྱུར་བ་གང་དག་ཡིན་པ་དེ་དག་སྤངས་པ་དང་། ཡོངས་སུ་ཤེས་པ་དང་། རྩ་བ་ནས་བཅད་པ་དང་།། ་ཤིང་ཏ་ལའི་མགོ་བཞིན་དུ་གཞི་མ་སྣང་བ་དང་། ཕྱི་མ་ལ་ཡང་མི་སྐྱེ་བའི་ཆོས་ཅན་གྱུར་པ་དེ་ནི་ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ཞེས་བྱའོ།། དོན་འདིར་ནི་གསོལ་བ་དང ་གཞིའི་ལས་མི་གཡོ་བ་བཞག་པར་མི་འོས་པས་བསྙེན་པ་རྫོགས་པ་གང་ཡིན་པ་དེ་དགེ་སློང་མར་དགོངས་ཏེ། དེས་ན་དགེ་སློང་མ་ཞེས་གསུངས་སོ།། དགེ་སློང་མ་རྣམས་དང་ལྷན ་ཅིག་ཅེས་བྱ་བ་ནི་དེ་བས་གཞན་པ་ཆོས་འཆུན་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་ངོ་།། བསླབ་པ་མཚུངས་པར་ཞེས་བྱ་བ་ནི། བསླབ་པ་གང་ལ་བསྙེན་པར་རྫོགས ་ནས་ལོ་བརྒྱ་ལོན་པའི་དགེ་སློང་མས་བསླབ་པར་བྱ་བ་དེ་ལ་དེང་བསྙེན་པར་རྫོགས་པས་ཀྱང་། དེང་བསྙེན་པར་རྫོགས་པ་གང་ཡིན་པ་དེ་ལ་བསྙེན་པར་རྫོགས་ནས་ལོ་བརྒྱ་ལེན ་པས་ཀྱང་ངོ་ཞེས་འདི་ལ་ཚུལ་ཁྲིམས་ཉིད་ཀྱིས་མཉམ་པ་དང་། བསླབ་པ་ཉིད་ཀྱིས་མཉམ་པ་དང་། སོ་སོར་ཐར་པའི་མདོ་འདོན་པ་ཉིད་ཀྱིས་མཉམ་པ་གང་ཡིན་པ་དེ་ནི་བསླབ་པ ་མཚུངས་པ་ཞེས་བྱ་སྟེ། དེས་ན་བསླབ་པ་མཚུངས་པ་ཞེས་གསུངས་སོ།། གྱུར་པ་ཞེས་བྱ་བས་ནི། སོང་བས་སོ།། བསླབ་པ་མ་འཕྲུལ་ཞེས་བྱ་བ་ལ། ཇི་ཙམ་གྱིས་ན་བསླབ ་པ་མ་འཕུལ་བ་ཡིན་ཞེ་ན། འདི་ལྟ་སྟེ་དགེ་སློང་མ་ཁྲོས་ཤིང་ཁྲོ་བས་ཟིལ་གྱིས་ནོན་པས་བསླབ་པ་འབུལ་ན་བསླབ་པ་མ་འཕུལ་བར་བརྗོད་པར་བྱའོ།། སྨྱོས་པ་དང་སེམས་འཁྲུག ་པ་དང་། ཆེར་བདག་གིས་ཉེན་པས་བསླབ་པ་འབུལ་ན། བསླབ་པ་མ་འབུལ་བར་བརྗོད་པར་བྱའོ།། ཁྲོས་པ་འམ་ཁྲོ་བའི་ཟིལ་གྱིས་ནོན་པའི་དྲུང་དུ ་བསླབ་པ་འབུལ་ན། བསླབ་པ་མ་འཕུལ་བར་བརྗོད་པར་བྱའོ།། དགེ་སློང་མ་གླེན་མའི་དྲུང་དུ་བསླབ་པ་འཕུལ་ན། བསླབ་པ་མ་འཕྲུལ་བར་བརྗོད་པར་བྱའོ།། གླེན་མ་ཇི་ལྟ་བ ་བཞིན་དུ་ལྷག་པ་དང་། འོན་མ་དང་། གཉིད་ཀྱིས་ལོག་པ་དང་། སྙོམས་པར་ཞུགས་པ་དང་། ལྷའི་གཟུགས་བརྙན་དང་། སངས་རྒྱས་ཀྱིས་གཟུགས་བརྙན་དང་། མི ་མ་ཡིན་པ་དང་། སྤྲུལ་པ་དང་། དུད་འགྲོར་གྱུར་པའི་དྲུང་དུ་བསླབ་པ་འབུལ་ན། བསླབ་པ་མ་འབུལ་བར་བརྗོད་པར་བྱའོ།། དབུས་པས་མཐར་འཁོབ་པའི་ཚིག་གིས་དབུས ་བ་ལ་བསླབ་པ་འབུལ་བར་བྱེད་ལ། དབུས་པས་གལ་ཏེ་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་འཕུལ་བར་བརྗོད་པར་བྱའོ།། དེ་བཞིན་དུ་མཐའ་འཁེབ། ་པས་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་མཐའ་འཁོབ་པས་དབུས་པའི་ཚིག་དེ་མ་ཤེས་ན་བསླབ་པ་མ་འབུལ་བར་བརྗོད་པར་བྱའོ།། ་མཐའ་འཁོབ་པས་མཐའ་འཁོབ་པའི་ཚིག་གིས་དབུས་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་དབུས་པས་མཐའ་འཁོབ་པའི་ཚིག་སྨྲས་པ་དེ་མ་ཤེས་ན་བསླབ་པ་མ་འཕྲུལ ་བར་བརྗོད་པར་བྱའོ།། དབུས་པས་དབུས་པའི་ཚིག་གིས་མཐའ་འཁོབ་པ་ལ་བསླབ་པ་འབུལ་བར་བྱེད་ལ། གལ་ཏེ་འཐའ་འཁོབ་པས་དབུས་པའི་ཚིག་སྨྲས་པ་དེ་མ་ཤེས་ན ་བསླབ་པ་མ་འཕུལ་བར་བརྗོད་པར་བྱའོ།། དབེན་པར་མི་དབེན་པའི་འདུ་ཤེས་ཀྱིས་བསླབ་པ་འབུལ་ན། བསླབ་པ་མ་འཕུལ་བར་བརྗོད་པར་བྱའོ།། མི་བདེན་པར་བདེན་པའི། ་འདུ་ཤེས་ཀྱིས་བསླབ་པ་འབུལ་ན། བསླབ་པ་མ་འཕུལ་བར་བརྗོད་པར་བྱའོ།། ཅེ་ཅོ་ཅན་གྱིས་ཅ་ཅོ་ཅན་ལ་བསླབ་པ་འབུལ་ན། བསླབ་པ་མ་འཕུལ་བར་བརྗོད་པར་བྱའོ།། ་བསླབ་པ་འབུལ་བར་འདོད་པས་དགེ་སློང་མ་རྣལ་མར་གནས་པ་འགའ་ཡང་ཤེས་པར་མི་བྱེད་པར་བསླབ་པ་འབུལ་བར་བྱེད་ན། བསླབ་པ་མ་འཕུལ་བར་བརྗོད་པར་བྱའོ།། ་ཞེས་གྲག་སྟེ། འདི་ནི་བསླབ་པ་མ་འཕུལ་བ་ཞེས་བྱའོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ་བམ་པོ་གསུམ་པ།། ། བསླབ་པ་ཉམས་པར་མ་བྱས་པ་ཞེས་བྱ་བ་ལ། བསླབ་པ་ཉམས་པར་བྱས་ལ་བསླབ་པ་མ་འཕུལ་བ་ཡང་། ་ཡོད། བསླབ་པ་ཉམས་པར་མ་བྱས་པ་ལ་བསླབ་པ་ཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་ཡང་བྱས་ལ་བསླབ་པ་འཕུལ་བ་ཡང་ཡོད། བསླབ་པ་ཉམས་པར་མ་བྱས ་ལ་བསླབ་པ་མ་འཕྲལ་བ་ཡང་ཡོད་དོ།། ཇི་ཙམ་གྱིས་བསླབ་པ་ཉམས་པར་བྱས་ལ་བསླབ་པ་འཕུལ་བ་མ་ཡིན་ཞེས་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་པར་འདོད་པ་འམ། ་མངོན་པར་མི་དགའ་བ་འམ། རྣམ་པར་འཁྱམ་པར་འདོད་ཅིང་དགེ་སྦྱོང་གི་ཚུལ་དོན་དུ་མི་གཉེར་བ་འམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པ་འམ། མུས་བྱུང་བ་འམ། ་ཐེ་ཚོམ་ཟ་བ་འམ། སློང་བ་དེ། དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས། འདི་སྐད་ཅེས། འཕགས་མ་དག་ཚངས་པར་སྤྱོད་པ་སྤྱད་དཀའོ།། ་རབ་ཏུ་དབེན་པར་བྱ་དཀའོ།། གཅིག་པུ་ཉིད་ལ་མངོན་པར་དགའ་བ་དཀའོ།། གནས་མལ་དགོན་པ་དང་། ནགས་མང་བ་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར ་དཀའོ།། བདག་ཇི་སྲིད་འཚེའི་བར་དུ་མི་རྣམས་ཀྱི་དགའ་བ་དང་། རྩེད་མོ་རྣམས་དང་བྲལ་བ་བྱས་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་རྩ་དང་། ལོ་མ་དང་། ་ཤིང་ལོ་བཏིང་བའི་མལ་བྱེད་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ་གཞན་གྱི་ཁྱིམ་དུ་གཞན་གྱི་དོར་བལྟ་དགོས་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་ཏུ་འདི ་ལྟར་ཆོས་གོས་དང་། བསོད་སྙོམས་དང་། མལ་སྟན་དང་། ནད་གསོས་ཀྱི་སྨན་དང་། ཡོ་བྱད་དག་གཞན་ལས་ཚོལ་ཁྲི་བྱ་དགོས་སོ།། མ་དྲན་ནོ།། བ་དང་མིང་པོ ་དང་པུན་མོ་དྲན་ནོ།། བདག་ཁྱིམ་བཟང་པོ་དག་ཏུ་གཏད་པར་མཛོད་ཅིག་ཅེས་ཟེར་ཞིང་དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད ་བ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། སྨྲ་བའི་ཚིག་དང་ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་དག་སྦ་ཞིང་། འདི་སྐད་ཅེས་བདག་བསླབ་པ་ནི་མི་གཏོང་ངོ་ཞེས ་སྨྲ་བ་འདི་ནི། བསླབ་པ་ཉམས་པར་བྱ་ལ་བསླབ་པ་མ་འཕུལ་བ་ཡིན་ནོ།། ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་ཕུལ་བ་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ། ་ཕྲད་འདོད་པ་དང་། མངོན་པར་མི་དགའ་བ་དང་། རྣམ་པར་འཁྱམ་འདོད་ཅིང་། དགེ་སྦྱོང་གི་ཚུལ་དོན་ཏུ་མི་གཉེར་བ་འམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིད་ལུག་པའམ། མུས་བྱུང་བ། ་འམ། ཐེ་ཚོམ་ཟ་བ་འམ། སྨད་པ་དེ་དག་དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས། འདི་སྐད་ཅེས་འཕགས་མ་དག་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། འདི་ལྟར ་དགེ་སློང་མའི་བསླབ་པ་འབུལ་ལོ་ཞེས་ཟེར་ན། བསླབ་པ་འཕྲུལ་བར་བརྗོད་པར་བྱའོ།། སངས་རྒྱས་གཏོང་ངོ་།། ཆོས་གཏོང་ངོ་།། དགེ་འདུན་གཏོང་ངོ་།། མཁན་པོ་དང་། ་སློབ་དཔོན་གཏོང་ངེ་ཤེས་ཟེར་ཞིང་ཐན་འདི་སྐད་ཅེས་བདག་དགེ་སྦྱོང་མར་གཟུང་དུ་གསོལ། བདག་ཚིམ་པ་མོར་གཟུང་དུ་གསོལ། བདག་ཟ་མ་དངངོ་མ་ནིང་དང་དགེ་སློང་སུན་བྱུང་བར ་གཟུང་དུ་གསོལ། མ་གསད་པ་དང་། ཕགསད་པ་དང་། དགྲ་བཅོམ་པ་གསད་པ་དང་། དགེ་འདུན་གྱི་དབེན་བྱས་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བྱུང་བ ་དང་། རྐུན་ཐབས་སུ་གནས་པའམ། མུ་སྟེགས་ཅན་ཞུགས་པ་ཡིན་ནོ་ཞེས་ཟེར་བའམ། འདི་སྐད་ཅེས་བདག་ཁྱེད་ལྟ་བུ་ཆེས་འཐུན་པ་ཚངས་པ་མཚུངས་པར་སྐྱེད་པ་དག་གིས ་ཆོག་གོ་ཞེས་ཟེར་ཞིང་དེ་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཚིག་དང་སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། སྦ་བའི་ཚིག་དང་། ངག་གི་ལས ་དང་། ངག་གི་རྣམ་པར་རིག་བྱེད་ཀྱིས་འདི་སྐད་ཅེས་བདག་བསླབ་པ་གཏོང་ངོ་ཞེས་སྨྲ་ན། བསླབ་པ་འཕུལ་བར་བརྗོད་པར་བྱ་སྟེ། འདི་ནི་བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ ་སྟེསྔགས་ཅན་ན ་འབུལ་བ་ཡིན་ནོ།། ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་ཡང་བྱས་ལ། བསླབ་པ་འབུལ་བ་ཡང་ཡིན་ཞེ་ན། འདི་ལྟ་སྟེ། དགེ་སློང་མ་ཕྲད་པར་འདོད ་པའམ། མངོན་པར་མི་དགའ་བའམ། རྣམ་པར་འཁྱམ་འདོད་ཅིང་། དགེ་སྦྱོང་གི་ཚུལ་མི་འདོད་པའམ། དགེ་སྦྱོང་གི་ཚུལ་གྱིས་སྒྱིང་ལུག་པ་འམ། མུས་བྱུང་བའམ། ཐེ་ཚོམ ་ཟ་བ་འམ། སྦེད་པ་དེ་དགེ་སློང་མའི་དྲུང་དུ་ཉེ་བར་འོངས་ནས། འདི་སྐད་ཅེས་འཕགས་མ་དག་ཚངས་པར་སྤྱོད་པ་སྤྱད་བཀའོ།། རབ་ཏུ་དབེན་པ་བྱ་དཀའོ།། བདག་ཉིད་གཅིག ་བུ་ལ་མངོན་བརླ་དཀའོ།། གནས་མལ་དགོན་པ་དང་། ནགས་འདབ་དང་། བས་མཐའ་དག་ཏུ་གནས་པ་ཁོང་དུ་ཆུད་པར་དཀའོ།། བདག་ཇི་སྲིད་འཚོའི་བར་དུ་མི་རྣམས་ཀྱི ་དགའ་བ་དང་། རྩེད་མོ་རྣམས་དང་བྲལ་བ་བྱས་པར་འགྱུར་རོ།། བདག་ཇི་སྲིད་འཚོའི་བར་དུ། རྩ་དང་། ལོ་མ་དང་། ཤིང་ལོ་བཏིང་བའི་མལ་བྱེད་པར་འགྱུར་རོ། བདག་ཇི ་སྲིད་འཚོའི་བར་དུ་གཞན་གྱི་ཁྱིམ་དུ། གཞན་གྱི་ངོར་ལྟ་དགོས་པར་འགྱུར་རོ།། བདག་ཇི་སྲིད་འཚེའི་བར་དུ་འདི་ལྟར་གཞན་ལས། ཆོས་གོས་དང་། བསོད་སྙོམས་དང་། མལ ་སྔོན་དང་། ནད་གསོས་ཀྱི་སྨན་དང་། ཡོ་ཁྱོད་དག་ཆོལ་ཟེ་བུཾ་དགོས་སོ།། མ་དྲན་ནོ་པ་དང་མིང་པོ་དང་ཕུ་ནུ་མེ་དྲན་ནེ།། བདག་ཁྱིམ་བཟང་པོ་དག་ཏུ་བཏང་བར་མཛོད་ཅིག་ཅེས ་པེར་ཞིང་འདི་སྐད་ཅེས། ཚེ་དང་ལྡན་མ་དག་དགོངས་སུ་གསོལ། བདག་ཡིང་འདི་ཞེས་བགྱི་བ་འདི་ལྟར་བསླབ་པ་འབུལ་ལོ།། སངས་རྒྱས་དང་ཆོས་དང་དགེ་འདུན་དང་། མན ་པོ་དང་སློབ་དཔོན་གཏོང་ངོ་།། ཞེས་བྱ་བ་དང་། ཐ་ན་འདི་སྐད་ཅེས་བདག་དགེ་སྦྱོང་མར་གཟུང་དུ་གསོལ། བདག་ཁྱིམ་པ་མོར་གཟུང་དུ་གསོལ། བདག་ཟ་མ་དང་མ་ནིང་དང་། ་དགེ་སློང་སུན་བྱུང་བར་གཟུང་དུ་གསོལ། མ་གསད་པ་དང་། ཕ་གསད་པ་དང་། དགྲ་བཅོམ་པ་བསད་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང་། ་རྐུ་ཐབས་སུ་གནས་པ་དང་། གནས་པར་བྱ་བ་མ་ཡིན་པ་དང་། མུ་སྟེགས་པ་དང་། མུ་སྟེགས་པ་ཅན་ཞུགས་པའོ་ཞེས་ཟེར་བ་འམ། འདི་སྐད་ཅེས་དག་ཁྱེད་ལྟ་བུ་ཆེས ་དང་འཐུན་པ་ཚངས་པ་ཚུངས་པར་སྤྱོད་པ་དག་གིས་ཆོག་གོ་ཞེས་ཟེར་ཞིང་། འདི་ལྟར་རྣམ་པར་འཁྱམ་འདོད་པའི་ངག་དང་། ཞེས་བྱ་བ་མུ་དང་པོ་ཇི་ལྟ་བ་བཞིན་དུ་རྒྱ་ཆེར་བརྗོད ་པར་བྱའོ།། དེ་ལྟར་གཉི་གའི་ཕྱོགས་སྨྲ་བ་འདི་ནི་བསླབ་པ་ཉམས་པར་བྱས་པ་ཡང་ཡིན་ལ་བསླབ་པ་འཕུལ་བ་ཡིན་ནོ།། ཇི་ཙམ་གྱིས་ན་བསླབ་པ་ཉམས་པར་མ་བྱས་ཤིང་བསླབ ་པ་མ་འཕྲུལ་བ་ཡིན་ཞེ་ན། རྣམ་པ་དེ་དག་མ་ཏོགས་པ་ན་བསླབ་པ་ཉམས་པར་མ་བྱས་ལ་བསླབ་པ་མ་འཕུལ་བ་ཡིན་ནོ།། མི་ཚངས་པར་སྤྱོད་པ་ཞེས་བྱ་བ་ནི་གཉིས་ཀྱི་ས་གཉིས ་སྤྱོད་པའོ།། འཁྲིག་པ་ཞེས་བྱ་བ་ནི་མི་ཚངས་པར་སྤྱོད་པ་གང་ཡིན་པ་དེ་ཉིད་འཁྲིག་པ་ཡང་ཡིན་ནོ།། ཆོས་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སླར་གསུངས་པའོ།། ་བསྟེན་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་ནའོ།། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དང་ལྷན་ཅིག་ཀྱང་རུང་སྟེ་ཞེས་བྱ་བ་ནི། དོམ་དང་སྤྲེའུ་ལ་སོགས་པ་དང་ལྷན་ཅིག་ཏུའོ།། ་དགེ་སློང་མ་ཞེས་བྱ་བ་ནི། གང་ལ་དགེ་སློང་མའི་དངོས་པོ་ཡོད་པར་གྱུར་པའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པ་གང་ཡིན། ་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་བཞིའི་ལས་ཀྱིས་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར ་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་དང་། གང་ཟག་དེའི་ཁས་ལེན་པ་ཉིད་དང་། མངོན་པར་ཁས་ལེན་པ་དང་། ཕྱིར་མི་ཟློག་པ་དང་། ཕྱིར་མི་འགོག ་པ་ཉིད་དང་། ངག་དང་ཚིག་དང་། ཐ་སྙད་དང་། སྐད་དང་བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་ཏུ་བརྗེད་པ་དང་། ངག་གི་ལས་དང་། ངག་གི་རྣམ ་པར་རིག་བྱེད་གང་ཡིན་པའོ།། འདི་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་སོ།། ཕས་ཕམ་པར་གྱུར་པ་ཡིན་གྱིས་ཤེས་བྱ་བ་ནི།། ་དེ་ཐ་མ་དང་། ལྟུང་བ་དང་། དམན་པ་དང་། འཇུག་ན་འདུག་པ་དང་། ཐཆུད་དང་། ཡིད་དང་མི་མཐུན་པའོ།། ཡང་གང་གིས་ལྟུང་བ་དེ་བྱས་མ་ཐག་ཏུ་དགེ་སློང་མར་མི་རུང ་བར་འགྱུར། དགེ་སྦྱོང་དུ་མི་རུང་བར་འགྱུར། ཤཱཀྱའི་སྲས་སུ་མི་རུང་དགེ་སློང་མའི་དངོས་པོ་ལས་ཉམས་པར་འགྱུར་ཏེ། དེའི་དགེ་སྦྱོང་གི་ཚུལ་ཞིག་པ་ཡིན། ཉམས་པ་བརྩོ ་བ་དང་། ལྟུང་བ་བས་ཕམ་པར་གྱུར་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བསླད་དུ་མེད་པར་འགྱུར་རོ།། འདི་ལྟ་སྟེ། དཔེར་ན་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར་འགྱུར་དུ་མི་རུང ་ལ་འབུལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་མས་གནས་དེ་ལྟ་བུ་བྱས་ན། ཐུག་ཏུ་དགེ་སློང་མར་མི་རུང་ཞེས་བྱ་བའི་བར་སྔ་མ་བཞིན་ནོ།། ་གནས་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང་། གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་ག། ཉིས་དང་། གསོལ་བ་དང་། གཞིའི ་ལས་ཉམས་སུ་མྱོང་བར་མི་བྱ་ཞིང་། གང་ཟག་བཅུ་གཉིས་པོ་དག་ཏུ་བསྒོ་བས་བསྐོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ།། ཞེས་གསུངས་སོ།། དེ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། སྡོམ་ལ། འབབ་ཤིག་དང་ནི་གནས་གསུམ་གྱི། མི་ལ་སོགས་དང་ལྷན་ཅིག་དང་། བསྟེན་ལ་གཞོལ་དང་རྩོལ་བ་དང་། མྱོས་པར་བྱས་དང་མཐུས་འཛིན་པའོ།། ་དགེ་སློང་མས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཕས་ཕམ་པར་འགྱུར་རོ།། ཡང་དགེ་སློང་མ་གང་ཞིག་མི་དང་གནས་གསུམ་གྱིས་མི་ཚངས་པར་སྤྱོད་པ ་འཁྲིག་པའི་ཆོས་བསྟེན་ན་ཕས་ཕམ་པར་འགྱུར་ཏེ། ཁའམ། བཤང་བའི་ལམ་འམ། མོ་མཚན་དུ་བཅུག་ན་དགེ་སློང་མ་དེ་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི ་བྱའོ།། ཇི་ལྟར་མི་དང་ལྷན་ཅིག་གནས་གསུམ་གྱིས་སྟེན་པར་བྱེད་པ་དེ་བཞིན་དུ་མི་མ་ཡིན་པ་དང་། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་དང་། ལྷན་ཅིག་ཏུ་བསྟེན་ན་ཡང་ཐ་མ ་ཅད་དུ་ཕས་ཕམ་པར་འགྱུར་རོ།། ཡང་དགེ་སློང་མ་གང་ཞིག་སེམས་བསྟེན་པ་ལ་གཞོལ་བ་དང་། སྟེན་པ་ལ་བབ་པ་དང་། སྟེན་པ་ལ་འབབ་པར་གྱུར་པས་མོ་མཚན་པར ་ཆད་དང་བཅས་པས་བར་ཆད་དང་བཅས་པ་དང་། བར་ཆད་དང་བཅས་པས། བར་ཆད་མེད་པ་དང་། བར་ཆད་མེད་པས། བར་ཆད་དང་བཅས། ་པ་དང་། བར་ཆད་མེད་པས་བར་ཆད་མེད་པར་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བསྟེན་ན། ཐམས་ཅད་དུ་ཕས་ཕམ་པར་འགྱུར་རོ།། དེ་ལྟར་འདིར་དགེ་སློང་གི་ཕས་ཕམ ་པ་དང་པོའི་དངོས་པོ་ཇི་ལྟ་བ་བཞིན་དུ། དགེ་སློང་མ་ཞེས་བརྗེ་བ་བྱས་ཏེ། འདིར་རྒྱས་པར་བརྗོད་པར་བྱའོ།། བདག་གིས་ནི་ཧ་ཅང་སྤྲོས་པས་འཇིགས་པའི་ཕྱིར། མ་བྲིས་སོ།། ་ཕས་ཕམ་པར་གྱུར་པ་དང་པོ་མདོར་བསྡུས་པ་རྫོགས་ཏེ། རྒྱས་པར་ནི་དགེ་སློང་གི་སོ་སོར་ཐར་པ་དང་རྣམ་པར་འབྱེད་པ་བཞིན་ནོ།། ་སངས་རྒྱས་བཅོམ་ལྡན་འདས་འོད་མའི་ཚལ་བྱ་ཀ་ལན་ད་ཀའི་གནས་ན་བཞུགས་སོ།། དེའི་ཚེ་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་ན་དགོན་པའི་སྤྱིལ་བུ་ན ་གནས་སོ།། དེ་ནས་སྔོན་རྫ་མཁན་དགེ་སློང་ནོར་ཅན་རྒྱལ་པོའི་ཁབ་དུ་ཞུགས་པ་དང་། རྒྱལ་པོའི་ཁབ་ཀྱི་མི་བ་ལང་རྫི་དང་། ཕྱུགས་རྫི་དག་དང་། རྩ་ཐུན་དག་དང་། ་ཤིང་ཐུན་དག་དང་ལམ་གྱིས་འཚོ་བ་དག་དང་། ལམ་གོལ་བས་འཚོ་བའི་མི་དག་གིས། སྤྱིལ་བུ་བཅོམ་ཞིང་རྣམ་པར་དཀྲུགས་ཏེ། རྩ་དང་ཤིང་ཐམས་ཅད་ཀྱང་ཁྱེར་རོ།། ་དེའི་འོག་ཏུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་འོངས་པ་དང་། ཞེས་བྱ་བ་ནས། དེ་བཞིན་དུ་སྔོན་རྫ་མཁན་དགེ་སློང་ནོར་ཅན་ལས་གླེངས་ནས་མ་ཤ་ཀ་ལྔ་འམ་མ་ཤ་ཀ་ལྔ་ལས ་ལྷག་པ་ཞེས་བྱ་བའི་བར་དུའོ།། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ ་བ་མཛད་དོ་ཞེས་བྱ་བ་ནས། གཉི་གའི་དགེ་འདུན་གྱིས་ཤེས་པ་དང་། ངས་འདུལ་བ་ལ་བསླབ་པའི་གཞི་ལེགས་པར་བཅས་པར་འགྱུར་བ་ཞེས་བྱ་བའི་བར་དུའོ།། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མ་མཁྱེན་པར་མ་ཡིན་ཞེས་བྱ་བའི་བར་དུ་ཕས་ཕམ་པ་དང་པོ་སྔ་མ་ཛི། ་ལྟ་བ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ།། དེ་བཞིན་དུ་ཕན་ཡོན་བཅུ་ཞེས་བྱ་བའི་བར་དུ་ཕས་ཕམ་པ། དང་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང ་གཞན་དག་གི་གྲོང་ན་འདུག་པ་འམ། དགོན་པ་ན་འདུག་པ་མ་བྱིན་པ་རྐུ་བའི་རྣམ་གྲངས་སུ་གཏོགས་པ་བླངས་ན། ཇི་ཙམ་མ་བྱིན་པར་བླངས་པས། དེ་རྒྱལ་པོ་འམ་བློན་པོ ་ཆེན་པོས་བཟུང་ནས། དེ་ལ་འདི་སྐད་ཅེས། ཀྱེ་དགེ་སློང་མ་ཁྱོད་ནི་རྐུན་མའོ།། བྱིས་པའོ།། བླུན་པའོ།། རྒ་བའོ་ཞེས་ཟེར་ཞིང་བསོད་དམ་འཆིང་ངམ། སྤྱུག་ཀྱང་རུང་སྟེ། ་དགེ་སློང་མ་དེ་དེ་ལྟར་མ་བྱིན་པར་ལེན་ནེ། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་གྱིས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་དགེ་སློང་མ་བཞི་པོ ་མིང་གི་དགེ་སློང་མ་དང་། ཁས་འཆེ་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར་དགེ་སློང་མ་ལས་ཞེས་བྱ་བའི་བར་དུ་ཕས་ཕས ་པ་དང་པོ་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། གཞན་དག་གི་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་མ་ནིང་དག་གིའོ།། གྲོང་ན་འདུག་པ་འམ ་ཞེས་བྱ་བ་ནི་ར་བའི་ནང་ན་འདུག་པའོ།། དགོན་པ་ན་འདུག་པ་ཞེས་བྱ་བ་ནི་ར་བའི་ཕྱི་རོལ་ན་འདུག་པའོ།། མ་བྱིན་པར་ཞེས་བྱ་བ་ནི་དེ་ལ་སྐྱེས་པའམ་བུད་མེད་དམ་མ་ནིད ་གང་གིས་ཀྱང་མ་བྱིན་པའོ།། རྐུ་བའི་གྲངས་སུ་གཏོགས་པ་ཞེས་བྱ་བ་ནི། མ་བྱིན་པ་གང་ཡིན་པ་དེ་རྐུ་བའི་གྲངས་སུ་གཏོགས་པ་ཡང་ཡིན་ནོ།། བླངས་ན་ཞེས་བྱ་བ ་ནི་ལེན་ནའོ།། ཇི་ཙམ་མ་བྱིན་པའོ་བླངས་པས་ཞེས་བྱ་བ་ནི་མཱ་ཤཱ་ཀཱལཱ་ལས་ལྷག་པས་སོ།། དེ་རྒྱལ་པོ་འམ་ཞེས་བྱ་བ་ནི་སྐྱེས་པ་འམ་བུད་མེད་དམ་མ་ནིང་ཡང་རུང་རྒྱལ་སྲིད ་ལ་དབང་བསྐུར་བས་དབང་བསྐུར་བར་གྱུར་ན། དེ་དག་ནི་རྒྱལ་པོ་ཡང་ཡིན་ལ། དེ་དག་རྒྱལ་རིགས་ཀྱང་ཡིན། དེ་དག་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན་ནོ།། བློན་པོ ་ཆེན་པོས་ཞེས་བྱ་བ་ནི། དེ་ལས་གཞན་པ་བློན་པོ་དང་། རྩིས་མཁན་དང་། སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྲིད་བྱེད་པ་གསང་ཚིག་འཐུན་པས་འཚོ་བ་གང་དག་དེ་ལ་བརྟེན ་ནས་འཚོ་བར་བྱེད་པ་དག་གིས་སོ།། བཟུང་ནས་ཤེས་བྱ་བ་ནི་བཟུང་ནས་སོ།། དེ་ལ་འདི་སྐད་ཅེས་ཀྱེ་དགེ་སློང་མ་ཁྱོད་ནི་རྐུན་མའོ།། བྱིས་པའོ།། བླུན་པའོ།། རྐུ་བའོ།། ་ཞེས་བྱ་བ་དེ་དག་ནི་སྤྱོད་པའི་ཚིག་གོ།། ཟེར་ཞིང་ཞེས་བྱ་བ་ནི་བརྗོད་ཅིང་ངོ་།། གསོད་དམ་ཞེས་བྱ་བ་ནི་སྲོག་དང་བྲལ་བར་བྱེད་པའོ།། འཆིང་ངམ་ཞེས་བྱ་བ་ནི་ཆིངས་མ ་གསུམ་པ་ལྕགས་ལས་བྱས་པ་དང་། ཤིང་ལས་བྱས་པ་དང་། རྩ་ལས་བྱས་པ་དག་གིས་སོ།། སྔགས་ཀྱང་རུང་ཞེས་བྱ་བས་ནི་ཡུལ་མེད་པར་བྱས་ཀྱང་རུང་སྟེ། དགེ་སློང་མ། ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པའོ་ཞེས་བྱ་བ་ནས། དེ་ཡང་ཞེས་བྱ་བ་འདི་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་སོ་ཞེས་བྱ་བ་དང་། ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་གཞིའི་ལས་ཞེས་བྱ་བའི་བར་དུ་བས་ཕམ་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱའོ།། དེ་ལ་ལྟུང་བར ་ཇི་ལྟར་འགྱུར་ཞེ་ན། སྤྱི་སྡོམ་ལ། བདག་ཉིད་ས་དང་ན་མཁའ་དང་། སའི་གཅལ་དང་གཞོན་དང་གྲུབ། སྟོན་ཀ་འབྱུང་དང་ཆུ་དང་ནི། རྐུ་དང་ས་གཞི་འཆོལ་བ་དང་། རྐང ་མེད་དང་ནི་གདོལ་པ་དང་། འབྱང་བར་གྱུར་པ་ཐ་མ་ཡིན། སྡོམ་ལ། བདག་ཉིད་དང་ནི་མ་བྱིན་དང་། སེམས་དང་ཡོངས་སུ་བཟུང་བ་དང་། འདུ་ཤེས་དང་ནི་བཞི་པ་བཞི། ་ལྔ་པ་གཉིས་སུ་བྱས་པ་ཡིན། དགེ་སློང་མས་རྒྱུ་གསུམ་གྱིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་ལེན་ན་བས་ཕམ་པར་འགྱུར་ཏེ་གསུམ་གང་ཞེ་ན། བདག་ཉིད་ཀྱིས་དང་། ་ཞལ་ཏ་བྱས་པ་དང་། མངགས་པས་སོ།། ཇི་ལྟར་བདག་ཉིད་ཀྱིས་ཤེ་ན། བདག་ཉིད་ཀྱིས་རྐུ་བ་དང་། བདག་ཉིད་ཀྱིས་རྐུར་འཇུག་པ་དང་། བདག་ཉིད་ཀྱིས་གནས་ནས ་གནས་སུ་བྱེད་པ་སྟེ། དེ་ལྟར་ན་བདག་ཉིད་ཀྱིས་སོ།། ཇི་ལྟར་ཞལ་ཏ་བྱས་པས་ཞེ་ན། གལ་ཏ་བྱས་ཏེ་རྐུར་འཇུག་པ་དང་། ཞལ་ཏ་བྱས་ཏེ་གནས་ནས་གནས་སུ་སྦེད་པ ་བྱེད་པ་སྟེ། དེ་ལྟར་ན་ཞལ་ཏ་བྱས་པས་སོ།། ཇི་ལྟར་མངགས་པས་ཞེ་ན། མངགས་ནས་རྐུ་བ་དང་། མངགས་ནས་རྐུར་འཇུག་པ་དང་། ་མངགས་ནས་གནས་ནས་གནས་སུ་སྦེད་པར་བྱེད་པ་སྟེ། དེ་ལྟར་ན་མངགས་པས་སོ།། དགེ་སློང་མས་རྒྱུ་གསུམ་པོ་དེ་དག་གིས་གཞན་གྱི་ཡོ་བྱད་ལྕི་བ་མ་བྱིན་པར་བླངས་ན། བས ་བམ་པར་འགྱུར་རོ།། གཞན་ཡང་དགེ་སློང་མས་རྒྱུ་གསུམ་གྱིས་གཞན་དག་གི་ཡོ་བྱད་ལྕི་བ་བླངས་ན་ཕས་ཕམ་པར་འགྱུར་ཏེ། གསུམ་གང་ཞེ་ན། མ་བྱིན་པ་དང་། ལྕི་བ་དང་། ་གནས་ནས་གནས་སུ་སྦེད་པའོ།། ཇི་ལྟར་མ་བྱིན་པ་ཡིན་ཞེ་ན།། སྐྱེས་པ་དང་བུད་མེད་དང་མ་ནིང་གང་གིས་ཀྱང་མ་བྱིན་པ་སྟེ། དེ་ལྟ་བུ་ནི་མ་བྱིན་པ་ཡིན་ནོ།། ཇི་ལྟར་ན་ལྕི་བ ་ཡིན་ཞེ་ན། མ་ཤ་ཀ་ལྔ་འམ། མ་ཤ་ཀ་ལྔ་ལས་ལྷག་པ་སྟེ། དེ་ལྟར་ན་ལྕི་བ་ཡིན་ནོ།། ཇི་ལྟར་གནས་ནས་གནས་སུ་སྦེད་པ་ཡིན་ཞེ་ན། གནས་གང་དུ་བཞག་པའི་གནས། ་དེ་ནས་སྦས་ནས་གནས་གཞན་དུ་འཇོག་པར་བྱེད་པ་སྟེ། དེ་ལྟར་ན་གནས་ནས་གནས་སུ་སྲེད་པ་ཡིན་ནོ།། དགེ་སློང་མས་རྒྱུ་དེ་གསུམ་གྱིས་གཞིན་གྱིས་ཡོ་བྱད ་ལྕི་བ་མ་བྱིན་པར་བླངས་ན། ཕས་ཕམ་པའི་ལྟུང་བར་འགྱུར་རོ།། གཞན་ཡང་དགེ་སློང་མས་རྒྱུ་གསུམ་གྱིས་གཞན་གྱི་ཡི་བྱད་ལྕི་བ་མ་བྱིན་པར་བླངས་ན ་པས་ཕམ་པར་འགྱུར་ཏེ། གསུམ་གང་ཞེ་ན། སེམས་པར་བྱེད་པ་དང་། རྩོལ་བར་བྱེད་པ་དང་། གནས་ནས་གནས་སུ་སྦེད་པའོ།། དེ་ལྟར་སྡོམ་གྱི་ཚིགས་སུ་བཅད ་བརྒྱས་པར་དགེ་སློང་གི་རྣམ་པར་འབྱེད་པ་ལས་ཇི་ལྟར་འབྱུང་བ་དེ་བཞིན་དུ་བརྗོད་པར་བྱ་ཞིང་། དེ་ལས་དགེ་སློང་ཞེས་འབྱུང་བ་ནི་དགེ་སློང་མའི་རྣམ་པར་འབྱེད་པ་འདིར་དགེ ་སློང་མ་ཞེས་བསྒྱུར་བར་བྱའོ།། ། ཕས་ཕམ་པར་གྱུར་པ་གཉིས་པ་རྫོགས་སྷོ།། །། སྤྱི་སྡོམ་ལ། བྲན་ཅན་དང་ནི་རི་དགས་ཟློག། བདག་ཉིད ་དང་ནི་དག་དང་ནི། རོ་ལངས་བསྲོ་གང་ཐ་མ་ཡིན། སྡོམ་ལ་བྲན་ཅན་དང་ནི་སྐྱོང་བ་བ། མཆུ་ཅན་དང་ནི་ཤི་རི་ཀ། ལྷུང་བཟེད་དག་དང་ཆོས་གོས་དང་། མལ་ན་གནས་དང ་ཚོང་དཔོན་ནོ།། སངས་རྒྱས་བཅོམ་ལྡན་འདས་སྤོང་བྱེད་ན། ཆུང་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན། སྒྲེན་ཤིང་གི་ཚལ་གསེབ་ན་བཞུགས་སོ།། དེ་ནས་བཅོམ་ལྡན་འདས། ་ཀྱིས་དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག་མི་སྡུག་པ་བསྟེན་ཅིང་བསྒོམས་པ་ལ་ལན་མང་དུ་བྱས་ན། འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོར ་འགྱུར་རོ་ཞེས་མི་སྡུག་པ་སྟོན་པ་མཛད་ཅིང་། མི་སྡུག་པ་བསྒོམ་པའི་བསྔགས་པ་བརྗོད་པར་ཡང་མཛད་པས། དགེ་སློང་དག་མི་སྡུག་པ་བསྒོམ་པར་བྱེད་དོ།། དགེ་སློང ་དག་མི་སྡུག་པ་བསྒོམ་པ་ན། ལུས་རུལ་བ་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་ཐེ་ཚོམ་ཟ་བ་དང་། སྤོད་པར་བྱེད་པ་ན། མཚོན་ཀྱང་འབྱིན་པར་བྱེད། དུག་ཀྱང ་ཟ་བར་བྱེད། ཐག་པས་ཀྱང་འཆིང་བར་བྱེད། གཡང་སར་ཡང་མཆོང་བར་བྱེད་ཅིང་། འདི་ལྟར་དགེ་སློང་ལ་གསོད་པར་བྱེད་དོ།། དེ་ནས་དགེ་སློང་ཞིག་ལུས་རུལ་བ་འདིས ་ཆུ་ཀླུང་ཡིད་འོང་ལྡན་ག་ལ་དེར་སོང་སྟེ་བྱིན་པ་དང་། ་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པར་བྱེད་ཅིང་། རི་དགས་ཟློག་དགེ་སྦྱོང་སྦེད་ག་ལ་བ་དེར་སོང་སྟེ། ཕྱིན་ནས་རི་དག ་ཟློག་དགེ་སྦྱོང་སྦེད་པ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཚུར་ཤོག་ཁེ་བོ་སྲོག་དང་ཕྲོལ་ཅིག་དང་། ཁོ་བོའི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱོད་ཀྱི་ཡིན་པར ་འགྱུར་རོ།། དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་ཀྱིས་དགེ་སློངབ་དེ་སྲོད་དང་བྲལ་ནས། རལ་གྲི་ཁྲག་གིས་གོས་པི་ཁྱེར་ཏེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་ཅོག ་ཅོག་པར་འདུག་སྟེ། རལ་གྲི་ཁྲག་གིས་འགོས་པ་འཁྲུ་བར་བྱེད་དོ།། དེ་ནས་བདུད་ཀྱི་རིས་ཀྱི་ལྷ་ཞིག་ཆུ་ཀླུང་ཡིད་འོང་ལྡན་གྱི་ཆུ་རྒྱུན་གྱི་སྟེང་དུ་འདུག་ནས། རི་དགས། ་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ལེགས་སོ།། ལེགས་སོ།། འདི་ལྟར་ཁྱོད་དགེ་སྦྱོང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དག་མ ་རྐལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ་བར་བྱེད། དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བ ་བྱེད་པ་ནི། ཁྱོད་ལ་བསོད་ནམས་མང་དུ་སྐྱེ་བར་འགྱུར་ཞིང་། དེ་དག་གི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་ཁྱེད་ཀྱིར་འགྱུར་བ་འདི་ཡང་། ཁྱོད་ཀྱི་རྙེད་པ་ལྷག་པ ་ཡིན་ནོ།། དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་འདི་སྙམ་དུ། གང་དག་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་དག་མ་རྒལ་བ་རྒལ་བར་བྱེད། མ་གྲོལ་བ་གྲོལ ་བར་བྱེད། ལ་དབུགས་མ་ཕྱིན་པ་དབུགས་འབྱིན་པར་བྱེད། ཡོངས་སུ་མྱ་ངན་ལས་མ་འདས་པ་ཡོངས་སུ་མྱ་ངན་ལེས་འདའ་བར་བྱེད་པ་ནི། བདེན་ཏེ་བདག་ལ་བསོད་ནམས ་མང་དུ་སྐྱེ་ཞིང་། དེ་དག་གི་ལྷུང་བཟེད་དང་ཆོས་གོས་གང་ཡིན་པ་དེ་བདག་གི་འགྱུར་བ་དེ་ཡང་བདག་གི་རྙེད་པ་ལྷག་པ་ཡིན་ནོ་སྙམ་དུ་རྒྱ་ཆེར་སྡིག་པ་ཅན་གྱི་ལྟ་བའི་རྣམ་པ་ཐོབ་པར ་གྱུར་ཏོ།། དེ་ནས་རི་དགས་ཟློག་དགེ་སྦྱོང་སྦེད་རལ་གྲི་རྣོན་པོ་འཆན་ཁུང་དུ་བཅུག་སྟེ། ཀུན་དགའི་ར་བའི་དང་། ཀུན་དགའ་ར་བའི་དང་། གཙུག་ལག་ཁང་ནས་གཙུག་ལག་ཁང ་དང་། ཁང་ཁྱིམ་ནས་ཁང་ཁྱིམ་དང་། འཆགས་ནས་འཆགས་དང་། ལམ་གོལ་བར་རྗེས་སུ་རྒྱུ་བ་ན་དགེ་སློང་དེ་དང་དེ་དག་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། དགེ་སྦྱོང ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། མ་རྒལ་བ་ནལ་བར་བྱ། མགྲེལ་བ་གྲོལ་བར་བྱ་ག་དབུགས་མ་ཕྱིན་པ་དབུགས་དབྱུང་བར་བྱ་བ། ཡོངས་སུ་མྱ་ངན་ལས ་མ་འདས་པ་ཡོངས་སུ་མྱ་ངན་ལས་འདའ་བར་བྱ་བ་གང་ཡིན། དེ་ནས་དགེ་སློང་ཞིག་རྣག་གི་ལུས་འདིས་སྒྱིད་ལུག་པ་དང་། མུས་བྱུང་བ་དང་། ཐེ་ཚོམ་ཟ་བ་དང་། སྨོད་པ་ན ་གནས་ནས་ཕྱིར་བྱུང་སྟེ། རི་དགས་ཟློག་དགེ་སྦྱོང་སྦེད་ལ་འདི་སྐད་ཅེས་སྦས་སོ།། གཞིན་བཟངས་བདག་མ་རྒལ་བ་ཡིན་གྱིས་སྦྲེལ་ཅིག། བདག་མ་གྲོལ་བ་ཡིན་གྱིས ་ཁྲོལ་ཅིག། བདག་དབུགས་མ་ཕྱིན་པ་ཡིན་གྱིས་དབུགས་ཕྱག་ཤིག། བདག་ཡོངས་སུ་མྱ་ངན་ལས་མ་འདས་པ་ཡིན་གྱིས་ཡོངས་སུ་མྱ་ངན་ལས་ཟློག་ཤིག། དེ་ནས་རི་དགས ་ཟློག་དགེ་སྦྱོང་སྦེད་ཀྱིས་དགེ་སློང་དེ་སྲོག་དང་བྲལ་བར་བྱས་ཏེ། དེ་བཞིན་དུ་གཉིས་དང་གསུམ་ནས་དགེ་སློང་དྲུག་ཅུའི་བར། སྲོག་དང་བྲལ་བར་བྱས་སོ།། ་དེའི་ཚེ་དགེ་སློང་དག་ཉུང་ངུར་གྱུར་ཉམས་པར་གྱུར། རྔ་རྡོར་གྱུར་ཅིང་དགེ་སློང་གི་དགེ་འདུན་སྲབ་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་ཉིད་ཀྱི་བཅོ་ལྔའི་གསོ་སྦྱོང་ལ། དགེ ་སློང་གི་དགེ་འདུན་གྱི་གུང་ལ་གདན་བཤམས་པ་ཉིད་ལ་བཞུགས་སོ།། བཞུགས་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཐམས་ཅད་ལ་རྣམ་པར་གཟིགས་ཏེ། ཚེ་དང་ལྡན་པ་ཀུན་དགར ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་གང་གིས་ད་ལྟར་དགེ་སློང་དག་ཉུང་ངུར་གྱུར། ཉམས་པར་གྱུར། རྡོ་རྡོར་གྱུར་ཅིང་། དགེ་སློང་གི་དགེ་འདུན་བསྲབས་པར་གྱུར་པའི་རྒྱུ་ནི་གང ་ཡིན། རྐྱེན་ནི་གང་ཡིན། བཙུན་པ་ད་ལྟར་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་དགེ་སློང་དག་མི་སྡུག་པ་སྒོམས་ཤིག། མི་སྡུག་པ་སྟེན་ཅིང་གོམས་པར་བྱས་ལན་མང་དུ་བྱས ་ན་འབྲས་བུ་ཆེན་པོ་དང་། ཕན་ཡོན་ཆེན་པོར་འགྱུར་རོ་ཞེས། མི་སྡུག་པ་བསྒོམ་པའི་བསྔགས་པ་བརྗོད་པར་ཡང་མཛད་དོ།། ཞེས་བྱ་བ་ནས་གསད་པར་མི་བྱའོ།། བདག་ཉིད ་དམ་གཞན་གསོད་དུ་འཇུག་ན་སྟེ། གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་བསླབ་པ་བཅས་སོ།། ཞེས་བྱ་བའི་བར་དུ་རྒྱ་ཆེར་བརྗོད་པར་བུ་སྟེ། དེ་ཉིད་ལས་གླེངས་ནས། ཇི་ལྟར་དགེ་སློང ་གི་རྣམ་པར་འབྱེད་པ་བཞིན་དུ་རྒྱ་ཆེར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ཉིད་དང་གླེང་གཞི་དེ་ཉིད་དང་། དངོས་པོ་དེ་ཉིད་དང་སྐབས་དེ་ཉིད་ཀྱིས་གཉི་གའི་དགེ་འདུ། ་། བསྡུ་བ་མཛད་དེ། ངའི་ཉན་པོས་རྣམས་ཀྱིས་དོན་དེ་ཤེས་པ་དང་། ངས་བསླབ་པའི་གནི་ལེགས་པར་བཅས་པར་འགྱུར་བའི་བར་པས་ཕམ་པ་དང་པོ་རིས་པ་བཞིན་དུ་རྩ་ཆེར་བརྗོད ་པར་བྱའོ།། ཡང་དགེ་སློང་མ་གང་ཤིག་མི་འམ་མིར་ཆགས་པ་ལ་བསམས་བཞིན་དུ་རང་གི་ལག་དར་ཏེ། སྲོག་བཅད་དམ། དེ་ལ་མཚོན་བྱིན་ནམ། དེ་ལ་མངོན་ཐོག་པ་གཉེར ་ཏམ། དེ་ཕྱིར་བཅུག་གས། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ། དེ་ལ་འདི་སྐད་ཅེས། མི་ཁྱོད་འཚེ་བ་སྡིག་པ་མི་གཙང་བ་ངན་པ་འདིས་ཅི་ཞིག་བྱ། ཀྱི་མི་ཁྲོད ་གསོན་པ་པས་ཤི་བླའོ་ཞེས་པར་སེམས་ཀྱི་འདོད་པ་དང་། སེམས་ཀྱི་ཀུན་ཏུ་རྟོག་པ་དག་གིས་རྣམ་གྲངས་དུ་མས་དེ་ལིར་བཅུག་གས། དེ་ལ་འཆི་བའི་བསྔགས་པ་བརྗོད་ལ། ་དེ་ཡང་རྩོམ་པ་དེས་ཤི་བར་གྱུར་ན། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི། དགེ་སློང་མ་རྣམ་པ་བཞི ་བོ།། མིང་གི་དགེ་སློང་མ་དང་། ཁས་འཆི་བའི་དགེ་སློང་མ་དང་། སློང་བའི་ཕྱིར་དགེ་སློང་མ་དང་། ཉོན་མོངས་པ་བཅོམ་པའི་ཕྱིར། དགེ་སློང་མ་ཞེས་བྱ་བའི་བར་ཕས་ཕམ ་པ་དང་པོ་སྔ་མ་ཇི་ལྟ་བར་སྔ་མ་བཞིན་དུ་བརྗོད་དོ།། མི་འམ་ཞེས་བྱ་བ་ནི་གང་གིས་མའི་ལྟོར་དབང་པོ་དྲུག་པོ་འདི་ལྟ་སྟེ། མིག་གི་དབང་པོ་དང་། རྣ་བའི་དབང་པོ་དང་། སྣའི ་དབང་པོ་དང་། ལྕེའི་དབང་པོ་དང་། ལུས་ཀྱི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོག་པར་གྱུར་པའོ།། མིར་ཆགས་པ་ལ་ཞེས་བྱ་བ་ནི། གང་གིས་མའི་ལྟོར་དབང་པོ་གསུམ་པོ་འདི ་ལཱ་སྟེ། ལུས་ཀྱི་དབང་པོ་དང་། སྲོག་གི་དབང་པོ་དང་། ཡིད་ཀྱི་དབང་པོ་ཐོག་པར་གྱུར་པ་ལའོ།། བསམས་བཞིན་དུ་ཞེས་བྱ་བ་ནི། རྣམ་པར་བརྟགས ་ནས་སོ།། རང་གི་ལག་དར་ཞེས་བྱ་བ་ནི། བདག་ཉིད་ཀྱི་ལག་གིས་སོ།། སྲོག་བཅད་དམ་ཞེས་བྱ་བ་ནི་སྲོག་བཅད་པར་གྱུར་ནའོ།། དེ་ལ་མཚོན་བྱིན་ནམ་ཞེས་བྱ་བ་ནི། རལ ་གྲི་འམ། སྤུ་གྲི་འམ། ཆུ་གྲིའོ།། དེ་ལ་མཚོན་ཐོགས་པ་གཉེར་ཏམ་ཞེས་བྱ་བ་ནི། སྐྱེས་པ་འམ་བུད་མེད་དམ་མ་ནིང་ངོ་།། དེ་འཆིར་བཅུག་གམ་ཞེས་བྱ་བ་ནི། འཆིར་གཞུག ་བའི་གང་ཟག་ནི་རྣམ་པ་གསུམ་སྟེ། ནད་པ་དང་། ཚུལ་ཁྲིམས་འཆལ་པ་དང་། ཚུལ་ཁྲིམས་དང་ལྡན་པའོ།། ནད་པ་ལ་ཇི་ལྟ་ཞེ་ན། འདི་ལྟར་དགེ་སློང་མ་དེ་དགེ་སློང་ངམ། ་དགེ་སློང་མ་ནད་པ་ལ་ཆོས་གོས་སམ། དྲ་བ་འམ། ཕོར་བུ་འམ། སྐ་རགས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་འགའ་ཞིག་འདོད་པའི་ཕྱིར། དེ་འདི་སྙམ་དུ ་སེམས་ཏེ། འདི་ཇི་སྲིད་གསོན་པ་དེ་སྲིད་དུ། བདག་གིས་ཐོབ་པར་མ་འགྱུར་གྱིས། བདག་དེའི་དྲུང་དུ་སོང་ལ། འཆིར་གཞུག་གོ་སྙམ་ནས། དེ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ་ཚེ་དང་ལྡན་པ་ནི་ན་བ། སྡུག་བསྔལ་བ། ནད་ཚབས་ཆེ་བ་ཡིན་པས། ཚེ་དང་ལྡན་པ་ཇི་སྲིད་ཡུན་རིང་དུ་འཚོ་བ་དེ་ཇི་སྲིད་དུ་སྡུག་བསྔལ་བ་མི་བཟད་པ། རྩུབ་པ། ཚ་བ། ཡིད་དུ ་མི་འོང་བ་དག་ཉམས་སུ་མྱོང་བར་འགྱུར་རོ།། ཞེས་སྨྲས་པ་ན་དེས་དེ་ལ་འདི་སྐད་ཅེས། འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བ་དེའི་ཚེ། ཚུར་ཤོག་ཁྱོད་ཀྱིས་བདག་ཉིད་ཐོང་ཤིག་བདག ་ཉིད་སོད་ཅིག། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཤིག་ཅེས་སྨྲས་ལ། གལ་ཏེ་ནད་པ་དེ་བདག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ། བདག་ཉིད་སྲོག ་དང་བྲལ་བར་བྱེད་དུ་འཇུག་ན། ཕས་ཕམ་པར་འགྱུར་རོ།། གལ་ཏེ་ནད་པ་དེ་ཉིད་འདི་སྙམ་དུ་དེ་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་འཚོ་བ་ནི་རྙེད་པར་དཀའོ།། བདག་ཉིད་གསོད་པ་ནི ་ནུས་པར་བཀའ་བས་བདག་ཉིད་མི་གཏང་ངོ་།། བདག་གིས་བདག་ཉིད་མི་གསད་དོ།། བདག་གིས་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་གཞུག་གོ་སྙམ་བསམས་ནས། ་གལ་ཏེ་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས ་པ་སྦོམ་པོར་འགྱུར་རོ།། གལ་ཏེ་དེ་དེ་སྐད་སྨྲས་པས། བདག་ནི་འདི་ལྟ་སྟེ། བྱིས་པ། བླུན་པ། མི་གསལ་བ། མི་མཁས་པ། བདག་གིས་གྱ་ཆོམ་དང་བྱང་རྒྱལ་དུ་སོ་སོར་མ་བརྟག ་པའི་ཚིག་སྨྲས་སོ།། སྙམ་དུ་འགྱིད་པར་གྱུར་ནས། དེ་དེ་གན་དུ་སོང་སྟེ། འདི་སྐད་ཅེས་བདག་གིས་ཁྱོད་ལ་བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྤྲས་མོད་ཀྱི། འོན་ཀྱང ་ཁྱོད་བདག་ཉིད་ཀྱི་སྲོག་གཏོང་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱིས་རྗེས་སུ་འཐུན་པའི་སྨན་སོ་སོར་སྟེན་པ་དང་། ཁ་ཟས་འཕྲོད་པ་དག་དང་། ནད་གཡོག ་ཚུལ་བཞིན་བྱེད་པ་དག་གིས། བསྙེན་བསྐུར་བྱས་པར་གྱུར་པ། དེ་ལྟ་ན་རིང་པོ་མི་ཐོགས་པར་བདེ་བ་དང་ནད་མེད་པ་སྟོབས་དང་ལྡན་པར་གྱུར་ནས། གང་དུ་དགའ་བར་འགྲོ་བར ་འགྱུར་བའི་གནས་སྐབས། དེ་ལྟ་བུ་ཡོད་དོ་ཞེས་སྨྲས་པ། གལ་ཏེ་དེ་དེ་ལྟ་བུར་བཟློག་པས་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར ་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ཀྱང་འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས། ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་ནད་པ་དེ་འདི་སྙམ་དུ་དེ་དེ་སྐད ་ཅེས་ཟེར་མོད་ཀྱི། འོན་ཀྱང་ཚོར་བ་རྣམ་པ་འདི་ལྟ་བུར་ཚོར་བ། སྡུག་བསྔལ་བ་མི་བཟང་བ། རྩུབ་པ་ཚ་བ། ཡིད་དུ་མི་འོང་བ་ཉམས་སུ་མྱོང་བ་སུས་བཟོད་ཀྱིས། བདག་ཉིད ་ཀྱིས་བདག་ཉིད་སྲོག་དང་བྲལ་བར་བྱའོ་སྙམ་དུ་བསམས་ནས། གལ་ཏེ་བདག་ཉིད་གཏོང་བུར་བྱེད། བདག་ཉིད་གསོད་པར་བྱེད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན། འཆིར་བཅུས ་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་ཏེ། ནད་པ་ལ་ནི་དེ་ལྟ་བུར་རོ།། ཚུལ་ཁྲིམས་འཆལ་པ་ལ་ཇི་ལྟ་བུར་ཞེ་ན། འདི་ལྟར་དགེ་སློང་མ་དེ། དགེ་སློང་འམ། ་དགེ་སློང་མ་ཚུལ་ཁྲིམས་འཆལ་པའི་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་འགའ་ཞིག་འདོད་པའི་ཕྱིར་དེ་འདི་སྙམ་དུ་སེམས་ཏེ། འདི་ཇི་སྲིད་གསོན་པ་དེ་སྲིད་ཀྱི་བར་དུ་བདག་གིས་ཐོབ་པར ་མི་འགྱུར་བས། བདག་དེའི་དྲུང་དུ་སོང་ལོ་འཆིར་གཞུག་གོ་སྙམ་ནས་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དེ་དེའི་དྲུང་དུ་སོང་སྟེ་འདི་སྐད་ཅེས། ཁྱོད་ནི་ཚུལ་ཁྲིམས་འཆལ ་བཿསྡིག་པའི་ཆོས་ཅན། ལུས་ཀྱིས་ཉེ་བར་སྤྱོད་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ། ཁོང་རུལ་བ་ནས་འཛག་པ། རྩ་ལྟར་གསོག་ཏུ་གྱུར་པ། ལུང་བོང ་ལྟར་ཀུན་དུ་སྤྱོད་པ། དགེ་སྦྱོང་མ་ཡིན་པར་དགེ་སྦྱོང་དུ་ཁས་འཆེ་བ། ཚངས་པར་སྤྱོད་པ་མ་ཡིན་པར་ཚངས་པར་སྤྱོད་པ་ཁས་འཆེ་བ། ཁྱོད་ཇི་སྲིད་དུ་ཡུན་རིང་དུ་གསོན་པ་དེ ་སྲིད་དུ་བསོད་ནམས་མ་ཡིན་པ། མང་དུ་འཕེལ་བར་འགྱུར་ལ། དེའི་འོག་ཏུ་སེམས་ཅན་དམྱལ་བ་རྣམས་སུ་ཚོར་བ་ཤིན་དུ་སྡུག་བསྔལ་བ། ཤིན་དུ་མི་བཟད་པ། ཤིན་ཏུ་རྩུབ ་པ་ལྷག་པར་ཚ་བ། ལྷག་པར་ཡིད་དུ་མི་འོང་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྨྲས་པ་ན། དེས་དེ་ལ་འདི་སྐད་ཅེས་འོ་ནི་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བ་དེའི་ཚེ། དེས་དེ་ལ ་ཚུར་ཤོག། ཁྱོད་ཀྱིས་བདག་ཉིད་ཐོང་ཤིག། བདག་ཉིད་གསོད་ཅིག། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་ཆུག་ཤིག། ཁྱོད་ཤི་དང་བསོད་ནམས་མ་ཡིན་པའི་རྣམ་པ་མང་པོ ་འདི་ལྟ་བུ་འཕེལ་བར་མི་འགྱུར་ལ། ཚོར་བ་སྡུག་བསྔལ་བའི་རྣམ་པ་མ་བཟད་པ་རྩུབ་པ་ཚ་བ་ཡིད་དུ་མི་འོང་བ་དེ་ལྟ་བུ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་སྨྲས་ལ། དེས ་དེ་སྐད་སྨྲས་པས་དེ་བདག་ཉིད་གཏོང་ངམ། བདག་ཉིད་གསོད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་འཇུག་ན། འཆིར་བཅུག་པ་དེ་ཉིད་ཀྱིས་ཕས་ཕམ་པར་འགྱུར་རོ།། ། ་གལ་ཏེ་འདི་སྙམ་དུ་འདི་ལྟར་ཟེར་མོད་ཀྱི། འོན་ཀྱང་འཚོ་བ་ནི་རྙེད་པར་དཀའ་བའོ།། བདག་ཉིད་གསོད་པ་ནི་ནུས་པར་དཀའ་བ་ཡིན་པས། བདག་གིས་བདག་ཉིད་གཏང་ངོ་།། ་བདག་གིས་བདག་ཉིད་མི་གསད་དོ།། བདག་གིས་བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་གཞུག་གོ།། སྙམ་དུ་བསམས་ནས་གལ་ཏེ་དེ་བདག་ཉིད་གཏོང་བར་མི་བྱེད། ་། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ན་ཡང་། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར། ་འགྱུར་རོ།། གལ་ཏེ་དེ་དེ་སྐད་སྨྲས་པས། བདག་ནི་འདི་ལྟར་བྱིས་པ་བླུན་པ། མི་གསལ་བ་མི་མཁས་པ་ཡིན་པས། བཅུག་གིས་གྱ་ཆོམ་དང་བྱང་རྒྱལ་དུ་སྨྲས། བདག་གིས་མ ་བརྟགས་པའི་ཚིག་སྨྲས་སོ།། སྙམ་དུ་འགྱོད་པར་གྱུར་ནས། དེ་དེའི་གན་དུ་སོང་ནས། འདི་སྐད་ཅེས། བདག་གིས་ཁྱོད་ལ་བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས་སྨྲས་མོད ་ཀྱི་འོན་ཀྱང་ཁྱོད་བདག་ཉིད་སྲོག་དང་བྲལ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་ཁྱོད་ཀྱིས་དགེ་བའི་བཤེས་གཉེན་འགའ་ཞིག་མགུ་བར་བྱས་ན། ཁྱོད་ཀྱི་ལུས་ཀྱི་ལས ་ཀྱི་ཀུན་ཏུ་སྤྱོད་པ་ཡོངས་སུ་མ་དག་པ་གང་ཡིན་པ་ལས་བསླང་སྟེ། དགེ་བའི་ལས་ལ་འཇོག་པར་འགྱུར་རོ།། ངག་དང་ཡིད་ཀྱི་ལས་མི་དགེ་བ་ལས་བསླང་སྟེ། ངག་དང་ཡིད་ཀྱི ་ལས་དགེ་བ་ལ་རབ་ཏུ་འཇོག་པར་འགྱུར་རོ།། དེ་ལྟར་ཁྱོད་ཀྱི་དང་ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་དང་ལྡན་ན། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་ལྷ་རྣམས ་ཀྱི་ནང་དུ་སྐྱེ་བར་འགྱུར་བ་དེ་ལྟ་བུའི་གནས་སྐབས་ཡོང་བར་འགྱུར་རོ།། ནེས་སྨྲས་ལ། གལ་ཏེ་དེ་སྐད་ཅེས་སྨྲས་པས་དེ། བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི ་བྱེད། བདག་ཉིད་སྲོག་དང་བྲལ་བར་བྱེད་དུ་མི་འཇུག་ཀྱང་། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་དེ་འདི་སྙམ་དུ། འདི་ལྟར་དེ་ལ ་དེ་སྐད་ཅེས་ཟེར་ལ། བདག་ཇི་སྲིད་དུ་གསོན་པར་གྱུར་པ་དེ་སྲིད་ཀྱི་བར་དུ་བདག་ལས་བསོད་ནམས་མ་ཡིན་པ་མང་དུ་སྐྱེ་བར་འགྱུར་ལ། ཇི་སྲིད་དུ་བདག་ལས་བསོད་ནམས་པ། ་ཡིན་པ་མང་དུ་སྐྱེས་པ་དེ་སྲིད་དུ་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་ལྷག་པར་རྒྱ་ཆེ་བ་དང་། ལྷག་པར་ཡུན་རིང་བ་མྱོང་བར་འགྱུར་བས། གདོན་མི་ཟ་བར་བདག ་ཉིད་སྲོག་དང་བྲལ་བར་བྱའོ།། འདི་ལྟར་བདག་ཉིད་གཏང་བར་བྱའོ།། བདག་ཉིད་གསད་པར་བྱའོ།། བདག་ཉིད་སྲོག་དང་བྲལ་བར་བྱའོ་སྙམ་དུ་བསམས་ནས། གལ་ཏེ ་དེ་དག་ཉིད་གཏོང་བར་བྱེད་དམ། བདག་ཉིད་གསོད་པར་བྱེད་དམ། བདག་ཉིད་སྲོག་དང་བྲལ་བར་བྱེད་ན། འཆིར་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར ་ཏེཚུལ་ཁྲིམས་འཆལ་པ་ལ་ནི་དེ་ལྟ་བུར་རོ།། ཚུལ་ཁྲིམས་དང་ལྡན་པ་ལ་ཇི་ལྟ་བུ་ཞེ་ན། འདི་ལྟར་ཡང་དགེ་སློང་མ་དེ། དགེ་སློང་ངམ་དགེ་སློང་མ་ཡོན་དད་ལྔ་པ་ལ། ་དགེ་སྦྱོང་གི་འཚོ་བའི་ལོང་བུད་འགའ་ཞིག་འདོད་པའི་ཤེས་བྱ་བ་སྔ་མ་བཞིན་ནོ།། དེ་དེའི་དྲུང་དུ་སོང་ནས་འདི་སྐད་ཅེས། ཁྱེད་ནི་ཚུལ་ཁྲིམས་དང་ལྡན་པ་དགེ་བའི ་ཆོས་ཅན། ཡོན་ཏན་ཕུན་སུམ་ཚོགས་པ་དུ་མ་དང་ལྡན་པས། ཁྱོད་ཡུལ་གཞན་དུ་སོང་ན་ཡང་ལོ་ལེགས་པ་ཡིན། མཐོ་རིས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི་ཡོ ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ན་ཡང་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། ཁྱོད་བློ་རིས་སུ་སྐྱེ་ནས་ཀྱང་། ལྷའི་གོས་དང་། དོ་ཤལ་དང་། སེ་མོ་དོས་ལུས ་བརྒྱན་པར་འགྱུར། ལྷའི་བདུད་རྩིས་ལུས་ཚིམ་པར་འགྱུར། ལྷའི་བདེ་བ་ཉམས་སུ་མྱོང་བར་འགྱུར་རོ་ཞེས་སྨྲས་ལ། གལ་ཏེ་དེས་དེ། ་ལ། འོ་ན་ཁོ་བོས་ཇི་ལྟར་བྱ་ཞེས་ཟེར་བའི་ཚེ། དེས་དེ་ལ་ཚུར་ཤོག་བདག་ཉིད་ཐོང་ཤིག། བདག་ཉིད་གསོད་ཅིག། བདག་ཉིད་སྲོག་དང་བྲལ་བར་གྱིས་ཤིག་ཅེས ་སྨྲས་ལ། གལ་ཏེ་དེ་དེ་སྐད་ཅེས་སྨྲས་པས། ཇི་སྟེ་བདག་ཉིད་སྲོག་དང་བྲལ་བར་བྱེད་ན། འཆིར་བཅུག་པའི་ཕྱིར་ཕས་ཕམ་པར་འགྱུར་རོ།། གལ་ཏེ་ཚུལ་ཁྲིམས། ་དང་ལྡན་པ་དེ་ཉིད། འདི་སྙམ་དུ་འདི་ལྟར་དེ་ཡང་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་གསོན་པ་ནི་རྙེད་པར་དཀའོ།། བདག་ཉིད་གསོད་པར་ནི་ནུས་པར་དཀའ་བ ་བདག་གིས་བདག་ཉིད་མི་གཏང་ངོ་།། བདག་གིས་བདག་ཉིད་མི་གསད་དོ།། བདག་གིས་བདག་ཉིད་སྲོག་དང་བྲལ་བར་མི་བྱའོ།། སྙམ་དུ་བསམས་ནས། ་གལ་ཏེ་དེ་བདག་གིས་བདག་ཉིད་གཏོང་བར་མི་བྱེད། བདག་ཉིད་གསོད་པར་མི་བྱེད། བདག་ཉིད་སྲོག་དང་བྲལ་བར་མི་བྱེད་ན་ཡང་། འཆིར་བཅུག་པའི་སྦྱོར ་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་དེ་དེ་སྐད་ཅེས་སྨྲས་པས་འགྱོད་པར་གྱུར་ནས། དེའི་གན་དུ་སོང་སྟེ་འདི་སྐད་ཅེས་ཚེ་དང་ལྡན་པ ་ཤེས་པར་གྱིས་ཤིག། འདི་ལྟར་བྱིས་པ་བླུན་པ། མི་གསལ་བ། བདག་གིས་བྱ་ཆོམ་དང་བྱང་རྒྱལ་དུ་བདག་གིས་མ་ལེགས་པ་ཞིག་སྨྲས་ཀྱིས། ཁྱོད་བདག་ཉིད ་མ་གཏོང་ཤིག། བདག་ཉིད་མ་གསོད་ཅིག། བདག་ཉིད་སྲོག་དང་བྲལ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཚེ་དང་ལྡན་པ་ནི་ཚུལ་ཁྲིམས་དང་ལྡན་པ་དགེ་བའི་ཆོས་ཅན། ་ཡོན་ཏན་དུ་མ་དང་ལྡན་པ། ཁྱོད་ཡུན་རིང་དུ་གསོན་དང་། ཁྱོད་ཡུན་རིང་དུ་གསོན་པས། བསོད་ནམས་མང་པོ་སྐྱེ་བར་འགྱུར་རོ།། འདི་ལྟར་ཁྱོད་ཀྱིས་དེ་ལྟར་བྱས་ན། ་ཡུན་རིང་དུ་ལྷ་རྣམས་ཀྱི་ནང་དུ་བདེ་བ་རྒྱ་ཆེ་བ་མྱོང་བར་འགྱུར་རོ།། ཞེས་སྨྲས་ལ། གལ་ཏེ་དེ་དེ་ལྟར་ཟློག་པ་ན། ཇི་ལྟར་བདག་ཉིད་སྲོག་དང་བྲལ་བར་མི་བྱེད་ན། འཆིར ་བཅུག་པའི་སྦྱོར་བ་སྔ་མ་དེ་ཉིད་ཀྱིས་ཉེས་པ་སྦོམ་པོར་འགྱུར་རོ།། གལ་ཏེ་འདི་སྙམ་དུ་འདི་ལྟར་དེ་ཡང་དེ་སྐད་ཅེས་ཟེར་མོད་ཀྱི། འོན་ཀྱང་བདག་ནི་ཚུལ་ཁྲིམས་དང་ལྡན ་པ་མང་དུ་ཐོས་པ། དགེ་བའི་ཆོས་ཅན། ཡོན་ཏན་དུ་མ་དང་ལྡན་པས། བདག་ཡུལ་གཞན་དུ་སོང་ན་ལོ་ལེགས་པ་ཡིན། མཐོ་རས་ནི་དར་གྱིས་ཆོད་པ་ཙམ། ཐར་པ་ནི ་ཡོལ་བས་བསྒྲིབས་པ་ཙམ་སྟེ། ལུས་ཞིག་ནས་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ་སྙམ་དུ་བསམས་ནས། དེ་བདག་ཉིད་གཏོང་བར་བྱེད། བདག་ཉིད་གསོད་པར་བྱེད།། ་བདག་ཉིད་སྲོག་དང་བྲལ་བར་བྱེད་ན། འདིར་བཅུག་པའི་སྦྱོར་བ་སྔམ་དེ་ཉིད་ཀྱིས་ཉེས་པ་སྡོམ་པར་འགྱུར་བ། ཚུལ་ཁྲིམས་དང་ལྡན་པ་ལ་ནི་དེ་ལྟར་རོ།། དེས་འཆིར ་བཅུག་གས་ཞེས་གསུངས་སོ།། དེ་ལ་འཆི་བའི་བསྔགས་པ་བརྗོད་ཀྱང་རུང་སྟེ་ཞེས་བྱ་བ་ནི། འཆི་བར་མངོན་པར་དགའ་བའི་མདུན་དུ་འཆི་བའི་བསྔགས་པ་བརྗོད་པའོ།། ་དེ་ལྟར་འདི་སྐད་ཅེས་ཀྱེ་མི་ཁྱོད་ཅེས་བྱ་བའི་བོད་པའི་ཚིག་བླ་དགས་ཡིན་ནོ།། འཚོ་བ་སྡིག་པ་མི་གཙང་བ་འདིས་ཅི་ཞིག་བྱ། ཀྱེ་མི་ཁྱོད་གསོན་པས། ་ཤི་བླའོ་ཞེས་བྱ་བ་ནི། སྤང་པའི་ཚིག་ཡིན་ནོ།། ཟེར་ཞིང་ཞེས་བྱ་བ་ནི་བརྗོད་ཅིང་ངོ་།། གཞན་ཡང་རྒྱས་པར་ཕས་ཕམ་པར་གྱུར་པ་དང་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། གནས ་པར་མི་བྱའོ་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ཀྱིས་དེ་དང་ལྷན་ཅིག་ཏུ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དེང་བཞིའི་ལས་ཉམས་སུ་མྱོང་བར་མི་བྱ། དགེ་སློང ་མ་བཅུ་གཉིས་དག་ཏུ་བསྐོ་བར་མི་བྱ་བ་སྟེ། དེས་ན་གནས་པར་མི་བྱའོ་ཞེས་གསུངས་སོ།། དེ་ལྟར་འདི་ནི་ཕས་ཕམ་པར་གྱུར་པ་གསུམ་པ་ཡིན་པར་དགེ་སློང་མའི་འདུལ་བ་ལ་བརྗོད ་པར་བྱའོ།། གཞན་ནི་དགེ་སློང་གི་འདུལ་བ་ལ་ཇི་ལྟ་བ་བཞིན་དུ་བརྗོད་དོ།། །། པས་ཕམ་པར་གྱུར་པ་གསུམ་པ་རྫོགས་སྷོ།། །། སངས་རྒྱས་བཅོམ་ལྡན ་འདས་ལངས་པ་ཅན་ན། སྤྲེའུ་རྫིང་གི་འགྲམ་ན་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ།། དེའི་ཚེ་ཉ་པ་ལྔ་བརྒྱ། འཚོ་བའི་དོན་ལ་ཆུ་ཀླུང་ཡིད་འོང་ལྡན་ལ་རྟེན་ཅིང་འཁོད་དེ། ་དེ་དག་ལ་རྒྱ་མོ་སྤྱོད་པ་དང་སྣོད་ཆེན་པོ་ཞེས་བྱ་བ་གཉིས་ཤིག་ཡོད་པ་ལས་དེ་དག་ལན་འགའ་ནི་རྒྱ་སོ་སྤྱོད་པ་འཇུད་པར་བྱེད། ལན་འགའ་ནི་སྤྱོད་པ་ཆེན་པོ་འཇུག་པར་བྱེད་དེ། གང་གི་ནི ་ཧ་དག་ཉོ་བ་མེད་པ་དེའི་ཚེ་ནི་རྒྱ་མོ་སྤྱོད་པ་འཇུད་པར་བྱེད་ལ། གང་གི་ཚེ་ནི་ཉ་དག་ཉོ་བ་ཡོད་པ་དའ་ཆ་ན་ཧ་དག་ཉ་བ་ཡོད་པ་དེའི་ཚེ་ནི་སྤྱོད་པ་ཆེན་པོ་འཇུག་པར་བྱེད་དོ།། ཇི་ཙམ་དུས་གས ་ཞིག་ན། ཡངས་པ་ཅན་ན་དུས་སྟོན་བྱུང་ནས་དེ་དག་གིས་རྒྱ་མོ་གཉིས་ཀ་བཅུག་སྟེ། ཉིས་བརྒྱ་ལྔ་བཅུ་ནི་ཏུ་སྐྱོང་བ་བཅུག། ཉིས་བརྒྱ་ལྔ་བཅུས་ནི་སྤྱོད་པ་ཆེན་པོ་བཅུག་གོ།། གང་དག་གི། ་རྒྱ་མོ་སྤྱོད་པ་བཅུག་པ་དེ་དག་གིས་ནི། ཉ་དང་རུས་སྦལ་དང་། སྦལ་པ་དང་། ཆུ་སྲིན་བྱིས་པ་གསོད་པ་དང་། ཉ་ཀྱི་བ་ལ་སོགས་པ་མང་པོ་དག་འདི་ལྟ་སྟེ། དཔེར་ན་ཏིལ་དང་འབྲས ་ཐུག་པོ་ཆེ་དང་རྒྱ་ཤུག་དང་། རྒྱ་སྲན་ལས་སོགས་པ་བཞིན་དུ་ཕུང་པོ་ཆེན་པོར་སྲུངས་སོ།། གང་དག་གིས་རྒྱ་མོ་སྤྱོད་པ་ཆེན་བཅུག་པ་དེ་དག་གིས། རྒྱ་མཚོ་ཆེན་པོ་ནས་ཆུ་ཀླུང་ཡིད་འོ། ་ལྡན་དུ་ཞུགས་པ། ཆུ་སྲིན་ཆེན་པོ་ཉའི་རིགས་བོང་ཆོད་ཆེན་པོ་ཉལ་བ་ཟིན་ནས། དེ་དག་གིས་དེ་དྲངས་པར་བརྩམས་སོ།། དེ་དག་གིས་གྲངས་པ་ན། དེ་སད་ནས་ཉ་པ་ཉིས་བརྒྱ ་ལྔ་བཅུ་པ་དེ་དག་དང་། རྒྱ་མོ་སྤྱོད་པ་ཆེན་པོ་ཁྱེར་ཏེ་རྒྱུན་ཕྱོགས་སུ་ཞུགས་སོ།། ཉ་པ་དེ་དག་གིས་ཉ་པ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དག་ལ། གྲོགས་པོ་དག་རྒྱ་མོ་སྤྱོད་པ་ཆེན་པོ་དང་། ་བདག་ཅག་ཁྱེར་གྱི་སར་མདའ་ལོག་ཅེས་བྱས་སོ།། དེ་དག་གིས་ཐོས་ནས། ཉ་བ་ཉིས་བརྒྱ་ལྔ་བཅུ་པོ་གཞན་དེ་དག་ལྷགས་ཏེ། དེ་ཉིད་ལ་རུབ་པ་དང་། དེ་དག་ཀྱང་ཁྱེར་རོ།། ་དེ་ནས་དེའི་འོག་ཏུ་ས་ཕྱོགས་མཐོན་པོར་འདུག་སྟེ། བོས་པ་དང་དེ་ནས་ཕྱུགས་རྩི་དང་བ་ལང་རྩི་ལ་སོགས་པ་འོངས་ནས། འབད་པ་ཆེན་པོས་ཕྱུང་བ་དང་། ཆུ་སྲིན་ཉིའི་རིགས་རི ་བོ་བརྩེགས་པ་འདྲ་བ་མགོ་བོ་བཅོ་བརྒྱད་དང་། མིག་སུམ་བཅུ་དྲུག་ཡོད་པ་ཕྱུང་ངོ་།། ཇི་ཙམ་ན་སྐྱེ་བོའི་ཚོགས་ཆེན་པོ་འོངས་ཏེ་ལྷགས་པ་དང་། སྟོན་པ་དྲུག་པོ་སྟོན་པ་མ་ཡིན། ་བར་ཁས་འཆེ་བ། ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་ཁས་འཆེ་བ། དྲུག་པོ་གང་དག་ཡིན་ཞེ་ན། འདི་ལྟ་སྟེ། འོད་སྲུངས་རྫོགས ་བྱེད་དང་། ཀུན་ཏུ་རྒྱུ་གནག་ལྷས་ཀྱི་བུ་དང་། སྒྲ་འདོད་ཀྱི་བུ་མོའི་བུ་ཡང་དག་རྒྱལ་བ་ཅན་དང་། མི་འཕམ་སྐྲའི་བ་ཅན་དང་། ཀ་ཏའི་བུ་ནོག་ཅན་དང་། གཅེར་བུ་གཉེན་གྱི་བུ་དག་སྟེ། ་སྟོན་པ་མ་ཡིན་པར་སྟོན་པར་ཁས་འཆེ་བ། དྲུག་པོ་འདི་དག་ཀྱང་དེའི་ཚེ་ལྟད་མོ་ལ་ལྷགས་སོ།། དེའི་བར་དུ་ཡང་སངས་རྒྱས་བཅོམ་ལྡན་འདས་ལ་ནི་མི་མཁྱེན་པ་དང་། མ་གཟིགས ་བ་དང་། མ་རིག་པ་དང་། རྣམ་པར་མི་མཁྱེན་པ་ཅི་ཡང་མི་མངའ་བའི་སངས་རྒྱས་བཅོམ་ལྡན་འདས་ཆོས་ཉིད་ཀྱིས་འཚོ་ཞིང་གཞེས་ལ་བཞུགས་པ། ཐུགས་རྗེ་ཆེན་པོ་དང་ལྡན ་པཿགཞན་ལ་ཕན་པར་ཞུགས་པ་དགེ་བའི་སྤྱོད་པ་ལས་མི་གཡོ་བ། ཕ་རོལ་ནོན་པའི་བརྩོན་འགྲུས་བརྟན་པ། ཉག་ཅིག་དཔའ་བ། བསྲུང་བ་གཅིག་པུ་པ། གཉིས་སུ་མེད་པ། ་གཉིས་སུ་མི་གསུང་བ། ཞི་གནས་དང་ལྷག་མཐོང་ལ་གནས་པ། རིག་པ་གསུམ་གསལ་བར་མཛད་པ། བསླབ་པ་གསུམ་ལ་ལེགས་པར་བསླབ་པ། གདུལ་བ་བཞིའི་གསུམ་ལ ་མཁས་པ། ལམ་གསུམ་སྤངས་པ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། མི་འཇིགས་པ་བཞིས་བསྙེངས་པ་མེད་པ། ཆུ་བོ་བཞི་ལས་རྒལ་བ། རྫུ་འཕྲུལ་གྱི་རྐང་པ ་བཞིས་སྤྱོད་པའི་གཞི་ལ་ལེགས་པར་གནས་པ། བསྡུ་བའི་དངོས་པོ་བཞི་ལ། ཡུན་རིང་པོ་ནས་ཡོངས་སུ་སྦྱང་བ་མཛད་པ། ཡན་ལག་ལྔ་སྤངས་པ། འགྲོ་བ་ལྔ་ལས་ཡང་དག ་པར་འདས་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། ཡན་ལག་དྲུག་དང་ལྡན་པ། རྟག་ཏུ་གནས་པར་བྱ་བ་དྲུག་གིས་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས ་ཕྱུག་པ། འཕགས་པའི་ལམ་ཡན་ལག་བརྒྱད་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པས ་ཡང་དག་པར་རྒྱས་པ། བརྒྱ་ཕྲག་བཅུར་དབང་བསྒྱུར་བ་ལས་ཁྱད་དུ་འཕགས་པ་རྣམས་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་སངས་རྒྱས་ཀྱི་སྤྱན་གྱིས། འཇིག་རྟེན་ལ་རྣམ་པར་གཟིག ་ནས། སུ་ནི་ཉམས་པར་གྱུར། སུ་ནི་འཕེལ་བར་གྱུར། སུ་ནི་གནོད་པར་གྱུར། སུ་ནི་ཉམ་ང་བར་གྱུར། སུ་ནི་གནོད་པ་དང་མི་བདེ་བར་གྱུར། གང་གིས་དགེ་བའི་རྩ་བ་མ་བསྐྱེད ་པ་ནི་བསྐྱེད་པར་བྱ། གང་གིས་དགེ་བའི་རྩ་བ་བསྐྱེད་པ་རྣམས་ནི་ཡོངས་སུ་སྨིན་པར་བྱ།། གང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ནི་ཐར་བར་བྱ། གང་ཞིག་འཕགས་པ་རྣམ ་ཀྱི་ནོར་གྱི་དབྱིག་དང་བྲལ་བ་ནི། འཕགས་པའི་ནོར་གྱི་དབང་ཕྱུག་ལ་བཞག་པར་བྱ། གང་ནི་མིའི་འབྲས་བུ་ལ་གནས། གང་ནི་སངས་རྒྱས་ཀྱིས་འདུལ། གང་ནི་སངས་རྒྱས་དང་། ་ཉན་ཐོས་ཀྱིས་འདུལ། གང་ནི་འདོད་ཆགས་ལ་སྤྱོད། གང་ནི་ཞེ་སྡང་ལ་སྤྱོད། གང་ནི་གཏི་མུག་ལ་སྤྱོད། གང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད། གང་ནི་ཉེས་པ ་རྣམས་ཀྱིས་གནོད་པར་གྱུར། གང་ནི་ངན་སོང་ལ་གཞོལ། གང་ནི་ངན་སོང་ལ་འབབ། ངས་གང་ནི་ངན་སོང་ལས་བསླང་སྟེ། མཐོ་རིས་དང་ཐར་པ་དང་འབྲས་བུ་ལ་རབ་ཏུ་བཞག ་པར་བྱ། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་ནི་དྲང་བར་བྱ། གང་གིས་སངས་རྒྱས་འབྱུང་བས་བརྒྱན་པའི་འཇིག་རྟེན་ནི་འབྲས་བུ་དང་། ་བཅས་པར་བྱ་ཞེས་མཁྱེན་པ་དང་གཟིགས་པ་འཇུག་གོ། ཡང་སྨྲས་པ། རྒྱ་མཚོ་ཆུ་སྲིན་རྣམས་ཀྱི་གནས། དུས་ལས་འདའ་བར་འགྱུར་སྲིད་ཀྱི། གདུལ་བྱ་ལ་བྱམས་སངས་རྒྱས་ནི། ་དུས་ལས་འདའ་བར་མི་མཛད་དོ།། ཇི་ལྟར་མ་ནི་བུ་སྡུག་གཅིག་པུ་ལ། རྟོག་ཅིང་དེ་སྲོག་སྲུང་བར་བྱེད་པ་ལྟར། དེ་བཞིན་གཤེགས་པའང་གདུལ་བའི་སྐྱེ་བ་ལ། རྟོག་པ་མཛད་ཅིང ་དེ་སྲོག་སྲུང་བར་མཛད་ཀུན་མཁྱེན་རྒྱུད་ལ་མངའ་བའི་ཐུགས་རྗེའི་བ་གཞོན་གདུལ་བྱའི་བུ་ཚོལ་མི་སྐྱོ་སྟེ། སྲིད་དང་ངན་འགྲོས་ཉམས་ལ་བྱམས་པ་ནི། བདེ་སྡུག་སྟོར་ལ་བྱས ་བའི་བ་གཞོན་བཞིན། དེ་ནས་བཅོམ་ལྡན་འདས་ཀྱིས་ཡེ་ཤེས་གཟིགས་པ་སྒྲིབ་པ་མི་མངའ་བའི་སྤྱན། སངས་རྒྱས་ཀྱི་སྤྱན་གྱིས་གཟིགས། ཀུན་ཏུ་གཟིགས་ནས་དགོངས་པ། ་ཆུ་སྲིན་ཉའི་རིགས་ངན་སོང་ལ་གཞོལ་བ། ངན་སོང་འབབ་པ། སྔོན་གྱི་སངས་རྒྱས་དག་ལ་བྱ་བ་ལྷག་པར་བྱས་པ་ཡིན་ཡང་། ད་ལྟར་སངས་རྒྱས་འབྱུང་བ་དང་བྲལ་བར་གྱུར ་པ་ལོ་སྟོང་ཕྲག་མང་པོར་སེམས་ཅན་དམྱལ་བ་རྣམས་སུ་སྡུག་བསྔལ་མྱོང་བར་གྱུར་པ་ཡིན་གྱིས། ངས་ཆུ་སྲིན་རིགས་འདི་ལ་བརྟེན་ཏེ། གདུལ་བྱའི་ཚོགས་ཆེན་པོ་དྲང ་བར་བྱ། སེམས་ཅན་རྣམས་ཀྱང་ལས་བདག་གིར་བྱ་བ་མངོན་སུམ་དུ་བྱས། དེའི་ཕྱིར་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་གཤེགས་སོ།། སྙམ་དུ་དགོངས་སོ།། སངས་རྒྱས་བཙ ་ལྡན་འདས་རྣམས་ནི་ཆོས་ཉིད་ཀྱིས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཐུགས་བརྩེ་བ་ཡིན་པས། དུས་དུས་སུ་སེམས་ཅན་དམྱལ་བར་གྱུར་གཤེགས་པ་དང་དུད་འགྲོའི་ནང་དུ་རྒྱུ་བ་དང་།། ་ཡི་དགས་ཀྱི་ནང་དུ་རྒྱུ་བ་དང་། ལྷའི་ནང་དུ་རྒྱུ་བ་དང་། ལྗོངས་རྒྱུར་གཤེགས་སོ།། དུས་དུས་སུ་རི་དང་དུར་ཁྲོད་དང་། ཆུ་ཀླུང་དང་། གཙུག་ལག་ཁང་དུ་གཤེགས་སོ།། དོན ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཆུ་ཀླུང་དུ་རྒྱུར་གཤེགས་པར་བཞེད་དེ། འཛུམ་པ་མཛད་ནས་ཞེས་བྱ་བའི་བར་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ་ཀུན་དགའ་བོ་སོང་ལ་དགེ་སློང་རྣམས་ལ་དགེ་སློང་དག་དེ་བཞིན་གཤེགས་པ་ཆུ་ཀླུང་དུ་རྒྱུར་གཤེགས་པར་བཞེད་ཀྱིས་ཁྱེད་ཅག་ལས་གང་དེ་བཞིན་གཤེགས་པ་དང་ཐབས། ་གཅིག་ཏུ་ཆུ་ཀླུང་དུ་འགྲོ་བར་སྤྲོ་བ་དེས་ཆོས་གོས་དག་ལོང་ཤིག། ཅེས་བསྒོ་ཤིག་ཅེས་བྱ་བ་ནས་སེར་སྐྱའི་གླིང་གཞི་འདི་རྒྱས་པར་བརྗོད་པར་བྱའོ།། ཉ་པ་ལྔ་བརྒྱ་ཞེས ་བྱ་བ་ལ་འཕགས་པ་ཤ་རིའི་བུས་ཚིགས་སུ་བཅད་པ་སྨྲས་པ། དེ་བཞིན་གཤེགས་རྣམས་རིགས་དང་ནི།། དུས་དང་ཁྱིམ་ལའང་རྟོག་མི་མཛད།། ཡུན་རིང་བྱས་པར ་གྱུར་པའི།། ལས་རྣམས་ལ་ནི་ལོངས་རྟོག་མཛད།། ཅེས་བྱ་བའི་བར་དང་བཅོམ་ལྡན་འདས་ལ་ཕུལ་བ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་ཚུར་ཤོག་ཅེས་བྱ་བས་རབ་ཏུ ་ཕྱུང་བའི་བར་དང་ཡང་སྨྲས་པ། དེ་བཞིན་གཤེགས་པས་ཚུར་ཤོག་བཀའ་སྩལ་པས། སྐྲ་བྱི་སྣམ་སྦྱར་གྱོན་པའི་ལུས་ལྡན་ཞིང་།། མདོ་ལ་དབང་པོར་རབ་ཞིར་གནས་གྱུར་ཏེ། ་@#སངས་རྒྱས་དགོངས་པས་ལུས་གཟུགས་བཀབ་པར་གྱུར།། ཞེས་བྱ་བའི་བར་དུའོ།། །། དགེ་སློང་མའི་འདུལ་བ་རྣམ་པར ་འབྱེད་པ།། བབ་པོ་བཞི་པ།། སངས་རྒྱས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་དང་ཐབས་གཅིག་ཏུ་ཡངས་པ་ཅན་ན། འོད་མ་ཅན་གྱི་གྲོང ་ཁྱེར་ན་བཞུགས་སོ།། དེའི་ཚེ་མུ་གེ་ཉམ་པ་པ་དཀོན་པ། སྤོངས་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ་བ་ནས། སློངས་མོ་པ་དག་ལྟ་ལ་སྨོས་ཀྱང་ཅི་དགོས་ཞེས་བྱ་བའི ་བར་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ད་ལྟར་མུ་གེ་ཞེས་བྱ་བ་ནས། སློང་མོ་པ་རྣམས་ཀྱིས་ཟས་རྙེད་པར་དཀའ་བ་ཞེས་བྱ ་བའི་བར་དང་། དགེ་སློང་དག་ཁྱེད་ཅག་ཚུར་ཤོག། སྨོས་འདྲིན་ཇི་ལྟ་བ་དང་། ཕེབས་པར་སྨྲ་བ་ཇི་ལྟ་བ་དང་། འགྲོགས་བཤེས་ཇི་ལྟ་བས་ཡངས་པ་ཅན་གྱི་ཉེན་འཁོར་འདི་ཉིད ་དུ་དབྱར་གནས་པར་ཁས་ལོང་ཤིག། ང་ཡང་འོད་མ་ཅན་གྱི་གཉེན་སྐོར་དྲུང་འདི་ཉིད་དུ། ཞྭ་འབྲིང་བ་དགེ་སློང་ཀུན་དགའ་བོ་དང་དབྱར་གནས་ཀྱིས། ཐམས་ཅད་དུ་བསོད་སྙོམ ་ཀྱིས་ཉོན་མོངས་པར་གྱུར་ན་མི་རུང་ཞེས་བྱ་བ་ནས། དགེ་སློང་དག་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ན། ཉེ་དུ་ཡོང་བའི་གན་དུ་སོང་སྟེ། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་བརྟེན་ནས། ་དབྱར་གནས་པར་ཁས་བླངས་སོ་ཞེས་བྱ་བ་ནས། ཉེ་དུ་རྣམས་ཀྱི་མདུན་དུ་ཡོན་ཏན་བསྒྲགས་པར་བྱའོ།། ཞེས་བྱ་བའི་བར་དུའོ།། དུས་པ་དང་འདུས་པ་ཆེན་པོ་གཉིས་ཏེ། གཅིག ་ནི་དབྱར་ཟླ་འབྲིང་པོ་ཉ་ལ་དབྱར་ཉེ་བར་བསྒྲུབ་པའི་ཆེའོ།། ཞེས་བྱ་བའི་བར་དུའོ།། ཡངས་པ་ཅན་གྱི་གྲོང་ཁྱེར་གྱི་ཉེན་སྐོར་ན། སྤོང་བྱེད་ཀྱི་གྲོང་ཁྱེར་དུ་དབྱར་གནས་པར་ཁས་བླངས ་པའི་དགེ་སློང་རྣམས་དབྱར་འདས་ཏེ་འོངས་པ་དང་ཞེས་བྱ་བའི་བར་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་ཚིག་གིས་བསུ་སྟེ་ཞེས་བྱ་བའི་བར་དུའོ།། ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་ནས ་འོངས་པ་རྣམས་ལ་ཚིག་གིས་བསུ་སྟེ་ཞེས་བྱ་བ་ནས། འཚོ་བ་དང་པགས་པ་དང་ཤ་དང་ཁྲག་གིས་རྒྱས་པ་ཞེས་བྱ་བའི་བར་དང་། ཚེ་དང་ལྡན་པ་ཀུན་དགའ་བོས་དྲིས་པ་ཞེས་བྱ་བ་ནས། ་ཡང་དག་པར་ཡིན་པས་སོ་ཞེས་བྱ་བའི་བར་དུའོ།། དེས་དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་ནས། དགེ་སློང་དག་གསུམ་པོ་འདི ་དག་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་ཡིན། རྐུན་པོ་ཆེན་པོ་ཡིན་ཏེ། གསུམ་གང་ཞེ་ན། དགེ་སློང་དག་རྐུན་པོ་འཁོར་བརྒྱ་དང་ལྡན་པ། འཁོར་སྟོང་དང་ལྡན་པ། འཁོར་བརྒྱ་འམ་སྟོང ་གི་སྣ་ལ་སོང་སྟེ། ཁྱིམ་འབིགས་པར་བྱེད། མདུད་པ་འགྲོལ་བར་བྱེད། རིལ་གྱིས་འཕྲོག་པར་བྱེད། ལམ་བསྒྲགས་ཤིང་འདུག་པར་བྱེད། མེ་གཏོང་བར་བྱེད། ལམ་འཇོམས ་བར་བྱེད། རྒྱལ་པོའི་མཛོད་རྐུ་བར་བྱེད། གྲོང་འཇོམས་པར་བྱེད། གྲོང་ཁྱེར་འཇོམས་པར་བྱེད། ཡུལ་འཇོམས་པར་བྱེད་པ་འདི་ནི། དགེ་སློང་དག་འཇིག་རྟེན་ན་ཡོད་པའི་རྐུན་པོ ་རྐུན་པོ་ཆེན་པོ་དང་པོ་ཡིན་ནོ།། གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན། འཁོར་བརྒྱ་འམ་སྟོང་གི་སྣ་ལ་སོང་སྟེ། ་ཁྱིམ་འབུགས་པར་མི་བྱེད། མདུད་པ་འགྲོལ་བར་མི་བྱེད། ཅེས་བྱ་བ་སྔ་མ་བཞིན་ནོ།། འོན་ཀྱང་དགེ་འདུན་གྱི་རྩ་འམ། ཤིང་ངམ་མེ་ཏོག་གམ། འབྲས ་བུའམ། འོད་མ་འམ། གཞལ་བ་གང་ཡང་རུང་བ་དེ་བཙོངས་ཤིང་འཚོང་བར་བྱེད་པ་དང་། དེས་ཁྱིམ་མི་གསོ་བར་བྱེད་པ་འདི་ནི་འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་གཉིས ་བ་ཡིན་ནོ།། གཞན་ཡང་རྐུན་པོ་རྐུན་པོ་ཆེན་པོ་འཁོར་བརྒྱ་དང་ལྡན་པ་ཡང་མ་ཡིན། འཁོར་སྟོང་དང་ལྡན་པ་ཡང་མ་ཡིན་ཏེ། འཁོར་བརྒྱ་སྟོང་གི་སྣ་ལ་སོང་ནས། ཞེས་བྱ་བ ་སྔ་མ་བཞིན་ནོ།། དགེ་འདུན་གྱི་རྩ་འམ། ཤིང་ངམ། མེ་ཏོག་གམ་འབྲས་བུ་འམ། འོད་མ་འམ། གཞལ་བ་གང་ཡང་རུང་བ་དེ་བརྫོངས་ཤིང་འཚོང་བར་ཡང་མི་བྱེད་ལ། དེས་ཁྱིམ ་མི་གསོ་བར་ཡང་མི་བྱེད་མོད་ཀྱི། འོན་ཀྱང་མིའི་ཆོས་བླ་མ་མེད་ལ་མེད་བཞིན་དུ་སྨྲ་བར་བྱེད་པ་འདི་ནི། འཇིག་རྟེན་ན་ཡོད་པའི་རྐུན་པོ་རྐུན་པོ་ཆེན་པོ་གསུམ་པ་ཡིན་ནོ།། དགེ་སྡེ ་ངག་རྐུན་པོ་གང་འཁོར་བརྒྱ་དང་ལྡན་པ་འམ། འཁོར་སྟོང་དང་ལྡན་པ་འམ། འཁོར་བརྒྱའམ་སྟོང་གི་སཱ་ལ་སོང་སྟེ། ཁྱིམ་འབུགས་པར་བྱེད་པ་སྔ་མ་ལྟ་བུ་ནི་ཆུང་ངུ་ཡིན་ནོ། ་རྐུན་པོ་རྣམས་ཀྱི་ནང་ན་གང་། དགེ་འདུན་གྱི་ཚེ་འབ་ཤིང་ངམ་ཞེས་བྱ་བ་སྔ་མ་ལྟ་བུ་འདི་ཡང་རུང་བ་ཡིན་ནོ།། གང་མིའི་ཆོས་བླ་མ་ལ་མེད་ལ་མེད་བཞིན་དུ། སྨྲ་བ་དེ་ནི། འཇ ་རྟེན་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བྲམ་ཟེར་བཅས་པའི་ནང་ན། རྐུན་པོ་རྐུན་པོ་ཆེན་པོ་ཡིན་ནོ།། འདི་ན་གང་ཞིག་དགྲ་བཅོམ ་པར་མ་གྱུར་པར། བདག་ཉིད་དགྲ་བཅོམ་པ་ཡིན་པར་ཁས་འཆེ་བ། དེ་ནི་ལྷར་བཅས་འཇིག་རྟེན་རྐུན་པོ་སྟེ། ཚུལ་ཁྲིམས་འཆལ་པ་ཡིན་པར་བརྗོད་པར་བྱ། ཤེས་རབ་འཆལ་པ ་ལུས་ནི་ཞིག་གྱུར་ནས། སེམས་ཅན་དམྱལ་བ་དག་ཏུ་སྐྱེ་བར་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ཉིད་དང་། གླེང་གཞི་འདི་ཉིད་དང་། དངོས་པོ་འདི་ཉིད་དང་། ་སྐབས་འདི་ཉིད་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དེ། ཉན་ཐོས་རྣམས་ཀྱིས་ཀུན་ཤེས་པ་དང་། ངས་བསླབ་པ་ལེགས་པར་བཅས་པར་འགྱུར་རོ་ཞེས་བྱ་བ་ཕས་ཕམ་པར་གྱུར ་པ་དང་པོ་ཇི་ལྟ་བ་དེ་བཞིན་དུ་བསླབ་པ་བཅས་པའི་བར། རྒྱ་ཆེར་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་ཞིག་མི་ཤེས་ཤིང་ཡོངས་སུ་མི་ཤེས་ལ། མིའི་ཆོས་ཐ་མ་མཐའ་དང་། ་འཕགས་པ་དང་། ཁྱད་པར་ཐོབ་པ་དང་། ཤེས་པ་དང་། མཐོང་བ་དང་། རེག་པར་གནས་པ་མེད་ལ་མེད་བཞིན་དུ་འདི་ཤེས་སོ།། འདི་མཐོང་ངོ་ཞེས་ཁས་འཆེས་པ་ལས། ་དེ་ལྟུང་བ་བྱུང་བ་རྣམ་པར་དག་པར་འདོད་ནས། དུས་གཞན་ཞིག་ན། དྲིས་ཀྱང་རུང་མ་དྲིས་ཀྱང་རུང་འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གིས་ནི། མི་ཤེས་པ་ལས་ཤེས་སོ་ཞེས ་སྤྲས། མ་མཐོང་དོ་ཞེས་སྨྲས་ཏེ། གསོབ་གསོག་བརྫུད་དུ་སྨྲས་སོ་ཞེས་ཟེར་ན། མངོན་པའི་ང་རྒྱལ་མ་གཏོགས་ཏེ། དགེ་སློང་མ་དེ་ཡང་ཕས་ཕམ་པར་གྱུར་པ་ཡིན་པས་གནས ་པར་མི་བྱའོ།། ལན་དགེ་སློང་མ་བཞི་པོ་དག་ལས་ཤེས་བྱ་བ་ནས། དོན་གྱི་སྐབས་འདིར་ནི་གསོལ་བ་དང་། བཞིའི་ལས་མི་གཡོ་བ་གཞག་པར་འོས་པ་མ་ཡིན་པས་བསྙེན་པར ་ཡང་དགེ་སློང་མ་གང་ཞེས ་རྫོགས་པ་གང་ཡིན་པ་དེ་དགེ་སློང་མར་དགོངས་ཏེ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། མངོན་པར་མི་ཤེས་གང་ཞེས་བྱ་བ་ཅི་ཞིག་མངོན་པར་མི་ཤེས ་པས་ཞེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་དག་གོ། ཡོངས་སུ་མི་ཤེས་ཞེས་བྱ་བ་ཅི་ཞིག་ཡོངས་སུ་མ་ཤེས་པས་ཞེ་ན། གཟུགས་ལ་སོགས་པ་ཕུང་པོ་ལྔ་པོ་དེ་ཉིད་དོ།། མིའི ་ཆོས་ཤེས་བྱ་བ་ནི་སྒྲིབ་པ་ལྔ་པོ་དག་གོ། བླ་མ་ཞེས་བྱ་བ་ནི་དེ་དག་སྤངས་པ་གང་ཡིན་པའོ།། མཐའ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའོ།། འབགས་པ་ཞེས་བྱ་བ་ནི་སངས ་རྒྱས་བཅོམ་ལྡན་འདས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་སོ།། ཁྱད་པར་ཐོབ་པ་ཞེས་བྱ་བའི་དགེ་སྦྱོང་གི་འབྲས་བུ་བཞི་པོ་དག་སྟེ། གང་གིས་དེ་ཐོབ་པ་ནི། ་ཁྱད་པར་ཐོབ་པ་ཞེས་བརྗོད་དོ།། ཤེས་པ་ཞེས་བྱ་བ་ནི། སྡུག་བསྔལ་ཤེས་པ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་ཤེས་པའོ།། མཐོང་བ་ཞེས་བྱ་བ་ནི་སྡུག་བསྔལ ་མཐོང་བ་དང་། ཀུན་འབྱུང་དང་། འགོག་པ་དང་། ལམ་མཐོང་བའི་ཤེས་པའོ།། རེག་པར་གནས་ཞེས་བྱ་བ་ནི། བསམ་གཏན་བཞི་པོ་དག་སྟེ། འཕགས་པའི་ཆོས་འདུལ་བ་ལ ་མཐོང་བའི་ཆོས་ཁ་ན་ལ་རེག་པར་གནས་པ་ཞེས་བརྗོད་དོ།། མེད་ལ་ཞེས་བྱ་བ་ནི་གཞི་དེའོ།། མེད་བཞིན་དུ་ཞེས་བྱ་བ་ནི་གང་ཟག་དེ་ལའོ།། འདི་ཤེས་སོ་ཞེས་བྱ་བ། ཅི་ཞིག ་ཤེས་སོ་ཞེ་ན། སྡུག་བསྔལ་ཤེས་སོ།། ཀུན་འབྱུང་དང་། འགོག་པ་དང་། ལམ་ཤེས་སོ།། མཐོང་ངོ་ཞེས་བྱ་བ་ཅི་མཐོང་བས་ཞེ་ན། ལྷ་རྣམས་མཐོང་ངོ་།། ཀླུ་རྣམ ་དང་། གནོད་སྦྱིན་རྣམས་དང་། ན་མཁའ་ལྡིང་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས ་དང་། འགྲུལ་བུམ་རྣམས་དང་། སྲུལ་པོ་རྣམས་དང་། ལུས་སྲུལ་པོ་རྣམས་མཐོང་ངོ་།། ཁ་སྲ་འཆེས་པ་ཞེས་བྱ་བ་ནི་སྨྲས་པའོ།། དེ་ལྟུང་བ་བྱང་བ་ཞེས་བྱ་བ་ནི་གཞི་དེའི་འོ།། ་རྣམས་པར་དག་པར་འདོད་ནས་ཞེས་བྱ་བ་ནི་རྣམ་པར་ལྡང་བར་འདོད་ནས་སོ།། དུས་གཞན་ཞིག་ན་ཞེས་བྱ་བ་ནི་དུས་གཞན་ནའོ།། དྲིས་ཀྱང་རུང་ཞེས་བྱ་བ་ནི་གཞན་གྱིས་སོ།། མ ་དྲིས་ཀྱང་རུང་ཞེས་བྱ་བ་ནི་བདག་ཉིད་ལ་འགྱེད་པ་དང་། རྣམ་པར་འགྱོད་པ་དང་། ཡིད་ལ་བཅགས་པ་སྐྱེས་པས་སོ།། འདི་སྐད་ཅེས་ཚེ་དང་ལྡན་པ་བདག་གིས་ནི་མི་ཤེས་པར ་ཤེས་སོ་ཞེས་སྨྲས་ཞེས་བྱ་བ་ནི་ཡིད་ཀྱི་རྣམ་པར་ཤེས་པས་སོ།། མ་མཐོང་བར་མཐོང་ངོ་ཞེས་སྨྲས་སྟེ། ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ།། གསོག་གསོབ། བརྫུན་དུ ་སྨྲས་སོ་ཞེས་བྱ་བ་ནི་སྨྲས་པའི་ཚིག་གི་རྣམ་གྲངས་སོ།། ཟེར་ན་ཞེས་བྱ་བ་ནི་བརྗོད་ནའོ།། མངོན་པའི་ང་རྒྱལ་མ་གཏོགས་ཏེ་ཞེས་བྱ་བ་ནི་མངོན་པའི་རྒྱལ་བཞག་སྟེའོ།། དགེ ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད་པ་སྟེ་སྔ་མ་བཞིན་ནོ།། དེ་ཡང་ཞེས་བྱ་བ་དེ་ནི་ཉེ་བར་བསྟན་པ་དང་ཀུན་ཏུ་བསྟན་པའི་ཚིག་བླ་དགས་ཡིན་ནོ།། ཇི་ལྟར་ངས ་བམ་པར་གྱུར་པ་དང་པོ་དེར་ལྟུང་བ་བརྗོད་པ་དེ་བཞིན་དུ་བརྗོད་པར་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། འདུ་ཤེས་བསྒྱུར་དང་དགོན་པ་དང་། ཁྱིམ་རྣམས་སུ་ནི ་སྟན་བཀྲ་དང་། རང་གི་མཚན་ཉིད་འཛིན་པ་དང་། བདག་ཉིད་ཉེ་བར་སྟོན་པའོ།། ཡང་དགེ་སློང་མ་གང་ཞིག་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད། ་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ལྷ་རྣམས་མཐོང་ངོ་ཞེས་ཟེར་ན་ཕས་ཕམ་པར་འགྱུར་རོ།། དེ་བཞིན་དུ་ཀླུ་རྣམས་དང་། གནོད་སྦྱིན་རྣམས་དང ་སྔ་མ་བཞིན་དུ་ལུས་སྲུལ་པོ་རྣམས་ཀྱི་བར་དུ་མཐོང་ངོ་ཞེས་ན་ཕས་ཕམ་པར་འགྱུར་རོ།། དེ་ལྟར་སྡོམ་གྱི་ཚིགས་བཅད་འདི་ཡང་དགེ་སློང་གི་འདུལ་བ་ལས་དགེ་སློང་ཤེས་འབྱུང་བ། ་དགེ་སློང་མ་ཞེས་བྱ་བར་བསྒྱུར་ཏེ། བརྗོད་པར་བྱའོ།། །། བས་ཕམ་པར་གྱུར་པ་བཞི་པ་རྫོགས་སྷོ།། ། སྔོན་བྱུང་བའི་རབས་ཀྱི་སྡོམ་ལ། འདོད་ཆགས་ཆུང་དང་། ་གཉིད་ཀ་དང་།། མདོག་བཟང་ཚངས་སྤྱོད་མངོན་ཤེས་དང་།། ཕྱུགས་དང་རིགས་མཐོར་སྐྱེས་པ་དང་།། འདོད་པ་ཆུང་དང་འོད་སྲུང་ངོ་།། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཙུན་པ་འོད་སྲུངས་ཆེན་པོ་དང་། སེར་སྐྱའི་བཟང་མོ་དང་། གཉིས་འདོད་ཆགས་ཆུང་བ་ལ་གཟིགས ་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་འབའ་ཤིག་ཏུ་མ་ཟད་དེ། འདས་པའི་དུས་ན་ཡང་ཞེས་བྱ་བའི་བར་དུའོ།། དགེ་སློང་དག་འདི་གཉིས ་ཀྱིས་ལས་བྱས་ཤིང་ཉེ་བར་བསགས་པ་ཞེས་བྱ་བའི་བར་ནས་རྒྱས་པར་བྱའོ།། དགེ་སློང་དག་སྔོན་འདས་པའི་དུས་ན། རྒྱལ་པོའི་ཕོ་བྲང་ཞིག་ན། ཞིང་པ་ཞིག་འདུག་པ་དེ ་ནང་པར་སྔར་ལངས་ནས། ཐོན་པ་དང་གཤོལ་བླངས་ཏེ། ཞིང་རྨོད་དུ་འགྲོ་ཀར་ཆུང་མ་ལ་ཉི་མ་ཤར་བ་དང་། གཡར་ཆུས་ཁྱེར་ལ་ཤོག་ཤིག་ཅེས་བསྒོའོ།། དེའི་ཆུང་མ་གཡར་ཆུས་ཁྱེར་ཏེ། ་འོངས་པ་དང་། དེ་མ་ཐག་ཏུ་རང་སངས་རྒྱས་བསེ་རུ་ལྟ་བུ་ཞིག་འོངས་ནས། དེ་ནས་དེས་དེའི་རྐང་པ་ལ་འཚལ་ཏེ་ལངས་པ་དང་། དེས་སྨྲས་པ། ཞེས་བྱ་བའི་བར་དང་། རང་སངས ་རྒྱས་ན་མཁའ་ལ་འདུག་གོ་ཞེས་བྱ་བ་ནས་བསོད་སྙོམས་ཕུལ་ཏེ་སྨོན་ལམ་དག་བཏབ་པ། འདི་ལྟར་ཉོན་མོངས་པ་ཀུན་གྱི་དང་དུ་གྱུར་པས། ནོངས་པ་གང་བགྱིས་པ་དེ་ཞེས་བྱ་བའི ་བར་ནས། བདག་ཅག་གཉིས་འདོད་ཆགས་ཆུང་བར་གྱུར་ཅིག་ཅེས་བྱ་བའི་བར་དུའོ།། དགེ་སློང་དག་དེའི་ཚེ་དེའི་དུས་ན་ཞིང་པར་གྱུར་པ་གང་ཡིན་པ་དེ་ནི། འོད་སྲུངས་འདི་ཡིན་ནོ།། ་དེའི་ཚེ་དེའི་དུས་ན་ཞིང་བའི་ཆུང་མར་གྱུར་པ་གང་ཡིན་པ་དེ་ནི། སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ཏེ། དེ་གཉིས་ཀྱིས་དེའི་ཚེ། རང་སངས་རྒྱས་ལ་བསོད་སྙོམ་ཕུལ་ནས་སྨོན་ལམ ་བཏབ་པའི་ཕྱིར་འདི་གཉིས་འདོད་ཆགས་ཆུང་བར་གྱུར་ཏོ་ཞེས་བྱ་བའི་བར་དུའོ།། དེའི་ཕྱིར་དགེ་སློང་འདོད་ཆགས་སྤང་བའི་ཕྱིར་འབད་པར་བྱའོ།། དེ་ལྟ་ན་ཁྱེད་ཀྱིས་ཡོན་ཏན་གྱི ་ཚོགས་རྣམས་བསྐྱེད་པར་འགྱུར་ཏེ། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ།། ཞེས་བྱ་བའི་བར་དུའོ།། ཡང་དགེ་སློང་རྣམས་ཞེས་བྱ་བ་ནས་ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང་། ་སེར་སྱའི་བུ་མོ་བཟང་མོས་ལས་ཅི་ཞིག་བགྱིས། གང་གི་སླད་དུ་གཉིས་ཀ་རབ་ཏུ་བྱུང་བར་གྱུར་ཅིག་ཅེས་གསོལ་བའི་བར་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་སྨོན་ལ ་གྱི་དབང་གིས་སོ།། གང་དུ་ལགས་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན་གྲོང་ཁྱེར་ཆེན་པོའི་ཕྱི་རོལ་གྱི་གྲོང་ཁྱེར་ན་རྫ་མཁན་གྱི་བོང་སའི་ཁང་པ ་ཞིག་ཡོད་པར་གྱུར་ཏོ།། སངས་རྒྱས་མི་བཞུགས་པའི་ཚེ་ན་རང་སངས་རྒྱས་ཕོངས་པ་དང་། དམན་པ་ལ་སྙིང་རྗེ་བ། སེམས་ཅན་ལ་ཕན་འདོགས་པར་ཞུགས་པ་བྱུང་ངོ་།། དེ་ནས ་རང་སངས་རྒྱས་ཤིག་རྫ་མཁན་གྱི་བོང་སའི་ཁང་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། རྫ་མཁན་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་གལ་ཏེ་ཁྱོད་ལ་མི་བདེ་བ་མེད་ན། བོང་སའི ་ཁང་པའི་ཕྱོགས་གཅིག་ཏུ་གནས་བཅའོ།། དེ་སྐད་ཅེས་སྨྲས་པ་དང་། རྫ་མཁན་གྱིས་རང་སངས་རྒྱས་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་ཅི་བདེར་བཞུགས་ཤིག། དེ་ནས་རང ་སངས་རྒྱས་དེ་བོང་སའི་ཁང་པའི་ཕྱོགས་གཅིག་ཏུ་རྩའི་གདིང་བ་བཤམས་ནས། སྦྲུལ་གྱི་རྒྱལ་པོ་གཉིད་ལོག་པའི་བསྐྱིལ་བ་ལྟ་བུར་དཀྱིལ་མོ་ཀྲུང་བཅས་ནས་འདུག་གོ། དེ་ནས་རང ་སངས་རྒྱས་གཉིས་པ་ཞིག་ཀྱང་འོངས་ཏེ། ཞེས་བྱ་བའི་བར་ནས། རྫ་མཁན་དེ་ལས་བརྙེས་ཏེ་པོང་སའི་ཁང་པ་དེ་ཉིད་ཀྱི་གྲཝ་གཉིས་པར་འདུག་གོ་ཞེས་བྱ་བའི་བར་དུའོ།། གསུམ ་པ་ཞིག་ཀྱང་འོངས་ནས་གྲཝ་གསུམ་པར་འདག་གོ་ཞེས་བྱ་བའི་བར་དང་། དེ་བཞིན་དུ་བཞི་པ་ཞིག་ཀྱང་འོངས་ནས། གྲཝ་བཞི་པར་འདུག་གོ་ཞེས་བྱ་བའི་བར་དུའོ།། དེ་ནས་ཉི་མ་ནུབ ་ནས་ནམ་སྲོས་པར་རིག་པ་དང་། རང་སངས་རྒྱས་བཞི་པོ་དེ་དག་ཉིད་མེའི་ཁམས་ལ་སྙོམས་པར་ཞུགས་པ་དང་། རྫ་མཁན་གྱི་སྒོ་གསེབ་ནས་པོང་སའི་ཁང་པ་དེ་ཐམས་ཅད་འབྲར ་རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ཞིང་མེ་ལྕེ་གཅིག་ཏུ་གྱུར་པར་མཐོང་ནས་ངེས་བསམས་པ། ཡོན་གནས་དག་བྱོན་ནས་བདག་གི་བོང་སའི་ཁང་པ་གང་ཡིན་པར་གནས་པར་གྱུར་པ་དེ་ནི། ་བདག་དབང་ཐང་ཆེ་བ་དང་ཕན་འདོགས་པ་དང་ལྡན་པ་ཡིན་ནོ་སྙམ་མོ།། ཡང་སྨྲས་པ། ཀྱེ་མ་རོ་ལོན་གནས་བྱོན་པ་དག། རིང་མོ་ཞིག་ན་མཐོང་གྱུར་པས།། འཇིག་རྟེན་འདི་དང་ཕ་རོལ་ཏུ། ་བདག་ནི་བདེ་བ་ཉིད་དུ་འགྱུར།། རང་སངས་རྒྱས་དེ་དག་ཀྱང་ཡོན་བདག་གི་དགེ་བའི་རྩ་བ་བསྐྱེད་པའི་ཕྱིར་བསམ་གཏན་དང་། རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག ་པ་དག་གིས་མཚན་མོ་འདས་པར་མཛད་ནས། གཅིག་ལ་གཅིག་ཀུན་དགའ་བར་འགྱུར་བ་རྩོམ་མོ།། དེ་ནས་རང་སངས་རྒྱས་དེ་རྣམས་ཀྱིས་གཅིག་ལ་སྨྲས་པ། ཁྱོད་སུ་ཞིག། གང་དུ། ཅིའི ་ཕྱིར། ཇི་ལྟར་རབ་ཏུ་བྱུང་། དེ་རྣམས་ཀྱིས་དེ་སྐད་ཅེས་སྨྲས་པ་དང་། དེས་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་རྣམས་ཀྱིས་ཡུལ་ཀ་ལིང་ན་རྒྱལ་པོ་རྣ་ལག་ཅན་ཞེས་བྱ། ་བ་ཐོས་སམ། དེ་དག་གིས་སྨྲས་པ། ཐོས་ཏེ་གཞན་ཡང་བདག་ཅག་གིས་རྒྱལ་པོ་རྣ་ལག་ཅན་དེ་ནི་འབྱོར་པ་དང་ཡོངས་སུ་གཟུང་བ་རྒྱ་ཆེ་བ་གཞོན་པ་གླང་པོ་ཆེ་དུ་མ་ཡོད་དོ་ཞེས་ཀྱང་ཐོས ་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གིས་ཇི་སྐད་ཐོས་པ་དེ་བཞིན་མོད་ཀྱི། འོན་ཀྱང་བདག་གིས་ནི་རྒྱལ་སྲིད་ཀྱི་ཉེས་དམིགས་མཐོང་ནས་རབ་ཏུ་བྱུང་ངོ་།། དེ་དག་གིས་སྨྲས་པ། ་ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཉེས་དམིགས་ཅི་ཞིག་མཐོང་ནས་རབ་ཏུ་བྱུང་། དེས་སྨྲས་པ། ཉེ་དམིགས་གང་ཡོད་ན་དེ་ཡང་མི་ཆེ་བ་ཞིག་གོ།། ཇི་ལྟ་བ་ཞིག། བཙུན་པ་དག་ཉོན་ཅིག། བདག་འདི ་ན་སྟེང་གི་ཁང་བཟངས་ཀྱི་ཐོག་ནས་འདུག་པའི་ཚེ། དེ་ན་བྱ་ཞིག་ཤའི་དུམ་བུ་ཞིག་ཁྱེར་ནས་ན་མཁའ་ལ་འཕུར་བ་ན། དོན་དེའི་ཕྱིར་དེ་བཞིན་མང་པོ་ཞིག། ་གིས་གཅེས་སོ།། དེས་དེ་བོར་བ་དང་། གཞན་གྱིས་བླངས་ཏེ་གང་གིས་དེ་བོར་བ་དེ་ནི་བཏང་ལ་གང་གིས་བླངས་པ་དེ་ནི་ཀུན་ནས་བསྐོར་ཏེ། དེ་ལྟར་ཕན་ཚུན་དུ་འཕྲོག་པར་བྱེད་པ་ན ་བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། ལེན་པ་གང་ཡིན་པ་དེ་ནི་བཅིངས་ལ། འདོར་བ་གང་ཡིན་པ་དེ་ནི་གཏོར་བར་བྱེད་ན། བདག་རྒྱལ་སྲིད་རྒྱས་པ་ཡོངས་སུ་ལོངས ་སྤྱོད་པ་འདིའི་རྒྱུས་བདག་དང་ཉི་འོག་གི་རྒྱལ་པོ་དང་ལྷན་ཅིག་ཏུ་འཐབ་པ་དང་རྩོད་པ་དང་། འགྱེད་པར་འགྱུར་བར་གདོན་མ་ཟས་ཏེ། བདག་ནི་རྒྱལ་སྲིད་ཀྱི་བདེ་བ་དེས་ཆོག་གོ་སྙམ་ནས། ་རྒྱུ་དེ་དང་རྐྱེན་ང་རྙེད་པས་བདག་ངེས་པར་འབྱུང་སྟེ། དཀའ་ཐུབ་ཀྱི་ནགས་ཚལ་དུ་ཡང་དག་པར་བརྟེན་ནས། དེར་བདག་གིས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་གསུམ་དུ་བྱས་སོ།། ་ཡང་སྨྲས་པ། བྱ་ཡི་ཤིའི་དུམ་བུ་ཁྱེར་བ་ན། བྱ་གཞན་ཀུན་ནས་བསྐོར་ཅིང་འབྲང་མཐོང་ངོ་།། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། གསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། ་དེ་རྣམས་ཀྱིས་སྦས་པ། དེའི་ཚིག་ཐོས་ནས། གཉིས་པ་ལ་ཇི་ལྟར་རབ་ཏུ་བྱུང་ཞེས་དྲིས་པའི་བར་ནས་ཚེ་དང་ལྡན་པ་རྣམས་ཀྱིས་ཡུལ་མི་ཐི་ལར། རྒྱལ་པོ་གདོང་མ་ལེགས་པ ་ཞེས་བྱ་བ་བྱུང་བ་ཐོས་སམ། ཞེས་བྱ་བའི་བར་ནས་སྟེང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པའི་ཚེ་ཞེས་བྱ་བའི་བར་དུའོ།། ཇི་ཙམ་ན་གླང་ཁྱ་བ་གཉིས་འདོད་པའི་རྒྱུས། ཕན་ཚྭན ་སྦས་ཤིང་སྣང་བ་མཐོང་བ་ན། བདག་ཚུལ་བཞིན་ཡིད་ལ་བྱེད་པ་སྐྱེས་པར་གྱུར་ཏེ། འདི་ལྟར་རེ་ཤིག་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་འདི་གཉིས་ཀྱང་འདོད་པའི་རྒྱུས་ཕན་ཚུན་སྤང་པ་དང་། ་སྦས་པར་གྱུར་ན་ཞེས་བྱ་བའི་བར་ནས། བདག་ཉི་འོག་གི་རྒྱལ་པོ་དང་ལྷན་ཅིག་ཏུ་འཐབ་པ་དང་རྩོད་པ་དང་། མཚང་འབྲུ་བ་དང་། འགྱེད་པ་ཞེས་བྱ་བའི་བར་དང་། རབ་ཏུ་བྱུང ་སྟེ་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ་ཞེས་བྱ་བའི་བར་དུའོ།། ཡང་སྨྲས་པ། འདོད་པའི་གཞི་དང་རྒྱུ་ཡིས་ནོག་གཡོ་ཞིང་། སྣང་དང་གཅིག་ཤོས་སྨྲས་པར་གྱུར ་མཐོང་བ། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། དེའི་ཚིག་ཀྱང་ཐོས་པ་དང་། གསུམ་པ་ལ་ཁྱོད་ག་ལས། ཇི་ལྟར་རབ་ཏུ་བྱུང་ཞེས་དྲི་སྟེ།། ་དེས་སྨྲས་པ། བདག་ཡུལ་བ་ར་ན་སེའི་གྲོང་ཁྱེར་གྱི་ཕོ་བྲང་འདི་ཉིད་དེ། རྒྱལ་པོ་ཚངས་སྦྱིན་ཞེས་བྱ་བ་ནས། གཞོན་པ་གླང་པོ་ཆེ་བརྒྱ་ཕྲག་དུ་མ་བདོག་པར་གྱུར་ཏོ་ཞེས་བྱ་བའི་བར ་དུའོ།། དེ་དག་གིས་སྨྲས་པ། ཁྱོད་ཀྱིས་རྒྱལ་སྲིད་ཀྱི་ཉེས་དམིགས་ནི་ཅི་ཞིག་མཐོང་། འདོད་པ་ལ་སྐྱོན་ནི་ཅི་ཞིག་མཐོང་། དེས་སྨྲས་པ། ཁྱེད་ཉོན་ཅིག་བདག་འདི་ན་དགུན་གྱི་དུས། ་བུ་ཡུག་ལྡང་བ་འདས་ཏེ། སོས་ཀའི་དུས་ལ་བབ་པ་ན། ཤིང་རྣམས་ཀྱི་མེ་ཏོག་ནི་ལེགས་པར་རྒྱས། བུང་བ་རྣམས་འཕུར་བའི་ལང་ལོང་གིས། མེ་ཏོག་གི་མགོ་ལྕོགས་སྡུག་གུ ་རྣམས་ནི་ལྡེམ། ཙན་དན་བསྟེན་པ་དང་ནི་རྗེས་སུ་མཐུན། ཁུ་བྱུག་གི་སྒྲ་ནི་འབྱིན། ནགས་ཀྱི་ནང་ན། ངང་པ་དང་། ཟུང་ཁྲུང་དང་། རྨ་བྱ་དང་། ནེ་ཙོ་དང་། རི་སྐེགས་རྣམས་ཀྱི། ་སྐད་འབྱིན་པ་ནང་། སླས་ཀྱི་བཙན་མོ་དང་ལྷན་ཅིག་ཏུ་སྐྱེད་མོས་ཚལ་གྱི་སར་སོང་བ་ན། དེ་བདག་གིས་ཨ་མྲའི་ཤིང་མེ་ཏོག་ཤིན་ཏུ་སྦ་བ་མཐོང་བ་དང་། ་སྲས་ཀྱི་བཙུན་མོ་དེ་དག་མེ་ཏོག་ལ་ཆགས་པས། སྐད་ཅིག་ཏུ་དེ་དག་ཡལ་ག་རྣམས་བཅག་སྟེ། གཞག་གོ། དེ་ལ་བདག་འདི་སྙམ་དུ་རེ་ཤིག། ཕྱི་རོལ་གྱི་དངོས་པོ་འདི་དག་ནི་ཕུན ་སུམ་ཚོགས་པ་ན་འཛེས་པ་ཡིན་ལ། ཉམས་པ་ན་མི་མཛེས་པ་ཡིན་ན། བདག་རྒྱལ་སྲིད་འབྱོར་པ་ཡོངས་སུ་ལོངས་སྤྱོད་པ་ཞེས་བྱ་བའི་བར་ལྟ་གདོན་མི་ཟ་བར་སྙམ་དུ་བསམ ་ནས་རབ་ཏུ་ཕྱུང་སྟེ། རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱས་སོ།། ཡང་སྨྲས་པ། ཨ་མྲའི་ཤིང་རྩེ་མེ་ཏོག་ལེགས་རྒྱས་པ།། ཡིང་འོང་གཟུགས་ལྡན་ཆགས་པ་མཐོང་བ་ན། ་དེ་ལྟར་འདོད་པའི་ཡོན་ཏན་རིག་བྱས་ཏེ། བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། བཞི་པ་དེ་ཡང་དྲིས་པ། ཁྱོད་སུ་ཞིག། ཇི་ལྟར་རབ་ཏུ་བྱུང་། དེས་སྨྲས་པ། ཡུལ་བྲང་གིས ་ཉལ་ན། བདག་རྒྱལ་པོ་གཅེར་བུ་ཐུལ་ཅེས་བྱ་བར་གྱུར་ཏོ།། ཞེས་བྱ་བའི་བར་ནས། སྟེང་གི་ཁང་བཟང་ཀྱི་ཐེག་ཏུ་སོང་སྟེ། དགའ་བའི་རྩེ་མོ་ཉམས་སུ་མྱོང་བར་བྱེད་ཅིང་གནས ་སོ། དེ་ན་སྲས་ཀྱི་བཙུན་མོ་ཞིག་གསེར་གྱི་གདུ་བུས་བརྒྱན་ནས་ཚེན་རྩི་འཐག་གོ། དེ་འཐག་པ་ན་སྒྲ་བྱུང་བ་ལས་ཞེས་བྱ་བའི་བར་ནས། བདག་གིས་འདི་སྙམ་དུ་ཕྱི་རོལ་གྱི་དངོས ་པོ་འདི་ནི་སེམས་མེད་པ་ཡིན་ཡང་། ཡང་དག་པར་འཇུངས་པ་ན་སྒྲ་འབྱུང་བར་འགྱུར་ན། བདག་ནི་རྒྱལ་སྲིད་འབྱོར་པ་གང་ཡིན་པ་ལོངས་སྤྱད་པ་ཞེས་བྱ་བའི་བར་ལྟོ་སྨོས་ཀྱང་ཅི ་དགོས་པས། རྒྱལ་སྲིད་ཀྱིས་ཆོ་གོ་སྙམ་དུ་བསམས་ཏེ། བདག་གིས་རྒྱལ་སྲིད་སྤངས་ནས་ཉེས་པ་དང་སྐྱོན་ཆུང་ངུ་མཐོང་བའི་རྐྱེན་རྙེད་པས། ངེས་པར་བྱུང་སྟེ་རབ་ཏུ་བྱུང་ནས་རང ་སངས་རྒྱས་ཀྱི་བྱང་ཆུབ་མངོན་སུམ་དུ་བྱའོ།། ཡང་སྨྲས་པ། གསེར་འགར་གྱིས་ནི་ལེགས་པར་བརྡུངས་པའི། གསེར་གྱི་འོད་གསལ་ལག་པ་ཁྲིག་མ་གཉིས། རྡུང་བ་ཐོས་པ་དེ་ལྟར་བདག ་དང་ནི། གཞན་དང་ལྷན་ཅིག་གླིང་གཞི་འདིའི་རྒྱུས། ཚིག་ངན་སྣ་ཚོགས་འདོན་ཅིང་སེམས་འཁྲུགས་པ། དེ་ལྟར་འདོད་པའི་ཡོན་ཏན་རིག་བྱ་སྟེ། བསེ་རུ་ལྟ་བུར་གཅིག་པུར་སྤྱོད་པར་གྱུར། ་དེ་ལྟར་དེ་དག་གཅིག་ལ་གཅིག་སྨྲས་ནས་འདུག་གོ། དེ་ནས་རྫ་མཁན་དང་ཆུང་མ་དང་ལྷན་ཅིག་ཏུ་འདི་སྙམ་དུ། བདག་ཉིད་ཆེན་པོ་འདི་དག་གིས་རིགས་རྒྱུད་རྒྱ་ཆེ་བའི་རྒྱལ་སྲིད་ཡངས་པ ་ཡང་སྤངས་ནས། རབ་ཏུ་བྱུང་བར་གྱུར་ན། བདག་ཅག་གིས་ཅིའི་ཕྱིར་ཁྱིམ་དང་ཕྲུ་རྟོག་དང་། གཟར་བུ་དང་། བྲལ་སྦལ་གྱིས་ཁྱིམ་གྱི་འཚོ་ཆིས་བྱས་པ་ལ། ལོངས་སྤྱོད་ཀྱི་འདུ་ཤེས ་འབྱུང་བའི་རྣམ་པ་འདི་ལྟ་བུ་ཡོངས་སུ་སྤངས་ནས། བདག་ཅག་རབ་ཏུ་འབྱུང་བར་མི་བྱ་སྙམ་དུ་བསམས་སོ།། ཡང་སྦས་པ། གྲོང་དང་ཡུལ་འཁོར་རིགས་རྒྱུད་འབྱོར་པའི་ས་སྤངས ་ནས། ཆགས་མེད་སེམས་ཀྱིས་མིའི་འཇིག་རྟེན་རྒྱུ་བྱེད་ན། བདག་ཅག་ཅི་ཕྱིར་བཀྲེན་པའི་ཚུལ་གྱིས་བསྒྲུབས་པའི་ཡུལ། ཆུ་ཡིས་ཁྱེར་བ་ལྟ་བུ་མངོན་དུ་སྤྱོད་པར་བྱེད། དེ་ལྟར ་དེ་དག་ནམ་ལངས་ཏེ་མཚན་མོ་ཟད་ནས་ནམ་ལངས་པ་དང་། རྫ་མཁན་ཁྱོ་ཤུག་གིས་ཞེ་སའི་སེམས་བསྐྱེད་དེ། རང་སངས་རྒྱས་དེ་དག་སྤྱན་དྲངས་ནས། བསོད་ནམས་ཕུལ་ཏེ་ཞེས ་བྱ་བའི་བར་དང་། དེ་དག་སྟེང་གི་ན་མཁའ་ལ་འཕགས་སོ་ཞེས་བྱ་བའི་བར་རྫ་མཁན་ཁྲོ་ཤུག་གིས་སྨོན་ལམ་བཏབ་པ་ཨལ་ལ་བདག་ཅག་གིས་སྦྱིན ་བར་བྱ་བའི་ཆོས་ཡོངས་སུ་བཏང་བ་དང་། སེམས་བསྐྱེད་པའི་དགེ་བའི་རྩ་བ་འདིས་ནམ་དུ་ཡང་དབུལ་པོའི་ཁྱིམ་དུ་ཡང་སྐྱེ་བར་མ་གྱུར་ཅིག། བདག་ཅག་ཀྱང་འདི་ལྟ་བུའི་ཆོས་དང་ལྡན ་པའི་སྐལ་བ་ཅན་དུ་ཤོག་ཤིག། བདག་ཅག་གིས་སྟོན་པ་ཁྱད་པར་དུ་འཕགས་པ་འདི་ལྟ་བུ་མཉེས་པར་བགྱིད་ཅིང་། མི་མཉེས་པར་མི་བགྱིད་པར་གྱུར་ཅིག། ཅེས་བྱས་ནས། དེ ་གཉིས་རབ་ཏུ་འབྱུང་བ་ལ་མངོན་པར་དགའ་བར་གྱུར་ཏོ།། རེ་ཤིག་ན་རྫ་མཁན་བུམ་པ་ཐོགས་ནས། ཆུ་ཆུར་སོང་ངོ་ཞེས་བྱ་བའི་བར་དང་། ཆུང་མས་འབིགས་ནས་སྔར་བཟློག་སྟེ། ་ཞེས་བྱ་བའི་བར་ནས་ཆུང་མ་རབ་ཏུ་བྱུང་བ་དང་། དེས་བསམས་པ། བདག་ནི་བསླུས་ཀྱིས་མེད་ནང་ཇི་ལྟར་བྱ། བྱིས་པ་ཁྱེའུ་འདི་གཉིས་བསྐྱེད་པར་བྱ་ཞིང་བསྲིང་བར་བར་བྱའོ།། ་སྙམ་ནས་དེས་དེ་གཉིས་བསྐྱེད་བསྲིངས་ཏེ་ཆེན་པོར་གྱུར་པ་དེའི་ཚེ། རྫ་མཁན་གྱིས་སྨིན་པ་དང་མ་སྨིན་པ་དང་། ལན་ཚ་བྲོ་བ་དང་། ལན་རྒྱུ་མ་བྲོ་བ་དག་གིས་བརྟག་པ་བྱས་ཏེ། ་འདི་སྐད་ཅེས་ཀྱང་སྨྲས་སོ།། སྨིན་དང་མ་སྨིན་དེ་བཞིན་དུ། ལན་ཆ་བྲོ་དང་མི་བྲོ་བ། ཤེས་པར་བྱིས་པ་གཉིས་སྐྱེས་ན། བདག་ནི་རབ་ཏུ་བྱུང་བའི་དུས། དེས་བྱིས་པ་དེ་གཉིས ་ལ། ས་ནི་འདི་ལྟར་རྐོ་བར་བྱའོ།། སྣོད་སྤྱད་ནི་འདི་ལྟར་བཙོང་ངོ་ཞེས་བྱ་བའི་བར་དུ་བསླབས་ནས་རབ་ཏུ་བྱུང་ངོ་ཞེས་བྱ་བའི་བར་དུའོ།། རྗེ་མཁན་བསོད་སྙོམས་བྱེད་པ་མཐོང ་སྟེཿཞེས་བྱ་བའི་བར་ནས། ཚིགས་སུ་བཅད་པ་སྨྲས་པ། སྨིན་དང་མ་སྨིན་དེ་བཞིན་དུ།། ལྡན་ཚྭ་དེའི་བྲོ་དང་མི་བྲོ་བ།། ཤེས་པར་བྱིས་པ་གཉིས་སྐྱེས་ཀྱིས།། བཟང་མོ ་འང་སོང་ཤིག་བདག་ཀྱང་འགྲོ།། ཞེས་བྱ་བའི་བར་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཚེ་དེའི་དུས་ན་རྫ་མཁན་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི ་ཡིན་ནོ།། རྫ་མཁན་གྱི་ཆུང་མ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ཏེ། དེའི་ཚེ་ཡང་འདི་དག་ཡིད་བྱུང་བ་ཆུང་ངུས་རབ་ཏུ་བྱུང་ངོ་།། ད་ལྟར་ཡང་ཆུང་ངུས་སོ།། ་དེ་ལྟ་བས་ན་ཅི་ཞིག་བྱ་ཞེ་ན། ངེས་པར་འབྱུང་བའི་རྒྱུ་བསྟན་པས། འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ་འགྱུར་ཏེ། འོད་སྲུངས་ཆེན་པོ་དང་སེར་སྐུ་བཟང་མོ་ཇི་ལྟ་བ་དེ་བཞིན ་དུ། དགེ་སློང་རྣམས་ཀྱིས་བསླབ་པར་བྱའོ།། བར་སྡོམ་ལ། ཀ་ལིང་ཀ་དང་ལག་རྣ་ཅན།། མི་ཐི་ལ་དང་བཞིན་མ་ལེགས།། དྲང་གིས་ཉལ་དང་གཅེར་བུ་ཐུལ། ཡང་དགེ ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་སེར་སྐྱ་བཟང་མོས་ལས་ཅི་ཞིག་བགྱིས་ཤིག། ་བསགས་ན། འདི་ལྟར་རྣམས་པར་སྨིན་པས། གཟུགས་བཟང་ཞིང་མཛེས་ལ། བལྟ་ན་སྡུག་པར་གྱུར་ཅེས་བྱ་བའི་བར་དུའོ།། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུ་ན། རྒྱལ་པོའི ་ཕོ་བྲང་ཞིག་ན། རྒྱལ་པོ་ཞིག་རྒྱལ་སྲིད་བྱེད་པ་ནས་ཚོང་དཔོན་ཕྱུག་པ་ནོར་མང་པ། ལོངས་སྤྱོད་ཆེ་བ་ཞེས་བྱ་བའི་བར་དུའོ།། དེ་ཡང་སྐྱེ་བོའི་ཚོགས་རྣམས་བལྟ་བ་ན། སེམས་ཅན ་བརྒྱ་སྟོང་དུ་མ་རྐང་ལག་རྩུབ་པ། ལུས་སེར་ཀ་ཅན། མགོ་ལེགས་པ། རྡུལ་གྱིས་ལོགས་པ། ཁ་མིག་ཉམས་པ། ཚ་བ་དང་ལྷགས་པས་ཉམས་ཐག་པ། སྡུག ་བསྔལ་དང་ལྡན་པ་མཐོང་ངོ་།། གཞན་དག་ནི་ལུས་ལ་གོས་བཟང་པོ་དང་། བརྒྱན་གྱི་ཁྱད་པར་གྱིས་ཀླུབས་པ། རྟ་དང་གླང་པོ་དང་། མི་དང་ཤིང་རྟའི་གཞོན་པ་ཅན། འབྱོར་པ་མཆོག་དང ་ལྡན་པ་མཐོང་ནས། དེ་འདི་སྙམ་དུ་སེམས་ཅན་སྡུག་བསྔལ་འདི་རྣམས་ཀྱིས། འདི་ལྟར་སྦྱིན་པ་མ་བྱིན་པའི་ལས་དེས། རྣམ་པ་འདི་ལྟ་བུར་གྱུར་ལ། ད་ལྟར་ཡང་འདི་དག་གིས་རབ་ཏུ ་སྤྲིན་མི་ནུས་པའི་ཕྱིར། འདི་ནས་ཤི་འཕོས་ནས། འགྲོ་བ་ཤིན་ཏུ་དམན་པ་གང་ཡང་རུང་བར་སྐྱེ་བར་གནས་སྐབས་དེ་ལྟ་བུ་དག་ཡོད་དོ།། སྦྱིན་པ་ཁྱད་པར་ཅན་གྱིས་ནི། ལོངས་སྤྱོད་ཅན ་འདི་དག་ཏུ་གྱུར་ཏོ།། བདག་གིས་ཀྱང་གདོན་མི་ཟ་བར་སྐྱེ་བ་གཞན་ལ་སྦྱིན་པ་བྱིན་པ་དེས་ན། རྣམ་པ་འདི་ལྟ་བུའི་འབྱོར་པ་རྙེད་པར་གྱུར་ཏོ།། ད་ཡང་བདག་གིས་བྱིན་ལ། ཚེ་རབས ་གཞན་དུ་སྡུག་བསྔལ་བར་མི་འགྱུར་བར་བྱའོ་སྙམ་དུ་བསམས་སོ།། དེས་དེ་ལྟར་བསམས་ནས། ཁྱིམ་དུ་སོང་སྟེ་རང་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ།། བཟང་མོ་འཇིག་རྟེན་ཕ་རོལ ་ཏུ་ནོར་བསོགས་པ་རྣམས་ཁྱེར་ལ་འདོང་ངོ་།། དེས་སྦས་པ། དེ་ལྟར་བགྱི་ཡིས་གཞོན་བརྟ་དང་རྔ་མོ་དང་། བོང་བུ་དག་སྟ་གོན་མཛོད་ཅིག། དེས་སྨྲས་པ། བཞོན་པ་འདི་དག་གིས་ཅི ་ཞིག་བྱ། ཐུན་མོང་གི་ནོར་དག་འཇིག་རྟེན་ཕ་རོལ་ཏུ་བཀུར་མི་ནུས་པ་ཉིད་དོ།། འོན་ཀྱང་འཕོངས་པ་དང་། བཀྲེན་པ་དང་། ལོང་བ་དང་། ཚོང་བ་རྣམས་ཁྱིམ་དུ་འོངས་པ་རྣམས་ཀྱི་རེ ་ཐག་མི་ཆད་པ་ཇི་ལྟ་བར་བྱིན་ཅིག། དེས་སྨྲས་པ། དེ་བཞིན་དུ་བགྱིའོ།། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ། སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་བ། ་རང་སངས་རྒྱས་སྐྱེ་ཞིང་ཉམས་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་ཞིག་རྒྱལ་པོའི་ཕོ་བྲང་འཁོར་དུ་བསོད་སྙོམས་ལ་ཞུགས་པ་ལས། དེ་ཚོང་དཔོན་དེའི་ཁྱིམ་སྒོ་ན་འདུག་པ་དང་། བྲན་དང་བྲན ་མོ་དག་ཆུ་བཅུ་བའི་ཕྱིར་ཁྱིམ་དེ་ནས་བྱུང་བ་དང་། དེ་དག་གིས་རྐྱེ་ཞིང་ཉམ་ཆུང་བ་ཆོས་གོས་ཧྲུལ་པོ་ཅན་དེ་མཐོང་ནས། དེ་དག་གི་འདི་སྙམ་དུ། སྡུག་བསྔལ་བ་གང་ཡིན་པ་དེ་ལ་གང ་འདོད་པ་བྱིན་ཅིག་ཅེས་ཇོ་བོས་བསྒོ་བས། འཕགས་པ་སློངས་མོ་པ་འདི་ལ་ཡང་དེ་བསྟན་པར་བྱའོ་སྙམ་དུ་བསམས་ནས། དེ་དག་གིས་བཙུན་པ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ ་འདིར་བཞུད་ཅིག་དང་སློངས་མོ་རྙེད་པར་འགྱུར་རོ།། དེ་སོང་བ་དང་ཚོང་དཔོན་གྱི་ཆུང་མས་དེ་མཐོང་ནས་རྐེ་ཞིང་ཉམ་ཆུང་ལ་ཆོས་གོས་ཧྲུལ་པོ་ཅན་ཞིག་གོ་སྙམ་དུ་བསམས་ནས། སྤོངས་མོ ་བྱིན་པ་དང་། དེ་དེ་ནས་ཕྱིར་བྱུང་ངོ་།། བྲན་མོ་དེ་དག་ཀྱང་བུམ་པ་ཆུས་བཀང་ནས། སླར་འོངས་པ་དང་། དེ་དག་གིས་ལྷུང་བཟེད་སྟོང་པར་མཐོང་ནས། དེ་དག་གིས་བྲིས་པ། ཁྱོད་ཅི ་ཁྱིམ་འདིར་མ་བྱོན་ནམ། དེས་སྨྲས་པ། འོན་ཀྱང་སློངས་མོ་མ་རྙེད་དོ།། དེ་དག་གིས་ཕྱིར་བཟློག་སྟེ། ཁྲིད་ནས་དེ་དག་གིས་ཇོ་མོ་ལ་སྨྲས་པ། ཅིའི་སླད་དུ་འདི་ལ་བསོད་སྙོམས་མ ་སྩལ། དེས་སྨྲས་པ། འདི་ལ་ང་མ་དད་པས་སོ།། དེ་དག་གིས་སྨྲས་པ། ཅི་ཇོ་བོས་ཁེ་དོག་བཟང་བ་དང་། དད་ན་བྱིན་ཅིག་ཅེས་ཁྱོད་ལ་བསྒོ་འམ། དེས་སྤྲས་པ། འདི་ལང ་མ་དད་ཕན་ཅད་མང་དུ་སྨྲས་ཀྱང་ཅི་ཕན། བྲན་མོས་འདི་སྙམ་དུ་བདག་གིས་དགེ་སློང་འདི་བཟུང་ནས། ལན་གཉིས་ཀྱི་བར་དུ་བཟློག་ན་དེ་རེ་ཐག་བཅད ་ནས། ཇི་ལྟར་བཏབ་པར་བྱ་སྙམ་དུ་བསམས་ནས། དེས་ཇོ་མོ་ལ་སྨྲས་པ། བདག་གིས་ཚལ་མ་ནར་མ་གང་ལགས་པ་དེ་བདག་ལ་སྩལ་དུ་གསོལ། དེས་ཀྱང་བྱིན་པ་དང་། བྲན ་མོ་དེས་ཉིན་པར་ཟན་ཕྱེ་བྲེའུ་ཆུང་གང་བླངས་ནས། དེ་ལ་ཕུལ་ཏེ། དེས་ཡང་འདི་སྙམ་དུ་འཕགས་པ་དེ་ནི་ཆོས་གོས་ཧྲུལ་པོར་འདུག་པས་ཁྱད་བསད་པ་ཡིན་གྱིས། བདག་གི་ར། ་ཡུག་དེ་ལ་དབུལ་ལོ་སྙམ་དུ་བསམས་ནས། དེས་དེ་ལ་རས་ཡུག་དཀར་པོ་ཡང་ཕུལ་ལོ།། རང་སངས་རྒྱས་དེས་ཀྱང་འདི་སྙམ་དུ། བུ་མོ་འདིས་བསོད་ནམས་མང་པོ་བསྒྲུབས་པར ་འགྱུར་བར་བྱའོ་སྙམ་དུ་བསམས་ནས། དེ་ཉིད་ཀྱི་དད་པ་བསྐྱེད་པའི་ཕྱིར། ངང་བའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟ་བུར་ན་མཁའི་དཀྱིལ་དུ་འཕགས་སོ།། དེས་དེ་མཐོང་མ་ཐག་ཏུ ་སེམས་དད་པར་གྱུར་ནས། དགའ་བ་དང་མགུ་བ་དང་རངས་པའི་བསམ་པས་པུས་མོས་ལ་བཙུགས་ཏེ། ཞབས་ལ་ཕྱག་འཚལ་ནས། ཇི་ལྟར་འཕགས་པ་འདི་ལ་ཅུང་ཟད་ཁྱད ་དུ་བསད་པ་གང་ཡིན་པ་དེ་ཡང་ཁ་དོག་ངན་པ་ལས་གྱུར་ཏོ་སྙམ་ནས་སྨོན་ལམ་བཏབ་པ། ཨ་ལ་ལ་བདག་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས། ་གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང་དེར་གཟུགས་མཛེས་ཤིང་མདོག་བཟང་བ་ཤིན་ཏུ་བལྟ་ན་སྡུག་པར་གྱུར་ཅིག། ནམ་དུ་ཡང་རྐེ་བ་དང་ཁ་དོག་ངན་པར་མ་གྱུར་ཅིག་ཅེས་བྱས་སོ།། ་དེའི་རྒྱལ་པོ་ཞིག་བློན་པོའི་ཚོགས་ཀྱིས་བསྐོར་ནས། སྐྱེས་བུ་བརྒྱ་སྟོང་དུ་མས་བསྐོར་ཅིང་འདུག་པ་དེའི་སྟེང་དུ། རང་སངས་རྒྱས་དེའི་གྲིབ་མ་བབ་པ་དང་། དེས་སྟེང་དུ་བལྟས་ན ་རང་སངས་རྒྱས་ཆོས་གོས་བགོས་པ། རས་ཡུག་ཐོགས་པ་རིལ་བ་སྤྱིའུ་ལུགས་དང་ལྷུང་བཟེད་ནག་པོ་ཐོགས་པ་གཅིག་ཏུ་སྦ་ཤིང་མཛེས་པ་ཞིག་ན་མཁའ་ལ་འགྲོ་བ་མཐོང་ནས། ་དེས་འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་བདག་ཉིད་ཆེན་པོ་ཡུལ་གྱི་བསོད་སྙོམས་སོ་སོར་ལེན་པ་གང་ཡིན་པ་དེ་ནི་བདག་དབང་ཟང་ཆེ་བ་དང་། ཕན་འདོགས་པ་དང་བཅས་པ་ཡིན་ནོ་སྙན། ་དུ་བསམས་ནས། དེས་སྨྲས་པ། དེང་འདི་ལ་བསོད་སྙོམས་འབུལ་བར་བྱེད་པ་གང་ཡིན་པ་དེ་ལ་ནི། དེང་གྲོང་ཁྱེར་གྱི་མཆོག་སྦྱིན་པར་བྱའོ།། ཚོང་དཔོན་དེ་ཡང་འཁོར་དེ་ཉིད་དུ ་འདུག་པས་འདི་སྙམ་དུ། བདག་གིས་བསོད་སྙོམས་པ་ཐམས་ཅད་ལ་སྦྱིན་པ་བྱིན་ཅིག་ཅེས་ཁྱིམ་དུ་བསྒོ་བས་གདོན་མི་ཟ་བར་བདག་གི་ཁྱིམ་ནས་བསོད་སྙོམས་ཕུལ་བ་ཡིན་གྱིས ་སོལ་བརྟག་པར་བྱའོ་སྙམ་དུ་བསམས་ནས། དེ་ལངས་ནས་རིངས་པར་ཁྱིམ་དུ་སོང་ངོ་།། ཆུང་མ་དེས་ཀྱང་དེའི་རྫུ་འཕྲུལ་མཐོང་སྟེ། སེམས་དང་པར་གྱུར་ནས་བྲན་མོ་ལ་སྤྲས་པ། ་བྲན་མོ་བསོད་ནམས་ནི་ང་ཡིར་བྱའོ།། ཁྱོད་ལ་ནི་ངས་ཁ་ཟས་མཆོག་ཏུ་བསོད་པ་དག་སྦྱིན་ནོ།། དེས་དེ་ལ་སྨྲས་པ། ཁྱོད་ཇོ་མོ་ཡིན་པས། བདག་གི་སྲོག་ལ་དབང་གི། བསོད་ནམས ་ལ་ནི་མ་ཡིན་པས་མི་སྦྱིན་ནོ།། དེ་ཁྲོས་ཤིང་འཁྲུགས་པས། ཀུན་ནས་དཀྲིས་ཤིང་འདུག་པས། ལག་པའི་འཁྲིག་མ་གདུ་བུ་དང་བཅས་པས།། གདུ་བུས་ཕོག་པས་དེའི་མགོ་སྣད ་རིམགོར་བརྒྱབ་པ་དང་། ་ནས་ཁྲག་བྱུང་བར་གྱུར་པ་དང་། ཚོང་དཔོན་ཡང་འོངས་ཏེ། དེས་ཀྱང་ཇི་ལྟར་གྱུར་པ་དེ་ལ་རྒྱ་ཆེར་སྨྲས་པ་དང་། ཚེང་དཔོན་དེ་ཁྲོས་ནས། བྲན་མོ་དེ་རྒྱན ་ཐམས་ཅད་ཀྱིས་བརྒྱན་ཏེ། ཁྱིམ་བདག་ཏུ་བཅུག་ནས། དེས་ཀྱང་ཇི་ལྟར་གྱུར་པ་རྒྱལ་པོ་ལ་གསོལ་པ་དང་། རྒྱལ་པོས་སྨྲས་པ། དེ་ནི་ཇོ་མོར་འོས་ཏེ། ཁྱོད་ཀྱིས་ལེགས་པ་ཞིག ་བྱས་སོ།། གལ་ཏེ་ཁྱོད་ཀྱིས་དེ་ལྟར་མ་བྱས་སུ་ཟིན་ན། ངས་བྲན་མོ་མ་ཡིན་པར་བྱས་པར་འགྱུར་རོ།། འོན་ཀྱང་ངས་དེ་ལ་གྲོང་ཁྱེར་གྱི་མཆོག་སྦྱིན་ནོ།། དེ་དད་པ་ཐོབ་པ་དང་། རྐྱེན ་རྙེད་པས་དགེ་སྦྱོང་དང་། བྲམ་ཟེ་དང་། ཚོང་པ་རྣམས་ལ་སྦྱིན་པ་ནི་བྱིན་བསོད་ནམས་ནི་བྱས། ཚུལ་ཁྲིམས་ཀྱང་བསྲུངས་ནས། འཆི་བའི་དུས་བྱས་ཏེ། སུམ་ཅུ་རྩ་གསུམ་གྱི་ལྷ་རྣམས ་ཀྱི་ནང་དུ་སྐྱེས་སོ།། དེ་གཟུགས་ཕུན་སུམ་ཚོགས་པ་འོད་དང་། གཟི་མདངས་དང་། སྣང་བ་རྒྱ་ཆེན་པོ་ཅན་དེ་ལྟ་བུར་གྱུར་པ་དང་། ལྷའི་ཚོགས་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་ངོ། ་མཚར་དུ་གྱུར་ཏོ།། ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡང་ལ་བོར་གྱུར་ཏེ་དེ་དག་ཕན་ཚུན་དུ། འདི་ནི་བདག་གི་ཡིན་ནོ།། འདི་ནི་བདག་གི་ཞེས་སྨྲས་པར་གྱུར་ཏོ།། དེ་ནས་བརྒྱ་བྱིན ་གྱིས་སྨྲས་པ། བདག་ཅག་འདོད་ཆགས་ཀྱི་སྐྱོན་གྱིས་སེམས་ལྷག་པར་གདུངས་པར་ཚིགས་སུ་བཅད་པ་སྨྲ་བར་བྱེད་པ་གང་ཡིན་པ་དེའི་ཡིན་པར་འགྱུར་རོ།། དེ་དག་ལས་གཅིག་གི ་སྨྲས་པ།། བློང་ཞིང་རབ་ཏུ་བློང་གྱུར་པས།། བདག་ལ་ཕྱོགས་ནི་སྣང་བ་མེད།། དེ་ལ་སེམས་ནི་གནས་གྱུར་པས།། དེ་ཕྱིར་གྲོགས་དག་འདི་འདོད་དོ།། གཉིས་པས་སྤྲས་པ། ཀྱེ་མན ་ལྷ་དབང་གང་ཞིག་ནི།། ཚིགས་བཅད་སྨྲ་བ་དེ་རེ་བདེ།། གཡུལ་དེའི་སྣ་ལ་རྔ་བརྡུངས་པ།། དེ་ལྟར་བདག་ནི་འདོད་ཆགས་སྐྱེས།། གསུབ་པས་སྨྲས་པ། རྔ་ཆེན་བརྡུངས་པར་གྱུར་ཀྱང་ནི།། ་དེ་དང་དེར་ནི་ངལ་བསོར་ཡོད།། ཆུ་ཀླུང་ཆེན་པོ་མི་བཟད་ལྟར།། དེ་ལྟར་བདག་གི་འདོད་ཆགས་སྐྱེས། བཞི་པས་སྨྲས་པ། མི་བཟད་པ་ཡིས་ཁྱེར་གྱུར་ཀྱང་།། དེ་དང་དེར་ནི་ཐོགས་གྱུར་གྱི།། ་ཕྱེ་མ་ལེབ་ལྟར་བདག་གི་མིག། རྟག་ཏུ་འཛུམས་པ་མེད་པར་གྱུར།། བརྒྱ་བྱིན་གྱིས་སྨྲས་པ། ཚིགས་བཅད་རབ་ཏུ་སྨྲ་བའི་ཕྱིར།། ཁྱེད་ཅག་ཐམས་ཅད་བདེ་བ་ཡིན།། བདག་ནི་འཇིག ་འཆི་འགྱུར་བའམ། གསོན་པར་འགྱུར་བའང་མི་ཤེས་སོ།། དེ་དག་གིས་འདི་སྙམ་དུ། ཡུལ་འདི་ནི་བརྒྱ་བྱིན་འདོད་པས་གནས་འདི་ནས་ཤི་འཕོས་ན་མི་རུང་ངོ་སྙམ་དུ་བསམས་ནས། ་དེ་དག་གིས་བརྒྱ་བྱིན་ལ་བྱིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། དེའི་ཚེ་དེའི་དུས་ན་བྲན་མོར་གྱུར་པ་གང་ཡིན་པ་དེ་ནི། སེར་སྐྱ་བཟང་མོ་འདི་ཡིན་ཏེ། རང་སངས་རྒྱས་དེ ་ལ་བསོད་སྙོམས་རབ་ཏུ་ཕུལ་བ་དང་། རས་ཡུག་ཕུལ་བར་གྱུར་པ་ཞེས་བྱ་བའི་བར་ནས་རྒྱུ་དེས་གཟུགས་བཟང་བ་དང་མཛེས་པར་གྱུར་ཏོ།། ཡང་དགེ་སློང་རྣམས་ཀྱིས་བཅོམ་ལྡན ་འདས་ལ་གསོལ་པ། བཙུན་པ་རེ་ཤིག་ལྷའི་བུ་མོས། ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡ་ལ་པོར་བགྱིས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ནི ་དེས་གང་གི་ཕྱིར་ཉེ་དབང་པོ་བཞི་དང་། བརྒྱ་བྱིན་ཡ་ཡ་བོར་མཚར་མི་ཆེའོ།། འོན་ཀྱང་དགེ་སློང་དག་སྔོན་འདས་པའི་དུས་ན། འདི་ཉིད་ཀྱིས་གྲོང་གི་བཀྲབས་པ་བཞི་དང་། མཆོག་ཏུ ་བཀྲབས་པ་རྣམས་ལ་ལ་བོར་བྱས་པ་དེ་བཤད་ཀྱིས་ཉོན་ཅིག། ཅེས་བྱ་བའི་བར་ནས། ལྷའི་བུ་མོ་འདི་ཉིད་ཅེས་བྱ་བའི་བར་ནས། འཛམ་བུའི་གླིང་དུ་རིགས། ་མཐོ་བ་ནོར་ཆེ་བ། རྫས་ཀྱི་ཚོགས་མང་པོ་ཞིག་ཏུ་སྐྱེས་ནས། འདོད་པ་སྤྱོང་བ་ཞིག་ཏུ་གྱུར་ཏོ།། ཞེས་རྒྱ་ཆེར་བརྗོད་དོ།། ཚོང་དཔོན་ཞིག་གི་ཆུང་མར་བླངས་པ་དང་། དེ་ལ་གྲོང་གི་བཀྲང ་པ་བཞི་དང་། མཆོག་ཏུ་བཀྲབས་པ་དང་ལྔ་པོ་དེ་དག་གིས། དེ་མཐོང་བ་དང་། འདོད་ཆགས་ཀྱིས་ལྷག་པར་གདུངས་པར་གྱུར་ནས་དེ་ལ་ཡང་སོ་སོ་ནས། བར་མི་དག་བཏང་བ་དང་། ་དེས་ཀྱང་མཉན་ཏོ།། དེ་ནས་དེ་ཁྱོ་ལ་རག་ལས་པས་དེ་རིང་སང་ཞེས་སྨྲ་ཞིང་། དེ་རྣམས་ཀྱི་སེམས་སྲུང་ཞིང་འདུག་གོ། དེ་ནས་དེ་དག་ལ་གཅིག་གིས་འདི་སྙམ་དུ་བསམས་ཏེ། ཉི་མ་ཡང ་མང་ཞིང་ཐལ་བས་དེའི་ཕྱིར་བདག་གི་ཤེས་བྱ་བའི་བར་དུའོ།། དེས་ཀྱང་དེ་དག་ལ་བདག་དེ་རིང་འོང་ངོ་ཞེས་དུས་བཏབ་པ་དང་། དེ་དག་གིས་ཁྱོད་གང་དུ་འོང་། ཁོ་བོ་ཅོག་གར་འོང་ཞེས ་དྲིས་སོ།། དེས་ཀྱང་གྲོང་ཁྱེར་འདི་ནས་ཧ་ཅང་ཡང་མི་རིང་བ་ཞིག་ན། ཤིང་ནྱ་གྲོ་དྷ་གནམ་འཕང་དུ་མཐོ་བ་ཡིལ་ག་རབ་ཏུ་འཕྱང་བ། ཤིང་དེ་ལ་འཛེགས་ཏེ་འདུག་ཤིག་དང་། བདག ་དེའུ་རེ་འོང་ངོ་ཞེས། སོ་སོར་བསྟན་ནས་དེ་ཁྱོ་ལ་སྐབས་ཚོལ་ཞིང་འདུག་གོ། དེས་ཀྱང་དེ་ལ་འདི་ནི་འདི་ལྟར་སེམས་སོ་ཞེས་བྱ་བར་འཕྲིགས་ནས། དེས་དེ་བརྡེགས་ནས་ཀ་བ་ལ ་བཅིངས་སོ།། དེ་ན་གཅིག་ལ་སྨྲས་པ། སོང་ལ་ཤིང་དེ་ལ་འཛེགས་ཏེ་ཤར་ཕྱོགས་ཀྱི་ཤིང་གི་ཡལ་ག་ལ་འཛེགས་ལ་འདུག་དང་། བདག་དེའུ་རེ་འོང་ངོ་ཞེས་བྱས་པ་དང་། དེ་དག་ལ ་མགུ་ནས་དེ་བཞིན་དུ་བྱས་སོ།། དེ་བཞིན་དུ་རྒྱས་པར་བརྗོད་དོ།། གཉིས་པ་ནི་ཤིང་དེའི་ལྷོ་ཕྱོགས་ཀྱི་ཡལ་ག་ལ་འཇིགས་ཏེ་འདུག་གོ། གསུམ་པ་ནི་ནུབ་ཕྱོགས་ཀྱི་ཕལ་ག་ལ་འཇིགས ་ཏེ་འདུག་གོ། བཞི་པ་ནི་བྱང་ཕྱོགས་ཀྱི་ལལ་ག་ལ་འཛེགས་ཏེ་འདུག་གོ། མཆོག་ཏུ་བཀྲབས་པ་དེས་ཀྱང་དེ་བཞིན་དུ་བྱས་ཏེ། ཤིང་དེའི་དབུས་ཀྱི་ཡལ་གི་ལ་འཛེགས་ཏེ་འདུག་གོ།། དེ ་རྣམས་དེ་ན་མཚན་གཅིག་ཏུ་ལྷགས་པས་བྲེད་བཞིན་དུ་དེ་འོང་ངོ་སྙམ་པ་ལས།། ནམ་ལངས་ཀྱི་བར་དུ་བུད་མེད་དེ་ཡང་མ་འོངས་སོ།། མཚན་མོ་ཟད་དེ་ནམ་ལངས་པ་དང་། ཤར ་ཕྱོགས་ཀྱི་ཡལ་ག་ལ་འདུག་པ་དེས། ཚིགས་སུ་བཅད་དེ་སྨྲས་པ། འདི་ལྟར་ཉི་མ་ཤར་ཟིན་ལ།། ཞིང་པ་གྲོང་ནས་དོང་ཟིན་ཀྱང་།། བརྫུན་ཅན་མ་ནི་མ་འོངས་པར།། ནྱ་གྲོ ་དྷ་ཡིས་ཤེས་པར་གྱིས།། ལྷོ་ཕྱོགས་ཀྱི་ཡལ་ག་ལ་འདག་པས་སྨྲས་པ། བུད་མེད་དེ་ནི་འོངས་གྱུར་ཏེ། དེ་ནི་བརྫུན་ཅན་མ་ཡིན་ཡང་། ལེགས་ལྡན་ཉི་མི་འདི་ཉིད་ནི། ཤིན་ཏུ ་མྱུར་བར་ཤར་བར་གྱུར། ཤར་ཕྱོགས་པས་སྤྲས་པ། རིམ་པའང་འོངས་སམ། སྨྲས་པ། ལོས་མོང་། དེ་ནས་ནུབ་ཕྱོགས་ཀྱི་ཡལ་ག་ལ་འདུག་པས་ཚིགས་སུ་བཅད་དེ་སྤྲས་པ ་ཉི་མ་དུས་སུ་ཤར་པས་ན། ཞིང་པ་རྣམས་ཀྱང་གྲོང་རྣས་དོང་། བདག་གི་དུས་ནི་མ་ཤེས་པས། མཚན་ཅིག་མིག་གི་རྩེ་མ་སྦྱར། རེ་ཤིག་ན། བྱང་ཕྱོགས་ཀྱི་ཡལ་ག་ལ་འདུག ་པས་སྨྲས་པ། བདག་གིས་འདིར་ནི་དུས་ཤེས་མ་གྱུར་པས། མཚན་ཅིག་ཐེག་ཐག་ལྷགས་པས་དེ་སོད་ངོ་།། གང་ཞིག་གཞན་གྱི་བུད་མེད་ལ་ཆགས་པ། དེ་ནི་འདི་དང་གཞན་དག ་ཐོབ་པར་འགྱུར། དེ་ནས་མཆོག་ཏུ་བཀྲབས་པས་སྨྲས་པ། ཁྱེད་ཅག་ལྷགས་པས་དེ་སོད་ལ། ཁེ་བོ་མྱ་ངན་མི་བྱེད་ཀྱི། ནྱ་གྲོ་དྷ་ལ་ཉེས་མེད་པར། ་བཅག་པ་ལ་ནི་མྱ་ངན་བྱེད། རེ་ཤིག་ན་ཤིང་ལ་གནས་པའི་ལྷས། དེ་དག་བསླུས་ནས། སྔར་སྤྱོས་ཏེ། འདི་སྐད་ཅེས་སྨྲས་སོ།། བདག་ཉིད་དང་ནི་དེ་བཞིན་དུ། མི་འདི་བཞི་ལ་མྱ་ངན། ་བྱོས། དཔྱིད་ཟླ་ཐ་ཆུང་བྱུང་བ་ན།། གང་དག་བཅད་པ་སྐྱེ་བར་འགྱུར།། དེ་དག་བུད་མེད་ལ་རེ་ཐག་ཆད་ནས། ཤོད་དུ་བབས་ཏེ་རང་རང་གི་ཁྱིམ་དུ་དོང་ངོ་།། བུད་མེད་དེ་ཡང་ཁྱིམ ་ཟབ་ཀྱིས་བཀྲོལ་བ་དང་། དེ་དག་གིས་མཐོང་ནས་སྨྲས་པ། ཅིའི་ཕྱིར་དེད་ཅག་བསླུས། དེས་ཇི་ལྟར་གྱུར་པའི་ལོ་རྒྱུས་རྣམས་དེ་དག་ལ་སྨྲས་སོ།། དེ་ནས་དེ་དག་གིས་སྨྲས་པ། ་ཁྱོད་མིག་སྔར་འོངས་སོ།། དེས་འདི་སྙམ་དུ་བདག་སྐྱེས་པ་ལྔ་དང་། འདི་ལྟར་ཁྱིའི་ཆོས་བྱ་བར་ག་ལ་ནུས་སྙམ་དུ་བསམས་ནས། དེས་དེ་དག་ལ་སྨྲས་པ། ཁྱེད་ཅག་ལས་གང ་ཞིག་མེ་ཏོག་མཛེས་པ་ཐམས་ཅད་ཁྱེར་ཏེ་འོང་བ་དེ་དང་ལྷན་ཅིག་དགའ་བ་ཉམས་སུ་མྱོང་བར་བྱའོ།། རྒྱལ་པོའི་ཕོ་བྲང་འཁོར་དེ་ན་ཡང་། རྒྱལ་པོའི་པད་མ་རྣམས་བསྲུངས་ཞིང་ར ་བ་བྱེད་པ། རྣ་བ་དང་སྣ་བཅད་པ་ཞིག་རམ་བྱེད་དོ།། དེ་དག་དེར་སོང་ནས་འདི་སྙམ་དུ་ཟོང་དག་ཁྱེར་ཏེ་མ་འོངས་མེད་ཀྱི། འོན་ཀྱང་མི་དེའི་བསྔགས་པ་བརྗོད་པ་དང་། དགའ་བར ་གྱུར་ནས་བདག་ཅག་ལ་མེ་ཏོག་དག་སྟེར་ཏོ་སྙམ་དུ་བསམས་སོ།། དེ་ནས་དེ་དག་ལས་གཅིག་གིས་དེ་ལ་སྨྲས་པ། ཇི་ལྟར་སྨྱུག་མ་འདམ་བུ་དག། བཅང་ཅིང་བཏུབས་ཀྱང་སླར ་སྐྱེ་བ། དེ་ལྟར་ཁྱོད་ཀྱིས་སྣ་སྐྱེ་ཤོག། མེ་ཏོག་སློང་གིས་སྐལ་བར་བརྗོད། གཉིས་པས་སྨྲས་པ། ཇི་ལྟར་ཀུ་ཤ་ཀུ་ཤ་དག། བཅད་ཅིང་བཏུབས་ཀྱང་སླར་སྐྱེ་བ། དེ་ལྟར་ཁྱོད ་ཀྱི་སྣ་སྐྱེ་ཤོག། པད་མ་སློང་གིས་སྩལ་པར་མཛོད། གསུམ་པས་སྤྲས་པ། ཇི་ལྟར་དུར་བ་འཛག་མ་དག། བཅང་ཅིང་བཏུབས་ཀྱང་སླར་སྐྱེ་བ།། དེ་ལྟར་ཁྱེད་ཀྱི་སྣ་སྐྱེ་ཤོག། ་མེ་ཏོག་སློང་གིས་བསྩལ་བར་མཛོད།། ཇི་ལྟར་སྐྲ་དང་ཨག་ཚེམ་དག། བྲེགས་ཤིང་ཕྱིར་ཡང་སླར་སྐྱེ་བ། དེ་ལྟར་ཁྱོད་ཀྱི་སྣ་སྐྱེ་ཤོག། མེ་ཏོག་སློང་གིས་སྐལ་པར་མཛོད།། ་མི་གང་པད་མ་སློང་བྱེད་པ།། དེ་ཀུན་ཁྱོད་ལ་ཀྱལ་པ་ཟེར།། པདྨ་བྱིན་རུང་མ་བྱིན་རུང་།། ཁྱོད་ཀྱི་སྣ་ནི་སྐྱེ་མི་འགྱུར།། མི་དེས་འདི་སྙམ་དུ། མི་བཞི་པོས་ནི་བདག་ལ་བྱིན་ཞིག ་སྨྲས་ཀྱི། མི་ལྔ་པས་ནི་ཇི་ལྟ་བ་བཞིན་དུ་སྙིང་ནས་སྨྲས་ཀྱི། བདག་གིས་དེ་ལ་པདྨ་སྦྱིན་པར་བྱའོ་སྙམ་དུ་བསམས་ནས། དེས་དེ་ལ་པདྨ་ཇི་སྙེད་དགོས་པ་བྱིན་པ་དང་། དེ་དགའ ་བ་དང་མགུ་བ་དང་རངས་པའི་བསམས་པས། པདྨ་བླངས་ཏེ། དེ་བུད་མེད་གང་ན་བར་སོང་ནས། དགའ་བ་ཉམས་སུ་མྱོང་བར་བྱས་སོ།། དེ་ནས་དེ་གཉིས་ཀྱིས་འདི་སྙམ་དུ ་བདག་ཅག་འདོད་པའི་རྒྱུས། ཀུན་ནས་ཉོན་མོངས་པར་གྱུར་པ་གང་ཡིན་པ་ལ་ལྟོས། འདོད་ཆགས་ཀྱི་སྡུག་བསྔལ་མི་འབྱུང་བར་ཇི་ལྟར་བྱ་སྙམ་དུ་བསམས་སོ།། སངས ་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ། རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བས། དེ་དང་ཧ་ཅང་མི་རིང་བ་ཞིག་ན། རང་སངས་རྒྱས་ཀྱི་མཆོད་རྟེན་མེད་པ་དེ་མ། ་པདྨ་དེ་དག་ཕུལ་ནས་སྨོན་ལམ་བཏབ་པ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས། གང་དང་གང་དུ་སྐྱེས་པའི་ཚེ་རབས་དེ་དང ་དེར་ཉོན་མོངས་པ་རུང་བར་གྱུར་ཅིག་ཅེས་བྱས་སོ།། དེའི་ཚེ་པདྨ་ལེན་པའི་མི་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ན་བུད་མེད་གང་ཡིན་པ་དེ་ནི་སེར ་སྱའི་བུ་མོ་བཟང་མོ་འདི་ཡིན་ནོ།། དེ་ལ་པདྨ་ཕུལ་བ་གང་ཡིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་འདོད་ཆགས་ཆུང་བར་གྱུར་ཏོ།། ཡང་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས ་གསོལ་བ། བཅོམ་ལྡན་འདས་སེར་སྐྱའི་བུ་མོ་བཟང་མོས་ལས་ཅི་ཞིག་བགྱིས་ཤིང་བསགས་ན། གང་གི་སླད་དུ་དེས་འཛམ་བུའི་ཆུ་བོའི་གསེར་ལས་བགྱིས་པའི་གཟུགས་བརྙན་རང ་གི་འོད་ཀྱིས་མོགོ་མོག་པོར་བགྱིས་པར་གྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འདི་ཉིད་ཀྱིས་ལས་གང་དག་བྱས་ཤིང་བསགས་པ་ཞེས་བྱ་བ་རྒྱས་པར་བྱའོ།། ་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་དགུ་བཅུ་རྩ་ཅིག་ན། སྐྱེ་དགུ་རྣམས་ཀྱི་ཚ་ལོ་བརྒྱད་ཁྲི་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས ་ཤེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཤེས་བྱ་བའི་བར་བྱུང་ངོ་།། དེ་གང་གི་ཚེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ ་དེའི་ཚེ། རྒྱལ་པོའི་བཟང་གཉེན་ལྡན་དུ་བྱོན་ནས་ཞེས་བྱ་བ་ནས། རྒྱལ་བའི་བཟང་དུ། ཞལ་བས་ཡོངས་སུ་ལོངས་སྤྱོད་པར་ཞུགས་སོ་ཞེས་བྱ་བའི་བར་དུའོ།། དེ་དེར་དབྱོན་པ་དང་། ་རེ་ཤིག་ན་བུ་མོ་ཞིག་རྔ་ཡབ་འཛམ་བུའི་གསེར་གྱི་སུ་བ་ཅན་ཞིག་ཐོགས་ནས། སྣམ་ལོགས་སུ་འདུག་སྟེ། གཡོབ་པ་རྣམ་སངས་རྒྱས་ཀྱི་འོད་ཀྱིས་འཛམ་བུ་ཆུ་བེའི་གསེར་མོགོ་མོག ་བོར་བྱས་སོ།། ཇི་ཙམ་ན་བུ་མོ་དེ་འདི་སྙམ་དུ། བདག་ལྕགས་ལས་བྱས་པའི་ཡུ་བ་ཅན་ཐོགས་སམ་ཇི་སྙམ་དུ་ཐེ་ཚོམ་སྐྱེས་སོ།། དེ་ནས་རྣམ་པར་གཟིགས་གཤོས་གསོལ་ནས ་ཕྱིར་གཤེགས་པར་གྱུར་པ་དང་། དེས་ཡང་འཛམ་བུའི་ཆུ་བོའི་གསེར་མཆོག་ལས་བྱས་པའི་ཡུ་བར་མཐོང་ངོ་།། དེ་ནས་ཟླ་བ་གསུམ་འདས་ནས་ཞེས་བྱ་བ་ནས། ལྗོངས་རྒྱ ་གཤེགས་སོ་ཞེས་བྱ་བའི་བར་དུའོ།། དེ་ནས་རྒྱལ་པོ་གཉེན་ལྡན་གྱིས་འཛམ་བུའི་གསེར་ལས་སྐུ་གཟུགས་ཤིག་བྱས་སོ།། རེ་ཤིག་ན་བུ་མོ་དེས་གསེར་ལས་བྱས་པའི་སྐུ ་གཟུགས་དེ་ཁྱེར་ཏེ་འོངས་པ་དང་། རྣམ་པར་གཟིགས་ཀྱི་འོད་ཀྱིས་མོགོ་མོགོ་པོར་བྱས། ཁ་དོག་མི་འདྲ་བར་མཐོང་ནས་ཞེས་བྱ་བའི་བར་ནས། སྨོན་ལམ་བཏབ་པ། བདག ་གིས་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏིང་བའི་དགེ་བའི་རྩ་བ་འདིས་ཤེས་བྱ་བ་ནས། འདི་ལྟ་བུའི་ལུས་ཀྱི་འོད་ཅན་དུ་འགྱུར་བར་བྱ་བ་དང་། ཞེས་བྱ་བ་ནས། རང་གི་འོད ་ཀྱིས་མོགོ་སོག་པོར་བྱེད་པར་གྱུར་ཅིག་ཅེས་བྱ་བའི་བར་དུའོ།། འདིས་ཀྱང་སྨོན་ལམ་གྱི་དབང་གིས་ང་མཉེས་པར་བྱས་ཏེ། མི་མཉེས་པར་མ་བྱས་སོ།། དགེ་སློང་དག་དེ་ལྔ ་བས་ན། སངས་རྒྱས་དང་ཆོས་དང་དགེ་འདུན་ལ་བྱ་བ་བྱས་པ་དང་། ཡང་དག་པའི་སྨོན་ལམ་ཡང་གདབ་པར་བྱ་སྟེ། ཞེས་བྱ་བ་ནས། སེར་སྱའི་བུ་མོ་བཟང་མོ་ལྟ་བུར་ཞེས ་བྱ་བའི་བར་དུའོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་ལྔ་པ། ་ཡང་ཞེས་བྱ་བའི་བར་ནས། དགེ་སློང་དག་སྔོན་བྱུང་བ་ཞེས་བྱ་བ་ནས། རྒྱལ་པོ་ཞིག་རྒྱལ་སྲིད་བྱེད་དོ་ཞེས་བྱ་བའི་བར་དང་། ཚོང་དཔོན་ཞིག་ཅེས་བྱ་བ་ནས། རེ་ཤིག་ན་གྲོང་ཁྱེར་གྱི ་ཕྱི་རོལ་ན། དེའི་བསྐྱེད་མོས་ཚལ་འཆེའུ་དང་མེ་ཏོག་ཡང་བ། ཤིང་གིས་ཡོངས་སུ་བསྐོར་བས་གཏིབས་པ། མེ་ཏོག་དང་འབྲས་བུ་སྣ་ཚོགས་ཀྱི་ལྡན་ཤིང་མཆོག་ཏུ་མཛེས་པ་དང་། ་ལྡན་པ་ཞེས་བྱ་བའི་བར་དུའོ།། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མི་འབྱུང་བ་དེའི་ཚེ། རང་སངས་རྒྱས་འཇིག་རྟེན་དུ་འབྱུང་བར་འགྱུར་ཏེ་ཞེས་བྱ་བ་ནས། རང་སངས ་རྒྱས་ནད་པ་ཞིག་ཅེས་བྱ་བའི་བར་ནས་སྨན་པའི་གན་དུ་སོང་སྟེ་ཞེས་བྱ་བའི་བར་ཏེ་སྨིན་པས་སྨྲས་པ། གྲོང་དུ་བཞུད་ཅིག་ཅེས་བྱ་བ་ནས། ཚོང་དཔོན་གྱི་སྐྱེད་མོས་ཚལ་དུ་འདུག་གེ། ་ཞེས་བྱ་བའི་བར་དུའོ།། རེ་ཤིག་ན་ཚོང་དཔོན་གྱིས་མཐོང་ནས། ཡོ་བྱད་ཐམས་ཅད་སྦྱར་ཏེ། ཞེས་བྱ་བ་ནས། ནད་སོས་པར་གྱུར་ཏོ་ཞེས་བྱ་བའི་བར་དུའོ།། ཡོངས་སུ་མྱ་ངན་ལས ་འདས་པར་གྱུར་ཅིག་ཅེས་བྱ་བ་ནས། སྐུ་གདུང་གི་མཆོད་རྟེན་བྱས་སོ་ཞེས་བྱ་བའི་བར་དུའོ།། རེ་ཅིག་ན་ཚོང་དཔོན་གྱིས་མཆོད་རྟེན་སྐྱ་བོར་མཐོང་སྟེ་ཞེས་བྱ་བ་ནས། ཆུང་མ་ལ་སྤྲས ་པཿདེས་དེ་ལ་ལུང་གིས་བྱུགས་མེ་ཏོག་བཀྲམ་སྟེ་སྨོན་ལམ་བཏབ་པ། ཀྱེ་མའོ་ཨ་ལ་ལ་འཕགས་པ་ཇི་སྲིད་འཚོའི་བར་དུ་བསྙེན་བཀུར་བགྱིས་པ་དང་། ཡོངས་སུ་མུང་ལས་འདས ་ནས་ཀྱང་། མཆོད་རྟེན་བརྩིགས་ཏེ། སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བའི་དགེ་བའི་རྩ་བ་འདིས་ཕྱུག་པ་དང་། ནོར་ཆེ་བ་དང་། ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག། ་འདིས་ཇི་ལྟ་བུའི་ཆོས་རྙེད་པ་དེ་ལྟ་བུའི་ཆོས་ཁོང་དུ་ཆུད་པར་འགྱུར་བ་དང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེས་པར་བགྱིད་ཀྱི། མི་མཉེས་པར་བགྱིད་པར་མ ་གྱུར་ཅིག་ཅེས་བྱས་སོ།། དགེ་སློང་དག་ཚོང་དཔོན་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེ་འདུས་ན་ཚོང་དཔོན་གྱི་ཆུང་མ་གང་ཡིན་པ་དེ་ནི་སེར་སྐྱའི་བུ་མོ་བཟང་མོ། ་འདི་ཉིད་ཡིན་པར་གྱུར་ཏོ།། ཞེས་བྱ་བ་ནས་ཡུང་གིས་བྱུགས་པར་གསེར་གྱི་མདོག་ཏུ་གྱུར་ཏོ།། ཞེས་བྱ་བའི་བར་དང་། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ།། ཞེས་བྱ་བའི། ་བར་དུའོ།། ཡང་དགེ་སློང་དག་ཅེས་བྱ་བ་ནས། བཅོམ་ལྡན་འདས་བཟང་མོས་ལས་ཅི་ཞིག་བགྱིས་ན། འོད་སྲུངས་ཆེན་པོ་དང་ལྷན་ཅིག་ལོ་བཅུ་གཉིས་ཀྱི་བར་དུ་མལ་གཅིག་ན་མཆི ་པའི་ཚེ་ཡང་འཁྲིག་པའི་སྦྱོང་བ་མ་བགྱིས་པར་གྱུར། ཅེས་བྱ་བའི་བར་དུའོ།། དགེ་སློང་དག་དེ་གཉིས་ཀྱིས་ལས་བྱས་ཤིང་ཞེས་བྱ་བ་ནས། གྲོང་ཁྱེར་བ་ར་ན་སེ་ན། རྒྱལ་པོ་ཚང ་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དོ་ཞེས་བྱ་བའི་བར་དུའོ།། རེ་ཤིག་ན་རྒྱལ་པོའི་ཕོ་བྲང་དེ་ན་གཟུགས་ཀྱིས་འཚོ་བ་བཟང་མོ་ཞེས་བྱ་བ་སྒྱུ་རྩལ་དྲུག་ཅུ་དང་ལྡན་པ། ཀར་ག་པ་ནི་ལྔ་བཿ། ་ལས་མི་ཉུང་བར་སྤྱོད་པ་ཞིག་གནས་སོ།། དེ་ནས་དུས་གཞན་ཞིག་ན། རྒྱལ་པོའི་ཕོ་བྲང་དག་འདུན་པ་ལྔ་བརྒྱ་རྣམས་ཀྱིས་བཟའ་བ་དང་བཏུང་རབ་ཏུ་མང་པོ་ཁྱེར་ཏེ་ཞེས་བྱ་བ་ནས། ་རྒྱལ་པོའི་བུས་ཁྲིད་དེས་སོང་ངོ་ཞེས་བྱ་བའི་བར་དུའོ།། རེ་ཤིག་ན་དགའ་འདུན་པ་རྣམས་ཀྱིས་རང་སངས་རྒྱས་ལ་བསོད་སྙོམས་ཕུལ་ཏེ།། སྨོན་ལམ། ་བཏབ་པ་ཞེས་བྱ་བ་ནས། དེའི་ཚེ་གཟུགས་ཀྱིས་མཚོ་མ་གང་ཡིན་པ་དེ་ནི་བཟང་མོ་འདི་ཡིན་ཏེ། དེའི་ཚེ་དེའི་དུས་ན་སེར་སྐྱའི་བུ་མོ་དེར་གྱུར་ཏོ།། ཞེས་བྱ་བ་དང་། དགའ་འདུན་པ ་ལྔ་བརྒྱ་གང་ཡིན་པ་དེ་ནི་གཅེར་བུ་པ་ལྔ་བརྒྱ་འདི་ཡིན་ཏེ། ཞེས་བྱ་བའི་བར་དང་། ལས་གཅིག་ཏུ་དཀར་བ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་དཀར་བ་ཡིན་ལ། ལས་གཅིག ་ཏུ་གནག་པ་རྣམས་ཀྱི་རྣམ་པར་སྨིན་པ་ཡང་གཅིག་ཏུ་གནག་པ་ཡིན་པར་བལྟ་བར་བྱའོ།། ཞེས་བྱ་བའི་བར་དུའོ།། ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད ་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ། ཞེས་ཞེས་བྱ་བ་ནས་དགྲ་བཅོམ་པ་ཉིད་ཐོབ་ནས་ཀྱང་རྒྱལ་པོ་མ་སྐྱེས་དགྲས་སུན་ཕྱུང་བར་གྱུར་ཞེས་བྱ་བའི་བར་དུལ ་དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དགུའི་ཚེ་ལོ་ཁྲི་ཐུབ་པ་ན་ཡང་དག་པར་རྫོགས་པའི་སངས་འོད་སྲུངས་ཞེས་བྱ་བ་བྱུང་སྟེ། ་བ་ར་ན་སེ་ན་དྲང་སྲོང་སྤྲ་བ་རི་དགས་ཀྱི་ནགས་ན་བཞུགས་སོ།། དེའི་ཚེ་དེའི་དུས་ན། གྲོང་ཁྱེར་བ་ར་ན་སེ་ན་ཚོང་དཔོན་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་ཅེས་བྱ་བ་ནས། བུ ་མེད་པར་གྱུར་ཏོ་ཞེས་བྱ་བའི་བར་དང་། བདག་ཤི་ནས་རྒྱལ་པོའི་ཕོ་བྲང་དུ་བསྡུས་པར་འགྱུར་རོ་སྙམ་ཞེས་བྱ་བའི་བར་དུའོ།། དེས་དེ་ལ་སྨྲས་པ། རྗེའི་སྲས་འདི་ལྟར་ཐུགས ་མི་དགྱེས་པར་མ་བཞུགས་ཤིག་ཅེས་བྱ་བ་ནས། ཆུང་མ་གཉིས་བླངས་ན། བདེ་བ་ཉམས་སུ་མྱོང་བར་མི་འགྱུར་རོ་ཞེས་བྱ་བའི་བར་དུའོ།། ཆུན་མ་ལ་ནི་བུ་མེའི་འདུ་ཤེས་འཇོག་ལ་ཞེས ་བྱ་བ་ནས། སྔ་མ་ཟིལ་གྱིས་གནོན་པ་ཡིན་པས། སྔ་མ་གང་ཡིན་པ་ལ་འདྲི་བར་ཡང་མི་བྱེད་དེ་ཞེས་བྱ་བའི་བར་དུའོ།། བདག་འདི་ལྟར་ཅིའི་ཕྱིར་འདུག་ཅེས་བྱ་བ་ནས། དེས་ཁྱོལ ་སྨྲས་པ། བདག་སྐྱབས་སུ་མཆི་ཞིང་བསླབ་པའི་གཞི་ལེན་དུ་མཆི་ཡིས་མཁྱེན་པར་མཛོད་ཅིག་ཅེས་སྨྲས་པ་དང་། དེས་ཀྱང་གནང་ངོ་།། དེ་ཡང་སྐྱབས་སུ་སོང་ནས། བསླབ་པའི ་གནི་བླང་བ་བྱས་སོ།། དེ་ནས་མི་དེ་སེམས་པ་ལ་ཞུགས་པ་ན་འདི་སྙམ་དུ་འདི་ལྟར་བདག་གི་ཡོན་གནས་ནི་འདི་ཡིན་ནོ་ཞེས་བསམས་ཏེ། ཞེས་བྱ་བ་ནས། མེ་ཏོག་དང་། འབྲས་བུ་དང་། ་བཟའ་བ་ཆེས་སྔར་སྦྱིན་པར་བྱེད་ཅིང་། ཕྱིས་ནི་ཆུན་མ་དེ་ལའོ།། ཞེས་བྱ་བའི་བར་དུའོ།། དེས་འདི་སྙམ་དུ་ཁྱིམ་གྱི་བྱ་བ་ཅུང་ཟད་གང་ཡིན་པ་དེ་དག་ཐམས་ཅད་ནི་བདག་བྱེད་ལ། འདི། ་ནི་ཉལ་ཞིང་ཟ་བ་ཡིན་པ་སྙམ་དུ་བསམས་ཏེ་ཞེས་བྱ་བ་ནས། མི་དེས་ཆུན་མ་ལ་ཀུན་ཏུ་སྦྱོར་བར་བྱ་བའི་ཕྱིར་བོས་པ་དང་ཞེས་བྱ་བ་ནས། དེས་སྨྲས་པ། ཆེན་མ་དང་ལྷན་ཅིག། ་འཛོད་ཅིག་ཅེས་སྤྲས་པའི་བར་དུའོ།། བསླབ་པའི་གཞི་བླངས་སོ་ཞེས་བྱ་བ་ནས། ཉོན་མོངས་པ་ནི་ཤིན་ཏུ་སྟོབས་ཆེ་བ་ཉིད་ཀྱི་ཕྱིར་ཆུན་མ་སྔ་མའི་གན་དུ་སོང་སྟེ་མཐུ ་བ་དང་། དེས་སྨྲས་པ། རྗེའི་སྲས་ཁྱོད་ཀྱིས་བདག་འདི་ལྟར་བསླབ་པའི་གཞི་ལེན་པར་གནང་བར་བགྱིས་པ་ཉིད་མ་ལགས་སམ། ད་ལྟར་གྱི་འདི་ལྟ་བུ་ནི་རུང་བ་མ་ལགས་སོ།། ་དེས་དེ་ལ་ནན་གྱིས་དགའ་མགུར་སྤྱད་དོ་ཞེས་བྱ་བའི་བར་དུའོ།། དེའི་ཚེ་ཆུན་མར་གྱུར་པ་གང་ཡིན་པ་དེ་ནི། སེར་སྐྱའི་བུ་མོ་བཟང་མོ་འདི་ཡིན་ཏེ། འདིས་དེའི ་ཚེ་ཆེན་མའི་བརྟུལ་ཞུགས་གང་ཡིན་པ་ཉམས་པར་བྱས་པའི་ལས་དེའི་རྣམ་པར་སྨིན་པས། དགྲ་བཅོམ་པ་ཉིད་ཐོབ་ཀྱང་། མ་སྐྱེས་དགྲས་ཞག་བདུན་དུ་སྤྱད་པར་གྱུར་ཏོ།། བཅོམ་ལྡན ་འདས་ལས་ཅི་ཞིག་བགྱིས་ན། གང་གི་སླད་དུ་འདིས་དགྲ་བཅོམ་པ་ཉིད་ཐོབ་ཅིང་མངོན་པར་ཤེས་པ་མྱུར་བ་རྣམས་ཀྱི་མཆོག་ཏུ་བསྟན་ཅེས་བྱ་བ་ནས། འདིས་ལས་བྱས་ཤིང་ཤེས ་བྱ་བ་དང་། ཆུང་མ་ཆུན་མར་གྱུར་ཅིང་ཁྱོ་ཤི་བར་གྱུར་ནས། ཁྱིམ་ནས་བྱུང་སྟེ། བཅོམ་ལྡན་འདས་འོད་སྲུངས་ཀྱི་གསུང་རབ་ལ། ཁྱིམ་མེད་པར་རབ་ཏུ་བྱུང་ནས། དེར་འདིས་ལོ་སྟོང ་ཕྲག་བཅུའི་བར་དུ་ཚངས་པར་སྤྱོད་པ་ལ་གནས་ཤིང་ཡོངས་སུ་བསྲུངས་ཏེ། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་མཁས་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་དང་། ་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་གྱུར་ཀྱང་། ཡེ་ཤེས་མཐར་ཐུག་པར་ཁོང་དུ་ཆུད་པར་མ་གྱུར་མོད་ཀྱི། འོན་ཀྱང་དེའི་ཚེ་སྨོན་ལམ་བཏབ་པ། བཅོམ་ལྡན་འདས་འོད ་སྲུངས་ཀྱིས་བྲམ་ཟེའི་ཁྱེའུ་བླ་མ་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་དེ་བདག་གིས་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་པས་འདིས་ང་མཉེས་པར་བྱས་ཏེ། མི་མཉེས ་པར་མ་བྱས་ལ། ཚངས་པར་སྤྱད་པ་གང་ཡིན་པ་ལ་གནས་ཤིང་དེ་ཡོངས་སུ་བསྐྱངས་པའི་ལས་དེའི་རྣམ་པར་སྨིན་པས་དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་ཏོ།། གསུང་རབ་དེ་ལ ་མི་མཉེས་པར་བྱེད ་ཡང་དགེ་སློང་ས་གང་གི་དྲུང་དུ་རབ་ཏུ་འབྱུང་བར་བྱེད་པ་དེ་བཅོམ་ལྡན་འདས་འོད་སྲུངས་ཀྱིས་དེ་མངན་པར་ཤེས་པ་སྣང་བ་རྣམས་ཀྱི་མཆག་ཏུ་བསྟན་པ་དེའི་ཚེ་ཡང་འདིས་ལྡན་ལམ ་བཏབ་པ། བཅོམ་ལྡན་འདས་འོད་སྲུངས་ཀྱིས་བདག་གི་མཁན་པོ་མངོན་པར་ཤེས་པ་མྱུར་བའི་མཆོག་ཏུ་བསྟན་པ་ཇི་ལྟ་བ་བཞིན་དུ་བྲམ་ཟེའི་ཁྱེའུ་བླ་མ་རྫོགས་པའི་བྱང་ཆུབ་ཐོབ ་པ་ན། བདག་ཀྱང་མངོན་པར་ཤེས་པ་མྱུར་བའི་མཆོག་ཏུ་བསྟན་པར་ཤོག་ཤིག་ཅེས་བྱ་བ་ནས། དགེ་སློང་དག་དེ་ལྟར་བསླབ་པར་བྱའོ་ཞེས་བྱ་བའི་བར་དུའོ།། ཡང་དགེ་སློང ་རྣམས་ཐེ་ཚོམ་སྐྱེས་ཏེ་ཞེས་བྱ་བ་ནས། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོས་ལས་ཅི་ཞིག་བགྱིས་ཤེས་བསགས་ན། འདི་ལྟར་ལས་ཀྱི་རྣམ་པར་སྨིན་པས་ནོར་མང་བ་དང་།། ་ལོངས་སྤྱོད་ཆེ་བའི་ཁྱིམ་དུ་སྐྱེས་ཤིང་། དེའི་འབྱོར་པ་འདི་ལྟར་ལས་ཀྱི་མཐའ་པའི་གྲོང་སུམ་ཅུ་དང་ཞེས་བྱ་བ་ནས། གསེར་གྱི་ནས་ཀྱིས་བཀང་བའི་སྦྲང་བརྒྱ་ཅུ་དང་། ་རྨོན་པ་དོར་དགུ་བརྒྱ་དགུ་བཅུ་རྩ་དགུ་ཞེས་བྱ་བའི་བར་དུའོ།། དགེ་སློང་དག་སྔོན་བྱུང་བ་འདས་པའི་དུས་ན། བསྟི་གནས་ཞིག་ན་དྲང་སྲོང་ལྔ་བརྒྱ་གནས་སོ།། སངས་རྒྱས ་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བ་དེའི་ཚེ། རང་སངས་རྒྱས་ཕོངས་པ་དང་དམན་པ་ལ་ཕན་འདོགས་པ་འཇིག་རྟེན་དུ་འབྱུང་སྟེ། བསྟི་གནས་དེ་དང་ཧ་ཅང་མི་རིངས་པ་ན ་རང་སངས་རྒྱས་ཞིག་ཀྱང་གནས་སོ།། དེ་ནས་དྲང་སྲོང་དེ་དག་ཉིན་ཅིག་བཞིན་དུ་སྔར་ལངས་ཏེ། གནས་བསྲུང་བའི་དྲང་སྲོང་བཞག་ནས། ལམ་བསྲེག་ཤིང་འབྲས་བུའི་ཕྱིར། ་@ཕྱོགས་བཞིར་འགྲོ་བར་བྱེད་དོ།། དེ་ནས་དྲང་སྲོང་ཞིག། རང་སངས་རྒྱས་དེ་དང་ཉེ་བ་ནས་ཡང་དང་ཡང་དུ་འགྲོ་བ་ན། རང་སངས་རྒྱས་དེ་སྐྱིལ་མོ་ཀྲུང་བཅུ ་ཏེ་འདུག་པ་མཐོང་ངོ་།། ལྡོག་པ་ན་ཡང་དེ་བཞིན་འདུག་པར་མཐོང་ནས། འདི་སྙམ་དུ་དགེ་སློང་འདི་ཉིན་པར་སྐྱིལ་མོ་ཀྲུང་འཇིག་པར་མི་བྱེད་ན། ཁ་ཟས་གང་ནས་ཇི་ལྟར་བྱེད། མ ་ལ་བདག་གིས་དེ་ལ་དྲིའོ་སྙམ་དུ་བསམས་སོ།། དེས་ཡང་འདི་སྙམ་དུ་ད་ལྟར་ཉེ་བར་སོང་སྟེ་དྲིར་ནི་དྲང་སྲོང་དེ་དག་གིས་བདག་དགེ་སློང་དང་ལྷན་ཅིག་འགྲོགས་པ་མཐོང་བ་དང་། ་འཕྱ་བར་འགྱུར་བས་གང་གི་ཚེ་བདག་བསྟི་གནས་བསྲུང་བར་གྱུར་པ་དེའི་ཚེ། བག་ཚ་བ་མེད་པར་དྲི་བར་བྱའོ་སྙམ་དུ་བསམས་སོ།། དེ་ནས་དུས་གཞན་ཞིག་ན་དེ་ལ་བསྟི་གནས ་བསྲུང་བབབ་སྟེ། དྲང་སྲོང་དེ་དག་དོང་བ་དང་། རང་སངས་རྒྱས་གང་ན་བ་དེར་སོང་སྟེ་ཕྱིན་ནས། དེ་ལ་དྲིས་པ། འཕགས་པ་བདག་ཉིན་བཞིན་དུ་ཁོ་ཟས་དང་འབྲས་བུའི་དོན་དུ་ཕན ་ཆུན་དུ་འགྲོ་བར་བྱེད་པ་ན། ཁྱོད་སྐྱིལ་མོ་ཀྲུང་བཤིག་པ་འམ། བསོད་སྙོམས་ཀྱི་དོན་དུ་འགྲོ་བར་བདག་གིས་ལན་འགའ་ཡང་མ་མཐོང་ན། ཁྱོད་བདག་ལ་ཟ་འམ་ཅི། དེས་སྨྲས་པ། ་དགའ་བ་ཟ་བ་མ་ཡིན་ཏེ། གང་གི་ཚེ་ཟས་ཀྱི་དུས་ལ་བབ་པ་དེའི་ཚེ། བསོད་སྙོམས་ཀྱི་དོན་དུ་སོང་སྟེ། འདིར་ཁྱེར་ཏེ་འོངས་ནས་ཟ་བར་བྱེད་དོ།། དེས་བྲིས་པ། བསོད་སྙོམས ་ཀྱི་ཕྱིར་གང་དུ་འགྲོ་བར་བྱེད། དེས་སྨྲས་པ། བྱང་གི་སྒྲ་མི་སྙན་ཅི་འདྲ། དེས་སྨྲས་པ། བདག་གིར་ཡོངས་སུ་འཛིན་པ་མེད་པ། ཚེ་ངེས་པ། ཁྱད་པར་ཅན་དུ་འགྲོ་ཞིང་དེ་ནས ་ཤི་འཕོས་ནས་ཀྱང་། ཁྱད་པར་ཅན་དུ་འགྲོ་བར་འགྱུར་བའོ།། འོན་ཏེ་བྱང་གི་སྒྲ་མ་སྙན་དུ་མི་འགྲོ་བ་དེའི་ཚེ་ན། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་ཁ་ཟས་བསོད་སྙོམ ་བྱེད་དོ།། དེས་དྲིས་པ། སུམ་ཅུ་རྩ་གསུམ་གྱི་ལྷོ་རྣམས་ཅི་འདྲ། དེས་སྨྲས་པ། བདེ་བ་མང་བ། གཞལ་མེད་ཁང་མཐོན་པོ་ཅན། ཚེ་རིང་བ། ཡུན་རིང་དུ་གནས་པ། དུས་རིང་པོར ་གནས་པ་ཡིན་ནོ།། དེས་འདི་སྙམ་དུ། འདི་ནི་བདག་ཉིད་ཆེན་པོ་ཞིག་ཡིན་པས། མ་ལ་དི་རིང་གི་བསོད་སྙོམས་བདག་གིས་དབུལ་ལོ་སྙམ་དུ་བསམས་ནས། དེས་རང་སངས་རྒྱས ་དེ་ལ་སྨྲས་པ། འཕགས་པ་དེང་བདག་གིས་བསོད་སྙོམས་དབུལ་གྱིས་རྗེས་སུ་གཟུང་དུ་གསོལ། དེས་སྨྲས་པ། ཁྱོད་ཀྱང་ཁྱིམ་གྱི་གནས་ནས་ངེས་པར་བྱུང་བ་ཡིན་ན་ཁྱོད་ཀྱིས་ཇི་ལྟར ་ང་ལ་བསོད་སྙོམས་སྦྱིན་པར་སེམས། དེས་སྨྲས་པ། དེ་ལྟ་ལགས་མོད་ཀྱི་འོན་ཀྱང་ངེས་པར་བདག་ལ་ཕན་གདགས་པར་མཛད་དུ་གསོལ། ཁྱོད་ནི་དཔལ་དང་བསོད་ནམས་ཡིན། ཁྱོད ་ནི་ཆོས་འཆང་རྣམས་ཀྱི་མཆོག། ཁྱོད་ནི་བརྩོན་པས་འཇིག་རྟེན་འདི། ཀུན་ནས་བརྒྱན་པ་བཞིན་དུ་གྱུར། དེས་ཀྱང་ཁས་བླངས་སོ།། དེ་ནས་དྲང་སྲོང་གིས། དེས་ཅང་མི་སྦ་བར་ཁས ་བླངས་པར་རིག་ནས། རིང་གི་བསྟི་གནས་སུ་སོང་ངོ་།། དེ་ན་ཡང་དེས་སྔ་ན་ཁྲེ་རྒོང་བྲེའུ་ཆུང་གང་ཞིག་དྲུས་ཏེ་བཞག་པ་དེ། དེས་བཀྲབས་ནས་བསྟི་གནས་དེ་དང་ཧ་ཅང་མི་རིང་བ་ན། ་ཕྱུགས་ལྷས་ཞིག་ཡོད་པ་དེར་སོང་སྟེ། དེ་ནས་འོ་མ་བླངས་ཏེ། འོ་མའི་ནང་དུ་བཅོས་ནས། བཙོས་ཟིན་པ་དང་། རང་སངས་རྒྱས་དེ་ལ་བསོད་སྙོམས་ཕུལ་ལོ།། བཙུན་པ་དེས ་ཀྱང་དེ་ལ་ཕན་གདགས་པའི་དོན་དུ་བསོད་སྙོམས་དེ་བླངས་ནས་ལུས་ཀྱི་ཆོས་བསྟན་པའི་ཕྱིར། ངང་པའི་རྒྱལ་པོ་འདབ་མ་བརྐྱང་བ་ལྟ་བུར་ན་མཁའི་དཀྱིལ ་དུ་འཕགས་སོ།། དེས་དེ་མཐོང་ནས་མཆོག་ཏུ་དད་པར་གྱུར་ཏེ། དགའ་བ་དང་མགུ་བ་དང་། རངས་པའི་ཡིད་ཀྱིས་པུས་མོ་ས་ལ་བཙུགས་ཏེ། སྨོན་ལམ་བཏབ་པ། བསོད་སྙོམས་ཕུལ ་ཏོ་སྦྱིན་པར་བྱ་བའི་ཆོས་ཡོངས་སུ་བཏང་བ་འདིས། བདག་ནམ་དུ་ཡང་སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་སུ་སྐྱེ་བར་མ་གྱུར་ཅིག། རྟག་ཏུ་ལྷ་རྣམས་ཀྱི་ནང་དུ ་སྐྱེ་ཞིང་། དེ་ནས་ཤི་འཕོས་ན་ཡང་། བྱང་གི་སྒྲ་མི་སྙན་དུ་སྐྱེ་བ་དང་། དེ་ནས་ཀྱང་སླར་ལྷ་རྣམས་ཀྱི་ནང་དུ་དང་། འདིས་ཡོན་ཏན་གྱི་ཚོགས་ཐུགས་སུ་ཆུང་བ་གང་ཡིན་པ་དེ་དག་ཀྱང་ཁོང ་དུ་ཆུད་པར་འགྱུར་བ་དང་། འདི་བས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་མཉེན་པར་བྱེད་ཅིང་། མི་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ།། དགེ་སློང་དག་དེའི་ཚེ་དེའི་དུས ་ན། དྲང་སྲོང་དུ་གྱུར་པ་གང་ཡིན་པ་དེ་ནི་འོད་སྲུངས་ཆེན་པོ་འདི་ཡིན་ནོ།། དེའི་ཚེ་དེའི་དུས་ན་འདིས་ཁྲེ་རྒོ་བྲེའུ་ཆུང་གང་ཕུལ་བའི་ལས་དེའི་རྣམ་པར་སྨིན་པས། ལན་སྟོང་དུ་བྱང ་གི་སྒྲ་མི་སྙན་དུ་སྐྱེས་སོ།། ལན་སྟོང་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་སོ།། ལྷ་རྣམས་ནས་ཤི་འཕོས་ནས་ཀྱང་བྲམ་ཟེའི་རིགས་སུ་སྐྱེས་པར་གྱུར་ཏོ།། སྨོན་ལམ་གྱི་དབང་གིས་རང ་སངས་རྒྱས་བྱེ་བོ་བརྒྱ་སྟོང་ལས་ཆེས་ཁྱད་པར་དུ་འཕགས་པའི་སྟོན་པ་ཡང་མཉེས་པར་བྱས་ཤིང་། འདིས་ཡོན་ཏན་གྱི་ཚོགས་དེ་ཡང་ཐོབ་པར་གྱུར་ཏོ།། དགེ་སློང་དག་དེ་ལྟ ་བས་ན་སངས་རྒྱས་དང་། ཆོས་དང་དགེ་འདུན་ལ་བཀུར་སྟི་བྱས་ཤིང་སྦྱིན་པ་དབུལ་བ་དང་། བསོད་ནམས་ཀྱང་བྱས།། དེ་ལྟར་བྱས་ན་རྣམ་པ་འདི་ལྟ་བུའི་ཡོན་ཏན་གྱི་ཚོགས་ཅན་དུ། ་འགྱུར་ཏེ། འོད་སྲུངས་ཇི་ལྟ་བ་བཞིན་དུ་དགེ་སློང་ཁྱེད་ཀྱིས་བསླབ་པར་བྱའོ།། ཡང་དགེ་སློང་རྣམས་ཐེ་ཚོམ་སྐྱེས་པ་དེ། བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཚེ་དང ་ལྡན་པ་འོད་སྲུངས་ཆེན་པོས་ལས་ཅི་ཞིག་བགྱིས་ཤིང་བསགས་པའི་ལས་ཀྱི་རྣམ་པར་སྨིན་པས། འདི་ལྟར་རབ་ཏུ་བྱུང་ཞིང་ཉོན་མོངས་པ་ཐམས་ཅད་སྤངས་ནས། དགྲ་བཅོམ་པ་ཉིད ་ཐོབ་ཅིང་། བཅོམ་ལྡན་འདས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་བསྟན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ ་སློང་དག་འདིས་ལས་བྱས་ཤིང་བསགས་པ་ཞེས་རྒྱས་པར་བྱའོ།། དགེ་སློང་དག་སྔན་བྱུང་བ་འདས་པའི་དུས་བསྐལ་པ་བཟང་པོ་འདི་ཉིད་ལ། སྐྱེ་དག་རྣམས་ཀྱི་ཚེ་ལོ་ཉི་ཁྲི་ཐུབ་པ ་ན་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཞེས་བྱ་བ་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། ་བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་བྱུང་ངོ་།། དེའི་གསུང་རབ་ལ་འདི་རབ་ཏུ་བྱུང་བར་གྱུར་ཏེ། དེར་འདིས་ལོ་སྟོང་ཕྲག་བཅུའི་བར་ཚངས་པར ་སྤྱོད་པ་ལ་གནས་ཤིང་ཡོངས་སུ་བསྲུངས་ཀྱང་། མཐར་ཐུག་པའི་ཡེ་ཤེས་མ་བསྐྱེད་མོད་ཀྱི་འོན་ཀྱང་འཆི་བའི་དུས་ཀྱི་ཚེ་སྨོན་ལམ་བཏབ་པ་བཅོམ་ལྡན་འདས་འོད་སྲུངས་ཀྱིས། བྲམ ་@ཟེའི་ཁྱེའུ་བླ་མ་ཁྱོད་མ་འོངས་པའི་དུས་ན་སྐྱེ་དགུ་རྣམས་ཀྱི་ཚེ་ལོ་བརྒྱ་ཐུབ་པ་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་རེ། ་ཞེས་ལུང་བསྟན་པ་གང་ཡིན་པ་དེ་དག་གིས་མཉེས་པར་བྱེད་ཀྱི་མ་མཉེས་པར་བྱེད་པར་མ་གྱུར་ཅིག་ཅེས་བྱས་སོ།། དེ་ན་ཡང་དགེ་སློང་གང་གི་དྲུང་དུ་རབ་ཏུ་འབྱུང་བར་བྱེད་པ་དེ་ཡང་དག ་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་པ་དེ་ན་ཡང་འདིས་སྨོན་ལམ་བཏ ་པ། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུངས་ཀྱིས་བདག་གི་མཁན་པོ་འདོད་པ་ཆུང་བ་དང་། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་སྨྲ་བ་རྣམས་ཀྱི་མཆོག་ཏུ་ལུང་བསྟན ་པ་དེ་བཞིན་དུ། བྲམ་ཟེའི་ཁྱེའུ་བླ་མས་རྫོགས་པའི་བྱང་ཆུབ་ཐོབ་པ་ན། བདག་ཀྱང་ལུང་བསྟན་པ་ཐོབ་པར་ཤོག་ཤིག་ཅེས་བྱས་སོ།། དགེ་སློང་དག་དེར་ཚངས་པར་སྤྱོད་པ་ལ་གནས ་པས། དེ་འདི་ལ་འབྲས་བུ་ཐོ་བར་གྱུར་ཏོ།། དེར་དབང་པོ་ཡོངས་སུ་སྨིན་པར་བྱས་ཀྱིས་དེ་འདི་ལ་རྣམ་པར་གྲོལ་ལོ།། དེར་སྨོན་ལམ་བཏབ་པ་གང་ཡིན་པ་དེས་དེ་འདི་ལ་ལུང་བསྟ ་པར་གྱུར་ཏོ།། དགེ་སློང་དག་དེ་ལྟ་བས་ན་གུས་པར་ལུང་འབོག་པར་བྱ། བཀླག་པར་བྱ། ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་དང་། གནས་དང་གནས་མ་ཡིན་པ་དང་། རྟེན ་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པར་བྱའོ།། དེ་བཞིན་དུ་ཡང་དག་པའི་སྨོན་ལམ་གདབ་སྟེ། དེས་ན་ཁྱེད་ཅག་གི་ཡོན་ཏན་གྱི་ཚོགས་བསྐྱེད་པར་འགྱུར་བས། དགེ་སློང་དག ་ཁྱེད་ཀྱི་དེ་ལྟར་བསླབ་པར་བགྱིའོ།། བར་སྡོམ་ལ། ཤིང་བ་དང་ནི་རྫ་མཁན་དང་། ཚོང་དཔོན་རས་ཡུག་འཚོ་བ་དང་། མཆོད་རྟེན་ཡུང་གི་བྱུག་པ་དང་། སྤང་འཚོང་མ་དང་ཆན་ཚུན་དང་། ་དྲུག་དང་འདོད་པ་ཆུང་བ་ཡི། སྡེ་ཙན་དུ་ནི་བསྟན་པ་ཡིན། བས་ཕམ་པ་བརྒྱད་ཀྱི་སྡོམ་གྱི་ཚིགས་སུ་བཅད་པ་སྟེ། སྡོམ་ལ། མི་ཚངས་སྤྱོད་དང་རྐུ་བ་དང་། མི་གསོད་པ་དང་བརྫུན ་སྒྲ་དང་།། རི་དགས་འཛིན་དང་སྤོས་འཚོང་དང་། མཛའ་ཅན་མ་དང་གྲེ་ལས་སྐྱེས།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན་བཞག ་སོ།། གང་གི་ཚེ་ཨུད་པ་ལའི་མདོག་གྲོང་ཁྱེར་ཆེན་པོ་དྲུག་ན། སྨད་འཚོང་མ་བྱེད་པར་གྱུར་པ་དེའི་ཚེ། བྲམ་ཟེ་ཞིག་དེ་ལ་སེམས་ལྷག་པར་ཆགས་པར་གྱུར་ནས། དེར་སོང་སྟེ་མེ་ཏོག ་དང་འབྲས་བུ་དང་། སོ་ཤིང་རྣམས་ཀྱིས་བསྙེན་བཀུར་བྱེད་པར་གྱུར་ཏོ།། དེ་ནས་ཨུད་པ་ལའི་མདོག་གིས་བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ནི་རིགས་མཐོ་བ་ཡིན་ལ། བདག ་ནི་རིགས་དམའ་བ་ཡིན་ན། ཅིའི་ཕྱིར་འདིར་འོངས། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས་ཨུད་པ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། བདག་ཁྱོད་དང་ལྷན་ཅིག་ཕྲད་འདོད་པའི་ཕྱིར་རོ།། ་དེས་འདི་སྐད་ཅེས་སྦས་སོ།། གལ་ཏེ་ཁྱོད་ལ་ཀར་ཤ་བ་ནི་བདག་ཡོད་ན་ཕྱི་ནས་ལྷན་ཅིག་ཕྲད་པར་བྱའོ།། དེ་ནས་བྲམ་ཟེས་ཨུད་པ་ལའི་མདོག་ལས་ཚིག་དེ་ཐོས་ནས། ཀར་ཤ་པ་ནེའི ་དོན་དུ་ལྗོངས་དག་ཏུ་སོང་ངོ་།། དེ་ནས་ཨུད་པ་ལའི་མདོག་དུས་གཞན་ཞིག་ན། དགེ་བའི་བཤེས་གཉེན་ཚེ་དང་ལྡན་པ་མེད་འགལ་གྱི་བུ་ཆེན་པོ་ལ་བརྟེན་ནས། སྨད་པའི་ལས་རྣམས ་སྤངས་ཏེ། དགྲ་བཅོམ་པར་གྱུར་ཏོ།། དེ་ཡང་ཉིན་པར་ནགས་ཚལ་ཐིབས་པོར་འདུག་པ་ལ་གོམས་པ་ཡིན་པས། དེ་ནས་ཨུད་པ་ལའི་མདོག་ནགས་ཚལ་ཐིབས ་པོར་ཉིན་པར་འདུག་དུ་སོང་ངོ་།། བྲམ་ཟེ་དེ་ཡང་ཀར་ཤ་པ་ནི་ཁྱེར་ཏེ། གྲོང་དང་གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་དུ་སོང་ནས། འདྲི་ཞིང་འདྲི་ཞིང་མཉན་ཡོད ་དུ་བྱིན་ཏོ།། དེ་ནས་བྲམ་ཟེ་དེ་ཨུད་པ་ལའི་མདོག་གང་ན་བ་དེར་སོང་སྟེ། ཕྱིན་ནས་ཨུད་པ་ལའི་མདོག་ལ་རྒྱལ་བ་སྤེལ་བ་བྱས་ཏེ། འདི་སྐད་ཅེས་སྨྲས་སོ།། ཀྱེ་ཀར་ཤ་པ་ནི་དག ་བཞེས་ཤིག། དེས་ཀྱང་བསམས་ནས། བྲམ་ཟེ་ལ་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་བདག་གིས་ནི་དམ་པའི་ཆོས་མ་ཡིན་པ་དེ་སྤངས་སོ།། དེ་སྐད་ཅེས་སྨྲས་པ་དང་། བྲམ་ཟེས ་ཨུད་པ་ལའི་མདོག་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་ཁྱོད་ཀྱིས་སྤངས་ཀྱང་བདག་གིས་ནི་མ་སྤངས་སོ།། དེ་ནས་ཨུད་པ་ལའི་མདོག་གིས། བྲམ་ཟེ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ་བྲམ་ཟེ་ཁྱོད་བདག་གི་ཡན་ལག་གི་ཆ་གང་ལ་སེམས་ལྷག་པར་ཆགས་པར་གྱུར། དེས་འདི་སྐད་ཅེས་སྨྲས་ཏེ། མིག་ལའོ།། དེས་མིག་དེ་རྫུ་འཕྲུལ་གྱིས་ལག་མཐིལ་དུ་བཞག་སྟེ། བྲམ ་ཟེ་དེ་ལ་འདི་སྐད་ཅེས་སྦས་སོ།། བྲམ་ཟེ་གལ་ཏེ་འདོད་ན་ལོང་ཤིག། དེ་ནས་བྲམ་ཟེས་མིག་དེ་མཐོང་བ་དང་། ཁྲོས་འཁྲུགས་རྔམས་པར་གྱུར་ཏེ། དགེ་སློང་མ་ཨུད་པ་ལའི་མདོག་གི ་ཀླད་དུ་ཁུ་དྷར་ཅིག་བསྣུན་ནས་སོང་ངོ་།། དེ་ནས་ཨུད་པ་ལའི་མདོག་གིས་སྐབས་དེ། དགེ་སློང་མ་རྣམས་ལ་སྨྲས་སོ།། དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་བ་དང་། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུད་མེད་ནི་མཐུ་སྟོབས་ཆུང་བ། གཡོན་ཅན་དང་། འཕྱོན་མ་དང་། ཟོལ་བ་ལ་སོགས་པས་འདོད་པར་བྱ་བ་ཡིན་པས། དེའི་ཕྱིར་དེང ་ཕྱིན་ཅང་། དགེ་སློང་མས་དགོན་པར་གནས་པར་མི་བྱའོ།། བཅོམ་ལྡན་འདས་ཀྱིས་གང་གི་ཚེ་དགེ་སློང་མ་ལ་དགོན་པ་བཀག་པ་དེའི་ཚེ། སྲང་དང་བཞི་མདོ་དང་། སུམ་མདོ་དག་ཏུ་གནས་པ ་ནཿགཡོན་ཅན་ལ་སོགས་པས་ཀྱང་བགྲོད་པར་གྱུར་ཏོ།། རེ་ཤིག་ན་དེ་དག་དེ་ལ་གནས་པར་གྱུར་པ་དེའི་ཚེ། མཉན་ཡོད་ན། རི་དགས་འཛིན་གྱི་བུ། དགེ་སྙེན་ས་ག་ཞེས་བྱ་བ་དད་པ ་དང་ལྡན་པ་དགེ་བའི་གཞི་ལྔ་དང་ལྡན་པ་དེས། དགེ་སློང་མ་གར་བབ་བབ་ཏུ་འདུག་པ་དེ་དག་ལ་གནས་བཙལ་ཏེ། བྱིན་ནས་འཕགས་མ་དག་འདིར་ཅི་བདེར་བཞུགས་ཤིག། ཅེས་བྱས ་བ་དང་། དེའི་ཚེ་དགེ་སློང་མའི་དབྱར་ཁང་ན་དགེ་སློང་མ་སྦོམ་དགའ་མོ་ཞེས་བྱ་བ་གཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ་འདོད་ཆགས་ཆེ་བ། སྐྱེས་པའི་ཡིད་དུ་འོང་བ ་ཞིག་འདུག་གོ། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་དགེ་སྐོས་མ་བཞག་སྟེ། དགེ་སློང་མའི་དགེ་འདུན་སྔ་དྲོའི་དུས་ཀྱི་ཚེ་ཤམས་ཐབས་བགོས། ཆོས་གོས་དང་ལྷུང་བཟེད ་ཐོགས་ནས། མཉན་ཡོང་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་སོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོ།། ནའོ་ཞེས་བྱས་ཏེ་དེ་ཉིད་ནས་སླར་ལོག་སྟེ། དེ་རི་དགས་འཛིན་གྱི་བུ་འདུག ་ཁ་དེ་ལ་ཆགས་པ་ཡིན་པས། དེས་དེ་ལ་བརྡའ་བྱས་པ་དང་། དེ་མ་འདོད་ནས་དེས་འདི་སྐད་ཅེས་སྨྲས་སོ།། གང་འདོད་པ་ན་གང་མི་འདོད་པ་དེ་དག་ནི་དེ་བཞིན་དུ་འགྱུརརོ།། ། ་དེ་ནས་རི་དགས་འཛིན་གྱི་བུའི་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། སྲིང་མོ་ཁྱོད་ནི་རབ་ཏུ་བྱུང་བ་ཡིན་ལ། བདག་ནི་དགེ་བསྙེད་ཟླའི་སྟེང་དུ། ད ་ཀྱང་རྒྱལ་པོའི་སྲས་ཀྱི་བཙུན་མོའི་ཐབས་ཐོབ་པ་ཡིན་ལ། གལ་ཏེ་བབག་གིས་ཀྱང་ཉེས་པར་སྤྱོད་པ་འདི་ལྟ་བུ་སྤྱད་པ། རྒྱལ་པོས་ཤེས་པར་གྱུར་ན། དེས་བདག་མཚན་མོ་འདི་ནས ་སྡུག་བསྔལ་གྱི་སྐལ་བ་ཅན་དུ་འགྱུར་རོ།། དེ་ནས་སྦོམ་དགའ་མོས། རི་དགས་འཛིན་གྱི་བུ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་གི་བུ་རྒྱལ་པོའི་རྟོག་ཆེན་པ་བདག་ཅག་གི་ཕྱི ་བཞིན་དུ་འབྲང་ངམ་ཅི། གལ་ཏེ་བདག་ཀྱང་འདོད་ལ། ཁྱོད་ཀྱང་འདོད་པར་གྱུར་པ་དེ་ལྟར་འདུག་པ་ལ། སུ་ཞིག་བདག་ལ་འཕྲིགས་པར་འགྱུར། དེ་སྐད་ཅེས་སྨྲས་ཀྱང་། རི ་དགས་འཛིན་གྱི་བུ་མ་བཏུབ་པོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོས་འདི་སྙམ་དུ་ཅི་བདག་ལུས་ཞིག་ནས་འཆི་བར་བྱ་འམ། མ་ལ་བདག་གི་ཡན་ལག་དང་སྤྲད་པ་ཙམ་བདག ་གིར་བྱའོ་སྙམ་བསམས་ཤིང་བརྟགས་ནས། རི་དགས་འཛིན་གྱི་བུ་ལ་འདི་སྐད་ཅེས་གལ་ཏེ། ཁྱིམ་བདག་གི་བུ་མོ་འདོད་ན་ཡན་ལག་དང་ཡན་ལག་ཙམ་རེག་པར་བྱའོ་ཞེས ་སྨྲས་ནས། དེས་དེ་བང་དུ་བླངས་ཏེ། པུས་མོ་ཡན་ཆད་དང་། མིག་མན་ཆད་ཀུན་སྤྱད་པར་བྱས་པ་ལས། སྦྱོར་བ་དེ་ཡང་དགེ་སློང་མ་དགེ་སྐོས་མས་ཚོར་བར་གྱུར་ཏོ།། དགེ ་སློང་མའི་དགེ་འདུན་མ་ཡང་མཉན་ཡོང་དུ་བསོད་སྙོམས་བྱས་ནས། བས་ཀྱི་བྱ་བ་བྱས་ཏེ། ཟས་ཕྱི་མའི་བསོད་པསྙོམས་སྤངས་ནས། སླར་ལོག་པ་ན། རི་དགས་འཛིན་གྱི ་བུའི་གནས་གང་ཡིན་པ་དེར་སོང་དུ།། དེ་ནས་དགེ་སློང་མ་དགེ་སྐོས་མ་ངེས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་རི་དགས་འཛིན་གྱི་བུ་འདིས་བདག་ཅག་ལ་ཆོས་ཀྱི་དོན ་དུ་དབེན་པ་རབ་ཏུ་བྱིན་སྙམ་ན། འདིས་ནི་མགོ་རེག་མོ་རྣམས་སླས་ཀྱི་བཙུན་མོ་ལྟ་བུར་བཞག་པར་འཕྲིགས་ཀྱིས། ཀྱཻ་ཕུ་ནུ་མོ་དག་ཁྱེད་གང་ལ་ཚུལ་ཁྲིམས་དགོས་པ་དེ་དག་གཞན ་དུ་དེངས་ཤིག། དེ་དག་གིས་དེ་ལ་དྲིས་པ། དེ་ཇི་ཞིག། དེས་དགེ་སློང་མ་རྣམས་ལ་སྐབས་དེ་རྒྱས་པར་སྨྲས་སོ།། དགེ་སློང་མ་རྣམས་ཀྱིས་ཀྱང་དགེ་སློང་དག་ལ་སྨྲས་སོ།། དགེ ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་གཉི་གའི་དགེ་འདུན་གྱི་དོན་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར ་བཅས་པར་འགྱུར་རོ།། སྙམ་ནས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ།། སངས་རྒྱས་བཅོམ་ལྡན་འད ་རྣམས་ནི་མཁྱེན་བཞིན་དུ་མེད་པར་མཛད་པ་སྟེ། མཁྱེན་བཞིན་རྨེད་ཀྱི། མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི་དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པ་ཡིན་གྱི་དོན་དང་མི་ལྡན ་བར་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་མ་ལྡན་པར་རྨེད་པ་ནི་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་ནོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས ་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པ་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་སྦོམ་དགའ་མོ་ལ་རྨེད་པ། དགེ་སློང་མ་ཁྱོད་ཀྱིས ་འདི་ལྟར་ཚུལ་མ་ཡིན་པ། མི་མཛེས་པ་བྱས་པ་བདེན་ནམ། བཅོམ་ལྡན་འདས་མེད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན ་པ། ཚུལ་དང་མཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་རྣམ་པར་སྨད་པ་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་ནས། ་དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་མ་དག་དེ་ལྟ་བས་ན་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན་བསྡུ་བར་བྱ་བའི་ཕྱིར་དང་། དགེ་འདུན་ལེགས་པར་བྱ་བའི་ཕྱིར ་དང་། དགེ་འདུན་འཐུན་པར་བྱ་བའི་ཕྱིར་དང་། དགེ་འདུན་བདེ་བར་གནས་པར་བྱ་བའི་ཕྱིར་དང་། གནོད་མི་བཀུར་བའི་གང་ཟག་ཚར་གཅོད་པའི་ཕྱིར་དང་། ངོ་ཚ་ཤེས་པ་རྣམ ་བདེ་བར་གནས་པར་བྱ་བའི་ཕྱིར་དང་། མ་དད་པ་རྣམས་དད་པར་བྱ་བའི་ཕྱིར་དང་། དད་པ་རྣམས་ཕྱིར་ཞིང་རྒྱས་པར་བྱ་བའི་ཕྱིར་དང་། ཚེ་འདིའི་ཟག་པ་རྣམས་བསྡམ་པར་བྱ་བའི ་ཕྱིར་དང་། ཚེ་རབས་ཕྱི་མའི་ཟག་པ་རྣམས་བཟློག་པར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་རྗེས་སུ་གཟུང་བར་བྱ་བའི་ཕྱིར་དང་། ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པར་བྱ་བའི ་ཕྱིར་དང་། བསྟན་པ་འཐུན་པར་བྱ་བའི་ཕྱིར་དང་། ངའི་བསྟན་པ་ལངས་པར་གྱུར་པ་སྐྱེ་བོ་མང་པོ་ལ་ཕན་པ། ལྷ་དང་མའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ། ཡུན་རིང ་དུ་གནས་པར་འགྱུར་བ་ལ་ཡང་དག་པར་གཟིགས་ནས། འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱི་བསླབ་པའི་གཞི་བཅའ་བར་བྱའོ།། ངའི་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར་པས། སྐྱེས་པ་ཆགས་པ་དང་ལྷན་ཅིག་པུས་མོ་ཡན་ཆད་མིག་མན་ཆད་སྤང་། ཀུན་ཏུ་སྨད་པ་ཉམས་སུ། ་མྱོང་བར་བྱེད་པ་ན། དགེ་སློང་མ་དེ་བས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཆགས་པར་གྱུར་པས་ཞེས་བྱ ་བ་ནི། ཆགས་པས་དང་ཡང་དག་པར་ཞེན་པས་དང་། ཀུན་ནས་བཀྲིས་པས་སོ།། སྐྱེས་པ་ཞེས་བྱ་བ་ནི་རི་དགས་འཛིན་གྱི་བུ་འམ། དེ་ལས་གཞན་པ་གང་ཡང་རུང་བའོ།། ་ཆགས་པ་ཞེས་བྱ་བ་ནི་ཆགས་པ་དང་། ཡང་དག་པར་ཞེན་པ་དང་། ཀུན་ནས་དཀྲིས་པའོ།། མིག་མན་ཅད་པུས་མོ་ཡན་ཅད། ཅེས་བྱ་བ་ནི་དེའི་བར་རོ།། སྦྲང་ཀུན་ཏུ་སྤྲད་བ ་ཞེས་བྱ་བ་ནི། གཏུགས་ཤིང་ཀུན་ཏུ་གཏུགས་པའོ།། བདག་གིར་བྱེད་པ་བྱ་བ་ནི་ཀུན་ནས་ཉམས་སུ་མྱོང་བར་བྱེད་པའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ།། ་བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་པ་དང་། གཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་ཕྱིན་པར་བྱེད་པ་ཉིད་དང་། དེའི ་ཁས་ལེན་པ་དང་། དེ་ཡང་བསྙེན་པར་རྫོགས་པའི་ཚེ། ངག་དང་ཚིག་དང་། ཐ་སྙད་དང་། སྐད་དང་། བརྗོད་པ་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་ཏུ་བརྗོད ་བ་དང་། ངག་གི་ལས་དང་། ངག་གི་རྣམ་པར་རིག་བྱེད་ཀྱིས་ཁས་ལེན་པ་གང་ཡིན་པ་འདི་ནི། བསྙེན་པར་རྫོགས་པ་ཞེས་བྱའོ།། དེ་ཞེས་བྱ་བ་འདི་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ ་བསྟན་པའི་ཚིག་བླ་དགས་སོ།། བས་ཕམ་པར་གྱུར་པ་ཡིན་པས་ཤེས་བྱ་བ་ནི། དེ་ཟ་མ་དང་། ལྟུང་བ་དང་། དམན་པ་དང་། ཐ་ཆད་དང་། བསྙིལ་བ་དང་། ་ཡིད་དང་མི་མཐུན་པའོ།། ཡང་གང་གིས་ལྟུང་བ་དེ་བྱས་ན། བྱས་མ་ཐག་ཏུ་དགེ་སློང་མར་མི་རུང་བར་འགྱུར། ཤཀྱའི་སྲས་སུ་མི་རུང་། དེའི་དགེ་སློང་གི་ཚུལ་ཞིག་པར་འགྱུར་ཞིང་། ་ཉམས་པ་བཅོམ་པ་ལྟུང་བ། བམ་པ། རྒྱབ་ཀྱིས་ཕྱོགས་པར་བྱས་པ་སྟེ། དེའི་དགེ་སྦྱོང་གི་ཚུལ་ཕྱིར་བླང་དུ་མེད་པར་བྱས་པ་ཡིན་ནོ།། འདི་ལྟ་སྟེ་ཤིང་ཏ་ལའི་མགོ་བཅད་ན་སྔོན་པོར ་འགྱུར་དུ་མི་རུང་ལ། འཕེལ་ཞིང་རྒྱས་པ་དང་། ཡངས་པར་འགྱུར་དུ་མི་རུང་བ་དེ་བཞིན་དུ། དགེ་སློང་མ་གང་གིས་ལྟུང་བ་དེ་བྱས་ན། བྱས་མ་ཐག་ཏུ་ཞེས་བྱ་བ་ནི། དགེ་སློང་མ་རྣམས ་ཀྱིས། དེ་དང་། གསོ་སྦྱོང་དང་། དགག་དབྱེ་དང་། གསོལ་བ་དང་། གསོལ་བ་དང་། གཉིས་དང་གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་མི་བྱའོ།། ཡང་དགེ་སློང་མ་བཅུ་གཉིས ་བོ་དག་ཏུ་དེ་བསྐོ་བར་མི་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྡོམ་ལ། ཆགས་པས་སྐྱེས་པ་ཆགས་པའི། ལུས་དང་མིག་ནི་མན་ཆད་དང་། པུས་མོའི་གོང་ནི་ཡན་ཆད་ཀྱིས། ་སྨད་ན་པས་བམ་འགྱུར་བ་ཡིན། སྐྱེས་པ་ཆགས་པར་མ་གྱུར་པ། དེ་ནི་སྦོམ་པོ་ཉིད་དུ་འགྱུར། བྱིན་པ་དང་ནི་འབྲལ་བ་རྣམས། དེ་དག་ཉེས་བྱས་ཉིད་དུ་འགྱུར། ཡང་དགེ་སློང་མ་གང ་ཆགས་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག། མིག་མན་ཅད། པུས་སོ་ཡན་ཅན། སྤྲད་ཀུན་ཏུ་སྤང་བ་ཉམས་སུ་མྱོང་བར་བྱེད་ན། བས་ཕམ་པར་འགྱུར་རོ།། ཡང་དགེ་སློང་མ ་ཆགས་པས། སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག། མིག་མན་ཚད་སྦྲང་ཀུན་ཏུ་སྤང་བ་ཉམས་སུ་མྱོང་བར་བྱེད་ན། སྦོམ་པོར་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པ་མེད་པས། ་སྐྱེས་པ་ཆགས་པ་དང་ལྷན་ཅིག། མིག་མན་ཆད། སྤྲད་ཀུན་ཏུ་སྤད་པ་ཉམས་སུ་མྱོང་བར་བྱེད་ན། སྦོམ་པོར་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པས། སྐྱེས་པ་ཆགས་པ་མེད ་པ་དང་ལྷན་ཅིག། འཕྲལ་བ་ཡན་ཆད་བྱིན་པ་མན་ཆད་སྦྲང་ཀུན་ཏུ་སྤྲད་པ་བདག་གིར་བྱེད་ན། སྦོམ་པོར་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པ་མེད་པས། སྐྱེས་པ་ཆགས ་པ་དང་། ལྷན་ཅིག་འཕྲལ་བ་ཡན་ཆུད་བྱིན་པ་མན་ཆད། སྤྲད་ཀུན་ཏུ་སྤྲང་བ་བདག་གིར་བྱེད་ན། ཉེས་བྱས་སུ་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པས། སྐྱེས་པ་ཆགས ་པ་མེད་པ་དང་ལྷན་ཅིག། འཕྲལ་བ་ཡན་ཆད་བྱིན་པ་མན་ཆད། སྤྲད་ཀུན་ཏུ་སྤྲད་པ་བདག་གིར་བྱེད་ན། ཉེས་བྱས་སུ་འགྱུར་རོ།། ཡང་དགེ་སློང་མ་གང་ཆགས་པ་མེད་པས། ་སྐྱེས་པ་ཆགས་པ་མེད་པ་དང་ལྷན་ཅིག། འཕྲལ་བ་ཡན་ཆད་བྱིན་པ་མན་ཆད། སྤྲད་ཀུན་ཏུ་སྤྲད་པ་བདག་གིར་བྱེད་ན། ཉེས་བྱས་སུ་འགྱུར་རོ།། ཕས་ཕམ་པར་གྱུར་པ ་ལྔ་པ་རྫོགས་སྷོ།། ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི ་ཚེ་མཉན་ཡོད་ན་སྤོས་འཚོང་གི་ཁྱེའུ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ་ཞིག་འདུག་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་ཆུང་མ་དེ ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་དོ།། དེ་བླངས་ནས་རིང་པོ་མ་ལོན་པར་དེ་ནས་དགེ་སློང་མ་སྦོམ་དགའ་མོ།། ་སྤོས་འཚོང་གི་ཁྱེའུ་དེ་ལ་ཆགས་པར་གྱུར་ཏེ། དེ་སྤོས་འཚོང་གི་ཁྱེའུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཁྱོད་ཅིག་བག་མ་གསར་པས་སེམས ་མགུ་འམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གལ་ཏེ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས། གལ་ཏེ་མ་མགུ་བར་གྱུར་ན་ཡང་དོན་འདི་ཁྱོད་ལ་ཅི་དགོས། ་དེ་སྐད་ཅེས་སྨྲས་པ་དང་། སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་ལ་འདི་སྐད་ཅེས་སྨྲས་སོ།། ངས་ཀོ། ཁྱོད་དང་ལྷན་ཅིག་དགོས་པ་ཅུང་ཟད་ཅིག་བྱ་བར་ནས་སྙམ་ན། ཅུང་ཟད་ཀྱང ་མི་བཟོད་ན་དེར་ཟད་དོ།། དེ་ནས་སྤོས་འཚོང་གི་ཁྱེའུ་དེས་དགེ་སློང་མ་འདི་ནི་སེམས་ཆགས་པར་གྱུར་ཏོ་སྙམ་དུ་བསམས་སོ།། དེ་དེའི་དྲུང་དུ་ཡང་དང་ཡང་དུ་སོང་ནས། བརྡའ ་བྱེད་དུས་འདེབས་མཚན་མ་སྟོན་པར་བྱེད་ཅིང་། འཕྱར་གཡེང་དང་། གཞོག་སྟེགས་དང་། ཙ་བ་ཧྲལ་དག་ཀྱང་བྱེད་དོ།། དེ་ནས་སྤོས་འཚོང་གི་ཁྱེའུ་དེ་དུས་གཞན་ཞིག་ན། ་སྦོམ་དགའ་མོའི་དྲུང་དུ་འོངས་པ་དང་། དེས་དེ་གཡོགས་ཏེ་གཞག་གོ། དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་གི་ཕྱི་རོལ་དུ་སོང་སྟེ། རྐང་ལག་བཀྲུས་སོ།། སློབ་མ་དང་། ་ཉེ་གནས་རྣམས་ལ་བསྒོ་བ་བྱས་ནས། སྤོས་འཚོང་གི་ཁྱེའུ་དེ་དང་། དབེན་པར་སོང་སྟེ་འདུག་གོ། རེ་ཤིག་ན་འཁྲིག་ཐབས་སུ་བཅུག་པ་དང་། དེའི་སྒྲོམ་དགའ་མོ་འདི་སྙམ་དུ། ་བདག་དགེ་སློང་མ་རྣམས་ཀྱི་གོང་དུ་འགྲོ་བ་གང་ཅི་ཡང་རུང་བ་དེ་དག་ཐམས་ཅད་ནི། ཚུལ་ཁྲིམས་དང་། བརྟུལ་ཤུགས་དང་། ཚངས་པར་སྤྱོད་པ་ལ་གནས་པའི་དྲིན་ཡིན ་ན། གལ་ཏེ་དེ་བདག་གིས་རྣམ་པ་འདི་ལྟ་བུའི་ཉེས་པར་སྤྱོད་པ་སྤྱད་པས། དགེ་སློང་མ་ཉམས་པར་བྱས་ན། སུ་ཞིག་བདག་ལ་འདྲི་བར་བྱེད། སྙམ་དུ་སེམས་བསྐྱེད ་ཅིང་བསམས་ནས། སྦོམ་དགའ་མོས་སྤོས་འཚོང་གི་ཁྱེའུ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཐོང་ཐོང་། དེ་ནས་སྤོས་འཚོང་གི་ཁྱེའུ་དེས་འདི་སྙམ་དུ་གདོན་མི ་ཟ་བར་འདི་ནི་མི་བདེ་བ་ཞིག་ཏུ་འདུག་གོ་སྙམ་དུ་བསམས་ནས། དེས་ཀྱང་བཏང་ངོ་།། དེ་ནས་སྦོམ་དགའ་མོས། རྒྱབ་བདེ་བར་བཞག་སྟེ། རྐང་པ་གཡས་པ་བསྐམས་ནས། ་སྤོས་འཚོང་གི་ཁྱེའུ་དེ་ལ་རྡོག་པ་ཅིག་བརྒྱབ་ནས། རྩིབ་མ་གཉིས་བཅག་གོ། དེ་ནས་སྤོས་འཚོང་གི་ཁྱེའུ་དེ་ཁྲག་ཏུ་སྐྱུག་བཞིན་དུ་བྲོས་དེ་སོང་ངོ་།། དེ་ནས་སྦོམ་དགའ་མོ ་དབྱར་ཁང་གི་དབུས་སུ་འདུག་ནས། བདུད་བཅོམ་མོ།། བདུད་བཅོམ་མོ་ཞེས་བོས་སོ།། དེ་ནས་དགེ་སློང་མ་དེ་དག་སློང་མ་དེ་དག་གིས་ཐོས་ནས། འདི་སྐད་ཅེས་སྨྲས་སོ།། ་ཅི་ཕུ་ནུ་མོ་ཁྱོད་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་སུམ་དུ་བྱས་སམ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་འམ། ཕྱིར་མི་འོང་བའི་འབྲས་བུ་འམ། འབྲས་བུ་མཆོག་དགྲ ་བཅོམ་པ་ཉིད་མངོན་སུམ་དུ་བྱས། ཆུང་ངུ་གཞན་དག་སངས་རྒྱས་ཀྱི་བསྟན་པ་ལ་དགེ་བའི་རྩ་བ་བསྐྱེད། དེས་འདི་སྐད་ཅེས་སྨྲས་སོ།། ཅང་མ་ཡིན་ནོ།། དེ་དག་གིས་འདི ་སྐད་ཅེས་སྨྲས་སོ།། འོ་ན་ཁྱོད་ཀྱིས་བདུད་ཇི་ལྟ་བུ་ཞིག་བཅོམ། དེས་སྐབས་དེ་དག་བལ་མོ་ཆེའི་ནང་དུ་སྨྲས་སོ།། དེ་ནས་དགེ་སློང་མ་དེ་དག་གིས།། ་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་རིམ་པ་ཞིག་དང་མ་ཕྲད་དུ་ཟད་ཀྱི། དེ་ལྟ་བུ་ཞིག་ན་ཁྱོད་ཐག་བཅུག་པར་འགྱུར་རོ།། དེ་ནས་དགེ་སློང་མ་མང་པོ་རྣམས་ཀྱིས ་སྦོམ་དགའ་མོས་སྨྲས་ཀྱང་དགའ་བར་མི་བྱེད། ཁྲོ་བར་ཡང་མི་བྱེད་དོ།། དགའ་བར་ཡང་མི་བྱེད། ཁྲོ་བར་ཡང་མི་བྱེད་པ་དང་། སྟན་ལས་ལངས་ཏེ་དོང་ངོ་།། དེ་ནས་དགེ་སློང ་མ་མང་པོས་སྐབས་དེ། དགེ་སློང་དག་ལ་སྦས་སོ།། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི ་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་ཞེས་བྱ་བ་ནས། སྐྱེ་བོ་མང་པོ་ལ་ཕན་པ། ལྷ་དང་མའི་བར་དག་ལ་ཡང་དག་པར་རབ་ཏུ་བསྟན་པ་ཞེས་བྱ་བའི་བར་དུ་སྔ ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། ཡང་ཉན་ཐོས་མ་རྣམས་ཀྱི་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་ཆགས་པར་གྱུར ་པས། སྐྱེས་པ་ཆགས་པ་དང་ལྷན་ཅིག་བརྡའ་བྱེད་དམ། དུས་འདེབས་སམ། མཚན་མ་སྟོན་ཏམ། འབྱར་གཡེང་དང་། གཞོག་སྟེགས་དང་། ཙ་བ་ཧྲལ་བྱས་པས། སྐྱེས ་པ་འོངས་པ་བདག་གིར་བྱེད་ཅིང་། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ་ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ཏེ། གནས་བརྒྱད་པོ་འདི་དག་ཏུ་དགེ ་སློང་མས་ལྟུང་བ་བྱས་ན། བྱས་མ་ཐག་ཏུ་དེ་དགེ་སློང་མར་མི་རུང་བ་ཡིན་གྱི་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྤོ་དགའ་མོའོ།། ཆགས་པར་འགྱུར ་པས་ཞེས་བྱ་བ་ནི་ཆགས་པས་དང་། ཡང་དག་པར་ཞེན་པས་དང་ཀུན་ནས་དཀྲིས་པས་སོ།། སྐྱེས་པ་ཞེས་བྱ་བ་ནི། སྤོས་འཚོང་གི་ཁྱེའུ་འམ། དེ་ལས་གཞན་པ་གང ་ཡང་རུང་བའོ།། ཆགས་པ་ཞེས་བྱ་བ་ནི་ཆགས་པ་དང་། ཡང་དག་པར་ཞེན་པ་དང་། ཀུན་ནས་དཀྲིས་པའོ།། བརྡའ་བྱེད་པ་ཞེས་བྱ་བ་ནི། གང་གི་ཚེ། བདག་པོངས ་འམ། ལྷ་གང་ལ་སོགས་པ་ཆེ་གེ་མོ་ཞིག་ནའོ།། དུས་འདེབས་པ་ཞེས་བྱ་བ་ནི། སྔ་དྲོ་དང་། ཉི་མ་གུད་དང་། ཕྱི་དྲོ་གང་ཡིན་པ་དེའི་ཚེ་ཤོག་ཤིག་ཅེས་ཟེར་བའོ།། མཚན ་མ་སྟོན་ཏམ་ཞེས་བྱ་བ་ནི། གང་གི་ཚེ་བདག་སྐྲ་བྲེགས་ནས་རིང་པོ་མ་ལོན་ཞིང་སྣམ་སྦར་དམར་སེར་གྱོན་པར་མཐོང་བ་དེའི་ཚེ་ནའོ།། འཕྱར་གཡེང་དང་ཞེས་བྱ་བ་ནི་བྱས ་འདོགས་པའོ།། གཞོག་སྟེགས་ཞེས་བྱ་བ་ནི། ཀུན་ཏུ་རྩེ་བའོ།། ཙ་བ་ཧྲལ་ཞེས་བྱ་བ་ནི་ཀུན་ཏུ་ཅ་ཅོ་འདོན་པའོ།། སྐྱེས་པ་འོངས་པ་བདག་གིར་བྱེད་ཅེས་བྱ་བ་ནི། ་ཉམས་སུ་མྱོང་བར་བྱེད་པའོ།། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ། ཕྱིར་བཟློག་ཏུ་མེད་པའི་གནས་ཞེས་བྱ་བ་ནི། དབང་དུ་འགྱུར་བའོ།། ལུས་བཀན་པ ་ཞེས་བྱ་བ་ནི་ཁོག་པའོ།། གནས་བརྒྱད་པོ་འདི་དག་ཏུ་ཞེས་བྱ་བ་ནི། བསྟན་པ་གང་ཡིན་པ་དེ་དག་ཏུའོ།། དགེ་སློང་མ་ཞེས་བྱ་བ་ནི་གང་ལ་དགེ་སློང་མའི་དངོས་པོ་ཡོད ་པའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གསོལ་བ་དང་། གཞིའི་ལས་ཀྱི་བྱ་བ་བྱེད་པ་ཉིད ་དང་། རྟོག་པ་ཉིད་དང་། ཡང་དག་པར་རྟོག་པ་ཉིད་དང་། མཐར་འབྱིན་པར་བྱེད་པ་ཉིད་དང་། ཡང་དག་པར་མཐར་ཕྱིན་པར་བྱེད་པ་ཉིད་དང་། དེའི་ཁས་ལེན་པ་ཉིད་དང་། ཉེ ་བར་ཁས་ལེན་པ་ཉིད་དང་། ཉེ་བར་ཁས་ལེན་པ་དང་། མངོན་པར་ཁས་ལེན་པ་ཞེས་བྱ་བ་སྔ་མ་བཞིན་ནོ།། ལྟུང་བ་བྱས་ན་ཞེས་བྱ་བ་ནི་ལྷག་པར་སྤྱད་པའོ།། བྱས་མ་ཐག ་ཏུ་ཞེས་བྱ་བ་ནི། དེའི་མོད་ཉིད་ལའོ།། དེ་ཞེས་བྱ་བ་ནི་ཉེ་བར་བསྟན་པ་དང་། ཀུན་ཏུ་བསྟན་པའི་ཚིག་བླ་དགས་སོ།། ཞེས་བྱ་བ་ནས་དགེ་སློང་མ་བཅུ་གཉིས་པོ་དག་ཏུ ་དེ་བསྐོ་བར་མི་བྱའོ་ཞེས་བྱ་བའི་བར་དུའོ།། །། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས་སྐྱེས་པ་ཆགས་པ་དང་ལྷན་ཅིག་བརྡའ་བྱེད་ན། ལྟུང་བ་སྦོམ ་བོར་འགྱུར་རོ།། དུས་འདེབས་ནའང་སྦོམ་པོར་འགྱུར་རོ།། མཚན་མ་སྟོན་ན་སྦོམ་པོར་འགྱུར་རོ།། འཕྱར་གཡེང་བྱེད་ན་སྦོམ་པོར་འགྱུར་རོ།། གཞོག་སྟེགས་བྱེད་ན་སྦོམ་པོར ་འགྱུར་རོ།། ཙ་བ་ཧྲལ་བྱེད་ན་སྦོམ་པོར་འགྱུར་རོ།། སྐྱེས་པ་འོངས་པ་བདག་གིར་བྱེད་ན་སྦོམ་པོར་འགྱུར་རོ།། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་མི་རུང་བ་སླར་བཟློག ་ཏུ་རུང་བའི་གནས་སུ་ལུས་བཀན་ན་སྦོམ་པོར་འགྱུར་རོ།། གང་དུ་བུད་མེད་སྐྱེས་པས་བགྲོད་པར་བྱར་རུང་བ། ཕྱིར་བཟློག་ཏུ་མེད་པའི་གནས་སུ་ལུས་བཀན་ན་པས་ཕམ ་པའི་ལྟུང་བར་འགྱུར་རོ།། ལས་དང་པོ་པ་ལ་སོགས་པ་ལ་ཉེས་པ་མེད་དོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་ཕས་ཕམ་པར་གྱུར་པ་དྲུག་པ་རྫོགས་སྟེ།། ། ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ་བྱ་ཀ་ལན་ཏ་ཀ་གནས་པ་ན་བཞུགས་སོ།། གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གི་དམ་བཅས་པ་ལས་ཉམས་པར ་གྱུར་པ་དེའི་ཚེ་དེ་ཉམས་པས་ཕུ་ནུ་མོ་མཛའ་ཅན་དུས་པར་གྱུར་ཏོ།། དགེ་སློང་མ་རྣམས་ཀྱིས་དེ་ལ་སྨྲས་པ། མཛའ་ཅན་མ་ཅི། བཅོམ་ལྡན་འདས་ཀྱིས་ཚོགས་པའི་མཐའ་འབྲལ ་བར་འགྱུར་བའོ་ཞེས་མ་གསུངས་སམ་ཅི་ན་དུ་བར་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། བདག་མཛའ་མོ་འདི་ཆོས་འདུལ་བ་འདི་ལས་ཉམས་པ་དེའི་ཕྱིར་ནི་མི་དུ་མོད་ཀྱི། འོན ་ཀྱང་གང་གི་ཕྱིར་སྔོན་ཅད་ཀྱང་དེ་འདི་ལྟ་བུ་དང་། འདི་ལྟ་བུ་བྱེད་པ་དེའི་ཕྱིར་བདག་དུའོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དེ་ཁྱོད་ཀྱིས་ཤེས་སམ། དེས་འདི་སྨྲས་སོ།། ་བདག་གིས་ཤེས་སོ།། ཅིའི་ཕྱིར་ཁྱོད་ཀྱིས་ངེས་ཅག་ལ་སྔར་མ་སྦས། དེས་འདི་ནས་སྦས་སོ།། ཕུ་ནུ་མོ་སྡུག་པའི་ཕྱིར་མོད། དེ་ནས་དགེ་སློང་མ་མང་པོས།། དགེ་སློང་མ ་མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་ཀྱིས་ནི་ཁ་ན་མ་ཐོ་བ་བཅབས་པ་ཡིན་ནོ།། ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། ་དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱོད་ཀྱིས་འདི་ལྟར་ཚུལ་མ་ཡིན་པ་མི་མཛེས་པ་དེ་ལྟ་བུ ་བྱས་པ་བདེན་ནམ། བཅོམ་ལྡན་འདས་མང་ངོ་།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སྦྱོང་གི་ཚུལ་མ་ཡིན་པ། རུང་བ་མ་ཡིན་པ་ཚུལ་དང་། ་འཐུན་པ་མ་ཡིན་པ་དེ་ནི་རབ་ཏུ་བྱང་བས་བྱ་བ་མ་ཡིན་ནོ།། ཞེས་རྣམ་པར་སྨད་པར་མཛད་དོ།། རྣམ་གྲངས་དུ་མས་རྣམ་པར་སྨད་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ། ་དགེ་སློང་མ་དག་ངས་ཕན་ཡོན་བཅུ་ཡང་དག་པར་གཟིགས་ནས། ཉན་ཐོས་མའི་འདུལ་བ་ལ་བསླབ་པའི་གཞི་བཅའ་བ་མཛད་དོ།། ཞེས་བྱ་བ་ནས། བསླབ་པ་བཅས་པ། ་རྒྱས་པར་བརྗོད་པར་བྱའོ།། ཡང་དགེ་སློང་གང་། དགེ་སློང་མའི་ལྟུང་བ་ཤེས་བཞིན་དུ་འཚབ་པར་བྱེད་ཅིང་། གང་གི་ཚེ་དགེ་སློང་མ་དེ་ཤི་བར་གྱུར་ཏམ། ཉམས་སམ། ་འཁྱམས་སམ། འཕོས་པར་གྱུར་པ་དེའི་ཚེ། དགེ་སློང་མ་དེས་འདི་སྐད་ཅེས་དགེ་སློང་མ་དེ་ལ་ལྟུང་བ་འདི་ལྟ་བུ་དང་། འདི་ལྟ་བུ་དག་བྱུང་བར་སྔ་ནས་ཤེས་སོ་ཞེས་དེ་སྐད་ཅེས་ཟེར ་ན། དགེ་སློང་མ་དེ་ཡང་ཁ་ན་མ་ཐོ་བ་བཅབས་པས། ཕས་ཕམ་པར་གྱུར་པ་ཡིན་གྱིས། གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། མཛའ་ཙན་མ་དང་། དེ་ལྟ་བུ ་དང་འཐུན་པ་དག་གོ། དགེ་སློང་མ་ཞེས་བྱ་བ་ནི་མཛའ་མོའོ།། ལྟུང་བ་ཞེས་བྱ་བ་ནི། བརྒྱད་པོ་དག་ལས་གང་ཡང་རུང་བའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས ་མཐོང་བ་འམ། དེ་ལ་གཞན་གྱིས་སྤྲས་པར་གྱུར་ནས་སོ།། བཅབས་ན་ཞེས་བྱ་བ་ནི་འཁྱུད་ནས་སོ།། གང་གི་ཚེ་དགེ་སློང་མ་དེ་ཤི་བར་གྱུར་ཏམ་ཞེས་བྱ་བ་ནི། དེའི་སྲེག་གི ་དབང་པོ་འགག་པར་གྱུར་པའོ།། ཉམས་སྲུམ་ཞེས་བྱ་བ་ནི། བསླབ་པ་ཕུལ་བའོ།། འཁྱམས་སམ་ཞེས་བྱ་བ་ནི་ཡུལ་བཏང་བར་གྱུར་ནའོ།། འཕོས་པར་གྱུར་ཞེས་བྱ་བ་ནི། གཞན ་མུ་སྟེགས་ཅན་གྱི་གནས་ལ་རྟེན་པའོ།། དེའི་ཚེ་དགེ་སློང་མ་དེ་ཞེས་བྱ་བ་ནི་མཛའ་ཅན་མའོ།། དགེ་སློང་མ་འདི་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིའོ།། འདི་ལ་ལྟུང་བ་འདི་ལྟ་བུ་དང་། ་འདི་ལྟ་བུ་དག་བྱུང་བར་སྔ་ནས་ཤེས་སོ་ཞེས་བྱ་བ་ནི། བརྒྱད་པོ་དག་ལས་གང་ཡང་རུང་བ་དག་གོ། དེ་སྐད་ཅེས་ཟེར་ན་ཞེས་བྱ་བ་ན་སྨྲ་ནའོ།། དགེ་སློང་མ་ཞེས་བྱ་བ་ནི། གང་ལ ་དགེ་སློང་མའི་དངོས་པོ་ཡོད་དེའོ།། དགེ་སློང་མའི་དངོས་པོ་གང་ཞེ་ན། བསྙེན་པར་རྫོགས་པའོ།། བསྙེན་པར་རྫོགས་པ་གང་ཞེ་ན། གཞན་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ།། ་དེ་ཞེས་བྱ་བ་ན་བསྟན་པ་དང་། ཉེ་བར་བསྟན་པའི་ཚིག་བླ་དགས་སོ།། དགེ་སློང་མ་བཅུ་གཉིས་པོ་དག་ཏུ་དེ་བསྐོ་བར་མི་བྱའོ།། ཞེས་བྱ་བའི་བར་དུའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར། ་ཞེ་ན། དགེ་སློང་མའི་ཁ་ན་མ་ཐོ་བ་ཤེས་བཞིན་དུ་བཅབས་ན། ཇི་ལྟར་ཡང་རུང་སྟེ་ཐམས་ཅད་དུ་བས་ཕམ་པར་འགྱུར་རོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས་ཕས་ཕམ་པར ་གྱུར་པ་བདུན་པ་རྫོགས་སྷོ། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུན ་སོ། དེའི་ཚེ་མཉན་ཡོད་ན་དགེ་སློང་གྲེ་སྐྱེས་ཤེས་བྱ་བ་ཞིག་གནས་པ། ཟབ་མོ་བྱེད་པ། མཚང་འབྲུ་བར་བྱེད་པ། འབྱེད་པར་བྱེད་པ། རྩོད་པར་བྱེད་པ། ཟབ་ཀྲོལ་བར་བྱེད་པ། ་དེས་དགེ་འདུན་རྣམས་ཀྱིས། གནས་ནས་དབྱུང་བའི་ལས་བྱས་སོ།། དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ལས་བྱས་པར། སྐྱེ་དགུའི་བདག་མོ་ཆེན་མོ། ་ཀོའུ་ཏ་མིས་ཐོས་སོ།། ཐོས་ནས་ཀྱང་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས། ་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་སྐྱེ་དགུའི་དག་མོ་ཆེན་མོ་ཀོའུ་ཏ་མིས་འདི་སྐད་ཅེས་གསོལ་ཏེ།། བཙུན་པ་དགེ་སློང་འགའ་ཞིག། དགེ་འདུན་གྱིས་གནས་ནས་དབྱུང ་བའི་ལས་བགྱིས་པར་གྱུར་ན། དེ་ལ་བདག་གིས་ཇི་ལྟར་བསྒྲུབ་པར་བགྱིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཐོང་བར་གྱུར་ན། ཕྱག་མི་བྱ་བར་སྟན་ལས་སྡང་བར ་བྱའོ།། བཙུན་པ་དགེ་སློང་གྲེ་སྐྱེས་འདི་ཐབ་མོ་བགྱིད་པ། འཚང་འབྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམ ་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་དགེ་འདུན་རྣམས་ཀྱིས་དེ་གནས་ནས་དབྱུང་བའི་ལས་བགྱིས་པར་གྱུར་ན། དེ་ལ་བདག་ཅག་གིས་ཇི་ལྟར་བསྒྲུབ ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་མ་ཤེས་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ནས། འགན་དྷེ་བརྡུངས་ཏེ་དྲིས་པའི་ཚིག་གིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོབས། དགེ་འདུན་མ་ཐམ ་ཅད་འདུག་ཅིང་འཐུན་པར་གྱུར་པ་ལ། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་གྲེ་སྐྱེས ་འདི། འཐབ་མོ་བགྱིད་པ། འཚང་འབྲུ་བ་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་དུ་འདྲེ་བས་ལྷན་ཅིག་གནས་པར ་གྱུར་ཏེ། དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་ཀྱིས། གལ་ཏེ་དགེ་སློང་མའི་དགེ་འདུན་མའི་དུས་ལ་བབ་ཅིང་བཟོད་ན་དགེ་སློང་གི་དགེ་འདུན་གྱིས། དགེ ་སློང་གྲེ་སྐྱེས་འཐབ་མོ་བགྱིད་པ། འཚང་འབྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་། ཤིན་ཏུ་འདྲེ་བས་ལྷན ་ཅིག་གནས་པར་གྱུར་ནས། དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱིས་པ་དེ། ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་གང་ལགས་པ་བསྒོ་བར་མཛད་དོ།། ། ་འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་གྲེ་སྐྱེས་འདི་འཐབ་མོ་བགྱིད་པ། འཚང་འབྲུ་བར་བགྱིད ་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས། ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ནས། དགེ་སློང་གི་དགེ་འདུན་གྱིས་གནས ་དབྱུང་བའི་ལས་བགྱིས་པར་གྱུར་པ་ལ། དགེ་སློང་མའི་དགེ་འདུན་མས་དགེ་སློང་གྲེ་སྐྱེས་འཐབ་མོ་བགྱིད་པ། འཚང་འབྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། ་@། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་ཏེ། དགེ་སློང་གི་འདུན་གྱིས་གནས་ནས་དབྱུང་བའི་ལས་བགྱི ་བ་དེ། ཕྱག་བགྱི་བའི་འོས་མ་ཡིན་པའི་སྡོམ་པ་དེ་བསྒོ་བ་མཛད་དོ།། དགེ་སློང་མ་གང་དག་དགེ་སློང་གྲེ་སྐྱེས་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་སྩལ་པ་ལ། བཟོད་པ་དེ་དག ་ནི་ཅིང་མ་གསུང་ཤིག་གང་དག་མ་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་མ་རྣམས་ཀྱིས་བཟོད་ཅིང་གནང་སྟེ་འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། ་གང་གི་ཚེ་དགེ་འདུན་རྣམས་ཀྱིས་དགེ་སློང་གྲེ་སྐྱེས་གནས་ནས་དབྱུང་བའི་ལས་བྱས་ཤིང་། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ ་མཛད་པ་དེའི་ཚེ། དགེ་སློང་གྲེ་སྐྱེས་ཀྱིས་འདི་སྙམ་དུ། བདག་གིས་ཉེས་པ་བྱས་པས། དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་གྲང་ན། དགེ་སློང་མའི་དགེ་འདུན་ལ་བདག ་གིས་ཉེས་པ་ཅི་ཞིག་བྱས་ན། ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་མཛད་པ། འདི་ལྟར་བདག་གིས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་གང་ན་བ་དེར་སོང་སྟེ། ཕྱིན་ནས ་དོན་འདི་འདྲི་བར་བྱའོ་སྙམ་དུ་བསམས་ཏེ། དགེ་སློང་གྲེ་སྐྱེས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་འདི ་སྐད་ཅེས་སྨྲས་སོ།། སྲིང་མོ་རེ་ཤིག་བདག་གིས་ཉེས་པ་བྱས་པས། དེའི་ཕྱིར་དགེ་སློང་གི་དགེ་འདུན་གྱིས་ནི་བདག་གནས་ནས་དབྱུང་གྲང་ན། དགེ་སློང་མའི་དགེ་འདུན་ལག་གོ། ་བདག་གི་ཉིས་ཅི་ཞིག་བྱས་ན། གང་གི་ཕྱིར་བདག་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ་བྱས། དེ་ལྟར་མོད་ཀྱི་ཁ་ཅིག་དགེ་སློང་མ་ལ་ཁ་ཟེར་བ་ཡོད་པ། དེ་ལ་བདག་གིས ་ཁྲོས་འཁྲུགས་རྔམ་པར་བྱས་སྟེ། ཞུམ་ཞུམ་པོར་བཞག་པར་བྱ། ཁྲོ་བ་བསྐྱེད་པར་བྱའོ།། དེ་ལྟར་བདག་ཅག་གིས་དགེ་སློང་མ་ཁྱེད་ཅག་གི་ཕྱོགས་བྱས་ནེ། ཁྱེད་ཅག་ཅིའི་ཕྱིར ་བདག་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བར་བྱེད། དེ་སྐད་ཅེས་སྤྲས་པ་དང་། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས། དགེ་སློང་གྲེ་སྐྱེས་ལ་འདི་སྐད་ཅེས་སྤྲས ་སོ། བཙུན་པ་གྲེ་སྐྱེས་ཁྱོད་དགེ་སློང་མའི་ཕྱོགས་སུ་གནོད་པ་བྱེད་དུ་ལྟ་ཡོར་ཡང་སུས་བཅུག། དེའི་སྟེང་དུ་དགེ་སློང་གི་དགེ་འདུན་གྱིས་ཁྱོད་གནས་ནས་དབྱུང་བའི་ལས་བྱས ་ལ་བཅོམ་ལྡན་འདས་ཀྱིས་ཀྱང་དགེ་སློང་མ་རྣམས་ལ་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་ཤིག་ཅེས་བཀའ་སྩལ་ཏོ།། དེའི་ཕྱིར་བདག་ཅག་གིས་ཕྱག་བྱ་བའི ་འོས་མ་ཡིན་པའི་སྡོམ་པ་བསྒོའོ།། གཞན་ཡང་གྲེ་སྐྱེས་གསོན་ཅིག། རེ་ཤིག་ཁྲོད་ཤཀའི་རིགས་ལས་རབ་ཏུ་བྱུང་བའི་སྡེ་སྣོད་གསུམ་དང་ལྡན་པ་ཆོས་སྨྲ་བར་བྱེད་པ། ་འདི་ལྟར་ཡང་ཁྱོད་ནི་མང་དུ་ཐོས་པ་ཡིན་ན། དགེ་འདུན་ལ་བཟོད་པ་མི་གསོལ་བར་བྲི་ལང་བྲེད་ངམ། དེ་ནས་དགེ་སློང་མེ་སྐྱེས་ཀྱིས་འདི་སྙམ་དུ། སྐྱེ་དགུའི་བདག་མོ་ཆེན ་མོ་འདིས་ནི། ཕན་པར་སྤོས་ཀྱི་མི་ཕན་པ་མ་ཡིན་པའི་སྟེང་དུ་མི་གང་ཞིག་སའི་སྟེང་དུ་འགྱེལ་ན། དེས་ས་དེ་ཉིད་ལས་བརྟེན་ནས་ལྡང་བ་བཞིན་དུ། བདག་གིས་ཀྱང་དག ་འདུན་ལ་ཉེས་པ་བྱས་པས། དེ་ཉིད་དུ་སོང་ལ། དགེ་འདུན་ལ་སྤུ་བསྙམ་པར་བྱའོ།། འཐུན་པར་བྱེད་པ་བསྟན་པར་བྱའོ།། མཚམས་ཀྱི་ནང་དུ ་འདུག་ཏེ་བཟོད་པ་གསོལ་བར་བྱའོ་བསྙམ་དུ་བསམས་སོ།། ཡང་གྲེ་སྐྱེས་འདི་སྙམ་དུ། མ་ལ་བདག་སྲིང་མོ་དག་གང་ན་བར་སོང་ལ། ཕྱིན་ནས་སྲིང་མོ་དག་ལ་ཡང་དྲིའོ།། སྙམ ་དུ་བསམས་ནས། གྲེ་སྐྱེས་བཅུ་གཉིས་སྡེ་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྐབས་དེ་དག་རྒྱས་པར་སྨྲས་སོ།། རེ་ཤིག་ན་བཅུ་གཉིས་སྡེ་དག་གིས། གྲེ་སྐྱེས་ལ་འདི་སྐད་ཅེས ་སྨྲས་སོ།། འཕགས་པ་གྲེ་སྐྱེས་ཁྱོད་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། ཁྱིམ་སྣ་ཚོགས་ནས་རབ་ཏུ་བྱང་བ་རྣམས་ཀྱི་དྲུང་དུ་སྤུ་བསྙོལ་བར་མ་བྱེད་ཅིག། འཐུན ་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ། བཟོད་པར་གསོལ་བར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། བདག་གིས་ལྷུང་བཟེད་དང་། ཆོས་གོས་དང་དྲ་བ་དང་། ་བུར་བུ་དང་། སྐ་རགས་དང་། ནད་གསེས་ཀྱི་སྨན་དུས་སུ་རུང་བ་དང་། ཐུན་ཆོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། དྲན་པར ་བྱ་བ་དང་། དྲི་བར་བྱ་བ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བཀྱེའོ།། ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། ་དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་དྲུག་པ། ་དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་བཅུ་གཉིས་སྡེ་ལ་བཞམས་ཏེ་བསྒོ་བར་བྱའོ།། འདི་ལྟར་བསྒོ་བར་བྱ་སྟེ། དགེ་སློང་མ ་ཁྱེད་ཅག་དགེ་སློང་གང་ཞིག། དགེ་སློང་གི་དགེ་འདུན་གྱིས་གནས་ནས་དབྱུང་བའི་ལས་བྱས་པ་དང་། དགེ་སློང་མའི་དགེ་འདུན་རྣམས་ཀྱིས་ཀྱང་། ཕྱག་བྱ་བའི་འོས་མ་ཡིན་པའི ་སྡོམ་པ་བསྒོ་ལ། དགེ་སློང་དེའང་སྐྲ་འདྲེང་བར་འགྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ་བར་འདོད། འབྱུང་བར་སྤྱོད་པར་འདོད། འཐུན་པར་བྱེད་པ་སྟོན་པར ་བྱེད་པར་འདོད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད། དེའི་ཕྱིར་འཐབ་མོ་དང་། འཚང་འབྲུ་བར་སྤོང་བར་འདོད་པར་ཤེས་བཞིན་དུ་ཁྱེད་ཅག་དེའི་གན་དུ་སོང་སྟེ། ་འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱེད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕུར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། ་སྡོང་བུའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར ་བགྱིའོ།། ཞེས་མ་ཟེར་ཅིག་ཅེས་བྱའོ།། དེ་སྐད་ཅེས་བསྒོ་བ་དང་། དེ་དག་དགེ་སློང་མ་དེ་རྣམས་ལ་འདི་སྐད་ཅེས་པུ་ནུ་མོ་དག་དགེ་ཡང་རུང་སྡིག་ཀྱང་རུང་དགེ་སློང་འདི་ལ་ཅུང་ཟད། ་@ཀྱང་མ་ཟེར་ཅིག་ཅེས་གནི་དེ་ཉིད་ལ་ཕྱིར་ཤིང་ནན་གྱིས་མཆོག་ཏུ་བཟུང་སྟེ་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐ་སྙད ་འདོགས་སོ།། དེ་ནས་དགེ་སློང་མ་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ ་འདུག་གོ། ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་རབ་ཏུ་མང་པོས་སྐབས་དེ་རྒྱས་པར་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ ་སྩལ་པ། དགེ་སློང་མ་དག་བཅུ་གཉིས་སྡེ་ལ་གསོལ་བ་དང་། གཞིའི་ལས་ཀྱིས་བསྒོ་ཤིག། བསྒོ་བ་དེ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་དེ་ལ་དགེ་སློང་མ་མང་པོས་བཞམ ་ཏེ་བསྒོ་ཞིང་། དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས ་སུ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་དགེ་འདུན་མ་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས ་སྡེ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་མཛད་དོ།། ། ཕུ་ནུ་མོ་ཁྱེད་ཅག་དགེ་སློང་ཟབ་མོ་བྱེད་པ་མཚང་འབྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། ་ཐབ་ཀྲོལ་བྱེད་པ། དགེ་སློང་མ་རྣམས་དང་། ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས།། ་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བ། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྐུ་བསྙོལ་བར་བྱེད། འབྱུང་བར་བསྐྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད།། ་མཚམས་ཀྱི་ནང་དུ་འདུག་སྟེ་གསོལ་བར་བྱེད། འདོད་པར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྐུ་སྙོལ་བར་མ་བྱེད་ཅིག། འབྱུང་བར ་མ་སྤྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ་བོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྲན་དང་། འབྲས་བུའི་སྨན་དུས ་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ།། ་ཞེས་སྨྲ་བར་བྱེད་པའི་གཞི་འདི་ལྟ་བུ་ཕུ་ནུ་མོ་དག་གཏོང་དུ་སྩོལ་ཏོ།། འདི་ནི་གསོལ་བའི། ལས་ནི་འདི་ལྟར་བྱ་སྟེ། འཕགས་པའི་དགེ་འདུན་ཕུ་ནུ་མོ་དག་ལུ་གན་དུ་གསོལ། ་བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ་མོ་བགྱིད་པ་འཚང་འབྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། ཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་། ་ཤིན་དུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིད་པ། དགེ་སློང་མ་རྣམས་ཀྱིས་ཀྱང་། ཕྱག་བགྱི་བའི་འོས་མ་ལགས ་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ་བར་བགྱིད། འབྱུང་བར་སྐྱེད་པར་བགྱིད། ་འཐུན་པར་བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་བར་འཚལ་བཞིན་དུ། དེའི་གན་དུ་སོང་སྟེ། འདི་སྐད་ཅེས། འཕགས་པ་ཁྱོད ་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག་འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་ཏེ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག ་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། པོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི་སྨན ་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུབ་པ་དང་། ཐུན་ཆོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོང་བར་ད་རུང་བ ་རྣམས་དང་། ཅི་དང་ཅིས་ཟིལ་བ་དེ་དང་དེས་བསྙེན་བཀུར་བྱའོ།། ཞེས་སྨྲས་པའི་དགེ་སློང་མ་དེ་དག་ལ་དགེ་སློང་མ་མང་པོ་ལ་བཞམས་ཏེ་སྐོལ། བསྒོ་ཡང་གན་དེ་ཉིད ་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་ཏེ། དེའི་སླད་དུ་དགེ་སློང་མ་བཅུ་གཉིས་སྡེ་རྣམ ་ལཿང་ཕུ་ནུ་མོ་ཁྱེད་ཅོག་དགེ་སློང་གང་འཐབ་མོ་བྱེད་པ་འཚང་འབྲུ་བར་བྱེད་པ། འགྱེད་པར་བྱེད་པ། རྩོད་པར་བྱེད་པ། འཐབ་ཀྲོལ་བྱེད་པ། དགེ་སློང་མ་རྣམས་དང ་ཤིན་ཏུ་འདྲ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱི་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ ་བསྒོ་ལ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད། མཚམས ་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་ཤེས་བཞིན་དུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འཕགས་པ་ཁྲོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྤྱོད ་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པར་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ་ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ། རྩ་བའི་སྨན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚེའི་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་པ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར ་བྱའོ་ཞེས་ཟེར་བ་དེ་ལ་བསྒོ་བ་མཛད་དོ།། བཅུ་གཉིས་སྡེ་འདི་དག་ལ། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པ་ལ། གང་དག་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། ་གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་དང་པོ་བརྗོད་པའོ།། ། གཉིས་པ་ལ་ཡང་དོན་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག། དགེ་སློང་འཐབ་མོ་བགྱིད་པ། འཚང་འབྲུ་བར་བགྱིད་པ། འགྱེད་པ། ་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར་གྱུར་པ། དགེ་སློང་རྣམས་ཀྱིས་གནས་ནས་དབྱུང་བའི ་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྒྲ་འགྲེང་བར་གྱུར། ཡུས། དགེ་འདུན་ལ་སྤུ་སྙོལ་བར་འཚལ། འབྱུང་བར ་སྐྱོད་པར་བགྱིད། འཐུན་པར་བགྱིད་པ་སྟོན་པར་བགྱིད། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པ་གསོལ་བར་འཚལ་བཞིན་དུ་དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འཕགས་པ། ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། ་བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕུར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྨན་དང་། སྡོང་བུའི ་སྨན་དང་། ལོ་མའི་སྲན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང་བ ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ།། ཞེས་སྨྲས་པའི་དགེ་སློང་མ་དེ་དག་ལ། དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང ་མ་མང་པོས་དེ་དག་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས ་ཏེ། དེའི་སླད་དུ་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ། གསོལ་བ་དང་། གཞིའི་ལས་བསྒོ་བ་མཛད་དོ།། ཚེ་དང་ལྡན་པ་གང་དག་དགེ་སློང་མ་བཅུ་གཉིས་སྡེ་འདི ་དག་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་གཉིས ་པའོ།། ། གསུམ་པ་ལ་ཡང་ལས་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་གསན་དུ་གསོལ། བཅུ་གཉིས་སྡེ་འདི་དག་དགེ་སློང་འཐབ ་མོ་བགྱིད་པ། འཚང་འབྲུ་བར་བགྱིད་པ། འགྱེད་པར་བགྱིད་པ། རྩོད་པར་བགྱིད་པ། འཐབ་ཀྲོལ་བགྱིད་པ། དགེ་སློང་མ་རྣམས་དང་ཤིན་ཏུ་འདྲེ་བས་ལྷན་ཅིག་གནས་པར ་གྱུར་པ། དགེ་སློ་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བགྱིས་པ། དགེ་སློང་མ་རྣམས་ཀྱིས་ཀྱང་ཕྱག་བགྱི་བའི་འོས་མ་ལགས་པའི་སྡོམ་པ་བསྒོ་བ། སྐྲ་འགྲེང་བར་གྱུར། ་སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ་བར་འཚལ། འབྱུང་བར་སྐྱོད་པར་བགྱིད། འཐུན་པར་བགྱིད་པ་སྟོན་པར་འཚལ། མཚམས་ཀྱི་ནང་དུ་མཆིས་ཏེ་བཟོད་པར ་འཚལ་བཞིན་དུ། དེའི་གན་དུ་སོང་སྟེ། འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག ་མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། བུར་བུ་དང་། ་སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བའི་སྲན་དང་། སྡོང་བུའི་སྨན་དང་། ལོ་མའི་སྨན་དང་། མེ་ཏོག་གི་སྨན་དང་། འབྲས་བུའི་སྨན་དུས་སུ་རུང ་བ་དང་། འཐུན་ཆོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚེའི་བར་དུ་རུང་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་བསྙེན་བཀུར་བྱའོ་ཞེས་སྨྲ་བའི་དགེ ་སློང་མ་མང་པོས་བཞམས་ཏེ་བསྒོ་ལ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལ། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། ཚེ་དང་ལྡན་པ་གང་དག་དགེ་སློང ་མ་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་། བཞིའི་ལས་བསྒོ་བར་མཛད་པ་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་བས་འདི་ལྟར ་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་དག་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་མངོན་པར་ཞེན་ནས། འདི་ནི ་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས ་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་ཉན་ཐོས་མ་རྣམས་ཀྱིས་དོན་ཤེས་པ་དང་། ངས་བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས། བྱུང ་དག་མི་འཟོད་པ་དེ་ནི་བསུངས་ཤི ་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ།། ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་།། ་མ་གང་། དགེ་སློང་གང་ཞིག་དགེ་འདུན་འཐུན་པས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བའི་དགེ ་སློང་དེ། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ། ་འདུག་སྟེ་བཟོད་པ་གསོལ་བར་བྱེད་པར་ཤེས་བཞིན་དུ། འདི་སྐད་ཅེས་འཕགས་པ་ཁྱོད་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། འཐུན་པར་བྱེད་པར་མ་སྟོན ་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། དེ་ལྟ་བས་ན་འཐབ་མོ་བྱེད་པ་མ་གཏོང་ཤིག། བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། ་དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ་ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཆོ་བར་དུ་རུང་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་པ་ཀུན་བྱའོ་ཞེས་སྨྲས་ན། ་དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། བུ་ནུ་མོ་ཁྱོད་དགེ་སློང་གི་དགེ་འདུན་འཐུན་པ་རྣམས་ཀྱིས་གནས་ནས་དབྱུང་བའི་ལས་བྱས་པ། དགེ་སློང་མའི། ་དགེ་འདུན་མས་ཀྱང་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒོ་བའི་དགེ་སློང་དེ། སྐྲ་འགྲེང་བར་གྱུར། སཱུ་ལངས་པར་གྱུར་པ་ལས། དགེ་འདུན་ལ་སྤུ་སྙོལ། ་བར་བྱེད། འབྱུང་བར་སྤྱོད་པར་བྱེད། འཐུན་པར་བྱེད་པ་སྟོན་པར་བྱེད། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་བྱེད་པར་ཤེས་བཞིན་དུ་འདི་སྐད་ཅེས། འཕགས་པ་ཁྱེད ་དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། འབྱུང་བར་མ་སྐྱོད་ཅིག། འཐུན་པར་བྱེད་པ་མ་སྟོན་ཅིག། མཚམས་ཀྱི་ནང་དུ་འདུག་སྟེ་བཟོད་པ་གསོལ་བར་མ་བྱེད་ཅིག། དེ་ལྟ་བས ་ན་འཐབ་མོ་བྱེད་པ་མ་གཏོང་ཤིག། བདག་ཅག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། དྲ་བ་དང་། ཕོར་བུ་དང་། སྐ་རགས་དང་། དྲན་པར་བྱ་བ་དང་། དྲི་བར་བྱ་བ་དང་། ་རྩ་བ་དང་། སྡོང་བུ་དང་། ལོ་མ་དང་། མེ་ཏོག་དང་། འབྲས་བུའི་སྨན་དུས་སུ་རུང་བ་དང་། ཐུན་ཚོད་དུ་རུང་བ་དང་། ཞག་བདུན་དུ་རུང་བ་དང་། ཇི་སྲིད་འཚོའི་བར་དུ་རུང ་བ་རྣམས་དང་། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བསྙེན་བཀུར་བྱའོ་ཞེས་སྨྲ་ན། པུ་ནུ་མོ་གནས་ནས་བྱུང་བའི་རྗེས་སུ་ཕྱོགས་པ་དང་། མི་མཐུན་པར་བྱ་བའི་ཕྱིར ་སྨྲ་བ་འདི་ལྟ་བུ་འདི་ཐོས་ཤིག་ཅེས་དེ་སྐད་བསྒོ་བར་བྱའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་བ་དེ་ལྟ་ན་ལེགས། གལ་ཏེ ་གཏོང་བར་མི་བྱེད་ན། གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ ་གྱི་བར་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་བ་དེ་ལྟ་ན་ལེགས། གལ་ཏེ་གཏོང་བར་མི་བྱེད་ན། དགེ་སློང་མ་དེ་ཡང་གནས་ནས་ཕྱུང་བའི་རྗེས་སུ ་འཇུག་པའི་ཕྱིར། ཕས་ཕམ་པར་གྱུར་པ་ཡིན་པས་གནས་པར་མི་བྱའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེའོ།། དགེ་སློང་གང་ཞིག་ཅེས་བྱ་བ་ན། འཐབ་མོ་བྱེད ་བ་མི་བདེ་བར་བྱེད་པ་གྲེ་སྐྱེས་སོ།། དགེ་འདུན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་ནོ།། གནས་ནས་དབྱུང་བའི་ལས་བྱས་པ་ཞེས་བྱ་བ་ནི། གསོལ་བ ་དང་བཞིའི་ལས་ཀྱིས་སོ།། དགེ་སློང་དེ་ཞེས་བྱ་བ་ནི། གྲེ་སྐྱེས་སོ།། སྐྲ་འགྲེང་བར་གྱུར། སྤུ་ལངས་པར་གྱུར་པ་ལས་དགེ་འདུན་ལ་སྤུ་སྙོལ་བར་བྱེད་ཅེས་བྱ་བ་ནས། ཤེས ་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་མཐོང་བ་འམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ།། དེ་ལྟ་བས་ན་འཐབ་མོ་བྱེད་པ་མ་གཏོང་ཤིག་ཅེས་བྱ་བ་ནི། ཞི་བར་མ་བྱེད ་ཅིག་ཅེས་བྱ་བའི་ཐ་ཆོག་གོ། སྨ་ན་ཞེས་བྱ་བ་ནི་ཟེར་ནའོ།། འཕགས་པ་ཁྱོད་ཅེས་བྱ་བ་ནི། སྐྲ་འགྲེད་པ་སྤུ་ལངས་པ་གྲེ་སྐྱེས་སོ།། དགེ་འདུན་ལ་སྤུ་སྙོལ་བར་མ་བྱེད་ཅིག། ་ཅེས་བྱ་བ་ནས། འཐབ་མོ་བྱེད་པ་མ་གཏོང་ཅིག་ཅེས་བྱ་བ་ནི། དགེ་འདུན་ལ་བཟོད་པ་མ་གསོལ་ཅིག་ཅེས་བྱ་བའི་དོན་ཏོ།། བདག་གིས་ཁྱོད་ལ་ལྷུང་བཟེད་དང་། ཆོས་གོས་དང་། ་ཞེས་བྱ་བ་ལ་སོགས་པ་བསྙེན་བཀུར་བགྱིའོ་ཞེས་བྱ་བའི་བར་ནས། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེའོ།། དགེ་སློང་མ་རྣམས་ཀྱིས་ཤེས་བྱ་བ་ནི། ཆོས་འདི ་པའི་དགེ་སློང་རྣམས་ཀྱིས་སོ།། དེ་སྐད་བསྒོ་བར་བྱ་བ་ནི། འདི་སྐད་ཅེས་སྨྲ་བར་བྱ་སྟེ། བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱའོ།། ་གལ་ཏེ་དགེ་སློང་མ་དེ་ལ་དེ་སྐད་བསྒོ་བ་ན། གཞི་དེ་གཏོང་བ་དེ་ལྟ་ནི། ལེགས་ཤེས་བྱ་བ་ནི་བཟང་བའོ།། གལ་ཏེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ་གྱི་བར་དུ་ཡང ་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི། སྔར་གསོལ་བ་དང་བཞིའི་ལས་ཀྱིས། ཇི་ལྟར་བསྒོ་བ་བཞིན་དུའོ།། ཡང་དག་པར་བསྒོ་བ་ན་ཞེས་བྱ་བ་ནི་ཡང ་དག་པར་བསྟན་པ་ནའོ།། དེ་ལེ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་དགེ་སློང་མས་དགེ་སློང་འཐབ་མོ་བྱེད་པ་ཞེས་བྱ་བ་ནས། ཐབ་ཀྲོལ་བྱེད་པ། དགེ་འདུན་གྱིས་གནས་ནས ་དབྱུང་བའི་ལས་བྱས་པ། དགེ་སློང་མ་རྣམས་ཀྱིས་ཕྱག་བྱ་བའི་འོས་མ་ཡིན་པའི་སྡོམ་པ་བསྒྲེ་བ་ཞེས་བྱ་བའི་བར་དང་། ཤེས་བཞིན་དུ་འདི་སྐད་ཅེས། བདག་གིས་ཁྱོད་ལ་ལྷུབ ་བཟོད་ཀྱིས་བསྙེན་བཀུར་བགྱིའོ་ཞེས་སྨྲས་ན་ཉེས་བྱས་སུ་འགྱུར་རོ།། དྲ་བས་ཀྱང་ཉེས་བྱས་སུ་འགྱུར་རོ།། ཕོར་བུས་ཀྱང་ཉེས་བྱས་སུ་འགྱུར་རོ།། སྐ་རགས་ཀྱིས་ཀྱང ་ཉེས་བྱས་སུ་འགྱུར་རོ།། ཅི་དང་ཅིས་བྲེལ་བ་དེ་དང་དེས་མི་བྲེལ་བར་བྱའོ།། ཞེས་བྱ་བ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གཞི་དེ་གཏོང་བ་དེ ་ལྟ་མ་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་དང་པོ་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ། ་ཚིག་རྫོགས་པར་གྱུར་པ་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས་པ་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་ཏེ་གཏོང་བར་མི་བྱེད་ལ། ཚིག། ་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ། འཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་འཐུན་པས་ཆོས་ཆོས་མ ་ཡིན་པར་བྱས་པ་དང་། མི་འཐུན་པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་མ་བྱས་ན་ལྟུང་བ་མེད ་དོཿ། ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་གཏོང་བར་མི་བྱེད་ན། ་དགེ་སློང་མ་དེ་ལ་ཕས་ཕམ་པའི་ལྟུང་བ་བྱུང་བར་གྱུར་པ་ཡིན་ནོ།། ལས་དང་པོ་པ་ལ་སོགས་པ་ལ་ལྷུང་བ་མེད་དོ།། དགེ་སློང་མའི་འདུལ་བ་རྣམས་པར་འབྱེད་པ་ལས།། ། ་ཕས་ཕམ་པར་གྱུར་པ་བརྒྱད་པ་རྫོགས་སྷོ།། ། ཕམ་པའི་སྐབས་སུ། དགེ་སློང་མ་བཅུ་གཉིས་པོ་དག་བསྒོ་བར་མི་བྱའོ་ཞེས་གསུངས་པ་དེ་ལ། གལ་ཏེ ་འགའ་ཞིག་བཅུ་གཉིས་པོ་གང་ཡིན་ཞེས་འདྲི་བར་བྱེད་ན་འདི་སྐད་ཅེས་བརྗོད་པར་བྱ་སྟེ། གནས་ཁང་སྐེ་བ་དང་། ཁ་ཟས་སྐོ་བ་དང་། ཐུག་པ་ལ་འགྲིམ་པ་དང་། སོ་ཤིང ་འགྲིམ་པ་དང་། ཕྲན་ཚེགས་འགྲིམ་པ་དང་། སྣད་སྤྱད་འགྲུབ་པ་དང་། སྣོད་སྤྱད་འགེད་པ་དང་། གོས་འགྱེད་པ་དང་། དབྱར་གྱི་རས་ཆེན་འགྲུབ་པ་དང་། དབྱར་གྱི་རས ་ཆེན་འགྱིད་པ་དང་། མངག་གཞུག་པ་དང་། མཛེས་ཆོས་རྣམས་སོ།། །། སྡོམ་ལ། སྤྱན་བྱེད་པ་དང་གཞི་མེད་དང་། གསུམ་པ་བག་ཙམ། ་ཆ་ལས་ལེན། བཞི་པ་ཅི་ཡང་རུང་བར་བྱ། ལྔ་པ་ཆགས་པ་མེད་པ་སྟེ། ཉིན་མོ་མཚན་མོ་ལམ་འགྲོ་དང་། ཆུ་ཀླུང་ཕ་རོལ་རྒོལ་བའོ།། །། སངས་རྒྱས་བཅོམ་ལྡན་འད ་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་རི་དགས་འཛིན་གྱི་བུ་ནག་པོ་ཞེས་བྱ་བ། མཉན་ཡོད་ཀྱི་བྲམ ་ཟེ་དང་ཁྱིམ་བདག་རྣམས་དང་གཏམ་འདྲེ་བ། བེབས་པར་སྤྲོ་བ། སྨོས་འདྲིན་འགྲོགས་བཤེས། ཡིད་གཅུགས་པ། ཁྱིམ་དུ་འཇུག་པར་བྱེད་པ་ཡིན་པས། གང་ཡང་རུང་བ ་དེ་དག་ལ་བུ་མོ་སྦྱིན་པར་བྱེད་པ་དེ་དག་ཀྱང་། རི་དགས་འཛིན་གྱི་བུ་ནག་པོ་ལ་འདི་སྐད་ཅེས། ནག་པོ་མ་ལ་ཁྱེའུ་དེ་མཁས་པ་དང་། ལེ་ལོ་མེད་པ་དང་། སྒྲུབ་ཕོད་པ་དང་། ་བུ་མོ་ལ་བཟའ་བ་དང་། བགོ་བ་མང་པོ་སྦྱིན་ནུས་པ་དང་། ལས་ཆུང་ངུ་འབོག་པར་བྱེད་པ་ཡིན་ནམ། ཞེས་འདྲི་བར་བྱེད་དོ།། གལ་ཏེ་དེས་འདི་སྐད་ཅེས། ཀྱེ་ཁྱེའུ ་དེ་ནི་སྙིང་མཁས་པ། ལེ་ལོ་མེད་པ། སྒྲུབ་བོད་པ། བུ་མོ་ལ་བཟའ་བ་དང་། བགོ་བ་མང་པོ་སྦྱིན་ནུས་པ་དང་། ལས་ཆུང་ངུ་འབོག་པར་བྱེད་པ་ཡིན་ནོ།། ཞེས ་བསྟན་པར་གྱུར་ན། དེ་དེ་དག་ལ་སྦྱིན་པར་བྱེད་དོ།། གལ་ཏེ་འདི་སྐད་ཅེས། ཀྱེ་ཁྱེའུ་དེ་ནི། སྙིང་ནས་མི་མཁས་པ། ལེ་ལོ་ཅན་སྒྲུབ་མི་བོད་པ། བུ་མོ་དེ་ལ་བཟའ་བ ་དང་། བགོ་བ་མང་པོ་སྦྱིན་མི་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་མ་ཡིན་ནོ།། ཞེས་བསྟན་པར་གྱུར་ན། དེ་དེ་དག་ལ་སྦྱིན་པར་མི་བྱེད་དོ།། དེ་བཞིན་དུ་བུ་མོ་སྤོང ་བར་བྱེད་པ་དེ་དག་ཀྱང་། རི་དགས་འཛིན་གྱི་བུ་ནག་པོ་ལ་འདི་སྐད་ཅེས། མ་ལ་བུ་མོ་དེ་མཁས་པ་དང་། སྒྲུབ་ཕོད་པ་དང་། བུ་མོ་དེ་བག་ཡོད་པས་ཁྱིམ་ན་གནས་སམ་ཞེས ་འདྲི་བར་བྱེད་དོ།། ཞེས་བྱ་བ་ནས། ལྷག་མ་རྣམས་ཀྱང་ཁྱེའུ་ལ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། གང་ཡང་རུང་བ་དག་གི་བུ་མོ་བཞིན་ལེགས་པར་གྱུར་པ་ན། དེ་དག ་འདི་སྐད་ཅེས། བདག་ཅག་གིས་རི་དགས་འཛིན་གྱི་བུ་ནག་པོ་ལ་དྲིས་ནས། བུ་མོ་བྱིན་པའི་ཁྱེའུ་དེ་ཡང་མཁས་པ། ལེ་ལོ་མེད་པ། སྒྲུབ་བོང་པ། བུ་མོ་དེ་ལ་བཟའ་བ་དང་བཅུ ་བ་མང་པོ་སྦྱིན་ནུས་པ། ལས་ཆུང་ངུ་འབོགས་པར་བྱེད་པ་ཡིན་པས། གང་དག་ལ་རི་དགས་འཛིན་གྱི་བུ་ནག་པོ་དང་། བེབས་པར་སྨྲ་བ་ཞེས་བྱ་བ་ནས། ཁྱིམ་དུ་འདུག་པར་བྱེད ་པ་ཡོད་པ་དེ་དག་ལ་ཡང་འདི་ལྟ་བུར་འགྱུར་རོ།། ཞེས་བསྔགས་པ་བརྗོད་པར་བྱེད་དོ།། དེ་བཞིན་དུ་གང་ཡང་རུང་བ་དག་གིས་བུ་མོ་སྦྱིན་ཉེས་པར་གྱུར་པ་ན། དེ་དག་འདི་སྐད་ཅེས ་བདག་ཅག་གིས་རི་དགས་འཛིན་གྱི་བུ་ནག་པོ་ལ་དྲིས་ནས་བུ་བོ་བྲིན་ན། ཁྲེའུ་དེ་ཡང་མི་སྐཁས་པཾ། ལེ་ལོ་ཅན་བསྒྲུབ་པ་མི་ཡོང་བ། བུ་མོ་དེ་ལ་བཟའ་བ་དང་བགོ་བ་མང་པོ ་སྦྱིན་མི་ནུས་པར་ལས་ཆུང་ངུ་འབོགས་པར་བྱེད་པ་མ་ཡིན་པས། གང་དག་ལ་རི་དགས་འཛིན་གྱི་བུ་ནག་པོ་དང་། གཏམ་འདྲེས་པ་ཞེས་བྱ་བ་ནས། ཁྱིམ་དུ་འཇུག་པར་བྱེད་པ ་ཡོད་པ་དེ་དག་ལ་ཡང་འདི་ལྟ་བུར་འགྱུར་རོ་ཞེས་བསྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། ཁྱེའུ་དེ་ལ་ཇི་ལྟ་བ་བཞིན་དུ།། བུ་མོ་ལ་ཡང་སྦྱར་། ་བར་བྱའོ།། དེའི་ཚེ་རི་དགས་འཛིན་གྱི་བུ་ནག་པོ་དུས་ཅིག་དུ་བསྔགས་པ་དང་། བསྔགས་པ་མ་ཡིན་པར་བྱུང་བར་གྱུར་ཏོ།། དེ་ན་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས ་རི་དགས་འཛིན་གྱི་བུ་ནག་པོ་ལས་ཚིག་བླངས་ཏེ། སྤྱན་བྱེད་ཅིང་འཇུག་པ་མ་ཡིན་པའི་ཁྱིམ་དུ་འཇུག་པར་བྱེད་པ་དེ་དག་ལ། བྲམ་ཟེ་དང་ཁྱིམ་བདག་རྣམས་འཕྱ་བར་བྱེད་པའི ་སྐབས་དེ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ངའི་ཉན་ཐོས་མའི་དགེ་འདུན་རྣམས་ཀྱིས་དོན་ཤེས་པ་དང་། ངས་བསླབ ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་རོ་སྙམ་ནས། བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས་འདི་ལ་དགེ་སློང་མའི་དགེ་འདུན་བསྡུ་བ་མཛད ་དོ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི། མི་མཁྱེན་པར་མ་ཡིན། དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན།། ་དོན་དང་ལྡན་པར་ཡིན་གྱི་དོན་དང་མི་ལྡན་པར་མ་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། འདི་ལྟ་སྟེ། དོན་དང་མི་ལྡན་པར་རྨེད་པ་ནི་ཚེ་ལོན་གྱིས་ཟློག་པར་མཛད་པ་ཡིན། ་ནོ།། དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་འདི་ལྟ་སྟེ། དོན་དང་ལྡན་པར་རྨེད་པ་ལ་དུས་མཁྱེན་པ་ཡིན་པས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་བཅུ་གཉིས ་སྡེ་དག་ལ་སྨྲས་པ། དགེ་སློང་མ་ཁྱེད་ཀྱིས་ཚུལ་མ་ཡིན་པ་མི་མཛེས་པ། དེ་ལྟ་བུ་བྱས་པ་བདེན་ནམ། བཅོམ་ལྡན་འདས་བགྱིས་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས། ་བཅུ་གཉིས་སྡེ་ལ་དགེ་སློང་གི་ཚུལ་མ་ཡིན་པ། ཚུལ་དང་འཐུན་པ་མ་ཡིན་པ། དེ་ནི་རབ་ཏུ་བྱུང་བས་བྱ་བ་མི་ཡིན་ནོ།། ཞེས་རྣམ་པར་སྨད་པ་མཛད་དོ།། དེ་ནས་བཅོམ་ལྡན་འད། ་ཀྱིས་རྣམ་གྲངས་དུ་མས་རྣམ་པར་སྨད་པ་མཛད་ནས། དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། དགེ་སློང་མ་དག་དེ་ལྟ་བས་ན། ངས་ཕན་ཡོན་བཅུ་པོ་འདི་ལྟ་སྟེ། དགེ་འདུན ་བསྡུ་བར་བྱ་བའི་ཕྱིར་དང་། ཞེས་བྱ་བ་ནས་ཡང་དག་པར་གཟིགས་ནས། འདུལ་བ་ལ་ཉན་ཐོས་མ་རྣམས་ཀྱིས་བསླབ་པའི་གཞི་བཅའ་བར་བྱའོ་ཞེས་བྱ་བ་བསླབ་པ་བཅའ་བའི ་བར་དུ་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་བུད་མེད་ལ་སྐྱེས་པའི་ཚིག་གམ། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཆུང་མ་ཉིད་དམ་མཛའ་ན་མོ་ཉིད་དུ་སྨན་བྱེད་ན། ཐ་ན་ཐང ་འགའ་ཕྲད་པ་ཡང་རུང་སྟེ། ཆོས་འདི་ནི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང ་ཞེས་བྱ་བ་དགེ་སློང་མ་བཅུ་གཉིས་སྡེའོ།། བུད་མེད་ལ་སྐྱེས་པའི་ཚིག་གམ། སྐྱེས་པ་ལ་བུད་མེད་ཀྱི་ཚིག་གིས་ཞེས་བྱ་བ་ནི། བུད་མེད་ཀྱི་ཚིག་སྐྱེས་པ་ལ་བརྗོད་ནས་སམ། ་སྐྱེས་པའི་ཚིག་བུད་མེད་ལ་བརྗོད་ནས་སོ།། ཆུང་མ་ཉིད་ཅེས་བྱ་བ་ནི། ཆུང་མ་བདུན་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་དང་། ་དང་སམ་དུ་འདུས་པ་དང་། གོས་ཟས་ཀྱིས་འཆོས་པ་དང་། ཁ་དུམ་པ་དང་། བདུན་པ་ནི་ཐང་འགའ་ཕྲད་པའོ།། དེ་ལ་ཆུ་ཚིགས་ཀྱིས་བྱིན་པ་གང ་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་། ཕ་མ་དག་གིས་སྐྱེས་པ་ལ་འདི་ནི་ཁྱོད་ཀྱི་ཆུང་མ། སྐྱེ་དགུའི་བདག་མོ་བྱོས་ཤིག་ཅེས་སྐྱོར་ཆུས་བྱིན་ཞིང་། དེ་དེའི་ཆུང་མ་སྐྱེ་དགུའི་བདག ་མོར་གྱུར་ནས། དེས་དེ་འདི་ལ་གཞན་དག་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག། ཅེས་བསྲུངས་པ། ཤིན་ཏུ་བསྲུངས་པ། སྦས་པ་ཤིན་དུ་སྦས་པ་དེ་ནི་ཆུ་ཚིགས་ཀྱིས ་བྱིན་པ་ཞེས་བྱའོ།། རིན་ཆས་ཉོས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་། སྐྱེས་པས་འདི་བདག་གི་ཆུང་མ་སྐྱེ་དགུའི་བདག་མོར་བྱའོ་ཞེས་པ་མ་དག་ལ་རིན་ཆ ་མང་ཡང་རུང་ཉུང་ཡང་རུང་བས་ཉོས་ཤིང་དེ་སྐྱེ་དགུའི་བདག་མོར་གྱུར་ནས། དེས་འདི་ལ་གཞན་འདོད་པ་དག་གི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བསྲུངས་པ་ཤིན་ཏུ་བསྲུངས་པ། ་སྦས་པ་ཤིན་ཏུ་སྦས་པ་དེ་ནི་ཆུས་ཉོས་པའི་ཆུང་མ་ཞེས་བྱའོ།། བཙན་ཕྲོགས་སུ་ཐོབ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ་རྒྱལ་པོའི་དཔུང་གི་ཚིགས་ཡན་ལག་བཞི་པོ། ་གླང་པོ་ཆེའི་ཚོགས་དང་། རྟ་པའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོ་གས་གོ་བཀོན་ཏེ། མ་བེ་བས་པ་ནི་ཕབ། བེབས་པ་ནི་ནམ་དུ་ཕབ་ནས། སེ། ་མནངས་སུ་དབང་བར་བསྒོ་བ་དེའི་ཚེ། མིས་རྒྱལ་པོ་རྒྱལ་མཚན་དུ་བྱས་ནས། བུད་མེད་དམ་གཞོན་ནུ་གང་ཡིན་པ་དེ་དག་གི་ཆུང་མ་འམ། སྐྱེ་དགུའི་བདག་མོར་བྱའོ་ཞེས། ་ཐོགས་ཤིང་ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་གང་ཡིན་པ་དེ་ནི། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱའོ།། གཞན ་ཡང་བཙན་ཕྲོགས་སུ་ཐོབ་པ་ནི་འདི་ལྟ་སྟེ། ཆོམ་རྐུན་པོ་གྲོང་ཁྱེར་འཇོམས་པ་དང་། གྲོང་འཇོམས་པ་དང་། ལྗོངས་འཇོམས་པ་དེ་དག་གིས། རང་གི་སྲོག་དང་བསྔོས་ནས། ་གྲོང་ཁྱེར་གཞོམ་པ་བྱས། གྲོང་དང་ལྗོངས་གཞོན་པ་བྱས་ནས། བུད་མེད་དམ་གཞོན་ནུ་གང་ཡིན་པ་འདི་བདག་གིས་ཆུང་མ་སྐྱེ་དགུའི་བདག་མོ་བྱའོ་ཞེས་ཕྲོགས་ཤིང་ཞེས་བྱ ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་ཅེས་བྱ་བའི་བར་འདི་ཡང་བཙན་ཕྲོགས་སུ་ཐོབ་པ་ཞེས་བྱའོ།། དང་སམ་དུ་འདུས་པའི་ཆུང་མ་གང ་ཞེ་ན། བུད་མེད་དག་གཞོན་ནུ་མ་གང་རང་གི་དད་པ་དང་། གཅུགས་པ་དང་། དགའ་བས་སྐྱེས་པའི་གན་དུ་སོང་སྟེ། འདི་སྐད་ཅེས་རྗེའི་སྲས་བདག་གིས་ཁྱོད་ཀྱི་བཙུན་མོ ་སྐྱེ་དགུའི་བདག་མོ་བགྱིའོ།། ཞེས་སྨྲས་ལ། དེས་ཀྱང་དེ་ཆུང་མ་སྐྱེ་དགུའི་བདག་མོར་བྱས་ཏེ། ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར ་ཅིག་ཅེས་བྱ་བའི་བར་འདི་ནི། དང་སམ་དུ་འདུས་པའི་ཆུང་མ་ཞེས་བྱས་སོ།། གོས་ཟས་ཀྱིས་འཆོས་པའི་ཆུང་མ་གང་ཞེ་ན། བུད་མེད་དམ་གཞོན་ནུ་མ་གང་སྐྱེས་པའི་གན་དུ ་སོང་སྟེ། འདི་སྐད་ཅེས་རྗེའི་སྲས་ཁྱོད་ཀྱིས་གོས་དང་ཟས་རྩོལ་ཅིག་དང་། བདག་གིས་རྗེའི་སྲས་ཁྱོད་ཀྱི་ཆུང་མ་སྐྱེ་དགུའི་བདག་མོ་བགྱིའོ་ཞེས་སྨྲས་ལ། དེས་ཀྱང་དེ་ལ ་གོས་དག་བྱིན་ནས། དེས་དེ་ཆུང་མ་སྐྱེ་དགུའི་བདག་མོ་བྱས་ཏེ་ཞེས་བྱ་བ་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར་ཅིག་རྗེ། ་བྱ་བའི་བར་འདི་ནི། གོས་ཟས་ཀྱིས་འཚོས་པའི་ཆུང་མ་ཞེས་བྱའོ།། ཁ་དུམ་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ནོར་མང་ཡང་རུང་ཉུང་ཡང ་རུང་ཁྱེར་ཏེ་སྐྱེས་པའི་གན་དུ་སོང་ནས་འདི་སྐད་ཅེས། རྗེའི་སྲས་མཁྱེན་པར་མཛོད་ཅིག། ཁྱོད་ཀྱི་ནོར་གྱི་ཕུང་པོ་དང་། བདག་གི་ནོར་གྱི་ཕུང་པོ་གང་ལགས་པ་དེ་གཅིག་ཏུ ་བསྡུས་ནས། བདག་ཅག་མཉམ་དུ་འཚོ་ཞིང་འདོད་པ་ལ་ལོངས་སྤྱོད་པར་བགྱིས་ལ། གང་གི་ཚེ་བདག་ཅག་ལས་ཁྱེའུ་འམ་བུ་མོ་གང་དག་མཆིས་པར་གྱུར་པ་དེ་དག་ཀྱང ་བདག་ཅག་དུས་ལ་བབ་ཅིང་ཤི་བ་ན། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱས་ནས། འདི་བདག་ཅག་གི་ཕ་མ་གང་དུ་སྐྱེས་པ་དེར་རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་ཡོན། ་བསྔོ་བ་བགྱིད་པར་འགྱུར་བར་བགྱིའོ་ཞེས་སྨྲས་ལ། དེས་ཀྱང་དེའི་ཆུང་མ་སྐྱེ་དགུའི་བདག་མོར་བྱས་ནས། བདག་གི་འདི་ལ་གཞན་དག་འདོད་པའི་ཕྱིར་སྤྱོད་པར་མ་གྱུར ་ཅིག་ཅེས་བསྲུངས། སྦས། ཤིན་ཏུ་སྦས་པ་དེ་ནི་འདུམ་པའི་ཆུང་མ་ཞེས་བྱའོ།། ཐད་འགའ་ཕྲད་པའི་ཆུང་མ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ལ ་སྐྱེས་པས། དེའི་དུས་ཀྱི་གླ་བྱིན་ནས་འདི་དང་བདག་ཡུད་ཙམ་ལྷན་ཅིག་ཡོངས་སུ་སྦྱང་བར་བྱའོ་སྙམ་ནས་དེས་དེ་བསྲུངས་པ་ཞེས་བྱ་བའི་བར་འདི་ནི་ཐང་འགའ་ཕྲད་པའི་རྩ ་རབ་ཀྱིས་བསྲུངས་པ་དང་། ་མ་ཞེས་བྱ་སྟེ། འདི་དག་ནི་ཆུང་མ་བདུན་ཞེས་བྱ་བ་ཡིན་ནོ།། མཛའ་ན་མོ་བཅུ་ཞེས་པ་ལ། བཅུ་གང་ཞེ་ན། མས་བསྲངས་པ་དང་། བས་བསྲུངས་པ་དང་། མིང་པོས་བསྲུངས། ་པ་དང་། ཕུ་ནུ་མོས་བསྲུངས་པ་དང་། སྒྱུག་མོས་བསྲུངས་པ་དང་། གྱོས་པོས་བསྲུངས་པ་དང་། ཉེ་དུས་བསྲུངས་པ་དང་། རིགས་ཀྱིས་བསྲུངས་པ་དང་། རྣམ་པར་འཁྲུག ་པ་མེད་པ་ནི་བཅུ་པའོ།། མས་བསྲུངས་པའི་མཛའ་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ་གཞོན་ནུ་མ་གང་ཞིག་གང་གི་ཚེ། ཁྱིམ་ཐབ་མྱོས་པར་གྱུར་པ་འམ། སེམས་འཁྲུག ་བ་འམ། ཚོར་བ་དག་གིས་ཉེན་པ་འམ། རྒྱལ་པོས་འཇིགས་ནས་ཡུལ་འཁོར་གཞན་དང་། ཡུལ་གཞན་དུ་བྲོས་པར་གྱུར་ཏམ། བསད་དམ། བཅིངས་སམ། སྤྱུགས་སམ། ་རབ་ཏུ་བྱུང་ངམ། ཤི་བར་གྱུར་པ་ན། དེ་ལ་མས་བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར། སྤྱོད་པར་མི་འགྱུར་བར་བྱའོ།། ་སྙམ་ནས་བསྲུངས་ཤིན་ཏུ་བསྲུངས། སྦས་ཤིན་ཏུ་སྦས་པར་གྱུར་པ་འདི་ནི། མས་བསྲུངས་པའི་འཛའ་ན་མོ་ཞེས་བྱའོ།། བས་བསྲུངས་པའི་འཇའ་ན་མོ་གང་ཞེ་ན། འདི ་ལྟ་སྟེ་བུད་མེད་གཞོན་ནུ་མ་གང་ཞིག། གང་གི་ཚེ་ཁྱིམ་ཐབས་མྱོས་པར་གྱུར་ཏམ་ཞེས་བྱ་བ་ནས་རྒྱས་པར་མ་ཤི་བར་གྱུར་པ་ན། དེ་ལ་ཕས་བདག་གི་འདི་ལ་འགའ་ཞིག་གིས་མ ་བརྟགས་པར་ནན་ཀྱིས་བཙན་ཐབས་སུ་འདོད་པའི་ཕྱིར། སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། བསྲུངས་ཤིན་དུ་བསྲུངས། སྦས་ཤིན་ཏུ་སྦས་པར་གྱུར་པ་འདི་ནི། ཕས ་བསྲུངས་པའི་འཇའ་ན་མོ་ཞེས་བྱའོ།། མིང་པོས་བསྲུངས་པའི་འཛར་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དག་གཞོན་ནུ་མ་གང་ཞིག་གང་གི་ཚེ། ་ཁྱིམ་ཐབ་མྱོས་པར་གྱུར་ཏམ། སེམས་འཁྲུགས་པ་ཞེས་བྱ་བ་ནས། ཕ་མ་ཤི་བར་གྱུར་པ་ན་དེ་ལ་མིང་པོས་བདག་འདི་ལ་འགའ་ཞིག་གིས་ཞེས་བྱ་བ་ནས་འདོད་པའི་ཕྱིར ་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནསཏ་བསྲུངས་ཤེས་བྱ་བའི་བར་འདི་ནི་མིང་པོས་བསྲུངས་པའི་མཛའ་ན་མོ་ཡིན་ནོ།། མིང་པོས་བསྲུངས་པའི་མཛའ་ན་མོ་ཇི་ལྟ་བ་བཞིན ་དུ་ཕུ་ནུ་མོས་བསྲུངས་པ་ཡང་བརྗོད་པར་བྲིའོ།། སྒྱུག་མོས་བསྲུངས་པའི་འཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ་བུད་མེད་དམ་གཞོན་ནུ་མ་གང་ཞིག། གང་གི་ཚེ་ཁྱིམ་ཐབ་སྨོས ་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བ་ནས། ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་པུ་ནུ་མོ་ཤི་བར་གྱུར་པ་ན། དེ་ལ་སྒྱུག་མོས་འདི་སྐད་ཅེས། བདག་གི་བུ ་ལ་བལྟ་བ་ཇི་ལྟ་བར་ཁྱོད་ལ་ཡང་དེ་ལྟ་བུ་ཡིན་པས་ཁྱོད་ཀྱི་བཟའ་བ་དང་བགོ་བ་བདག་གིས་སྦྱར་གྱིས། མནའ་མ་དགའ་བར་གྱིས་ཤོག། མནའ་མ་འདུག་པར་གྱིས་ཤིག་ཅེ ་སྤྲས་ནས། བདག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས། ཤིན་ཏུ་བསྲུངས། ་སྲས། ཤིན་ཏུ་སྦས་པར་གྱུར་པ་འདི་ནི་སྒྱུག་མོས་བསྲུངས་པ་ཞེས་བྱའོ།། སྒྱུག་མོས་བསྲུངས་པ་ཇི་ལྟ་བ་བཞིན་དུ། གྱོས་པོས་བསྲུངས་པ་ཡང་བརྗོད་པར་བྱའོ།། ཉེ་དུས ་བསྲུངས་པའི་འཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ། གཞོན་ནུ་མ་གང་ཞིག་ཁྱིམ་ཐབ་མྱོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཅེས་བྱ་བ་ནས། བ་མ་ཤི་བ། ་གྱུར་ཏམ་མིང་པོ་དང་ཕུ་ནུ་མོ་དང་། སྒྱུག་མོ་དང་གྱོས་པོ་ཤི་བར་གྱུར་པ་ན། དེ་ཉེ་དུའི་དྲུང་ན་གནས་ཤིང་། དེ་ལ་ཉེ་དུ་རྣམས་ཀྱིས། བདག་ཅག་གི་འདི་ལ་འགའ་ཞིག་མ་བརྟགས་པར ་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར་སྤྱོད་པར་མི་འགྱུར་བར་བྱའོ།། སྙམ་ནས། བསྲུངས་ཤིན་ཏུ་བསྲུངས། སྦས་ཤིན་ཏུ་སྦས་པར་གྱུར་པ་འདི་ནི་ཉེ་དུས་བསྲུངས་པའི ་འཛའ་ན་མོ་ཞེས་བྱའོ།། ཉེ་དུ་ཞེས་བྱ་བ་ནི་ཕ་མེས་དང་། མ་མེས་གཉི་གའི་བདུན་རྒྱུད་བཟུང་ངོ་།། རིགས་ཀྱིས་བསྲུངས་པའི་འཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ་བུད་མེད་དག ་གཞོན་ནུ་མ་གང་ཞིག་གང་གི་ཚེ། ཁྱིམ་ཐབ་སྨོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཞེས་བྱ་བའི་བར་ནས། ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་། ཕུ་ནུ་མོ་དང་། སྐྱུག་མོ ་དང་། མོས་པོ་དང་། ཉེ་དུ་ཤི་བར་གྱུར་པ་ན། དེ་བདག་ཉིད་དང་རུས་གཅིག་པའི་དྲུང་ན་གནས་ཤིང་། དེ་ལ་དེ་དག་གིས་བདག་ཅག་གི་འདི་ལ་འགའ་ཞིག་གིས་མ་བརྟགས་པར ་ནན་གྱིས་བཅན་ཐབས་སུ་འདོད་པའི་ཕྱིར། སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས། བསྲུངས་ཤེས་བྱ་བའི་བར་འདི་ནི་རིགས་ཀྱིས་བསྲུངས་པའི་འཇའ་ན་མོ་ཞེས་བྱའོ།། རིག ་ཤེས་བྱ་བ་ནི། བྲམ་ཟེ་དང་། རྒྱལ་རིགས་དང་། རྗེའུ་རིགས་དང་། དམངས་རིགས་རྣམས་སོ།། དུས་ཀྱིས་བསྲུངས་པའི་འཛའ་ན་མོ་གང་ཞེ་ན། འདི་ལྟ་སྟེ། བུད་མེད་དམ ་གཞོན་ནུ་མ་གང་ཞིག། གང་གིས་ཁྱིམ་ཐབ་སྨྱོས་པར་གྱུར་ཏམ། སེམས་འཁྲུགས་པར་གྱུར་ཞེས་བྱ་བའི་བར་ནས། ཕ་མ་ཤི་བར་གྱུར་ཏམ། མིང་པོ་དང་། ་ཕུ་ནུ་མོ་དང་། སྒྱུག་མོ་དང་། གྱོས་པོ་དང་། ཉེ་དུ་རྣམས་ཤི་བར་གྱུར་པ་ན། དེ་བདག་ཉིད་དང་། རུས་གཅིག་པའི་དྲུང་ན་གནས་ཤིང་། དེ་ལ་དེ་དག་གིས་བདག་ཅག་གིས་འདི་ལ ་འགའ་ཞིག་གིས་མ་བརྟགས་པར་ནན་གྱིས་བཙན་ཐབས་སུ་འདོད་པའི་ཕྱིར། སྤྱོད་པར་མི་འགྱུར་བར་བྱའོ་སྙམ་ནས་བསྲུངས་ཤེས་བྱ་བའི་བར་འདི་ནི་རུས་ཀྱིས་བསྲུངས་པའི ་འཛའ་ན་མོ་ཞེས་བྱའོ།། རུས་ཤེས་བྱ་བ་ནི། ཀུད་སའི་རུས་དང་། བད་སའི་རུས་དང་། ཤན་ཏི་ལའི་རུས་དང་། བྷ་ར་ད་ཛའི་རུས་དང་། མོའུ་འགལ་གྱི་རུས་དང་། གར་གྷའི ་རུས་དང་། གོའུ་ཏ་མའི་རུས་རྣམས་སོ།། རྣམ་པར་འཁྲུག་པ་མེད་པའི་འཛའ་ན་མོ་གང་ཞེ་ན། དགེ་སློང་མ་དང་། དཔྱོད་པ་མ་དང་། ཀུན་ཏུ་རྒྱུ་མོ་དང་། ཁྱིམ་ཐབ་ལས་གཞན ་དང་མི་ཉལ་བའི་བུད་མེད་དང་། བརྟུལ་ཞུགས་ཀྱི་གཞི་ཆོས་སྤྱོད་པར་བྱེད་མ་སྟེ། འདི་དག་ནི་འཛའ་ན་མོ་བཅུ་ཞེས་བྱའོ།། སྤྱན་བྱེད་ན་ཞེས་བྱ་བ་ནི་འཕྲིན་བྱེད་པའོ།། ཐ་ན། ་ཟང་འགའ་ཞེས་བྱ་བ་ནི་ཐ་ན་ཡུད་ཙམ་ཡོང་ངོ་།། ཆོས་འདི་ནི་ཞེས་བྱ་བ་ནི། ཆོས་མ་ཡིན་པ་ཆོས་ཀྱི་སྒྲས་བསྟན་པ་འདིའོ།། དང་པོ་ཉིད་ཅེས་ལྟུང་བར་འགྱུར་ལ་ཞེས་བྱ་བ ་ནི་མོད་ལ་ལྟུང་བར་འགྱུར་བའོ།། ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི། རྟོན་པ་དང་བཅས་པའོ།། དགེ་འདུན་ལྷག་མའོ་ཞེས་བྱ་བ་ནི་ལྟུང་བ་དེ་གཉི་དགེ་འདུན་ལ། ་རག་ལུས་པ་དང་། གཉི་གའི་དགེ་འདུན་དང་འབྲེལ་བ་དང་། གཉི་གའི་དགེ་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉི་གའི་དགེ་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉི་གའི ་དགེ་འདུན་ལས་ལྡང་བར་འགྱུར་གྱི། གང་ཟག་ལས་ནི་མ་ཡིན་པའོ།། ཡང་ན་ཕས་ཕམ་པར་གྱུར་པ་བརྒྱད་པོ་འདི་ནི་ལྷག་མ་མེད་པ་ཡིན་ལ་ལྟུང་བ་འདི་ནི་ལྷག་མ་དང་བཅས ་པ་ཡིན་པའི་ཕྱིར། དེའི་ཕྱིར་དགེ་འདུན་ལྷག་མ་ཞེས་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན།། །། བར་སྡོམ་ལ།། སྤྲིང་ཕྱིན་དགེ་སློང་མ་གཉིས་དང་། སྤྱོད་ལམ་ནི་སྔོན ་འགྲོ་དང་། བདག་དང་བདག་མིན་ཡུལ་ཕྱོགས་ཚིག། སྤྲིང་ཡིག་ལག་ཡིག་ཆུང་མའོ།། དགེ་སློང་མ་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། བདག་ཉིད་ཀྱིས་ཕྲིན་པར་ཡང་སྐྱེ་ལ། ་བདག་ཉིད་ཀྱིས་ཚུར་ཡང་སྐྱེལ་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། བདག་ཉིད་ཀྱིས་ཕྲིན་ཕན་སྐྱེལ་བར་བྱེད་ཅིང་། མངགས ་པས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། མདེགས་པར་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། བདག་ཉིད ་ཀྱིས་ཕྲིན་ཚུར་སྦྲེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་བས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། མངགས་པས་བྲེན་པར་ཡང་སྐྱེལ་བར་བྱེད་ནིང་། མངགས ་བས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། བདག་ཉིད་ཀྱིས་ཕྲིན་པར་ཡང་སྐྱེལ་བ ་བྱེད་ཅིང་། བདག་ཉིད་ཀྱིས་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ ་མནོས་ཏེ། བདག་ཉིད་ཀྱིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མངགས་པས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པ་ལས་བདག ་ཉིད་ཀྱིས་ཕྲིན་སྤྲིང་བ་མནོས་ཏེ་མངགས་པས་ཕྲིན་ཕྲར་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངག ་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། མངགས་པས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་མངགས་པས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། ། ་དགེ་སློང་མས་མངགས་པས་མངགས་པ་ལས་བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ་བདག་ཉིད་ཀྱིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱིས་ཕྲིན་ཚུར་ཡང་སྐྱེལ་བར ་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པས་མངགས་པ་ལས། བདག་ཉིད་ཀྱིས་སྤྲིང་པ་མནོས་ཏེ། བདག་ཉིད་ཀྱིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ་མངགས་པས་མངགས་པས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པས་མངགས་པ་ལས། བདག་ཉིད་ཀྱིས་སྤྲིང་བ་མནོས་ཏེ། ་མངགས་པས་མངགས་པས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་ཉིད་ཀྱི་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་མངགས་པ་ལས་བདག ་ཉིད་ཀྱིས་སྤྲིང་པ་མནོས་ཏེ། མངགས་པས་མངགས་པས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་མངགས་པས་མངགས་པས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར ་རོ། དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ་གཉི་གས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་གཉི་གས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། གཉི་ག་ལ་དགེ་འདུན་ལྷག་མར ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ། དེ་ན་གཅིག་འདི་སྐད་ཅེས་རེ་ཤིག་ཁོ་མོའི་དོན་དུ་ཕྲིན་པར་སྐྱོལ་ལ། ཕྲིན་ཚུར་ཡང་སྐྱོལ་ཅིག་ཅེས་ཟེར ་ནས། དེས་དེའི་དོན་དུ་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཕྲིན་ཚུར་ཡང་སྐྱེལ་བར་བྱས་ན་གཉི་ག་ལ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉི་གས ་སྤྲིང་བ་མནོས་ཏེ། དེ་ན་གཅིག་འདི་སྐད་ཅེས། ཁོ་མ་ནི་ཕྲིན་པར་ནི་སྐྱེལ་ལོ།། ཕྲིན་ཚུར་ནི་མི་སྐྱེལ་ལོ་ཞེས་ཟེར་ན་དེ་གཉིས་ལས་གང་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་།། ་ཟིན་ཚུར་ཡང་སྐྱེལ་བར་བྱེད་ན་དེ་ལ་ནི། དགེ་འདུན་ལྷག་མར་འགྱུར་རོ།། གང་ཟིན་པར་ནི་སྐྱེལ་བར་བྱེད་ལ། ཕྲིན་ཚུར་ནི་མི་སྐྱེལ་བར་མི་བྱེད་པ་དེ་ལ་ནི་ཉེས་པ་སྔ་མ ་པོ་གཉིས་སུ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉིས་སྤྲིང་བ་མནོས་ཏེ། དེ་ན་གཅིག་འདི་སྐད་ཅེས་ཁོ་མོ་ནི་ཕྲིན་ཕར་ཡང་མི་སྐྱེལ་ལ། ཕྲིན་ཚུར་ཡང་མི་སྐྱེལ ་ལོ་ཞེས་ཟེར་ན་དེ་གཉིས་ལས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་ཚུར་ཡང་སྐྱེལ་བར་བྱེད་པ་ལ་དགེ་འདུན་ལྷག་མར་འགྱུར་རོ།། གང་ཕྲིན་པར་ཡང་སྐྱེལ་བ་རང་མི་བྱེད་ལ་ཕྲིན ་ཚུར་ཡང་སྐྱེལ་བར་མི་བྱེད་པ་དེ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ། གཉི་གས་ཕྲིན ་པར་ནི་སྐྱེལ་བར་བྱེད་ལ། ཕྲིན་ཚུར་ནི་སྐྱེལ་བར་མི་བྱེད་ན་གཉི་ག་ལ་ཉེས་པ་སྦོམ་པོ་གཉིས་གཉིས་སུ་འགྱུར་རོ།། དགེ་སློང་མ་གཉིས་ཀྱིས་གཉི་གས་སྤྲིང་བ་མནོས་ཏེ། ་དེ་ན་གཉི་ག་འདི་སྐད་ཅེས་བདག་ཅག་གཉི་ག་ཕྲིན་ཕར་ཡང་སྐྱེལ་བར་མི་བྱེད་ལ། ཕྲིན་ཚུར་ཡང་སྐྱེལ་བར་མི་བྱེད་དོ་ཞེས་ཟེར་ན་གཉི་ག་ལ་ཉེས་པ་སྦོམ་པོ་རེ་རེར་འགྱུར་རོ།། ་དགེ་སློང་མ་གཅིག་སྐྱེས་པ་གཅིག་བུད་མེད་གཅིག་འདྲོན་ལམ་དུ་འགྲོ་བ་ན། གལ་ཏེ་བུད་མེད་དེས་དགེ་སློང་མ་དེ་ལ་འདི་སྐད་ཅེས་འཕགས་མ་ཁྱོད་སྐྱེས་པ་ལ་འདི་སྐད་ཅེས། ་ཁྱོད་བུད་མེད་འདིའི་ཁྱོ་འམ་མཛའ་མོ་འམ། སྤོས་འདྲིན་གྱིས་ཤིག་ཅེས་ཟེར་ནུས་སམ་ཞེས་སྨྲས་ལ། གལ་ཏེ་དགེ་སློང་མ་དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་མནོས་ནས། ཕྲིན ་པར་སྐྱེལ་བར་བྱེད་དམ། ཕྲིན་ཚུར་སྐྱེལ་བརླ་ན་དགེ་འདུན་ལྷག་མར་འགྱུར་རོ།། དེ་བཞིན་དུ་སྐྱེས་པ་དེས་དགེ་སློང་མ་དེ་ལ་འདི་ཅེས་འཕགས་མ་ཁྱོད་བུད་མེད་འདི་ལ་འདི་སྐད ་ཅེས། ཁྱོད་སྐྱེས་པ་འདིའི་ཆུང་མ་འམ་མཛའ་ན་མོ་འམ་སྤོས་འདྲིན་གྱིས་ཤིག་ཅེས་ཟེར་ནུས་སམ་ཞེས་སྨྲས་ལ། གལ་ཏེ་དགེ་སློང་མ་དེས་སྤྲིང་བ་རྣམ་པ་དེ་ལྟ་བུ་མནོས་ཏེ། ་ཕྲིན་པར་སྐྱེལ་བར་བྱེད་དམ། ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གཅིག་དང་བུད་གཅིག་དང་སྐྱེས་པ་གཅིག་ལ་ཇི་ལྟ་བ་དེ་བཞིན་དུ་དགེ ་སློང་མ་གཉིས་དང་བུད་མེད་གཉིས་དང་སྐྱེས་པ་གཉིས་དང་དེ་བཞིན་དུ་དགེ་སློང་མ་རབ་ཏུ་མང་བ་དང་། སྐྱེས་པ་རབ་ཏུ་མང་པོ་ལ་ཡང་རྒྱས་པར་བརྗོད་པར་བྱའོ།། ལམ་དུ ་འགྲོ་བ་ཇི་ལྟ་བ་བཞིན་དུ་སྡོད་པ་དང་འདག་པ་དང་། ཉལ་བ་ལ་རྒྱས་པར་བརྗོད་པར་བྱའོ།། ། དགེ་སློང་མ་མདུན་དུ་འགྲོ་བའི་དགེ་སློང་མ་དང་། ཕྱི་བཞིན་འབྲང་བའི་དགེ ་སློང་མ་གཉིས་ལས་མདུན་དུ་འགྲོ་བའི་དགེ་སློང་མས་སྤྲིང་བ་མནོས་དེ་མདུན་དུ་འགྲོ་བའི་དགེ་སློང་མས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སློང་མས་ཕྲིན ་ཚུར་སྐྱེལ་བར་བྱེད་ན། མདུན་དུ་འགྲོ་བའི་དགེ་སློང་དགེ་འདུན་ལྷག་མར་འགྱུར་རོ།། མདུན་དུ་འགྲོ་བའི་དགེ་སློང་མས་སྤྲིང་བ་མནོས་ཏེ་མདུན་དུ་འགྲོ་བའི་དགེ་སློང་མས། བྲིན ་ཕར་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་དུ་འབྲང་བའི་དགེ་སློང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སློང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། ཕྱི་བཞིན ་འབྲང་བའི་དགེ་སློང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། མདུན་དུ་འགྲོ་བའི་དགེ་སློང་མས་སྤྲིང་བ་མནོས་ཏེ། ཕྱི་བཞིན་འབྲང་བའི་དགེ་སློང་མས་ཕྲིན་པར་སྐྱེལ་བ། ་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སློང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་མདུན་དུ་འགྲོ་བའི་དགེ་སློང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། ཕྱི་བཞིན་འབྲང་བའི་དགེ་སློང་མ་ལ་ནི ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། མདུན་དུ་འགྲོ་བའི་དགེ་སློང་མས་སྤྲིང་བ་མནོས་ཏེ། ཕྱི་བཞིན་འབྲང་བའི་དགེ་སློང་མས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཕྱི ་བཞིན་འབྲང་བའི་དགེ་སློང་མས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། མདུན་དུ་འགྲོ་བའི་དགེ་སློང་མ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་ལ། ཕྱི་བཞིན་འབྲན ་བའི་དགེ་སློང་མ་ལ་ནི་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ།། བྱིན་བཞིན་འབྲང་བའི་དགེ་སློང་མས་སྤྲིང་བ་མནོས་ཏེ། ཕྱི་བཞིན་འབྲང་བའི་དགེ་སློང་མས་ཕྲིན་པར་ཡང་སྐྱེ་ལ ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སློང་མས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། ཕྱི་བཞིན་འབྲང་བའི་དགེ་སློང་མ་ལ་དགེ་འདུན་ལྷག་མར་འགྱུར་རོ།། ཕྱི་བཞིན་འབྲང ་བའི་དགེ་སློང་མས་སྤྲིང་བ་མནོས་ཏེ། ཕྱི་བཞིན་འབྲང་བའི་དགེ་སློང་མས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སློང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན། ཕྱི ་བཞིན་འབྲང་བའི་དགེ་སློང་མ་དེ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སློང་མ་ལ་ཉེས་པ་སྤོ་བོ་གཅིག་ཏུ་འགྱུར་རོ།། ཕྱི་བཞིན་འབྲང་བའི་དགེ་སློང ་མས་སྤྲིང་བ་མནོས་ཏེ། མདུན་དུ་འགྲོ་བའི་དགེ་སློང་མས་ཟིན་པར་སྐྱེལ་བར་བྱེད་ཅིང་། ཕྱི་བཞིན་འབྲང་བའི་དགེ་སློང་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན། མདུན་དུ་འགྲོ་བའི ་དགེ་སློང་མ་ལ་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སློང་མ་ལ་ནི་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། བྱི་བཞིན་བཟང་བའི་དགེ་སློང་མས་སྤྲིང་བ ་མནོས་ཏེ། མདུན་དུ་འགྲོ་བའི་དགེ་སློང་མས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། མདུན་དུ་འགྲོ་བའི་དགེ་སློང་མས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། ཕྱི་བཞིན་འབྲང་བའི་དགེ ་སློང་མ་ལ་ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་ལ། མདུན་དུ་འགྲོ་བའི་དགེ་སློང་མ་ལ་ནི་ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ།། ། ཁྱིམ་བདག་ནི་གཉིས་ཏེ། བདག་པོ་དང་། ་བདག་པོ་མ་ཡིན་པའོ།། དེ་ལ་བདག་པོ་ཞེས་བྱ་བ་ནི་བུ་མོ་སྦྱིན་པ་དང་། འབྲོག་པའི་བདག་པོར་གྱུར་ཅིང་དེ་རྒྱལ་པོའི་ཕོ་བྲང་འཁོར་གྱི་ནང་དུ་སོང་ཡང་རུང་། རིགས་པ་ཚོགས་པའི ་ནང་དུ་སོང་ཡང་རུང་སྟེ། དེའི་ཚིག་ཡང་དག་པ་མ་ཡིན་པ་ཡང་གཟུང་བར་འོས་པར་གྱུར་པ་གང་ཡིན་པ་དེ་ནི་བདག་པོ་ཞེས་བྱའོ།། བདག་པོ་མ་ཡིན་པ་ཞེས་བྱ་བ་ནི། བུ་མོ་སྦྱིན ་པ་དང་། འབྲོག་པའི་བདག་པོར་གྱུར་པ་མ་ཡིན་ཞིང་དེ་རྒྱལ་པོའི་ཕོ་ཟང་འཁོར་གྱི་ནང་དུ་སོང་ཡང་རུང་། རིགས་པ་ཚོགས་པའི་ནང་དུ་སོང་ཡང་རུང་སྟེ། དེའི་ཚིག་ཡང་དག་པ ་ཡང་གཟུང་བར་འོས་པར་མི་འགྱུར་བ་གང་ཡིན་པ་དེ་ནི་བདག་པོ་མ་ཡིན་པ་ཞེས་བྱའོ།། དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ། བདག་པོ་ལ་ཕྲིན་པར་ཡང་སྐྱེལ་བར ་བྱེད་ཅིང་། བདག་པོ་ལ་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་བདག་པོ་ལས་སྤྲིང་བ་མནོས་ཏེ། བདག་པོ་ལ་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ་བདག་པོ་མ་ཡིན་པ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཉིས་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ།། དགེ་སློང་མས་བདག་པོ་ལས་སྤྲིང་བ་མནོས་ཏེ། བདག་པོ་མ་ཡིན ་པ་ལས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་པོ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན་ཉེས་པ་སྦོམ་པོ་གཉིས་དང་། ཉེས་བྱས་གཅིག་ཏུ་འགྱུར་རོ།། དགེ་སློང་མས་བདག་པོ་ལས་སྤྲིང་བ ་མནོས་ཏེ། བདག་པོ་མ་ཡིན་པ་ལ་ཕྲིན་པར་སྐྱེལ་བར་བྱེད་ཅིང་བདག་པོ་མ་ཡིན་པ་ལ་ཕྲིན་ཚུལ་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཅིག་དང་། ཉེས ་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་མ་ཡིན་པ་ལ་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་བདག་པོ་མ་ཡིན་པ་ལ་ཕྲིན་ཚུར ་སྐྱེལ་བར་བྱེད་ན། ཉེས་བྱས་གསུམ་དུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་ལ་ཕྲིན་པར་སྐྱེལ་བར་བྱེད་ཅིང་། བདག་པོ་མ་ཡིན་པ་ལ ་ཕྲིན་ཚུར་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཅིག་དང་ཉེས་སུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ་མནོས་ཏེ། བདག་པོ་མ་ཡིན་པ་ལ་ཕྲིན་པར་སྐྱེལ ་བར་བྱེད་ཅིང་། བདག་པོ་ལ་ཕྲིན་ཚུར་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཅིག་དང་། ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་བདག་པོ་མ་ཡིན་པ་ལས་སྤྲིང་བ ་མནོས་ཏེ། བདག་པོ་ལ་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། བདག་པོ་ལ་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། ཉེས་པ་སྦོམ་པོ་གཉིས་དང་། ཉེས་བྲེས་གཅིག་ཏུ་འགྱུར་རོ།། རྒྱུ ་གསུམ་གྱིས་སྤྲིང་བའི་ཕྲིན་ཚུར་བསྐྱལ་བར་འགྱུར་ལ། བར་སྩལ་བར་ནི་མི་འགྱུར་ཏེ། གསུམ་གང་ཞེ་ན། ཡུལ་ཕྱོགས་དང་། བརྡའ་དང་། མཚན་མས་སོ།། ཇི་ལྟར ་གུལ་ཕྱོགས་ཀྱིས་ཞེ་ན། གང་གི་ཚེ་ཁོ་མོ་སྐྱེད་མོས་ཚལ་ལམ། འདུན་ས་འམ། ལྷའི་གནས་ག་གེ་མོ་ཞིག་ན་འདུག་པ་ཁྱོད་ཀྱིས་མཐོང་བ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱི ་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་ཡུལ་ཕྱོགས་ཀྱིས་སོ།། ཇི་ལྟར་བརྡས་ཞེ་ན། གང་གི་ཚེ་ཁོ་མོ་སྔ་དྲོ་འམ། གུང་ཚིགས་མམ། བྱེ་འཕྲེང་ན་ཁྲོད་ཀྱིས་མཐོང་བ ་དེའི་ཚེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར་བརྔས་སོ།། ཇི་ལྟར་མཚན་མས་ཤེས་ན། གང་གི་ཚེ་ཁོ་མོ་སྐྲ་བྲེགས་ནས་རིང་པོ་མ་ལོན་པ་འམ། ་སྣམ་སྦྱར་དམར་སེར་གྱོན་པ་འམ། ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན་ནམ། ཁར་བ་ལྕགས་སྦུབས་ཅན་ནམ། ཞུན་མར་གྱི་ལྷུང་བཟེད་དམ། འབྲུ་མར་གྱི་ལྷུང་བཟེད ་དམ། སྤང་རྩིའི་ལྷུང་ཟེད་དམ། བུ་རམ་གྱི་དབུ་བའི་ལྷུང་བཟེད་ཐོགས་པ་ཁྱོད་ཀྱིས་མཐོང་དེ་དེའི་ཚེ་བྱ་བ་དེ་བྱས་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་ཅེས་བྱ་བ་སྟེ། དེ་ལྟར ་མཚན་མས་སོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་བདུན་པའོ།། །། རྒྱུ་གསུམ་གྱིས་ནི་སྤྲིད ་བའི་ཟིན་པར་བསྐུལ་བར་ཡང་འགྱུར་ལ། ཕྲིན་ཚུར་བསྐྱལ་བར་ཡང་འགྱུར་ཏེ། གསུམ་གང་ཞེ་ན། ཚིག་དང་། སྤྲིང་ཡིག་དང་། ལག་ཡིག་གིས་སོ།། དགེ་སློང ་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཟིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས། ་ཚིག་གིས་སྤྲིང་བ་མནོས་ཏེ། རིག་གིས་ཕྲིན་པར་ཡང་སྐྱེལ་བ་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག ་གིས་སྤྲིང་པ་མནོས་ཏེ། སྤྲིང་ཡིག་གིས་ཟིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཟིན་ཆུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་པར་སྐྱེལ་བར་ཡང་བྱེད་ཅིང་། སྤྲིན་ཡིག་གིས་ཕྲིན་ཚུར་སྐྱེལ་བར་ཡང་བྱེད་ན་དགེ་འདུན་ལྷག་མར་འགྱུར ་རོ། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། སྲིང་ཡིག་གིས་ཟིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་བརྡའ་དང་མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན།། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིད་པ་མནོས་ཏེ། ཚིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད ་ནཿདགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མེས་ཚིག་གིས་སྦྲིད་པ་མནོས་ཏེ། ལག་ཡིག་གིས་བྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་པར་སྤེལ་བར་ཡང་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཚིག ་གིས་སྤྲིང་བ་མནོས་ཏེ་ལག་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་ཡུལ་ཕྱོགས་དང་བརྡའ་དང་མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སཱིང་ཡིག་གིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། སྦྲིང་ཡིག་གིས་ཟིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་སྟེ། སྤྲིང་ཡིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང ་མས་སྤྲིན་ཡིག་གིས་སྤྲིར་བ་མནོས་ཏེ། ཚིག་གིས་ཕྲིན་པར་སྐྱེལ་བར་བྱེད་ཅིང་། སྤྲིན་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིན ་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་བྲིན་པར་ཡང་སྐྱེལ་བ་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས ་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡའ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་བྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བ་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན ་ལྷག་མར་འགྱུར་རོ།། དགེ་སློང་མས་སྤྲིང་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་བརྡའ་དང་མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན ་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན་ལྷག་མར་འགྱུར ་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ཚིག་གིས་ཕྲིན་པར་ཡང་སྐྱེལ་བར་བྱེད་ཅིང་། ཚིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཟིན་པར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡའ་དང་། མཚན་མས་ཕྲིན་ཚུར་སྐྱེལ་བར་བྱེད་ན་དགེ་འདུན ་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཟིན་པར་ཡང་བར་སྐྱེལ་བར་བྱེད་ཅིག། ལག་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཕྲིན་ཚུར་སྐྱེལ་བར་བྱེད་ན། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་ལག་ཡིག་གིས་ཕྲིན་ཚུར་ཡང་སྐྱེལ་བར་བྱེད་ན། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་གིས་སྤྲིང་བ་མནོས་ཏེ། སྤྲིང་ཡིག་གིས་ཕྲིན་ཕར་ཡང་སྐྱེལ་བར་བྱེད་ཅིང་། སྤྲིང་ཡིག་གིས་ཚུར་ཡིད་སྐྱེལ་བར་བྱེད་ན། ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ལག་ཡིག་གིས་སྤྲིང་བ་མནོས་ཏེ། ལག་ཡིག་གིས་ཕྲིན་ཕར་སྐྱེལ་བར་བྱེད་ཅིང་། ཡུལ་ཕྱོགས་དང་། བརྡའ་དང་། མཚན་མས ་ཕྲིན་ཚུར་སྐྱེལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་འཕྲོགས་སུ་ཐོབ ་པའཐབས་པའི་མོད་ཉིད་ཡིན་ལ། འཐབས་པའི་འོག་མ་ཡིན་པ་དང་། རྣམ་བཅད་པ་དང་། རྡེའུ་གསུམ་གྱིས་མ་གཏོར་བ་དང་། བྱེ་བརྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ ་ཡིན་པར་དབང་མ་བཙུགས་པ་དང་། དྲིལ་མ་བགྲགས་པ་དག་གི་སྡུམས་བྱས་ལ་འཐུན་པར་གྱུར་ན། ཉེས་བྱས་གཅིག་ཏུ་འགྱུར་རོ།། དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིག ་ཀྱིས་བྱིན་པ་དང་། རིན་ཆེས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་འཐབས་པའི་འོག་ཡིན་ལ། འཐབས་པའི་མོད་མ་ཡིན་པ་དང་། རྩ་མ་བཅང་བ་དང་། རྡེའུ་གསུམ་གྱིས ་@མ་གཏོང་བ་དང་། བྱེ་བརྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དབང་མ་བཙུགས་པ་དང་། དྲིལ་མ་བསྒྲགས་པ་དག་གིས་སྡུམས་བྱས་ལ། ་འཐུན་པར་གྱུར་ན་ཉེས་བྱས་གཉིས་སུ་འགྱུར་རོ།། དགེ་སློང་མས་ཆུང་མ་དང་པོ་གསུམ་པོ།། ཆུ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཐབས་སུ་ཐོབ་པ། ་འཐབས་པའི་མོདོ་དང་། འཐབས་པའི་འོག་དང་། རྩ་བཅད་པ་ཡིན་ལ། རྡེའུ་གསུམ་གྱིས་མ་གཏོང་བ་དང་། བྱེ་བརྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དབང་མ་བཙུག ་བ་དང་། དྲིལ་མ་བསྒྲགས་པ་དག་གི་སྔམས་བྱས་ལ་འཐུན་པར་གྱུར་ན་ཉེས་བྱེད་གསུམ་དུ་འགྱུར་རོ།། དགེ་སློང་མས་ཆུང་མ་དང་པོ་གསུམ་པོ་ཆུ་ཚིགས་ཀྱིས་བྱིན་པ་དང་། རིན ་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། རྡེའུ་གསུམ་གཏོར་བར་ཡིན་ལ། བྱེ་རྒྱ་བྱིན་ནས་མ་བཏང་བ་དང་། ཆུང་མ་མ་ཡིན་པར་དབང་མ་བཙུགས་པ་དང་། ་དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ལ། འཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གཅིག་ཏུ་འགྱུར་རོ།། དགེ་སློང་མས་ཆུང་མ་གསུམ་པོ།། ཆུ་ཚིགས ་ཀྱིས་བྱིན་པ་དང་། རིན་ཆས་ཉེས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། བྱེ་རྒྱ་བྱིན་ནས་བཏང་བ་ཞེས་བྱ་བའི་བར་ཡིན་ལ། ཆུང་མ་མ་ཡིན་པར་དབང་མ་བཅུག ་པ་དང་། དྲིལ་མ་བསྒྲགས་པ་དག་གི་སྡུམས་བྱས་ལ། འཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གཉིས་སུ་འགྱུར་རོ།། དགེ་སློང་མས་ཆུང་མ་གསུམ་པོ་ནུ། ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་གྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། ཆུང་མ་མ་ཡིན་པར་དབང་མ་བཙུགས་པའི་བར་ཡིན་ལ། དྲིལ་མ་བསྒྲགས་པ ་ངདག་གི་སྔམས་བྱས་ཏེ། འཐུན་པར་གྱུར་ན་ཉེས་བྱས་གསུམ་དང་། ཉེས་པ་སྦོམ་པོ་གསུམ་དང་། དགེ་འདུན་ལྷག་མ་གཅིག་ཏུ་འགྱུར་རོ།། དགེ་སློང་མས་ཆུང་མ་གསུམ་པོ་ཆུ ་ཚིགས་ཀྱིས་བྱིན་པ་དང་། རིན་ཆས་ཉོས་པ་དང་། བཙན་ཕྲོགས་སུ་ཐོབ་པ་ཞེས་བྱ་བ་ནས། དྲིལ་བསྒྲགས་པའི་བར་དག་གི་སྣརུམས་བྱས་ལ། འཐུན་པར་འགྱུར་ན། ཉེས ་བྱས་གསུམ་དང་། ཉེས་པ་སྦོམ་པོ་བཞི་དང་། དགེ་འདུན་གྱི་ལྷག་མ་གཉིས་སུ་འགྱུར་རོ།། དགེ་སློང་མས་ཆུང་མ་དེ་ལས་གཞན་པ། འཐབས་པའི་མོདོ་དང་། འཐབས་པའི ་འོག་ཏུ་སྡུམས་བྱས་ལ། འཐུན་པར་གྱུར་ན་ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་ཁྱིམ་པའི་ཁྱིམ་དུ་སོང་ནས། འདི་སྐད་ཅེས་ཅིའི་ཕྱིར་ཁྱེའུ་འདི་ཁྱིམ་མི ་འབུག་ཅེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཅིའི་ཕྱིར་བུ་མོ་ཆེན་མོ་འདི་བག་མར་མི་གཏང་ཤེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཅིའི་ཕྱིར་ཁྲེའུ་འདི་གྱོས་པོའི་ཐད་དུ་མི ་བཏང་ཞེས་ཟེར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཅིའི་ཕྱིར་བུ་མོ་འདི་ཁྱིམ་བདག་གི་ཐད་དུ་མི་བཀྲི་ཞེས་ཟེར་ན་ཉེ་པ་སྦོམ་པོར་འགྱུར་རོ།། དགེ་སློང་མ་ཁྲིམ་བདག་གི་ཁྱིམ་དུ ་སོང་ནས་ཐ་ན་འདི་སྐད་ཅེས། ཅིའི་ཕྱིར་ཁྱིམ་བདག་ཁྱོད་ཀྱིས་ཞལ་ཏ་བྱེད་པ་དག་བཞག་པར་མི་བྱ་ཞེས་ཟེར་ན་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་ཁྱིམ་བདག་མོ་ལ་ཡང ་ཉེས་བྱས་སུ་འགྱུར་རོ།། ལས་དང་པོ་ལ་སོགས་པ་ལ་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་གྱི་ལྷག་མ་དང་པོ ་རྫོགས་སྷོ།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ།། དེའི་ཚེ་སྡིག་བྱར་ན་གྱད་ཀྱི་སྣ་ཆེན་པོ་རྒྱལ་སྡེ ་ཞེས་བྱ་བ། ཕྱག་པ་ནོར་མང་བ་ལོངས་སྤྱོད་ཆེ་བ། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བ། རྣམ་ཐོས་ཀྱི་བུའི་ནོར་དང་ལྡན་པ། རྣམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ། གསེར ་དང་ནོར་མང་པོ་འབྱོར་པ་ཞིག་གནས་སོ།། དེས་རིགས་མཉམ་པ་ལས་ཆུང་མ་བླངས་ནས། དེ་དེ་དང་ལྷག་ཅིག་རྩེ་བར་བྱེད་དྲུགའ་མགུར་སྤྱོད་པར་བྱེད་དོ།། དེ་རྩེ་བར་བྱེད་དག ་བར་བྱེད་དགའ་མགུར་སྤོང་བར་བྱེད་ཀྱང་། དེ་ལ་བུ་ཡང་མེད་བུ་མོ་ཡང་མེད་དོ།། བུ་མེད་པས་བུ་ལ་མངོན་པར་དགའ་སྟེ། དེ་བུའི་དོན་ཏུ་ལྟ་བརྒྱ་སྟོང་དུ་མ་ལ་གསོལ་བ ་འདེབས་ཏེ། འདི་ལྟ་སྟེ། ཚངས་པ་དང་། དབང་པོ་དང་། ཉེ་དབང་དང་། གཤིན་རྗེ་དང་། ཉི་མ་དང་། ལུས་ངན་པོ་དང་། ཀུན་བགེང་གཞན་ནུ་དང་། སྣ་དགུའི་བདག་པོ་དང་། ་ཁྱབ་འཇུག་དང་། དབང་བདག་དང་། ས་ག་དང་། ལས་ཐམས་ཅད་པ་དང་། ཐ་སྐར་དང་། རླུང་མར་གྱི་ལྷ་དང་། སའི་ལྷ་དང་། ཆུ་ལྷ་དང་། མེ་ལྷ་དང་། རླུང་ལྷ་དང་། ཡུལ ་འཁོར་སྲུང་དང་། འཕགས་སྐྱེས་པོ་དང་། མིག་མི་བཟང་དང་། རྣམ་ཐོས་ཀྱི་བུ་དང་། ནོར་བུ་བཟང་པོ་དང་། གང་བ་བཟང་པོ་དང་། ལྔས་རྩེན་དང་། ལྔ་ལེན་དང་། གནོད ་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང་། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་དང་། ཀུན་དགའ་ར་བའི་ལྷ་དང་། ནགས་ཚལ་གྱི་ལྷ་དང་། བཞི་མདོའི་ལྷ་དང་། སུམ་མདོའི་ལྷ། ་དང་། གཏོར་མ་ལེན་པའི་ལྷ་དག། ལྷན་ཅིག་སྐྱེས་པའི་ལྷ་དང་། ཆོས་འཐུན་པ་པ་དང་། རྟག་ཏུ་རྗེས་སུ་འབྱང་བའི་ལྷ་དེ་དག་དང་། གཞན་ཡང་ལྷ་བརྒྱ་སྟེང་དག་ལ་གསོལ ་པ་འདེབས་པར་བྱེད་དོ།། འཇིག་རྟེན་ན་ཡང་ལྷ་ལ་གསོལ་བ་བཏབ་པའི་རྒྱུ་ལས་བུ་དང་བུ་མོ་དག་སྐྱེའོ་ཞེས་བྱ་བ། འཇིག་རྟེན་པའི་གཏམ་དེ་ལྟ་བུ་ཡོད་མོད་ཀྱི་དེ་ནི་དེ་ལྟ་མ་ཡིན ་ཏེ། གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན་དུ་རེ་རེ་ལ་ཡང་བུ་སྟོང་ཡོད་པར་འགྱུར་རོ།། འོན་ཀྱང་གནས་དྲུག་པོ་མངོན་དུ་གྱུར་པ་ལས་བུ ་དང་བུ་མོ་དག་སྐྱེ་བར་འགྱུར་ཏེ། དྲུག་པོ་གང་དག་ཅེ་ན། ཕ་མ་གཉིས་ཀྱིས་བུ་རྙེད་པར་འགྱུར་བའི་ལས་དག་བྱས་ཤིང་བསགས་པ་ཡིན། བུས་ཀྱང་ཕ་མ་རྙེད་པར་འགྱུར་བའི་ལ ་བྱས་ཤིང་བསགས་པ་ཡིན། མ་ཡང་རུང་བར་གྱུར་ཅིང་ཟླ་མཚན་དང་ལྡན་པ་ཡིན། ཕ་མ་གཉིས་ཆགས་པར་གྱུར་ཅིང་འདུས་པ་ཡིན། དྲི་ཟ་ཡང་ཉེ་བར་གནས་པ་ཡིན། དྲི་ཟས་ཀྱང ་སེམས་གཉིས་པོ་རྗེས་སུ་ཆགས་པ་དང་ལྡན་པ་འམ། ཁོ་ཁྲོ་བ་དང་ལྡན་པ་གང་ཡང་རུང་བའི་སེམས་ཡོངས་སུ་ཐོབ་པ་སྟེ། གནས་དྲུག་པོ་འདི་དག་མངོན་དུ་གྱུར་པ་ལས་བུ ་དང་བུ་མོ་དག་སྐྱེ་བ་ཡིན་ནོ།། དེ་དེ་ལྟར་ལྷ་བརྒྱ་སྟོང་ལ་གསོལ་བ་འདེབས་པ་ལྷར་ལེན་ཅིང་འདུག་པ་ན། སེམས་ཅན་བསོད་ནམས་ཀྱི་རྣམ་པར་སྨིན་པས་དབང་ཆེ་བར་གྲག ་། པ་སྔོན་གྱི་སངས་རྒྱས་ལ་དགེ་བའི་རྩ་བ་བསྐྱེད་པ། སྲིད་པ་ཐ་མ་པ། སྤྱོད་པ་སྤྱད་པ། འཆིང་བ་ཉམས་སྤད་པ། ཐར་པའི་ཚོགས་བཟུང་བ། མྱ། ་ངན་ལས་འདས་པ་ལ་ཕྱོགས་པ། འཁོར་བ་ལས་ཕྱིར་ཕྱོགས་པ། སྲིད་པའི་འགྲོ་བ་ཐམས་ཅད་དུ་འཆི་འཕོ་དང་། སྐྱེ་བ་དོན་ཏུ་མི་གཉེར་བ་ལུས་ཐ་མ་འཛིན་པ་ཞིག་ལྷའི་འཇིག ་རྟེན་ནས་ཤི་འཕོས་ནས། ཆུང་མ་དེའི་མངལ་དུ་ཞུགས་སོ།། འདི་ནི་བུད་མེད་མཁས་པའི་རང་བཞིན་ཅན་ཁ་ཅིག། ཤེས་པར་བྱ་བའི་གནས་ལྔ་རབ་ཏུ་ཤེས་ཏེ། སྐྱེས་པ་ཆགས ་པར་གྱུར་པ་ཤེས་ཤིང་། སྐྱེས་པ་ཆགས་པ་དང་བྲལ་བ་ཤེས་པ་དང་། དུས་ཤེས་ཤིང་ཟླ་མཚན་ཤེས་པ་དང་། མངལ་དུ་ཞུགས་པ་ཤེས་པ་དང་། གང་ལས་མངལ་དུ་ཞུགས ་བ་དེ་ཡང་ཤེས་པ་དང་། ཁྱེའུ་ཤེས་ཤིང་བུ་མོར་ཤེས་པ་སྟེ། གལ་ཏེ་ཁྱེའུ་ཡིན་ན་དཀུ་གཡས་པར་རྟེན་ཅིང་འདུག་ལ། གལ་ཏེ་བུ་མོ་ཡིན་ན་དཀུ་གཡོན་པར་རྟེན་ཅིང་འདུག་གོ།། ། ་དེས་ཀྱང་བདག་ལ་སེམས་ཅན་ཞུགས་པ་དེ། དཀུ་གཡས་པར་རྟེན་ཅིང་འདུག་པས་ན། ཁྱེའུར་འགྱུར་རོ།། སྙམ་དུ་རིག་ནས། དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་བས་ཁྱིམ ་ཐབ་ལ་སྤྲས་པ། རྗེའི་སྲས་ཁྱོད་ལ་བཀའ་མཆིང་སྙམ་པ་ཞིག་གསོལ་ལོ།། དེས་སྨྲས་པ། བཟང་ལྷ་དང་མིའི་གཏམ་སྙན་ཐོབ་པར་གྱུར་ཅིག། གཏམ་སྙན་ཇི་ལྟ་བུ ་ཞིག། རྗེའི་སྲས་བདག་ལ་སེམས་ཅན་ཞུགས་པར་གྱུར་པ། ཇི་ལྟར་བདག་གི་དཀུ་གཡས་པ་མི་བདེ་བ་ལས། གོར་མ་བཀུམ་པར་བདག་གི་བུ་རྙེད་དེ། དེ་ནས་གྱང ་ཀྱི་སྣ་ཆེན་པོ་ལ་གཏོགས་པ་རྒྱལ་སྡེས་དེ་ཐོས་མ་ཐག་ཏུ་དགའ་ཞིང་མགུ་ལ་ཡིད་རབ་ཏུ་དགའ་སྟེ། བཞིན་པདྨ་རྒྱས་པ་ལྟ་བུས་དགའ་བའི་ཚིག་འདི་སྐད་ཅེས་སྨྲས ་སོ།། བཟང་མོ་ཁྱོད་ཀྱི་བུ་དེ་བཞིན་དུ་སྐྱེ་བར་ཤོག་ཤིག། ཁོ་བོས་ཀྱང་བུ་སྡུག་པའི་ངོ་མཐོང་བ་དང་། ཁོ་བོས་ཡུན་རིང་མོ་ཞིག་ནས་བསམས་པའི་བུ་ཡིད་ལ་བསམས་པ ་བཞིན་དུ་འབབ་པ་དང་། ཁོ་བོ་དང་འཐུན་པར་སྐྱེ་ཞིང་མི་འཐུན་པར་མི་སྐྱེ་བ་དང་། ཁོ་བོའི་བྱ་བ་དག་བྱེད་པ་དང་གསོས་པས་ཕྱིར་གསོ་བ་དང་། ཁོ་བོའི་ནོར་རྗེས་ལ་སྤྱོད་པ་དང་། ་ཁོ་བོའི་རིགས་རྒྱུད་ཀྱང་ཡུན་རིང་དུ་གནས་པར་འགྱུར་བ་དང་། དེ་ཡང་ཕྱག་པ་དང་། ནོར་མང་བ་དང་། ལོངས་སྤྱོད་ཆེ་བ་དང་། ཡོངས་སུ་བཟུང་བ་ཡངས་ཤིང་རྒྱ་ཆེ་བར་གྱུར ་ནས། བདག་གི་དབང་ཕྱུག་ཀྱང་ཉམས་པར་འགྱུར་བ་དང་། བདག་ཅག་ཤི་ཞིང་དུས་ལས་འདས་པ་ན། བདག་ཅག་གི་ཕྱིར་སྦྱིན་པ་དག་སྦྱིན་ཞིང་། བསོད་ནམས་དག་བྱས་ནས། ་འདི་དེ་གཉིད་གང་དུ་སྐྱེས་པ་དེར། རྗེས་སུ་འགྲོ་བར་གྱུར་ཅིག་ཅེས་ཡོན་བསྔོ་བར་བྱེད་པར་ཤོག་ཤིག། ཅེས་སྨོན་ལམ་བཏབ་བོ།། དེ་ལ་སེམས་ཅན་ཞུགས་པར་རིག་ནས། ་དེ་ཚུན་ཆད་ཆུང་མ་ལ་ལྷག་པར་དགའ་བར་གྱུར། བཀུར་སྟི་ཆེ་བར་གྱུར། བྱམས་པར་གྱུར་ནས། སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ་གནོད་པ་མེད་པར་འདུག་ཏུ་བཅུག་སྟེ། གྲང ་བ་ན་གྲང་བའི་ཡོ་བྱད་དག་དང་། དྲོ་བ་ན་དྲོ་བའི་ཡོ་བྱད་དག་དང་། སྨན་པས་བསྟན་པའི་ཁ་ཟས་དང་། བཏུང་བའི་བྱེ་བྲག། ཧ་ཅང་མི་བསིལ་བ། ཧ་ཅང་མི་དྲོ་བ། ཧ་ཅང་མི། ་། ཁ་བ། ཧ་ཅང་མི་ཚ་བ། ཧ་ཅང་ལན་ཚ་མི་ཆེ་བ། ཧ་ཅང་མི་སྦྱར་བ། ཧ་ཅང་མི་དང་ར་བ། ཧ་ཅང་མི་སྐ་བ། ཧ་ཅང་མི་སྣུམ་པ། ཧ་ཅང་མི་རྩུབ་པ། ་ཁ་བ་དང་། ཚ་བ་དང་། ལན་ཆ་དང་། སྐྱུར་བ་དང་། དང་ར་བ་དང་། བསྐ་བ་དང་། སྣུམ་པ་དང་། རྩུབ་པ་རྣམ་པར་སྤངས་པའི་ཁ་ཟས་དང་། བཏུང་བ་དག་གིས་དེ་ལ་རིམ་གྲོ་བྱེད་དུ ་འཇུག་གོ།། དེ་ནས་མངལ་ན་གནས་པ་ཡོངས་སུ་བསྐྱང་བའི་ཕྱིར། འདི་ལྟར་ཆུང་མ་དེ་གོས་ཚོན་སྣ་ཚོགས་ས་སྤེལ་བ་ནི་བཀོན། ལག་པ་ནི་གསེར་གྱི་གདུ་བུ་དང་། ནོར་བུ་དང་། ་མུ་ཏིག་གིས་གཏམས། དོ་ཤལ་དང་། སེ་མོ་དོ་རྣམ་པར་འཆང་བ་དང་། ཟམ་པ་དང་། གདུ་བུ་དང་། དཔུང་རྒྱན་དང་། རྣ་ཆ་གདུབ་འཁོར་ནི་ཐོགས། མིག་ནི་མིག་སྨན་གྱིས་བྲིས། ་བཞིན་ནི་དམར་རྩེའི་ཐིག་ལེས་མཛེས་པར་བྱས། སོ་ནི་ཏོག་ཀུ་མུ་ཏ་དང་། དངུལ་དང་། ཁ་བ་དང་། མུ་ཏིག་གི་དོ་ཤལ་དང་། མེ་ཏོག་ཀུན་དང་། ཟླ་བ་དང་། ངང་པ་དང་། པའི ་འོ་མ་དང་། དུང་དང་། པདྨའི་རྩ་བ་ལྟར། དྲི་མ་མེད། རྐེང་པ་ནི་གསེར་གྱི་འོག་པག་གིས་བཅིངས། རྐང་པ་ནི་རྐང་རྒྱན་གྱིས་མཛེས་པར་བྱས་ནས། གསེར་གྱི་མཆོད་སྟོད་མེ་ཏོག ་གིས་ཀླུབས་པ་ལྟ་བུ་དེ་འདི་ལྟར་མངལ་དུ་ཞུགས་པའི་སེམས་ཅན་གྱིས་བསོད་ནམས་བྱས་པ་དང་། དགེ་བ་བྱས་པའི་རྒྱུས་སྟེང་གི་ཁང་བཟངས་ཀྱི་ཐོག་ན། འཐུན་ཞིང་རྗེས ་སུ་འཐུན་པའི་འཁོར། གླིང་བུ་དང་། བི་ཝང་དང་། རྫ་རྔ་དང་། རྔ་བོ་ཆེ་དང་། རོལ་མོའི་སྒྲ་སྙན་པ་འབྱིན་པ་རྣམས་ལྷའི་བུ་མོ་དགའ་བའི་ཚལ་ན་རྒྱུ་བ་བཞིན་དུ་ཁང་བཟངས ་ན་རྩེ་བར་བྱེད། དགའ་བར་བྱེད་ཅིང་། དེ་ཁྲི་བོ་ཆེ་ལེགས་པར་བཅུགས་པའི་སྟེང་ན། ཁྲི་ནས་ཁྲིར་དང་། ཁྲིའུ་ནས། ཁྲིའུར་དང་རྒྱུ་ཞིང་ཤོད་ཀྱི་ས་གཞི་ལ་མི་འབབ་ལ་དེ་ལྟ ་འགའ་ཡང་སྒྲ་ཡིད་དུ་མི་འོང་བ་འབྱིན་པར་མི་བྱེད་དོ།། ཁྱིམ་དེ་ཡང་ནོར་དང་། འབྲུ་དང་། དབྱིག་དང་། གསེར་དང་། མཛོད་དང་། བང་བ་དང་། བྲན་དང་། བྲན་མོ་དང་། ལས་བྱེད ་བ་དང་། ཞོ་ཤས་འཚོ་བ་དང་། རྐང་གཉིས་པ་དང་། རྐང་བཞི་པ་ལ་སོགས་པ་དག་གིས་རྒྱས་ཤིང་འཕེལ་བར་གྱུར་ཏེ། ཇི་ལྟར་རྒྱ་མཚོ་ཆེན་པོ་ཆུ་ཀླུང་ལྔ་བརྒྱ་དག་གིས་ཉིད་གཅིག ་བཞིན་འགེངས་པར་བྱེད་པ་དེ་བཞིན་དུ་ཁྱིམ་དེ་ཡང་རྒྱས་པར་གྱུར་ཏོ།། རེ་ཤིག་ན། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བློན་པོ་ལྔ་བརྒྱ་རྣམས་ཀྱི་ཆུང་མ་ལ་ཡང་སེམས་ཅན་ཞག ་བར་གྱུར་ཏོ།། དེ་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་ཏེ་བཙས་པ་ལསེ། ཁྱེའུ་གཟུགས་བཟང་བ། བལྟ་ན་སྡུག་པ། མཛེས་པ། པདྨའི་རྩ་བའི་མདོག་ལྟར་དཀར་བ། མགོ་གདུག ་ལྟ་བུ། ལག་པ་རིང་བ། དཔྲལ་བའི་དབྱིས་ཆེ་བ། སྤྲིན་ཚུགས་ཀྱི་རྒྱུན་མ་ཆད་པ། སྣའི་བཟངས་མཐོ་བ། མཐོང་ཀ་སེར་གེ་འདྲ་བ། རོ་སྟོད་སེང་གེ་ལྟ་བུ། དཔུང་པ་རིང་བ ་ཞིག་བཅས་སོ།། ཉི་མ་དེ་ཉིད་ལ་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བློན་པོ་ལྔ་བརྒྱའི་བུ་རྣམས་ཀྱིས་བཅས་སོ།། རྒོད་མ་ལྔ་བརྒྱ་ཡང་འགྲངས་སོ།། དེ་བཞིན་དུ་རྫས་ཤེས ་བྱ་བའི་བར་དུ་ཡང་རྒྱས་པར་བརྗོད་པར་བྱའོ།། དེ་དག་ལས་ཁ་ཅིག་ན་རེ་ནོར་རྣམས་དང་ལྷན་ཅིག་ཏུ་སྐྱེས་ལ། གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པའི་བུ་ཡང་ཡིན་པས། དེའི་ཕྱིར་མིང ་གྱད་བུ་ནོར་དུ་གདགས་སོ།། ཞེས་ཟེར་རོ།། གཞན་དག་ན་རེ་འདི་ནོར་དང་འདྲ་བར་སྐྱེས་ལ། འདིའི་ཡང་གྱད་ཀྱི་སྣ་ཆེན་པོ་ལ་གཏོགས་པ་ཡིན་པས། ་ཁྱེའུའི་མིང་གྱད་བུ་ནོར་ཞེས་མིང་དུ་གདགས་སོ།། ཞེས་ཟེར་ནས། མིང་གྱད་བུ་ནོར་དུ་བཏགས་ཏེ་ཞེས་བྱ་བ་ནས། མ་མ་བརྒྱད་ལ་གཏད་དོ།། ཞེས་བྱ་བའི་བར་དང་། ་འོ་མ་དང་། ཞོ་དང་། མར་གསར་དང་། ཞེས་བྱ་བ་ནས། པ་ལས་བླངས་ཏེ། སྐྱེད་པར་བྱེད་དོ་ཞེས་བྱ་བའི་བར་དུའོ།། མངགས་ཞུག་མ་བུ་མོ་ཞིག་གིས། དེ་ཕྲག་པ་ལ་བླ་ང ་ཏེ་སྲང་དུ་ཞུགས་པ་དང་། དེ་ནས་བྲམ་ཟེ་མཚན་མཁན་ཞིག་གིས་མཐོང་ནས། འདི་སྐད་ཅེས་སྨྲས་སོ།། རྐང་གཉིས་པ་བསོད་ནམས་ཀྱི་ཞིང་ཡིན་ནོ་ཞེས་བྱ་བ་ནས། ཞེས ་བྱ་བའི་བར་དང་། ཏིལ་མར་དྲི་ཞིམ་པོས་བྱུགས་ནས། ཞེས་བྱ་བ་ནས་མཆོད་པ་བྱས་ནས། ཕྱིར་ཁྱིམ་དུ་བསྐྱལ་ཏོ་ཞེས་བྱ་བའི་བར་དུའོ།། གང་གི་ཚེ་ཆེན་པོར་གྱུར་པ་དེའི ་ཚེ། ཡི་གེ་དང་། རྩིས་སློབ་ཏུ་བཅུག་གོ་ཞེས་བྱ་བ་ནས། རྩིས་དང་གཞན་དག་ལ། དེ་བློ་རྣོ་བ་དང་། བྱང་བར་གྱུར་ཏོ།། རྒྱལ་རིགས་རྣམས་ཀྱིས་བཟོའི་གནས་དང་། ་ལས་ཀྱི་གནས་གང་དག་ཡིན་པ་འདི་ལྟ་སྟེ། གླང་པོ་ཆེའི་མཉའ་བར་ཞོན་པ་དང་། རྟ་ལ་ཞོན་པ་དང་། ཤིང་རྟའི་ཐབས་དང་། རལ་གྲིའི་ཐབས་དང་། འཕོང་ཐབས་དང་། ་ཕྱིར་བསྟན་པ་དང་། མདུན་དུ་བརྩུ་བ་དང་། ལྕགས་ཀྱུས་བསྒྱུར་བའི་ཐབས་དང་། ཞགས་པ་གདབ་པ་དང་། རྡོ་རྗེ་རྩེ་གཅིག་པ་འཕངས་པ་དང་། འཁོར་ལོ་འབང ་བའི་ཐབས་དང་། འདའ་བོ་ཆེ་འཕངས་པའི་ཐབས་དང་། འཛིན་སྟངས་དང་། གོམ་སྟངས་དང་། ཐོར་ཚུགས་བཅིང་བ་དང་། བཅད་པ་དང་། གཏུབ་པ་དང་། དབུག་པ་དང་།། ་དྲལ་བ་དང་། གཤེགས་པ་དང་། རྒྱང་ནས་ཕོག་པ་དང་། སྒྲ་གྲག་པར་ཕོག་པ་དང་། གནད་དུ་བསྣུན་པ་དང་། མི་འཚོ་བར་ཕོག་པ་དང་། ཚབ་ཚེར་ཕོག་པར་བྱ་བ་ལ་ཕ་རོལ་ཏུ ་ཕྱིན་པར་གྱུར་ཏོ།། གནས་བཞི་རྣམས་དང་། འཕེན་པ་ལྔ་རྣམས་དང་། རིག་པའི་གནས་བཅོ་བརྒྱད་པོ་རྣམས་ལ། མཆོག་ཏུ་བློ་ན་བ་དང་། བྱང་བར་གྱུར་ཏོ།། ཕས་ཀྱང་དེའི ་སྐྱེད་མོས་ཚལ་གསུམ་པོ།། དགུན་གྱི་དང་། དཔྱིད་ཀྱི་དང་། དབྱར་གྱི་རྣམས་བྱེད་དུ་བཅུག་སྟེ། དགུན་གྱི་ནི་གཅིག་ཏུ་དྲོ་བའོ།། དཔྱིད་ཀྱི་ནི་གཅིག་ཏུ་བསིལ་བའོ།། དབྱར ་གྱི་ནི་ཧ་ཅང་མི་དྲོ་ཧ་ཅང་མི་གྲང་བའོ།། ཆུང་མའི་འཁོར་གསུམ་པོ་ཆེན་མ་དང་། བར་མ་དང་། ཆུན་མ་ཡང་གཞག་གོ། དེ་ཡང་སྟེང་གི་ཁང་བཟངས་ཀྱི་ཐོབ་ན་ནི་ལྡངས་རྣམས ་དང་ལྷན་ཅིག་ཏུ་གླིང་བུ་དང་། བི་ཝང་དང་། རྫ་རྔ་དང་། ཁར་རྔ་དང་། ལྕགས་ཀྱི་སིལ་ཁྲོལ་དང་། རོལ་མོའི་སྒྲ་སྙན་པ་རྣམས་ཀྱིས་ལོངས་སྤྱོད་བྱེད་དེ། དཔེར་ན་སེམས ་ཅན་བསོད་ནམས་བྱས་ཤིང་དགེ་བ་བྱས་པ་དག། རང་གི་བསོད་ནམས་ཀྱི་འབྲས་བུ་ཉམས་སུ་མྱོང་བར་བྱེད་པ་བཞིན་ནོ།། དེ་ནས་དུས་གཞན་ཞིག་ན་དེའི་གྲོགས་པོ་རྣམས་རི ་དགས་ཤོར་དུ་སེད་ཞེས་བྱ་བ་ནས། དྲིས་པ་གྲོགས་པོ་དག་ག་ལས་འོངས། དེ་དག་གིས་སྨྲས་པ། རི་དགས་ཤོར་བ་ཞེས་བྱ་བ་ཇི་ལྟ་བུ་ཞིག། དེ་དག་གིས་སྤྲས་པ། དགོན་པར ་སོང་ནས། རིང་དགས་བསད་ཏེ། ཤ་ཁྱེར་ཏེ་འོངས་ནས་ཤ་དགོས་པའི་བྱབ་བྱེད་པའོ།། དེས་དེ་རྣམས་ལ་སྦས་པ། དགོན་པ་ན་གནས་ཤིང ་རྩ་ཟ་ཞིང་ཆུ་འཐུང་བ་དེ་དག་གིས་ཁྱེད་ཅག་ལ་གནོད་པ་ཅི་ཞིག་བྱས་ན་གསོད་པར་བྱེད། དེ་དག་གིས་སྨྲས་པ། འདི་ལྟར་ཁོ་བོ་ཅག་ལ། གནོད་པ་ཅུང་ཟད་ཀྱང་མ་བྱས་མོད་ཀྱི། ་འོན་ཀྱང་དགའ་བའི་སླད་དུ་འགུམས་པར་བགྱིད་དོ།། དེ་བས་ན་སྤྲོ་བར་མཛོད་ཅིག་དང་། ལྷན་ཅིག་ཏུ་བཞུད་པར་བགྱིའོ།། དེས་སྨྲས་པ། འདི་ལྟར་རེ་ཤིག་བདག་ཁྱེད་ཅག ་འདོད་པ་ཡང་མེད་ན། བདག་འགྲོ་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ། སྤྱོད་པ་དེ་ནི་བཟང་པོ་མ་ཡིན་ནོ།། དེ་དག་འདི་སྙམ་དུ་གལ་ཏེ་བདག་ཅག་གིས་མ་ཁྲིད་ན་བདག་ཅག་ཀྱང ་འགྲོར་མ་བསྟེར་བའི་གནས་སྐབས་དེ་ལྟ་བུ་ཡོད་པར་འོང་ངོ་སྙམ་དུ་བསམས་ནས་ཞེས་བྱ་བའི་བར་དུའོ།། དེ་དག་གྱད་བུ་ནོར་གྱི་ཕ་མ་ག་ལ་བ་དེར་སོང་སྟེ་ཕྱིན་ནས་འདི ་སྐད་ཅེས་སྨྲས་སོ།། ཡབ་ཡུམ་དག་གང་གི་ཕྱིར་གཞོན་ནུ་གཏུམ་པ་རྩལ་ཆེ་བ་དེ་ལྟ་བུ་ཉིད་འོག་གི་རྒྱལ་པོ་རྣམས་ཀྱིས་ཐོས་ནས། བག་འཁུམ་པར་འགྱུར་ཞིང་ཞེས་བྱ ་བ་ནས། སྲད་ཀྱི་བཙུན་མོ་ཡང་འཕེལ་བར་འགྱུར་རོ་ཞེས་བྱ་བའི་བར་དུའོ།། ཇི་ཙམ་ན་དེ་ལ་བ་དང་མས་སོང་ལ་གྲོགས་པོ་རྣམས་ཀྱིས་བསྒོ་བ་བཞིན་དུ་གྱིས་ཤིག་ཅེས་སྨྲས ་བ་དང་། ཞེས་བྱ་བ་ནས་ལེགས་སོ་ཞེས་བྱ་བའི་དུའོ།། དེ་ཕ་མ་ལ་གུས་པ་ཡིན་པས། དེས་འདི་སྙམ་དུ་འདི་ལྟར་བདག་གིས་དེ་དག་གི་ཚིག་ཟློག་པར་མི་ནུས་ཏེ། འདི་ལྟར། ་བླ་མས་བསྒོ་བ་བཞིན་དུ་བྱ་དགོས་པས་ཕ་མས་བསྒོ་བ་བཞིན་དུ་འགྲོ་བར་བྱའོ་སྙམ་དུ་བསམས་ནས། དེས་ཁས་བླངས་སོ།། དེ་ནས་ཕ་མས་ཀྱང་བུ་དེ་འགྲོ་བར་བསམས་པ། ་རྟོགས་ནས། བདག་ཉིད་ཀྱི་གྲོང་ན་གནས་པའི་འབངས་དང་། ཞོ་ཤས་འཚོ་བ་རྣམས་ལ་གྱད་བུ་ནོར་རི་དགས་ཤོར་དུ་འགྲོ་ཡིས། ཁྱེད་ཅག་ཀྱང་སོང་ཤིག་ཅེས་བསྒོའོ།། དེ་དག ་ཀྱང་བསྒོ་བ་བཞིན་དུ་འོངས་ནས། ཉི་མ་གཉིས་པ་ལ་གྱད་བུ་ནོར་གྱད་ཀྱི་སྣ་ལ་གཏོགས་པའི་བུ་ལྔ་བརྒྱས་བསྐོར་ཏེ། ཞོ་ཤས་འཚོ་བའི་མི་དང་། བྲན་གཡོག་མང་པོས་ལོངས ་སུ་བསྐོར་ནས། རི་དགས་ཤོར་དུ་སོང་ངོ་།། དེ་ནས་དེ་ལ་གྲོགས་པོ་རྣམས་ཀྱིས་སྨྲས་པ། གགས་པ་རྣམས་ཀྱིས་སྦས་པ། གྲོགས་པོ་ཁྱོད་ཅི་རི་དགས་སྐོང་དུ་འགྲོ་འམ། འོན་ཏེ ་འབན་ཀར་སྡོད་ཅེས་བྱ་བ་དང་། དེས་འདི་སྙམ་དུ་གལ་ཏེ་འདི་དག་འཕན་ཀར་བཞག་སྟེ། བདག་གིས་རི་དགས་བཏབ་པར་གྱུར་ན། དེ་དག་འཕོང་སྐྱེན་པས་རི་དགས་ཕལ་པོ་ཆེ ་དངད་པར་འགྱུར་བས། བདག་གིས་འཕན་ཀར་བསྡད་ན་རུང་ངོ་སྙམ་དུ་བསམས་ནས། དེས་དེ་དག་ལིངས་ལ་སོང་ཤིག་བསྒོ་བ་དང་། དེ་དག་ཀྱང་ཡིད་རབ་ཏུ་དགའ་བར་གྱུར་ནས། ་གྲོགས་པོ་བདག་ཅན་ཀྱང་དེ་ཁོ་ན་ལྟར་དད་དོ།། དེ་དག་གིས་སྙམ་དུ་འདི་ནི་གནས་བཞི་དང་། འཕང་བ་ལྔ་རྣམས་ལ་བྱང་བ་ཡིན་པས་ཕལ་མོ་ཆེ་ཞིག་བསད་པར་འགྱུར་རོ་སྙམ ་དུ་བསམས་སོ།། དེ་ཡང་མདའ་སྟོང་གིས་བཀང་བའི་དོང་པ་ཐོགས་ནས་འཕན་ཀར་འདུག་གོ། དེ་དག་གིས་ཀྱང་རི་དགས་ཕལ་མོ་ཆེ་ཀུན་ནས་བསྐོངས་པ་དང་། རི་དགས་དེ་དག ་འཇིགས་སྐྲག་བཞིན་དུ་གཞོན་ནུའི་དྲུང་དུ་ལྷགས་པ་དང་། གཞོན་ནུ་སྙིང་རྗེ་ཅན་གྱིས་བརྟབས་པར་གྱུར་པ་དེ་དག་མཐོང་ནས། ཡིད་མི་བདེ་བར་གྱུར་ནས།། ་སྙིང་རྗེས་མངོན་པར་གདུངས་པར་གྱུར་ཏེ། དེའི་ཚེ་ཚིགས་སུ་བཅད་པ་སྨྲས་པ། སེམས་ཅན་ཀུན་ལ་སྦྱིན་པ་བྱིན་པ་དང་།། སེམས་ཅན་གཅིག་ལ་སྙིང་ནི་བརྩེ་བ་གང་། ་སེམས་ཅན་ཀུན་ལ་སྦྱིན་པ་བྱིན་པ་བས།། སྙིང་བརྩེ་གཅིག་ཏུ་ཁྱད་པར་འཕགས་པ་ཡིན།། དེ་དག་རླུང་ལྟར་འགྲོ་ཞིང་གཞན་གྱིས་སྡུག་བསྔལ་བར་བྱས་པ། དེ་དག་བྱེར་བར ་གྱུར་ཀྱང་མདའ་མ་འཕངས་སོ།། འདི་ལྟར་སེམས་ཅན་ཐམས་ཅད་ནི་ཤེས་པ་གཅིག་ཏུ་ཀུན་རྫོབ་ཤེས་པ་དང་ལྡན་པ་ཡིན་པས། དེ་དག་གིས་འདི་སྙམ་དུ་བདག་ཉིད་ཆེན་པོ་འདི། ་ནི་སྙིང་རྗེ་ཅན་ཡིན་ནོ་སྙམ་དུ་བསམས་ཏེ། དེ་དག་དེ་ལ་ལེགས་པར་ཐུག་ཀྱང་འཇིགས་པ་མེད་པར་བྱེར་རོ།། དེ་ནས་གྱད་བུ་ནོར་འདི་སྙམ་དུ་གལ་ཏེ་བདག་གིས་མདའ་མ་འཕད། ་པ་གྲོགས་པོ་འགའ་ཞིག་གིས་ཐོས་ན། ཡིད་མི་དགའ་བར་འགྱུར་རོ་སྙམ་དུ་བསམས་ཤིང་། དེས་ཡང་འདི་སྙམ་དུ་མ་ལ་དེ་དག་བདག་ལ་གཤེ་བར་འགྱུར་བ་ཡོངས་སུ་སྤང ་བའི་ཕྱིན་དང་། བདག་སྤོར་བ་ལ་གོམས་པར་ཤེས་པར་བྱ་བའི་ཕྱིར་མདའ་འཕང་ངོ་སྙམ་དུ་བསམས་ནས། དེས་དེ་ལྟར་བསམས་ཏེ། འདི་ལྟར་སེམས་ཅན་འགའ་ལ་ཡང ་གནོད་པ་སྐྱེད་པར་མི་འགྱུར་བར་མདའ་འཕངས་སོ།། དེས་ཀྱང་བསླབས་པས་མདའ་རྣམས་ར་ཕྲག་དང་རྐང་ལག་གི་བར་དང་། སྤུ་གསེབ་དང་རྣ་བ་དག་ཏུ་འཕངས་ཏེ་བཏང་ངོ་།། ་དེས་དེ་ལྟར་མདའ་སྟོང་པོ་དེ་དག་སེམས་ཅན་གཅིག་ལ་གནོད་པར་མི་འགྱུར་བ་དེ་ལྟར་འཕངས་སོ།། དེ་ནས་རི་དགས་དེ་དག་ཤིན་དུ་ཐལ་ནས་དོང་བ་དང་། དེའི་གྲོགས་པོ ་རྣམས་འོངས་ནས། འཕན་ཀར་འདུག་སྟེ། ཕན་ཚུན་དུ་འདི་སྙམ་དུ་དེང་བདག་ཅག་གིས་རི་དགས་ཕལ་མོ་ཀུན་ནས་བསྐོངས་ལ་གྱད་བུ་ནོར་འདི་ཡང་གནས་བཞི་དང་། ་འབང་བ་རྣམ་པ་ལྔ་ལ་བྱང་བ་ཡིན་པས། དེ་རིང་རི་དགས་མང་པོ་ཞིག་བསོད་པར་འགྱུར་ན། ཁུར་ཁལ་དག་ཁྱེར་ཏེ་མ་འོངས་པ་ནི་གཅིག་ཏུ་ཉེས་པ་བྱས་སོ་སྙམ་དུ་བསམས ་ཇི་ཙམ་དྲུང་དུ་ཕྱིན་ན། དེ་དག་གི་རི་དགས་གཅིག་ཀྱང་མ་བསད་པར་མཐོང་ངོ་།། མཐོང་ནས་ཀྱང་གྱད་བུ་ནོར་དེ་ལ་འདི་སྐད་ཅེས་སྨྲས་སོ།། གྲོགས་པོ་རི་དགས་དེ་དག་གར་སོང ་དེས་འདི་སྐད་སྨྲས་སོ།། བྲོས་ཏེ་སོང་ངོ་།། དེ་དག་གིས་སྨྲས་པ། ཅི་ཁྱོད་ཀྱིས་མདའ་མ་འཕངས་སམ། དེས་སྨྲས་པ། འཕངས་ཏེ་དོང་བ་སྟོང་པར་འདུག་པ་ལ་ལྟོས།། ་དེ་དག་གིས་འདི་སྙམ་དུ། འདི་ལྟར་གྱད་བུ་ནོར་འཕང་བ་དེ་ལྟ་བུ་བྱང་བར་གྱུར་ཏོ།། ཞེས་བྱ་བ་དེའི་གྲགས་པ་བརྫུན་པ་ལྟ། རྣམ་པ་གཅིག་ཀྱང་མི་ཤེས་ན། བཞི་ཅང་ཤེས་པ ་ལྟ་སྨོས་ཀྱང་ཅི་དགོས་སྙམ་དུ་བསམས་ཏེ་ཞེས་བྱ་བ་ནས། དེའི་གྲོགས་པོ་རྣམས་སྤོད་པར་བྱེད་དོ།། ཞེས་བྱ་བའི་བར་དང་། རང་གི་ཁྱིམ་དུ་འོངས་ནས་སྟེང་གི་ཁང་བཟངས ་ཀྱི་ཐོག་ན། ལག་པ་འགྲམ་པ་ལ་གཏད་ནས་སེམས་ཁོང་དུ་ཆུད་དེ་ཞེས་བྱ་བའི་བར་ནས། པ་མ་འོངས་ནས་འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བའི་བར་དང་། བུ་ཅིའི་ཕྱིར་ཁྲོད ་ཀྱིས་རི་དགས་མ་བསད། དེས་སྨྲས་པ། ཡབ་ཡུམ་ཁྱེད་ཅག་ལ་བདག་སྡུག་ལགས་སམ། བུ་ཤིན་ཏུ་སྡུག་གོ།། གལ་ཏེ་འགའ་ཞིག་དག་གིས་བདག་སྲེ ་དང་བྲལ་ན། ཁྱེད་ཅག་ཇི་ལྟ་བུར་འགྱུར། དེ་དག་གིས་སྨྲས་པ། ཤིན་ཏུ་སྡུག་བསྔལ་བ་དང་ཡིད་མི་བདེ་བར་འགྱུར་མོད། དེས་སྨྲས་པ། ཁྱེད་ཅག་ལ་ཡང་སྲོག་མི་འཕངས ་ལགས་སམ། དེ་དག་གིས་སྨྲས་པ། ཤིན་ཏུ་འཕངས་སོ།། འོ་ན་ཁྱེད་ཅག་ཅིའི་སླད་དུ་བདག་གཞན་གྱི་སྲེག་གཅོད་པ་ལ་སྦྱོར་བར་མཛད། གཞན་ཡང་ཡབ་ཡུམ་ཁྱེད་ཅག ་གིས། འདི་ལྟར་འབྱུང་པོ་རྣམས་ལ་ཕན་འདོད་སྙིང་བརྩེ་བས། སྲོག་གཅོད་པ་དང་གསོད་དང་འཆིང་བ་སྤོངས། ཇི་ལྟར་རང་གི་སྲོག་འཕངས་སྲུང་བ་ལྟར། དེ་བཞིན་གཞན ་རྣམས་ཀྱིས་ཡང་སྲེག་བསྲུང་ངོ་།། ཞེས་བགྱི་བ་ཅི་མ་གསན་ཏམ། ཞེས་བྱ་བའི་བར་དུའོ།། དེ་ནས་དེ་དག་གིས་བུ་དེའི་ངེས་པ་ཁོང་དུ་ཆུང་ནས་འདི་སྐད་ཅེས་སྨྲས་སོ།། ་བུ་དེ་ལྟ་ན་ཕྱིར་ཡང་སྟེང་གི་ཁང་བཟངས་ཀྱི་ཐོག་ཏུ། བཙུན་མོའི་འཁོར་རྣམས་དང་། ལྷན་ཅིག་རྩེད་མོ་གྱིས་ཤིག། དེ་ནས་ཀྱང་བུ་ནོར་གྱིས་སྟེང་གི་ཁང་བཟངས་ཀྱི ་ཐོག་ནས་ནི་འདི་སྐད་ཅེས། རྐང་གཉིས་པ་དང་། རྐང་མེད་དང་། སྨན་དང་། རིགས་སྔགས་དང་གསང་སྔགས་འཆང་བ་གང་གིས་བདག་འཁོར་བའི་དགོན་པ་ལས་ཡོད ་སུ་ཐར་བར་བྱེད་པ། སུ་ཡོད་ཅེས་སྦས་སོ།། དེའི་ཚེ་ཡུལ་སྡིག་བྱུང་ན་སྟོན་པ་དྲུག་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐམས་ཅད་མཁྱེན་པར་མངོན་པའི་ང་རྒྱལ་བྱེད་པ ་རྣམས་གནས་ཏེ་ཞེས་བྱ་བ་ནས། འོད་སྲུང་གི་གན་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཆོས་ཀྱི་ཚུལ་ནི་གང་ཡིན། སློབ་མ་ལ་གདམས་པ་ནི་གང་ཡིན། ཁྱོད་ཀྱི། ་ཚངས་པར་སྤྱོད་པ་ལ་གནས་པའི་འབྲས་བུ་ནི་གང་ཕན་ཡོན་ནི་གང་ཡིན། དེས་སྨྲས་པ། གཞོན་ནུ་ཁོ་བོ་ནི་འདི་ལྟར་ལྟ་ཞིང་འདི་སྐད་ཅེས་སྨྲས་སྟེ། བྱིན་པ་མེད་དོ།། མཆོད ་སྦྱིན་མེད་དོ། སྦྱིན་སྲེག་མེད་དོ།། ལེགས་པར་སྤྱད་པ་མེད་དོ།། ཉེས་པར་སྤྱད་པ་མེད་དོ།། ལེགས་པར་སྤྱོད་པ་དང་ཉེས་པར་སྤྱད་པ་རྣམས་ཀྱི་ལས་ཀྱི་འབྲས་བུ་རྣམ་པར ་སྨིན་པ་མེད་དོ།། འཇིག་རྟེན་འདི་མེད་དོ།། འཇིག་རྟེན་ཕ་རོལ་མེད་དོ།། མ་མེད་དོ།། ཕ་མེད་དོ།། སེམས་ཅན་རྫུས་ཏེ་སྐྱེད་པ་མེད་དོ།། འཇིག་རྟེན་འདི་ན་ཡང་དག་པར། ་སོང་བ་དང་། ཡང་དག་པར་ཞུགས་པའི་དགྲ་བཅོམ་པ་གང་དག་རང་གི་མངོན་པར་ཤེས་པས་འཇིག་རྟེན་ཕ་རོལ་མངོན་སུམ་དུ་བྱས་ཤིང་བསྒྲུབས་ནས་ཁོང་དུ་ཆུད་པར་བྱས་ཏེ། ་བདག་གི་བ་ཟད་དོ།། ཚངས་པར་སྤྱོད་པ་བསྟེན་ཏོ།། བྱ་བ་བྱས་སོ།། སྲིད་པ་འདི་ལས་གཞན་མི་ཤེས་སོ་ཞེས་གོ་བར་བྱེད་པ་དག་མེད་དོ་ཞེས་བྱ་བ་ནས། སྟོན་པ་འདི་ཡང ་ལམ་གོལ་བར་ཞུགས་པ། ལམ་ངན་པ་སྒྲུབ་པར་བྱེད་པ་ཡིན་ཏེ། མཁས་པ་རྣམས་ཀྱིས་ལམ་འཇིགས་པ་དང་བཅས་པ་ཇི་ལྟ་བ་བཞིན་དུ། སྤང་བར་བྱ་བ་ཡིན་ནོ་ཞེས་བྱ ་བའི་བར་དང་། ཚིགས་སུ་བཅད་པ་སྨྲས་པ། ལྟ་ངན་ལོག་པར་སྟོན་བྱེད་པ། དམན་པ་སྟོན་པར་གྲགས་པ་སྟེ། གང་གི་ཆོས་ནི་འདྲ་བ། དེའི་ཆོས་མིན་ཅི་འདྲ་ཞིག། ་ཞེས་བྱ་བ་ནས། དེ་བཞིན་དུ་སྟོན་པ་དྲུག་པོ་རྣམས་སྣོད་སྟོང་པ་བཞིན་བརྡབས་ཏེ་སོང་ངོ་ཞེས་བྱ་བའི་བར་དུའོ།། སངས་རྒྱས་བཅོམ་ལྡན་འདས ་ཀྱི་ཆོས་ཉིད་ནི་ཉིན་ལན་གསུམ་མཚན་ལན་གསུམ། ཉིན་མཚན་ལན་དྲུག་ཏུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་རྣམས་ལ། གང་ནི་ཉམས་པར་གྱུར། གང་ནི་སྡུག་བསྔལ་བར ་གྱུར། གང་ནི་ཉམ་པར་གྱུར། གང་ནི་མི་བདེ་བར་གྱུར། གང་ནི་སྡུག་བསྔལ་བ་དང་། ཉམ་ང་བ་དང་། མི་བདེ་བར་གྱུར། གང་གི་དགེ་བའི་རྩ་བ་མ་སྐྱེད་པ་རྣམས་ནི་དགེ ་བའི་རྩ་བ་བསྐྱེད་པར་བྱ། གང་གི་བསྐྱེད་པ་རྣམས་ནི་འཕེལ་བར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པར་བྱ། གང་གི་དགེ་བའི་རྩ་བ་ཡོངས་སུ་སྨིན་པ་རྣམས་ཤེས ་རབ་ཀྱི་མཚོན་གྱིས་དྲལ་བར་བྱ། གང་ནི་སངས་རྒྱས་ཀྱིས་འདལ། གང་ནི་ཉན་ཐོས་ཀྱིས་འདུ་ལ། གང་ནི་སངས་རྒྱས་དང་། ཉན་ཐོས་ཀྱི་འདུལ། གང་ནི་ཞེ་སྡང་ལ ་སྤྱོད། གང་ནི་འདོད་ཆགས་ལ་སྤྱོད། གང་ནི་གཏི་མུག་ལ་སྤྱོད། གང་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སྤྱོད། གང་ནི་ཉེས་དམིགས་གང་གིས་གནོད་པར་གྱུར། ་འཕགས་པའི་ནོར་དང་བྲལ་བ་གང་ནི་འཕགས་པའི་ནོར་གྱི་དབང་ཕྱུག་གི་བདག་པོ་ལ་རབ་ཏུ་བཞག་པར་བྱ། ཉེས་པར་སྤྱོད་པའི་འདམ་དུ་བྱིང་བ་གང་གི་ལག་ནས་དྲང ་བར་བྱ། གང་ནི་ངན་སོང་ལས་བསླང་སྟེ། མཐོ་རིས་དང་ཐར་པའི་འབྲས་བུ་ལ་རབ་ཏུ་གཞག་པར་བྱས་ཞེས་གཟིགས་པ་འཇུག་གོ།། ཡང་སྨྲས་པ། རྒྱ་མཚོ་རྒྱ་སྲིན་རྣམས ་ཀྱི་གནས། དུས་ལས་འདའ་བར་འགྱུར་སྲིད་ཀྱི། གདུལ་བྱ་ལ་བྱམས་སངས་རྒྱས་ནི། དུས་ལས་འདའ་བར་མི་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྒྲིབ་པ ་མི་མངའ་བའི་སྤྱན་གྱིས་ཀུན་ཏུ་གཟིགས་ནས་དགོངས་པ། གྱད་བུ་ནོར་དེ། སྔོན་གྱི་སངས་རྒྱས་རྣམས་ལ་དགེ་བའི་རྩ་བ་བསྐྱེད་པ། སྨོན་ལམ་བཏབ་པར་གྱུར་པ་འབྲས་བུ ་སྲིན་པ་མཚོན་གྱིས་བརྟོལ་འདོད་པ་ལྟ་བུར་ཐུགས་སུ་ཆུད་ནས། བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ། གང་གིས་འདུལ་བར་འགྱུར། ཅི་ཉན་ཐོས་ཀྱིས་འདུལ་ལམ། ་འོན་ཏེ་སངས་རྒྱས་ཀྱིས་འདུལ། ཅི་སྤོད་ལམ་གྱིས་འདལ་ལམ། འོན་ཏེ་ཆོས་བཅད་པས་འདུལ་སྙམ་དུ་དགོངས་སོ།། བཅོམ་ལྡན་འདས་ཀྱིས་སྤྱོད་ལམ་གྱིས་འདུལ ་ན། གང་གི་སྤོད་ལམ་གྱིས་འདུལ་སྙམ་དུ་གོངས་ན་ཞེས་བྱ་བ་ནས། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་ཡུལ་སྡིག་བྱང་དུ་ཕྱིན་ནས། ཡུལ་སྡིག་བྱུང་བ་སྲིན་བུ་པད་མའི་གནག ་ཁྲོད་ན་འདུག་གོ། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ། སྔ་དྲོ་ཤམས་ཐབས་བགོས་ཤེས་བྱ་བ་ནས། གྱད་བུ་ནོར་སྟོང་གི་ཁང་བཟངས་ཀྱི་ཐོག་ན་འདུག་པས། ཚེ་དང་ལྡན་པ ་རྟ་ཐུལ་འགྲོ་བ་དང་ལྡོག་པ་དང་། བརྐུམ་པ་དང་། བརྐྱང་བ་དང་། སྣམ་སྦྱར་དང་། ཆོས་གོས་དང་། ལྷུང་བཟེད་ཐོགས་པ་མཛེས་པ་དེ་མཐོང་ངོ་།། གྱང་བུ་ནོར་གྱིས་ཚེ་དང ་ལྡན་པ་རྟ་ཐུལ་མཐོང་བ་དེའི་ཚེ། ཚིགས་སུ་བཅད་པ་སྨྲས་པ། རྟགས་ཅན་ཆོས་ཀྱིས་འཚོ་བྱེད་པ།། འདི་ན་ཕར་ཆེར་བདག་གིས་མཐོང་།། ཞི་ཞིང་ཞི་བར་གནས་གྱུར་པ། ་འདི་འདྲ་བདག་གིས་མ་མཐོང་ངོ་།། ཞེས་བྱ་བའི་བར་དུའོ།། མི་ཞིག་བཏང་ནས། ཞེས་བྱ་བ་ནས། སྤྱོད་ལམ་མཐོང་སྟེ་སླར་ལོག་ནས། ་གཞོན་ནུ་ལ་སྨྲས་སོ་ཞེས་བྱ་བའི་བར་དུའོ།། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་དགེ་བའི་རྩ་བས་བསྐུལ་ཏེ། བལྟ་འདོད་དེ་ཞེས་བྱ་བ་ནས། ཡང་དག་པར་དགའ་བར་འགྱུར་བའི ་བར་དུ་བྱས་ནས་འདུག་སྟེ། དེ་ལ་སྨྲས་པ་ཅི། ཁྱོད་སྟོན་པ་ཡིན་ནམ། འོན་ཏེ་ཉན་ཐོས་ཡིན། ཚེ་དང་ལྡན་པ་རྟ་ཐུལ་གྱིས་ཞེས་བྱ་བ་ནས་ཚིགས་སུ་བཅད་པ་སྨྲས་པ། རི་དབང ་གངས་ཅན་དང་ནི་ཡུངས་ཀར་ཉིད་ཀྱི་ཁྱད་པར་གང་ཡིན་དང་། རྒྱ་མཚོ་དང་ནི་ཕྱུགས་རྗེས་ཆུ་ཆུང་ཉིད་ཀྱི་ཁྱད་པར་གང་ཡིན་དང་། ཉི་མ་འོད་ཟེར་དྲ་བ་ཆེ་དང་སྲིན་བུ་མེ་ཁྱེར་ཁྱད ་གང་ཡིན། དེ་དག་རྫོགས་པའི་སངས་རྒྱས་ཡོན་ཏན་གཏེར་དང་ཉན་ཐོས་ཁྱད་པར་རོ།། ཞེས་བྱ་བའི་བར་དུའོ།། ཕ་མ་གཉིད་ཀྱི་གན་དུ་འོངས་ནས་གསོལ་བ་འདེབས་པར་བྱེད ་དེ་ཞེས་བྱ་བ་ནས། མ་གནང་ངོ་ཞེས་བྱ་བའི་བར་དང་། ཉིན་ཞག་གཅིག་ཟན་བཅད་པའི་བར་དང་། ཕ་མ་འོངས་ནས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་ནི་སྡུག་བསྔལ་མི་ཤེས ་ཏེ་ཚངས་པར་སྤྱོད་པ་སྤྱད་དཀའོ།། གཅིག་པུ་ཉིད་ལ་མངོན་པར་དགའ་བར་བྱ་དཀའོ།། གནས་མལ་དགོན་པར་དང་། གནས་འདབ་དང་། བས་མཐའ་དག་ཏུ་གནས་པར་བྱ ་དཀའོ།། ཁྱོད་ཀྱིས་ཇི་སྲིད་འཚོའི་བར་དུ་གཅན་ཟན་གདུག་པ་དག་དང་ལྷན་ཅིག་གནས་པར་བྱ་དགོས་སོ།། ཁྱེད་ཀྱིས་ཇི་སྲིད་འཚོའི་བར་མི་རྣམས་ཀྱི་དགའ་བ་དང་། རྩེད་མོ་དག ་ལས་མངོན་པར་དབེན་པར་བྱ་དགོས་སོ།། བུ་ཁྱོད་ཚུར་ཤོག་འདུག་པ་སྦྱིན་པ་དག་བྱིན་ཅིག། འདོད་པ་ལ་ཡང་ཡོངས་སུ་སྤྱོད་ཅིག་ཅེས་བྱ་བའི་བར་དུའོ།། རྗེས་སུ་གནང་ནས། ་ཞེས་བྱ་བ་ནས། ལུས་ཀྱི་སྟོབས་དང་མཐུ་ཡང་དག་པར་བསྐྱེད་ནས་ཞེས་བྱ་བའི་བར་དང་། ཕས་གྱད་བུ་ནོར་རབ་ཏུ་བྱུང་བར་འདོད་ཀྱིས། གང་དག་རབ་ཏུ་འབྱུང་བར་འདོད་པ་དེ ་དག་ཀྱང་དེང་ཤིག། ཅེས་དྲིལ་བསྒྲག་པར་བྱས་པའི་བར་དུའོ།། དེ་ནས་དེའི་ཚེ་ནེའུ་ལྡངས་གང་ཡིན་པ་དེ་དག་འདི་སྙམ་དུ་གྱད་བུ་ནོར་འདི་ནི། བདེ་བ་འདོད་པ་ཤིན་ཏུ་གཞོན ་བ་ཡིན་ཡང་ཁྱིམ་གྱི་བདེ་བ་སྤངས་ནས། ངེས་པར་འབྱུང་སྟེ་རབ་ཏུ་འབྱུང་བར་བྱེད་ན། བདག་གིས་ཇི་ལྟར་བྱ་སྙམ་དུ་བསམས་པ་ལས། དེ་ལས་གཅིག་གིས་འདི་སྐད་ཅེས ་ལེགས་སུ་ཟད་དེ། བདག་ཅག་ཀྱང་རབ་ཏུ་འབྱུང་བར་བྱའོ།། ཞེས་སྨྲས་སོ།། དེ་ནས་གྱད་བུ་ནོར་གཞོན་ནུ་ལྔ་བརྒྱ་དང་། ལྷན་ཅིག་ཏུ་ཚེ་དང་ལྡན་པ་རྟ་ཐུལ་གང་ན་བ་དེར་སོང་། ་སྟེ་ཕྱིན་ནས་རྟ་ཐུལ་གྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས། གྱད་བུ་ནོར་གྱིས་ཚེ་དང་ལྡན་པ་རྟ་ཐུལ་ལ་འདི་སྐད་ཅེས་སྦས་སོ།། བཙུན་པ་བདག ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བ་དང་། བསྙེན་པར་རྫོགས་པར་དགེ་སློང་གི་དངོས་པོ་ཐོབ་པར་མཛད་དུ་གསོལ། བདག་ཁྱོད་ཀྱི་ཐད་དུ་ཚངས་པར ་སྤྱད་པ་སྤྱོད་དོ།། དེ་ནས་ཚེ་དང་ལྡན་པ་རྟ་ཐུལ་གྱིས། གྱད་བུ་ནོར་རིམ་གྱིས་རབ་ཏུ་ཕྱུང་སྟེ། སྙེན་པ་རྫོགས་པར་བྱས་སོ།། དེས་ཀྱང་སྡེ་སྣོད་གསུམ་པོ་དག་ལ་ཁ་ཏོན་དུ་བཏོན ་ཅིང་བསྒོམས་པས། དགྲ་བཅོམ་པར་གྱུར་ཏེ། ཁམས་གསུམ་གྱི་འདོད་ཆགས་དང་བྲལ་བ། བོང་བ་དང་གསེར་དུ་མཉམ་པ། ན་མཁའ་དང་ལག ་འཐིལ་དུ་མཚུངས་པའི་སེམས་དང་ལྡན་པ། སྟེའུ་དང་ཙན་དན་དུ་མཉམ་པ། མ་རིག་པའི་སྒོ་ངའི་སྦུབས་དྲལ་བ། རིག་པ་དང་མངོན་པར་ཤེས་པ་དང་། སོ་སོ་ཡང་དག་པར ་རིག་པ་ཐོབ་པ། སྲིད་པ་དང་འདོད་པའི་རྙེད་པ་དང་། བཀུར་སྟི་ལ་བརྒྱ་ཀྱིས་ཕྱོགས་པ་དང་། དབང་པོ་དང་ཉེ་དབང་དུ་བཅས་པའི་ལྷ་རྣམས་ཀྱིས་མཆོད་པར་བྱ་བ་དང་། བརྗེད ་པར་བྱ་བ་དང་། མངོན་དུ་སྨྲ་བར་བྱ་བར་གྱུར་ཏོ།། སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུགས་ཀྱིས། འདི་ལྟར་འདས་པ་ཆེན་པོ་གཉིས་ཡོད་དེ་དབྱར་ཟླ་འབྲིང་པོ་ལ་དབྱར ་ཉེ་བར་སྒྲུབ་པའི་ཚེ། གདམ་ངག་དང་རྗེས་སུ་བསྟན་པ་མནོས་པ་དེ་དག། གྲོང་དང་གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་དག་ཏུ་དབྱར་འདས་པར་བྱས་པ ་དེ་དག་སྟོན་ཟླ་འབྲིང་པོའི་ཉ་ལ་འོངས་ནས། ཇི་ལྟར་ཁོང་དུ་ཆུད་པ་དག་ནི་བརྗོད་པར་བྱེད། གོང་མར་གྱུར་པ་དག་ནི་འདྲི་བར་བྱེད་དོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས ་ཇི་ལྟ་བ་དེ་བཞིན་དུ་ཉན་ཐོས་ཆེན་པོ་རྣམས་ཀྱི་ཡང་དེ་ལྟ་བུ་ཡིན་པས། ཚེ་དང་ལྡན་པ་རྟ་ཐུལ་གྱི་ལྷན་ཅིག་གནས་པ་དང་། ཉེ་གནས་གང་དག་གྲོང་དང་གྲོང་རྡལ་དང་། ཡུལ ་འཁོར་དང་། རྒྱལ་པོའི་ཕོ་བྲང་དང་། དབྱར་གནས་པ་བྱས་དེ་དང་། སྟེན་ཟླ་འབྲིང་པོའི་ཉ་ལ་ཚེ་དང་ལྡན་པ་རྟ་ཐུལ་གང་ན་བ་དེར་ལྷགས་པ་དང་། ཚེ་དང་ལྡན་པ་གྱད་བུ ་ནོར་གྱིས་མཐོང་ངོ་།། ཚངས་པར་སྤྱད་པ་དེ་དག་མཐོང་ནས་ཀྱང་། བསུ་སྟེ་གསོང་པོར་སྐབས་ཡང་དག་པར་དགའ་བར་བྱས་ཏེ་ཆོས་གོས་དང་། ཁར་སིལ་དང་། རིལ་པ ་སྤྱིའུ་ལུགས་དང་། གཏུར་བུ་དང་། ཞྭ་དང་། མཆིལ་ལྷམ་དང་། གདིང་བ་དག་བླངས་སོ།། དེ་དག་ཀྱང་མཁན་པོའི་དྲུང་དུ་སོང་ནས། བསྙེན་བཀུར་བྱས་ཏེ། ཇི་ལྟར་ཁོང་དུ ་ཆུད་པ་དེ་ནི་བརྗོད་པར་བྱེད། གོང་མར་གྱུར་པ་ནི་འདྲི་བར་བྱེད་ཅིང་། རྒྱལ་པོའི་ཁབ་གང་ན་བ་དེར། བཅོམ་ལྡན་འདས་ལ་བལྟ་བ་དང་། བཅོམ་ལྡན་འདས་ལ་བསྙེན་བཀུན ་བྱ་བའི་ཕྱིར་འགྲོ་བར་བྱེད་པ་དག། གྱད་བུ་ནོར་གྱིས་མཐོང་ངོ་།། མཐོང་ནས་ཀྱང་སློབ་དཔོན་གཅིག་པ་དང་། མཁན་པོ་གཅིག་པ་དེ་དག་གི་དྲུང་དུ་སོང་ནས་འདི་སྐད་ཅེས ་སྨྲས་སོ།། ཁྱེད་ཅག་གང་དུ་དོང་། དེ་དག་གིས་སྨྲས་པ། བདག་ཅག་གིས་མཁན་པོ་ནི་མཐོང་ཟིན་པས་ད་ནི། སངས་རྒྱས་བཅོམ་ལྡན་འདས་ལྟར་འགྲོའོ།། དེ་ནས་ཚེ་དང ་ལྡན་པ་གྱད་བུ་ནོར་གྱིས་འདི་སྙམ་དུ། བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་པས། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་སྐུ་མཐོང་ན། གཟུགས་ཀྱི ་སྐུ་མ་མཐོང་བས། བདག་སངས་རྒྱས་བཅོམ་ལྡན་འདས་གང་ན་བ་དེར་འགྲོའོ་སྙམ་དུ་བསམས་སོ།། དེ་ལྟར་བསམས་ནས་ཀྱང་། གྱད་བུ་ནོར་གྱིས་མཁན་པོ་ལ ་འདི་སྐད་ཅེས་སྨྲས་སོ།། མཁན་པོ་བདག་གིས་མཁན་པོ་དང་། དགེ་བའི་བཤེས་གཉེན་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་སྐུ་ནི་མཐོང་ན། གཟུགས ་ཀྱི་སྐུ་མ་མཐོང་བས། དེ་ནི་གཟུགས་ཀྱི་སྐུ་བལྟ་བར་འཚལ་ལོ།། དེ་སྐད་ཅེས་སྨྲས་པ་དང་། རྟ་ཐུལ་གྱིས་གྱང་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ།། ་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། དཔེར་ན། ཨུ་དུམ་ལ་རའི་མེ་ཏོག་ལྟར་ཤིན་ཏུ་མཐོང་བར་དཀའ་བ་ཡིན་པས། བུ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བལྟ་བར་གྱིས་ཤིག། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་མཁན་པོས་རྗེས་སུ་གནང་བས། ནེའུ་ལྡངས ་མཁན་པོ་གཅིག་པ་རྣམས་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་དོང་ངོ་།། དེའི་ཚེ་ན་བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་དུ་མ་ལ་ཆོས་སྟོན་ཏོ།། བཅོམ་ལྡན་འདས ་ཀྱིས་གྱད་བུ་ནོར་རྒྱང་རིང་པོ་ཁོ་ན་ནས་འོང་བ་གཟིགས་སོ།། གཟིགས་ནས་ཀྱང་གྱང་བུ་ནོར་ལ་བཀའ་སྩལ་པ། གྱད་བུ་ནོར་ཚུར་ཤོག། འོངས་པ་ལེགས་སོ།། ཁྱོད་དུས ་སུ་ཕྱིན་ཏོ།། ཞེས་བཀའ་སྩལ་ཏོ།། དེའི་ཚེ་ན། གནས་མལ་མི་འཐུན་པ་འབོག་པར་བྱེད་དོ།། མདོ་སྡེ་འཛིན་པ་རྣམས་དང་། འདུལ་བ་འཛིན་པ་རྣམས་སུ་ལྷན་ཅིག། མདོ། ་སྡེ་འཛིན་པ་རྣམས་དང་། མ་མོ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་། མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་། མ་མོ ་འཛིན་པ་རྣམས་སུ་ལྷན་ཅིག་ཅེས་བྱ་བ་ནས། དེ་བཞིན་དུ་མུ་གསུམ་པ་ལ་ཡང་སྦྱར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྙམ་དུ། གྱང་བུ་ནོར་འདི་ནི་སྔོན་གྱི་སངས ་རྒྱས་རྣམས་ལ་ཀྱེ་མའོ་བདག་བཅོམ་ལྡན་འདས་ཀྱི་གནས་མལ་བགེད་པ་དང་། ཁ་ཟས་ལག་སྐོ་བའི་མཆོག་ཏུ་གྱུར་ཅིག་ཅེས་སྨོན་ལམ་བཏབ་པས་ཞེས་བྱ་བའི་བར་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་འབོག་པ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པར་ཡང་བསྐོ་བར་མ་བྱ་ལ། བསྐོས་པ་ཡང་འབྱུང་བར་བྱ་སྟེ། ལྔ་གང་ཞེ་ན། ་འདུན་པ་འགྲོ་བ་དང་། ཤེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། གནས་མལ་ཕོག་པ་དང་། མ་ཕོག་པ་མི་ཤེས་པའོ།། དཀར་པོའི ་ཕྱོགས་ནི་དེ་ལས་བཟློག་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གྱད་བུ་ནོར་གནས་མལ་འབོག་པར་བསྐོ་བར་བྱའོ།། ་ཞེས་བྱ་བ་ནས་གནས་མལ་བཤམ་པ་བྱས་ནས། ལས་བྱ་སྟེ། དགེ་འདུན་བཙུན་པ་རྣམས་གསན་དུ་གསོལ། གྱད་བུ་ནོར་འདི་དགེ་འདུན་གྱི་གནས་མལ་འབོག་པར་སྤྲོ་ན། གལ་ཏེ ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། གྱད་བུ་ནོར་དགེ་འདུན་གྱི་གནས་མལ་འབོག་པར་བསྒོ་བར་བགྱིའོ་ཞེས་བྱ་བའི་བར་དུ་སྟེ། ་འདི་ནི་གསོལ་བའོ།། དེའི་འོག་ཏུ་ལས་ཇི་ལྟ་བ་བཞིན་དུ་བྱའོ།། གང་གི་ཚེ་གྱང་བུ་ནོར་དགེ་འདུན་གྱི་གནས་མལ་འབོགས་པར་བསྐོས་པ་དེའི་ཚེ། གནས་མལ་གཞན་དུ་བསྐོ ་བར་བརྩམས་ཏེ། དེ་མདོ་སྡེ་འཛིན་པ་རྣམས་དང་། མདོ་སྡེ་འཛིན་པ་རྣམས་སུ་ལྷན་ཅིག། འདུལ་བ་འཛིན་པ་རྣམས་དང་། འདུལ་བ་འཛིན་པ་རྣམསུ་གན་ཤེ་མ་མོ་འཛིན་པ ་རྣམས་དང་། མེ་མོ་འཛིན་པ་རྣམས་སུ་ལྡན་ཅི།། གློ་བུར་པ་རྣམས་དང་། གློ་བུར་བ་རྣམས་སུ་ལྷན་ཅིག། རྣལ་འབྱོར་སྤྱོང་པ་རྣམས་སུ་ལྷན་ཅིག། ་གང་དག་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པ་དེ་དག་ནི་ལན་ཅིག་ཕྱིར་འོང་བ་རྣམས་དང་ལྷན་ཅིག་ཏུ་བཀོད། གང་དག་ལན་ཅིག་ཕྱིན་འོང་བའི་འབྲས་བུ་ཐོབ་པ་དེ་དག་ནི་ཕྱིར ་མི་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་ནི་དགྲ་བཅོམ་པ་དང་ལྷན་ཅིག་སྟེ། དེ་ལྟར་དགེ་སློང་དེ་རྣམས་ལྷག་པར་ཕན་ཚུན་དུ་འཕེལ་བའི་གཏམ་རྣམ་པར་གཏན་ལ་དབབ ་པ་དང་། དགེ་བའི་ཕྱོགས་འཕེལ་བར་འགྱུར་བ་དེ་ལྟར་གནས་མལ་འཐུན་པ་གཞན་དུ་བསྐོས་སོ།། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར། རྫུ་འཕྲུལ་གྱིས་གནས་མལ་འབོག ་པར་བྱེད་དེ། གང་དག་མཚན་མོ་སྔར་འོང་བ་དེ་དག་ལ་ནི་སོར་མོ་གཅིག་ལས་འོད་སྦར་ཏེ། གནས་མལ་འབོག་པར་བྱེད་དོ།། གང་དག་མཚན་མོ་ཆེས་ཕྱིས་འོང་བ་དེ་དག་ལ། ་ནི་སོར་མོ་གཉིས་ལས་འོད་སྦར་ཏེ་འབོགས་པར་བྱེད་དོ།། དེ་བཞིན་དུ་གསུམ་པ་དང་། བཞི་པ་དང་། ལྔ་པ་ལས་འོད་སྦར་ཏེ་ཞེས་བྱ་བའི་དུའོ།། དེ་ནས་དགེ་སློང་དེ་དག ་འདི་སྙམ་དུ། འདི་ནི་ཆོས་དང་ལྡན་པས་ལས་བྱེད་པ་ཡིན་ཏེ་ཞེས་བྱ་བ་ནས། ཁོང་དུ་མ་ཆུད་པ་ནི་ཁོང་དུ་ཆུད་པར་གྱུར། ཁོང་དུ་ཆུད་པ་ནི་ལྷག་པར་ཁྱད་པར་དུ་ཁོང་དུ་ཆུད། ་བར་གྱུར་ཏོ།། དེ་ལྟར་བྱས་པ་ན་འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། རྫུ་འཕྲུལ་གྱི་ཆོ་འཕྲུལ་བསྟན་ཏེ་གནས་མལ་འབོག་པར་བྱེད་ཅེས་ཕྱོགས་བཞི་དག་ཏུ་དེའི་སྒྲ ་གྲགས་པར་གྱུར་ཏོ།། དེའི་ཚེ་གང་དག་ངོ་མཚར་དུ་གྱུར་པ་དེ་དག་གིས་ནི། མངོན་སུམ་དུ་བྱ་བའི་ཕྱིར་ཉིན་པར་འོངས་ནས་འོད་མའི་ཚལ་གྱི་ཉེན་ཀོར་དུ་འདུག་སྟེ། ཉི་མ་ཇུག ་པ་དང་། མཚན་མོ་འོང་བར་བྱེད་དོ།། དེ་རྣམས་ལ་ཡང་ཚེ་དང་ལྡན་པ་དེས་དེ་བཞིན་དུ་རྫུ་འཕྲུལ་བསྟན་ནས། གནས་མལ་འབོག་པར་བྱེད་དོ།། རེ་ཤིག་ན་རྒྱལ་པོའི་ཁབ ་དེན་སྦྱིན་པ་པོ་དང་སྦྱིན་བདག་བདག་དེ་དག་དགེ་འདུན་ལ་ཟས་རྣམ་ལ་གསུམ་དུ་ཤོམ་པར་བྱེད་དེ། ཁ་ཅིག་ནི་གསོད་པ་སྦྱིན་པར་བྱེད་པའོ།། ཁ་ཅིག་ནི་འབྲིང་དག་སྦྱིན་པར ་བྱེད་པའོ།། ཁ་ཅིག་ནི་ངན་པ་དག་སྦྱིན་པར་བྱེད་པའོ།། ཁྱིམ་གང་ན་གསོད་པ་དག་སྦྱོར་བར་བྱེད་པ་དེ་དག་ནི་དྲུག་སྡེ་རྣམས་ཀྱིས་སྔོན་ངོ་ཤེས་པ་ཡིན་པས། དེར་ནི་རང ་འབའ་ཤིག་འགྲོ་བར་བྱེད་དོ།། གང་ན་འབྲིང་སྦྱིན་པར་བྱེད་པ་དེར་ནི་འགྲོས་པོ་དང་ཉེ་གནས་དག་གོ། གང་ན་ངན་པ་དག་སྦྱིན་པ་དེར་ནི་དགེ་སློང་ཕལ་རྣམས་འགྲོ་བར ་བཤམས་སོ།། དེའི་ཚེ་ཁྱིམ་བདག་དགེ་བཟང་ཞེས་བྱ་བ་གསོད་པར་སྦྱིན་པར་བྱེད་པའི་མཆོག་ཅེས་བྱ་བའི་བར་ནས། དྲུག་སྡེ་རྣམས་རེ་མོས་འགྲོ་བར་བྱེད་དེ། ཉི་མ ་དང་པོ་ལ་ནི་དགའ་བོ་དང་ཉེ་དགའ་ཟན་ཟ་བར་བྱེད་དོ།། ཉི་མ་གཉིས་པ་ལ་ནི་འདུན་པ་དང་འཚར་ཀའོ།། ཉི་མ་གསུམ་པ་ལ་ནི་འགྲོ་འགྱོགས་དང་ནབ་སོའོ།། ཁྱིམ ་བདག་དེས་དེ་རྣམས་ལ་དྲིས་པ། འཕགས་པ་དག་འོད་མའི་ཚལ་ནི་དགེ་སློང་གཞན་མི་བཞུགས་སམ་ཅི་ན་འགའ་ཙམ་ཡང་བཤོས་གསོལ་བར་མི་མཛད་པར་ཡང་དང་ཡང ་དུ་ཁྱེད་ཅག་ཁོ་ན་རེ་མོས་བྱོན།། དེ་དག་གིས་སྨྲས་པ། ཁྱིམ་བདག་ཁྱོད་ཀྱིས་མི་ཤེས་སམ། འོད་མའི་ཚལ་དེ་ན་དགེ་སློང་དག་ཡོད་ཀྱང་ཉིན། ་ཅིག་བཞིན་དུ་བཟའ་བ་དང་། བཅའ་བ་ལ་སོགས་པ་རྣམ་ལ་སྣ་ཚོགས་སྤྱོད་པར་བྱེད་པ་དེ་དེང་དེ་དག། ཁྱོད་འདྲ་བའི་ཁ་ཟས་ཕུལ་བ་དེ་ཇི་ལྟར་ཟ་བར་བྱེད། ངེད་ཅག་ནི ་ཁྱོད་ཁོ་ན་ལ་ཕན་གདགས་པའི་ཕྱིར། འོང་བར་ཟད་དོ།། དེ་ནས་ཁྱིམ་བདག་གིས་སྨྲས་པ། འཕགས་པ་གལ་ཏེ་འཕགས་པ་ཁྱེད་ཅག་གིས་བདག་པར་མི་མཛད་ན། ་གཞན་སུ་ཞིག་གྱིད་པར་འགྱུར་ཞེས་སྨྲས་སོ།། དེ་ནས་དུས་གཞན་ཞིག་ན་ལྟོ་ལམ་ནས་དགེ་སློང་ཞིག། བཅོམ་ལྡན་འདས་ཡང་དག་པར་བལྟ་བའི་ཕྱིར། ལྗོངས་རྒྱུ་ཞིང ་རིམ་གྱིས་འོད་མའི་ཚལ་དུ་འོངས་སོ།། དེ་སྔ་དྲོ་ཆོས་གོས་བགོས་ལྷུང་བཟེད་ཐོགས་ཏེ། སྔ་དྲོ་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཞུགས་ནས། དེ་སྲང་ན་རྒྱུ་བ་ཁྱིམ ་བདག་དགེ་བཟང་གིས་མཐོང་ནས། སྔོན་མ་བྱུང་བ་ཞིག་གོ་སྙམ་དུ་བསམས་ཏེ། དེས་དེ་ལ་སྨྲས་པ། བཙུན་པ་ག་ལས་བྱོན། དེས་སྨྲས་པ། ལྷོ་ལ་མ་ནས་སོ།། ཅིའི ་ཕྱིར། བཅོམ་ལྡན་འདས་བལྟ་བའི་ཕྱིར་རོ།། བསྟི་གནས་གང་དུ་བྱས། དེས་སྦས་པ། འོད་མའི་ཚལ་དུའོ།། ཅིའི་ཕྱིར་བསོད་སྙོམས་ལ་རྒྱུ། དེས་སྨྲས་པ། ་ཅི་ཟན་གཅོད་བོད་དམ། བཙུན་པ་ཅི་འོད་མའི་ཚལ་ན་ད་ལྟར་དགེ་འདུན་ལ་སྦྱིན་བདག་རྣམས་བཟའ་ད་དང་བཅའ་དང་། བལྡག་པའི་རྣམ་པ་གསོད་པ་དག་འབུལ ་བར་མི་བགྱིད་ལགས་སམ། ཁྱིམ་བདག་གལ་ཏེ་དེ་ལྟར་གྱུར་དུ་ཟིན་ན། ཁོ་བོ་ཁྱོད་ཀྱི་ཡུལ་དུ་བསོད་སྙོམས་ལ་འོང་རེ་སྐན། ཁྱིམ་བདག་གིས་དགེ་སློང་གི ་ཚིག་ཐོས་ནས། དྲུག་སྡེ་རྣམས་ལ་དོགས་པ་སྐྱེས་ཏེ། དེ་དག་ནི་བདག་ལ་གཞན་དུ་སྦ་ལ། དགེ་སློང་འདི་ཡང་གཞན་དུ་སྨྲའོ་སྙམ་མོ།། དེས་དགེ་སློང་དེ་ལ་ཐུགས་ཁྲལ་སྒྱུ ་ཤིག། དེས་ཁྱོད་ཀྱི་གདུགས་ཚོད་བདག་སྤོར་ན། བདག་རྗེས་སུ་བཟུང་དུ་གསོལ་ཞེས་བྱ་བའི་བར་ནས། དེས་དགེ་སློང་དེ་ཁྲིད་དེ་སོང་ངོ་།། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་བརྒྱད་པ།། དྲུག་སྡེས་བསྐོས་པའི་དགེ་སློང ་གཉིས་ཀྱང་འོངས་པ་དང་། ཁྱིམ་བདག་དེས་དེ་དག་བདེ་བར་འདུག་སྟེ་བཟའ་བ་དང་བཅའ་བ་གཙང་ཞིང་གསོད་པ་རབ་ཏུ་མང་པོ་དག་ལེགས་པར་བྲིམས་ཤིང་བསྟབས་ཏེ ་ཟན་ཟོས་ཟིན་པ་དང་། ཁྱིམ་བདག་གིས་དྲུག་སྡེ་གཉིས་ལ་འཕགས་པ་དག་གིས་ནི་བདག་ལ་གདུགས་གཅིག་བཞིན་དུ་ཆོས་བཤད་པས། དེ་རིང་ནི་བདག་སྔོན་ཆད་མ་བྱོན ་པའི་དགེ་སློང་འདི་ལས་ཆོས་མཉན་ཏོ་ཞེས་སྦས་པ་དང་། དེ་གཉིས་ཀྱིས་ཡོན་བསྔོ་བ་བྱས་ནས་དོང་ངོ་།། དེ་ནས་ཁྱིམ་བདག་དགེ་བཟང་དགེ་སློང་དེའི་མདུན་དུ་འདུག ་ནས། དེས་དགེ་སློང་དེ་ལ་སྨྲས་པ། འཕགས་པ་ཁྱེད་དེ་རིང་བཤོས་གསོལ་བ་འདི། ཅི་གསོད་པ་དག་ལགས་སམ། འོང་ཏེ་ངན་པ་དག་ལགས། དེས་དེ་ལ་སྨྲས་པ། སྦྱིན ་བདག་བདག་ལྷོ་ལམ་ནས་འོང་བར་བརྩམས་པ། གང་ཡིན་པ་ཚུན་ཆད་ནས་དེའི་བར་དུ་བདག་གིས་འདི་ལྟ་བུའི་གསོད་པ་དག་ཟ་མ་མྱོང་ངོ་།། དེས ་ཡང་སྨྲས་པ། འཕགས་པ་བདག་ལ་དགེ་སློང་འདི་དག་ཁ་ཟས་འདི་ངན་ནོ་ཞེས་རྟག་ཏུ་སྨྲ་ན། དེ་ཇི་ལྟ་བུ་ཞིག་ལགས། དེས་སྨྲས་པ། དེ་དག་གིས་གདོན་མི་ཟ་བར་ཁྱིམ་འདིར་གཞན ་འགའ་ཡང་མི་འོང་བར་བྱ་བའི་ཕྱིར་བྱས་སོ།། བཙུན་པ་ཅིའི་སླད་དུ་དགེ་སློང་གཞན་ཁྱིམ་འདིར་མི་བྱོན། ཁྱིམ་བདག་འདིར་གཞན་དག་འོད་དུ་གླང་པོ་ཆེན་ན་ཇི་ལྟར་བྱ་དེས་འདི ་སྙམ་དུ་དེ་ཁོ་ན་ལྟར་ཡིན་ནོ།། སྙམ་དུ་བསམས་ནས། དེས་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་པ་དོན་འཇལ་ལགས་ཀྱིས། ད་ཆོས་ཀྱི་བཀའ་མཆིད་གསུངས་ཤིག་ཅེས་བྱ་བ ་ནས། དགེ་སློང་དེས་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན་ནས་སོང་ངོ་ཞེས་བྱ་བའི་བར་དུའོ།། དེ་ནས་ཁྱིམ་བདག་དགེ་བཟང་གིས་སྐབས་དེ་དགེ་སློང་རྣམས་ལ་བརྗོད་ནས ་འདི་སྐད་ཅེས་སྨྲས་སོ།། བདག་གིས་དགེ་འདུན་གྱི་གདུགས་ཆོད་ནར་མར་བཤམས་པ་དེ་ལ། གལ་ཏེ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་མཆིས་པས་ལོངས་སྤྱོད་པར་བགྱིད། ་བ་ལྟ་ན་གཡར་དམ་དེ་མི་གཤིག་པར་བགྱིའོ།། དེ་ལྟ་མ་ལགས་ན། བདག་གིས་སྦྱིན་པར་བྱ་བའི་ཆོས་ཇི་ལྟར་བཤེས་པ་རྣམས་བཞག་སྟེ། བདག་གིས་གང་ཟག་སྒོ་སྐོར་སྩལ ་པར་མ་བགྱིའོ།། དེ་ནས་དགེ་སློང་དེ་དག་གིས་འདི་སྙམ་དུ་རྣམ་པ་འདི་ལྟ་བུའི་ཉེས་པ་གང་ཡིན་པ་ནི་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་ཏོ།། ཞེས་བྱ་བའི་བར་དུའོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གྱད་བུ་ནོར་ཟས་ལ་བསྒོབས་བསྒོ་བར་བྱའོ།། གང་གི་ཚེ་དགེ་འདུན་རྣམས་ཀྱིས་གསོལ་བ་དང་། ་གཉིས་ཀྱི་ལས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ཟས་ལ་བསྐོ་བར་བསྐོས་པ་དེའི་ཚེ། ཚེ་དང་ལྡན་པ་གྱད་བུ་ནོར་ཀྱིས་སྤྲིན་བདག་གི་ཁྱིམ་དེ་དག་ཐམས་ཅད་ལས། གང་དག་ནི ་གསོད་པ་སྦྱིན་པར་བྱེད། གང་དག་ནི་འབྲིང་སྦྱིན་པར་བྱེད། གང་དག་ནི་ངན་པ་དག་སྦྱིན་པར་བྱེད་ཅེས་བརྟགས་སོ།། དེས་བརྟགས་ནས་ཀྱང་། གསོད་པ་དག་སྦྱིན་པར་དགེ་སློང ་གནས་བརྟན་གནས་བརྟན་དག་བསྐོས་སོ།། འབྲིང་དག་སྦྱིན་པར་དགེ་སློང་བར་མ་དག་བསྐོས་སོ།། ཐ་མ་དག་སྦྱིན་པར་དགེ་སློང་གཞོན་རབས་དག་བསྐོས་སོ།། ཉི་མ་གཉིས ་པ་ལ་ངན་པ་དག་སྦྱིན་པར་གནས་བརྟན་གནས་བརྟན་རྣམས་སོ།། འབྲིང་དག་སྦྱིན་པར་གཞོན་རབས་རྣམས་སོ།། བསོད་པ་དག་སྦྱིན་པར་བར་མ་རྣམས་སོ།། ཉི་མ་གསུམ་པ ་ལ་བར་མ་དག་སྦྱིན་པར་གནས་བརྟན་རྣམས་སོ།། ངན་པ་དག་སྦྱིན་པར་བར་མ་རྣམས་སོ།། གསོད་པ་དག་སྦྱིན་པར་གཞོན་རབས་རྣམས་ཏེ། དེ་ལྟར་ཚུལ་དེ་ལྟ་བུས། དགེ ་སློང་རྣམས་ཟས་ལ་བསྐོ་བར་བྱེད་དོ།། ཡང་དགེ་སློང་གློ་བུར་བ་གང་ཡིན་པ་དེ་དག་ཉི་མ་དང་པོ་ལ་ནི་གསོད་སྦྱིན་བདག་ཏུའོ།། ཉི་མ་གཉིས་པ་ལ་ནི་འབྲིང་སྦྱིན་པ་དག་ཏུའོ།། ་ཝཱི་གསུམ་པ་ལ་ནི་ངན་པ་སྦྱིན་པ་དག་ཏུ་བསྐོ་བར་བྱེད་ཅིང་། ཉི་མ་བཞི་པ་ལ་ནི་ལམ་སྲང་གི་སྦྱིན་ཡུལ་ལ་མཁས་པར་བྱེད་དོ།། དེས་རིམ་པར་གླགས་པར་དེ་བཞིན་དུ་དགེ་འདུན ་རྣམས་ཟས་ལ་བཀོད་པ་ན། རྒན་རིམས་ཇི་ལྟ་བཞིན་དང་། རིམ་པར་གླགས་པ་ཇི་ལྟ་བ་བཞིན་དུ་ཐོད་རྒལ་མེད་པར་གྱུར་ཏོ།། དེ་ནས་བཅོམ་ལྡན། ་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་བ། དགེ་སློང་དག་ངའི་ཉན་ཐོས་ཀྱི་དགེ་སློང་གནས་མལ་འབོག་པ་རྣམས་དང་། ཟས་ལ་བསྐོ་བ་རྣམས་ཀྱི་ནང་ན། གྱད་བུ་ནོར་འདི ་མཆོག་ཡིན་ནོ།། དེའི་ཚེ་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལྗོངས་རྒྱུ་ཞིང་འགྲོ་བ་ན། རིམ་གྱིས་རྒྱལ་པོའི་ཁབ་ཏུ་ཕྱིན་པ་དང་། ཚེ་དང་ལྡན་གྱང་བུ་ནོར་གྱིས། དེ་གཉིས ་ཀྱིས་གནས་མལ་དང་། གནས་ཁང་ཡང་བསྐོས་སོ།། དེ་ནས་ནམ་ལངས་པ་དང་། མཛའ་བོ་དང་ས་ལས་སྐྱེས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག་ཟས་ལས ་བསྐོ་བ་སུ་ཡིན། དགེ་སློང་ཞིག་གིས་དེ་གཉིས་ལ་སྨྲས་པ་གྱད་བུ་ནོར་ཡིན་ནོ།། དེ་གཉིས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འདི་སྐད་ཅེས་སྨྲས་སོ།། གྱད་བུ་ནོར་བདག་ཅག་གི ་ཟས་བསྐོས་ཤིག། དེ་ནས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས། དེ་གཉིས་ཉི་མ་དང་པོ་ལ་ཟས་གསོད་པ་སྦྱིན་པ་དག་ཏུ་བསྐོས་སོ།། དེ་ནས་མཛའ་བོ་དང་ས་ལས་སྐྱེས་སྔ་དྲོ་ཆོས ་གོས་བགོས་ལྷུང་བཟེད་ཐོགས་ནས་སྦྱིན་བདག་གི་ཁྱིམ་གང་ན་བ.རརེ་དོང་ངོ་།། ཁྱིམ་བདག་དེ་ཡང་བུ་གཅིག་པ། སྡུག་པ། ཡིད་དུ་འོང་བ་ཤི་བས་དེ་བུ་ཤི་བའི་མྱ་ངན་གྱིས་གདུང ་བའི་ཕྱིར། དགེ་སློང་གི་ཟས་བཤམ་པོ་མ་བྱས་སོ།། དེ་གཉིས་ཀྱིས་ཀྱང་མ་བརྟགས་པར་འོངས་པ། ཁྱིམ་བདག་གིས་མཐོང་ངོ་།། མཐོང་ནས་ཀྱང་ཁྱིམ་མི་རྣམས་ལ་རྨས་པ། ་དགེ་སློང་དག་གི་ཕྱིར་ཟས་བཤམས་པ་ཅུང་ཟད་ལྟ་ཡོད་དམ། དེ་དག་གིས་སྨྲས་པ། མ་མཆིས་སོ།། དེས་འདི་སྙམ་དུ། རེ་ཤིག་བུ་ཤི་བ་འདི་སང་བུང་བྱས་པ་གཅིག་ཡིན་ན་གཉིས། ་པ་གོ་ཅི་ཕྱིར་བྱ་སྙམ་དུ་བསམས་སོ།། དེ་ལྟར་བསམས་ནས་ཀྱང་དེས། ཁ་ཟས་ངན་པ་ཞིག་ཕུལ་ལོ།། དེ་གཉིས་ཀྱིས་ཀྱང་ཟོས་སོ།། ཟོས་ནས་ཀྱང་དེ་གཉིས་ཀྱིས་འདི་སྙམ་དུ། ་བདག་ཅག་གིས་ཐོབ་པ་ཡང་གཞན་ལ། མྱོང་བ་ཡང་གཞན་དུ་གྱུར་ཏེ། ཟས་ངན་པ་དག་ཟས་པར་གྱུར་མོད་ཀྱི། འོད་ཀྱང་སང་ནི་ཟས་གསོད་པ་དག་བཟའ་བར་བྱའོ་སྙམ་དུ་བསམ ་སོ། དེ་གཉིས་ཉི་མ་གཉིས་པ་ལ་སྦྱིན་བདག་འབྲིང་དག་སྦྱིན་པར་བསྐོས། དེར་དོང་བ་ལས་ཞེས་བྱ་བ་ནིས། དེར་ཡང་ཉེས་པ་དེ་བཞིན་དུ་གྱུར་ཏོ་ཞེས་བྱ་བའི་བར་དུའོ།། ཉི ་མ་གསུམ་པ་ལ་སྤྲིན་བདག་ངན་པ་དག་སྦྱིན་པ་དེར་བསྐོས་སོ།། དགྲ་བཅོམ་རྣམས་ནི་མ་དགོངས་པར་ཡེ་ཤེས་གཟིགས་པ་མི་འཇུག་པ་ཡིན་པ་ལ། དེ་གཉིས་ཀྱིས་ཀྱང་ཁ་ཟས ་ངན་པ་དག་ཟོས་པས་དེ་དག་ལུས་ཤིན་ཏུ་རྗུད་པར་གྱུར་ཏོ།། དེ་ནས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་འདི་སྙམ་དུ་ཀྱེ་མའོ་སྡུག་བསྔལ་ལོ།། ཀྱེ་མའོ་མི་བཟད་དོ།། ། ་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་བསམས་བཞིན་དུ། བདག་ཅག་གཉིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་ཐོ་བརྩམས་ཏེ། ལུས་ཤིན་ཏུ་རྗུད་པར་གྱུར་གྱིས། ་ཐབས་འགའ་ཞིག་བྱའོ་སྙམ་དུ་བསམས་སོ།། དེའི་ཚེ་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱི། སྲིང་མོ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་རྒྱལ་པོའི་ཁབ་ན། དགེ་སློང ་མའི་དབྱར་ཁང་རྒྱལ་པོའི་ཀུན་དགའ་ར་བ་ན་འདུག་གོ།། དེ་ནས་དགེ་སློང་མེ་མཛའ་མོས། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་ག། ་ལ་བ་དེར་སོང་སྟེ་ཕྲིན་ནས། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། དགེ་སློང་མ་མཛའ་མོ་ཕྱོགས་གཅི ་ཏུ་འདུག་པ་ན། དགེ་སློང་མཛའ་བོ་དང་། ས་ལས་སྐྱེས་གཉིས་གཏམ་འདྲེ་བར་མི་བྱེད། བེབས་པར་སྨྲ་བར་མི་བྱེད། ལྟ་བར་མི་བྱེད། རྣམ་པར་མི་བྱེད་དོ།། དེ་ནས་དགེ ་སློང་མ་མཛའ་མོས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་དག་ཅིའི་སླད་དུ་བདག་ལ་གཏམ་འདྲེ་བར་མི་མཛད། ཕེབས ་པར་སྨྲ་བར་མི་མཛད། ལྟ་བར་མཱི་མཛད། རྣམ་པར་ལྟ་བར་མི་མཛད། སྲིང་མོ་ཁོ་བོ་ཅག་གཉིས་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པས་འཐོ ་བཙམས་ཏེ། ལུས་ཤིན་ཏུ་རྗུད་པར་གྱུར་ནས། དེ་ཁྱོད་ཀྱིས་ཡལ་བར་དོར་རམ། འཕགས་པ་དག་འོ་ན་དེ་ལ་བདག་གིས་ཅི་ཞིག་བགྱི། སྲིང་མོ་ཁྱོད་ཚུར་ཤོག། བཅོམ་ལྡན ་འདས་ག་ལ་བ་དེར་སོང་ལ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཙུན་པ་འདི་ལྟར་འཕགས་པ་གྱ་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ། ཕས་ཕམ་པར་བྱུང་བ་དེ་ནི ་མི་མཛད་ཤིང་ཚུལ་དང་འཐུན་པ་མ་ལགས་སོ།། ཞེས་སྨྲོས་ཤིག་དང་།། ཁོ་བོ་ཅག་གཉིས་ཀྱིས་ཀྱང་བཅོམ་ལྡན་འདས་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། ་བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་བ་དེ་ཁོ་ན་དུ་བདག་ཅག་གཉིས་ཀྱིས་ཀྱང་འཚལ་ཏོ་ཞེས་སྨྲ་བར་བྱའོ།། དེ་སྐད་ཅེས་སྨྲས་པ་དང་། དགེ་སློང་མ་མཛའ་མོས་དེ ་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་པ་དག་བདག་གིས་དགེ་སློང་དག་པ་ལྟུང་བ་མ་མཆིས་པ་ལ་གཞི་མ་མཆིས་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས། ཇི་ལྟར་སྐུར ་པ་གདབ། སྲིང་མོ་ཁྱོད་ཇི་སྲིད་དུ་དེ་སྐད་མ་ཟེར་བ་དེ་སྲིད་ཀྱི་བར་དུ། ཁོ་བོ་ཅག་གཉིས་ཁྱོད་ལ་གཏམ་འདྲེ་བར་མི་བྱེད། ཕེབས་པར་སྨྲ་བར་མི་བྱེད། ལྟ་བར་མི་བྱེད། རྣམ ་པར་ལྟ་བར་མི་བྱེད་དོ།། དེ་ནས་དགེ་སློང་མ་མཛའ་མོ་ཡུད་ཙམ་ཞིག་ཅང་མི་སྨྲ་བར་འདུག་ནས། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་འདི་སྐད་ཅེས་སྨྲས་སོ།། འབག ་པ་དེ་ལྟ་ན་བདག་གིས་བགྱི་བ་གང་བ་དེ་བགྱིའོ།། སྲིང་མོ་ཁྱོད་དེའི་ཕྱིར་ཇི་སྲིད་དུ་ཁོ་བོ་ཅག་གཉིས། བཅོམ་ལྡན་འདས་གང་ན་བ་དེར་མ་སོན་པ་དེ་སྲིད་དུ། སྡོད་ལ་དེའི་འོག་ཏུ ་ཁྱོད་ཤོག་ཤིག། དེ་ནས་དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། དེ་ནས་དགེ་སློང་མ་མཛའ་མོས་དགེ་སློང་མཛའ་བོ་དང་ས་ལུས་སྐྱེས་གཉིས་དོང་ནས་རིང་པོ་མ་ལོན་པར་རིག ་པ་དང་། བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ ་འདུག་ནས། བཅོམ་ལྡན་འདས་ལ་དགེ་སློང་མ་མཛའ་མོས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་། ་ལྷན་ཅིག་མི་ཚངས་པར་སྤྱད་དེ། ཕས་ཕམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་འཐུན་པ་མ་ལགས་སོ།། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཀྱང་འདི་སྐད ་ཅེས་གསོལ་ཏོ།། བཙུན་པ་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ་དེ་ཁོ་ན་བཞིན་དུ་བདག་ཅག་གཉིས་ཀྱིས་ཀྱང ་འཚལ་ཏོ།། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་བཀའ་སྩལ་པ། ་གྱད་བུ་ནོར་ཁྱོད་ཀྱིས་དེ་ཐོས་སམ། བཅོམ་ལྡན་འདས་བདག་གིས་ཐོས་ལགས་སོ།། གྱང་བུ་ནོར་ཁྱོད་ཀྱི་དེ་ཇི་ལྟ་བུ་ཞིག་ཡིན། བདག་ཇི་ལྟ་བུ་ལགས་པ་དེ་བཅོམ་ལྡན་འདས ་ཀྱིས་མཁྱེན་ཏོ།། བདག་གི་ཇི་ལྟ་བུ་ལགས་པ་དེ་བར་གཤེགས་པས་མཁྱེན་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྱད་བུ་ནོར་ཁྱོད་ཀྱིས་དྲན་ན། དྲན་ནོ་ཞེས་སྤྲོས ་ཤིང་། ཁྱོད་མི་དྲན་ན་མི་དྲན་ནོ་ཞེས་སྤོས་ཤིག། བཅོམ་ལྡན་འདས་མི་དྲན་ལགས་སོ།། བདེ་བར་གཤེགས་པ་མི་དྲན་ལགས་སོ།། དེའི་ཚེ་ཚེ་དང་ལྡན་པ་སྒྲ་གཅན་ཟིན། ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ན་རྔ་མའི་བསིལ་ཡབ་ཐོགས་ཏེ། བཅོམ་ལྡན་འདས་ལ་གཡོབ་ཅིང་འདུག་གོ། དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་ཟིན་གྱིས། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་འདི་ལྟར་དགེ་སློང་མ་མཛའ་མོ།། བཅོམ་ལྡན་འདས་ག་ལ་བ་དེར་མཆིས་ཏེ། བྱིན་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་བཙུན། ་པ་འདི་ལྟར་འཕགས་པ་གྱད་བུ་ནོར་བདག་དང་ལྷན་ཅིག་མི་ཚངས་པར་སྤྱད་དེ། ཕས་བམ་པ་བྱུང་བ་དེ་ནི་མི་མཛེས་ཤིང་། ཚུལ་དང་འཐུན་པ་མ་ལགས་སོ་ཞེས་མཆི་ལ། དགེ་སློང ་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱང་། འདི་སྐད་ཅེས་བཅོམ་ལྡན་འདས་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱི་སྲིང་མོས་ཇི་སྐད་གསོལ་པ ་དེ་ཁོ་ན་བཞིན་བདག་ཅག་གཉིས་ཀྱིས་འཚལ་ཏོ་ཞེས་མཆི་ན། ཚེ་དང་ལྡན་པ་གྱད་བུ་ནོར་ལ་སྤུ་ཅི་འཚལ། སྒྲ་ཅན་ཟིན་དེའི་ཕྱིར། དེ་ཁྱོད་ལ་དྲིས། ཁྱོད་ཀྱིས་ཇི་ལྟར་བཟོད་པ་དེ ་ཁོ་ན་བཞིན་དུ་ལན་ཐོབ་ཤིག། གལ་ཏེ་དགེ་སློང་མ་མཛའ་མོང་གང་ན་བ་དེར་འོངས་ཏེ་ཕྱིན་ནས། འདི་སྐད་ཅེས། བཙུན་པ་འདི་ལྟར་འཕགས་པ་སྒྲ་གཅན་ཟིན་བདག་དང་ལྷན་ཅིག། ་མི་ཚངས་པར་སྤྱད་དེ། བས་ཕབ་པ་བྱུང་བ་དེ་ནི་མི་མཛེས་ཤིང་ཚུལ་དང་འཐུན་པ་མ་ལགས་སོ་ཞེས་ཟེར་ལ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ཀྱིས་ཀྱང་། འདི་སྐད ་ཅེས། བཅོམ་ལྡན་འདས་དེ་དེ་བཞིན་ནོ།། བདེ་བར་གཤེགས་པ་དེ་དེ་བཞིན་ཏེ། བདག་ཅག་གཉིས་ཀྱིས་ཀྱང་། སྲིང་མོས་ཇི་སྐད་གསོལ་བ་དེ་ཁོ་ན་བཞིན་དུ་འཚལ་ཏོ་ཞེས ་ཟེར་ན། དེ་ལ་སྒྲ་གཅན་ཟིན་ཁྱོད་ཀྱིས་ཇི་སྐད་ལན་གདབ་པར་བྱ། བཙུན་པ་བདག་གིས་འདི་སྐད་ཅེས། དྲན་ན་ཡང་དྲན་ཞེས་གསོལ་ལོ།། མི་དྲན་ན་ཡང་མི་དྲན་ནོ་ཞེས་གསོལ།། ་རེ་ཤིག་སྐྱེས་བུ་བླུན་པོ་ཁྱོད་ཀྱིས་ཀྱང་། དོན་དེ་སྨྲ་བར་འགྱུར་བ་ན། དགེ་སློང་གྱད་བུ་ནོར་དག་པ་ལྟུང་བ་མེད་པས་ཅིའི་ཕྱིར་སྨྲ་བར་མི་བྱ། དེ་ནས་བཅོ ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཀྱིས། དགེ་སློང་གྱད་བུ་ནོར་ནི་དྲན་པ་དང་ལྡན་པར་ཟུང་ཤིག། དགེ་སློང་མ་མཛའ་མེ་ནི་རང་གིས་ཁས ་བླངས་པས་བསྙིལ་བར་གྱིས་ཤིག། དགེ་སློང་མཛད་པོ་དངས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས་ཅིའི ་ཕྱིར་དེར་སོན། ཅེས་ལེགས་པར་རབ་ཏུ་རྨ་ཞིང་བརྟག་པར་གྱིས་ཤིག་ཅེས་བཀའ་སྩལ་ནས། བཅོམ་ལྡན་འདས་གདན་ལས་བཞེངས་ཏེ། ནང་དུ་ཡང་དག་འཇོག་གི་ཕྱིར་གཙུག ་གལ་དུ་གཤེགས་སོ།། དེ་ནས་དགེ་སློང་རབ་ཏུ་མང་པོ་དག་གིས་བཅོམ་ལྡན་འདས་ནང་དུ་ཡང་དག་འཇོག་ལ་ཞུགས་ནས་རིང་པོ་མ་ལོན་པར་རིག་ནས། ཚེ་དང་ལྡན་པ་གྱད་དུ་ནོར ་ནི་དྲན་པ་དང་ལྡན་པར་བཟུང་། དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ། དགེ་སློང་མཛའ་བོ་དང་ས་ལས་སྐྱེས་གཉིས་ལ་ནི་ཅི་ཞིག་མཐོང་། ཇི་ལྟར་མཐོང་། ་གང་དུ་མཐོང་། གང་ན་མཐོང་། ཁྱེད་གཉིས་ཅིའི་ཕྱིར་དེར་སོན་ཅེས། ལེགས་པར་རབ་ཏུ་རྨས་ཤིང་བརྟགས་པ་ན། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚེ་དང་ལྡན་པ་དག ་ཚེ་དང་ལྡན་པ་གྱད་བུ་ནོར་ལ་མི་ཚངས་པར་སྤོང་བའི་ཕས་ཕམ་པ་མ་བྱུང་མོད་ཀྱི། འོན་ཀྱང་བདག་ཅག་ཚེ་དང་ལྡན་པ་གྱད་བུ་ནོར་གྱིས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར ་བཅུག་པས་ཐོ་བརྩམས་ཏེ། ལུས་ཤིན་ཏུ་རྗུད་པར་གྱུར་པ་ཞེས་བྱ་བའི་བར་དང་། དེ་གཉིས་ཀྱིས་འདི་སྙམ་དུ་ཀྱེ་མའོ་སྡུག་བསྔལ་ལོ།། ཀྱེ་མའོ་མི་བཟད་དོ།། ཚེ་དང་ལྡན ་པ་གྱད་བུ་ནོར་གྱིས་བསམས་བཞིན་དུ་ཞེས་བྱ་བ་ནས་ལན་གསུམ་གྱི་བར་དུ་ཁ་ཟས་ངན་པ་ཟར་བཅུག་པས་ལུས་ཤིན་ཏུ་རྗུད་པར་གྱུར་པས། དཀུ་སྒྱུ་ཐབས་འགའ་ཞིག་བྱའོ ་ཞེས་བསམས་ཏེ། བདག་ཅག་གིས་ཚེ་དང་ལྡན་པ་གྱད་བུ་ནོར་ལ་འཐུན་འདུན་པས་སྤྲས། ཞེ་སྡང་དང་གཏི་མུག་དང་། འཇིགས་པས་སྤྲས་པར་ཟད་ཀྱི། ཚེ་དང་ལྡན་པ ་གྱད་བུ་ནོར་ལ་མི་ཚངས་པར་སྤྱད་པའི་ཕས་ཕམ་པ་མ་བྱུང་སྟེ། འདི་ལྟར་ཚེ་དང་ལྡན་པ་གྱད་བུ་ནོར་དག་ལ་ལྟུང་བ་མེད་པ་ཡིན་ནོ་ཞེས་བྱ་བའི་བར་དུའོ།། དེ་ནས་བཅོམ ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མི་ཏིབ་མུག་ཅན་དེ་དག་གཉིས་ཀྱིས།། འདི་ལྟར་ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུས་ཤེས་བཞིན་དུ་བརྫུན་གྱི ་ཚིག་སྤྲས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་ཉིད་ལས་ཚིགས་སུ་བཅད་པ་གིས་བཀའ་སྩལ་པ། ལུས་ཅན་བརྫུན་དུ་སྨྲ་བ་ཡི། ཆོས་གཅིག་ལས་ནི ་འདས་གྱུར་ཅིང་། འཇིག་རྟེན་ཕ་རོལ་བཤིག་པ་ཡིས། འདི་ན་སྡིག་པ་མི་བྱ་མེད། ལྕགས་སྒོང་མེ་ལྕེ་འདྲ་བ་དག། ཟོས་པར་གྱུར་པ་ཆེས་བླའི། ཚུལ་འཚལ་ཡང་དག་སྡོམ ་མེད་པས། ཡུལ་འཁོར་བསོད་སྙོམས་ཟ་བ་མིན། དེ་ནས་ན་མཁའི་དཀྱིལ་ན་གནས་པའི་ལྷ་རྣམས་ཀྱིས། ཀྱེ་མའོ་ཨ་ལ་ལ་རྙེད་པ་དང་བཀུར་སྟི་འདི་ནི་མི་བཟད་པའོ།། ་མཆོག་ཏུ་མི་བཟད་པའོ་ཞེས་བྱ་བ་ནས། ཟང་ཟིང་ཅུང་ཟད་ཙམ་གྱི་རྒྱུས། དགེ་སློང་ལ་སྐུར་པ་འདེབས་པར་བྱེད་པ་ནི། ངན་པའོ།། ངན་པ་འོགས ་སྨྲས་སོ།། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་པ་སྦས་པ། ཉེས་མེད་སྲིད་གསུམ་གྲོལ་བ་ཡི། ནོར་ལའང་སྐུར་པ་བཏབ་པའི་ཕྱིར། འཇིག་རྟེན་དག་ན་བློ་ལྡན་གང་། ་འཁོར་བ་ལ་ནི་དགའ་བར་བྱེད། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གང་ཟག་གསུམ་པོ་འདི་དག་ནི། འདི་དག་མ་སྤོངས་ན་ད ་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་དག་ཡིན་ཏེ། གསུམ་གང་ཞེ་ན། དགེ་སློང་དག་འདི་ལ་གང་ཟག་གཅིག་ནི་འདོད་པ་རྣམས་ལ་རྟེན་ཅིང་སྡིག་པ་མི་དགེ་བ་དག ་བྱེད་པ་སྟེ། དགེ་སློང་དག་དེ་མ་སྤངས་ན་གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་དང་པོ་ཡིན་ནོ།། གཞན་ཡང་དགེ་སློང་དག་འདི་ལ་གང་ཟག་གཅིག ་ནི་འདོད་པ་རྣམས་ནི་གཙང་བའོ།། འདོད་པ་རྣམས་ནི་གསོད་པའོ།། འདོད་པ་རྣམས་ནི་ལོངས་སྤྱོད་པར་བྱ་བའོ།། འདོད་པ་རྣམས་ལ་ཉེས་པ་མེད་དོ་ཞེས་དེ་ལྟར་ལྟ་ཞིང་སྦ་བ ་སྟེ། དགེ་སློང་དག་དེ་མ་སྤངས་ན། གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་གཉིས་པ་ཡིན་ནོ།། གཞན་ཡང་དགེ་སློང་དག་འདི་ལ་གང་ཟག་གཅིག་ནི། ་བདག་ཉིད་མི་ཚངས་པར་སྤྱོད་པ་བྱེད་ལ། གཞན་དག་ལ་ཡང་གཞི་མེད་པར་མི་ཚངས་པར་སྤྱོད་པའི་ཆོས་ཀྱིས་སྐུར་པ་འདེབས་པར་བྱེད་པ་སྟེ། དགེ་སློང་དག་དེ་མ་སྤངས་ན། ་གང་ཟག་འདི་ནི་ངན་སོང་དུ་འགྲོ་བ། སེམས་ཅན་དམྱལ་བར་འགྲོ་བ་གསུམ་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། བདེ་བར་གཤེགས་པས་དེ་སྐད ་གསུངས་ནས། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་སྐྱེས་པའི་ཁ་ནས་ནི། ངག་གིས་ཚིག་ངན་བརྗོད་པའི།། སྟ་རེ་འབྱུང་ཞིང་དེ་ཡིས་ནི།། བདག་ཉིད ་གཅོད་པར་བྱེད་པར་འགྱུར།། གང་ཞིག་སྤང་བྱ་སྟོང་བྱེད་ཅིང་།། སྟེད་བྱ་རྣམས་ལ་སྨོད་བྱེད་པ།། དེ་ཡི་ཁ་ནས་ཕུང་པོ་ཁྲོལ།། བུང་ཁྲོལ་ཅན་གྱིས་བདེ་མི་མྱོང་།། གང་འདིར་ཚེ་ལས ་རང་ནོར་ཟད་བྱེད་པ།། དེ་ནི་ཕུང་ཁྲོལ་ཅུང་ཟད་ཙམ་དུ་ཟད།། གང་ཞིག་བདེ་བར་གཤེགས་པ་ཡིད་རབ་འཁྲུག། དེ་འདིར་ཕུང་ཀྲོལ་ཤིན་ཏུ་ཆེན་པོ་ཡིན།། གང་ཡིད་འཕགས་པས ་སྨད་པའི་སྡིག་གནས་ན།། བྱེ་བ་བརྒྱ་ཕྲག་སྟོང་དང་དུང་ཕྱུར་ཕྲག། སུམ་བཅུ་དྲུག་དང་ལྔ་པོ་ཇི་སྙེད་པ།། སེམས་དམྱལ་ཆུ་བུར་ཆུ་བུར་རྡོལ་བར་འགྲོ།། གང་གི་ཚེ་དགེ་འདུན ་གྱིས། དགེ་སློང་མ་མཛའ་མོ་ནི་རང་གིས་ཁས་བླངས་པས་བསྙིལ། མཛའ་བོ་དང་ས་ལས་སྐྱེས་ལ་ནི་ལེགས་པར་རབ་ཏུ་དྲིས་པ་དེའི་ཚེ། དགེ་སློང་མ་རང་བཞིན་དུ་གནས་པ་རྣམ། ་དང་ལྡན་པ་གྱད་བུ་ནོར་གྱི་བསྔགས་པ་ནི་སྨྲ་བར་བྱེད། དགེ་སློང་མ་མཛའ་མོ་ལ་ནི་སྔགས་པ་མ་ཡིན་པ་བརྗོད་པར་བྱེད་དོ།། དེ་ནས་དགེ་སློང་མ་མཛའ་མོའི་ཕུ་ནུ་མོ།། དགེ་སློང ་མ་མཛལ་ཅན་མ་ཞེས་བྱ་བ། དགེ་སློང་མ་མཛའ་མོའི་བསྔགས་པ་མ་ཡིན་བརྗོད་པ་དེའི་ཚེ། དགེ་སློང་མ་རྣམས་ལ་ཁྲོས་འཁྲུགས་རྔམས་པས། དགེ་སློང་མ་རྣམས་ལ་ཡང་ག་ནི ་མེད་པར་བས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་པ་འདེབས་ཤིང་། དགེ་སློང་མ་རྣམས་སྤ་གོང་བར་བྱེད་དོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས། ་དགེ་སློང་དག་ལ་སྦ་བ་དང་། དགེ་སློང་རྣམས་ཀྱིས་ཀྱང་། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་གླེང་གཞི་འདི་དང་། དངོས་པོ་འདི་དང་། ་སྐབས་འདི་ལ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུ་རྒྱས་པར་བྱའོ།། ཡང་དགེ་སློང་མ་གང་ཞིག་ཁྲོས་ཤིང་ཞེ་སྡང་མ་སྤངས་པས། ཅི་ནས་ཀྱང་འདི་ཚངས་པར་སྤྱོད ་པ་དང་དཔྲལ་ལོ་སྙམ་ནས། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་ཕས་ཕམ་པར་འགྱུར་བའི་ཆོས་ཀྱིས་སྐུར་བ་ལས་དེ་དུས་གཞན་ཞིག་ན་དྲིས་ཀྱང་རུང་མ་དྲིས་ཀྱང ་རུང་རྩོད་པ་དེ་ཡང་གཞི་མེད་པ་ཡིན་ལ། དགེ་སློང་མ་ཞེས་སྡང་ལ་གནས་པས། ཞེས་སྡང་གིས་སྨྲས་སོ་ཞེ་ན་ཡང་། ཆོས་འདི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར ་འབྱུང་བ་དང་བཅས་པ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། མཛའ་མའོ།། ཁྲོས་ཤིང་ཞེས་བྱ་བ་ནི་འཁྲུགས་པ་དང་། སྔམས་པ་དང་། ནད་པ་དང་། ་ཡིད་མ་རངས་པའོ།། ཞེ་སྡང་བ་མ་སྤངས་པ་ཞེས་བྱ་བ་ནི་འཁྲུགས་པ་མ་བསལ་བར་རོ།། ཅི་ནས་ཀྱང་འདི་ཚངས་པར་སྤྱོད་པ་དང་དཔྲལ་ལོ་ཞེས་བྱ་བ་ཞེས་བྱ་བ་ནི། ཅི་ནས ་ཀྱང་འདི་དགེ་སྦྱོང་གི་ཚུལ་དང་བྲལ་ལོ་སྙམ་ནས་སོ།། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་ཞེས་བྱ་བ་ནི་གཞི་དེའི་ལྟུང་བ་མེད་པའོ།། གཞི་མེད་པར་ཞེས་བྱ་བ་ནི། གཞི་གསུམ ་པོ་མཐོང་བའི་གཞི་དང་། ཐོས་པའི་གཞི་དང་། དོགས་པའི་གཞི་མེད་པར་རོ།། ཕས་ཕམ་པར་གྱུར་པ་ཞེས་བྱ་བ་ནི། བརྒྱད་པོ་གང་ཡང་རུང་བས་སོ།། ཆོས་ཀྱིས་ཞེས་བྱ་བ ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་གསུངས་པ་ཡིན་ནོ།། སྐུར་པ་ལས་ཞེས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ།། དེ་དུས་གཞན་ཞིག་ནི་ཞེས་བྱ་བ་ནི་དེས་གཞན་ནའོ།། དྲིས་ཀྱང ་རུང་ཞེས་བྱ་བ་ནི་གཞན་དག་གིས་སོ།། མ་དྲིས་ཀྱང་རུང་ཞེས་བྱ་བ་ནི་དེ་རང་ཉིད་འགྱོད་པ་དང་ཅུང་ཟད་འགྱོད་པ་དང་། རྣམ་པར་འགྱོད་པ་དང་། ཡིད་ལ་བཅགས་པ་སྐྱེས་ནས ་སོ་རྩོད་པ་དེ་ཡང་ཞེས་བྱ་བ་ནི་རྩོད་པ་བཞི་པོ།། མི་གདམས་པའི་ཕྱིར་རྩོད་པ་དང་། ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ།། གཞི་མེད་པ་ཡིན་ལ་ཞེས་བྱ་བ ་ནིགཞི་གསུམ་པོ་དག་མེད་པ་ཡིན་ལའོ།། དགེ་སློང་མ་ཡང་ཞེ་སྡང་ལ་གནས་པས་ཞེས་བྱ་བ་ནི། དགེ་སློང་གི་ཚུལ་དང་དཔྲལ་བར་འདོད་པས་སོ།། ཞེ་སྡང་གིས་སྨྲས་སོ། ་ཞེས་བྱ་བ་ནི་ལྷག་པར་ཡང་དགེ་སྦྱོང་གི་ཚུལ་དང་དཔྲལ་བར་འདོད་པས་སོ།། ཆོས་འདི་ཡང་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བསྟན་པའོ།། དང་པོ་ཉིད་ཀྱིས ་ལྟུང་བར་འགྱུར་ལ་ཞེས་བྱ་བ་ནི་མོདོ་ལྟུང་བར་འགྱུར་བའོ།། ངེས་པར་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས་པའོ།། དགེ་འདུན་ལྷག་པ་ཞེས་བྱ་བ་ནི་ལྟུང་བ་དེ ་གཉི་གའི་དགེ་འདུན་ལ་རག་ལས་པ་དང་། གཉི་གའི་དགེ་འདུན་དང་འབྲེལ་བ་དང་། གཉི་གའི་འདུན་ལ་རྟོན་པ་ཡིན་ཏེ། ལྟུང་བ་དེ་གཉི་གའི་དགེ་འདུན་ལས་ལྡང་བར་འགྱུར་གྱི། ་གང་ཟག་ལས་ནི་མ་ཡིན་པའོ།། ཡང་ན་ཕས་ཕམ་པར་གྱུར་པ་བརྒྱད་པོ་ནི་ལྷག་མ་མེད་པ་ཡིན་ལ། ལྟུང་བ་འདི་ནི་ལྷག་མ་དང་བཅས་པ་ཡིན་པ་དེའི ་ཕྱིར་ལྷག་མ་དང་བཅས་པ་ཞེས་བྱའོ།། དེ་ལ་ཇི་ལྟར་ལྟུང་བར་འགྱུར་ཞེ་ན། གང་ཟག་དག་པ་ལས་སྐུར་པ་འདེབས་པ་ལ། བཞི་བཅུས་ནི་ལྟུང་བར་འགྱུར་ལ། བཞི་ལྔས་ནི་ལྟུང ་བར་མ་འགྱུར་རོ།། ཇི་ལྟར་བཞི་བཅུས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོགས་པར་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། ་བློ་གྲོས་དང་། རྟོག་པ་དང་ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་།། བདག་གི་ཐོས་སོ།། བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། ་དེས་ཐོས་ལ། དེ་ཡང་བརྗེད་པ་དང་། དེ་དོགས་ལ་ཡང་བརྗེད་བཞིན་དུ། དེས་འདུ་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་རྟོག་པ་དང་། ལྟ་བ་སྦྱར་ཏེ། ་འདི་སྐད་ཅེས་བདག་གིས་ཐོས་ཏེ་དེ་ཡང་མ་བརྗོད་དོ།། བདག་དོགས་ཏེ་དེ་ཡང་མ་བརྗོད་དོ་ཞེས་ཟེར་ན། བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། ཐོས་པ་ལ་ཡིན་ཆེས་ནས། ་བདག་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན། བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ་ཐོས་པ་ལ་མི་དོགོས་མཐོང་ངོ་ཞེས་ཟེར་བ་དང་། དོགས་ལ་དོགས་པ་ན། བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དོགོས་ལ་དོགོས་པ་ན། བདག་གིས་མཐོང་ངོ་ཞེས་ཟེར་ན་བརྗོད་དོ།། ། ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་བཞི་བཅུས་ལྟུང་བར་འགྱུར་རོ།། ཇི་ལྟར་གཞི་ལྔས་ལྟུང་བར་མི་འགྱུར་ཞེ་ན། དེས་མ་མཐོང་བ་དང་། མ་ཐོས་པ་དང་། མི་དོག་པ ་ལ། དེས་འདུ་ཤེས་མ་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས། བདག་གིས་མཐོང་ངོ་།། ཐོས་སོ།། དོགས ་སོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ།། དེས་ཐོས་ལ་དེ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗོད་པ་ལ། དེས་འདུ་ཤེས་མ་བསྦྱོར་ཅིང་། བཟོད་པ་དང་། འདོད་པ་དང་། ་བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས། བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ།། བདག་དོགས་ཏེ་དེ་ཡང་མ་རྗོད་དོ།། ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ།། ་དེ་ལྟར་བཞི་ལྔས་ལྟུང་བར་མི་འགྱུར་རོ།། ཇི་ལྟར་གང་ཟག་དག་པ་ལ་སྐུར་པ་འདེབས་པ་ལ་བཞི་བཅུས་ལྟུང་བར་འགྱུར་ལ། བཞི་ལྔས་ལྟུང་བར་མི་འགྱུར་བ་དེ་བཞིན་དུ ་གང་ཟག་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལའང་བཞི་བཅུས་ལྟུང་བར་འགྱུར་ལ། བཞི་ལྔས་ལྟུང་བར་མི་འགྱུར་རོ།། གང་ཟག་མི་དག་པ་ལ་སྐུར་པ་འདེབས ་པ་ལ་ནི། བཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། བཞི་དྲུག་གིས་ལྟུང་བར་མི་འགྱུར་རོ།། ཇི་ལྟར་བཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ཞེ་ན། དེས་མ་མཐོ་བ་དང་། ་མ་ཐོས་པ་དང་། མི་དོགས་པ་ལ་དེས་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་བདག་གིས་མཐོང་ངོ་།། ་བདག་གིས་ཐོས་སོ།། བདག་དོགས་སོ་ཞེས་ཟེར་ན་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་རོ།། དེས་མཐོང་ལ་དེ་ཡང་བརྗེད་པ་དང་། དེས་ཐོས་ལ་དེ ་ཡང་བརྗེད་པ་དང་། དེ་དོགས་ལ་དེ་ཡང་བརྗེད་པ་ལས། དེས་འང་ཤེས་བསྒྱུར་ཅིང་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས ་བདག་གིས་མཐོང་སྟེ། དེ་ཡང་མ་བརྗེད་དོ།། བདག་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ།། བདག་དོགས་ཏེ་དེ་ཡང་མ་བརྗེད་དོ།། ཞེས་ཟེར་ན། བརྗོད་དོ་ཅག་དགེ་འདུན་ལྷག་མར ་འགྱུར་རོ།། ཐོས་པ་ལ་ཡིད་ཆེས་ནས་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་ཡིད་མ་ཆེས་པར། བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་དོགས་པ་ན ་བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། ཐོས་པ་ལ་མི་དོགས་པ་ན། བདག་གིས་མཐོང་ངོ་ཞེས་ཟེར་བ་དང་། དོགས་པ་ལ་དོགས་པ་ན་བདག་གིས་མཐོང་ངོ་།། ཞེས་ཟེར་ན། ་བརྗོད་དོ་ཅོག་དགེ་འདུན་ལྷག་མར་འགྱུར་ཏེ། དེ་ལྟར་བཞི་བཅུ་གཅིག་གིས་ལྟུང་བར་འགྱུར་རོ།། ཇི་ལྟར་བཞི་དྲུག་གིས་ལྟུང་བ་མེད་པར་འགྱུར་ཞེ་ན། དེས་མ་མཐོང་བ་དང་། ་མཐོས་པ་དང་། མི་དོགོས་པ་ལ་དེས་འདུ་ཤེས་མ་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་སྦྱར་བར་འདི་སྐད་ཅེས། བདག་གིས་མཐོང ་།། ཐོས་སོ།། དོགས་སོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་རོ།། དེས་མཐོང་ལ་དེ་ཡང་མ་བརྗེད་པ་དང་། དེས་ཐོས་ལ་དེ་ཡང་མ་བརྗེད་པ་དང་། དེ་དགོས་ལ་དེ་ཡང་མ་བརྗེད་པ་ལ ་དེས་འདུ་ཤེས་མ་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་བསྒྱུར་བར་འདི་སྐད་ཅེས་བདག་གིས་མཐོང་སྟེ། དེ་ཡང་མརྗེད་དོ།། བདག ་གིས་ཐོས་ཏེ་དེ་ཡང་མ་བརྗེད་དོ།། བདག་དོགས་ཏེ་དེ་ཡང་མ་བརྗེད་དོ་ཞེས་ཟེར་ན་ལྟུང་བར་མི་འགྱུར་ཏོ།། དེ་ལྟར་བནི་དྲུག་གིས་ལྟུང་བར་མི་འགྱུར་རོ།། ཇི་ལྟར་གང་ཟག་མ་དག་པ ་ལ་སྐུར་པ་འདེབས་པ་ལ་བཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། བཞི་དྲུག་གིས་ལྟུང་བར་མ་འགྱུར་བ་དེ་བཞིན་དུ་གང་ཟག་མ་དག་པ་ལྟར་བཅོས་པ་ལ་སྐུར་པ་འདེབས་པ་ལ ་ཡང་བཞི་བཅུ་གཅིག་གིས་ལྟུང་བར་འགྱུར་ལ། བཞི་དྲུག་གིས་ལྟུང་བར་མི་འགྱུར་རོ།། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ།། སངས་རྒྱས ་བཅོམ་ལྡན་འདས་ལ་ཞུས་པ།། ལས་ཅི་ཞིག་བགྱིས་ན་ཞེས་བྱ་བའི་བ.རེ་ནས། སྔོན་གྱི་རབས་རྣམས་རྒྱ་ཆེར་བརྗོད་པར་བྱའོ།། ལས་ཅི་ཞིག་བགྱིས་ན་གནས་མལ་འབོག་པ ་དང་། ཟས་ལ་སྐོ་བ་གང་ལགས་པར་གྱུར་ཅིང་། དགྲ་བཅོམ་པ་ཉིད་ཐོབ་ཀྱང་སྐུར་པ་བཏབ་པར་གྱུར་ཅེས། ཇི་ལྟར་བ་དགེ་སློང་གི་རྣམ་པར་འབྱེད་པ་བཞིན་དུ་རྒྱ་ཆེར་བརྗོད་པ། ་བྱའོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས་དགེ་འདུན་ལྷ་མ་གཉིས་པ་རྫོགས་སོ།། །། སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་འོད་མའི་ཚལ ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ།། གང་གི་ཚེ་ཨུ་པ་ལའི་མདོག་དགེ་བའི་བཤེས་ཉེན་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་ལ་བརྟན་ནས། སྨད་པའི་ལས་རྣམས ་སྤངས་ནས། དགྲ་བཅོམ་པ་ཉིད་ཐོབ་པར་གྱུར་དེའི་ཚེ། ཉིན་ཅིག་བཞིན་དུ་དུས་གསུམ་དུ། བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ།། དགེ ་སློང་ཡིད་ཅེས་པ་རྣམས་ནི། དེ་ཚེ་དང་ལྡན་པ་གྱད་བུ་ནོར་ལ། བདག་ཉིད་ཆེན་པོ་འདི་ནི་རང་གི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་དང་། སྙོམས་པར་འཇུག་པར་དག་སྤངས་ཏེ། ་དགེ་སློང་རྣམས་ལ་ཆོས་དང་ལྡན་པའི་ཞལ་ཏའི་ལས་ལ་བརྩོན་པར་བྱེད་པ་ལ་ལྟོས་ཤེས། ལྷག་པར་ཡང་དད་པ་སྐྱེས་པར་གྱུར་ཏོ།། དེའི་ཚེ་ན་ཚེ་དང་ལྡན་པ་གྱད་བུ་ནོར་རྒྱལ ་པོའི་ཁབ་ན། བྱ་རྒོད་ཕུང་པོའི་རི་དང་ཧ་ཅང་ཡང་མི་རིང་བ་ན་རྫིང་བུ་རྡོ་རྩིགས་ཅན་ཞེས་བྱ་བའི་འགྲམ་ན་ཉིན་མོ་གནས་པར་བྱེད་དོ།། དེ་ནས་དགེ་སློང་མ་ཨུད་པ་ལའི ་མདོག། ཚེ་དང་ལྡན་པ་གྱད་བུ་ནོར་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཚེ་དང་ལྡན་པ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ། དེའི ་ཚེ་ན་ཚེ་དང་ལྡན་གྱད་བུ་ནོར་གྱི་ཆོས་གོས་སྣམ་སྦྱར་ཚོན་དམར་པོར་གསར་དུ་བཅོས་ཤིང་། དགེ་སློང་མ་ཨུད་པ་ལའི་མདོག་ཀྱང་། སྐྲ་དྲེགས་ནས་རིང་པོ་མ་ལོན་པར་གྱུར་ཏོ།། ་དེ་ནས་ཆོས་གོས་སྣམ་སྦྱར་རླུང་གིས་ཁྱེར་ནས། དེའི་མགོ་ལ་འཁྲིས་སོ།། དེའི་ཚེ་ན་རི་དགས་ཞིག་ཀྱང་རི་དགས་མོ་དང་རུང་བའི་ཆོས་མ་ཡིན་པ་བྱེད་དོ།། དེ་ན་མཛའ ་བོ་དང་ས་ལས་སྐྱེས་ཀྱང་། རྫིང་བུ་རྡོ་རྩིགས་ཅན་ན་ཕྱག་དར་ཁྲོད་པ་འཁྲུ་བར་བྱེད་དོ།། མཛའ་བོ་དང་ས་ལས་སྐྱེས་ཀྱིས་དགེ་སློང་མ་ཨུད་པ་ལའི་མདོག། དེ་དང་ལྡན་པ ་གྱད་བུ་ནོར་གྱི་རྐང་པ་གཉིས་ལ་ཕྱག་འཚལ་བ་ན། ཆོས་གོས་ཀྱི་མཐའ་མ་རླུང་གིས་ཁྱེར་བས། མགོ་ལ་འཁྲིས་པ་དང་། རི་དགས་ཤིག་ཀྱང་རི་དགས་མོ་དང་རུང་བའི་ཆོས་མ། ་ཡིན་པ་བྱེད་པ་ཡང་མཐོང་ངོ་།། མཐོང་ནས་ཀྱང་མཛའ་བོ་དང་ས་ལས་སྐྱེས་ལ་སྨྲས་པ། ས་ལས་སྐྱེས་ཨུད་པ་ལའི་མདོག་དང་། གྱད་བུ་ནོར་ལ་ལྟོས། དེའི་ཚེ་ནི་བདག་ཅག ་གིས་ཆེ་མེད་པ་ལས་བརྒལ་གྱི། ད་ནི་བདག་ཅག་གིས་ཆེ་རྙེད་དོ་ཞེས་སྨྲས་ནས། དེ་གཉིས་ཀྱི་ཆ་དེས། ཚེ་དང་ལྡན་པ་གྱད་བུ་ནོར་ལ་བརྒལ་ཏོ།། དགེ་སློང་རྣམས་ཀྱིས་ཀྱང་འདི ་སྐད་ཅེས་སྨྲས་སོ།། ཁྱོད་ཅག་གཅིག་ཏུ་ལྷ་དང་མི་རྣམས་ཡོངས་སུ་བཏང་ནས། གཅིག་ཁོ་ནར་སེམས་ཅན་དམྱལ་བར་གནས་པར་བྱེད་དམ་ཅི། དེ་གཉིས་ཀྱིས་སྨྲས་པ། ་བདག་ཅག་གིས་ནི་མཉེས་ན། བདག་ཅག་གིས་ཉེས་གྲང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་དེ་གཉིས་ལ་ཅི་ཞིག་མཐོང་། ཇི་ལྟར་མཐོང་། གང་དུ་མཐོང་གང་ན་མཐོང་།། ་ཁྱེད་གཉིས་ཅིའི་ཕྱིར་དེར་སོན་ལེགས་པར་རབ་ཏུ་རྨ་ཞིང་བརྟག་པར་གྱིས་ཤིག། ཅེས་བཀའ་སྩལ་ཏོ།། ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། དགེ་སློང་རྣམས་ཀྱིས་ཀྱང ་དེ་གཉིས་ལ་ལེགས་པར་རབ་ཏུ་རྨས་སོ།། དེ་གཉིས་ལ་ལེགས་པར་རབ་ཏུ་རྨས་ཤིང་བརྟགས་པ་ན། དེ་གཉིས་ཀྱིས་འདི་སྐད་ཅེས། བདག་ཅག་གིས་རི་དགས་ཤིག་དང ་རི་དགས་མོ་ཞིག་ཀྱང་མཐོང་། བདག་ཅག་གིས་གྱད་བུ་ནོར་དང་། ཨུད་པ་ལའི་མདོག་ཀྱང་མཐོང་ནས་ཆ་འདིས་བརྒལ་ཏོ་ཞེས་སྨྲས་སོ།། སྐབས་དེ་དགེ་སློང་རྣམས་ཀྱིས ་བཅོམ་ལྡན་འདས་ལ་གསོལ་ནས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་བསླབ་པའི་གཞི་བཅའ་བར་མཛད་པ་དེའི་ཚེ། དགེ། ་སློང་མ་རྣམས་ཀྱིས་ཆ་དེས། ཨུད་པ་ལའི་མདོག་ལ་བརྒལ་ཏོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན ་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་དེ་དང་། ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་ཁྲོས་ཤིང་ཞེ་སྡང་མ་སྤངས་པ ་ཅི་ནས་ཀྱང་འདི་ཚངས་སྤྱོད་པ་དང་། བྲལ་ལོ་སྙམ་ནས། དགེ་སློང་མ་དག་ལ་ལྟུང་བ་མེད་པ་ལ་རྩོད་པ། གཞན་གྱི་ཆ་མ་ཡིན་པའི་ཆ་ཅུང་ཟད་ཙམ་གྱི་ཆོས་འགའ་ཞིག ་བླངས་ནས། དགེ་སློང་མ་ཕས་བམ་པ་མ་བྱུང་བ་ལ་ཕས་ཕམ་པའི་ཆོས་ཀྱིས་བཀུར་པ་ལས། དེ་ཡང་དུས་གཞན་ཞིག་ན་དྲིས་ཀྱང་རུང་རྩོད་པ་དེ་ཉིད་ཀྱང་གཞན་གྱི་ཆ་མ་ཡིན་ཞིང་། ་རྩོད་པ་དེ་ཡང་གཞན་གྱི་ཆ་མ་ཡིན་པའི་ན་ཅུང་ཟད་ཙམ་གྱི་ཆོས་འགའ་ཞིག་བླངས་པར་གྱུར་ལ། དགེ་སློང་མ་ཞེ་སྡང་ལ་གནས་པས། ཞེ་སྡང་གིས་སྨྲས་སོ་ཞེ་ན་ཡང་། ་ཆོས་འདི་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་། བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་མོའོ།། ཁྲོས ་ཤིང་ཞེས་བྱ་བའི་བར་ནི་སྔ་མ་བཞིན་ནོ།། རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་པོ་རྣམས་ཏེ། སྔ་མ་བཞིན་ནོ།། གཞན་གྱི་ན་མ་ཡིན་པ་ཞེས་བྱ་བ་ལ། གཞན་ཞེས་བྱ་བ་ནི་སྐྱེ ་ངན་ལས་འདས་པའོ།། དེའི་ཆ་མ་ཡིན་པ་ནི་ཕས་ཕམ་པར་འགྱུར་བའི་ཆོས་བརྒྱད་པོ་དག་གོ། ཆ་ཅུང་ཟད་ཙམ་ཞེས་བྱ་བ་ནི། རི་དགས་དང་རི་དགས་མོ་དག་ལྟ་བུའོ།། ་ཆོས་ཤེས་བྱ་བ་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱིས་སྒྲར་གསུངས་པའོ།། བླངས་ནས་ཤེས་བྱ་བ་ནི་བཟུང་ནས་སོ།། དགེ་སློང་མ་ཕས་ཕམ་པ་མ་བྱུང་བ་ལ་ཞེས་བྱ་བ་ནི། ཨུད ་པ་ལའི་མདོག་ག། བས་ཕམ་པའི་ཆོས་ཤེས་བྱ་བ་ནི། ཕས་ཕམ་པ་བརྒྱད་པོ་གང་ཡང་རུང་བས་སོ།། བསྐུར་པ་ལས་བྱ་བ་ནི་སྐུར་པ་བཏབ་པ་ལས་སོ།། ཞེས་བྱ་བ་ནས། ་གཞི་མེད་པའི་བསླབ་པའི་གཞི་ཇི་ལྟ་བ་བཞིན་དུ་ཐམས་ཅད་སྔ་མ་བཞིན་དུ་བརྗོད་པར་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན ་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་ལྟ་བ་བསྒྱུར ་ཏེ། འདི་སྐད་ཅེས་བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཕས ་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅེས་བྱ་བའི་བར་ནས། བདག་གིས་དགེ་སློང་མ ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མི་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང ་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར ་བའི་ལྟུང་བ་འབྱིན་པ་མཐོང་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་སོ་སོར ་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང ་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཕས་ཕམ་པར་འགྱུར་པའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར ་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མེར ་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང ་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་།། ཤེས་མེ་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ ་དགེ་འདུན་ལྷག་མའི་ལྟུང་བྱ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཕས་ཕམ་པར་འགྱུར་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ། ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་།། ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་། ་དེ་དེ་ལ་དགེ་འདུན་ལྷག་མའི་ལྟུང་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས ་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་བས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས ་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། བདག་གིས་དགེ་སློང ་མ་པས་བམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་དགེ་འདུན་ལྷག་མའི་ལྟུང་བ་འབྱིན་པ། མཐོང ་ཞིང་དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེ་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་།། ཞེས ་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར ་། ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་། ་མས་དགེ་སློང་མ་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཕས་ཕམ་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར ་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན་ལྷག་མའི ་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར ་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ་ནས། བདག ་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བྱེད་ཀྱི་ལྟུང་བ་འབྱིན་པ་མཐོང ་ཞིང་། དེས་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་བམ་པར་འགྱུར་བའི་ལྟུང་བ་འབྱིན ་མ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ལྟུང་བ་འབྱིན་པ་མཐོང་ཞིང་དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར ་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར ་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བ་མེད་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་པ ་བར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། ་དེ་དེ་ལ་བས་ཕམ་པར་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས ་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤེགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན་ལྷག་མའི་ལྟ་བ་ཐོབ་པར་གྱུར ་ནས། དེས་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མས་དགེ་སློང་མ་སོ་སོར་བཤེགས་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས ་པར་བྱ་བའི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་སོ་སོར་བཤགས་པར་བྱ་བ་ཉིད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ། ་བ་ནས། བདག་གིས་དགེ་སློང་མ་བས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་སོ་སོར་བཤགས ་པར་བྱ་བའི་ལྟུང་བ་འབྱིན་པར་མཐོང་ཞིང་། དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་། ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པར་མཐོང་ཞིང་། དེ་དེ་ལ་ལྟུང ་བ་མེད་པའི་ལྟ་བ་ཐོབ་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་།། ཞེས་ཟེར་ན། དགེ། ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཕས་ཕམ་པའི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར ་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང ་མཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་དགེ་འདུན་ལྷག་མས་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་།། ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། ་དེ་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པར་འགྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས ་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པར་གྱུར་ནས། ་དེས་འད་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས་དགེ་སློང་མ་ཕས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང ་མས་དགེ་སློང་མ་ཉེས་བྱས་ཀྱི་ལྟུང་བ་འབྱིན་པ་མཐོང་ཞིང་། དེ་དེ་ལ་ཉེས་བྱས་ཀྱི་ལྟུང་བ་ཉིད་ཀྱི་ལྟ་བ་ཐོབ་པར་གྱུར་ནས། དེས་འདུ་ཤེས་བསྒྱུར་ཅིང་ཞེས་བྱ་བ་ནས། བདག་གིས ་དགེ་སློང་མ་པས་ཕམ་པར་འགྱུར་བའི་ལྟུང་བ་འབྱིན་པ་མཐོང་ངོ་ཞེས་ཟེར་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་གསུམ ་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགསོ།། དེའི་ཚེ་སྦོམ་དཀའ ་མོཿསྤོས་འཚོང་གི་ཁྱེའུ་ལ་ཆགས་སོ།། སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་ག་ལ་བ་དེར་སོང་སྟེ་ཕྱིན་ནས། དེས་ཇི་ལྟར་དེ་ཡང་ཆགས་པར་འགྱུར་བ་དེ་ལྟ་བུ་བ་བྱས་སོ།། ་དེ་ཆགས་པས་ཆགས་པ་ལས། ཅུང་ཟད་བདག་གིར་བྱེད་ཅིང་། དེ་ཡང་དང་ཡང་དུ་སོང་ནས་ཟོང་ཅུང་ཟད་ཅིག་སྦྱིན་ནས་རིང་མང་དུ་ལེན་ཏོ།། ་དེ་ནས་སྲེས་འཇོང་གི་ཁྱེའུ་དེ་འདི་སྙམས་ཏེ། བདག་གིས་ཇི་སྲིད་ཅིག་ན་ཉམས་སུ་མྱོང་བར་འགྱུར་ཞིག་གུ་སྙམ་མོ།། དེ་ནས་སྤོས་འཚོང་གི་ཁྱེའུ་དེས་དུས་གཞན་ཞིག་ན། ་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་དང་ནམ་ཞིག་མཇལ་བར་འགྱུར། དེས་འདི་སྐད་ཅེས་སྨྲས་སོ།། ཁྱེད་གླང་པོ་ཚ་མ་དང་འཕྲད་པར་འགྱུར་རོ།། ་དེ་ནས་ཕྱི་བཞིན་འབྲང་བའི་དགེ་སློང་མ་དེས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་མི་འདི་ཆགས་པར་མི་མཁྱེན་ཏམ། དེས་འདི་སྐད་ཅེས་སྨྲས་སོ།། ཤེས་སོ།། ་ཅིའི་སླད་དུ་ཁྱོད་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་མཛད། སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཐོས་སོ།། ཐོས་ནས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅས་སོ་ཞེས་བྱ་བའི་བར་དུ་སྟེ། ཡང་དགེ་སློང་མ་གང་ཆགས ་ནས་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་བྱེད་ན། ཆོས་འདི་ཡང་དང་པོ་ནས་ལྟུང་བར་འགྱུར་ཞིང་ངེས་པར་འབྱུང་བར་བྱ་བ་དགེ་འདུན་ལྷག་མའོ།། དགེ་སློང་མ་གང་ཞེས ་བྱ་བ་ནི་སྦོམ་དགའ་མོའོ།། ཆགས་པ་ཞེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་ཏུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པའོ།། སྐྱེས་པ་ཆགས་པ་ཞེས་བྱ་བ་ནི་འདོད་ཆགས། ་པ་དང་། ཀུན་ཏུ་འདོད་ཆགས་པ་དང་། ཀུན་ནས་དཀྲིས་པ་སྤོས་འཚོང་གི་ཁྱེའུ་འམ། གཞན་ཡང་དེ་ལྟ་བུ་གང་ཡིན་པའོ།། ལས་ཞེས་བྱ་བ་ནི་ཟད་ནས་སོ།། ཅུང་ཟད་ཅེས ་བྱ་བ་ནི། བཟའ་བ་ལྔ་དང་བཅའ་བ་ལྔའོ།། བདག་གིར་བྱེད་ཅེས་བྱ་བ་ནི་བླངས་ནས་མགྲིན་པར་མེད་པའོ།། ཆོས་འདི་ཞེས་བྱ་བ་འདི་ནི། ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར ་གསུངས་པའོ།། དང་པོ་ནས་ལྟུང་བར་འགྱུར་བ་ཞེས་བྱ་བ་ནི། མོད་ལ་ལྟུང་བར་འགྱུར་བའོ།། ངེས་པར་འབྱུང་བར་བྱ་བ་ནི། རྟོན་པ་དང་བཅས་པས་བྱ་བའོ།། དགེ་འདུན་ལྷག ་མ་ཞེས་བྱ་བ་ནི། ལྟུང་བ་འདི་གཉི་གའི་དགེ་འདུན་ལ་རག་ལས་པ་དང་། གཉི་གའི་དགེ་འདུན་དང་འབྲེལ་བ་དང་། གཉི་གའི་དགེ་འདུན་ལ་རྟོན་པ་དང་། ལྟུང་བ་འདི་གཉི་གའི ་དགེ་འདུན་ལས་ལྡང་བར་འགྱུར་གྱི་གང་ཟག་ལས་མ་ཡིན་པ་དང་། གཞན་ཡང་ཕས་ཕམ་པར་འགྱུར་བ་བརྒྱད་ནི། ལྷག་མ་མེད་པ་མ་ཡིན་གྱི། ལྟུང་བ་འདི་ནི་ལྷག་མ་དང ་བཅས་པ་ཡིན་ཏེ། དེ་ལྟ་བས་ན་དགེ་འདུན་ལྷག་མ་ཞེས་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གང་ཆགས་པས། སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག ་གིར་བྱེད་ན་དགེ་འདུན་ལྷག་མའོ།། ཆགས་པས་སྐྱེས་པ་མ་ཆགས་པ་ལས་ན་ཉེས་བྱས་སོ།། མ་ཆགས་པས་ཆགས་པ་ལས་ནི་སྦོམ་པོའོ།། ལས་དང་པོ་པ་ལ་སོགས་པ་ལ་ནི ་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཞི་པ་རྫོགས་སྷོ།། ། སངས་རྒྱས་བཅོམ་ལྡན་འདས ་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས ་དགེ་སློང་མ་རྣམས་ལ་བསླབ་པ་བཅའ་བ་མཛད་པ་དང་། དེ་ཕྱིན་ཆད་ནམ་ཡང་དགེ་སློང་མ་རྣམས་ཉེ་འཚོང་མི་བྱེད་དོ།། དེ་དག་འཕོངས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དེ་ལྟ་བས་ན་དྲན་པ་ཉེ་བར་གཞག་ལ་ཉོ་བར་བྱའོ།། དེ་ནས་སྦོམ་དགའ་མོས། གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་རེ་ཤིག་ཁྱོད་མ་ཆགས་པར་གྱི ་ལ་ཁྱོད་མ་ཆགས་པར་གྱུར་ནས། སྐྱེས་པ་ཆག་པ་ལས་ཅུང་ཟད་ཅིག་ལོང་ཤིག། དེས་སོང་ནས། ཇི་ལྟར་སྐྱེས་པ་ཆགས་པ་ལས་ཅུང་ཟད་བདག་གིར་བྱེད་པ། དེ་ལྟར་བྱས་སོ།། ་དེ་ནས་གཙུག་དགའ་མོས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྐྱེས་པ་འདི་ནི་ཆགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ནིའི་ཕྱིར་ཆགས། དེ་དེ་ལྟར ་བདག་གིར་བྱེད་པ་ན། དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཅིའི་ཕྱིར་དེ་ལྟར་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། དེར་མ་ཟད་མོད། སྐབས་དེ་དགེ་སློབ་མ་རྣམས་ཀྱིས་དགེ་སློང ་དག་ལ་སྨྲས་པ་ནས། བསླབ་པ་བཅས་པའི་བར་དུ་སྟེ། ཡང་དགེ་སློང་མ་ལ་འདི་སྐད་ཅེས། ཕུ་ནུ་མོ་རེ་ཤིག་ཁྱོད་མ་ཆགས་པར་གྱིས་ལ། མ་ཆགས་པར་གྱུར་ནས། སྐྱེས ་པ་ཆགས་པ་ལས་ཅུང་ཟད་བདག་གིར་གྱིས་ཤིག་ཅེས་ཟེར་ན་ཆོས་འདི་ཡང་དང་པོ་ནས་ལྟུང་བར་འགྱུར་ཞིང་ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མེའོ།། ་དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མའོ།། དགེ་སློང་མ་ལ་ཞེས་བྱ་བ་ནི་གཙུག་དགའ་མོ་ལའོ།། རེ་ཤིག་ཁྱོད་མ་ཆགས་པར་གྱིས་ལ་ཞེས་བྱ་བ་ནི། འདོད་མ་ཆགས ་པ་དང་། ཀུན་ཏུ་འདོད་མ་ཆགས་པ་དང་། ཀུན་ནས་མ་དཀྲིས་པར་གྱིས་ལའོ།། སྐྱེས་པ་ཆགས་པ་ལས་ཤེས་བྱ་བ་ནི་འདོད་ཆགས་པ་དང་། ཀུན་ཏུ་འདོད་ཆགས་པ་དང་། ཀུན ་ནས་དཀྲིས་པ་ལས་སོ།། ཅུང་ཟད་བདག་གིར་གྱིས་ཤེས་བྱ་བ་ནི་བཟའ་བ་ལྔ་དང་། བཅའ་བ་ལྔ་ལོང་ལ་བདག་གིར་གྱིས་ཤིག་པ་སྟེ། འདི་ནི་སྔ་མ་བཞིན་ནོ།། འདི་སྐད་དུ ་ཟེར་ན་ཞེས་བྱ་བ་ནི་སྨྲ་ནའོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། གང་ཅུང་ཟད་ཇི་ཙམ་དུ་དགེ་སློང་མས་དགེ་སློང་མ་ལ་འདི་སྐད་ཅེས། ཁྱོད་ཚུར་མ་ཆགས་པ་ལས་ཅུང ་ཟད་ལོང་ལ་བདག་གིར་གྱིས་ཤིག་ཅེས་ཟེར་ན། ཐམས་ཅད་དང་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མའི་རྣམས་པར་འབྱེད་པ་ལས་དགེ་འདུན་ལྷག་མ་ལྔ་པ་རྫོགས ་། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་དགུ་པ།། ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན། འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞུགས་སོ།། གང་གི་ཚེ་དགེ་སློང་མ་མཛའ་མོ་རང་གི་ཁས་བླངས་པས་བསྙིལ ་པ་དེའི་ཚེ། སྐྱེས་པས་བླངས་ནས། ཁྱིམ་གྱི་འཚོ་ཆིས་བྱེད་དུ་བཅུག་ཅིང་། དེ་དང་རྩེ་བར་བྱེད་པ་ན། བུ་དང་བུ་མོ་དག་ཀྱང་སྐྱེས་སོ།། དེ་དུས་གཞན་ཞིག་ན་ནད་ཀྱིས་ཐེབ ་པ་དང་། དེའི་ཕུ་ནུ་མོ་དགེ་སློང་ས་མཛའ་ཅན་མ་ཞེས་བྱ་བས། དེ་ནད་ཀྱིས་ཐེབས་པར་ཐོས་ནས། བལྟ་བའི་ཕྱིར་གཅིག་པུ་སོང་སྟེ། དེས་དེ་ལ ་བལྟས་ནས། སླར་ལོག་གོ། དེ་ནས་མཛའ་མོས། ཕུ་ནུ་མོ་ལ་འདི་སྐད་ཅེས། འཕགས་མ་གལ་ཏེ་ན། བདག་དོ་མོ་འགུམ་ཡང་གདས། མ་བཞུང་བར་འདིར་བཞགས་ཤིག། ་ཅེས་སྨྲས་པ་དང་། དེ་ཡང་དེར་འདུག་གོ། དེ་ནས་མཛའ་མོ་ཡང་། དེ་ཉིད་ཀྱི་ནུབ་མོ་དུས་ལས་འདས་སོ།། དེ་ནས་མཛའ་མོའི་ཁྱོད་མྱ་ངན་བྱ་བར་བརྩམས་པ་དང་། དེའི་གྲོགས ་པོ་ཞིག་གིས་སྨྲས་པ། འདི་ནི་ཕུ་ནུ་མོ་མཛའ་ཅན་མ་ཞེས་བྱ་བ་ཡིན་གྱིས། དེ་ཉིད་བླང་བར་གྱིས་ཤིག། དེ་ནས་མཛའ་མོའི་ཁྱོས། མཛའ་ཅན་མ་ལ་འདི་སྐད་ཅེས་སྨྲས་སོ།། ་གལ་ཏེ་མཛའ་ཅན་མ་སྤྲོ་ན་ཁྱིམ་འདི་དང་། མཛའ་མོའི་བུ་དང་། བུ་མོ་དག་ཡོངས་སུ་སྐྱོངས་ཤིག། མཛའ་ཅན་མས་འདི་སྙམ་དུ། གལ་ཏེ་འདིར་ཅུང་ཟད་ཅིག་སྨྲས་ན་ད་ལྟ ་ཉིད་དུ་བདག་བརྟུལ་ཞུགས་དང་ཕྲལ་བར་འགྱུར་བས། མི་སྨྲ་བ་བྱའོ་སྙམ་དུ་བསམས་ནས། ནམ་ལང་བ་དང་། དེ་འགྲོ་བར་བྱས་སོ།། དེ་ནས་སྐྱེས་པ་དེས། མཛའ་ཅན་མ ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱིམ་འདི་ཁྱོད་ཀྱི་ལགས་ཀྱིས་མ་བཞུད་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཁྱིམ་བཙོན་རར་གྱུར་ཅིག། ཁྱོད་ཀྱི་ཁྱིམ་མེས ་ཚིག་པར་གྱུར་ཅིག་སྨྲས་ནས་སོང་ངོ་།། དེ་ལ་དགེ་སློང་མ་རྣམས་ཀྱིས། ཁྱོད་མ་དང་གསུམ་ག་ལ་ཉ་ལ་ཉ་ལ་ཞེས་དྲིས་པ་དང་། དེས་སྨྲས་པ། བདག་གི་ཕུ་ནུ་མོ་དུས་ལས ་འདས་པའི་དེ་ནའོ།། དེ་དག་གིས་སྤྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་བྲལ་ན། ཁྱོད་ཀྱིས་ཅི་བྱར་ཡོད། དེས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག ་གིས་ཁ་རོག་པར་མ་འདུག་ན། དེང་ཉིད་དུ་བདག་རྟུལ་ཞུགས་དང་བྲལ་བར་གྱུར་ཏོ་ཞེས་བྱ་བའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། ཞེས་བྱ་བ ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་མཚན་མོ་གཅིག་པུ་ཕྱི་རོལ་ཏུ་གནས། བར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར ་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་མཛའ་ཅན་མའོ།། མཚན་མོ་ཞེས་བྱ་བ་ནི་ཉི་མ་ནུབ་ནས་སོ།། གཅིག་པུ་ཞེས ་བྱ་བ་ནི། གཉིས་པ་མེད་པར་རོ།། ཕྱི་རོལ་ཏུ་གས་པར་བྱེད་ན་ཞེས་བྱ་བ་ནི། དབྱར་ཁང་ལས་གཞན་དུ་སྐྱ་རེང་ཤར་བར་བྱེད་ནའོ།། གཞན་དག་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་མཚན་མོ་གཅིག་པུ་ཕྱི་རོལ་ཏུ་གནས་པར་བྱེད་ན། ཇི་ལྟར་འགྱུར་ཀྱང་རུང་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། དགེ་ཚུལ་མ་དང ་ལྷན་ཅིག་ཕྱི་རོལ་ཏུ་གནས་པར་བྱེད་ན་ཉེས་པོར་འགྱུར་རོ།། དགེ་སློང་མ་དང་ལྷན་ཅིག་ཕྱི་རོལ་ཏུ་གནས་པར་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སློང ་མ་ཤི་བར་གྱུར་ཏམ། ཉམས་པར་གྱུར་ཏམ། ཟོས་པར་གྱུར་ཏམ། བབས་པར་གྱུར་ན་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ ་དྲུག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་དག་ན ་གཅིག་པུ་ནི་ཉི་མ་ནུབ་ནུབ་ཏུ་ཆོས་འཆད་པར་བྱེད་དོ།། ཉི་མ་ནུབ་པ་དང་དབྱར་ཁང་དུ་འོངས་ནས། དེས་དགེ་སློང་མ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་རྒྱབ་དང་སྐེད་པ་དག་རྫིས ་ཤིག། དེ་དག་གིས་དྲིས་པ། འཕགས་མ་ཁྱོད་གང་ནས་འོངས། དེས་འདི་སྐད་ཅེས་སྨྲས་སོ།། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ཆོས་བསྟན་ནས་སོ།། ཁྱོད་ཀྱི་ཕྱི་བཞིན་འབྲང་བའི ་དགེ་སློང་མ་སུ་དང་ལྷན་ཅིག་སོན། དེས་སྨྲས་པ། ཁོ་མོ་གཅིག་པུ་སོན་ཏོ།། དེ་དག་གིས་སྨྲས་པ། གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན། ཁྱོད་ཀྱིས་ཅི་བྱར་ཡོད། ་དེས་སྨྲས་པ། སྤོས་འཚོང་གི་ཁྱེའུ་གང་ཡིན་པ་རྡོག་པ་ཅིག་བསྣན་པས། རྩི་བ་མ་གཉིས་བཅག་པ་ཁྱེད་ཅག་གིས་མ་མཐོང་ངམ། དེ་དག་གིས་སྨྲས་པ། ཆུ་རྫི་ཆུའི་དོན་དུ་ཁྲོན་པར། ་བཅུག་པ་རྟག་ཏུ་མཁྲང་པོར་མི་ལྡོག་གོ། དེ་ནས་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང ་ཉིན་པར་གཅིག་པུ་ཕྱི་རོལ་ཏུ་གནས་པར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉིན་པར་ཞེས་བྱ་བ་ནི་ཉི་མ་ཤར་ནས་སོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། ཕྱི་རོལ་ཏུ་གནས་པར་བྱེད་ན་ཞེས ་བྱ་བ་ནི་དབྱར་ཁང་ལས་གཞན་དུ་ཉི་མ་ནུབ་པར་བྱེད་ནའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཉིན་པར་གཅིག་པུ་ཕྱི་རོལ་ཏུ་གནས་པར ་བྱེད་ན་ཇི་ལྟར་ཡང་རུང་སྟེ། ཐམས་ཅད་དུ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་ཚུལ་མ་དང་ལྷན་ཅིག་ཕྱི་རོལ་ཏུ་གནས་པར་བྱེད་ན། ཉེས་པ་སྦོམ་པོར་འགྱུར་རོ།། དགེ་སློང ་མ་དང་ཕྱི་རོལ་ཏུ་ལྷན་ཅིག་གནས་པར་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཕྱི་བཞིན་འབྲང་བའི་དགེ་སློང་མ་ཤི་བར་གྱུར་ཏམ། ཉམས་པར་གྱུར་ཏམ། ཟོས་པར་གྱུར་ཏམ། བབས་པར ་གྱུར་ན་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བདུན་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ ་མོ་གཅིག་བུ་ལམ་པོ་ཆེའི་བཞི་མདོ་དག་ཏུ་འདུག་ནས། དོན་འཐུན་པ་ཐམས་ཅད་ཆས་ནས་ལམ་དུ་ཞུགས་ཏེ། གྲོང་ཁྱེར་ཆེན་པོ་གང་དང་གང་དུ་འགྲོ་བའི་གྲོང་ཁྱེར་ཆེན་པོ་དེ་དང ་དེར། རྒྱང་གྲགས་དང་རྒྱང་གྲངས་བྱེད་ཙམ་དུ་འགྲོ་བར་བྱེད་ཅིང་། ལྡོག་པར་ཡང་བྱེད་དོ།། དེ་བཞིན་དུ་ཇི་ཙམ་ན་ཉི་མ་ནུབ་པ་ན། དབྱར་ཁང་དུ་འོངས་ནས། གཞོན་རབས ་དག་ལ་འདི་སྐད་ཅེས་སྨྲས་སོ།། ད་བདག་གི་རྒྱབ་རྫིས་ཤིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གར་བཞུད་བཞུད། དེས་སྤྲས་པ། དེང་ཁོ་མོ་གྲོང་ཁྱེར་ཆེན། ་པོ་དྲུག་པོ་དག་གི་ལམ་ཏུ་སོན་ཏོ།། དེ་དག་གིས་སྨྲས་པ། ཁྱོད་ཀྱི་ཕྱི་བཞིན་འབྲང་བའི་དགེ་སློང་མ་སུ་དང་ལྷན་ཅིག་ཕྱིན། དེས་སྨྲས་པ། ཁོ་མོ་གཅིག་པུའོ།། དེ་དག་གིས་སྨྲས ་བ་གལ་ཏེ་འགའ་ཞིག་གིས་ཁྱོད་བཏུལ་ཞུགས་དང་བྲལ་ན། ཁྱོད་ཀྱིས་ཅི་བྱར་ཡོད།། དེས་འདི་འདི་ཅེས་གལ་ཏེ་བུ་ཟན་མོའི་བུ་དག། ་ལ་རེག་ཏུ་འོང་ན།། ངས་ལྷུང་བཟེད་ནག་པོས།། སོ་བཅག་དུ་ཟུང་མོད་ཅེས་སྨྲས་པའི་སྐབས་དེ།། དགེ་སློང་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། ཞེས་བྱ་བ་ནས ་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་གཅིག་པུ་འདྲོན་ལམ་དུ་ཞུགས་ཤིང་འགྲོ་བར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང ་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། འདྲོན་ལམ་ཞེས་བྱ ་བ་ནི་དགོན་པའི་ལམ་མོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གཅིག་པུ་འདྲོན་ལམ་དུ་འགྲོ་བར་བྱེད་ན་ཇི་ལྟར་ཡང་རུང་སྟེ། དགེ་འདུན ་ལྷག་མར་འགྱུར་རོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བརྒྱད་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས ་དགེ་སློང་མ་མེང་པོ་ལྗོངས་རྒྱུ་བ་རྒྱུ་ཞིང་ཆུ་འགྲམ་ཞིག་ཏུ་ཕྱིན་ཏོ།། དེ་དག་བྱ་བ་ཅུང་ཟད་ཙམ་གྱི་ཕྱི་རོལ་ཏུ་འགྲོ་བར་འདོད་ནས། གྲུ་བཙལ་བ་དང་། མཉན་པས་ཕ་རོལ་གྱི་འགྲམ་དུ་བུར ་པ་ལ་གྲུ་བཏགས་ཏེ་འདུག་གོ། རེ་ཤིག་ན་དགེ་སློང་མ་རྣམས་ཀྱིས་མཐོང་ནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་བདག་ཅག་ལས་རྒྱལ་ཤེས་པ་འགའ་ཞིག་ཡོད་ན། ་དེ་སོང་ལ་གྲུ་བླང་བར་གྱིས་ཤིག། དེའི་ཆེ་ན་སྔོན་མཉན་པ་མེ་བྱེད་བྱེད་པ། དགེ་སློང་མ་ནག་མོ་ཞེས་བྱ་བ་དེས་འདི་སྐད་ཅེས་སྦས་སོ།། འཕགས་མ་དག་བདག་སོང་ལ་གྲུབྲང་བར ་བགྱིའོ།། དེས་ཆོས་གོས་བརྟུལ་ཏེ་ཆུའི་ནང་དུ་ཞུགས་སོ།། དེ་ཡང་སྔོན་གྱི་གོམས་པ་གང་ཡིན་པ་དེ་བྲི་ཞིང་ལུས་ཀྱང་ལྕི་བར་གྱུར་པས། དབུས་སུ་ཕྱིན་པ་དང་། གཏིང་ད་ལྟ་ཐུག ་པར་གྱུར་ཏོ།། དེ་ནས་དགེ་སློང་མ་འགྲམ་ན་འདུག་པ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ནག་མོ་རྐྱོལ་ཅིག་ཅེས་སྨྲས་ནས། དེ་ཡང་དལ་ཆད་དེ་འགྲམ་དུ་ཕྱིན་ཏེ། ཉི་མ་ནུབ་པ་དང ་དབྱར་ཁང་དུ་འོངས་སོ།། དགེ་སློང་མ་རྣམས་ཀྱིས། ཅུང་ཟད་བདེ་བར་བརྒྱུས་སམ་ཞེས་དྲིས་པ་དང་། དེས་ཇི་ལྟར་པ་དེ་དག་རྒྱས་པར་སྨྲས་པ་ན། དེ་དག་གིས་འདི་སྐད་ཅེས་སྨྲས ་སོ། ཁྱོད་གཅིག་པུ་ཆུར་ཞུགས་སམ། དེས་སྨྲས་པ་གཅིག་པུའོ།། དེ་དག་གིས་འདི་སྐད་ཅེས་གལ་ཏེ་འགའ་ཞིག་གིས་ཁྱོད་བརྟུལ་ཞུགས་དང་ཕྲལ་ན་ཁྱོད་ཀྱིས་ཅི་བྱར་ཡོད ་ཅེས་སྤྲས་པའི་སྐབས་དེ། དགེ་སློང་མ་རྣམས་དགེ་སློང་དག་ལ་སྦས་སོ།། ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུའོ།། ཡང་དགེ་སློང་མ་གང་གཅིག་པུ་རྒྱ་ཀླུང་གི་ཕ་རོལ ་ཏུ་རྐྱལ་བར་བྱེད་ན་ཆོས་འདྲི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་བ་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། ་དགེ་སློང་མ་ནག་མོའོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་མེད་པར་རོ།། ཆུ་ཀླུང་གི་ཕ་རོལ་ཏུ་རྒྱལ་བར་བྱེད་ན་ཞེས་བྱ་བ་ནི་ཆུ་བོ་རྒལ་བར་བྱེད་ནའོ།། གཞན་ནི་སྔ་མ་བཞིན་ནོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་གཅིག་པུ་ཆུ་ཀླུང་ཕ་རོལ་ཏུ་རྒྱལ་བར་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། རྩང་ལག ་རྒལ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཆུ་བྲན་རྒལ་བར་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ཕུར་ཆུ་རྒལ་བར་བྱེད་ན་ཉེས་བྱས་སོ།། དགེ་སློང་མའི་རྣམ་པར ་འབྱེད་པ་ལས། དགེ་འདུན་ལྷག་མ་དགུ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་རྒྱལ་པོ་གསལ་རྒྱལ་ལ་དཔག་ཚོགས་མཐུ ་སྟོབས་རྡུལ་དུ་ཀློག་པ་ཞེས་བྱ་བ་དང་། རིགས་བཟང་པོ་ཞེས་བྱ་བ་གཉིས་ཡོད་དེ། དེ་དག་རྒྱལ་པོ་གསལ་རྒྱལ་གྱི་མདུན་དུ་འགྲོ་ཞིང་། རི་བྲག་པ་གང་ཡང་རུང་བ་ལོག་པར ་གྱུར་ན། དེ་དག་དེར་སོང་ནས། གཡུལ་འགྱེད་པར་བྱེད་དོ།། དེ་དག་དེར་སོང་བ་ན། ཆུང་མ་རྣམས་གཡོན་ཅན་དང་། འཕྱོན་མ་དང་། ཟོལ་བ་རྣམས་དང་། ལྷན་ཅིག་རྩེ་བར ་བྱེད། དགའ་བར་བྱེད། དགའ་མགུར་སྤྱོད་པར་བྱེད་ནས། དེ་དག་གིས་འདི་སྙམ་དུ་བདག་ཅག་གིས་ནི་རི་བྲག་པ་ལོག་པའི་འདུལ་བར་བྱེད་ན། རང་གི་ཆུང་དག་འདུལ ་བར་མི་ནུས་སམ། ཁྲིམས་བཅའ་གོར་མ་ཆག་སྙམ་དུ་བསམས་ནས། བདག་ཅག་གི་ཆུང་མ་གང་ཞིག་སྐྱེས་པ་གཞན་དང་ལྷན་ཅིག་མི་རིགས་པ་བྱེད་པར་གྱུར་ན། དེའི་མགོ ་སྐྱེར་བཅད་ནས་དོར་བར་བྱའོ།། དེ་དག་ཁ་ཅིག་གིས་སྦས་པ། ཁྲིམས་འདི་ཧ་ཅང་བརླང་ཆེས་ཀྱིས། རྒྱལ་པོ་ལ་བདག་ཅག་གིས་ཞུ་བར་བྱའོ།། དེ་ནས་དཔག་དཔོན ་དཔོག་བྱེད་དམག་གི་ཚོགས་དང་ལྷན་ཅིག་རྒྱལ་པོ་གསལ་རྒྱལ་ག་ལ་རྩ་བ་དེར་སོང་སྟེ་ཕྱིན་ནས། སྐབས་དེ་དག་རྒྱས་པར་རྒྱལ་པོ་ལ་སྙད་པ་དང་། རྒྱལ་པོས་ཀྱང་མཉེས་སོ། ་ཞེས་བྱས་སོ།། དེ་ནས་དམག་དཔོན་དཔོག་བྱེད་ཀྱིས་བུ་མོ་སྡེ་ཅན་མ་ཞེས་བྱ་བ་དེས། ཁྲིམས་དང་འགལ་བར་བྱས་པ་ན་བུད་མེད་ཕལ་དག་གིས་འདི་སྐད་ཅེས་གལ་ཏེ་འདི ་ཆད་པས་མ་བཅད་པར་གྱུར་ན་བདག་གིས་ཀྱིང་ཁྲིམས་དྲལ་བར་བྱའོ་ཞེས་སྨྲས་པ་དམག་མི་རྣམས་ཀྱིས་ཐོས་ནས། དེ་དག་གིས་དཔོག་བྱེད་ལ་སྨྲ་སོ།། དམག་དཔོན་དཔོག ་བྱེད་ཀྱིས་འདི་སྙམ་དུ་བདག་གིས་ཁྲིམས་བཅས་ལ། བདག་གིས་དྲལ་དུ་ག་ལ་རུང་སྙམ་དུ་བསམས་ན། དམག་དཔོན་དཔོག་བྱེད་ཀྱིས་སྡེ་ཅན་མ་ཡོངས་སུ་བཏང་ནས་དཔག ་མི་རྣམས་ལ་སོད་ཅིག་ཅེས་བསྒྲེའོ།། དེ་ནས་སྡེ་ཚན་མས་ཐོས་ནས། རིངས་པ་རིངས་པར་སོང་སྟེ། དམག་མི་རྣམས་ཀྱི་རྐང་པ་ལ་གཏུགས་ནས་བཟོད་པར་གསོལ་ལོ།། ། ་དེ་དག་གིས་སྤྲས་པ། ཁོ་བོ་ཅག་གིས་འདི་བུའི་མི་རིགས་པ་བྱེད་པ་ལ་བཟོད་པར་མི་ནུས་མོད་ཀྱི། འོན་ཀྱང་དམག་མི་ལ་ལྟས་པ་དོན་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་དེའི ་ལན་ཞག་བདུན་ནས་སྦྱིན་པར་བྱའོ།། དེས་ཀྱང་ཞག་བདུན་ན་ལན་ཐོབ་ནས། ངུ་ཞིང་སྦྱིན་པ་ནི་སྦྱིན། བསོད་ནམས་ནི་བྱེད་པ་ན། དགེ་སློང་མ་ཕྱར་མོས་སྡེ་ཅན་མ་ལ་ཅི ་སྟེ་དུ་ཞེས་དྲིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་པས་ཡོངས་སུ་བཏང་ངོ་།། ཁོ་མོ་མས་ཡོངས་སུ་བཏང་ངོ་།། ཁོ་མ་ཁྱོས་ཡོངས་སུ་བཏང་སྟེ།། ཁོ་མོ་ནི་ཉི་མ ་བདུན་ན་མེད་དོ།། དེས་འདི་སྐད་ཅེས། རེ་ཤིག་རབ་ཏུ་འབྱུང་བར་མི་འདོད་དམ། ཞེས་སྨྲས་པ་དང་། དེ་དེ་ལས་རབ་ཏུ་བྱུང་སྟེ། དེས་དེ་དབྱར ་ཁང་དུ་ཁྲིད་དེ་སོང་ངོ་།། དེ་ཡང་དམག་མི་རྣམས་ཀྱིས་ཟོས་ནས། དེ་དག་གིས་འདི་སྐད་ཅེས་གལ་ཏེ་བགླང་གི་ར་ཐག་ཏུ་ཤུགས་ཀྱང་དེ་ན་གསོན་པོར་མ་བྱའོ།། ཞེས་སྨྲས ་སོ། དེ་ཡང་སྡེ་ཅན་མས་ཐོས་ནས་དེ་སྐྲག་སྟེ་བཅུ་གཉིས་སྡེ་ལ་སྐྱབས་སུ་སོང་བ་དང་། དེ་དག་གིས་འདི་སྐད་ཅེས་བུ་ནུ་མོ་གལ་ཏེ་བུ་ཟན་མའི་བུ་རྣམས་འོངས་ན།། ལྷུང་བཟེད ་ནག་པོས་སོ་བཅག་གིས་རྟེན་ཅིག་ཅེས་སྨྲས་སོ།། དེས་འདི་སྙམ་དུ་བཅུ་གཉིས་སྡེ་ཁ་བྱེ་འདི་དག་གིས་ནི་ནོན་མི་ནུས་སོ།། སྙམ་དུ་བསམས་ནས། དེ་སྐྱེ་དགུའི་བདག་མོ་ཆེན ་། མོ།། འགོའུ་ཏ་མ་ལ་སྐྱབས་སུ་སོང་བ་དང་། དེས་སྨྲས་པ། འདི་ལྟར་ཕས་ཡོངས་སུ་བཏང་བ། མས་ཡོངས་སུ་བཏང་བ། དམག་མིས་ཡོངས་སུ་བཏང་བ། རྒྱལ་པོས ་ཡོངས་སུ་བསྒོ་བ། ཁྱིམ་ཐབ་ཀྱིས་སྤངས་པ། ཁྱོད་སུས་རབ་ཏུ་བྱུང་ཞེས་བྱ་བ་ནས། བཙུན་མོ་འབྲེང་ལྡན་མ་ལ་སྐྱབས་སུ་སོང་བའི་བར་དུའོ།། དེ་ནས་བཙུན་མོ་ཕྲེང ་ལྡན་མས་དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མའི་ཕྱིར་རྒྱལ་པོ་ལ་གསོལ་བ་བཏབ་པ་དང་། རྒྱལ་པོས་ཀྱང་ཁས་བླངས་སོ།། དེ་ནས་རྒྱལ་པོ་དམག་མི་ག་ལ་བ་དེར་སོང་སྟེ། བྱིན ་ནས། འདི་སྐད་ཅེས་སྨྲས་སོ།། དཔོག་བྱེད་ཀྱི་བུ་མོ་སྡེ་ཅན་མ་འདི་ནི། སངས་རྒྱས་ལ་སྐྱབས་སུ་སོང་བ། ཆོས་ལ་སྐྱབས་སུ་སོང་བ། དགེ་འདུན་ལ་སྐྱབས་སུ་སོང་བ། ་ང་ལ་སྐྱབས་སུ་འོངས་པ། ཁྱེད་ཅག་ལ་སྐྱབས་སུ་སོང་བ་ཡིན་གྱིས། མེ་གསད་ཅིག། དེ་དག་གིས་སྨྲས་པ། ལྷའི་ཁྲིམས་དྲལ་བར་བགྱི་འམ། དེས་འདི་སྐད་ཅེས་ག ་ལ་དྲལ་གྱི་སྟེང་དུ་ལེགས་པར་རབ་ཏུ་བསྲུང་མོད་ཀྱི། འོན་ཀྱང་འདིའི་ཕྱིར་མཆོག་ཅིག་སྦྱིན་པར་བྱའོ།། ཞེས་སྤྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག ་ལ་སྤྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། དངོས་པོ་འདི་དང་། སྐབས ་འདི་ལ་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་བུད་མེད་གང་ཞིག། རྒྱལ་པོས་བསྒོ་བ། ཁྱིམ་ཐབ་ཀྱིས་སྤངས་པ། ཕ་མས་ཡོངས་སུ་བཏང ་བ། དམག་མི་རྣམས་ལ་སོད་ཅིག་ཅེས་བསྒོ་བར་ཤེས་བཞིན་དུ་འཁོར་དུ་འཇོག་པར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས ་བེ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བྱར་མོའོ།། བུད་མེད་གང་ཞིག་ཅེས་བྱ་བ་ནི་སྡེ་ཅན་མའོ།། རྒྱལ་པོས་བསྒོ་བ་ཞེས་བྱ་བ་ནི། ་གསལ་རྒྱལ་གྱིས་རང་གིས་རུང་བར་བྱས་པའོ།། ཁྱིམ་ཐབ་ཀྱིས་སྤངས་ཞེས་བྱ་བ་ནི་ཁྲོས་སོ།། ཕ་མས་ཡོང་རྗེས་སུ་བཏང་བ་ཞེས་བྱ་བ་ནི། དཔོག་བྱེད་དང་དཔོག་བྱེད ་རླུང་མས་སོ།། དམག་མི་རྣམས་ལ་སོད་ཅིག་ཅེས་བསྒོ་བ་ཞེས་བྱ་བ་ནི་མཐུ་སྟོབས་རྡུལ་དུ་ཀློག་པ་དང་། རིགས་བཟང་པོ་ལའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་དེ་བདག་ཉིད ་ཀྱིས་སམ། གཞན་གྱིས་སྤྲས་པ་ནས་སོ།། འཁོར་དུ་འཇོག་ན་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལ་གསོལ་བ་དང་བཞིའི་ལས་ཀྱིས་ར་ཏུ་འབྱིན ་ཅིང་བསྙེན་པར་རྫོགས་པར་བྱེད་ནའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རྣམ་པ་འདི་ལྟ་བུའི་བུད་མེད་རབ་ཏུ་འབྱིན་པར་བྱེད་ན། ་ཇི་ལྟར་ཡང་རུང་སྟེ་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་མ་བཅུ་པ་རྫོགས་སྷོ།། ་སྡོམ་ལ། གང་གི་ཚེ་ན་ཆགས་རྒྱ་དང་།། བཟོད་པ་གསོལ་དུ་འཇུག་བྱེད་དང་།། སངས་རྒྱས་ཆོས་དང་དགེ་འདུན་གཏོང་།། འདུན་དང་ཞེ་སྡང་འཇིགས་སྨྲ་དང་།། གཉིས་པོ ་ལྷག་ཅིག་གནས་བྱེད་དང་།། དེའི་རྗེས་སུ་ཕྱོགས་པ་དང་།། དགེ་འདུན་དབེན་དང་རྗེས་ཕྱོགས་དང་།། ཁྱིམ་སུན་བཀའ་བློ་མོ་བདེ་བའོ།། སངས་རྒྱས་བཅོམ་ལྡན་འདས་མཉན ་ཡོདོན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་མཉན་ཡོད་ན། ཁྱིམ་བདག་གཅིག་ནད་ཀྱིས་ཕེབས་ནས། དགེ ་སྤྱོང་དང་བྲམ་ཟེ་དང་བཀྲེན་པ་དང་། འཕོངས་པ་རྣམས་ལ་སྦྱིན་པ་ནི་སྦྱིན། བསོད་ནམས་བྱེད་པ་དེ། སྦོམ་དགའ་མོ་ཁྱིམ་བདག་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ་ཁྱིམ་བདག་དེ་ལ་ཆོས་བཤད་དོ།། ཆོས་བཤད་པ་བྱས་ནས་ཀྱང་། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་བུད་མེད་ནི་རྙེད་པ་ཆུང་བ་ཡིན་གྱིས།། ་བདག་ལ་ཡང་ཅུང་ཟད་ཅིག་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཅིའི་སླད་དུ་ཆེས་སྔར་མ་བྱོན། བདག་འགུམ་པར་འགྱུར་འདྲ་ནས། བདག ་གིས་ཐམས་ཅད་འཇིག་རྟེན་ཕ་རོལ་ཏུ་བསྐྱས་ལགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། མཚར་བྱས་ཏེ། ཅང་མི་ཉེས་པར་ལོ་བརྒྱར་འཚོ་བར་འགྱུར་རོ།། དེས་འདི ་སྐད་ཅེས་སྨྲས་སོ།། འཕགས་མ་ཆགས་རྒྱ་བཞེད་དམ། དེས་འདི་སྐད་ཅེས་སྨྲས་སོ།། གཞིན་བཟངས་གལ་ཏེ་བྱིན་པར་གྱུར་ནའོ།། དེ་ནས་དེས་དེ་ལ་བྱིན་ནོ།། དེས་ཆགས ་རྒྱ་བླངས་ནས། ཁྱིམ་བདག་གཞན་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། གཞིན་བཟངས་འདི་ཅུང་ཞིག་ལྷོགས། དེས་བླགས་སོ།། ། ་བླགས་ནས་ཀྱང་འདི་སྐད་ཅེས། འདི་འཕགས་མ་ཁྱོད་མངའ་འམ། དེས་སྤྲས་པ་བདག་དབང་ངོ་།། བདག་གིས་དབུལ་བར་བགྱིའོ།། དེ་ནས་སྦོམ་དགའ་མོས། ཁྱིམ་བདག་དེ ་བཟུང་ནས་གལ་ཏེ་ཁྱོད་ཀྱིས་འདི་ང་ལ་མ་བྱིན་པར་འགྲོ་ན། རྒྱལ་པོའི་ཕོ་བྲང་དུ་དབུལ་ལོ་ཞེས་བྱས་པ་དང་། དེ་ཡང་དེར་འདུག་གོ། དེའི་གྲོགས་པོ་ཞིག་འོངས་ནས། དེས ་དེ་ལ་འདི་སྐད་ཅེས་སྨྲས་སོ།། འདི་ན་ཅི་བྱེད། དེས་སྨྲས་པ། ཁོ་བོ་བུ་ལོན་དེད་པས་བཟུང་ངོ་།། བུ་ལོན་དད་པ་སུ་ཡིན། དེས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་མའོ།། ་དེས་སྨྲས་པ། ཁྱོད་ཀྱིས་འཇིག་རྟེན་ན་གཞན་ལས་ཅི་ཡང་མི་རྙེད་དམ་ཅི་ན། དགེ་སློང་མ་ལས་ལེན། དེ་ནས་བྲམ་ཟེ་དང་ཁྱིམ་བདག་རྣམས་གང་གི་ཕྱིར་ཆགས་རྒྱ་ཡང་ལེན། ་བར་བྱེད་པས། ཤཱཀྱའི་བུའི་དགེ་སྦྱོང་མ་རྣམས་ཀྱིས། དགེ་སྦྱོང་གི་ཚུལ་ནི་ཚིག་པའོ་ཞེས་འཕྱ་བར་བྱེད། སྨོད་པར་བྱེད། ཕྱར་ཀ་གཏོང་བར ་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱི། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང ་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་ཆགས་རྒྱ་ལེན་པར་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ངེས ་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཆགས་རྒྱ་ཞེས་བྱ་བ་ནི་བུ་ལོན་བདའ་བའི་དཔའ ་རྒྱའོ།། ལེན་པར་བྱེད་ན་ཞེ་བྱ་བ་ནི་ལེན་ནའོ།། ཆོས་འདི་ཡང་ཞེས་བྱ་བ་འདི་ན། ཆོས་མ་ཡིན་པ་ལ་ཆོས་ཀྱི་སྒྲར་བསྟན་པའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཆགས་རྒྱ་ལེན་པར་བྱེད་ན། ཇི་ལྟར་ཡང་རུང་སྟེ་དགེ་འདུན་ལྷག་མར་འགྱུར་རོ།། ཚེགས་ཆུང་ངུས་ཁུགས་པ་དང་། ལས་དང་པོ་ལ་སོགས ་བ་ལ་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་གཅིག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ། ་དེའི་ཚེ་མཉན་ཡོད་ན། དགེ་སློང་མ་འདུན་མ་ཞེས་བྱ་བ་འཐབ་མོ་བྱེད་པ། འགྱེད་པར་བྱེད་པ། ཐབ་ཀྲོལ་བྱེད་པ། རྩོད་པར་བྱེད་པ། དེའི་བུ་མོ་འདུན་པ་མོ་ཞེས་བྱ་བ་དེ་ཐོས ་སོ་ཅོག་དེ་ཐམས་ཅད་མ་ལ་ཟློས་པར་བྱེད་དོ།། དེའི་རྒྱུས་དགེ་སློང་མའི་དགེ་འདུན་རྣམས་འཚང་ཀར་ལྕགས་ཏེ། འཐབ་པ་དང་རྩོད་པར་བྱེད་དོ།། དེ་ནས་དགེ་སློང་མའི ་དགེ་འདུན་གྱིས། རྩད་ཆོད་ནས། འདུན་མ་བསོད་སྙོམས་ལ་སོང་བའི་འོག་ཏུ། དགེ་སློང་མའི་དགེ་འདུན་གྱིས། དགེ་སློང་མ་འདུན་མ་མོ་མཐོང་བའི་ཕྱིར་གནས་ནས ་དབྱུང་བའི་ལས་བྱས་སོ།། དེ་ནས་འདུན་མ་མོ་ངུ་ཞིང་། མ་ལ་དགེ་འདུན་མས་བདག་ལ་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་སོ།། དེས་འདི་སྐད་ཅེས་ཁམ ་གསུམ་ནས་བསྐྲད་པའི་ལས་ཀྱང་བྱེད་ལ་རག་གོ་ཞེས་སྨྲས་ནས། དེ་ཡང་དཀྱིལ་འཁོར་གྱི་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། བཟོད་པ་གསོད་དུ་བཅུག་ནས། དེ་དང་ལྷན ་ཅིག་གནས་པར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་པ་དང་། དགེ་སློང་མ་དེ་དག་གིས་འདུན་མ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་སྨད་པ་དང་། ལྷན་ཅིག་གནས་པ ་བྱེད་དམ། ཟ་བར་བྱེད་དམ། ཁྱིམ་ན་ལྷན་ཅིག་གནས་པར་བྱེད་དམ། དེས་འདི་སྐད་ཅེས་སྨྲས་སོ།། ཅི་བསྐད་ཅེས་ཏེ་ཕྱོགས་དང་། ཡུལ་དུ་འདུག་ཏུ་མི་རུང་ངམ། དགེ ་སློང་མ་དེ་དག་གིས་སྨྲས་པ། དགེ་སློང་མའི་དགེ་འདུན་མ་ལ་བཟོད་པ་གསོལ་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། བཟོད་པ་ནི་ལབས་ཀྱིས་གསོལ་བར་བྱ་ན། འོན་ཀྱང ་ཁྱེད་ཅག་ནི་འདུན་པས་བྱེད་དོ།། ཞེ་སྡང་དང་གཏི་མུག་གིས་བྱེད་དོ།། ཞེས་བྱ་བའི་སྐབས་ཏེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས ་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་འདུན་མ་འམ། གཞན། ་ཡང་དེ་ལྟ་བུ་དང་འཐུན་པ་གང་ཡང་རུང་བདག་ལ་གཞམས་ཏེ་བསྒོ་བར་བྱའོ།། དགེ་སློང་མ་རྣམས་ཀྱིས། དགེ་སློང་མ་དེ་ལ་བཞམས་ཏེ་བསྒོའོ།། དེ་ལ་བཞམས་ཏེ་བསྒོ ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་། མངོན་པར་ཞེན་ནས། འདི་ཉིད་ནི་མདེན་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི ་སྐབས་ཏེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ ་སློང་མ་རྣམས་ཀྱི་དགེ་སློང་མ་འདུན་མ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བར་བྱའོ།། བསྒོ་བ་གང་ཡང་ཇི་ལྟར་བྱ་སྟེ། གནས་མ་ལ་བཤམས་པ་བྱས་ཏེ་ཞེས་བྱ་བ་ནས། ་དགེ་སློང་མ་གཅིག་གིས་གསོལ་པ་བྱས་ཏེ་ལས་བྱའོ།། ལས་ཀྱང་འདི་ལྟར་བྱ་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན ་མ་འདི་དགེ་སློང་མའི་དགེ་འདུན་མ་རྣམས་ཀྱི། དགེ་སློང་མ་གང་ཞིག་མ་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བགྱིས་པར་འཚལ་བཞིན་དུ། གནས་ནས་དབྱུང་བའི ་ལས་བགྱིས་པ་དེ་དང་ལྷན་ཅིག་གནས་པར་བགྱིད། ལྷན་ཅིག་ཟ་བར་བགྱིད། ལྷན་ཅིག་ཁྱིམ་ན་ཉལ་བར་བགྱིད་ནས། དགེ་སློང་མ་རྣམས་ཀྱིས་དེ་ལ་བཤམས་ཏེ་བསྒོ ་བ་ན། གཞི་དེ་ཉིད་ལ་ནན་ཀྱིས་མཆོག་ཏུ་བཟུང་ཞིང་། མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། དགེ། ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདུན་མ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། འདི་ནི་གསོལ། ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་དགེ་སློང་མའི་དགེ་འདུན་མ་རྣམས་ཀྱིས།། ་དགེ་སློང་མ་གང་ཞིག་མཐོང་བའི་ཕྱིར་གནས་ནས་དབྱུང་བའི་ལས་བྱས་བཤེས་བཞིན་དུ། གནས་ནས་དབྱུང་བའི་ལས་བྱས་པ་དེ་དང་ལྷན་ཅིག་གནས་པར་བྱེད། ལྷན་ཅིག། ་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་ནས། དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་ལ། བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང ་ཞིང་། མངོན་པར་ཞེན་ནས། འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ་འཕགས་མའི་དགེ་འདུན་གྱིས། དགེ་སློང་མ ་འདུན་མ་དེ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བར་མཛད་པ་ལ་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། ་འདི་ནི་ལས་བརྗོད་པ་དང་པོ་སྟེ། གཉིས་པ་དང་གསུམ་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱ་སྟེ། དགེ་འདུན་གྱིས་བཟོད་ཅིང་གནང་ནས། འདི་ལྟར་ཅང་མི་གསུང་བས་དེ་དེ ་བཞིན་ཏུ་འཛིན་ཏོ།། གསོལ་བ་དང་གཞི་ལས་ཀྱིས་བསྒོ་བ་ནི། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་ཞེས་བྱ་བའི་བར་དུ་སྔ་མ། ་བཞིན་ཏེ། སྐབས་དེ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་དགེ་སློང་མའི་དགེ་འདུན་འཐུན་པས་དགེ་སློང་མ ་གང་ཞིག་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ་དེ་གཅིག་པོ་མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། བཟོད་པ་གསོལ་དུ་འཇུག་པར་བྱེད་ན། ཆོས་འདི་ཡང་དང་པོ ་ཉིད་ཀྱིས་ལྟུང་བར་འགྱུར་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། འདུན་མའོ།། དགེ་སློང་མའི ་དགེ་འདུན་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ།། དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི། འདུན་པ་མའོ།། གནས་ནས་དབྱུང་བའི་ལས་བྱས ་བ་ཞེས་བྱ་བ་ནི། གསོལ་བ་དང་བཞིའི་ལས་ཀྱིས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སེམ། དེ་ལ་གཞན་གྱིས་སྨྲས་པར་གྱུར་ནས་སོ།། དེ་གཅིག་པོ་ཞེས ་བྱ་བ་ན། དེ་འབའ་ཤིག་གོ།། མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ་ཞེས་བྱ་བ་ནི། མཚམས་ཀྱི་དཀྱིལ་འཁོར་གྱི་ཕྱི་རོལ་ཏུ་སོང་སྟེའོ།། བཟོད་པ་གསོལ་དུ་འཇུག་པར ་བྱེད་ན་ཞེས་བྱ་བ་ནི། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས། དགེ་སློང་མ་གང་ཞིག ་གནས་ནས་དབྱུང་བའི་ལས་བྱས་པར་ཤེས་བཞིན་དུ། ཤེས་བྱ་བ་ནས། མཚམས་ཀྱི་ཕྱི་རོལ་ཏུ་སོང་སྟེ། བཟོད་པ་གསོལ་དུ་བཅུག་ནས། དེ་དང་ལྷན་ཅིག་འདུག་པར། ་བྱེད། ལྷན་ཅིག་ཟ་བར་བྱེད། ལྷན་ཅིག་ཁྱིམ་ན་ཉལ་བར་བྱེད་ན། ཇི་ལྟར་ཡང་རུང་སྟེ། ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གལ་ཏེ་ཞིག་དེ ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་དང་པོའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ་ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ་ཇི་སྟེ་གཏོང་བར་མི་བྱེད་ལ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ། འཐུན་པས་ཆོས་མ་ཡིན ་པར་བྱས་པ་དང་། མི་འཐུན་པས་ཆོས་མ་ཡིན་པར་བྱས་པ་དང་། མི་འཐུན་པས་ཆོས་བཞིན་དུ་པ་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན ་བ་ཇི་ལྟ་བ་བཞིན་དུ་མ་བྱས་ན་ལྟུང་བ་མེད་དོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ་ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ ་བ་དེ་བཞིན་དུ་བྱས་ཀྱང་གནི་དེ་གཏོང་བར་མི་བྱེད་ན་དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས་འཕགས་མ་དག ་@བདག་ལ་དགེ་འདུན་ལྷག་པ་བྱུང་ངོ་ཞེས་བྱ་བའི་ཚིག་སྨྲ་བར་བྱེད་པ་དེ་ལྟ་ན་ལེགས། ཇི་སྟེ་སྨྲ་བར་མི་བྱེད་ན་ཉེས་བྱས་སུ་འགྱུར་རོ།། ་དེས་ལྟུང་བ་མ་འཐོལ་ཅིང་མ་བཤགས་བཞིན་དུ་དེའི་འོག་ཏུ་གསོལ་བ་དང་། གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན། ཐམ ་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་གཉིས་པ་རྫོགས ་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་མཉན་ཡོད་ན། སྔོན་གཞན་མུ་སྟེགས་ཅན་དུ་གྱུར་པ་དགེ་སློང་མ་ནག་མོ་ཞེས་བྱ ་བ་དེ། དགེ་སློང་མ་རྣམས་དང་འཐབས་པ་ན་ཁྲོས་ནས་འདི་སྐད་ཅེས། རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང ་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས ་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་ཟེར་བའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཅག་གིས། དགེ་སློང་མ་ནག་མོ་འམ། གཞན་ཡང་དེ་ལྟ་བུ་དང་འཐུན ་6བ་སུ་ཡང་རུང་བ་དག་ལ་བཞམས་ཏེ་བསྒོ་བར་བྱའོ།། བསྒོ་བ་ཡང་འདི་ལྟར་བྱ་སྟེ། ནག་མོ་ཁྱོད་འཐབས་པ་ན། ཁྲོས་ནས་འདི་སྐད་ཅེས། རེ་ཤིག་ཤཱཀྱའི་བུའི ་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ང་ཡོན་ཏན་དང་ལྡན ་པ་ཡོད་པས་དེ་དག་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག། ནག་མོ་ཁྱོད་ཀྱིས་སྡིག་པ་ཅན་གྱི ་ལྟ་བར་གྱུར་པའི་རྣམ་པ་འདི་ལྟ་བུ་ཐོང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང ་མངོན་པར་ཞེན་ནས། འདི་ཉིད་ལ་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས ་སོ། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས། དགེ་སློང་མ་ནག་མོ་ལ་གསོལ་བ ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ།། བསྒོ་བ་ཡང་འདི་ལྟར་བྱས་སྟེ། གནས་མལ་བཤམ་པ་བྱ་སྟེ། ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱ་སྟེ། ་ལས་བྱའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མིའི་དགེ་འདུན་ཕུན་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་ནག་མོ་འདི་དགེ་སློང་མ་དང་ལྷན་ཅིག་འཐབས ་ནས་ཁྲོས་པ་ན་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན ་གྱིསཿདགེ་སློང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས ་དང་དགེ་འདུན་གཏོང་ངོ་ཞེས་མཆི་བ་དེ་ལ། དགེ་སློང་མ་མང་པོ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆིག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། ་འདི་ནི་བདེན་གྱི་གཞན་ནི་བརྫུན་པའོ།། ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ། དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་དགེ་འདུན་གྱིས་གནང་བར་མཛོད ་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་ནག་མོ་དགེ་སློང་མ་རྣམས་དང་འཐབ་མོ་བགྱིད་པ་ལ། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། ་ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མདོག་བདག་ལ་གསན་དུ་གསོལ། དགེ་སློང་མ་ནག་མོ་འདི་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན ་ཁྲོས་ནས་འདི་སྐད་ཅེས། རེ་ཤིག་ཤཱཀྱའི་བུའི་དགེ་སློང་འདི་དག་འབའ་ཞིག་ཚུལ་ཁྲིམས་དང་ལྔབ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སློང་གཞན་ཡང་ཚུལ་ཁྲིམས ་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མཆི ་ཁ་དེ་ལ། དགེ་སློང་མ་མང་པོ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ནི་བདེན་གྱིས་གཞན་ནི་བརྫུན། ་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་པའི་སླད་དུ། འཕགས་མའི་དགེ་འདུན་གྱིས། དགེ་སློང་མ་ནག་མོ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ ་མཛད་དོ།། དགེ་འདུན་གྱིས་དགེ་སློང་མ་ནག་མོ་ལ་གསོལ་བ་དང་། གཞིའི་ལས་ཀྱིས་བསྒོ་བ་མཛད་པར་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི ་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། གཉིས་པ་དང་གསུམ་པ་ཡང་དེ་བཞིན་དུ་དོན་འདི་ཉིད་བརྗོད་པར་བྱ་སྟེ། ཞེས་བྱ་བ་ནས། ་དགེ་འདུན་གྱིས་བཟོད་ཅིང་གནང་སྟེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། ཞེས་བྱ་བའི་བར་དུའོ།། དེ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན།། ་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་འཛིན་ཅིང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག ་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནས་བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་། ་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན། ཁྲོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང ་ལྡན་པ་མ་ཡིན་གྱི། གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད ་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་།། ཞེས་ཟེར་བའི་དགེ་སློང་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་སློང ་མ་ཁྱོད་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་དང་། ཟོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སློང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ་ཡོན་ཏན་དང་ལྡན་པ་ཡིན་གྱི། དགེ་སློང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ཡོད་པས་དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྲད་པར་ཟད་ཀྱིས། སངས ་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག། དགེ་སློང་མ་ཁྱོད་ཀྱིས་སྡིག་ཅན་གྱི་ལྟ་བར་གྱུར་པའི་རྣམས་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར ་བྱའོ།། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ་བསྒོ་བ་ན། གལ་ཏེ་གཞི་དེ་གཏོང་བ་དེ་ལྟར་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན། ལན་གཉིས་ལན་གསུམ་གྱི་བར་དུ ་དགེ་སློང་མ་དེ་ལ། དགེ་སློང་བ་རྣམས་ཀྱིས་འདི་སྐད་ཅེས་དགེ་སློང་མ་ཁྱོད་དགེ་སློང་མ་རྣམས་དང་ལྷན་ཅིག་འཐབས་པ་ན། ཁྲོས་ནས་འདི་སྐད་ཅེས་རེ་ཤིག་ཤཱཀྱའི་དགེ ་སྤྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་མ་ཡིན་གྱི། དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག ་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་སངས་རྒྱས་གཏོང་ངོ་།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་མ་ཟེར་ཅིག། དགེ་སློང་མ་ཁྱོད་ཀྱིས་སྡིག་པ་ཅན་གྱི་ལྟ་བར་གྱུར ་པའི་རྣམ་པ་འདི་ལྟ་བུ་འདི་ཐོང་ཤིག་ཅེས་བསྒོ་བར་བྱའོ།། དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་དེ་ལ། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ།། ཡང་དག ་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ ་སྟེཿདགེ་འདུན་ལྷག་མར་འགྱུར་རོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། ནག་མོའོ།། འཐབས་པ་ན་ཞེས་བྱ་བ་ནི་ཕྱོགས་གཉིས་སུ་གྱུར་པ་ནའོ།། ཁྲོས་ནས་ཞེས་བྱ་བ ་ནི་ཡིད་མི་བདེ་ནས་སོ།། འདི་སྐད་ཅེས་རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ལ་ཞེས་བྱ་བ་ནི་འདི་དག་ཁོ་ན་ལའོ།། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི།། ་དྲི་སྐད་གསུངས་པའི་ཚུལ་ཁྲིབས་དང་ལྡན་པའོ།། ཡོན་ཏན་དང་ལྡན་པ་ཞེས་བྱ་བ་ནི། ཐོས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའོ།། དགེ་སྦྱོང་གསན་ཡང་ཤེས ་བྱ་བ་ནི་འདི་ལས་ཕྱི་རོལ་ཏུ་གྱུར་པའི་འོ།། དེ་དག་གི་དྲུང་དུ་ཞེས་བྱ་བ་ནི་དེ་དག་གི་ཐང་དུའོ།། ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས་ཞེས་བྱ་བ་ནི། རབ་ཏུ་འབྱུང་བར་ཟད ་ཀྱིས་སོ།། སངས་རྒྱས་གཏོང་ངོ་ཞེས་བྱ་བ་ནི། རྐང་གཉིས་ཀྱི་མཆོག་གོ།། ཆོས་དང་དགེ་འདུན་གཏོང་ངོ་ཞེས་བྱ་བ་ནི། འདོད་ཆགས་དང་བྲལ་བའི་མཆོག་དང་། ་ཚོགས་རྣམས་ཀྱི་མཆོག་གོ།། ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི། ནག་མོའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས། ་འདི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བྱ་བ་ནི། བཞམས་ཏེ་བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བར་བྱའོ།། བཞམས་ཏེ་བསྒོ་བ་ན། གཞི་དེ་གཏོང་བ་དེ་ལྟ་ན་ལེག ་ཞེས་བྱ་བ་ནི། དེ་ལྟ་ན་བཟང་བའོ།། ཇི་སྟེ་གཏོང་བར་མི་བྱེད་ན་ཞེས་བྱ་བ་ནི། སྡིག་པ་ཅན་གྱི་ལྟ་བར་གྱུར་པའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག ་པར་བསྒོ།། ཡང་དག་པར་བསྟན་པ་ན་ཞེས་བྱ་བ་ནི། སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ ་སློང་མ་གང་འཐབས་པ་ན། ཁྲོས་ནས་འདི་སྐད་ཅེས། རེ་ཤིག་ཤཱཀྱའི་བུའི་དགེ་སྦྱོང་འདི་དག་འབའ་ཤིག་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་མ་ཡིན་གྱི། ་དགེ་སྦྱོང་གཞན་ཡང་ཚུལ་ཁྲིམས་དང་ལྡན་པ་ཡོན་ཏན་དང་ལྡན་པ་ཡོད་པས། དེ་དག་གི་དྲུང་དུ་ཚངས་པར་སྤྱོད་པ་སྤྱད་པར་ཟད་ཀྱིས། སངས་རྒྱས་གཏོང་ངོ་།། ཆོས ་དང་དགེ་འདུན་གཏོང་ངོ་ཞེས་ཟེར་ན། ཇི་ལྟར་ཡང་རུང་སྟེ་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གལ་ཏེ་གཞི་དེ་གཏོང་བ་དེ་ལྟ་ན་ལེགས། ཇི ་སྟེ་གཏོང་བ་མི་བྱེད་ན། ཉེས་པ་སྦོམ་པོར་འགྱུར་རོ།། ལས་དང་པོ་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ། ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གཉིས་པའི་ཚིག་བརྗོད་པ་མ་རྫོགས་པར་གལ་ཏེ་གཏོང་བ་དེ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ལ། ་ཚིག་རྫོགས་པར་གྱུར་ན་ཉེས་པ་སྦོམ་པོར་འགྱུར་རོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་མ་རྫོགས་ལ། མཐུན་པས་ཆོས་མ་ཡིན་པ་བྱས་པ་དང་། མི་འཐུན་པས ་ཆོས་མ་ཡིན་པ་བྱས་པ་དང་། མི་མཐུན་པས་ཆོས་བཞིན་དུ་བྱས་པ་དང་། ཆོས་ཇི་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་བཞིན་དུ་མ་བྱས ་ན་ལྟུང་བ་མེད་དོ།། ལས་གསུམ་པའི་ཚིག་བརྗོད་པ་ཡང་རྫོགས་ལ། ཆོས་ཇི་ལྟ་བ་དང་། སྟོན་པས་བསྟན་པ་ཇི་ལྟ་བ་དེ་བཞིན་དུ་བྱས་ཀྱང་གཞི་དེ་མི་གཏོང་བར ་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས། འཕགས་མ་དག་བདག་ལ་དགེ་འདུན་ལྷག་མ་བྱུང་ངོ ་ཞེས་བྱ་བའི་ཚིག་སྨྲ་བར་བྱེད་པ་དེ་ལྟ་ན་ལེགས། ཇི་སྟེ་སྨྲ་བར་མི་བྱེད་ན་ཉེས་བྱས་སུ་འགྱུར་རོ།། དེས་ལྟུང་བ་མ་འཐོལ་ཞིང་མ་བཤགས་བཞིན་དུ་དེ་ནས་འཇུག ་ཐོགས་སུ་གསོལ་བ་དང་། གསོལ་བ་དང་གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་ཉམས་སུ་མྱོང་བར་བྱེད་ན། ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ་ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་གསུམ་པ་རྫོགས་སོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་སྦོམ་དགའ་མོ་དགེ་སློང་མ་ཞིག་དང་ལྷན་ཅིག་འཐབ་ཅིང་གནས། རྩོད་པ་འཛིན་པར་བྱེད་ལ། ་འགྱེད་པར་གྱུར་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་ཕུ་ན་མོ་ཁྱེད་འཐབ་མོ་མ་བྱེད་ཅིག་ཅེས་བསྒོ་བ་ན་དེ་དེ་དག་ལ་ཁྲོས་ནས་འདི་སྐད་ཅེས། གང་གི་ཕྱིར་ཁྱེད་ཅག་ཁོ་མ ་ལ་སྒོ་བར་བྱེད་ལ། གཞན་ལ་ནི་མི་བྱེད་པས། དགེ་སློང་མ་ཁྱེད་ཅག་ན་འདུན་པས་འགྲོ་བའི། ཞེ་སྡང་གིས་འགྲོ་བའོ།། གཏི་ག་མུག་གིས་འགྲོ་བའོ།། ཞེས་ཟེར་བའི ་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པདགེ་སློང་མ་ཁྱེད་ཅག་ནི། སྦོམ་དགའ་མོ་འམ་ཞེས་བྱ་བ་ནས། འཐབ་མོ་མ་བྱེད་ཅིག་ཅེས་བཞམས་ཏེ་བསྒོ་བར་བྱའོ།། དེ་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ ་ནན་གྱིས་ཞེས་བྱ་བ་ནས། གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བའི་བར་དུའོ།། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ་ཉིད་ལནན ་གྱིས་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུའོ།། ཡང་དགེ་སློང་མ་གང་འཐབ་མོ་བྱེད་ཅིང་གནས་ལ། དགེ་སློང་མ་རྣམས་ཀྱིས། པུ་ནུ་མོ་ཁྱོད་འཐབ་མོ་མ་བྱེད ་ཅིག་ཅེས་སྨྲས་པ་ན། དེ་ཁྲོས་ནས་འདི་སྐད་ཅེས། གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྦ་བར་བྱེད་ལ། གཞན་ལ་ནི་སྨྲ་བར་མི་བྱེད་པས། འདི་ནི་དགེ་སློང་མ་ཁ ་ཅིག་འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བར་བྱེད། གཏི་མུག་གིས་འགྲོ་བར་བྱེད། ཞེས་ཟེར་བའི་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། གང་གི་ཕྱིར་འཐབ། ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། གཞན་ལ་ནི་སྨྲ་བེར་མི་བྱེད་པས། འདི་ནི་དགེ་སློང་མ་ཁ་ཅིག་འདུན་པས་ཁྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ ་བའོ།། འཇིགས་པས་འགྲོ་བའོ།། ཞེས་མ་ཟེར་ཅིག། དགེ་སློང་མ་འདི་དག་ནི་འདུན་པས་འགྲོ་བ་མ་ཡིན། ཞེ་སྡང་གིས་འགྲོ་མ་ཡིན། གཏི་མུག་གིས་འགྲོ་བ་མ་ཡིན། ་འཇིགས་པས་འགྲོ་བ་མ་ཡིན་པས། ཁྱོད་ཀྱིས་འདི་སྐད་ཅེས། འདུན་པས་འགྲོ་བའོ།། ཞེ་སྡང་གིས་འགྲོ་བའོ།། གཏི་མུག་གིས་འགྲོ་བའོ།། འཇིགས་པས་འགྲོ་བའོ།། ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་འདི་ཐོང་ཤིག་ཅེས་བརྗོད་པར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པ་ན། གལ་ཏེ་གཞི་དེ་གཏོང་བ་དེ ་ལྟ་ན་ལེགས། ཇི་སྟེ་གཏོང་བར་མི་བྱེད་ན། ཆོས་འདི་ཡང་དང་པོ་ཉིད་ཀྱིས་ལྟུང་བར་འགྱུར་ལ། ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མར་འགྱུར་རོ།། ་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། འཐབ་མོ་བྱེད་ཅིང་གནས་ལ་ཞེས་བྱ་བ་ནི། ཕྱོགས་གཉིས་སུ་གྱུར་པ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས ་འདི་པའི་རྣམས་ཀྱིས་སོ།། ཕུ་ནུ་མོ་ཁྱོད་འཐབ་མོ་མ་བྱེད་ཅིག་ཅེས་བྱ་བ་ནི་ཕྱོགས་གཉིས་སུ་མ་བྱེད་ཅིག་ཅེས་སོ།། ཁྲོས་ནས་ཞེས་བྱ་བ་ནི་ཡིད་མི་བདེ་ནས་སོ།། འདི ་སྐད་ཅེས། གང་གི་ཕྱིར་འཐབ་མོ་བྱེད་པ་ཁ་ཅིག་ལ་ནི་སྨྲ་བར་བྱེད་ལ། ཁ་ཅིག་ལ་ནི་སྨྲ་བར་མི་བྱེད་པས་ཤེས་བྱ་བ་ནས། འཇིགས་པས་འགྲོ་བའི ་ཞེས་བྱ་བའི་བར་དུ་ཟེར་བའི་དགེ་སློང་མ་དེ་ལ་ཞེས་བྱ་བ་ནི། རདུ་ཟེར་པའ་དག་སྤང་མ་ད་ལགས་བྱ་བ་ན། སྦོམ་དགའ་མོ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ་ཆོས་འདི་པའི་རྣམས་ཀྱིས་སོ།། འདི་སྐད་ཅེས་བྱ་བ་ནི་བཞམས་ཏེ་བསྒོ་བ། སྔ་མ་ཇི་ལྟ་བ་བཞིན་དུ་བསྒོ་བའི་བར་བྱའོ།། བཞམས་ཏེ་བསྒོ་བ་ན། དེ་ལྟ་ན་བཟང་བའོ།། ་ཇི་སྟེ་གཏོང་བར་མི་བྱེད་ན་ཞེས་བྱ་བ་ནི། འདུན་པས་འགྲོ་བའོ་ཞེས་བྱ་བ་ལ་སོགས་པའི་ཚིག་དེའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ།། ཡང་དག ་པར་བསྟན་པ་ན་ཞེས་བྱ་བ་ནི། སྔར་གསོལ་བ་དང་བཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་བྱས་ནའོ།། གཞན་ནི་སྔ་མ་བཞིན་དུ། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ ་དུ་དགེ་སློང་མས་དགེ་སློང་མ་རྣམས་ལ་འདི་སྐད་ཅེས། འདུན་པས་འགྲོ་བའོ་ཞེས་སྨྲ་ན་ཉེས་བྱས་སུ་འགྱུར་རོ།། ཞེ་སྡང་གིས་འགྲོའོ།། ཞེས་བྱས་ན་ཉེས་བྱས་སུ ་འགྱུར་རོ།། གཏི་མུག་གིས་འགྲོ་བའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ།། འཇིགས་པས་འགྲོ་བའོ་ཞེས་བྱས་ན་ཉེས་བྱས་སུ་འགྱུར་རོ།། གཞན་ནི་ལྷག་མ་བཅུ ་གཉིས་པ་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་བཞི་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ན་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་གཉིས་འདྲེ་བས་གནས་པར་བྱེད།། དེ་དག་འདྲེ་བས་གནས་པ་ན། རྒོད་པ། ་དང་། རྩེ་བ་དང་། ལུས་ཀྱིས་ཙབ་ཧྲལ་བྱེད་དོ།། དེ་གཉིས་ཤིན་ཏུ་འདྲེ་བས་གནས་པར་བྱེད་པ་ན། དོགས་པའི་གནས་སུ་གྱུར་ཏེ། དགེ་སློང་མ་རྣམས་དོགས་པ་སྐྱེས ་ནས། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ། བུ་ནུ་མོ་ཁྱེད་གཉིས་ཧ་ཅང་འདྲེ་བས་གནས་པར་མ་བྱེད་ཅིག་ཅེས་བསྒོ་བ་ན། དེ་གཉིས་དེ་ཁོ་ན་བཞིན་དུ་འདྲེ་བས་གནས ་བར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དགེ་སློང་མ་ཁྱེད་འདྲེ་བས་གནས་པར་མ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་འདྲེ་བས་གནས་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འཕེལ་ཞིང་འགྲིབ་པ་ཉིད ་དུ་འགྱུར་བར་རིག་པར་བྱའོ།། དགེ་སློང་མ་ཁྱེད་མི་འདྲེ་བས་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཅག་རྣམས་མི་འདྲེ་བས་གནས་པར་བྱེད་ན། དགེ་བ་རྣམས ་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་འགྱུར་བར་རིག་པར་བྱའོ།། ཞེས་བཀའ་སྩལ་བ་ན། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ། འདྲེ་བར་མ་བྱེད་ཅིག་ཅེས་བསྒོ་ན་ཡང་། ་དེ་ཁོ་ན་བཞིན་དུ་འདྲེ་ཞིང་གནས་པར་གྱུར་པའི་སྐབས་ཏེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ ་ཏོ། བཅོམ་ལྡན་འདས་གིས་བཀའ་སྩལ་པ། དགེ་སློང་ས་ཁྱེད་ཅག་གིས། དགེ་སློང་མ་འཆི་ལས་དང་། ཉེ་བའི་འཇིགས་དང་། ་གཞན་ཡང་དེ་ལྟ་བུ་དང་འཐུན་པ་སུ་ཡང་རུང་བ་དག་ལ་བཞམས་ཏེ་བསྒོ་བར་བྱའོ།། བསྒོ་བ་ཡང་འདི་ལྟ་བྱ་སྟེ། དགེ་སློང་མ་རྣམས་ཀྱིས་དེ་གཉིས་ལ་ཁྱེད་ཅག་འདྲ ་བས་གནས་པར་མ་བྱེད་པར། མི་འདྲེ་བས་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་ཅག་མི་འདྲེ་བས་གནས་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འགྲིབ ་ཅིང་འཕེལ་བ་ཉིད་དུ་རིག་པར་བྱའོ་ཞེས་བསྒོ་བར་བྱའོ།། དེ་གཉིས་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་རྨོངས་པའོ་བར་གྱི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དགེ་སློང་མ་ཁྱེད་ཅག་གིས་དགེ་སློང་འཆི་ལྟས་དང་། ཉེ་བའི་འཆི་ལྟས་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་བར་བྱའོ།། བསྒོ་བ་ཡང་འདི་ལྟར་བྱ་སྟེ། ཞེས ་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ་དགེ་སློང་མ་འཆི་ལྟས་དང་ཉེ་བའི་འཆི་ལྟས་འདི། ཧ་ཅང་འདྲེ་བས་གནས་པར་གྱུར་ཏེ། དེ་གཉིས་ལ་དགེ་སློང་མ་མང་པོ་རྣམས་ཀྱིས། ཕུ་ནུ་མོ་ཁྱེད་གཉིས་ཧ་ཅང་འདྲེ ་བས་གནས་པར་མ་བྱེད་པར་ཕུ་ནུ་མོ་ཁྱེད་གཉིས་ལྷན་ཅིག་གནས་པར་མ་བྱེད་ཅིག། ཕུ་ནུ་མོ་ཁྱེད་གཉིས་མི་འདྲེ་བར་གནས་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། ཁྱེད་གཉིས ་མི་འདྲེ་བར་གནས་པར་བྱེད་ན། དགེ་བའི་ཆོས་རྣམས་མི་འགྲིབ་ཅིང་འཕེལ་བ་ཉིད་དུ་འགྱུར་བའི་ཕྱིར་རོ།། ཞེས་དགེ་སློང་མ་དེ་རྣམས་ཀྱིས་དེ་ལ་བཞམས་ཏེ་བསྒོ་བ ་ནཿགཞི་དེ་ཉིད་ལ་ནན་གྱིས་ཞེས་ཞེས་བྱ་བ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་གྱི་སླད་དུ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནང ་བར་མཛོད་ཅིག་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས། མཛད་དོ།། དེའི་གསོལ ་བའོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་བཅུ་པ། ་ལས་ནི་འདི་ལྟར་བྱ་སྟེ། ལན་གསུམ་དུ་བརྗོད་པར་རྒྱས་པར་བྱའོ།། དེ་ལྟར་དེ་དག་ལ་དགེ་སློང་མ་རྣམས་ཀྱིས། གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ། ་ཉིད་ལ་ནན་གྱིས་བྱུང་བ་ནས། འདི་ཁོ་ན་བདེན་གྱི་གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན ་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བ་མཛད་པའི་བར་དུ་སྟེ། ཡང་དགེ་སློང་མ་གང་དག་འདྲེ་བར ་གནས་ཤིང་། དེ་དག་འདྲེས་པར་གནས་པ་ན། རྒོད་པ་དང་། རྩེ་བ་དང་། ལུས་རྩ་བ་ཧྲལ་བྱེད་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས ་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཕུན་མོ་ཁྱེད་འདྲེས་པར་མ་གནས་ཤིག། ཁྱེད་འདྲེས་པར་གནས་ན། དགེ་བའི་ཆོས་རྣམས་ཉམས་པ་ཁོ་ནར་འགྱུར་གྱི། འཕེལ་བ་ནི ་མ་ཡིན་པར་རིག་པར་བྱའོ།། ཁྱེད་པ་དང་དུ་གནས་ན། དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་མ་ཡིན་པར་རིག་པར་བྱའོ།། གལ་ཏེ་དགེ་སློང་མ ་རྣམས་ཀྱིས། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་བརྗོད་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེག། ཇི་སྟེ་ཐ་དད་དུ་མི་གནས་ཀྱི་འདྲེས་པ་ཁོ་ནར་གནས་ན། གཞི་དེ་གཏོང་དུ ་གཞུག་པའི་ཕྱིར། དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་ལན་གཉིས་ལན་གསུམ་དུ་ཡང་དག་པར་སྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས ་ལན་གསུམ་དུ་ཡང་དག་པར་བསྒོ། ཡང་དག་པར་བསྟན་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན། ཆོས་འདི་ཡང་ངེས་པར་འབྱུང་བ་དང་བཅས་པ། ་དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་དག་ཅེས་བྱ་བ་ནི་འཆི་ལྟས་དང་། ཉེ་བའི་འཆི་ལྟས་སོ།། འདྲེས་པར་གནས་པ་ནི་ཚོལ་བ་སྟེ། བསྟན་དང་མལ་དང་ཟས ་ཀྱིས་འདྲེས་པར་གནས་པའོ།། རྒོད་པ་ནི་འཕྱར་བའོ།། རྩེ་བ་ནི་རྩེད་མོའོ།། ལུས་ཀྱིས་རྩ་བ་ཧྲལ་ནི་དགོད་བྲོར་རུང་བའོ།། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི། འཆི་ལྟས ་དང་ཉེ་བའི་འཆི་ལྟས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཞེས་བྱ་བ་ནི་འདི་སྐད་ཅེས་སྨྲ་བར། ་བྱའོ།། ཞེས་བྱ་བ་ནི་ཁྱེད་འདྲེས་པར་གནས་ན། དགེ་བའི་ཕྱོགས་སུ་མི་འགྱུར་བས་ཁྱེད་སོ་སོ་ཐ་དད་དུ་གནས་པར་གྱིས་ཤིག། ཁྱེད་ཐ་དད་དུ་གནས་ན། དགེ་བའི་ཕྱོགས ་འཕེལ་བ་ཁོ་ནར་འགྱུར་བའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་རྣམས་ཀྱིས་སོ།། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་བརྗོད་པ་ན་ཞེས་བྱ་བ་ནི། ་འཆི་ལྟས་དང་། ཉེ་བའི་འཆི་ལྟས་དག་ལ་ཇི་ལྟར་སྔར་བཞམས་ཏེ་བསྒོ་ནའོ།། གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཞེས་བྱ་བ་ནི། དེ་ལྟ་ན་བཟུང་བྱའོ།། གཞི་དེ་གཏོང་དུ ་གཞུག་པའི་ཕྱིར། ལན་གཉིས་ལན་གསུམ་དུ་ཇི་ལྟར་སྔར་བསྒོ་བ་བཞིན་གསོལ་བ་དང་། བཞིའི་ལས་ཀྱིས་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་བ་སྟེ། ་ཡང་དག་པར་བསྒོ་བ་ནི་འདི་ཡིན། ཡང་དག་པར་བསྟེན་པ་ནི་འདི་ཡིན། ཆོས་འདི་ཡང་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སླར་གསུངས་པའོ།། ངེས་པར་འབྱུང ་བ་དང་བཅས་པ་ནི་རྟོན་པར་བྱ་བ་དང་། བཅས་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དུ་ཅུང་ཟད་དགེ་སློང་མ་དག་ཐ་དད་དུ་གནས་པར་གྱིས་ཤིག། ཅེས་བརྗོད ་བ་ལས་འདྲེས་པར་གནས་ན། ཐམས་ཅད་དུ་ཉེས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ལས། མཉན་ན་སྦོམ་པོར་འགྱུར་རོ།། རིམ་པ་གཞན་ནི་ཇི་ལྟ་སྔར་དགེ་འདུན་ལྷག ་མ་བཅུ་གཉིས་པ་ལས་བཤད་པ་བཞིན་ནོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་བཅོ་ལྔ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དེ་སྐད་ཅེས་བཀའ་སྩལ་པ་དང་། དགེ་སློང་མ་དེ་དག་ཐ་དད་དུ་གནས་སོ།། ཐ་དད་དུ་གནས་པ་དེ་དག་ལ། སྦོམ་དགའ་མོས་སྦས་པ། ་ཁྱེད་ཅིའི་ཕྱིར་ཐ་དད་དུ་གནས། ཁྱེད་ཚུར་འདྲེས་པར་གནོས་ཤིག། བཅོམ་ལྡན་འདས་ཀྱིས་འབེལ་བའི་གཏམ་གཏན་ལ་འབེབས་པས་ཤེས་རབ་འཕེལ་བར་འགྱུར་བར ་མ་གསུངས་སམ། དེ་ལྟར་ཁྱེད་འདྲེས་པར་གནས་པ་ན། དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ།། སྐབས་དེ་དགེ་སློང ་དག་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ་མོ་ལ་བཞམ ་ཏེ་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། སྦོམ་དགའ་མོ་ཁྱོད་དགེ་སློང་མ་རྣམས་ཐ་དད་དུ་གནས་ཤིང་། ཐ་དད་དུ་གནས་པ་དེ་དག་གི་དགེ་བའི་ཆོས་རྣམས་འཕེལ་བ ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་ཤེས་བཞིན་དུ་དེ་དག་ལ་འདི་སྐད་ཅེས། ཁྱེད་འདྲེས་པར་གནོས་ཤིག། ཁྱེད་འདྲེས་པར་གནས་ན། དགེ་བའི་ཆོས་རྣམས་འབེལ ་བ་ཁོ་ནར་འགྱུར་གྱི། ཉམས་པར་ནི་མ་ཡིན་ནོ་ཞེས་མ་སྨྲ་ཤིག། ཅེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་སྦོམ་དགའ་མོ ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ནས ་ལས་བྱ་བའི་བར་དུའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། སྦོམ་དགའ་མོ་འདི་དགེ་སློང་མ་ཐ་དད་དུ་གནས་པ ་རྣམས་ཀྱི་དྲུང་དུ་མཆིས་ནས། འདི་སྐད་ཅེས་དགེ་སློང་མ་ཁྱེད་ཐ་དད་དུ་མ་གནས་པར། ཁྱེད་འདྲེས་པར་གནོས་ཤིག། ཁྱེད་འདྲེས་པར་གནས་ན། དགེ་བའི་ཆོས་རྣམས་འཕེལ ་བ་ཁོ་ནར་འགྱུར་གྱི། ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ།། ཞེས་འཆི་སྟེ་དེ་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། ་གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུ་སྟེ། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་གང་ལགས་པ་མཛད་དོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། ཞེས་བྱ་བ་ནས། གསོལ་བ་དང་བཞིའི ་ལས་ཀྱིས་ལན་གསུམ་གྱི་བར་དུ་བསྒོ་ན། ནན་གྱིས་མཆིག་ཏུ་ཞེས་བྱ་བ་ནས། གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ ་སློང་རྣམས་ལ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་བ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། བསླབ་པ་བཅའ་བ་མཛད་པའི་བར་དུ་སྟེ། ཡང་དགེ་སློང་མ་གང་ཞིག་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་། རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩ་བ ་ཧྲལ་བྱེད་པར་ཤེས་བཞིན་དུ་དེ་དག་ཐ་དད་དུ་གནས་པ་ལ་འདི་སྐད་ཅེས་ཕུ་ནུ་མོ་ཁྱེད། འདྲེས་པར་གནོས་ཤིག། ཁྱེད་འདྲེས་པར་གནས་ན་དགེ་བའི་ཆོས་རྣམས་འཕེལ་བ་ཁྱོ ་ཐ་དད་དུ་མ་གནས ་ནར་འགྱུར་གྱི་འགྲིབ་པ་ནི་མ་ཡིན་པར་རིག་པར་བྱའོ།། ཞེས་ཟེར་ན་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་བརྗོད་པར་བྱ་སྟེ། དགེ་སློང་མ་འདྲེས་པར ་གནས་ཤིང་རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་རྩ་བ་ཧྲལ་བྱེད་པ་ལས་ཐ་དད་དུ་གནས་ལ་འདི་སྐད་ཅེས་ཁྱེད་འདྲེས་པར་གནོས་པ་ཐ་དད་དུ་མ་གནས་ཤིག་ཅེས་མ་ཟེར ་ཅིག། དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བརྗོད་པ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས ་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་ཏེ། གཞི་དེ་གཏོང ་ན་དེ་ལྟ་ན་ལེགས། གལ་ཏེ་མ་གཏོང་ན་ལན་གསུམ་ཞེས་བྱ་བ་ནས། ཆོས་འདི་ཡང་ངེས་པར་འབྱུང་བ་དང་བཅས་པ། དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཞིག ་ཅེས་བྱ་བ་ནི། སྦོམ་དགའ་མོའོ།། དགེ་སློང་མ་གང་དག་ཅེས་བྱ་བ་ནི། འཆི་ལྟས་དང་ཉེ་བའི་འཆི་ལྟས་དང་། རྒོད་པ་ནི་འཕྱར་པའོ།། བརྩེ་བ་ནི་རྩེད་མོའོ།། ལུས ་ཀྱི་རྩ་བ་ཧྲལ་ནི་དགོད་བྲོར་རུང་བའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སམ། གཞན་གྱིས་དེ་ལ་བརྗོད་ནས་སོ།། ཐ་དད་དུ་གནས་པ་དེ་དག་ལ་ཞེས་བྱ་བ་ནི། ་སོ་སོར་གནས་པ་ལའོ།། འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི། སྨྲ་ནའོ།། བུ་ནུ་མོ་ཁྱེད་ཅེས་བྱ་བ་ནི། འཆི་ལྟས་དང་ཉེ་བའི་འཆི་ལྟས་སོ།། ཐ་དད་དུ་མ་གནས་པར་ཞེས་བྱ ་བ་ནི་སོ་སོར་རོ།། བྱེད་འདྲེས་པར་གནོས་ཤིག་ཅེས་བྱ་བ་ནི་ཚོལ་བར་རོ།། ཁྱེད་འདྲེས་པར་གནས་ན་ཞེས་ཚོལ་བར་རོ།། དགེ་བའི་ཆོས་རྣམས་འཕེལ་བ་ཁོ་ནར་འགྱུར ་གྱི། ཉམས་པ་ནི་མ་ཡིན་པར་རིག་པར་བྱའོ་ཞེས་བྱ་བ་ནི་དགེ་བའི་ཕྱོགས་འཕེལ་བ་ཁོ་ནར་འགྱུར་གྱི་ཉམས་པ་ནི་མ་ཡིན་པའོ།། དགེ་སློང་མ་དེ་ལ་ནི་ཞེས་བྱ་བའི་སྦོམ ་དགའ་མོ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདྲི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བརྗོད་པར་བྱ་སྟེ་ཞེས་བྱ་བ་ནི་བཞམས་ཏེ་ཇི་སྐད་སྔར་བསྒོ་བ་བཞིན ་བསྒོ་བར་བྱའོ།། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ།། གལ་ཏེ་མི་གཏོང་ན་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག ་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ་ཞེས་བྱ་བ་ནི་གསོལ་པ་དང་བཞིའི་ལས་ཀྱིས་ཇི་ལྟར་སྔར་བསྒོ་བ་ལྟར་རོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་ཏུ ་ཅུང་ཟད་དགེ་སློང་མ་གང་དག་འདྲེས་པར་གནས་ཤིང་། རྒོད་པ་དང་། རྩེ་བ་དང་། ལུས་ཀྱིས་རྩ་བ་ཧྲལ་བྱེད་པར་ཤེས་བཞིན་དུ ་དེ་དག་ཐ་དད་དུ་གནས་པ་ལ་འདི་སྐད་ཅེས་ཁྱེད་ཐ་དད་དུ་མ་གནས་པར་ཁྱེད་འདྲེས་པར་གནོས་ཤིག། ཅེས་སྦས་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། དགེ་སློང་མའི་རྣམ ་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་དྲུག་པ་རྫོགས་སྷོ།། །། བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ། ཀ་ལན་ད་ཀ་གནས་པ་ན ་བཞུགས་ཏོ།། དེའི་ཚེ་མུ་གེ་མི་བཟད་པ། དགོན་པ་སློངས་མོ་བས་ཟས་རྙེད་པར་དཀའ་བ་བྱུང་སྟེ། དགེ་སློང་གང་ཞིག་རྫུ་འཕྲུལ་ཐོབ་པ་དེ་ནི། གང་གི་མིང་འཛམ་བུ་ཞེས ་བྱ་བས་འཛམ་བུའི་གླིང་དུ་ཤེས་པ་དེར་སོང་ནས། ཤིང་འཛམ་བུའི་སྙེམ་ཁ་དོག་དང་དྲི་དང་རོ་དང་ལྡན་པ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ། ཁྱེར་ནས། བདག་ཉིད་ཀྱང ་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། ཤིང་འཛམ་བུའི་སྙེ་མ་ལྟ་བ་བཞིན་དུ། ཤིང་བིལ་བ་དང་། ་སྐྱུ་རུ་ར་དང་། ཀ་བིད་པའི་སྙེ་མ་རྣམས་ཀྱིས་ལྷུང་བཟེད་བཀང་སྟེ་ཁྱེར་ནས་བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་ཡོད་པ་དག་ལ་ཡང་བགོ ་བཤའ་བྱེད་དོ།། དེ་བཞིན་དུ་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་གི་ནང་དུ་ཡང་སོང་། སུམ་ཅུ་རྩ་གསུམ་པའི་ལྷ་དག་གི་ནང་དུ་ཡང་སོང་ནས། བདུད་རྩི་དག་གིས་ལྷུང་བཟེད་བཀང ་སྟེ་ཁྱེར་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། དེ་བཞིན་དུ་བྱང་གི་སྒྲ་མི་སྙན་གྱི ་གླིང་དུ་སོང་ནས་མ་རྨོས་མ་བཏབ་པའི་འབྲས་ས་ལུའི་ཆན་གྱིས་ལྷུང་བཟེད་བཀང་སྟེ། ཁྱེར་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད། ཚངས་པ་མཚུངས་པར་སྤྱོད་པ ་ཡོད་པ་དག་ལ་ཡང་། བགོ་བཤའ་བྱེད་དོ།། དེ་བཞིན་དུ་ཤར་གྱི་ལུས་འཕགས་དང་། བ་ལང་སྤྱོད་དུ་ཡང་སོང་བ་ནས། ཡུལ་གང་དག་འབྱོར་པ་དང་། རྒྱས་པ་དང་། བདེ ་བ་དང་། ལོ་ལེགས་དང་། སྐྱེ་བོ་དང་མི་མང་པོས་གང་བ་དེ་དག་ཏུ་ཡང་སོང་ནས། བཟའ་བ་དང་། བཅའ་བ་གཙང་ཞིང་གསོད་པ། ཁ་དོག་དང་། དྲི་དང་། རོ་དང་ལྡན་པས ་ལྷུང་བཟེད་བཀང་སྟེ། ཁྱེར་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤོང་། ཚངས་པ་མཚུངས་པར་སྤྱོད་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱེད་དོ།། དེ་ནས་ལྷས་བྱིན་འདི ་སྙམ་དུ་སེམས། ད་ལྟ་མུ་གེ་མི་བཟད་པ་དགོན་སློངས་མོ་པས་ཟས་རྙེད་པར་དཀའ་བ་བྱུང་ངོ་སྙམ་མོ།། ཡང་ལྷས་བྱིན་འདི་སྙམ་དུ་སེམས་ཏེ། བདག་གིས་ཀྱང་རྫུ་འཕྲུལ ་ཐོབ་པར་བྱས་ལ། བདག་ཀྱང་གང་གི་མིང་འཛམ་བུ་ཞེས་བྱ་བས། འཛམ་བུ་གླིང་དུ་ཤེས་པ་དེར་སོང་ལ། ཤིང་འཛམ་བུའི་སྙི་མ་ཁ་དོག་དང་། དྲི་དང་། རོ་དང་ལྡན་པ་རྣམ ་ཀྱིས་ལྷུང་བཟེད་བཀང་སྟེ། བསླངས་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ། ཚངས་པ་མཚུངས་པར་སྤོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱའོ།། ། ་དེ་བཞིན་དུ་ཡུལ་གང་དག་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པ་དང་། སྐྱེ་བོ་དང་། མི་མང་པོས་གང་བ་དེ་དག་ཏུ་ཡང་སོང ་ལ། བཟའ་བ་དང་བཅའ་བ་གཙང་ཞིང་བསོད་པ་ཁ་དོག་དང་། དྲི་དང་། རོ་དང་ལྡན་པས་ལྷུང་བཟེད་བཀང་སྟེ་བླངས་ནས། བདག་ཉིད་ཀྱང་ཡོངས་སུ་ལོངས་སྤྱོད་པར་བྱ།། ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་ཡོད་པ་དག་ལ་ཡང་བགོ་བཤའ་བྱའོ་སྙམ་མོ།། ཡང་ལྷས་སྦྱིན་འདི་སྙམ་དུ་སེམས་ཏེ། མ་ལ་བདག་བཅོམ་ལྡན་འདས་ག་ལ་བ ་དེར་འགྲོའོ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ནས། ཕྱོགས་གཅིག་ཏུ་འདུག་གོ།། ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་ལྷས་སྦྱིན་གྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། ་བདེ་བར་གཤེགས་པ་བདག་ལ་རྫུ་འཕྲུལ་གྱི་ལམ་བསྟན་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་སྤྲིན་གྱི་འདོད་པ་སྡིག་པ་ཅན་དུ་གྱུར་པ་ཐུགས་སུ་ཆུད་ནས། ལྷས ་སྦྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལྷས་སྦྱིན་རེ་ཤིག་ལྷག་པའི་ཚུལ་ཁྲིམས་ལ་བརྩོན་པར་གྱིས་ཤིག་དང་ཁྱེད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ།། ་ལྷག་པའི་སེམས་དེང་ལྷག་པའི་ཤེས་རབ་ལ་བརྩོན་པར་གྱིས་ཤིག་དང་། ཁྱོད་ལ་རྫུ་འཕྲུལ་དང་། གཞན་ཡང་འབྱུང་བར་འགྱུར་རོ།། དེ་ནས་ལྷས་སྦྱིན་འདི་སྙམ་དུ་སེས ་ཏེ། བཅོམ་ལྡན་འདས་བདག་ལ་རྫུ་འཕྲུལ་གྱི་ལམ་མི་སྟོན་ནོ་སྙམ་དུ་རིག་ནས། ལྷས་སྤྲིན་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་དེ་ནྱག་ལ་བ་དེར་སོང་སྟེ་ཕྱིན་ནས། ཀུན་ཤེས ་ཀོའུ་དི་རྒྱལ་འདི་སྐད་ཅེས་སྨྲས་སོ།། གནས་བརྟན་བདག་ལ་རྫུ་འཕྲུལ་གྱི་ལམ་སྟོན་ཅིག། དེ་ནས་ཚེ་དང་ལྡན་པ་ཀུན་ཤེས་ཀོའུ་ནྱ་བཅོམ་ལྡན་འདས་ཀྱི་ཐུགས་ལ་རྣམ་པར ་ལྟས་ཏེ། དེའི་འདོད་པ་སྡིག་པ་ཅན་དུ་གྱུར་པར་རིག་ནས། ལྷས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ།། ལྷས་སྦྱིན་གཟུགས་ཚུལ་བཞིན་དུ་ཡིད་ལ་གྱིས་ཤིག་དང་། ཁྱོད་ལ ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ།། རྣམ་པར་ཤེས་པའི་བར་ཚུལ་བཞིན་ཡིད་ལ་གྱིས་ཤི་དང་། ཁྱོད་ལ་རྫུ་འཕྲུལ་དང་གཞན་ཡང་འབྱུང་བར་འགྱུར་རོ།། ་ཞེས་བྱ་བ་ནས། ལྷས་བྱིན་གྱིས་འོད་སྲུངས་སྟོབས་བཅུ་པ་ལས། རྫུ་འཕྲུལ་བསྒྲུབས་ཏེ། དེ་གཅིག་ཏུ་གྱུར་ནས་དུ་མར་འགྱུར་ཞེས་བྱ་བའི་བར་དུའོ།། རེ་ཤིག་ན་སེམས ་ཡོངས་སུ་གཏུགས་པ་དེ་ལ་འདོད་པ་སྡིག་པ་ཅན་དུ་གྱུར་པ་འདི་ལྟ་བུ་བྱུང་སྟེ། དེ་ལྟར་བཅོམ་ལྡན་འདས་འགྲེས་ལ་ཁོགས་གཏུགས་པས་འཁོར་བཞི་པོ་ལ་གདམས་པ ་མཉེལ་བས། ཀྱེ་མ་བཅོམ་ལྡན་འདས་ཀྱིས། དགེ་སློང་གི་དགེ་འདུན་བདག་ལ་བཏད་དེ། བདག་གིས་དགེ་སློང་གི་དགེ་འདུན་ཡོངས་སུ་དྲང་ཞིང་བཅོམ་ལྡན་འདས་ནི ་མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་ལྔ་རྗེས་སུ་བརྩོན་ཞིང་ཐུགས་ལས་ཆུང་ངུར་བཞུགས་ཀྱང་ཅི་མ་རུང་སྙམ་མོ།། ཇི་ཙམ་ན་ལྷས་བྱིན་བཅོམ་ལྡན་འདས ་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ད་ལྟར་བགྲེས་འཁོགས་ཞེས་བྱ་བ ་ནས། མཐོང་བའི་ཆོས་ལ་བདེ་བར་གནས་པའི་རྣལ་འབྱོར་ལ་རྗེས་སུ་བརྩོན་ཞིང་ཞེས་བྱ་བའི་བར་དུའོ།། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ལྷས་བྱིན་ལ ་འདི་སྐད་ཅེས་བཀའ་སྩལ་ཏོ།། སྐྱེས་བུ་གཏི་མུག་ངས་རེ་ཤིག་ཚངས་པ་མཚུངས་པར་སྤྱོད་པ། དེས་པ་ཤཱ་རིའི་བུ་དང་མེའུ་འགལ་གྱི་བུ་དག་ལ་ཡང་དགེ་སློང་གི་དགེ་འདུན ་མི་གཏང་ན། མཆིལ་མ་འཐུང་པ་རོ་ལྟ་བུ་ཁྱོད་ལ་ལྟེ་སྨོས་ཀྱང་ཅི་དགོས། དེ་སྐད་ཅེས་བཀའ་སྩལ་པ་དང་། ལྷས་བྱིན་འཁོས་འཁྲུགས་ནས། མགོན་ལན་གསུམ་བཅོགས ་ཏེ་མཇལ་ཏོ་ཞེས་བྱས་ནས། བཅོམ་ལྡན་འདས་ཀྱིས་སྤྱན་སྔ་ནས་སོང་ངོ་།། དེ་ནས་ལྷས་སྦྱིན་དེ་ཕྱིན་ཅད་དགེ་སློང་གི་དགེ་འདུན་གྱི་དབེན་བྱ་བར་བརྩམས་སོ།། དེའི་ཚེ་དགེ ་སློང་མ་སྦོམ་དགའ་མོ་ཞེས་བྱ་བས་ཀྱང་དགེ་སློང་མའི་དགེ་འདུན་གྱི་དབེན་བྱ་བར་འབད་པ་བརྩམས་པ་དང་། དགེ་སློང་མ་རྣམས་ཀྱིས་དེ་འབད་པ་བརྩོམ་པར་འཕྲིགས ་སོ། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལེ་སྨྲས་སོ།། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། དགེ་སློང་མ་ཁྱེད་ཀྱིས་སྦོམ་དགའ་མོ་ལ་བཞམས་ཏེ་བསྒོ་ཤིག། བཞམས་ཏེ་བསྒོ་བ་ཡང་འདི་ལྟར་བྱ་སྟེ། སྦོམ་དགའ་མོ་ཁྱོད་དགེ་སློང་མའི་དགེ་འདུན་འཐུན ་པ་དབྱེ་བའི་ཕྱིར་མ་འཇུག་ཅིག། དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བཟུང་ནས། རབ་ཏུ་འཛིན་ཅིང་མ་འདུག་ཤིག། སྦོམ་དགའ་མོ་ཁྱོད་དགེ་འདུན་དང་འཐུན ་བར་གྱིས་ཤིག། དགེ་འདུན་འཐུན་མི་བྱེད། ཀུན་ཏུ་དགའ་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་རྒྱ་དང་རོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན ་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། སྦོམ་དགའ་མོ་ཁྱོད་ཀྱིས་དགེ་འདུན་གྱི་དབྱེན་བྱེད་པའི་གཞི་དེ་ལྟ་བུ་ཐོང་ཤིག། དེ་ལ་དེ་སྐད་དུ་བཞམ ་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ཕྱིར་ཞིང་ནན་གྱིས་མཆོག་ཏུ་བཟུང་ནས་འདི་ཁོ་ན་བདེན་གྱི། གཞན་ནི་རྨོངས་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་སོ།། དགེ་སློང་མ་དེའི་གྲོགས ་མོ་རྣམས་ཀྱང་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་ཟེར་ཏེ། བུ་ནུ་མོ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་། ཅུང་ཟད་ཀྱང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། ་དགེ་སློང་མ་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་སྟེ། འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་། རྗེས་སུ་ཐ་སྙད་འདོགས་པས། དགེ་སློང་མ ་འདི་ཤེས་བཞིན་དུ་སྦའི། མི་ཤེས་པར་ནི་མ་ཡིན་ནོ།། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། ངེད་ཀྱང་འདོད་ཅིང་བཟོད་དོ།། དེ་ནས་དགེ་སློང་མ་རབ་ཏུ་མང ་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ་བཅོམ་ལྡན་འདས་བདག་ཅག་གིས་སྦོམ་དགའ་མོ་ལ། བཞམས་ཏེ་བསྒོ་ལགས་ཏེ། དེ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས། ་བྱ་བ་ནས། གཞན་ནི་རྨོངས་པའོ་ཞེས་བྱ་བའི་བར་དུའོ།། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས་མཆི་སྟེ། ཕུ་ན་མོ་ཁྱོད་དགེ་སློང་མ་འདི་ལ་ཅུང་ཟད་ཀྱང་མ་སྨྲ་ཤིག། ཅེས་བྱ་བ་ནས། ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་བྱ་བའི་བར་དུའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་དགེ་སློང་མ་དེ་དང་། གཞན་ཡང་དེ་ལྟ་བུ་དག་ལ་བཞམ ་ཏེ་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱེད་དགེ་སློང་མ་གང་ཞིག་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས ་ནས་རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་པར་ཕུ་ན་མོ་དག་དགེ་འདུན་འབྱེད་པའི་རྗེས་སུ་འབྲང ་བ་མི་འཐུན་པར་སྨྲ་བ་འདི་ལྟ་བུ་ཐོང་ཤིག། དགེ་སློང་མ་རྣམས་ཀྱིས་དེ་སྐད་དུ་སྨྲ་བ་ན། གལ་ཏེ་ཞེས་བྱ་བ་ནས། གཞི་དེ་ཉིད་ལ་ཞེས་བྱ་བ་དང་། གཞན་ནི་རྨོངས་པ་ཞེས་བྱ ་བའི་བར་དུའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་རྣམས་ལ་སྨྲས་སོ།། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དགེ་སློང་ཁྱེད་ཀྱིས་སྦོམ་དགའ་མེ་ལ། གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས ་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་སྦོམ ་དགའ་མོ་འདི་དགེ་འདུན་འཐུན་པ་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་མཆིས་ནས། འདི་ལ་དགེ་སློང ་མ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་། མངོན་པར་ཞེན་ནས་འདི་ཉིད ་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་ཕུ་ནུ་མོ་སྦོམ་དགའ་མོ་ཁྱོད་དགེ་འདུན་འཐུན་པ་དབྱེ་བའི་ཕྱིར་མ་འཇུག ་ཤིག། དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་མ་འདུག་ཤིག། ཕུ་ནུ་མོ་ཁྱོད་དགེ་འདུན་འཐུན་པར་གྱིས་ཤིག། དགེ་འདུན་འཐུན ་ཞིང་མི་ཕྱེད་ལ་ཀུན་ཏུ་དགའ་ཞིང་མི་ཐོད་དེ་རྩེ་གཅིག་ལ། འདོན་པ་གཅིག་ཅིང་རུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། ་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། བུ་ནུ་མོ་སྦོམ་དགའ་མོ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་ཐོང་ཤིག། ཅེས་གསོལ་བ་དང་བཞིའི་ལས་ཀྱི། ་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ།། ་སྦོམ་དགའ་མོ་འདི་དགེ་འདུན་དབྱེ་བའི་སླད་དུ་ཞུགས་ཏེ། དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་བསྒྲུབ་སྟེ། འདི་ལ་དགེ་སློང་མ ་མང་པོས་བཞམས་ཏེ་བསྒོ་ན། འདི་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན ་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པ། དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ཁྱོད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་མ་འཇུག ་ཤིག། དབྱེ་བར་བྱ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་མ་འདུག་ཤིག། སྦོམ་དགའ་མོ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན ་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་བརྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། ་བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། སྦོམ་དགའ་མོ་ཁྱོད་དགེ་འདུན་འབྱེད་པར་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིག། ཅེས་དགེ་སློང་མ་སྦོམ་དགའ་མོ་ལགས་ལ ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་ན་ཚེ་དང་ལྡན་པ་གང་དག་དགེ་སློང་མ་སྦོམ་དགའ་མོ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བར་མཛད་པར་བཟོད་པ་དེ་དག་ནི ་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ།། འཕགས ་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས་འཕགས་མའི་དགེ་འདུན་གྱིས་སྦོམ་དགའ་མོ་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང ་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ལ་དེ་ལྟར་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཤེས་བྱ་བ་ནས་འདི་ཉིད་བདེན་གྱི་གཞན་ནི་རྫུན ་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་པོ།། དེའི་གྲོགས་མོ་དགེ་སློང་མ་དེ་དག་ཀྱང་དགེ་སློང་མ་དེ་རྣམས་ལ་དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང ་རུང་ཅི་ཡང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་འདུལ་བ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་ཤེས ་བཞིན་དུ་སྨྲ་བ་ཡིན་གྱི་མི་ཤེས་པར་ནི་མ་ཡིན་ནོ།། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་སྨྲས་སོ།། དེ་ནས ་དགེ་སློང་མ་རབ་ཏུ་མང་པོ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་གིས་སྦོམ་དགའ་མོ་ལ་གསོལ་བ་དང་། བཞིའི་ལས་ཀྱིས་བསྒོ་ཡང་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། ་འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་བགྱི་བའི་བར་དུ་རྗེས་སུ་བསྒྲུབ་ཅིང་དེའི་གྲོགས་མོ་དགེ་སློང་མ་དེ་དག་ཀྱང་དགེ་སློང་མ་རྣམས་ལ། ་དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཤིག། ཅེས་བགྱི་བ་ནས། ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་མཆིའོ།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་དགེ་སློང་མ་དེ་དག་ལ་ཡང་བཞམས་ཏེ་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ ་འདུན་མཐུན་པ་དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པར་ཤེས་བཞིན་དུ་དེའི་གྲོགས་བྱེད་ཅིང་མི་འཐུན་པར་སྨྲ་བའི་རྗེས་སུ ་ཕྱོགས་པར་མ་བྱེད་ཅིག། དགེ་སློང་མ་རྣམས་ལ། དགེ་སློང་མ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་ས་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ ་འདི་ནི་ཆོས་སྨྲ་ཞིང་འདུལ་བ་ལ་སྨྲ་བ་ལ། འདི་ནི་ཆོས་དང་འདུལ་བ་ཡང་དག་པར་བཟུང་ནས་རབ་ཏུ་འཛིན་ཅིང་རྗེས་སུ་བསྒྲུབ་པའོ།། དགེ་སློང་མ་འདི་ནི་ཤེས་བཞིན ་དུ་སྨྲ་བའི། མི་ཤེས་པར་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ངེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་ཅེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ་དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན་ཞིང་། འདུལ་བ་སྦ་བ་ཡིན་གྱི། དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་ཞིང་། འདུལ་བ་མ་ཡིན་པ་སྨྲ་བ་ཡིན་ལ་དགེ་སློང་མ་འདི་ནི། ་ཆོས་མ་ཡིན་པ་དང་འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྤའི། ཤེས་པར་ནི་མ་ཡིན ་གྱིས། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་ཁྱེད་འདོད་པ་དང་བཟོད་པར་མ་བྱེད་ཅིག། ཕུ་ནུ་མོ་ཁྱེད་དགེ་འདུན་འབྱེད་འདོད་པར་མ་བྱེད་ཅིག། ཕུ་ནུ་མོ་དག་དགེ ་འདུན་མཐུན་པ་ཉིད་དུ་འདོད་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད་ལ། ཀུན་ཏུ་དགའ་མི་རྩོད་དེ་རྩེ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི ་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། ཕུ་ནུ་མོ་དག་དགེ་འདུན་འབྱིད་པ་ལ་ཕྱོགས་པ་མི་འཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག། གལ་ཏེ ་དགེ་སློང་མ་དེ་དག་ལ་དེ་སྐད་ཅེས་བསྒོ་ཡང་། གཞི་དེ་ཉིད་ལ་ནན་གྱིས་ཤེས་བྱ་བ་ནས། གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་པའོ།། སྐབས་དེ་དགེ་སློང་མ་རྣམས ་ཀྱིས་དགེ་སློང་རྣམས་ལ་བརྗོད་ཅིང་། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་གྲོགས ་བྱེད་པ་དེ་དག་དང་། གཞན་ཡང་དེ་ལྟ་བུའི་རང་བཞིན་ཅན་རྣམས་ལ། གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཞམ་པ་བྱས ་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱ་བའི་བར་དུའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། རྗེས་སུ ་ཕྱོགས་པ་འདི་དག་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་ཞུགས་ཏེ་དབྱེ་བའི་སླད་དུ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན ་ཅིང་རྗེས་སུ་སྒྲུབ་པར་འཚལ་བཞིན་དུ། དེའི་གྲོགས་བགྱིད་ཅིང་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་བགྱིད་ནས། དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ ་བསྒོ་ཡང་གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་ན། དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་གྲོགས་བགྱིད་པ ་དག་ལ། དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ། དེའི་གྲོགས ་བྱེད་ཅིང་མི་འཐུན་པ་སྨྲ་བའི་རྗེས་སུ་ཕྱོགས་ནས་དེ་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ཞེས་བྱ་བ་ནས། གཞན་ནི་བརྫུན་པའོ།། ཞེས ་བྱ་བའི་བར་དུ་རྗེས་སུ་བསྒྲུབ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ ་སློང་མའི་གྲོགས་བགྱིད་པ་འདི་དག་ལ། དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་དབྱེ་བའི་ཕྱིར་ཞུགས་ཏེ། དགེ་འདུན་དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ ་འཛིན་ཅིང་འདུག་པར་ཤེས་བཞིན་དུ། དེའི་གྲོགས་བྱེད་ཅིང་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག། ཕུ་ནུ་མོ་མི་འཐུན་པར་སྨྲ་བ་འདི་ལྟ་བུ་འདི་ཐོང་ཤིག། ་དགེ་འདུན་འཐུན་མི་ཕྱེད་ལ། ཀུན་ཏུ་དགའ་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་། ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར ་བྱེད་ན། བདེ་བ་ལ་རེག་པར་འགྱུར་རོ་ཞེས་གསོལ་བ་དང་གཞིའི་ལས་ཀྱི་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕྲ ་ནུ་མོ་རྣམས་བདག་ལ་གསན་དུ་གསོལ། དགེ་སློང་མ་རྗེས་སུ་ཕྱོགས་པ་འདི་དག་ནི། དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་སླད་དུ་ཞགས་ཏེ། དབྱེ་བའི་སླད་དུ ་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་མཆིས་པར་འཚལ་བཞིན་དུ་གྲོགས་བགྱིད་ཅིང་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས་དེ་དག་ལ་དགེ་སློང་མ ་མང་པོས་རབ་ཏུ་བཞམས་ཏེ་བསྒོ་ཡང་། གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་ན། དེའི་སླད་དུ། འཕགས་མའི་དགེ ་འདུན་གྱིས་དགེ་སློང་མ་ཁྱེད་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་འདུག་པར་ཤེས་བཞིན་དུ་དེའི་གྲེག ་བྱེད་ཅིང་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པར་མ་བྱེད་ཅིག། ཕུ་ནུ་མོ་དགེ་འདུན་གྱི་དབྱེན་མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ་ཟོང་ཤིག་ཅེས་གསོལ་བ ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་ན། འཕགས་མའི་དགེ་འདུན་གང་དག་དགེ་སློང་མ་འདི་དག་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་པ་དེ ་དག་ནི་ཅང་མི་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་ལན ་གསུམ་དུ་བརྗོད་པར་བྱ་བ་ནས། འཕགས་པའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་གྲོགས་བགྱིད་པ་དག་ལ་གསོལ ་བ་དང་། གཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། ཞེས་བྱ་བའི་བར་དུའོ།། དེ་དག་ལ་གསོལ་བ་དང་གཞིའི ་ལས་ཀྱིས་བསྒོ་ཡང་། གཞི་དེ་ཉིད་ལ་ཞེས་བྱ་བ་ནས་གཞན་ནི་བརྫུན་པའོ་ཞེས་བྱ་བའི་བར་དུ་རྗེས་སུ་སྒྲུབ་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དེ་དག་ལ་སྨྲས ་སོ། དགེ་སློང་རྣམས་ཀྱིས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅས་པའི་བར་དུ ་མཛད་དོ།། ཡང་དགེ་སློང་མ་གང་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་ཞུགས་ཏེ། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་འདུག་ན་དགེ ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱེད་དགེ་འདུན་མཐུན་པ་དབྱེ་བའི་ཕྱིར་མ་འཇུག་ཤིག། དབྱེ་བའི་ཕྱིར་རྩོད་པ་ཡང་དག་པར་བླངས་ནས། རབ་ཏུ ་འཛིན་ཅིང་རྗེས་སུ་མསྒྲུབ་ཤིག། འཕགས་མ་ཁྱོད་དགེ་འདུན་དང་མཐུན་པར་གྱིས་ཤིག། དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་བརྩོད། རྩེ་གཅིག་ལ་འདོན། ་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། འཕགས་མ་དགེ ་འདུན་གྱི་དབྱེན་བྱེད་པའི་གཞི་འདི་ལྟ་བུ་འདི་ཐོང་ཤིང་ཅེས་དེ་སྐད་ཅེས་བསྒོ་བར་བྱའོ།། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བསྒོ་བ་ན། གལ་ཏེ་གཞི ་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག་པའི་ཕྱིར་ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་ན། ཡང་དག་པར་བསྟན་པར ་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ནི་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན ་གསུམ་པ་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མའོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོ་འམ། གཞན་ཡང་དེ་ལྟ་བུ་དང་མཐུན་པ ་གང་ཡིན་པའོ།། དགེ་འདུན་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ།། མཐུན་པ་ཞེས་བྱེ་བ་ནི་རོ་གཅིག་པའོ།། དབྱེ་བའི་ཕྱིར་ཞེས་བྱ་བ་ནི ་རྣམ་པ་གཉིས་སུ་བྱ་བའི་ཕྱིར་རོ།། ཞུགས་ཏེ་ཞེས་བྱ་བ་ནི་བརྩོད་པར་བྱེད་པའོ།། དབྱེན་བྱ་བའི་ཕྱིར་ཞེས་བྱ་བ་ནི་དབྱེན་བྱེད་པའི་གཞི་ནི་བཅུ་བཞི་སྟེ། ངེས་སམ ་ཆོས་མ་ཡིན་པ་འམ། འདུལ་བ་འམ། འདུལ་བ་མ་ཡིན་པ་འམ། ལྟུང་བ་འམ། ལྟུང་བ་མ་ཡིན་པ་འམ། ལྷག་མ་ཡོད་པ་འམ། ལྷག་མ་མེད་པ་འམ། ལྕི་བ་འམ། ་ཡང་བ་འམ། བཤགས་པར་བྱ་བ་འམ། བསྡམ་པར་བྱ་བ་འམ། འདུལ་བ་ལས་འགལ་བ་འམ། ཉེས་པར་བཤད་པར་འགྱུར ་བ་སྟེ། འདི་དག་ལས་གང་ཡང་རུང་བའི་དངོས་པོ་ལེགས་པར་རབ་ཏུ་བཟུང་བ་ཡིན་ནོ།། རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་སྟེ། ཞེས་བྱ་བ་ནས་བྱ་བའི་ཕྱིར་རྩོད་པའི ་བར་དག་གོ། ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་ཞེས་བྱ་བ་ནི་མངོན་པར་ཞེན་ནས་སོ།། དགེ་སློང་མ་དེ་ལ་དགེ་སློམ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ ་རྣམས་ཀྱིས་སོ།། བཞམས་ཏེ་བསྒོ་བར་བྱའོ་ཞེས་བྱ་བ་ནི། སྔར་ཇི་སྐད་བསྒོ་བ་བཞིན་དུའོ།། གལ་ཏེ་དགེ་སློང་མ་རྣམས་ཀྱིས་བཞམས་ཏེ་བསྒོ་བ་ན། གཞི་དེ་གཏོང ་ན་ཞེས་བྱ་བ་ནི་ལྟ་བ་དེའོ།། གཏོང་ན་དེ་ལྟ་ན་ནི། ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་ངོ་ཞེས་བྱ་བའོ།། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི། ལྟ་བ་དེའོ།། ལན་གཉིས་ལན ་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱ་ཞེས་བྱ་བ་ནི་སྔར་གསོལ་བ་དང་གཞིའི་ལས་ཀྱིས་ཇི་སྐད་བསྒོ་བ་བཞིན་དུ་སྟེ་འདི་ནི་ཡང་དག ་པར་གདམས་པ་ཡིན་ནོ།། འདི་ནི་ཡང་དག་པར་བསྟན་པ་ཡིན་ནོ།། ཆོས་འདི་ཡང་ཞེས་བྱ་བ་འདི་ནི་ཆོས་མ་ཡིན་པ་ལ་ཆོས་ཀྱི་སླར་གསུངས་པའོ།། ལན་གསུམ་པ་ངེས ་པར་འབྱུང་བར་བྱ་བ་སྟེ་ཞེས་བྱ་བ་ནི། རྟོག་པ་དང་བཅས་པའོ།། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མའི་དགེ་འདུན་དབྱེ ་བའི་ཕྱིར་ཞུགས་ན་གང་ཅི་ཡང་རུང་སྟེ། ཐམས་ཅད་དུ་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། བཞམས་ཏེ་བསྒོ་བ་ནི་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས ་པ་སྦོམ་པོའོ།། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། །། དགེ་སློང་མའི་རྣམ་འབྱེད་པ་ལས། དགེ་འདུན་ལྷག་མ་བཅུ་བདུན་པ་རྫོགས་སྟེ། ་དེ་ནས་བཅོམ་ལྡན་འདས་གདན་དེ་ཉིད་ལ་བཞུགས་བཞིན་དུ་བསླབ་པའི་གཞི་གཉིས་པ་འཆའ་བར་མཛད་དེ། དགེ་སློང་མ་རྣམས་ལས་གཅིག་གམ། གཉིས་སམ། ་མང་པོ་ཡང་རུང་སྟེ། དགེ་སློང་མ་དེའི་གྲོགས་སུ་གྱུར་ལ། མི་འཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་ནས་དགེ་སློང་མ་དེ་རྣམས་དགེ་སློང་མ་དེ་རྣམས་ལ། འཕགས་མ ་ཁྱེད་དགེ་སློང་མ་འདི་ལ་དགེ་ཡང་རུང་སྡིག་ཀྱང་རུང་ཅི་ཡང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་འདུལ་བ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི ་ཆོས་དང་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྨྲའི་མི་ཤེས་པར་ནི་མ་ཡིན་ཏེ། དགེ་སློང་མ ་འདི་གང་ལ་འདོད་ཅིང་བཟོད་པ་ངེད་ཀྱང་འདོད་ཅིང་བཟོད་དོ།། ཞེས་དེ་སྐད་ཅེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འཕགས་མ་ཁྱེད་དགེ་སློང་མ་འདི་ནི ་ཆོས་སྨྲ་བ་འདུལ་བ་སྨྲ་བ་ཡིན་ལ་དགེ་སློང་མ་འདི་ནི་ཆོས་འདུལ་བ་ཡང་དག་པར་བླངས་ནས་རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་ཤེས་བཞིན་དུ་སྒྲའི་མི་ཤེས ་པར་ནི་མ་ཡིན་ཏེ། དགེ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ་དེད་ཀྱང་འདོད་ཅིང་བཟོད་དོ་ཞེས་དེ་སྐད་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། ་དགེ་སློང་མ་འདི་ནི་ཆོས་སྨྲ་བ་མ་ཡིན། འདུལ་བ་སྨྲ་བ་ཡིན་གྱི་དགེ་སློང་མ་འདི་ནི་ཆོས་མ་ཡིན་པ་སྨྲ་བ། འདུལ་བ་མ་ཡིན་པ་སྨྲ་བ་ཡིན་ལ། དགེ་སློང་མ་འདི་ནི་ཆོས་མ་ཡིན ་པ་དང་། འདུལ་བ་མ་ཡིན་པ་ཡང་དག་པར་བླངས་ནས། རབ་ཏུ་འཛིན་ཅིང་རྗེས་སུ་སྒྲུབ་པའོ།། དགེ་སློང་མ་འདི་ནི་མི་ཤེས་བཞིན་དུ་སྨྲའི། ཤེས་པར་མ་ཡིན་གྱིས་དགེ ་སློང་མ་འདི་གང་ལ་འདོད་ཅིང་བཟོད་པ་དེ་ལ། ཁྱེད་ཀྱང་འདོད་ཅིང་བཟོད་པར་མ་བྱེད་ཅིག། ཁྱེད་དགེ་འདུན་འབྱེད་པར་མ་བྱེད་ཅིག། ཁྱེད་དགེ་འདུན་མཐུན་པར་འདོད་པར་གྱིས ་ཤིག། དགེ་འདུན་མཐུན་མི་ཕྱེད། ཀུན་ཏུ་དགའ་མི་རྩོད་དེ། རྩེ་གཅིག་ལ་འདོན་པ་གཅིག་ཅིང་ཆུ་དང་འོ་མ་གཅིག་ཏུ་འདྲེས་པ་ལྟ་བུར་གྱུར་ལ། སྟོན་པའི་བསྟན་པ་གསལ་བར ་བྱེད་ན། བདེ་བ་ལ་རེག་པར་གནས་པར་འགྱུར་གྱིས། དགེ་སློང་མ་ཁྱེད་དགེ་འདུན་འབྱེད་པའི་ཕྱིར་མི་འཐུན་པར་སྦ་བའི་རྗེས་སུ་ཕྱོགས་པ་འདི་ཐོང་ཤིག་ཅེས་དེ་སྐད་ཅེས་བརྗོད ་བར་བྱའོ།། དེ་ལྟར་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་ཅེས་བརྗོད་པ་ན། གལ་ཏེ་གནི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་གཞི་དེ་གཏོང་དུ་གཞུག ་བའི་ཕྱིར། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་གྱི་བར་དུ་ཡང་དག་པར་བསྒོ།། ཡང ་དག་པར་བསྟན་པ་ན། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་པ་ལ་ངེས་པ་འབྱུང་བ་དང་བཅས་པ་སྟེ། དགེ་འདུན་ལྷག་མའོ།། ་དགེ་སློང་མ་དེའི་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་གྲོགས་སུ་གྱུར་ལ་ཞེས་བྱ་བ་ནི། བཅུ་གཉིས་སྡེ་རྣམས་སོ།། གཅིག་གམ་ཞེས་བྱ་བ་ནི་གཅིག་གཉིད་དོ།། ་གཉིས་སམ་ཞེས་བྱ་བ་ནི་གཉིད་དོ།། མང་པོ་ཡང་རུང་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་ནི་མང་པོའོ།། དེ་དག་དགེ་སློང་མ་རྣམས་ལ་ཞེས་བྱ་བ་ནི་ཆོས་འདི་པ་རྣམས་ལའོ།། ་དེ་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨ་ནའོ།། འཕགས་མ་ཁྱེད་ཅེས་བྱ་བ་ནི་ཁྱེད་ཅག་གོ།། དགེ་སློང་མ་འདི་ལ་ཞེས་བྱ་བ་ནི་སྦོམ་དགའ་མོ་ལའོ།། ཅི་ཡང་མ་སྨྲ་ཤིག་ཅེས་བྱ་བ ་ནི་མང་ཡང་རུང་ཉུང་ཡང་རུང་ཅི་ཡང་མ་སྟོན་ཅིག་ཅེས་བྱ་བའོ།། དགེ་ཡང་རུང་ཞེས་བྱ་བ་ནི་དགེ་བ་འཛིན་དུ་མ་གསུག་ཅེས་བྱ་བའོ།། སྡིག་ཀྱང་རུང་ཞེས་བྱ་བ་ནི་སྡིག་པ་ལས་མ ་བསླང་ཤིག་ཅེས་བྱ་བའོ།། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་འདི་ནི་ཆོས་སྨྲ་བ་ཞེས་བྱ་བ་ནི། ཆོས་ཇི་ལྟ་བ་བཞིན་དང་། འདུལ་བ་ཇི་ལྟ་བ། སྤྱོད་པ་ཇི་ལྟ་བ་བཞིན་དུའོ།། འདི ་ནི་ཤེས་བཞིན་དུ་སྨྲ་བ་ཡིན་གྱི་མི་ཤེས་པར་ནི་མ་ཡིན་ནོ།། ཞེས་བྱ་བ་ནི་ཇི་ལྟར་ཤེས་པ་དང་། ཇི་ལྟར་མཐོང་བ་དེ་བཞིན་དུ་ཐ་སྙད་འདོགས་པའོ།། འདི་གང་ལ་འདོད་པ ་ཞེས་བྱ་བ་ནི་འདི་དང་བདག་ཅག་མཐུན་པར་བཟོད་པའོ།། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི ་པ་རྣམས་ཀྱིས་སོ།། དེ་སྐད་ཅེས་བརྗོད་པར་བྱ་ཞེས་བྱ་བ་ནི་སྐད་ཅེས་བསྒོ་བར་བྱ་བའོ།། མཐུན་པ་ཞེས་བྱ་བ་ནི་རོ་གཅིག་པའོ།། དགེ་འདུན ་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་ནོ།། འབྱེད་པ་ཞེས་བྱ་བ་ནི་རྣམས་པ་གཉིས་སུ་འགྱུར་བའོ།། འཇུག་ཅེས་བྱ་བ་ནི་བརྩོད་པའོ།། དེའི་ཞེས་བྱ ་བ་ནི་སྦོམ་དགའ་མོའོ།། གྲོགས་སུ་གྱུར་ཅེས་བྱ་བ་ནི་འཇུག་རྫོགས་པར་བྱེད་པའོ།། རྗེས་སུ་ཕྱོགས་པ་ཞེས་བྱ་བ་ནི་བཟོད་པ་དང་འདོད་པ་དང་། བློ་གྲོས་དང་། བསམ་པའོ།། ་མི་འཐུན་པར་སྨྲ་བའི་ཞེས་བྱ་བ་ནི་མཐུན་པར་འབྲལ་བ་བྱེད་པའོ།། དགེ་སློང་མ་དེ་དག་ལ་ཞེས་བྱ་བ་ནི། བཅུ་གཉིས་སྡེ་རྣམས་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི ་ཆོས་འདི་པ་རྣམས་ཀྱིས་སོ།། དེ་སྐད་ཅེས་བརྗོད་པར་བྱ་ཞེས་བྱ་བ་ནི། དེ་སྐད་བསྒོ་བར་བྱ་བའོ།། ཕུ་ནུ་མོ་དགེ་འདུན་གྱི་དབྱེན་མི་མཐུན་པར་སྨྲ་བའི་རྗེས་སུ་ཕྱོགས་པ་འདི་ལྟ་བུ ་འདི་ཐོང་ཤིག། ཅེས་བྱ་བ་ནི་རྣམ་གྲངས་དུ་མས་དགེ་འདུན་དབྱེ་བར་འདོད་པར་མ་བྱེད་ཅེས་བྱ་བའོ།། གལ་ཏེ་དེ་སྐད་ཅེས་བརྗོད་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ ་ཏེ་མི་གཏོང་ན། བཞམས་ཏེ་བསྒོ་བར་བྱའོ།། ཞེས་བྱ་བ་ནི་སྔར་ཇི་སྐད་བསྒོ་བ་བཞིན་ནོ།། དེ་བཞམས་ཏེ་བསྒོ་བ་ན། གཞི་དེ་གཏོང་ན་དེ་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན། ་བསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བ་ནི་སྔར་ཇི་སྐད་བསྒོ་བ་བཞིན་དུ་སྟེ། འདི་ནི་ཡང་དག་པར་བསྟན་པ་ཡིན་ནོ།། ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ ་ལ་ཆོས་ཀྱི་སྒྲར་བསྟན་པའོ།། ལན་གསུམ་པ་ལ་ངེས་པར་འབྱུང་བ་དང་བཅས་པ་སྟེ། ཞེས་བྱ་བ་ན་རྟོན་པ་དང་བཅས་པའོ།། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་ནོ།། དེ་ལ་ལྟུང་བ ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་འདུན་གྱི་དབྱེན་གྱི་རྗེས་སུ་ཕྱོགས་པར་ཞུགས་ན། གང་ཅི་ཡང་རུང་སྟེ་ཐམས་ཅད་ཀྱི་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། བཞམས ་ཏེ་བསྒོ་བ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཉེས་པ་སྦོམ་པོར་འགྱུར་རོ།། གཞན་ནི་སྔ་མ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། དགེ་སློང་མའི་རྣམ ་པར་བྱེད་པ་ལས། དགེ་འདུན་ལྷག་མ་བཅོ་བརྒྱད་པ་རྫོགས་སོ།། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་རེ་ལྡེ་རི་ལ་འགྲོ་འགྲོགས་དང་ནབ་སོ་གཉིས་དང་། དགེ་སློང་དམར་སེར་ཅན་རྣམས་ཁྱིམ་སུན་འབྱིན་པའི་སྡིག ་པའི་ཆོས་ཀུན་ཏུ་སྤྱོད་ཅིང་འཁོད་དོ།། དེ་རྣམས་བུད་མེད་དང་ལྷན་ཅིག་དུ་ཅོ་འདྲི་བར་བྱེད། ཀུན་ཏུ་བརྩེ་བར་བྱེད། ཅ་ཅོ་འདོན་པར་བྱེད། རྒོད་པ་དང་། རྩེ་བ་དང་། ལུས་ཀྱི ་རྩ་བ་ཧྲལ་བྱེད་ཅིང་། དེ་རྣམས་བུད་མེད་དང་ལྷན་ཅིག་ཏུ་སྟན་གཅིག་དང་མལ་གཅིག་འཁོད་པར་བྱེད། སྣོད་གཅིག་ཏུ་བཟའ་བ་རྣམ་པ་དུས་ཟ་བར་བྱེད། སྣོད་གཅིག་ནས་བཏུང ་བདུམ་འཐུང་བར་བྱེད། མེ་ཏོག་དག་འཐོག་པར་བྱེད། འཐོག་ཏུ་འཇུག་པར་བྱེད། རྣ་རྒྱན་དུ་བྱེད། རྣ་རྒྱན་དུ་བྱེད་དུ་འཇུག། མེ་ཏོག་ཕྲེང་རྒྱུད་པར་བྱེད། རྒྱུད་དུ་འཇུག་པར་བྱེད། ་བྲེ་རྡུང་བར་བྱེད། གླུ་ལེན་པར་བྱེད། རོལ་མོའི་སྒྲ་ཡང་འབྱིན་པར་བྱེད་ཅིང་། ཅི་བྲོ་ལེགས་པར་བརྡུངས་སམ། གྲུ་ལེགས་པར་བླངས་སམ། རོལ ་མེའི་སྒྲ་ལེགས་པར་བྱུང་ངམ་ཞེས་བྱ་བ་ནས། རྒྱུག་པར་བྱེད། སྟེགས་པར་བྱེད། འཚོང་བར་བྱེད་པའི་བར་དང་ཆོས་གོས་བཞག་སྟེ། བྲང་གིས་འགྲོ་བར་བྱེད། ཉ་འཕར་བ་དང་། ་རུ་སྦལ་འགྲེ་བ་དང་། འབུར་ལོག་ཀྱང་བྱེད་དོ།། ལག་པ་རྡོབ་པར་བྱེད། དཔུང་པ་རྡོབ་པར་བྱེད། བརླ་སྒྱུར་བར་བྱེད། རྡོབ་པར་བྱེད་ཅིང་ཁ་ནས་རྔ་པ་ཏ་ཧའི་སྒྲ་དག་ཀྱང་འབྱིན་པར ་བྱེད། ཁ་ནས་རྔ་མན་དུ་ཀ་དང་། ཁ་ནས་རྔའི་སྒྲ་དག་འབྱིན་པར་བྱེད་ལ། ཁྱུ་མཆོག་གི་ང་རོ་འབྱིན་པར་བྱ། མ་ཧེའི་སྐད་འབྱིན་པར་བྱེད། གླ་བོ་ཆེ་བཞིན་དུ་སྐད་འདོན་པར་བྱེད། ་རྨ་བྱའི་སྐད་འབྱིན་པར་བྱེད། ཁུ་བྱུག་གི་སྐད་འདོན་པར་བྱེད་ཅིང་། གླང་པོ་ཆེ་དང་། རྟ་དང་ཤིང་རྟ་དང་དཔུང་བུ་ཆུང་གི་དམག་ཀྱང་འགྱེད་ཅིང་། འགྱེད་དུ་འཇུག་པར་བྱེད། བུད ་མེད་ཀྱི་དམག་དང་། སྐྱེས་པའི་དམག་དང་། བུ་མོའི་དམག་ཀྱང་འགྱེད་པར་བྱེད། འགྱིང་དུ་འཇུག་པར་བྱེད་ལ། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོའི་དམག་ཀྱང་། ་འགྱེད་པར་བྱེད། འགྱིང་དུ་འཇུག་པར་བྱེད་ཅིང་བྱ་གག་གི་ཟབ་མོ་དང་། ལུག་གི་ཐབ་མོ་དང་། བྱ་ལ་བ་གའི་ཟབ་མོ་དང་། ཐི་བའི་ཟབ་མོ་དང་། བྱ་གག་དང་། ལུག་དང་། ་བྱ་ལ་བ་ཀ་དང་། ཐི་བའི་ཟབ་མོ་དག་ཀྱང་འགྱེད་པར་བྱེད། འགྱེད་དུ་འཇུག་པར་བྱེད་དོ།། འདི་དང་གཞན་ཡང་དགེ་སློང་གིས་བྱ་བ་མ་ཡིན་པ་བྱེད་ཅིང་བྱེད་དུ་འཇུག་པར་བྱེད་དོ།། ་དེའི་ཚེ་གྲོགས་བྱེད་པ་བཅུ་གཉིས་པའི་སྡེ་ཡང་རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་ཙབ་ཧྲལ་བྱེད་དེ། དེ་རྣམས་སྤྱོད་པ་དང་། སྤྱོད་ཚུལ་དེ་དང་། སྤྱོད་ལམ་དེས་གནས་པ་ན་དགེ་སློང ་སྡིག་པ་ཅན་གནས་པའི་ཕྱིར། དགེ་སློང་མ་ལྷགས་པ་རྣམས་ཀྱང་མི་འོང་ཞིང་ལྷགས་པ་རྣམས་ཀྱང་སླར་འདོང་བར་བྱེད། སྐྲ་འགྲེང་བ་དང་། སྦ་འཆར་བ་རྣམས་ཀྱང་མི་འཁོད་དོ།། ་དེ་རྣམས་ཀྱི་སྤྱོད་ལམ་དེས་རེ་ལྡེ་རི་ལ་འཁོད་པའི་བྲམ་ཟེ་དང་། ཁྱིམ་བདག་རྣམས་ཡིད་མ་རངས་ཤིང་། མ་དད་པར་གྱུར་ནས། དགེ་སློང་མ་གཉུག་མ་རྣམས་ལ་ཡང་། བསོད ་སྙོམས་མི་སྦྱིན་ཞིང་མི་བྱའོ་སྙམ་དུ་སེམས་ན།། བློ་བུར་དུ་འོངས་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཚེ་ཚེ་དང་ལྡན་པ་ཀུན་དགའ་བོ།། དགེ་སློང་གནས་བརྟན་རྣམས་དང ་རེ་ལྡེའི་རི་ལ་བྱོན་ཏེ། དགེ་སློང་འགྲོ་འགྱོགས་དང་། ནབ་སོ་གཉིས་བསྐྲད་པའི་ལས་བྱས་སོ།། དེ་ཉིད་ཀྱི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱང་ཁྱིམ་སུན་འབྱིན་པ་བྱས་པའི ་ཕྱིར་བསྐྲད་པའི་ལས་བྱས་སོ།། དགེ་སློང་མ་བཅུ་གཉིས་སྡེ་དེ་རྣམས་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ནི་མཉན་ཡོད་དུ་ལྷགས་ནས་བཤགས་ཤིང་། བསྡམ ་བར་བྱ་བ་གང་ཡིན་པ་དེ་བསྡམས་ཏེ། རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་དང་ལྷན་ཅིག་ཏུ་གསོ་སྦྱོང་དང་དགག་དབྱེ་དང་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོག ་བ་དང་བཞིའི་ལས་དག་ཉམས་སུ་མྱོང་བར་བྱེད་དོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བསམས་པ། བཅོམ་ལྡན་འདས་དང་དགེ་སློང་གི་དགེ་འདུན་དང་། དགེ་སློང་མའི་དགེ་འདུན ་@ལ་བཟོད་པ་གསོལ་དུ་འདོང་ངོ་སྙམ་མོ།། དེ་ནས་བཅུ་གཉིས་སྡེ་རྣམས་མཉན་ཡོད་ག་ལ་བ་དེར་རྒྱུ་ཞིང་སོང་སྟེ། མཐར་ཀྱིས་རྒྱུ་ཞིང་འགྲོ་བ་ན ་མཉན་ཡོད་དུ་ཕྱིན་པ་དང་། དགེ་སློང་མ་རྣམས་ཀྱིས་བཅུ་གཉིས་སྡེ་རྣམས་མཐོང་ངོ་།། མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་བཅུ་གཉིས་སྡེ་རྣམ ་ཀྱིས་བསྐུད་པའི་ལས་བགྱིས་ན་བདག་ཅག་གིས་ཇི་ལྟར་བསྒྲུབ་པར་བགྱི། མི་སྨྲ་བར་བྱ་ཞིང་ལག་རྔས་གཙུག་ལག་ཁང་ཐ་མ་བསྟན་པར་བྱའོ།། དེ་རྣམས་ཀྱིས་དེ་བཞིན་དུ་བྱས ་སོ། དེ་ནས་དེ་དག་གི་ལྷན་ཅིག་གནས་པ་དང་། ཉེ་གནས་དེ་རྣམས་ཀྱང་སྨྲ་བར་མི་བྱེད། ཀུན་ཏུ་སྨྲ་བར་མི་བྱེད། ཀུན་ཏུ་སྨྲ་བར་མི་བྱེད་པ་དང་། དེ་རྣམས་ཀྱིས་ལྷན་ཅིག་གནས ་བ་དང་། ཉེ་གནས་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་གང་ཁྱེད་ཀྱིས་མ་སྤྲས་མ་བརྗོད་མ་བསྐྱོད་པ་ལས་ངེད་ཀྱིས་སྤྲས། བརྗོད་བསྐྱོད་པ་ཅི་ཞིག་ཡོད་ཀྱི་དགེ་སློང་མའི ་གནས་བརྟན་གནས་བརྟན་རྣམས་མི་སྦ་ཞིང་ཀུན་ཏུ་མི་སྨྲ་བི་ནི་རུང་སྟེ་དེར་ཟད་ན། ཁྱོད་ཀོ་ཙོའི་ཕྱིར་མི་སྨྲ། དེ་རྣམས་ཀྱིས་དགེ་སློང་མ་དག་བར་དུ་བཞག་ནས་འདི་སྐད་སྨྲས་སོ།། ་ཇི་སྐད་ཟེར་བ་དེ་ནི་དེ་ལྟར་ཡང་ཡིན་ན། འོན་ཀྱང་བདག་ཅག་གིས་ནི་བཤགས་པར་བྱ་བ་གང་ཡིན་པ་དེ་ཡང་བཤགས། བསྡམ་པར་བྱ་བ་གང་ཡིན་པ་དེ་ཡང་བསྡམས་ནས། བདག ་ཅག་གསོལ་བ་དང་གཞིའི་ལས་ཀྱི་ས་བར་ཉམས་སུ་མྱོང་ངོ་།། དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་དེ་དག་གིས། དགེ་སློང་མ་གནས་བརྟན་གནས་བརྟན་རྣམས་ལ་འདི་སྐད་ཅེས ་སྨྲས་སོ།། འདི་ན་དགེ་སློང་མ་ཁ་ཅིག་འདུན་པས། འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང ་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་བསྐྲོད་པར་བྱེད། ཁ་ཅིག་ན་བསྐྲོད་པར་མི་བྱེད་དོ།། དེ་ནས་དགེ་སློང་མ་རྣམས་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་སྨྲས་པ། སུ ་ལ་འདུན་པས་འགྲོ་བའོ་གཤེ་དེ་དག་གིས་སྨྲས་པ། དགེ་སློང་མ་གནས་བརྟན་གནས་བརྟན་རྣམས་ལའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ་བཞམས་ཏེ། དགེ་སློང ་མ་གནས་བརྟན་གནས་རྟེན་རྣམས་ལ། འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས ་བས་འགྲོ་བ་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ་ཞེས་མ་ཟེར་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ ་སློང་མ་འདི་དག་ནི་འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་མ་ཡིན་གྱིས། འོན་ཀྱང་དགེ་སློང་མ་ཁྱེད་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི ་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ་ཐོས་སམ་རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ་ཐོས་སམ་རབ ་ཏུ་ཤེས་ཀྱིས། ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་ནས། འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱི་ཚིག་གི་ལམ་དེ་ལྟ་བུ་ཐོང ་ཤིག་ཅེས་བྱའོ།། དེ་དག་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས ་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཁྱེད་ཀྱིས་བཅུ་གཉིས་སྡེ་ལ། ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་ཤིག། བསྒོ་བ་ཡང་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ནས་ལས་བྱའོ།། ་འཕགས་མའི་དགེ་འདུན་ཕུན་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། འདི་དག ་གིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ། ཐོས་སམ། འདི་དག་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་རབ་ཏུ་ཤེས་པའི་བར་དུ་སྟེ། དགེ་སློང་གནས་བརྟན་གནས་རྣམས་ཀྱིས ་རེ་ལྡེ་རི་ལ་དེ་དག་བསྐྲད་པའི་ལས་བྱས་པ་དང་། དེ་དག་དགེ་སློང་མ་རྣམས་ལ། འདུན་པས་འགྲོ་བ་ཞེས་བྱ་བ་ནས། འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱིས། བཤེ་བར ་བགྱིད་ནས་དེ་དག་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས ་བྱ་བའི་བར་དུ་སྟེ། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ་གཉིས་སྡེ་ལ ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་དེ། ཕུ་ནུ་མོ་ཁྱེད་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་ནས། འཇིགས་པའི་བར་གྱིས་འགྲོ་བ་ཡོད་དོ་ཞེས ་མ་ཟེར་ཅིག་འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཞེས་བྱ་བ་ནས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ། ཐོས་སམ། ་རབ་ཏུ་ཤེས་སོ་ཞེས་བྱ་བའི་བར་དུ་སྟེ། ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས ་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཤིག་ཅེས་བྱ་སྟེ། འདི་ནི་གསོལ་བའོ།། ལས་ཀྱང་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ ་གསོལ། དགེ་སློང་མ་བཅུ་གཉིས་སྡེ་འདི་དག་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ལགས་ཏེ། དེ་དག་གིས་ཁྱིམ་སུན་ཕྱུང་བར་ཡང་མཐོང་ངམ་ཐོས་སམ། ་རབ་ཏུ་ཤེས་སམ། དགེ་སློང་གནས་བརྟན་གནས་བརྟན་རྣམས་ཀྱིས། རེ་ལྡེ་རི་ལ་སོང་སྟེ་པའི་ལས་བགྱིས་པ་དང་། དེ་དག་དགེ་སློང་མ་རྣམས་ལ་འདུན་པས་འགྲོ་བ་ཞེས ་བགྱི་བ་ནས་འཇིགས་པས་འགྲོ་བ་ཞེས་བགྱི་བའི་བར་གྱིས། བཤེ་བར་བགྱིད་ནས། དེ་དག་ལ་དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་བ་དང་། དེ་དག་བཞམས་ཏེ་བསྒོ་བ་ན། ་གནི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གི་ཞེས་བྱ་བའི་བར་དུའོ།། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་བཅུ ་གཉིས་སྡེ་ལ། གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་དེ། ཕུ་ནུ་མོ་ཁྱེད་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། འཇིགས་པའི་བར་གྱིས ་འགྲོ་བ་ཡོད་དོ་ཞེས་མ་ཟེར་ཅིག། འོན་ཀྱང་ཁྱེད་ཉིད་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཞེས་བྱ་བ་ནས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང ་མཐོང་ངམ་ཐོས་སམ། རབ་ཏུ་ཤེས་ཀྱིས་ཕུ་ནུ་མོ་དག་འདུན་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེ་སྡང་གི་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། ་འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་དེ་ལྟ་བུ་ཐོང་ཤིག་ཅེས་བྱ་བའི་བར་དུ་སྟེ། འཕགས་མའི་དགེ་འདུན་གང་དག་བཅུ་གཉིས་སྡེ་འདི་དག་ལ་གསོལ་བ་དང་། ་གཞིའི་ལས་ཀྱིས་བསྒོ་བ་མཛད་པར་བཟོད་དེ་དག་ནི་ཅང་མ་གསུང་ཅིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོའོ།། དེ་བཞིན་དུ་ལན ་གཉིས་ལན་གསུམ་དུ་ཡང་དོན་དེ་ཉིད་བརྗོད་པར་བྱ་སྟེ། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ་འདུན་གྱིས་བཅུ་གཉིས་སྡེ་འདི་དག་ལ་གསོལ་པ ་དང་གཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་རོ།། དགེ་སློང་མའི་འདུལ་བ་རྣམ་པར ་འབྱེད་པ།། བམ་པོ་བཅུ་གཅིག་པ། དེ་རྣམས་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་ཡང་། ་གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྤྲས་པ་དང་། དགེ་སློང་དག་གིས ་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། དགེ་སློང་མ་རབ་ཏུ་མང ་པོ་གྲོང་ངམ་གྲོང་རྡལ་ཞིག་ཏུ་ཉེ་བར་རྟེན་ཅིང་གནས་ལ་དེ་དག་ཀྱང་ཁྱིམ་སུན་འབྱིན་པ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་གྱུར་ཅིང་། དེ་དག་གིས་ཁྱིམ་སུན་ཕྱུང་བ་མཐོང ་ངམ་མཐོས་སམ། རབ་ཏུ་ཤེས་སམ། སྡིག་པའི་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ་ཐོས་སམ། རབ་ཏུ་ཤེས་ན་དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་འདི ་སྐད་ཅེས་འཕགས་མ་དག་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང་བར་མཐོང་ངམ་ཐོས་སམ་རབ་ཏུ་ཤེས། ཁྱེད་ཀྱིས་སྡིག་པའི ་ཆོས་ཀུན་ཏུ་སྤྱོད་པར་ཡང་མཐོང་ངམ་ཐོས་སམ་རབ་ཏུ་ཤེས་ཀྱིས། འཕགས་མ་དག་གནས་འདི་ན་གནས་པས་ཆོག་གིས། གནས་འདི་ནས་དེང་ཤིག་ཅེས་བསྒོ་བར ་བྱའོ།། དགེ་སློང་མ་དེ་དག་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ་དང་། ཞེ་སྡུག་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི ་བྱེད་དོ།། ཞེས་ཟེར་ན། དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ཚིག་འདི་སྐད་ཅེས་ཀྱེ་འཕགས་མ་དག་ཁྱེད་ཅག་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས ་འགྲོ་བ་ཡོད། ཞེས་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དག་ཡོད་དེ། གང་དུ་ལྟུང་བ་འདྲ་བ་ཁོ་ན་ལས། དགེ་སློང་མ་ཁ་ཅིག་ནི་སྐྲོད་པར ་བྱེད་ལ། ཁ་ཅིག་ནི་སྐྲོད་པར་མི་བྱེད་དོ།། ཞེས་མ་ཟེར་ཅིག། འོན་ཀྱང་ཕུ་ནུ་མོ་དག་ཁོ་ན་ཁྱིམ་སུན་འབྱིན་པ་སྡིག་པའི་ཆོས་ཀུན་ཏུ་སྤྱོད་པ་ཡིན་ཏེ། ཁྱེད་ཀྱིས་ཁྱིམ་སུན་ཕྱུང ་བར་ཐོང་ངམ་ཐོས་སམ་རབ་ཏུ་ཤེས། ཁྱེད་སྡིག་པའི་ཆོས་ཀུན་ཏུ་སྤྲོད་པར་མཐོང་ངམ། ཐོས་སམ་རབ་ཏུ་ཤེས་ཀྱིས། འཕགས་མ་དག་འདུན་པས་འགྲོ་བ་ཞེས་བྱ་བའི ་ཚིག་གི་ལམ་དང་ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་ཞེས་བྱ་བའི་ཚིག་གི་ལམ་འདི་ལྟ་བུ་ཐོང་ཤིག་ཅེས་དགེ་སློང་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད ་བསྒོ་བ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནས། ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། ་ཞེས་བྱ་བའི་བར་དུའོ།། གཞི་དེ་གཏོང་བར་བྱ་བའི་ཕྱིར་ལན་གཉིས་ལན་གསུམ་དུ་ཡང་དག་པར་བསྒོ།། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་ངེས་པར་འབྱུང་བ་དང་བཅས་པའི་དགེ་འདུན་ལྷག་མའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་དག་གིའོ།། རབ་ཏུ་མང ་པོ་ཞེས་བྱ་བ་ནི་གཉིས་ལས་ལྷག་པ་རབ་ཏུ་མང་པོ་དག་གི། གྲོང་ངམ་གྲོང་རྡལ་ཞིག་ན་ཞེས་བྱ་བ་ནི། རེ་ལྡེ་རི་ལའོ།། དེ་དག་ཁྱིམ་སུན་འབྱིན་ཅེས་བྱ་བ་ལ། ཁྱིམ་ཞེས ་བྱ་བ་ནི་བྲམ་ཟེ་དང་། རྒྱལ་རིགས་དང་། ཁྱིམ་བདག་གི་ཁྱིམ་དག་གོ། སུན་འབྱིན་པ་ཞེས་བྱ་བ་ནི། རྒྱུ་གཉིས་ཀྱིས་ཁྱིམ་དག་ཏུ་སུན་འབྱིན་པར་རབ་ཏུ་ཤེས་ཏེ། འགྲོགས ་པ་དང་། ལོངས་སྤྱོད་པས་སོ།། ཇི་ལྟར་འགྲོགས་པཤེས་ན། བུད་མེད་དང་ཁྱེའུ་དང་བུ་མོ་རྣམས་དང་། ལྷན་ཅིག་རྒོད་པ་དང་། རྩེ་བ་དང་། ལུས་ཀྱི་ཙ་བ་ཧྲལ་བྱེད་ཅིང ་དེ་ཉིད་ན་གནས་པ་སྟེ། དེ་ལྟར་འགྲོགས་པས་སོ།། ཇི་ལྟར་ལོངས་སྤྱོད་པས་ཤེ་ན། ཁྱིམ་དེ་དག་ཉིད་དུ། མེ་ཏོག་གམ་འབྲས་བུ་འམ་སོ་ཤིང་དག་སྟོབས་པར་བྱེད་པ ་སྟེ། དེ་ལྟར་ལོངས་སྤྱོད་པས་སོ།། མཐོང་ངམ་ཞེས་བྱ་བ་ནི་མིག་གི་རྣམ་པར་ཤེས་པས་སོ།། ཐོས་སམ་ཞེས་བྱ་བ་ནི་རྣ་བའི་རྣམ་པར་ཤེས་པས་སོ།། རབ་ཏུ་ཤེས ་ཞེས་བྱ་བ་ནི་དེ་ལས་གཞན་པའི་རྣམ་པར་ཤེས་པའི་ཚོགས་དག་གིས་སོ།། དགེ་སློང་མ་དག་གིས་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གིས་སོ།། དགེ་སློང་མ་རྣམས་ཀྱིས ་ཤེས་བྱ་བ་ནི་ཆོས་འདི་པ་རྣམས་ཀྱིས་སོ།། འདི་སྐད་ཅེས་བྱ་བ་ནི་འདི་སྐད་ཅེས་ཡང་དག་པར་བསྒོ་བ་ནའོ།། དགེ་སློང་མ་དག་ལ་འདི་སྐད་ཅེས་འདུན་པས་འགྲོ་བའོ།། ་ཞེས་མ་སྤ་ཤིག་ཅེས་བྱ་བ་ནི་བཤེ་བའོ།། ལྟུང་བ་འདྲ་བ་ཁོ་ན་ལས་ཤེས་བྱ་བ་ནི་ལྟུང་བ་མཚུངས་པ་ལགས་སོ།། དགེ་སློང་མ་ཁ་ཅིག་སྐྲོད་པར ་བྱེད་ལ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཁ་ཅིག་ནི་སྐྲོད་པར་མི་བྱེད་ཅེས་བྱ་བ་ནི་དེ་དག་ཉིད་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་གོ། དགེ་སློང་མ་རྣམས་ཀྱིས་ཚིག་འདི ་སྐད་ཅེས་ཞེས་བྱ་བ་ནི། ཕུ་ནུ་མོ་དག་འདུན་པས་འགྲོའོ་ཞེས་བྱ་བའི་ཚིག་གི་ལམ་དང་། ཞེས་བྱ་བ་ནས། འཇིགས་པས་འགྲོ་བ་ཞེས་བྱ་བའི་བར་གྱི་ཚིག་གི་ལམ་འོར་ཅིག ་ཅེས་བྱ་བའོ།། དགེ་སློབ་མ་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་བསྒོ་བ་ནི། གཞི་དེ་གཏོང་ན་དེ་ལྟ་ན་ལེགས་ཤེས་བྱ་བ་ནི་དེ་ལྟ་ན་བཟང་བའོ།། གལ་ཏེ་མི་གཏོང ་ན་བཞམས་ཏེ་བསྒོ་བར་བྱའོ།། ཞེས་བྱ་བ་ནི། ཇི་སྐད་སྔར་བསྒོ་བ་བཞིན་བྱ་བའོ།། དེ་དག་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི ་གཏོང་ན་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བར་བྱའོ་ཞེས་བྱ་བ་ནི་ཇི་སྐད་སྔར་བསྒོ་བ་བཞིན་བྱ་བའོ།། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན། ཡང་དག་པར་བསྟན་པ ་ནི་དེ་ཡིན་ནོ།། ཆོས་འདི་ཡང་ཞེས་བྱ་བ་ནི་ཆོས་མ་ཡིན་པ་འདི་ཆོས་ཀྱི་སྒྲར་གསུངས་པའོ།། ལན་གསུམ་གྱི་བར་གྱིས་འབྱུང་བར་འོས་པ་ཞེས་བྱ་བ་ནི་རྟོན་པ་དང་བཅས ་པའོ།། གཞན་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཟད་དགེ་སློང་མ་ལ་འདི་སྐད་ཅེས་འདི་ན་དགེ་སློང་མ་ཁ་ཅིག་འདུན་པས་འགྲོ་བ ་ཡོད། ཞེ་སྡང་དང་གཏི་མུག་དང་འཇིགས་པས་འགྲོ་བ་ཡོད་དོ་ཞེས་སྨྲན། ཐམས་ཅད་དུ་ཉེས་བྱས་ཀྱི་ལྟུང་བར་འགྱུར་རོ།། བཞམས་ཏེ་བསྒོ་བ་ན། གནི་དེ་གཏོང་ན་དེ་ལྟ ་ན་ལེགས། གལ་ཏེ་མི་གཏོང་ན་སྦོམ་པོར་འགྱུར་རོ།། གཞན་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ ་བཅུ་དགུ་པ་རྫོགས་སོ།། ། སངས་རྒྱས་བཅོམ་ལྡན་འདས་ཀཽ་ཤམ་པའི་གངས་ཅན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་ཀོ་ཤམ་པ་ན། ་ཤཱཀྱའི་བུ་མོ་དགེ་སློང་མ་འདུན་མ་ཞེས་བྱ་བ་ལ་ལྟུང་བ་བྱུང་ནས། དེ་ལ་ཚངས་པ་མཚུངས་པར་སྤོང་བ་དོན་འདོད་པ་ཕན་པར་འདོད་པ་བདེ་བར་འདོད་པ། རེག་པར་འདོད ་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ། འདུན་མ་ཁྱོད་ལ་ལྟུང་བ་བྱང་གིས་ཤོགས་ཤིག། དེས་དེ་དག་ལ་འདི་སྐད་ཅེས། ཁྱེད་ཅག་དགེ་ཡང་རུང་སྡིག ་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་ཁྱེད་ཅག་ནི་རིགས་སྣ་ཚོགས་དང་། རུས་སྣ་ཚོགས་དང་། རྒྱུད་སྣ་ཚོགས་ལས་རབ་ཏུ་བྱང་བ་དག ་ཡིན་ཏེ། ཇི་ལྟར་སྟོན་ཀའི་དུས་ན་ཤིང་རྣམས་ཀྱི་ལོ་མ་སྣ་བོ་དག་རླུང་གིས་བསྡུས་ནས། གཅིག་ཏུ་བསོགས་ཤིང་འཇོག་པ་དེ་བཞིན་དུ་ཁྱེད་ཅག་ཀྱང་རིགས་སྣ་ཚོགས ་དང་། རུས་སྣ་ཚོགས་དང་། རྒྱུད་སྣ་ཚོགས་ལས་རབ་ཏུ་བྱུང་བ་དག་ཡིན་གྱི། ཁོ་མོའི་འཕགས་པས་ནི་བྱང་ཆུབ་མངོན་པར་སངས་རྒྱས་སོ།། ཞེས་སྦས་པའི་སྐབས་དེ། ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྤྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས། དགེ་སློང་མ་འདུན་མལ་བཞམས་ཏེ་བསྒོ་བར་བྱ་སྟེ། འདུན་མ་ཁྱོད། དགེ་སློང་མ་ངོན་འདོད་པ། ཕན་པར་འདོད་པ། བདེ་བར་འདོད ་བ། རེག་པར་འདོད་པ། གྲུབ་པ་དང་བདེ་བར་འདོད་པ་རྣམས་ཀྱིས་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་བདག་ཉིད་བརྗོད་པར་གྱིས་ཤིག་དགེ་སློང་མ་རྣམ ་ཀྱང་འདུན་མ་ལ་ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྤྲས། ཁྱོད་ཀྱང་དགེ་སློང་མ་རྣམས་ལ། ཆོས་དང་འཐུན་པ་དང་། འདུལ་བ་དང་འཐུན་པར་སྤྲོས་ཤིག། དེ་ཅིའི ་ཕྱིར་ཞེ་ན། འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱེད་པ་གཅིག་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས། བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་གྱིས། འདུན་མ་ཁྱོད་བདག་ཉིད་བརྗོད་པར་བྱེད་པ། མ་ཡིན་པའི ་ལས་ཀྱི་མཐའ་ཐོང་ཤིག། ཅེས་བསྒོ་བར་བྱའོ།། དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན། གཞི་དེ་ཉིད་ཅེས་བྱ་བ་ནས། གཞན་ནི་རྫུན་པའོ་ཞེས་བྱ་བའི་བར་གྱིས་སྐབས ་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྤྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་འདུན ་མལ་གསོལ་པ་དང་། གཞིའི་ལས་ཀྱིས་བསྒོ་བར་བྱའོ།། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས ་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན ་འཚལ་བ། ཕན་པར་འཚལ་བ། བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པ་དང་། བདེ་བར་འཚལ་བ་རྣམས་ཀྱིས་ལྟུང་བ་བཤོགས་ཤིག་ཅེས་སྨྲས་ན། དེ་འདི ་སྐད་ཅེས་ཕུ་ནུ་མོ་དག། དགེ་ཡང་རུང་སྡིག་ཀྱང་རུང་། ཁོ་མོ་ལ་ཅི་ཡང་མ་སྤ་ཤིག། ཁོ་མོ་ཡང་ཁྱེད་ཅག་ལ་དགེ་ཡང་རུང་སྡིག་ཀྱང་རུང་། ཅི་ཡང་མི་སྨྲའོ་ཞེས་མཆི་ནས། ་དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ ་ཐ་སྙད་འདོགས་པར་བགྱིད་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ ་ལ་འདུན་མ་ཁྱོད་ལ་དགེ་སློང་མ་རྣམས་ཀྱིས་ཆོས་དང་འཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་མ་བྱེད་པར་བདག་ཉིད ་བརྗོད་པར་བྱ་བགྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་རྣམས་ཀྱིས་ཁྱོད་ལ། ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། ཁྱོད་ཀྱིས་དགེ་སློང་མ་རྣམས ་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲ་བ་ཡིན་ནོ།། འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱེད་པ་དང་། གཅིག ་ལ་གཅིག་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས ་རྒྱས་དེའི་འཁོར་འཕེལ་བར་འགྱུར་རོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་པའི་དགེ་འདུན་ཕུ་མོ་བདག་ལ་གསན་དུ་གསོལ། དགེ་སློང་མ་འདུན་མ ་འདི་ལ་ཚངས་པ་ཚུངས་པར་སྤྱོད་པ། དོན་འཚལ་བ། ཕན་པར་འཚལ་བ། བདེ་བར་འཚལ་བ། རེག་པར་འཚལ་བ། གྲུབ་པ་བདེ་བར་འཚལ་བ་རྣམས་ཀྱིས། ལྟུང་བུ ་བཤོགས་ཤིག་ཅེས་སྨྲས་ན། དེ་འདི་སྐད་ཅེས་ཕུ་ནུ་མོ་དག་དགེ་ཡང་རུང་སྡིག་ཀྱང་རང་། ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག། ཁོ་མོ་ཡང་ཁྱེད་ཅག་ལ་དགེ་ཡང་རུང་སྡིག་ཀྱང་རུང ་ཅི་ཡང་མི་སྨྲའོ་ཞེས་མཆི་ནས། དེ་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་ན་གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན ་གྱི་གཞན་ནི་བརྫུན་པའོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས་དེའི་སླད་དུ་འཕགས་མའི་དགེ་འདུན་གྱིས། དགེ་སློང་མ་འདུན་མ་ལ། འདུན་མ་ཁྱོད་ལ་དགེ་སློང་མ ་གཞན་རྣམས་ཀྱིས། ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་དག་ཉིད་བརྗོད་པར་གྱིས་ཤིག། དེ་ཅིའི་ཕྱིར་ཞེ་ན།། ་དགེ་སློང་མ་རྣམས་ཀྱིས་ཁྱོད་ལ་ཆོས་དང་མཐུན་པ་དང་འདུལ་བ་དང་མཐུན་པར་སྨྲས་པ་ན། ཁྱོད་ཀྱིས་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར ་སྨྲ་བ་ཡིན་ནོ།། འདི་ལྟ་སྟེ། གཅིག་ལ་གཅིག་བརྗོད་པར་བྱེད་པ་དང་། གཅིག་ལ་གཅིག་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བ་དེ་ལྟ་བུས། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་རོ་ཞེས་གསོལ་བ་དང་། གཞིའི་ལས་ཀྱིས་བསྒོ ་བ་མཛད་ན། དགེ་སློང་མ་གང་དག་དགེ་སློང་མ་འདུན་མ་འདི་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བར་མཛད་པར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི ་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་དོན་དེ་ཉིད་ལན་གསུམ་གྱི་བར་དུ་བཟླས་སོ།། དགེ་འདུན་གྱིས་བཟོད་ཅིང་གནང་ནས། དགེ ་འདུན་གྱིས་དགེ་སློང་མ་འདན་མ་ལ་གསོལ་བ་དང་། གཞིའི་ལས་ཀྱིས་བསྒོ་བ་མཛད་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། གསོལ་བ་དང ་གཞིའི་ལས་ཀྱིས་བསྒོ་བར་བྱའོ།། དེ་ལ་གསོལ་བ་དང་གཞིའི་ལས་ཀྱིས་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་བརྫུན་པའོ་ཞེས ་བྱ་བའི་བར་གྱི་སྐབས་དེ་དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ་འདི་ན་དགེ་སློང་མ་ཁ་ཅིག་བཀར་བློ་མི་བདེ་བའི་རང་བཞིན། ་དུ་གྱུར་ལ། དེ་ལ་གདོན་པར་གཏོགས་པ་བསླབ་པའི་གཞི་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། ་འདུལ་བ་དང་མཐུན་པར་སྨྲས་པ་ན། བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་དོ།། འཕགས་མ་དག་དགེ་ཡང་རུང་སྡིག་ཀྱང་རུང་ཁོ་མོ་ལ་ཅི་ཡང་མ་སྨྲ་ཤིག། ཁྱེད ་ལ་བདག་གིས་སྨྲས་པས་ཅི་ཞིག་བྱ་ཞེས་ཟེར་བ་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་འཕགས་མ་ཁྱོད་ལ། གདོན་པར་གཏོགས་པའི་བསླབ་པའི་གཞི ་རྣམས་དང་། བདེ་བར་གཤེགས་པའི་མདོར་གཏོགས་པ་རྣམས་དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་འཐུན་པར་སྨྲས་པ་ན་བདག་ཉིད་བརྗོད་པར ་བྱ་བ་མ་ཡིན་པ་མ་བྱེད་པར། འཕགས་མ་བདག་ཉིད་བརྗོད་པར་བྱ་བ་ཁོ་ནར་གྱིས་ཤིག། འཕགས་མ་ལ་དགེ་སློང་མ་རྣམས་ཆོས་དང་འཐུན་པ་དང་། འདུལ་བ་དང་མཐུན ་བར་སྨྲ་བ་ན། འཕགས་པས་ཀྱང་དགེ་སློང་མ་རྣམས་ལ་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པར་སྨྲོས་ཤིག། དེ་ཅིའི་ཕྱིར་ཞེ་ན། འདི་ལྟ་སྟེ། གཅིག་ལ་གཅིག། ་འདོམས་ཤིང་རྗེས་སུ་སྟོན་པ་དང་། གཅིག་གིས་གཅིག་ལྟུང་བ་ལས་སློང་བདེ་ལྟ་བུས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི ་སངས་རྒྱས་དེའི་འཁོར་འཕེལ་བར་འགྱུར་གྱིས། འཕགས་མ་ཁྱོད་ཀྱིས་བདག་ཉིད་བརྗོད་པར་བྱ་བ་མ་ཡིན་པར་བྱེད་པའི་ལས་ཀྱི་མཐའ་དེ་ལྟ་བུ་ཐོང་ཤིག། ཅེས་གལ་ཏེ་དགེ ་སློང་མ་རྣམས་ཀྱིས་སྦས་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ཆོས་འདི་ཡང་ལན་གསུམ་གྱི་བར་གྱིས་འབྱུང་བར་འོས་པའི་དགེ་འདུན་ལྷག་མའོ།། ་དགེ་སློང་མ་ཞེས་བྱ་བ་ནི་འདུན་མའོ།། བཀའ་བློ་མི་བདེ་བ་ཞེས་བྱ་བ་ནི་ཚིག་གི་ལམ་འཐུན་པ་རྗེས་སུ་མཉན་པར་བྱ་བ་འཚམ་པ་དྲང་པོར་འཇུག་པ་མི་འཛིན་པ་དང་། ་མི་མཐུན་པ་འཛིན་པའོ།། གདོན་པ་ཞེས་བྱ་བ་ནི་སོ་སོར་ཐར་པའི་མདོར་བསྟན་པའོ།། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ།། མདོ་ཞེས་བྱ་བ་ནི་སངས་རྒྱས་ཀྱི ་གསུངས་པ་འམ། ཉན་ཐོས་ཀྱིས་སྤྲས་པ་སྟེ། བསླབ་པའི་གཞི་ཕས་ཕམ་པར་འགྱུར་བ་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་། སྲསྤང་བ་སུམ་བཅུ་རྩ་གསུམ་དང་། ་ལྟུང་བྱེད་བརྒྱ་བརྒྱད་ཅུ་དང་སོ་སོར་བཤགས་པར་བྱ་བཅུ་གཅིག་དང་། བསྲབ་པ་མང་པོ་དང་རྩོད་པ་ཞི་པར་བྱ་བའི་ཆོས་བདུན་དང་། འདུལ་བའི་གཞི་བཅུ་བདུན་དང་། ་ཕྲིན་ཚོགས་དང་། སིལ་བུ་དང་། གླེང་གཞི་དང་། འདུལ་བ་མ་མོ་དང་། འདུལ་བ་གཅིག་ལས་འཕྲོས་པ་དང་། འདུལ་བ་ལྔ་དང་། འདུལ་བ་བཅུ་དྲུག་པ་དང་། བྲམ་ཟེའི ་བུ་མོ་དང་། ཉེ་བར་འཁོར་གྱིས་ཞུས་པར་གཏོགས་པ་དག་ལེགས་པར་སྦྱར་བའོ།། དགེ་སློང་མ་རྣམས་ཀྱིས་ཆོས་དང་མཐུན་པ་དང་། འདུལ་བ་དང་མཐུན་པས་ཤེས་བྱ་བ་ནི། ་ཆོས་ཇི་ལྟ་བ་དང་། དུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་དེ་ལྟ་བུའི་ལས་གང་ཡིན་པས་སོ།། སྨྲས་པ་ན་ཞེས་བྱ་བ་ནི་བདེ་བ་ལ། ་སྦྱར་བ་ནའོ།། བདག་ཉིད་བརྗོད་པར་མ་ཡིན་པར་བྱེད་ན། ཞེས་བྱ་བ་ནི་དེའི་གདམ་ངག་དང་། བསྟན་པ་ལས་བདག་ཉིད་གཞན་དུ་སེལ་བའོ།། ཕུ་ནུ་མོ་དག་ཁོ་མོ་ལ་ཅི་ཡང་མ ་སྤ་ཤིག་ཅེས་བྱ་བ་ནི། བདག་ཉིད་ཕྱིར་ཞིང་ལྷག་པར་བཀའ་བློ་མི་བདེ་བ་ལ་འཇོག་པའོ།། དགེ་ཡང་རུང་ཞེས་བྱ་བ་ནི་མི་དགེ་བ་ལ་འཇོག་པའོ།། སྡིག་ཀྱང་རུང་ཞེས་བྱ་བ ་ནི་སྡིག་པ་ལས་མི་སློང་བའོ།། ཁོ་མོ་ཡང་ཕུ་ནུ་མོ་རྣམས་ལ་ཅི་ཡང་མི་སྨྲའོ་ཞེས་བྱ་བ་ནི། བདག་ཉིད་ཕྱིར་ཞིང་ལྷག་པར་གཅིག་ལ་གཅིག་འདོམས་ཤིང་རྗེས་སུ་སྟོན ་པ་སྤོང་བའོ།། དགེ་ཡང་རུང་བདག་ཀྱང་ཕུ་ན་མོ་དག་ལ་ཞེས་བྱ་བ་ནི། དགེ་བ་ལ་མི་འཇོག་པའོ།། སྡིག་ཀྱང་རུང་བདག་ཀྱང་ཕུ་ནུ་མོ་དག་ལ་ཞེས་བྱ་བ་ནི་སྡིག་པ་ལས་མི ་སློང་བའོ།། འཕགས་མ་དག་ཐོང་ཤིག་ཅེས་བྱ་བ་ནི་རིང་དུ་འོར་ཅིག་ཅེས་བྱ་བ་སྟེ། ཅི་ཁྱེད་ཅག་ཅེས་བྱ་བ་ནི་རྒྱུ་འདི་དག་གིས་བདག་གི་རྗེས་སུ་སྟོན་པ་བསྐོས་སམ་ཞེས་བྱ ་བའོ།། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི། འདུན་མ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི་ཆོས་འདི་པ་དག་གིས་སོ།། གཞི་དེ་གཏོང་བར་བྱ་བའི་ཕྱིར་ཞེས་བྱ་བ་ནི ་སྔ་མ་བཞིན་དུའོ།། དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ།། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་བཞམས་ཏེ་བསྒོ་བས། ཇི་ལྟར་སྔ་མ་བཞིན་དུ་བསྒོ་བ་ནའོ།། ་དེ་ལ་བཞམས་ཏེ་བསྒོ་བ་ན། གནི་དེ་གཏོང་ན་ཞེས་བྱ་བའི་བར་སྔ་མ་བཞིན་ནོ།། དེ་ལྟ་ན་ལེགས་ཤེས་བྱ་བ་ནི་དེ་ལྟ་ན་བཟང་བའོ།། གལ་ཏེ་མི་གཏོང་ན་ཞེས་བྱ་བ་ནི་གསོལ ་བ་དེང་གཞིའི་ལས་ཀྱིས་བསྒོ་བས་ཇི་ལྟར་སྔ་མ་བཞིན་དུ་བསྒོ་བ་ནའོ།། ཡང་དག་པར་བསྒོ་བ་དེ་ནི་དེ་ཡིན། ཡང་དག་པར་བསྟན་པ་དེ་ནི་ཡིན་ནོ།། ཆོས་འདི་ཡང་ཞེས ་བྱ་བ་ནི་ཆོས་མ་ཡིན་པ་འདི་ཆོས་ཀྱི་སླར་གསུངས་པའོ།། ལན་གསུམ་གྱི་བར་གྱིས་འབྱུང་བ་དང་བཅས་པ་ཞེས་བྱ་བ་ནི་འབྱུང་བར་འོས་པའོ།། དགེ་འདུན་ལྷག་མ་ཞེས ་བྱ་བ་ནི་ལྟུང་བ་འདི་དགེ་འདུན་སྡེ་གཉིས་ལ་རག་ལས་པ་ཡིན། དགེ་འདུན་སྡེ་གཉིས་ལ་རྟོན་པ་ཡིན། དགེ་འདུན་སྡེ་གཉིས་ཀྱིས་དེ་ལྟུང་བ་ལས་སློང་བར་འགྱུར་གྱི། ་གང་ཟག་ལས་ནི་མ་ཡིན་པའོ།། འདི་ལྟར་ཕས་ཕམ་པར་འགྱུར་བ་བརྒྱད་པོ་དག་ནི་ལྷག་མ་མེད་པ་ཡིན་ལ། འདི་ནི་ལྷག་མ་དང་བཅས་པ་ཡིན་པས། དེ་བས་ན་དགེ་འདུན ་ལྷག་མ་ཞེས་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་སྤྲས་པ་ན། འདི་སྐད་ཅེས་བུ་ནུ་མོ་དག་ཁོ་མོ་ལ་ཅི་ཡང་མ ་སྤུ་ཤིག་ཅེས་སྤྱན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ན་གཞི་དེ་མི་གཏོང་ན་སྦོམ་པོའོ།། ལས་བརྗོད་པ་དང་པོ་བརྗོད་པ་ན་དེ་ལྟ་ན་ལེགས། གལ ་ཏེ་མི་གཏོང་ན་སྦོམ་པོའོ།། ལས་བརྗོད་པ་གཉིས་པ་བརྗོད་པ་ན། མ་རྫོགས་པར་གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་བརྗོད་པ་རྫོགས་ན་སྦོམ་པོའོ།། ་ལས་བརྗོད་པ་གསུམ་པ་བརྗོད་པ་ན། མ་རྫོགས་པར་ཆོས་མ་ཡིན་པས་མཐུན་པར་བྱེད་པ་དང་། ཆོས་ཀྱིས་མི་འཐུན་པར་བྱེད་དེ། ཆོས་ཇི ་ལྟ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་མི་བྱེད་ན་ལྟུང་བ་མེད་དོ།། ལས་བརྗོད་པ་བཞི་པ་ན། རྫོགས་ནས་ཆོས་ཇི་ལྟ་བ་དང་། འདུལ་བ ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུ་བྱེད་ན། དགེ་འདུན་ལྷག་མར་འགྱུར་རོ།། དགེ་སློང་མ་དེས་སྟན་དེ་ཉིད་ལ་འདུག་བཞིན་དུ་འདི་སྐད་ཅེས་འཕགས་མ ་དག་བདག་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ངོ་།། ཞེས་བརྗོད་པར་བྱའོ།། བརྗོད་ན་དེ་ལྟ་ན་ལེགས། གལ་ཏེ་མ་བརྗོད་ན་དེས་ལྟུང་བ་བཤགས་ཤིང་དེ་སོ་སོར་མ ་བཤགས་པར་དེས་དེའི་འོག་ཏུ་གསོལ་བ་དང་། གསོལ་བ་དང་། གཉིས་དང་། གསོལ་བ་དང་གཞིའི་ལས་ཉམས་སུ་མྱོང་བར་བྱེད་ན། ཐམས་ཅད་ཉེས་བྱས་སུ་འགྱུར ་རོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། དགེ་འདུན་ལྷག་ཉི་ཤུ་རྫོགས་ཏེ། དགེ་སློང་མའི་རྣམ་པར་འབྱེད་པ་ལས། དགེ་འདུན་ལྷག་མ་རྣམས ་རྫོགས་སོ།། ། སྡོམ་ལ། ནག་བཅུ་བཅང་དང་བྲལ་མི་བྱ། ཟླ་བ་ཉེ་དུ་མིན་མི་བསླང་།། བླ་གོས་མཐང་གོས་བཅས་པ་དང་།། ལྤགས་པ། ་གཉིས་དང་པོ་ཉ་བསྐུར།། མོན་དར་སར་པ་གསེར་དངུལ་དང་།། སྣ་ཚོགས་ཉོ་ཚོང་བྱེད་པའོ།། སངས་རྒྱས་བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི ་ཚལ་མགོན་མེད་ཟེས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་དགེ་སློང་མ་རྣམས་ལ། ཆོས་གོས་མང་པོ་འདི་ལྟ་བུ་འདི་བྱུང་སྟེ། ཆོས་གོས་གཞན་གྱིས་ནི། ་མཁན་མོ་དང་། སློབ་དཔོན་དག་ལ་ལྟ་བའི་ཕྱིར་འགྲོ་བར་བྱེད། ཆོས་གོས་གཞན་གྱིས་ནི། གཙུག་ལག་ཁང་དུ་ཆག་ཆག་འདེབས་པར་བྱེད་དོ།། ཕྱག་དར་འཕྱག་པར་བྱེད་དོ།། ་ཆོས་གོས་གཞན་གྱིས་ནི་བའི་ལྕི་བ་སར་པའི་བྱུག་པས་སྐུད་པར་བྱེད། ཆོས་གོས་གཞན་གྱིས་ནི་བཤད་པའི་ས་དང་གཅི་བའི་ས་དག་འཕྱག་པར་བྱེད། ཆོས་གོས་གཞན་གྱིས ་ནི་སོ་ཤིང་འདོར་བར་བྱེད། ཆོས་གོས་གཞན་གྱིས་ནི། གནས་མལ་དང་སྣོད་སྤྱད་འདྲིམ་པར་བྱེད། ཆོས་གོས་གཞན་གྱིས་ནི། གྲོང་དུ་བསོད་སྙོམས་ལ་འཇུག་པར་བྱེད། ་ཆོས་གོས་གཞན་གྱིས་ནི། ཟས་ཀྱི་གྲལ་དུ་བཀོད་པར་བྱེད། ཆོས་གོས་གཞན་གྱིས་ནི། ཉིན་པར་ཆོས་ཉན་པར་བྱེད། ཆོས་གོས་གཞན་གྱིས་ནི། མཚན་མོ་ཆོས་ཉན ་བར་བྱེད། ཆོས་གོས་གཞན་གྱིས་ནི། སྟོན་པའི་སྤྱན་སྔ་ནས། གདམ་ངག་དང་། རྗེས་སུ་བསྟན་པ་དག་སོ་སོར་ཉམས་སུ་མྱོང་བར་བྱེད་ན། དགེ་སློང་མ་དོན་ཉུང་བ ་དག་སྤོང་བར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས། དགེ་སློང་དག་ལ་སྦས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་། གླེང་གཞི་འདི་དང་། གཞི་འདི་དང་། སྐབས་འདི་ལ་དགེ་སློང་མའི་དགེ་འདུན་བསྡུ་བ་མཛད་དེ། ངའི་ཉན་ཐོས་མ་རྣམས་རྣམ་པར་འགྱུར། ་བ་དང་། བསླབ་པའི་གཞི་ཡང་ལེགས་པར་བཅས་པར་འགྱུར་བའོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི། མཁྱེན་བཞིན་དུ་རྨེད ་བར་མཛད་པ་སྟེ། མཁྱེན་བཞིན་དུ་རྨེད་ཀྱི་མི་མཁྱེན་པར་ནི་མ་ཡིན། དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི། དོན་དང་མི་ལྡན་པ་ནི། ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཆུ་ལོན་གྱིས་ཟློག་པར་མཛད་པ་ཡིན་པས། འདི་ལྟ་སྟེ། དོན་དང་ལྡན་པའི་ཕྱིར། སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམ ་ལ་རྨ་བ་རྨེ་བར་མཛད་དེ། དགེ་སློང་མ་དག་ཁྱེད་ཅག་ལ། ཆོས་གོས་མང་པོ་འདི་ལྟ་བུ་འདི་བྱང་བ་བདེན་ནམ། བཅོམ་ལྡན་འདས་མད་ལགས་སོ།། སངས་རྒྱས་བཅོམ་ལྡན ་འདས་ཀྱིས་གསོ་དཀའ་བ་དང་དགང་དཀའ་བ་དང་། འདོད་པ་ཆེ་བ་དང་། ཆོག་མི་ཤེས་པ་དང་། སྦྱངས་པའི་ཡོན་ཏན་ཅན་མ་ཡིན་པ་དང་། ཚོད་མི་ཤེས་པའི་རྣམ་པར་སྨང་ནས ་རྣམ་པར་སྨད་པར་མཛད་ནས། དགེ་སློང་མ་རྣམས་ལ་གསོ་སླ་བ་དང་འདོད་པ་ཆུང་བ་དང་།། ཆོག་ཤེས་པ་དང་། སྦྱངས་པའི་ཡོན་ཏན་དང་། ཆོད་ཤེས་པའི་བསྔགས་པ་གསུང ་ཏེ། དགེ་སློང་མ་རྣམས་ཀྱི་སྔ་པའི་གཞི་བཅའ་བ་མཛད་དེ། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ན་ཞག་བཅུའི་བར་དུ་གོས་ལྷག་པ་རུང་བར་མ་བྱས་པ་བཅང་བར་བྱའོ།། ་དེ་ལྷག་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། ཆོས་གོས་ཟིན་པ་ཞེས་བྱ་བ་ལ། ཆོས་གོས་ཟིན་ལ་སྲ་བརྐྱང་མ་ཕྱུང་བ་ཡང་ཡོད། སྲ་བརྐྱང་ཕྱེད་ལ་ཆོས་གོས་མ་ཟིན་པ ་ཡང་ཡོད། ཆོས་གོས་ཟིན་ལ་སྲ་བཏུང་བྱུང་བ་ཡང་ཡོད། ཆོས་གོས་མ་རིན་ཅིངསྲ་བརྐྱངམ་ཕྱུང་བ་ཡང་ཡོད་དོ།། ཆོས་གོས་རིན་ལས་བརྐྱངས་ཕྱུང་བ་ཇི་ལ་བུ་ཞེ་ན། ་འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་སྦྱར་ཟིན་ལ། དགེ་འདུན་གྱི་སྲ་བརྐྱང་མ་ཕྱུང་བ་ཡིན་ཏེ། དེ་ལྟ་བུ་ནི་ཆོས་གོས་ཟིན ་ལ་སྲ་བརྐྱང་མ་བྱུང་བ་ཡིན་ནོ།། སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཇི་ལྟ་བུ་ཞེ་ན། འདི་ལྟ་སྟེ། ཡང་དགེ་འདུན་གྱི་སྲ་བརྐྱང་ཕྱུང་ཟིན་ལ། དགེ་སློང་མས་ཆོས་གོས་དག ་བཀྲུ་བ་དང་། དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་བ་མ་ཟིན་པ་སྟེ། དེ་ལྟ་བུ་ནི་སྲ་བརྐྱང་ཕྱུང་ལ་ཆོས་གོས་མ་ཟིན་པ་ཡིན་ནོ།། ཆོས་གོས་ཟིན་ལ་སྲ་བརྐྱང་ཕྱུང་བ་ཇི་ལྟ་བ་ཞེ་ན། ་འདི་ལྟ་སྟེ། ཡང་དགེ་སློང་མས་ཆོས་གོས་དག་བཀྲུ་བ་དང་དྲ་བ་དང་། དྲུབ་པ་དང་། ཁ་བསྒྱུར་བ་ཟིན་ལ། དགེ་སློང་མའི་དགེ་འདུན་གྱིས་ཀྱང་སྲ་བརྐྱང་ཕྱུང་བ་ཡིན་ཏེ། དེ ་ལྟ་བུའི་ཆོས་གོས་ཟིན་ལ་སྲ་བརྐྱང་བྱུད་པ་ཡིན་ནོ།། ཆོས་གོས་མ་ཟིན་ཅིང་སྲ་བརྐྱང་མ་ཕྱུང་བ་ཇི་ལྟ་བུ་གང་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ།། དགེ་སློང་མ་ཞེས ་བྱ་བ་ནི། ཆོས་འདི་པ་དག་གིའོ།། ཞག་བཅུའི་བར་དུ་ཞེས་བྱ་བ་ནི། ཉིན་ཞག་བཅུའོ།། གེས་ལྷག་པ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པ་ལྔ་ལས་ལྷག་མའོ།། རུང་བར ་མ་བྱས་པ་ཞེས་བྱ་བ་ནི། གང་ཞིག་སུའི་མིང་གིས་ཀྱང་རུང་བར་མ་བྱས་ཀྱི་བདག་ཉིད་ཀྱིའོ་ཞེས་བཅངས་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་སྤངས་ནས། ལྟུང ་@ཁྱེད་ཀྱི་ལྟུང་བ་བཤགས་པར་བྱའོ།། ལྟུང་བ་ཞེས་བྱ་བ་ནི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ངན་སོང་དང་། ངན་འགྲོལ་བ ་བར་ལྟུང་བ་རྣམས་སུ་སྟེ། དེ་བས་ན་ལྟུང་བྱེད་དོ།། ཞེས་གསུངས་སོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་ཆེས་ལ་གོས་རྙེད་ན། དགེ་སློང ་མ་དེས་གོས་དེ་ཞག་བཅུ་པོ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། རུང་བར་བྱ་བ་འམ། གཏང་བར་བྱ་བ་འམ། གཞན་ལ་སྦྱིན་པར་བྱའོ།། བྱིན་གྱིས་བརླབ་པར ་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་དམ། གཞན་དག་ལ་སྦྱིན་པར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། ཇི་ལྟར་ཚེས ་ལ་གོས་རྙེད་ལ། དེ་བཞིན་དུས་ཚེས་གཉིས་དང་། གསུམ་དང་ཞེས་བྱ་བ་ནས། བཅུའི་ནང་དུ་ཞེས་བྱ་བའི་བར་དུ་སྟེ། དགེ་སློང་མ་དེ་གོས་དེ་ཞག་བཅུ་པ་དེ་ཉིད་ཀྱི་ནང་དུ་བྱིན ་གྱིས་བརླབ་པར་བྱ་བ་འམ། རུང་བར་བྱ་བ་འམ། གཏང་བར་བྱའོ།། བྱིན་གྱིས་བརླབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། རུང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི ་སྒྲ་རེ་དཤར་ན་སྤང་བའི་ལྟུང་བྱེད་དེ།། དགེ་སློང་མས་ཆེས་ལ་གོས་གཅིག་རྙེད་ལ། ཕྱི་དེ་ཉིན་པར་གཅིག་བརྙེད་ན། དགེ་སློང་མ་དེས་གོས་སྔམ་བྱིན་གྱིས་བརླབ་པར་བྱ་ཞིང་། ་ཕྱི་མ་ཤོས་རུང་བར་བྱ་བ་འམ། བྱིན་གྱིས་བརླབ་པར་བྱའོ།། ཡང་ན་གོས་ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་ཞིང་། སྔ་མ་རུང་བར་བྱའོ།། བྱིན་གྱིས་བརློབ་པར་མི་བྱེད། ་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་སློང་མས་ཆོས་དགུ་ལ་གོས་གཅིག་བརྙེད་ལ། ཆོས ་བཅུ་ལ་གཅིག་རྙེད་ན། དགེ་སློང་མངེས་གོས་སྔ་མ་བྱིན་གྱིས་བརླབ་པར་བྱ་ཞིང་། ཕྱི་མ་ཤོས་རུང་བར་བྱ་བ་འམ། གཏང་བར་བྱའོ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ།། ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཆེས་ལ་གོས་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་གཉིས་རྙེད་ན། དགེ་སློང་མ་དེས་གོས་སྔ་མ་གཉིས་བྱིན་གྱིས་བརླབ་པར་བྱ་ཞིང་། གོས ་ཕྱི་མ་ཤོས་གཉིས་རུང་བར་བྱ་བ་འམ། གཏང་བར་བྱའོ།། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། དགེ ་སློང་མས་ཚེས་དགུ་ལ་གོས་གཉིས་རྙེད་ལ་ཚེས་བཅུ་ལ་ཡང་གཉིས་རྙེད་ན། ཞེས་བརྒྱས་པར་བརྗོད་པར་བྱའོ།། དགེ་སློང་མས་ཚེས་ལ་གོས་རབ་ཏུ་མང་པོ་རྙེད་ལ། ཚེས ་གཉིས་ལ་ཡང་རབ་ཏུ་མང་པོ་རྙེད་ན། དགེ་སློང་མ་དེས་སྔ་མའི་གོས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ་པར་བྱ་ཞིང་། ཕྱི་མ་ཤོས་ཀྱི་གོས་རབ་ཏུ་མང་པོ་དག་རུང་བར་བྱ་བ་འམ། ་གཏང་བར་བྱའོ།། ཡང་ན་ཕྱི་མ་ཤེས་རབ་ཏུ་མང་པོ་དག་བྱིན་གྱིས་བརླབ་པར་བྱའོ།། སྔ་མའི་གོས་རབ་ཏུ་མང་པོ་དག་རུང་བར་བྱ་བ་འམ། གཏང་བར་བྱའོ།། བྱིན་གྱིས ་བརློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཆེས་དགུ་ལ་གོས་རབ་ཏུ། ་མང་པོ་རྙེད་ལ། ཚེས་བཅུ་ལ་ཡང་གོས་རབ་ཏུ་མང་པོ་རྙེད་ན་ཞེས་བྱ་བ་ནས། དེ་བཞིན་དུ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང། ་མའི་གོས་སྤང་བར་གྱུར་ན། དེ་ལ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་གོས་གཞན་རྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ།། དགེ་སློང ་མའི་གོས་སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་མ་བྱས་ལ། ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བར་འགྱུར་རོ།། དགེ་སློང ་མའི་གོས་སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་བྱས་ལ། ལྟུང་བ་མ་བཤགས་པར་གོས་གཞན་ཞིག་རྙེད་ན། དེ་ཡང་སྔ་མ་ཤན་གྱིས་སྤང་བར་འགྱུར་རོ།། དགེ་སློང ་མའི་གོས་སྤང་བར་གྱུར་ན། དེ་སྤངས་ཤིང་བྲལ་བར་བྱས་ལ། ལྟུང་བ་བཤགས་ནས་གོས་གཞན་ཞིག་རྙེད་ན། ལྷུང་བ་མེད་དོ།། ལས་དང་པོ་པ་དང་། སྨྱོས་པ་དང་། ་སེམས་འཁྲུགས་པ་དང་། ཚོར་པས་ཉེན་པ་ལ་ནི་ལྟུང་བ་མེད་དོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས། སྤང་བའི་ལྟུང་བྱེད་དང་པོ་རྫོགས་སོ།། ། ་གླེང་གཞི་ནི་མཉན་ཡོད་ནའོ།། དགེ་སློང་མ་དབྱར་གནས་པར་ཁས་བླངས་པར་དབྱར་མཐར་ཕྱིན་པར་གནས་པར་འགའ་ཞིག་གིས། ཆོས་གོས་དག་རྙེད་པར་གྱུར་ནས་དེས་དེ ་དྲག་བཀྲུས་ཤིང་ཁ་སྦྱར་ཏེ། གཏུར་བུ་བཀང་ནས་བམ་པོར་བསྒྲེས་ཏེ། བླ་གོས་དང་མཐང་གོས་དང་བཅས་པས། ལྗོངས་རྒྱུ་ཞིང་སོང་བ་ན་མ་སྦས་ཤིང་སྦེད་དུ་བཅུག ་པར་གྱུར་ཏོ།། དགེ་སློང་མ་གནས་ན་གཉུག་མར་གནས་པ་དག་ཀྱང་། ཆོས་གོས་དེ་དག་སྐེམས་པ་དང་། སྤྲུག་པས་བྱ་བ་མང་པ་དང་། བྱེད་པ་མང་པར་གྱུར་ཅིང་། ལུང་མནོད ་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོང་བར་བྱེད་པ་ནས། དགེ་སློང་མངོན་ཉུང་བདག་སྨོད་པར་བྱེད་པའི ་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྤྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། དགེ་སློང་མ་ཆོས་གོས་ཟིན་པས་སྲ་བརྐྱང་ཕྱུང་ནས། ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག། མཚམས ་ཀྱི་ཕྱིར་རོལ་དུ་འབྲལ་བར་བྱེད་ན། སྤང་བའི་ལྟུང་བྱེད་དོ་ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བར་མཛད་དོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་རྒྱལ་པོའི་ཁབ་དུ་གནས་བརྟན ་ཆེན་པོ་འོད་སྲུངས་ལ་བརྟེན་ནས། སྣམ་སྦྱར་དང་འབྲལ་བར་མི་འགྱུར་བའི་སྣང་བ་བྱིན་ནས། ཡང་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་གནས་བརྟན ་གནས་བརྟན་དག། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། ལྷགས་ནས་བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ།། བཙུན་པ་བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ ་དང་བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོད་བྱད་བསྙུངས་པའི་བསྔགས་པ་གསུངས་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ། ་དགེ་སློང་མ་དག་སྔ་མ་ནི་བཅས་པའོ།། འདི་ནི་གནང་བ་ཡིན་པས། ང་ནི་ཉན་ཐོས་མ་རྣམས་ཀྱིས་ཡང་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གདོན་པར་བྱ་སྟེ། དགེ་སློང་མ་ཆོས ་གོས་ཟིན་ཏེ། སྲ་བརྐྱང་ཕྱུང་ནས་ཆོས་གོས་ལྔ་ལས་གང་ཡང་རུང་བ་ཞིག་དང་། ནུབ་ཅིག་མཚམས་ཀྱི་ཕྱི་རོལ་ཏུ་བྲལ་ན། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ། སྤང ་བའི་ལྟུང་བྱེད་དོ།། ཆོས་གོས་ཟིན་པ་ཞེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་ནོ།། ཆོས་གོས་ལྔ་ཞེས་བྱ་བ་ནི། སྣམ་སྦྱར་དང་བླ་གོས་ལ་སོགས་པ་ཆོས་གོས་བྱིན་གྱིས་བརླབ ་བ་གང་ཡང་རུང་བ་དག་གོ། མཚམས་ཀྱི་ཕྱི་རོལ་དུ་བྲལ་ན་ཞེས་བྱ་བ་ནི། སྐྱ་རེང་ཤར་བར་བྱེད་ནའོ།། དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི་དགེ་འདུན་གྱིས ་གནང་བ་གཞན་སྟེའོ།། སྤང་བའི་ལྟུང་བྱེད་དོ།། ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལྟུང་བའི་བར་སྡོམ་ལ།། ཁྱིམ ་གཅིག་པ་དང་ཁྱིམ་གཉིས་དང་།། ཚོགས་དང་ས་བར་གཅིག་པ་དང་།། འོབས་ཀྱི་ཉིན་དཀོར་དག་དང་ནི།། ཁྱིམ་དང་ཚོང་ཁང་ཚོང་རྡལ་དང་།། ཡང་ཐོག་ཀུན་རྒྱུ་གཡུག ་དང་ནི།། ཡུལ་ཆོམས་མུ་སྟེགས་ཤིང་རྟ་དང་།། གྲུ་དང་ཀུན་དགའ་ར་བ་དང་།། ལྗོན་ཤིང་དང་ནི་ཞུས་པའོ།། ཁྱིམ་གཅིག་པའི་གྲོང་ནི་གང་། ཁྱིམ་གཉིས་པའི་གྲོང་ན། ་གང་། རིམ་པས་བསྐོར་བའི་ཚོགས་ནི་གང་། རྩིག་པས་བསྐོར་བའི་གྲོང་ནི་གང་། དེ་བཞིན་དུ་འོབས་ཀྱིས་བསྐོར་བའི་གྲོང་དང་། གྲོང་ཉེན་དཀོར་གཅིག་པ་དང་། གྲོང ་ཉེན་དཀོར་ཐ་དད་པ་དང་། གྲོང་རབ་ཏུ་མང་པོ་ཉིན་དཀོར་གཅིག་པ་དང་། གྲོང་རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་དང་། ཁྱིམ་ཉེན་དཀོར་གཅིག་པ་ནི་གང་། ཁྱིམ་ཉེན་དཀོར་ཐ ་དད་པ་གང་། ཁྱིམ་རབ་ཏུ་མང་པོ་ཉེན་དཀོར་གཅིག་པ་དང་། ཁྱིམ་རབ་ཏུ་མང་པོ་ཉེན་དཀོར་ཐ་དད་པ་དང་། དེ་བཞིན་དུ་ཚོང་ཁང་ཉེན་དཀོར་གཅིག་པ་དང་། ཉེན་དཀོར་ཐ ་དད་པ་དང་། རབ་ཏུ་མང་པོ་ཉིན་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་དང་། དེ་བཞིན་དུ་ཚོང་རྡལ་ཉེན་དཀོར་གཅིག་པ་དང་། ཚོང་རྡལ་ཉེན་དཀོར་ཐ་དང་། ་པ་ཡང་ཡོད། ཚོང་རྡལ་རབ་ཏུ་མང་པོ་ཉིན་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་དང་། དེ་བཞིན་དུ་ཡང་ཐོག་ཉེན་དཀོར་གཅིག་པ་དང་། ཡང་ཐོག ་ཉེན་དཀོར་ཐ་དད་པ་ཡང་ཡོད། ཡང་ཐོག་རབ་ཏུ་མང་པོ་ཉེན་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་དང་། དེ་བཞིན་དུ་གཡུལ་ཉེན་དཀོར་གཅིག་པ་དང་། ་རྟེན་དཀོར་ཐ་དད་པ་དང་། གཡུལ་རབ་ཏུ་མང་པོ་ཉན་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་དང་། དེ་བཞིན་དུ་གཡུལ་ཚེམས་ཉེན་དཀོར་གཅིག་པ་དང་། ་གཡུལ་ཚོམས་ཉེན་དཀོར་ཐ་དད་པ་དང་། གཡུལ་ཆོམས་རབ་ཏུ་མང་པོ་ཉེན་དཀོར་གཅིག་པ་ཡང་ཡོད། རབ་ཏུ་མད་རྟེན་དཀོར་ཐ་དད་པ་དང་། དེ་བཞིན་དུ་མུ་སྟེགས་ཅན་གྱི་ཁྱིམ ་སེན་དཀོར་གཅིག་པ་དང་། ཉེན་དཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉོན་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་དང་། དེ་བཞིན་དུ་ཀུན་ཏུ། ་རྒྱུ་ཁྱིམ་ཉེན་དཀོར་གཅིག་པ་དང་། ཉེན་དཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉོན་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་དཀོར་ཐ་དད་པ་དང་། དེ་བཞིན་དུ་ཤིང་རྟ་ཉེན་དཀོར་གཅིག་པ ་དང་། ཉེན་དཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་བ་ཉེན་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉེན་དཀོར་ཐ་དད་པ་དང་། དེ་བཞིན་དུ་གྲུ་ཉེན་དཀོར་གཅིག་པ་དང་། ཉེན་དཀོར་ཐ་དད་པ་ཡང་ཡོད། ་རབ་ཏུ་མང་པོ་ཉེན་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉན་དཀོར་ཐ་དད་པ་དང་། དེ་བཞིན་དུ་ཀུན་དགའ་ར་བ་ཉེན་དཀོར་གཅིག་པ་དང་། ཉེན་དཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉིན ་དཀོར་གཅིག་པ་དང་། རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་དང་། དེ་བཞིན་དུ་ལྗོན་ཤིང་ཉེན་དཀོར་གཅིག་པ་དང་། ཉེན་དཀོར་ཐ་དད་པ་ཡང་ཡོད། རབ་ཏུ་མང་པོ་ཉིན་དཀོར་གཅིག་པ་དང་། ་རབ་ཏུ་མང་པོ་ཉེན་དཀོར་ཐ་དད་པ་སྟེ། ལྟུང་བ་དེའི་བསྟན་པ་ནི་འདི་ཡིན་ནོ།། ད་ནི་བཤད་པ་སྨྲ་བར་བྱ་སྟེ། དེ་ལ་ཁྱིམ་གཅིག་པའི་གྲོང་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བོད་དང་། རི་གྲོང་དང་། ཀླ་ཀྲོ་བཟོལ་རག་ལས་པ་རྣམས་ཀྱི་གྲོང་གང་ཡིན་པ་སྟེ། གྲོང་འདི་ནི་ཁྱིམ་གཅིག་པ་ཡིན་ནོ།། ཁྱིམ་གཅིག་པ་ཇི་ལྟར་ཁྱིམ་གཉིས་པ་ཡང་དེ་བཞིན་ནོ།། བྱིན ་ཚོགས་ཀྱི་གྲོང་གང་ཞེ་ན། མིའི་གཙོ་བོ་སྣ་ཚོགས་གནས་པར་གྱུར་པའི་གྲོང་གང་ཡིན་པ་སྟེ། འདི་ནི་ཁྱིམ་གྱི་ཚོགས་ཀྱི་གྲོང་ཞེས་བྱའོ།། སབ་རས་བསྐོར་བའི་གྲོང་གང་ཞེ་ན། ས་པ ་རས་བསྐོར་བའི་གྲོང་གང་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་སྐས་སྡང་དུ་བཅུ་གཉིས་པས་ཁྱབ་ཅིང་འདུག་པ་འམ། ་ཡུལ་མ་ག་ཏའི་ཤའི་རྟ་སྨྱིག་མས་བཀང་བར་འགྱུར་བའོ།། དགེ་སློང་མས་ནང་དུ་ཆོས་གོས་དག་བཞག་ནས། ཉེན་དཀོར་དུ་སྐྱ་རེང་འཆར་བར་བྱེད་ན་ལྟུང་བ་མེད་དོ།། ཉེན་དཀོར་དུ ་ཆོས་གོས་བཞག་སྟེ། ནང་དུ་སྐྱེ་རེང་འཆར་བར་བྱེད་ན་ཡང་ལྟུང་བ་མེད་དོ།། ནང་ངམ་ཕྱི་རོལ་ཏུ་ཆོས་གོས་བཞག་སྟེ། གཞན་དུ་སྐྱ་རེང་འཆར་བར་བྱེད་ཅིང་སྐྱ་རེང་ཤར་ན། སྤང་བའི ་ལྟུང་བྱེད་དོ།། རྩིག་པས་བསྐོར་བ་གང་ཞེ་ན། ར་བས་བསྐོར་བའི་གྲོང་གང་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་གདུང ་བར་བྱེད་པ་དང་། རྡོ་བར་བྱེད་པ་དང་། ཟ་བར་བྱེད་པ་དང་། ཁྱེའུ་སུས་བྱེད་པ་འམ། གང་དུ་མི་རང་བཞིན་གྱིས་ངོ་ཚ་བ་དང་ལྡན་པ་བཤང་བར་འགྲོ་བ་འམ། བྱ་གག་འཕུར་སྟབ ་ཀྱི་ཆོད་པ་སྟེ། དེའི་ཉེན་དཀོར་ནི་དེ་ཡིན་ནོ།། དགེ་སློང་མས་ནང་དུ་ཆོས་གོས་དག་བཞག་སྟེ། ཉེན་དཀོར་དུ་སྐྱ་རེང་འཆར་བར་བྱེད་ན་ལྟུང་བ་མེད་དོ།། ཉེན་དཀོར་དུ་ཆོས་གོས་དག ་བཞག་སྟེ། ནང་དུ་སྐྱ་རེང་འརར་བར་བྱེད་ན་ལྟུང་བ་མེད་དོ།། ནང་ངམ་ཉེན་དཀོར་དུ་ཆོས་གོས་དག་བཞག་སྟེ། གཞན་དུ་སྐྱ་རེང་འཆར་བར་བྱེད་ཅིང་སྐྱ་རེང་ཤར་ན་སྤང་བའི་ལྟུང ་བྱེད་དོ།། འོབས་ཀྱིས་བསྐོར་བའི་གྲོང་གང་ཞེ་ན། འོབས་ཀྱིས་བསྐོར་བའི་གྲོང་གང་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་ཞེས་བྱ་བ་ནས། ཁྱེའུ་སུ་སཾ་བྱེད ་བ་ཞེས་བྱ་བའི་བར་རམ། གང་དུ་བ་ལང་དང་ལུག་དག་འགྲོ་བའི་རྡུལ་ལངས་པ་རླུང་གིས་མ་བསྐྱོད་པ་འམ། ཕྱག་དར་བོར་བའི་བོང་བ་འདྲིལ་བས་སླེབས་པ ་ཡིན་ཏེ། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲོང་ཉེན་དཀོར་གཅིག་པ་གང་ཞེ་ན། གྲོང་གང་ན་སྐྱེད་མོས་ཚལ་ལམ། འདུན ་ས་འམ། ལྷའི་གནས་གཅིག་ཡོད་པའོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནང ་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲོང་ཉེན་དཀོར་ཐ་དད་པ་གང་ཞེ་ན། གྲོང་གང་ན་སྐྱེད་མོས་ཚལ་ལམ། འདུན་ས་འམ། ལྷའི་གནས་མང ་པོ་ཡོད་པའོ།། དེ་རྣམས་ཀྱི་ཉེན་དཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན་བསྒོའོ།། གལ་ཏེ་དགེ་སློང་མས་ནང་ངམ། ཕྱི་རོལ་དུ་ཆོས་གོས་དག་བཞག་ལ། སྐྱ་རེང ་འཚར་ན་དགེ་སློང་མ་ཉེན་དཀོར་དང་བྲལ་བས། སྒོར་འདུག་ནས་སྐྱ་རེང་འཆར་བར་བྱའོ།། གལ་ཏེ་གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། གྲོང་རབ་ཏུ་མང་པོ་ཉོན་དཀོར ་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། གྲོང་རབ་ཏུ་མང་པོ་དག་ལ་སྐྱེད་མོས་ཚལ་ལམ། འདུན་ས་འམ། ལྷའི་གནས་གཅིག་ཡོད་དོ།། དེ་རྣམས་ཀྱི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ་ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། གྲོང་རབ་ཏུ་མང་པོ་ཉོན་དཀོར་ཐ་དད་པ་གང་ཞེ་ན། དེ་རྣམས་ཀྱི ་སྐྱེད་མོས་ཚལ་མང་པོ་ཡོད་དེའོ།། དེ་རྣམས་ཀྱིས་ཉེན་དཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཁྱིམ་ཉེན་དཀོར་གཅིག་པ་གང་ཞེ་ན། མི་གཅིག ་གི་འམ། སྤུན་སྒོམ་ཕྱེ་བའི་ཁྱིམ་གང་ཡིན་པའོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངོ་ཞེས་བྱ་བ་ནས། གཞན་དུ་སྐྱ་རེང་འཆར་བར་བྱེད་ན་སྤང་བའི ་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། ཁྱིམ་རབ་ཏུ་མང་པོ་ཉོན་དཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པ་དག་གི་འམ། སྤུན་སྒོ་བའི་ཁྱིམ་གང་དག་ཡིན་པའོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། ་སོ་སོ་པའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན་ཅི་ཡང་མ་ཡིན་པའོ།། ཚོང་ཁང་ཉེན་དཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་བ་བྱེ་བ་དག་གི་ཚོང་ཁང་གང་ཡིན་པའོ།། དེའི་ཉེན ་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་འམ། གང་དུ་འབྲུ་སྤུང་པར་བྱེད་པ་དང་། གླེང་བ་དང་བྲེའུ་འཇོག་པར་བྱེད་པ་དང་། འཇལ་བར་བྱེད་པའི་སྣོད་དག་འཇོག་པ་སྟེ། ་དེའི་ཉེན་དཀོར་ནི་དེ་ཡིན་ནོ།། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། གཞན་དུ་སྐྱ་རེང་འཆང་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། ཚོང་ཁང་ཉེན་དཀོར་ཐ་དད ་བ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཚོང་ཁང་གང་དག་ཡིན་པའོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཟོང་གི་མཛོད་དོ།། ཚོང་ཁང་རབ ་ཏུ་མང་བ་ཉེན་དཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བའི་ཚོང་ཁང་དག་ཡིན་པའོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བ.རོ།། ཚོང་ཁང་རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱ་བའི་ཚོང་ཁང་གང་དག་ཡིན་པའོ།། ་དེ་དག་གི་ཉིན་དཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཚོང་རྡལ་ཉེན་དཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་བྱེ་བ་དག་གི་ཚོང་རྡལ ་གང་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གང་དུ་དེ་དག་གི་སྤང་ལེབ་དག་འཇོག་པར་བྱེད་པ་དང་། དྲི་དག་ཀྱང་འཐག་པར་བྱེད་པ་དང་། ་ཐུམ་བུ་དག་འཆིང་བར་བྱེད་པ་དང་། འདྲ་བར་བྱེད་པ་དང་། ཞེས་བྱ་བ་ནས། ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཉེན་དཀོར་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི ་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། ཚོང་རྡལ་ཉེན་དཀོར་ཐ་དད་བ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཚོང་རྡལ་གང་དག་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། སོ་སོ་བའོ།། ་ཅི་ཞིག་ཐུན་མོང་ཡིན་ཞེ་ན། འདུག་སྟེགས་སོ།། ཚོང་རྡལ་རབ་ཏུ་མང་པོ་ཉིན་དཀོར་བ་གང་ཞེ་ན། མི་གཅིག་གི་འམ། སྲུན་སྒོམ་བྱེ་བ་དག་གི་ཚོང་རྡལ་གང་ཡིན་པའོ།། དེ་དག་གི་ཉེན ་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཚོང་རྡལ་རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་གང་ཞེ་ན། མི ་ཐ་དད་པའི་འམ། སྤུན་སྒོ་བྱེ་བ་དག་གི་ཚོང་རྡལ་གང་དག་ཡིན་པའོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། སོ་སོ་བོའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཡང་ཐོག་ཉེན ་དཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་ཡང་ཐོག་གོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་དོ།། གཞན་ནི ་སྔ་མ་བཞིན་ནོ།། ཡང་ཐོག་ཉེན་དཀོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། མི་ཐ་དད་པའོ་འམ། སྤུན་སྒོ་བྱེ་བ་དག་གི་ཡང་ཐོག་གོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག ་ཐུན་མོང་ཡིན་ཞེ་ན། སྐས་སོ།། ཡང་ཐོག་རབ་ཏུ་མང་པོ་ཉེན་དཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གི་འམ། སྤུན་སྒོ་བྱེདབ་དག་གྱི་ཡང་ཐོག་གོ། དེ་དག་གི་ཉེན་དཀོར་གང་ཞེ་ན། ་སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཀུན་ཏུ་རྒྱུའི་ཁྱིམ་ཉེན་དཀོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། མི་གཅིག་གི་འམ། སྤུན་སྒོ་མོ་བྱེ་བ་དག་གི་ཀུན་ཏུ་རྒྱུ་བའི་ཁྱིམ ་མོ་ཥ་དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གནས་གང་དུ་དེ་དག་གི་སྨིག་པ་གཤེག་པར་བྱེད་པ་དང་། གླེ་བ་བྱེད་པ་དང་། གདུགས་ཀྱི་སྒོ་དག་ཅེས ་བྱ་བ་ནས། སྐྲ་རེང་འཚར་བར་བྱེད་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཀུན་ཏུ་རྒྱུའི་ཁྱིམ་ཉེན་དཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱ་བ་དག་གི་ཀུན ་ཏུ་དུ་རྒྱུ་བའི་ཁྱིམ་གང་ཡིན་པའོ།། དེའི་ཉེད་དཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། རྒྱལ་མཚན་གྱི་ཤིང་ངོ་།། ཀུན་ཏུ་རྒྱུ་རབ་ཏུ་མང་པོ་ཉེན་དཀོར་གཅིག་པ་གང་ཞེ་ན། ་མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་ཀུན་ཏུ་རྒྱུའི་ཁྱིམ་རབ་ཏུ་མང་པོ་གང་ཡིན་པའོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། གནས་གང ་དུ་སྨིག་མ་དག་གཤེགས་པར་བྱེ་བ་དང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཀུན་རྒྱ་རབ་ཏུ་མང་པོ་ཉེན་དཀོར་ཐ་དད་པ་གང་ཞེ་ན། ་མི་ཐ་དད་པ་འམ། སྤུན་སྒོ་བྱེད་པ་དག་གི་ཀུན་རྒྱུ་རབ་ཏུ་མང་པོའི་ཁྱིམ་གང་དག་ཡིན་པའོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། སོ་སོ་བའོ།། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང ་མ་ཡིན་ནོ།། གཡུལ་ཉེན་སྐོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་མ་བྱེ་བ་དག་གི་གཡུལ་གང་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི ་རོལ་འདོམ་གང་ངམ། གནས་གཞན་དུ་སོག་པ་དག་འཇོག་པར་བྱེད་པ་དང་། བྲེ་བ་དང་། ཕྱག་མ་དང་། གཞལ་སྣོད་དག་འཇོག་པར་བྱེད་པ་དང་། འཕྱར་བར་བྱེད་པ་དང་། འབྲུ་དག ་འཕྱར་བ་ན་ཕུར་པ་རགས་པ་དག་གང་དུ་རླུང་གི་མ་བདས་པར་ཕྱིན་པ་སྟེ། དེའི་ཉེན་དཀོར་ནི་དེ་ཡིན་ནོ།། དགེ་སློང་མས་ཉེན་དཀོར་དུ་ཆོས་གོས་དག་ཅེས་བྱ་བ་ནས། གཞན་ནི་སྔ་མ ་བཞིན་ནོ།། གཡུལ་ཉེན་དཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། སྤུན་སྒོམ་བྱེ་བ་དག་གི་གཡུལ་གང་ཡིན་པའོ།། ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཡིན་ཞེ་ན། གཡུལ། ་གྱི་དབུསོ།། གསུལ་རབ་ཏུ་མང་པོ་ཉིན་དཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྲུན་སྒོམ་བྱེ་བ་དག་གི་གཡུལ་གང་ཡིན་པའོ།། གཞན་ནི་སྔ་མ་བཞིན་ནོ།། གཡུལ་རབ་ཏུ ་མང་པོ་ཉེན་དཀོར་ཐ་དད་པ་གང་ཞེ་ན། གཡུལ་རབ་ཏུ་མང་པོ་ཉེན་དཀོར་ཐ་དད་པའི་འམ། ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཞེས་བྱ་བའི་བར་རོ།། ་གཡུལ་ཚོགས་ཉེན་དཀོར་གཅིག་པ་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་མ་བྱེ་བ་དག་གི་གཡུལ་ཚོགས་གང་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ ་གང་ངམ། གང་དུ་གླང་དག་འདོགས་པར་བྱེད་པ་དང་། ལྕི་བ་དག་འདོར་བར་བྱེད་པའོ།། གཞན་ནི་སྔ་མ་བཞིན་ནོ།། གཡུལ་ཚོགས་ཉེན་དཀོར་ཐ་དད་པ་གང་ཞེ་ན། མི་ཐ་དད་པའི་འམ། ་སྤུན་སྒོ་བྱེ་བ་དག་གི་ཚོགས་གང་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཡིན་ཞེ་ན། སྒོ་ཞེས་བྱ་བའི་བ.རོ།། གཡུལ་ཚོགས་རབ་ཏུ་མང་པོ་ཉོན ་དཀོར་གཅིག་པ་གང་ཞེ་ན། གཡུལ་གང་ཞིག་མི་གཅིག་གི་འམ། ཞེས་བྱ་བ་ནས་སྔ་མ་བཞིན་ནོ།། གཡུལ་རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་གང་ཞེ་ན། གཡུལ་ཚོགས་གང་ཞིག་མ ་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཞེས་བྱ་བའི་བར་རོ།། མུ་སྟེགས་ཅན་གྱི་ཁྱིམ་ཉེན་དཀོར་གཅིག་པ་གང་ཞེ་ན། མུ་སྟེགས་ཅན ་ལྟ་བ་གཅིག་པ། བཟོད་པ་གཅིག་པ། འདོད་པ་གཅིག་པ། བསམ་པ་གཅིག་པ་དག་གི་གང་ཡིན་པའོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། གནས་གང་དུ་དེ་དག་མེའི་སྤྲིན་བསྲེག ་བསྲེག་པར་བྱེད་པ་དང་། རྩ་དང་། ལྕི་བ་དང་། ཡམས་སྲེག་ཤིང་དང་། བླུགས་གཟར་དག་འཇོག་པའོ།། དེའི་ཉེན་དཀོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་ངམ། ་གང་དུ་གཅོད་པར་བྱེད་པ་དང་། ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། མུ་སྟེག་ཅན་གྱི་ཁྱིམ་ཉེན་དཀོར་ཐ་དད་པ་གང་ཞེ་ན། མུ་སྟེགས་ཅན་ལྟ་བ་སྣ་ཚོགས་དང་ཞེས་བྱ ་@བ་ནས། བསམ་པ་སྣ་ཚོགས་གང་ཡིན་པའོ།། ཞེས་བྱ་བའི་བ.རོ།། དེ་དག་གི་ཉེན་དཀོར་གང་ཞེ་ན། སོ་ས་པའོ།། ཅི་ཤིག་ཐུན་མོང་ཡིན་ཞེ་ན། ལྷའི་གནས།། མུ་སྟེག ་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉེན་དཀོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པ་བྱའོ།། མུ་སྟེགས་ཅན་གྱི་ཁྱིམ་རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་གང་ཞེ་ན། མུ་སྟེག་ཅན ་གྱི་ཁྱིམ་གང་དག་མི་ཐ་དད་པའི་འམ། ཞེས་བྱ་བ་ནས་ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ཤིང་རྟ་ཉེན་དཀོར་གཅིག་པ་གང་ཞེ་ན། ་འདི་ལྟ་སྟེ། ཤིང་རྟ་མི་གཅིག་གི་འམ། སྤུན་སྒོ་མ་བྱེ་བ་དག་གིའོ།། དེའི་ཉེན་དཀོར་གང་ཞེ་ན། འགྲོ་བ་འམ་འདུག་ཀྱང་རུང་། ཉེན་དཀོར་འདོམ་གང་ངམ། གནས་གང་དུ་གླང་འདོགས་པར་བྱེད ་པ་དང་། རྩ་སྲན་ཛ་དག་རྡུང་བར་བྱེད་པ་དང་། ཐག་གུ་འཁལ་བར་བྱེད་པ་འམ། ཡང་ན་གང་དུ་གཅོད་པར་བྱེད་པ་དང་། ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་དུའོ།། ཤིང་རྟ ་ཉེན་དཀོར་ཐ་དད་པ་གང་ཞོ་ན། མི་ཐ་དད་པའི་འམ། སྤུན་སྒོ་བྱེ་བའི་ཤིང་རྟ་གང་ཡིན་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཁ་ལོ་བསྒྱུར་བའི་སྟན་ནོ་ཞེས་བྱ་བའི་བར་རོ།། ཤིང་ན ་རབ་ཏུ་མང་པོ་ཉིན་དཀོར་གཅིག་པ་གང་ཞེ་ན། དང་པོ་པ་ཇི་ལྟ་བ་བཞིན་བརྗོད་པར་བྱའོ།། ཤིང་རྟ་རབ་ཏུ་མང་པོ་ཉོན་དཀོར་ཐ་དད་པ་གང་ཞེ་ན། ཤིང་རྟ་གང་དག་མི་དད་པའི་འམ། ཞེས་བྱ་བ་ནས ་ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ཞེས་བྱ་བའི་བ.རོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་གཉིས་པ།། གྲུ་ཉེན། ་དཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོམ་བྱེ་བ་དག་གི་གྲུ་གང་ཡིན་པའོ།། དེའི་ཉེན་དཀོར་གང་ཞེ་ན། འགྲོ་བའི་ཉེན་དཀོར་འདོམ་གང་བ་འམ། གནས་གང་དུ་ཕུར་པ་འདེབ ་བར་བྱེད་པ་དང་། གྲུ་རྟོད་པར་བྱེད་པ་དང་། རྩ་མུན་ཛ་དག་རྡུང་བར་བྱེད་པ་དང་། ཐག་པ་དག་འབལ་བར་བྱེད་པ་དང་། རུལ་སྐྱ་འཇོག་པར་བྱེད་པ་འམ། གང་དུ་གཅོད་པར་བྱེད་པ་དང་། ་ཞེས་བྱ་བ་ནས་ཁྱེའུ་སུས་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གྲུ་ཉེན་དཀོར་ཐ་དད་པ ་གང་ཞེ་ན། གྲུ་གང་དག་མི་ཐ་དད་པ་འམ། ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། གྲུ་གཏོང་ངོ་།། ཞེས་བྱ་བའི་བར་རོ།། གྲུ་རབ་ཏུ་མང་པོ་ཉིན་དཀོར་གཅིག་པ་གང་ཞེ་ན། དང་པོ ་པ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། གྲུ་རབ་ཏུ་མང་པོ་ཉིན་དཀོར་ཐ་དད་པ་གང་ཞེ་ན། གྲུ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང ་མ་ཡིན་ནོ།། ཞེས་བྱ་བའི་བར་རོ།། ཀུན་དགའ་ར་བ་ཉེན་དཀོར་གཅིག་པ་གང་ཞེ་ན། མི་གཅིག་གི་འམ། སྤུན་སྒོ་བྱ་བ་དག་གི་ཀུན་དགའ་ར་བ་གང་ཡིན་པའོ།། ་དེའི་ཉེན་དཀོར་གང་ཞེ་ན། གནས་གང་དུ་ལོ་མ་སྔོན་པོ་དག་འཁྲུ་བར་བྱེད་པ་དང་། ཐུན་བུ་དག་འཕུར་བར་བྱེད་པ་དང་། མེ་ཏོག་དག་རྒྱུད་པར་བྱེད་པ་དང་། ཞེས་བྱ ་བ་ནས། ཁྱེའུ་སུས་དག་བྱེད་པ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ནང་དུ་ཆོས་གོས་དག་ཅེས་བྱ་བ་ནས། སྐྱ་རེང་འཆར་བར་བྱེད་ན། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི ་བར་རོ།། ཀུན་དགའ་ར་བ་ཉེན་དཀོར་ཐ་དད་པགང་ཞེ་ན། ཀུན་དགའ་ར་བ་གང་མི་ཐ་དད་པའི་ལམ་ཞེས་བྱུ་བ་ནས། ཅི་ཞིག་ཐུན་མང་ལ། ་ཞེ་ན། ཞོན་པའི་ཞེས་བྱ་བའི་བར་རོ། ཀུན་དགའ་རབ་རབ་ཏུ་མང་པོ་ཉོན་སྐོར་གཅིག་པ་གང་ཤེ་ན། ཀུན་དགའ་ར་བ་གང་དག་མི་གཅིག་གི་འམ། ཞེས་བྱ་བ་ནས ་དང་པོ་ཇི་ལྟ་བ་བཞིན་དུ་བརྗོད་པར་བྱའོ།། ཀུན་དགའ་ར་བ་མང་པོ་ཉིན་སྐོར་ཐ་དད་པ་གང་ཞེ་ན། ཀུན་དགའ་རངབ་མང་པོ་གང་དག་མི་ཐ་དད་པའི་འམ་ཞེས་བྱ་བ་ནས། ་ཞེག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། ཤིང་ལྗོན་པའི་རྟེན་སྐོར་གཅིག་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པའི་ཡལ་གའི་ལོ་མ་འདབ་མ་འབྱོར་པས ་གཅིག་ཏུ་སྡུག་པའོ།། དེའི་ཉེན་སྐོར་གང་ཞེ་ན། ནང་ཐམས་ཅད་དང་། ཕྱི་རོལ་འདོམ་གང་མང་། སོས་ཀ་རྣམས་ཀྱི་ཟླ་བ་ཐ་མ་ལ་བབ་པའི་ཉི་མ་ཕྱེའི་གྲིབ་མས་ཁྱབ་ཅིང ་འདུག་པ་འམ། ལོ་མ་སྐྱ་བོ་དག་རླུང་གིས་མ་འདས་པར་ལྟུང་བ་འམ། ཆར་བབ་པ་ཆུའི་ཐིགས་པ་དག་འབབ་པ་སྟེ། དེའི་ཉེན་སྐོར་ནི་དེ་ཡིན་ནོ།། དགེ་སློང ་མས་ནང་དུ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཤིན་ལྗོན་པ་ཉེན་སྒོར་ཐ་དད་པ་གང་ཞེ་ན། འདི་ལྟ་སྟེ། ཤིང་ལྗོན་པ་ཡལ་གཞི་ལོ་མ་འདབ ་མ་འབྱོར་པའམ་ཞེས་བྱ་བ་ནས། ཐུན་མོ་ཅི་ཞིག་ཡིན་ཞེ་ན། ཤིང་དྲུང་ངོ་ཞེས་བྱ་བའི་བར་རོ།། ཤིང་ལྗོན་པ་རབ་ཏུ་མང་པོ་ཉན་སྐོར་གཅིག་པ་གང་ཞེ་ན། ་འདི་ལྟ་སྟེ། ཤིང་ལྗོན་པ་རབ་ཏུ་མང་པོ་ཡལ་གའི་ལོ་མ་འདབ་མ་འབྱོར་པ་གྲིབ་མ་ཐ་དད་པ་ཞེས་བྱ་བ་ནས། ཅི་ཞིག་ཐུན་མོང་ཡིན་ཞེ་ན། ཅི་ཡང་མ་ཡིན་ནོ།། ་ཞེས་བྱ་བའི་བར་རོ།། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་དགེ་སློང་མ་ཤུལ་དུ་ཞུགས་པའི་ཉེན་སྐོར་གང་ལགས། ་འགྲོ་བ་ན་འདོམ་གང་། འགྲེང་བ་ན་འདོམ་གང་། འདུག་པ་ན་འདོམ་གང་། ཁོར་ཁོར་ཡུག་ཡིན་ནོ།། བཙུན་པ། གལ་ཏེ་དགེ་སློང་མ་དག་ཤུལ་དུ་ཞུགས ་ནས། ལྷན་ཅིག་གནས་པ་དང་། ཉེ་གནས་དག་ལ་ཆོས་གོས་དག་གཏད་དེ། བསླད་བཞིན་མཆིས་ན། དེ་དག་གི་ཉེན་སྐོར་གང་ལགས། བཅོམ་ལྡན་འད ་ཀྱིས་བཀའ་སྩལ་པ། ངེས་ཇི་སྐད་བྲམ་ཟེ་གྲོ་ཞིན་སྐྱེས་ཀྱི་རིགས་ལ་བར་འདོམ་བདུན་བདུན་གྱིས་བཅད་དེ། ཨསྨ་བསྐྱེད་ན། ཤིན་ཏུ་མེ་ཏོག་ཕུན་སུམ་ཚོགས ་བ་དང་། འབྲས་བུ་ཕུན་སུམས་ཚོགས་པ་དང་། ཡལ་ག་ཕུན་སུམ་ཚོགས་པར་འགྱུར་བར་གསུངས་པའི་ཨ་མྲ་གང་དག་ཡིན་པ་དེ་དག་གི་བར་ནི། འདོམ་པའི ་བཅུ་རྩ་དགུར་འགྱུར་རོ།། བཙུན་པ་རེ་ཤིག་གཙུག་ལག་འང་གཉིས་ཀྱི་མཚམས་སུ་མཆིས་ཐལ་བར་གྱིད་ན། མཚམས་གང་ལགས། ཇི་ཙམ་ཆོས་གོས་ཀྱི་ས ་ལུས་དང་མ་བྲལ་བ་དེ་སྲིད་དུ་ཆོས་གོས་དང་བྲལ་བར་མི་འགྱུར་རོ།། གང་གི་ཚེ་དེའི་ཆོས་གོས་གྲཝ་ལུས་དང་བྲལ་བ་དེའི་ཚེ། ཆོས་གོས་དང་བྲལ་བར་འགྱུར་ཏེ། ་དགེ་སློང་མའི་རོས་གོས་སྤང་བར་གྱུར་པ་དེ། མ་སྤངས་པར་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་དེ་བཞིན་དུ་བརྗོད་པར་བྱའོ།། སྤངསའི། ་ལྟུང་བྱེད་གཉིས་པ་རྫོགས་སོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་རྣམས་ལ། གོས་ཀྱི་རྙེད་པ ་མང་པོ་འདི་ལྟ་བུ་འདི་བྱུང་སྟེ། གང་དུ་ཡང་རུང་བས་གོས་སྔོན་པོ་ཞིག་རྙེད་ནས། དེས་དེ་བྱེད་དུ་མི་འཇུག་པར། ཚེ་འདི་འདྲ་བའི་གོས་བདག་གིས་རྙེད་པར ་གྱུར་པའི་ཚེ། བདག་གིས་ལངས་པར་བྱས་ལ། བཅང་བར་བྱའོ་སྙམ་དུ་རེ་བ་ཡོད་ཅིང་དེས་དེ་འཇོག་པར་བྱེད་དོ།། སྔོན་པོ་ལ་ཇི་ལྟ་བ་དེ་བཞིན་དུ། ་སེར་པོ་དང་། དམར་པོ་དང་། སྟུག་པོ་དང་། སྲབ་པོ་ལ་ཡང་བརྗོད་པར་བྱའོ།། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ ་སློང་མ་ཆོས་གོས་ཟིན་པས། སྲ་བརྐྱང་ཕྱུང་ན། དུས་མ་ཡིན་པར་གོས་ཤིག་རྗེད་ལ་འདོད་ན། དགེ་སློང་བ་དེས་གོས་དེ་ཐང་བར་བྱའོ།། ཟངས་ནས་གལ་ཏེ་ལང ་ན་མྱུར་བ་ཁོ་ནར་བྱ་ཏེ་བཅང་བར་བྱའོ།། དེ་ལས་འདས་པར་འཇོག་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མ་ཆོས་གོས་ཟིན་པས་ཞེས་བྱ་བ་སྔ་མ་བཞིན་ནོ།། ་རྙེད་ལ་ཞེས་བྱ་བ་ནི་གཞན་ལས་སོ།། དུས་མ་ཡིན་པའི་གོས་ཞེས་བྱ་བ་ལ། གོས་ཀྱི་དུས་ནི་གང་ཡིན། དུས་མ་ཡིན་པའི་གོས་ནི་གང་ཡིན་ཞེ་ན། སྲ་བརྐྱང་བཏིང ་བའི་གནས་ན་ནི། སྟོན་ཟླ་འབྲིང་པོ་ཉ་ནས་བཟུང་སྟེ། དཔྱིད་ཟླ་རང་ཉའི་བར་གྱི་ཟླ་བ་ལྔ་པོ་དེ་དག་ནི་གོས་ཀྱི་དུས་ཡིན་ནོ།། ལྷག་མ་ཟླ་བ་བདུན་པོ་དག་ནི་དུས་མ་ཡིན ་ནོ་གོས་བདུན་པོ་གང་ཡང་རུང་བ་ཞེས་བྱ་བ་ལ། བདུན་པོ་དེ་དག་གང་ཞེ་ན། རལ་གྱི་དང་རས་དང་། རས་བལ་གྱི་དང་། མོན་དང་དར་དང་། དུ་གུ་ལའི ་རས་དང་། ཀོ་ཏམ་པའི་རས་དང་། ཉིད་འོག་གི་གོས་སོ།། འདོད་ན་ཞེས་བྱ་བ་ནི། གལ་ཏེ་དོན་དུ་གཉེན་ནའོ།། བླངས་ནས་གལ་ཏེ་ལངས་ན། མྱུར་བ་ཁོ ་ནར་བྱས་ཏེ་བཅང་བར་བྱའོ།། གལ་ཏེ་མི་ལངས་ན་ཞེས་བྱ་བ་ནི་ལྔ་པོ་གང་ཡང་རུང་བའོ།། དགེ་སློང་མ་དེས་གོས་དེ་ཟླ་བ་གཅིག་གི་མཐར་བཅང་བར་བྱའོ།། ་ཞེས་བྱ་བ་ནི། ཉིན་ཞག་སུམ་བཅུའི་མཐར་རོ།། གོས་དེའི་རེ་བ་ཞེས་བྱ་བ་ལ། གོས་ཀྱི་རེ་བ་གང་ཞེ་ན། བདག་ལམ་མས་སྦྱིན་པར་འགྱུར་བ་འམ། ་བདག་ལ་པས་སྦྱིན་པར་འགྱུར་བ་འམ། བདག་ལ་མིང་པོ་དང་ཕུ་ནུ་མོས་སྦྱིན་པར་འགྱུར་བ་འམ། ལོ་ལྔའི་དུས་སྟོན་ཆེན་པོའི་ཚེ་འཐོབ་པའོ།། ཁམ་བླངས ་པ་ཁ་སྐོང་བར་བྱེད་ན་ཞེས་བྱ་བ་ནི་གོས་དེའི་ཁ་སྐོང་བར་བྱེད་ནའོ།། དེ་ལས་འདས་པར་ཞེས་བྱ་བ་ནི། དེ་ལས་ཐལ་བར་རོ།། འཇོག་ན་ཞེས་བྱ་བ་ནི་འརང་ནའོ།། ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། དངོས་པོ་དེ་སྤངས་ནས་ཞེས་བྱ་བ་ནས། ངན་འགྲོ་ལོག་པར་ལྟུང་བ་རྣམས་སུ་ཞེས་བྱ་བའི་བར་རོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལྟུང་བའི་བར་སྡོམ་ལ།། ། རེ་བཅང་རེ་བ་མེད་པ་དང་། ཉམས་པར་གྱུར་ལ་གསུམ་དག་དང་།། མ་གྲུབ་པ་ལ་རྒྱུན་ཆང་དང་།། ་གོས་ནི་གཉིས་པོ་འདི་དག་དང་། དེ་ནས་གོས་ནི་དྲག་དང་།། ཕྱག་དར་ཁྲོད་ལ་གཉིས་དང་ཡང་། རྣམ་ཕྲན་ཆེད་དང་ཀླན་པ་དང་།། རྡུལ་ཟན་མཐང་གོས་ཉིད ་དང་ཡང་། འཁོར་གསུམ་ཁེབས་པ་དག་དང་ནི།། ཁོར་ཡུག་ཕྱི་མར་བྱས་པ་ཡིན།། དགེ་སློང་མས་ཆེས་ལ་གོས་སྔོན་པོ་ཞིག་རྙེད་ནས། དེས་དེ་བྱེད་དུ་མི ་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ།། སྙམ་དུ་གོས་ཀྱི་རེ་བ་ཡོད་པས་དེས་དེ་འཇོག་པར་བྱེད་ཅིང་། དེ་གོས་ཀྱེ་རེ་བ་ཡོད་པ་ལས ་དེས་ཚེས་དེ་ཉིད་ཀྱི་ཉིད་པར་རེ་བ་ཡོད་པ་རྙེད་ན། དགེ་སློང་མ་དེས་གོས་དེ་ཉི་མ་བཅུ་པོ་དེ་ཉིད་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། གཏང་བར་བྱ་བའམ། རུང ་བར་བྱའོ།། བྱིན་གྱིས་བརློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང ་མས་ཆེས་ཉིད་ལ་གོས་མ་རྙེད་དམ། ཆེས་གཉིས་ལ་ཡང་མ་རྙེད་མོད་ཀྱི། ཚེས་དགུ་ལ་རེ་བ་དང་བཅས་པ་ཞིག་རྙེད་ན། དགེ་སློང་མ་དེས་ཉི་མ་བཅུ་པོ་དེ་ཉིད ་ཀྱི་ནང་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། རུང་བར་བྱ་བ་འམ། གཏང་བར་བྱའོ།། བྱིན་གྱིས་བརློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར ་མི་བྱེད་ནི། ཉི་མ་བཅུ་གཅིག་པའི་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། གཞན་ཡང་དགེ་སློང་མས་ཆེས་ཉིད་ལ་གོས་མ་རྙེད་ཅིང་ཆེས་གཉིས་ལ་ཡང་མརྙེད་དེ། ་འོན་ཀྱང་དག་ཉི་ཤུ་རྩ་དགུའི་ཉིན་པར་རེ་བ་དང་བཅས་པ་ཞིག་རྙེད་ན། དགེ་སློང་མ་དེ་ཉི་མ་སུམ་ཅུ་པ་དེ་ཉིད་ཀྱི་ནང་དུ་བྱིན་གྱིས་འརླབ་པར་བྱ་བ་འམ། རུང་བར་བྱ ་བའམ། གཏང་བར་བྱའོ།། བྱིན་གྱིས་བརློབ་པར་མི་བྱེད་དམ། རུང་བར་མི་བྱེད་དམ། གཏོང་བར་མི་བྱེད་ན། ཉི་མ་སུཔ་བཅུ་པའི་སྐྱ་རེང་ཤར་ན་སྤང ་བའི་ལྟུང་བྱེད་དོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ། སེར་པོ་དང་། སྟུག་པོ་དང་། སྲབ་མོ་ཡང་དེ་བཞིན་ནོ།། དགེ་སློང་མས་ཆོས་ལ་གོས་སྔོརན་པོ་ཞིག ་རྙེད་ལ། དེས་དེ་བྱེད་དུ་མ་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པས་དེས་དེ་འཇོག་པར་བྱེད་ཅིང་། ་དེས་ཆོས་འདི་ཉིད་ལ་རེ་བ་མེད་པ་གཞན་ཞིག་རྙེད་ནས། དགེ་སློང་མ་དེས་གོས་དེ་ཉི་མ་བཅུ་པོ་ཉིད་ཀྱི་ནང་དུ་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི ་བར་རོ།། དགེ་སློང་མས་ཚེ་དེ་ཉིད་ལ་ཡང་མ་ཡིན། ཚེས་གཉིས་པ་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་དགུ་དང་བཅུའི་ནང་དུ་ཡང་མ་ཡིན་ཞེས་བྱ་བ་ནས། ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གཞན་ཡང་དགེ་སློང་མས་ཆེས་ཉིན་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་ཉི་ཤུ་དགུའི ་ཉིན་པར་རེ་བ་མེད་པ་ཞིག་རྙེད་ན་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། སྔོན་པོ་ཇི་ལྟ་བ་བཞིན་དུ། སྲབ་མོའི་བར་ལ་ཡང་དེ་བཞིན་ནོ།། ། ་དགེ་སློང་མས་ཆེ་ས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར། གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྗེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས ་ཀྱི་རེ་བ་ཡོད་པ་ལས། དེའི་གོས་ཀྱི་རེ་བ་དེ་ཉམས་པར་གྱུར། འགྱངས་པར་གྱུར། ཤེས་རུང་བར་གྱུར་ལ། དེས་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་རྙེད་ན ་ཞེས་བྱ་བ་ནས། དེ་བཞིན་དུ་ཚེས་དགུ་ལ་ཡང་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། གཞན་ཡང་དགེ་སློང་མས་ཚེས་ལ་གོས་གཞན་ཞིག་རྙེད ་ན་ཞེས་བྱ་བ་ནས། ཆེས་ཉི་ཤུ་དགུའི་ཉིན་པར་ཞེས་བྱ་བ་ནས། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ། སྲབ་མོའི་བར་ལ་ཡང ་དེ་བཞིན་ནོ།། དགེ་སློང་མས་ཆེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ ་དུ་གོས་གྱི་བ་ཡོད་ཅིང་དེས་དེ་འཇོག་པར་བྱེད་པ་ན། དེགོས་ཀྱི་རེ་བ་ཡོད་པ་དེ་གྲུབ་པར་མ་གྱུར་རྒྱུན་ཆད་པར་མ་གྱུར་པ་དེས་ཚེས་འདི་ཉིད་ལ་རེ་བ་མེད་པའི་གོས ་གཞན་རྙེད་ན་ཞེས་བྱ་བ་དང་དེ་བཞིན་དུ་ཆེས་ལ་མ་ཡིན་ཞེས་བྱ་བ་ནས་ཚེས་དགུའི་བར་དང་། ཆེས་ཉི་ཤུ་དགུའི་ཉིན་མོ་ཞེས་བྱ་བའི་བར་རྒྱས་པར་བརྗོད་པར་བྱའོ།། ་སྔོན་པོ་ལ་ཇི་ལྟ་བ་བཞིན་དུ་སྲབ་མོའི་བར་ལ་ཡང་དེ་བཞིན་ནོ།། དགེ་སློང་མས་ཆེས་ལ་གོས་སྔོན་པོ་ཞིག་རྙེད་ལ། དེས་དེ་བྱེད་དུ་མི་འཇུག་པར་གང་གི་ཚེ་བདག ་གིས་འདི་འདྲ་བའི་གོས་རྙེད་པར་གྱུར་པ་དེའི་ཚེ་བྱའོ་སྙམ་དུ་གོས་ཀྱི་རེ་བ་ཡོད་པ་ལས་དེའི་གོས་ཀྱི་རེ་བ་དེ་ཐམས་ཅད་ཀྱི་ཐམས་ཅད་དུ་རྒྱུན་ཆད་པར་གྱུར་པ་དང་། དེས ་ཚེས་དེ་ཉིད་ལ་རེ་བ་མེད་པའི་གོས་གཞན་ཞིག་རྙེད་ན་ཞེས་བྱ་བ་དང་། དེ་བཞིན་དུ་ཚེས་ལ་ཡང་མ་ཡིན་ཞེས་བྱ་བ་ནས། ཚེས་དགུའི་བར་དང་། དེ་བཞིན་དུ་ཚེས་ཉི་ཤུ ་དགུའི་ཉི་མ་ལ་རེ་བ་མེད་པའི་ཞེས་བྱ་བའི་བར་དུ་རྒྱས་པར་བརྗོད་པར་བྱའོ།། སྔོན་པོ་ལ་ཇི་ལྟ་བ་བཞིན་དུ། སྲབ་མོའི་བར་ལ་ཡང་དེ་བཞིན་ནོ།། གོས་ནི་ག ་ཏེ་སར་པ་དང་དུས་ཚིགས་སུ་སྤང་པའོ།། དེ་ལ་སར་པ་ནི་ཐག་པས་གསར་དུ་བཏགས་པའོ།། དུས་མིགས་པ་ནི་དུས་ཚིགས་གསུམ་པོ་གང་ཡང་རུང ་བའི་དུས་སུ་སྤྱད་པར་གྱུར་པའོ།། གོས་ལྔ་པོ་དག་ལ་ལྔ་གང་ཞེ་ན། གོས་བདག་པོ་ཡོད་པ་དང་། བདག་པོ་མེད་པ་དང་། བོར་བ་བླངས་པར་དང་། དུ་ཁྲོད་པ ་དང་ལྔ་པ་ནི་ཕྱག་དར་ཁྲོད་པའོ།། དེ་ལ་གོས་བདག་པོ་ཡོད་པ་ན། སྐྱེས་པ་དང་། བུད་མེད་དང་། མ་ནིང་སྦྱིན་པ་པོར་བཏགས་པ་གང་ཡིན་པའོ།། ། ་བདག་པོ་མེད་པ་ནི་མ་ནིང་གི་བར་དུ་སྦྱིན་པ་པོ་མེད་པ་གང་ཡིན་པའམ། ཡང་ན་ལམ་ཀར་ལྟུང་བ་རྙེད་པའོ།། བོར་བ་བླངས་པ་ནི་ཤི ་བའི་ཉེ་དུས་གོས་ཀྱི་གདུགས་དག་བསྒྲེངས་ཏེ། དུར་ཁྲོད་དུ་བསྐྱལ་ནས། དེ་ནས་བླངས་པ་དག་དགེ་སློང་མ་རྣམས་ལ་འབུལ་བར་བྱེད་པ་སྟེ། འདི་ནི་བོར་བ་བླངས ་པའི་གོས་བྱའོ།། དུར་ཁྲོད་པ་ཞེས་བྱ་བ་ནི་ཡོངས་སུ་འཛིན་པ་མེད་པའི་དུར་ཁྲོད་ནས་བླངས་པ་གང་ཡིན་པའོ།། ལྔ་པ་ཉིད་ནི་ཕྱག་དར་པའོ།། གཞན་ཡང་ཕྱག ་དར་ཁྲོད་པ་ནི་ལྔ་སྷོ། ལྔ་གང་ཞེ་ན། ཕྱག་དར་ཁྲོད་པ་ལམ་པོ་ཆེ་པ་དང་། ཆུ་འགྲམ་པ་དང་། དགོན་པར་བོར་བ་དང་། རལ་རུལ་དང་། ལྔ་པ་ཉིད་ནི་ཕྱག ་དར་ཁྲོད་པའོ།། གཞན་ཡང་ཕྱག་དར་ཁྲོད་པ་ནི་ལྔ་སྟེ། བེའུ་ཀྱིས་ཟོས་པ་དང་། སྲིལ་གྱིས་ཟོས་པ་དང་། བྱི་བས་ཟོས་པ་དང་། མེས་ཚིག་པ་དང་། ་པ་ཉིད་ནི་ས་ལ་ལྟུང་བའི་གོས་སོ།། དགེ་སློང་མས་གོས་སར་པ་རྙེད་ལ། གལ་ཏེ་ནུས་ན་དེས་གོས་དེ་ལས་སྣམ་སྦྱར་ནི་ཉི་རིམ་དུ་བྱ། གདིང་བ་ཡང་ཉི་རིམ་དུ་བྱ།། ་བློ་གོས་ནི་ཚིག་རྐྱང་དུ་བྱ། མཐང་གོས་ཀྱང་ནི་གརྐྱང་དུ་བྱའོ།། དེ་བཞིན་རྡུལ་ཕན་དང་། ཤིང་དང་བུང་ཆད་ཀྱང་ནི་གརྐྱང་དུ་བྱའོ།། དགེ་སློང་མས་སར་པ་ལ ་སྣམ་སྦྱར་ཉི་རིམ་ལ་རིམ་པ་གསུམ་པ་ཀློན་པར་བྱེད་ན་ཉེས་བྱས་སོ།། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མོས་སར་པ་ལ་རྣམ་སྦྱར་ཅི་རིམ་བྱས་པ ་ལས་གཞན་དུ་ཀླན་ནོ་སྙམ་ནས་རིམ་པ་གཅིག་འབོགས་པར་བྱེད་ནི། དེ་འབོགས་པར་བྱེད་པ་ན་ཉེས་བྱས་སོ།། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། གལ ་འདི་སྙམ་དུ་སེམས་བསྐྱེད་དེ། བཀོགས་ལ་བཀྲུས་ཤི་ཁཱ་སྦྱར་ཏེ། འདི་ཉིད་ལ་ཀླན་ནོ་སྙམ་པས། དེ་འབོགས་པར་བྱེད་ན་ལྟུང་བ་མེད་དོ།། ཞག་བཅུ ་འདས་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་གདིང་བ་ལ་ཡ་ཡང་བརྗོད་པར་བྱའོ།། བླ་གོས་ཚིག་རྐྱང་ལ་རིམ་པ་ཀློན་པར་བྱེད་ན་ཉེས་བྱས་ལ། ཞག་བཅུ ་འདས་ན་སྤང་བའི་ལྟུང་བྱེད་དོ།། བླ་གོས་ལ་ཇི་ལྟ་བ་བཞིན་དུ་མཐང་གོས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། ཆོས་གོས་ལྔའི་བར་དུ་ཡང་བརྗོད་པར་བྱ་སྟེ། ་ཐམས་ཅད་ལ་ཡང་སྤང་བའི་ལྟུང་བྱེད་དོ།། ཞེས་བརྗོད་པར་བྱའོ།། དགེ་སློང་མས་དུས་ཚིགས་སུ་སྤྱད་པའི་གོས་ཤིག་རྙེད་ལ། གལ་ཏེ་ནུས་ན་དེས་དེ་ལས་སྣུམ ་སྦྱར་ནི་བཞི་རིམ་དུ་བྱའོ།། གདིང་བ་དང་། བླ་གོས་དང་། མཐང་གོས་ནི། ཉི་རིམ་དུ་བྱའོ།། རྡུལ་ཟན་དང་། ཤིང་ད་དཔུང་ཆད་ཀྱང་དེ་བཞིན་ནོ།། ་དགེ་སློང་མས་སྣམ་སྦྱར་བཞི་རིམ་ལ་རིམ་པ་ལྔ་པ་ཀློན་པར་བྱེད་ན། དེ་གྲོན་པར་བྱེད་པ་ན་ཉེས་བྱས་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། འབོགས ་པར་བྱེད་ན་ཞེས་བྱ་བའི་བར་གོང་མ་ཇི་ལྟ་བ་བཞིན་ནོ།། དེ་བཞིན་དུ་གདིང་བ་ལ་ཡང་བརྗོད་པར་བྱའོ།། བླ་གོས་དང་མཐང་གོས་ཀྱང་དེ་བཞིན་ནོ།། རྡུལ་ཟར ་བྱ་བྱ་དང་ཤིང་དཔུང་ཆུད་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ།། རིམ་པ་གཉིས་པ་ལ་ཞེས། རིམ་པ་གསུམ་པ་ལ་ཀློན་པར་བྱེད་ན་ཉེས་བྱས་ལ། ཞག་བཅུ ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཕོག་ལ་གཞན་དུ་ཀླན་ནོ་སྙམ་པ་ལས། དེ་ཀློན་པར་བྱེད་ན་ཉེས་བྱས་ལ། ཞག ་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། བཀོགས་ལ་བཀྲུས་ཤིང་ཁ་སྦྱར་ཏེ་ཞེས་བྱ་བ་ནས། འདི་ཉིད་ལ་ཀླན་པར་བྱའོ་སྙམ་ན ་ལྟུང་བ་མེད་ལ། ཞག་བཅུ་འདས་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ཕྱག་དར་རྗོད་པའི་ཚིག་པུ་རྣམས་ལ་ནི་ཇི་ཙམ་འདོད་པ་ཀླན་པར་བྱའོ།། ་སངས་རྒྱས་བཅོམ་ལྡན་འདས་ལ། ཚེ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞུས་པ། བཙུན་པ་སྣམ་སྦྱར་དག་གི་སྣམ་ཕྲན་དུ་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཉེ་བ་འཁོར་དགུ་སྟེ། དགུ་གང་ཞེ་ན། དགུ་པ་དང་། བཅུ་གསུམ་པ་གང་ཡིན་པ་དང་། བཅོ་ལྔ་པ་དང་། བཅུ་བདུན་པ་དང་། ་བཅུ་དགུ་པ་དང་། ཉི་ཤུ་རྩ་གཅིག་པ་དང་། 6འེ་ཤཱཿལྔའོ།། ཉེ་འཁོར་སྔམ་ཕྲན་ཅན་དགུ་པོ་འདི་དག་ནི་དག་ནི་ནས་སྦྱར་ཞེས་བྱ་བའོ།། ཉེ་བ་འཁོར་དེ་ལ་དགུ་པ ་ཉི་ཤུ་རྩ་གསུ་པ་དང ་ཡིན་པ་དང་། བཅུ་གཅིག་པ་གང་ཡིན་པ་དང་། བཅུ་གསུམ་པ་གང་ཡིན་པ་དང་། དེ་དག་ནི་གླེགས་བུ་ཕྱེད་དང་གསུམ་པར་བྱས་ཏེ། བཅང་བར་བྱའོ།། ་བཅོ་ལྔ་པ་གང་ཡིན་པ་དང་། བདུན་པ་གང་ཡིན་པ་དང་། བཅུ་དགུ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་ཕྱེད་དང་བཞི་པར་བྱ་སྟེ་བཅང་བར་བྱའོ།། ཉི་ཤུ་རྩ་གཅིག ་པ་གང་ཡིན་པར་དང་། ཉི་ཤུ་རྩ་གསུམ་པ་གང་ཡིན་པ་དང་། ཉི་ཤུ་རྩ་ལྔ་པ་གང་ཡིན་པ་དེ་དག་ནི་གླེགས་བུ་ཕྱེད་དང་ལྔ་པར་བྱས་ཏེ་བཅང་བར་བྱའོ།། དེ་བཞིན་དུ ་ཀླན་པར་བྱའོ།། དེ་ཡང་ཆད་ནི་ཚེམ་བུའོ།། བཅོམ་ལྡན་འདས་ཆོས་གོས་ཀྱི་ཚད་ཅི་ཙམ་ལགས་ཉེ་བ་འཁོར་གསུམ་སྟེ། ཆོས་གོས་ཆེན་པོ་དང་། འབྲིང་དང་། ་ཆུང་ངུའོ།། དེ་ལ་སྣམ་སྦྱར་ཆེན་པོ་གང་ཡིན་པའི་སྲིད་དུ་ནི་དེ་ཁྲུ་ལྔའོ།། ཞེང་དུ་ནི་ཁྲུ་གསུམ་མོ།། སྣམ་སྦྱར་ཆུང་ངུ་གང་ཡིན་པའི་སྲིད་དུ་ནི་ཁྲུ་ཕྱེད་དང་ལྔའོ།། ། ་ཞེང་དུ་ནི་ཞུ་ཕྱེད་དང་གསུམ་མོ། འབྲིང་ནི་དེའི་བར་མའོ།། དེ་བཞིན་བུ་དྲགས་ལ་ཡང་རྣམ་པ་གསུམ་མོ།། མཐང་གོས་ལ་ཡང་རྣམ་པ་གསུམ་མོ།། དེ ་བཞིན་དུ་རྡུལ་ཟན་དང་། ཤིང་དཔུང་ཆང་ལ་ཡང་རྣམ་པ་གསུམ་མོ།། གཞན་ཡང་མཐང་གོས་ཀྱི་སྲིད་དུ་ནི་ཁྲུ་ལྔའོ།། དེང་དུ་ནི་ཁྲུ་དོའོ།། གཞན་ཡང་མཿ ་གོས་ཀྱི་སྲིད་དུ་ནི་ཞུ་བཞིའོ།། ཞེང་དུ་ནི་ཞུ་དོའོ།། མཐང་གོས་ཀྱི་ཐ་མ་ནི་འཁོར་གསུམ་ཁེབ་པའི་ཚད་དོ།། སྤང་བ་རྣམས་ཀྱི་ཐ་མ་ནི་ཐུ་གང་ཁོར་ཡུག་གོ།། ་དགེ་སློང་མས་གོས་སྤང་བར་གྱུར་པ་ཞེས་བྱ་བ་ནས། དང་པོ་ཇི་ལྟ་བ་བཞིན་དུ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། །། སྤང་བའི ་ལྟུང་བྱེད་གསུམ་པ་རྫོགས་སྷོ།། །། ། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུག ་སོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལ་བརྟེན་ཏེ། མགོན་མེད་ཟས་སྦྱིན་གྱིས་གསོལ་ནས། ཉེ་དུ་མ་ཡིན་པ་ལས་བསླབ་པའི་གཞི་བཅའ་བར་མཛད ་པ་དང་། དགེ་སློང་དག་ཆོམ་རྐུན་པས་གཏོགས་ནས། དགེ་སློང་ཆོམ་རྐུན་པས་གཏོགས་པ་ལས་རྟེན་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ངོ་།། ཞེས་དགེ ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་ཐོབ་ནས། བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས ་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་ཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་དགེ་སློང་མ་གནས་བརྟན་གནས་བརྟན་རབ་ཏུ་མང་པོས་འདི་སྐད་ཅེས ་གསལ་ཏོ།། བཅོམ་ལྡན་འདས་བསླབ་པའི་གཞི་འདི་ལ་བདག་གིས་ཇི་ལྟར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློབ་མ་རྣམས་ལ་བསླབ་པ་འདོད་པ་དང་། བསྐ ་པ་ལ་གུས་པ་དང་། བསླབ་པ་ཡོད་བསྐྱངས་པའི་བསྔགས་པ་བརྗོད་ནས། དགེ་སློང་མའི་དགེ་འདུན་ལ་བཀའ་སྩལ་པ། ཡང་དགེ་སློང་མ་གང་ཁྱིམ་བདག་འམ། ཁྱིམ ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་སློང་ན་དུས་མ་གཏོགས་པར་དེ་ལས་འདས་ན་སྤང་བའི་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། དགེ་སློང་མ་གོས ་ཕྲོགས་སམ། གོས་བརླག་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་བསླང་བར ་བྱ་སྟེ། དེ་ལ་དུས་ནི་དེ་ཡིན་ནོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའིའོ།། ཉེ་དུ་མ་ཡིན་པའི་ཞེས་བྱ་བ་ནི། བྱི་མོ་དང་། མེས་པོའི་ཐུགས་བདུན་ཚུན ་ཆད་ནི། ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ།། ཁྱིམ་བདག་འམ་ཞེས་བྱ་བ་ནི་སྐྱེས་པའོ།། ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ།། སོང་སྟེ ་ཞེས་བྱ་བ་ནི་སོང་ནས་སོ།། སློང་ན་ཞེས་བྱ་བ་ནི་དུས་མ་གཏོགས་པར། བདག་ཉིད་དམ། གཞན་སློབ་དུ་འཇུག་ནའོ།། དེ་ལ་དུས་ནི་འདི་ཡིན་ཏེ། ཞེས་བྱ་བ་ནི ་དེ་ལ་འདི་ནི་ཆོས་དང་མཐུན་པ་ཡིན་པའོ།། གོས་ཕྲོགས་སམ་ཞེས་བྱ་བ་ནི། ཆོམ་རྐུན་ནམ། གཡོ་ཅན་གྱིས་དེའི་གོས་དག་ཕྲོགས་པར་གྱུར་པའོ།། གོས ་བརླག་གམ་ཞེས་བྱ་བ་ནི། དེའི་གོས་དག་བརླག་པ་འམ། འཁྱམས་པར་གྱུར་པའོ།། གོས་ཆུས་ཁྱེར་རམ་ཞེས་བྱ་བ་ནི། དེའི་གོས་དག་ཆུས་ཁྱེར་བར་གྱུར་པའོ།། གོས ་ཚིག་གམ་ཞེས་བྱ་བ་ནི། དེའི་གོས་དག་མེས་ཚིག་པར་གྱུར་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནས། རྒྱས་པར་སྦྱར་ཏེ། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རིན་ཐང་ནང ་ཁ་དོག་དང་། ཁྲུ་ཚད་ལས་ཏེ། ཇི་ལྟར་རིན་ཐང་ལས་ཞེ་ན། ཡང་དགེ་སློང་མ་གང་། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང ་དུ་སོང་ནས། གོས་ཀར་ཤ་པ་ནི་ལྔ་རིབ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་ཆོས་ལྷག་པར་ཐོབ་ན་ལྟུང་བ་མེད་དོ།། ་དེ་བཞིན་དུ་ཀར་ཤ་པ་ནི་བཅུ་དང་ཉི་ཤུ་རི་བ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་རིན་ཐང་ལས་སོ།། ཇི་ལྟར་ཁ་དོག་ལས་ཞེ་ན། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག ་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་སྔོན་པོ་བསླངས་ནས། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སེར་པོ་ཐོབ་ན་ལྟུང་བ ་མེད་དོ།། དེ་བཞིན་དུ་སྔོན་པོ་དང་། དེ་བཞིན་དུ་དམར་པོ་ལ་སྔོན་པོ་དང་། དཀར་པོ་ཉིད་རྒྱས་པར་བརྗེད་པར་བྱའོ།། དགེ་སློང་མ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང ་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་སེར་པོ་བསླངས་ན་སྤོང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། ་དེ་བཞིན་དུ་སེར་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མ་ཁྱིམ་བདག་གམ་ཁྱིམ་བདག་གིས་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང ་ནས། གོས་དཀར་པོ་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་སེར ་པོ་དང་། དམར་པོ་དང་། དཀར་པོ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མས་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་དཀར་པོ ་བསླངས་ནས། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་སྔོན་པོ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་དཀར་པོ་དང་། སེར་པོ་དང་། ་དམར་པོ་ལ་ཡང་བརྗོད་པར་བྱ་སྟེ། དེ་ལྟ་བུ་ནི་ཁ་དོག་ལས་སོ།། ཇི་ལྟར་ཁྲུ་ཚད་ལས་ཤེ་ན། ཡང་དགེ་སློང་མ་གང་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མཉེ ་དུ་མ་ཡིན་པའི་དྲུང་དུ་སོང་སྟེ། གོས་ཁྲུ་ལྔ་པ་བསླངས་ནས། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། ཁྲུ་ལྔ་པའི་གོས་གང་ཡིན་པ་བསླང ་པ་ན། ཁྲུ་དྲུག་པ་ཐོབ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་ཁྲུ་བཅུ་པ་དང་། ཁྲུ་བཅུ་གཅིག་པ་དང་། དེ་བཞིན་དུ་ཁྲུ་ཉི་ཤུ་བ་དང་། ཁྲུ་ཉི་ཤུ་རྩ་གཅིག་པ་ཐོབ་པ་དང་། དེ ་བཞིན་དུ་ཁྲུ་བཅུའི་བར་དུ་བསླངས་ལ། ར་ས་མ་ཐོབ་པ་དང་། རས་མ་བསླངས་ལ། སྣམ་སྦྱར་གྱི་བར་དུ་ཐོབ་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང ་བྱེད་བཞི་པ་རྫོགས་སྷོ།། །། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་དུ་དགེ་སློང་མ་ཆོམ་རྐུན་པས་བཅོམ་པ་ལྷགསོ།། དེ་ནས་བཅུ་གཉིས ་སྡེ་དགའ་མོ་དང་། ཉེ་དགའ་མོ་དང་། སྦོམ་དགའ་མོ་རྣམས་ཀྱིས། དེ་དག་གི་ཆེད་དུ་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམསུ་དོང་ནས། གོས་རབ་ཏུ་མང་པོ་དག ་བསྒྲུབས་ཏེ། བསྒྲུབས་ནས་འབུལ་དུ་འཇུག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྡོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བརྩ། ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་གོས་ཕྲོགས་སམ། གོས ་བརླག་གམ། གོས་ཚིག་གམ། གོས་ཆུས་ཁྱེར་བར་གྱུར་ན། ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས་བསླད་པར་བྱའོ།། ་གལ་ཏེ་དེ་ལ་བྲམ་ཟེ་དང་ཁྱིམ་བདག་དད་པ་ཅན་གྱིས་གོས་རབ་ཏུ་མང་པོ་སྟོབས་ལ། འདོད་ན་དགེ་སློང་མ་དེས་གོས་དེ་བླ་གོས་དང་མཐང་གོས་དང་བཅས་པའི་མཐར ་ཐུགས་པར་བླང་བར་བྱའོ།། དེ་ལས་ལྷག་པར་ལེན་ན་སྤང་བའི་ལྟུང་བྱེད་དོ།། གོས་ཕྲོགས་པས་ཞེས་བྱ་བ་ནི་ཆོམ་རྐུན་ནམ། གཡོ་ཅན་གྱིས་དེའི་གོས་དག ་ཕྲོག་པར་གྱུར་པའོ།། སློང་ན་ཞེས་བྱ་བ་ནི། རང་ངམ་གཞན་གྱི་བར་གྱིས་སོ།། གལ་ཏེ་དེ་ལ་ཞེས་བྱ་བ་ནི་དགེ་སློང་མ་ལའོ།། དད་པ་ཅན་ཞེས་བྱ་བ་ནི་སངས་རྒྱས ་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་དད་པ་དང་། བདེན་པ་མཐོང་བ་དང་། འབྲས་བུ་ཐོབ་པ་གང་དག་ཡིན་པའོ།། བྲམ་ཟེ་ཞེས་བྱ་བ་ནི། བྲམ ་ཟེ་གཙང་སྦྲ་ཅན་ལ་སོགས་པའོ།། ཁྱིམ་བདག་ཅེས་བྱ་བ་ནི་དེ་ལས་རིགས་གཞན་པའོ།། ལྷག་པར་ཞེས་བྱ་བ་ནི་ཡང་དང་ཡང་དུའོ།། རབ་ཏུ་མང་པོ་ཞེས་བྱ ་བ་ནི་གོས་བདུན་པོ་གང་ཡང་རུང་བ་ལས་ཇི་ཙམ་གྱིས་ཆོག་པར།། སྟོབས་ལ་ཞེས་བྱ་བ་ནི་འགྲོན་དུ་གཉེར་ནའོ།། འདོད་ན་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར ་བ་གང་ཡིན་པ་དེས་སོ།། བླ་གོས་དང་མཐང་གོས་དང་བཅས་པའི་མཐར་ཐུག་པ་ཞེས་བྱ་བ་ལ། བྲ་གོས་དང་མཐང་གོས་དང་བཅས་པ་ནི་གཉིས་ཏེ། ཁྱིམ་པའི་ཐ ་གོས་དང་བཅས་པ་དང་། དགེ་སློང་མའི་བླ་གོས་དང་མཐང་གོས་དང་བཅས་པའོ།། ཁྱིམ་པའི་སྟོད་གཡོགས་དང་། སྲད་གཡོགས་དང་བཅས་པ་གང་ཞེ་ན། རས ་ཡུག་ཆེན་ཁྲུ་བཅུ་གཉིས་པ་དང་། རས་ཡུག་ཕྲན་ཁྲུ་བདུན་པ་དང་། དོ་པ་སྟེ་འདི་ནི་ཁྱིམ་པའི་སྟོད་གཡོགས་དང་སྡད་གཡོགས་དང་བཅས་པ་ཞེས་བྱའོ།། དགེ་སློང་། ་མའི་བླ་གོས་དང་མཐང་གོས་དང་བཅས་པ་གང་ཞེ་ན། སར་པ་ལས་སྣམ་སྦྱར་ཉི་རིམ་དང་། རས་ཡུག་ཕྲན་ཁྲུ་ལྔ་པ་དང་ངོ་བའོ།། གོས་དེ་ལས་བླང་བར་བྱའོ་ཞེས་བྱ ་བ་ནི། དེ་ལས་བླ་གོས་དང་། མཐང་གོས་དང་བཅས་པའོ།། དེ་ལས་ལྷག་ན་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་ཇི་ལྟ་བ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཁྱིམ་པའི་སྟོད་གཡོགས་དང་སྨད་གཡོགས་དང་བཅས་པ་ཐོབ་པ། ཁྱིམ་པའི་སྟོད་གཡོགས་དང་། སྡད་གཡོགས་དང་། བཅས་བྲེ་དང་། ་བསླངས་ནས། དེས་རས་ཡུག་ཆེན་ཁྲུ་བཅུ་གཉིས་པ་དེ་ལ་ནི་སྣམ་སྦྱར་ཉི་རིམ་པར་བྱའོ།། རས་ཡུག་ཕྲན་ཁྲུ་བདུན་པ་དང་། དོ་བ་ལ་ནི་མཐང་གོས་བྱའོ།། གལ་ཏི། ་མི་ལྡང་ན་ཡང་བླང་བར་མི་བྱ་ལ། ལྷག་པར་གྱུར་ན་ཡང་སྦྱིན་པར་མི་བྱའོ།། དགེ་སློང་མས་དགེ་སློང་མའི་བླ་གོས་དང་མཐང་གོས་དང ་བཅས་པར་ཐོབ་ལ། དགེ་སློང་མའི་བླ་གོས་དང་མཐང་གོས་དང་བཅས་པ་བླངས་ནས། དེས་སྣམ་སྦྱར་ཉིད་དུ་བྱའོ།། རས་ཡུག་ཕྲན་ཁྲུ་ལྔ་པ་དང་། དོ་པ་ནི་མཐང ་གོས་བྱའོ།། གལ་ཏེ་མི་ལྡང་ན་ཡང་བསླང་བར་བྱའོ།། ལྷག་པར་གྱུར་ན་ཡང་སྦྱིན་པར་བྱའོ།། དགེ་སློང་མས་ཁྱིམ་པ་ལས་ཆུང་བ་སློང་ན་སློང་བ་དེ་ལ་ཉེས ་བྱས་སོ།། ཐོབ་པ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཆུང་བ་སློང་ན་ཉེས་བྱས་སོ།། ལྷག་སྟེ་མ་བྱིན་ན་སྤང་བའི་ལྟུང་བྱེད་དོ།། ལས་དང་པོ་པ་ལ་སོགས ་པ་ལ་ནི་ལྟུང་བ་མེད་དོ། སྤང་བའི་ལྟུང་བྱེད་ལྔ་པ་རྫོགསོ།། །། གླེང་བཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་ཕྱུག་པ ་ནོར་མང་བ་ལོངས་སྤྱོད་ཆེ་བ་ཞིག་ཞེས་བྱ་བ་ནས། ནེམ་ཐོས་ཀྱི་བུ་ལ་ནོར་གྱིས་འགྲན་པ་ཞིག་ཡོད་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངསོ།། དེ་ཡང་ཇི་ཙམ ་དུས་གཞན་ཞིག་ན། བུད་མེད་གཞན་ཞིག་དང་། ལྷན་ཅིག་འཇིག་རྟེན་པའི་འགྲན་པ་དག་ལ་ཞུགས་པ་དང་། དེ་ཆུང་མ་ངེས་བཟློག་གོ།། དེ་བཟློག་པ་ན་མ་བཏུ ་ནས། དེའི་ཆུང་མ་དེ་ལ་སྙིང་ན་ནས་མི་གནན་ཞིག་དང་ལྷན་ཅིག་དགའ་མགུར་སྤྱད་པ་ལ་ཞུགས་པས། ཁྱིམ་དེ་སྒོ་གཉིས་ཀྱིས་རྒུད་པར་གྱུར་ནས། དེ་གཉིས་ཀྱིས ་བྲན་མོ་ཡང་རྒྱུན་དུ་བརྡེགས་སོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཆོས་གོས་ལྷུང་བཟེད་བླངས་ཏེ། མཉན་ཡོད་དུ་བསོད་སྙོམས་ལ་ཞུགས་ནས། དེ་མཉན་ཡོད་དུ ་བསོད་སྙོམས་སྤྱོད་ཅིང་ཁྱིམ་བདག་དེའི་ཁྱིམ་གང་ཡིན་པར་སོང་སྟེ། སོང་ནས་ཁྱིམ་བདག་དང་། ཁྱིམ་བདག་གི་ཆུང་མ་ལ་འདོད་ཆགས་ལ་འདོད་ཆགས་དང ་བྲལ་བར་བྱ་བའི་ཕྱིར།། སེམས་རྣམ་པར་གྲོལ་བར་འགྱུར་བའི་ཆོས་བཤད་པ་དང་། དེ་གཉིས་ཀྱིས་ཕན་ཚུན་དུ་ལྟས་ཏེ། སྦོམ་དགའ་མོ་ལ་འདི་སྐད ་ཅེས་སྨྲས་སོ།། འཕགས་མ་འདི་ནི་བདག་གིས་མ་ནོངས་ཏེ། ནོངས་པ་འདི་ནི་རྗེའི་སྲས་འདི་ལགས་སོ།། ཚོང་དཔོན་གྱིས་འདི་སྐད་ཅེས། འདི་བདག་གི ་ཡང་མ་ལགས་མོད་ཀྱི་ནོངས་པ་འདི་ནི་བཟང་མོའི་ལགས་སོ།། ཞེས་སྨྲས་པ་དང་། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་དེ་དང་གཞན་གྱི་བུད་མེད་དང་། ་ཁྱིམ་བདག་གི་ཆུང་མ་དེ་ཡང་གཞན་གྱི་སྐྱེས་པ་དང་། བསླབ་པའི་གཞི་འཛིན་དུ་བཅུག་གོ། དེ་གཉིས་ཀྱིས་དམ་པ་མ་ཡིན་པའི་ཆོས་དེ་ལས་ལོག ་བས་ཁྱིམ་དེ་རྒྱས་པར་གྱུར་ནས། བྲན་མོ་དེ་ཡང་ཁྱིམ་དེའི་དཔོན་མོར་བཅུག་གོ། དེ་ནས་ཁྱིམ་བདག་དེ་དང་། ཁྱིམ་བདག་གི་ཆུང་མ་དེས་བསམས ་པ་བདག་ཅག་གི་ལེགས་པ་དང་བསྐལ་པ་ཅི་བདོག་པ་ཐམས་ཅད་ནི་འཕགས་མ་སྦོམ་དགའ་མོ་ལས་བྱུང་བར་ཤེས་སོ།། བྲན་མོ་དེས་ཀྱང་བསམས་པ་ད། ་ས་བྱ་བྱ།། ལྟར་བདག་བདེ་བ་དང་ཡིན་བདེ་བ་དང་ཡིད་བདེ་བ་ཅུད་ཟད་ཅི་འདོག་པ་གང་ཡིན་པ་དེ་ཐམས་ཅད་ནི། འཕགས་མ་སྦོམ་དགའ་མོ་ལས་བྱུ། ་བར་ཤེས་ཀྱིས་ཀྱེ་མའོ་བདག་གིས་འཕགས་མ་སྦོམ་དགའ་མོ་ལ་དབུལ་བར་བྱའོ་སྙམ་ནས། དེ་ཕྱི་རོལ་དུ་བྱུང་བ་དང་། སྦོམ་དགའ་མོ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད ་ཅེས་སྨྲས་སོ།། འཕགས་མ་ཁྱོད་ལ་གཏམ་སྙན་པར་སྦྲན་པར་བགྱི་སྟེ། འཕགས་མས་རྗེའི་སྲས་ལས་རས་ཡུག་ཆེན་ཅིག་ཐོག་པར་འགྱུར་རོ།། དེ་ནས་སྦོམ་དགའ་མོ་ཁྱིམ ་དེར་སོང་ནས། ཁྱིམ་བདག་དང་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཁོ་མོ་ལ་སྦྱིན་པར་འདོད་པའི་རས་ཡུག་ཆེན་གང་ཡིན་པ་དེ་ལྟས་འོན་ཅིག། དེ ་ནས་ཁྱིམ་བདག་དེས་རས་ཡུག་ཆེན་དེ་བླངས་ནས། སྦོམ་དགའ་མོ་ལ་སྦྱིན་པ་ལས་སྦོམ་དགའ་མོས། རས་ཡུག་ཆེན་སྦོམ་པོ་དེ་མཐོང་ནས་བཞིན་བསྒྱུར་བར་བྱེད། ལག་པ ་འདྲིལ་བར་བྱེད་པ་དང་། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་འདི་ཅི་ནོངས། དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་འདི་ཅི་བཟང་པོ་ཡིན་སྙམ་འམ། ་ཁྱིམ་བདག་གལ་ཏེ་འདི་ཁྲོ་མོས་བགོས་ཏེ། ཁྱིམ་དག་ཏུ་སོན་ན་ཁོ་མོ་ལ། དེ་དག་སུ་ལས་ཐོབ་པའི་གོས་ཡིན་ཞེས་འདྲི་ན། ཁོ་མོ་ནི་ངོ་ཆེན་ཇི་སྐད་ལན་གདབ། ་དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་ཅག་ལ། འདི་མཆིས་ཀྱི་གཞན་ནི་མ་མཆིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཁོ་མོས་ཁྱོད ་ལ་བསྟན་པར་བྱའོ།། ཇི་ལྟར་བགྱི་ལགས་དེས་འདི་སྐད་ཅེས་སྨྲས་སོ།། ཐིམ་བདག་རས་ཡུག་ཆེན་འདི་ཉིད་བཙོངས་པའི་སྟེང་དུ་ཅུང་ཟད་ཅིག་བསྣན་དང་། ལྷག་པར ་བབང་པོར་འགྱུར་རོ། རླུང་མས་ཀྱང་སྨྲས་པ། རྗེའི་སྲས་དེ་བཞིན་དུ་མཛོད་ཅིག། རོ་ཚང་དུས་སུ་སོང་སྟེ། ནོང་པ་ལགག་དུས་བཏབ་ནས་རས་ཡུག་ཆེནས ་ཞིག་བསྐྱིན་པོར་བླངས་ཏེ་བསྐོན་ནོ།། དེ་ནས་ཚོང་པ་དེས་དུས་ནང་ནས། ཚོང་དཔོན་དེ་བཟུང་བ་གཞན་དག་གིས་མཐོང་བ་ནས། སྨོད་པར་བྱེད་པའི་སྐབས་དེ། དགེ ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ ་སློང་མའི་ཆེད་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་རླུང་མཉེ་དུ་མ་ཡིན་པས་གོས་ཀྱི་རིན་དག་སྤངས་པར་གྱུར་ལ། དེར་ཡང་དགེ་སློང་མ་དེ་ལ་སྔ་མ་སྟབས་བཞིན་དུ། རྣམ ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱིས་ཁ་མའི་ཆེད་དུ་གོས་ཀྱི་རི་དག་སྤངས་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སྤངས་པ་དེ་དག་གིས་ཚེ་དང་ལྡན་པ་དག ་གོས་འདི་ལྟ་བུ་དང་འདི་ལྟ་བུ་དག་ཉོས་ལ། བདག་ལ་ཀོས་རུང་བ་དུས་སུ་ལེགས་པར་སྐོན་ཅིག་ཅེས་སྨན་བཟང་པོ་འདོད་པའི་ཕྱིར་གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ་དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི། སྔ་མ་བཞིན་ནོ།། གོས ་ཀྱི་རིན་དག་ཅེས་བྱ་བ་ནི་དངུལ་དང་གསེར་རོ།། སྤངས་ཏེ་ཞེས་བྱ་བ་ནི། བདག་གི་གོས་ཀྱི་རིན་དངུལ་དང་གསེར་འདི་དག་གིས་ཤེས་མངོན་པར་འདུས ་བྱས་པའོ།། འདི་ལྟ་བུ་དང་འདི་ལྟ་བུ་དག་ཅེས་བྱ་བ་ནི་གོས་བདུན་པོ་གང་ཡང་རུང་བ་ལས། གོས་འདི་འདྲ་བ་དག་ཉོས་ཤིག་ཅེས་བྱའོ།། དགེ་སློང་མ་འདི་ཞེས་བྱ་བ་ནི། ་སྦོམ་དགའ་མོའོ།། འོངས་ན་ཞེས་བྱ་བ་ནི་འོངས་ནའོ།། སྐོན་ཅིག་ཅེས་བྱ་བ་ནི་ཕུལ་ཅིག་ཅེས་བྱ་བའོ།། གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། རུང ་བ་དུས་སུ་ཤེས་བྱ་བ་ནི་ལོངས་སྤྱད་པར་འོས་པའོ།། དེར་དགེ་སློང་མ་དེ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྔར་མ་སྟབས་པར་ཞེས་བྱ་བ་ནི་སྔར་འགྲོན་དུ་མ་མ་ཉེར་བར་རོ།། ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ནས་ཞེས་བྱ་བ་ནི། རྟོག་པ་འགའ་ཁོ་ན་སྐྱེས་པའོ།། ཁྱོད་ཀྱི་ཁོ་མོའི་ཆེད་དུ་ཞེས་བྱ་བ་ནི་བདག་ཉིད་ཉེ་བར་སྟོན་པའོ།། དངོས་པོ ་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རིན་ཐང་དང་ཁ་དོག་དང་ཁྲུ་ཚད་ལས་ཏེ། ་ཇི་ལྟར་རིན་ཐང་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་འམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་ཀར་ཤ་པ་ན་ལྔ་རི་བ་བླངས་ན་ལྟུང་བ ་མེད་དོ།། གལ་ཏེ་ལྷག་པར་སློང་ན། སློང་བ་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་ཀར་ཤ་པ་ནི་ཉི་ཤུ་རི་བའི་བར་དུ་བརྗོད་པར་བྱ་སྟེ། ་དེ་ལྟ་བུ་ནི་རིན་ཐང་ལས་སོ།། ཇི་ལྟར་ཁ་དོག་ལས་ཤེ་ན། དགེ་སློང་མ་ཁྱིམ་བདག་འམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། གོས་སྔོན་པོ ་གང་ཡིན་པ་བྱིན་ལ། གོས་སྔོན་པོ་བླངས་ན་ལྟུང་བ་མེད་དོ།། གལ་ཏེ་སེར་པོ་བླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། སྔོན་པོ་ལ ་ཇི་ལྟ་བཞིན་དུ་སེར་པོ་དང་། དམར་པོ་དང་། སྟུག་པོ་དང་། བསྲ་མོའི་བར་དུ་སྔ་མ་བཞིན་ཏེ། དེ་ལྟ་བུའི་ཁ་དོག་ལས་སོ།། ཇི་ལྟར་ཁྲུ་ཆད་ལས་ཞེ་ན། དགེ་སློང་མ ་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པའི་དྲུང་དུ་སོང་ནས། རས་ཡུག་ཆེན་ཁྲུ་ལྔ་པ་བྱིན་ལ། ཡུག་ཆེན་ཁྲུ་ལྔ་པ་བླངས་ན་ལྟུང་བ་མེད་དོ།། གལ ་ཏེ་ལྷག་པར་བསླངས་ན། སློང་བ་ན་དེ་ལ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། ཁྲུ་ཉི་ཤུའི་བར་ལ་ཡང་དེ་བཞིན་ནོ།། སྤང་བའི་ལྟུང་བྱེད་དྲུག་པ་རྫོགས ་། གླེང་གཞི་ནི་མཉན་ཡོད་ནའོ།། བྱུང་བ་འདི་ཉིད་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མའི་ཆེད་དུ་ཁྱིམ་བདག ་འམ། ཁྱིམ་བདག་གི་ཆུང་མ་ཉེད་མ་ཡིན་པས་སོ།། སྔོ་ནས། གོས་ཀྱི་རིན་དག་བསྔོས་པར་གྱུར་ལ། བདག་ཅག་སོ་སོ་ནས་གོས་ཀྱི་རིན་བསྔོས་པ་འདི་དག ་གིས་གོས་འདི་ལྟ་བུ་སོ་སོ་བདག་ནོས་ལ་དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་། དེ་ལ་སོ་སོ་ནས་བསྐོན་པར་བྱའོ།། སྙམ་པ་ལས། དེང་གལ་ཏེ་དགེ་སློང་བ ་དེ་སྔ་མ་བསྟབས་བཞིན་དུ་རྣམ་པར་རྟོག་པ་འགའ་ཁོ་ན་སྐྱེས་ཏེ། སོང་ནས་ཁྱེད་ཀྱིས་ཁོ་མོའི་ཆེད་དུ་སོ་སོ་ནས་གོས་ཀྱི་རིན་དག་བསྔོས། ་པར་གྱུར་པ་གང་ཡིན་པའི་གོས་ཀྱི་རིན་སོ་སོ་བ་དེ་དག་གིས་ཚེ་དང་ལྡན་པ་དག་སོ་སོ་ནས། གོས་འདི་ལྟ་བུ་དང་། འདི་ལྟ་བུ་དག་ཉོས་ལ། གཉི་ག་འདས་ཏེ་གོས་རུང ་བ་དུས་གཅིག་ཏུ་ལེགས་པར་སྐོན་ཅིག་ཅེས་སྨྲ་ན་བཟང་པོ་འདོད་པའི་ཕྱིར། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ལྟུང་བའི་རིམ་པ་གོང་མ་ཇི་ལྟ་བ་བཞིན་དུ། བསླབ ་པའི་གཞི་འདི་ལ་ཡང་རྗེས་སུ་མཐུན་པར་བརྗོད་པར་བྱའོ།། དེ་ལྟ་མོད་ཀྱི་ཁྱད་པར་ནི་འདི་ཡོད་དེ། སོ་སོ་ཞེས་བྱ་བ་ནི་རེ་རེའོ་ཞེས་བྱ་བ་ནས། བཟང་པོ་འདོད ་པའི་ཕྱིར་ཞེས་བྱ་བའི་བར་འདི་ཐ་དད་དུ་བྱ་བ་ཡིན་ནོ།། སྤང་བའི་ལྟུང་བྱེད་བདུན་པ་རྫོགས་སྷོ།། །། གླེང་གཞི་ནི་རྒྱལ་པོའི་ཁའི་ནའོ།། ་བཅོམ་ལྡན་འདས་ཀྱིས་ཁ་ཅིག་དགེ་སློང་ཐུན་མོང་དང་། ཁ་ཅིག་དགེ་སློང་མ་ཐུན་མོང་དང་། ཁ་ཅིག་གཉི་ག་ཐུན་མོང་བའི་བསླབ་པའི་གཞི་བཅའ་བ་མཛད ་པ་ཡིན་པས། འདི་ནི་བཅོམ་ལྡན་འདས་ཀྱིས་གཉི་ག་ཐུན་མོང་བ་མཛད་དེ། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། རྒྱལ་པོའི་ཁབ་ཏུ་ཉེ་དགའ་ལས་བརྟེན་ཏེ། ཀར ་པ་ནི་ལེན་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་བ་གང་དག་བསླབ་པ་འདོད་པ་དག་ནི་རྗེས་སུ་བྱེད་དོ།། དེ་ནས་དགེ་སློང་མ་ཉེ་དགའ་མོ།། ་རྒྱལ་པོ་དང་། བློན་པོ་ཆེན་པོ་དང་། བྲམ་ཟེ་དང་། ཁྱིམ་བདག་རྣམས་ལས། ཀར་ཤ་པ་ནི་སློང་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང ་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དོ།། དགེ་སློང་མའི་ཆེད་དུ་རྒྱལ་པོ་འམ། བློན་པོ་ཆེན་པོ་འམ། བྲམ་ཟེ་འམ། ཁྱིམ་བདག་འམ། གྲོང་རྡལ་གྱི་མི་འམ། ཡུལ་གྱི་མི་འམ། ནོར་ཅན་ནམ། ་ཚོང་དཔོན་ནམ། དེད་དཔོན་གྱིས། ཕོ་ཉའི་ལག་ཏུ་གོས་ཀྱི་རིན་དག་བསྐུར་བར་གྱུར་ལ། དེ་ནས་ཕོ་ཉ་དེས་གོས་ཀྱིས་རིན་དེ་དག་ཁྱེར་ནས། དགེ་སློང་མ་དེའི་དྲུང་དུ་སོང་སྟེ། ་སོང་ནས། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས། འཕགས་མ་མཁྱེན་པར་མཛོད་ཅིག། ཁྱོད་ལ་གོས་ཀྱི་རིན་འདི་དག་བཞེས་སུ་གསོལ་ཞེས་སྨྲ་ན། དགེ་སློང་མ་དེས ་ངོ་ཉི་དེ་ལ་ཚིག་འདི་སྐད་ཅེས། ཚེ་དང་ལྡན་པོ་ཉ་དགེ་སློང་མ་རྣམས་ཀྱི་གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་པས། ཁོ་མོ་ཅག་ནི་གོས་རུང་བ་དུས་སུ་རྙེད་ན་ནི་ལེན་ཏོ།། ་ཞེས་བརྗོད་པར་བྱའོ།། གལ་ཏེ་ཕོ་ཉ་དེ། དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མ་མེད་ཀྱི་ཞལ་ཏ་བགྱིད་པ་འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ། ་གང་ལགས་པ་མཆིས་སཔ་ཞེས་ཟེར་ན། དགེ་སློང་བ་གོས་འདོད་པས། ཕོ་ཉ་འདི་དག་ནི་དགེ་སློང་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་ཡིན་ནོ།། ཞེས་ཀུན་དག ་ར་བ་འམ། དགེ་བསྙེན་ཞལ་ཏ་བྱེད་པ་བསྟན་པར་བྱའོ།། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་གང་ན་བ་དེར་འགྲོ་བར་བྱ་སྟེ། སོང་ནས། ་ཞལ་ཏ་བྱེད་པ་ལ་འདི་སྐད་ཅེས། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཤེས་པར་གྱིས་ཤིག། དགེ་སློང་མ་འདི་ལྟ་བུ་ཞིག་གི་ཆེད་དུ་གོས་ཀྱི་རིན་འདི་དག་རྒྱལ་པོ་འམ་ཞེས་བྱ ་བ་ནས། དེད་དཔོན་ཞེས་བྱ་བའི་བར་གྱིས་བསྐུར་བ་ཡིན་གྱིས། ཞལ་ཏ་བྱེད་པ་ཁྱོད་ཀྱིས་གོས་ཀྱི་རིན་འདི་དག་གིས། གོས་འདི་ལྟ་བུ་དང་། འདི་ལྟ་བུ་དག་ཉེས ་ལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འོངས་པ་དང་དེ་ལ། གོས་རུང་བ་དུས་སུ་བསྐོན་ཅིག་ཅེས་བརྗོད་པར་བྱའོ།། དེ་ནས་ཕོ་ཉ་དེས་ཞལ་ཏ་བྱེད་པ་དེ་ལ་ཤིན་ཏུ་ལེགས ་པར་ཡང་དག་པར་བསྒོ།། ཡང་དག་པར་བསྟན་ནས། དགེ་སློང་མ་དེ་གང་ན་བ་དེར་འགྲོ་བར་བྱས་ཏེ། ཕྱིན་ནས་དགེ་སློང་མ་དེ་ལ་འདི་སྐད་ཅེས། འཕགས་མ་རྣམས ་ཀྱི་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ་དེ་ལ། བདག་གིས་ཡང་དག་པར་བསྟན་ལགས་ཀྱིས། ཁྱེད་དེའི་དྲུང་དེ་བཞུད་ཅིག་དང་། དེས་ཁྱོད་ལ་གོས་རུང་བ ་དུས་སུ་བསྐོན་པར་འགྱུར་རོ།། ཞེས་བརྗོད་པར་བྱའོ།། དགེ་སློང་མ་དེ་གང་ན་བ་དེར་འགྲོ་བར་བྱ་སྟེ། སོན་ནས་ཚེ་དང་ལྡན་པ་ཞལ་ཏ་བྱེད་པ། ཁོ་མོ་གོས ་འདོད་དོ།། ཚེ་དང་ལྡན་པ་ཞལ་ཏ་བྱེད་པ་ཁོ་མོ་གོས་འདོད་དོ་ཞེས་ལན་གཉིས་ལན་གསུམ་དུ་བསྐལ་བར་བྱ། དྲན་པར་བྱའོ།། ལན་གཉིས་ལན་གསུམ ་དུ་སོང་སྟེ། བསྐལ་ཅིང་དྲན་པར་བྱས་པ་ལས། གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། ཇི་སྟེ་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲག་གི་མཐར་ཐུག་གི་བར་ད་ཕྱོགས། ་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ།། ལན་བཞི་ལན་ལྔ་དྲུག་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་བསྡད་པར་བྱས་པ་ལས། གལ་ཏེ་གོས་གྲུབ་ན་དེ་ལྟ་ན་ལེགས། ་ཇི་སྟེ་མ་གྲུབ་ན་དེ་ལས་ལྷག་པར་གོས་བསྒྲུབ་པའི་ཕྱིར་བརྩལ་བར་བྱས་ཏེ། གོས་བསྒྲུབ་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་མ་གྲུབ་ན་དགེ་སློང་མ་དེས་ཕྱོགས་གང ་ནས་གོས་ཀྱི་རིན་དེ་དག་འོངས་པ་དེར་བདག་ཉིད་འགྲོ་བར་བྱའོ།། ཡང་ན་ཡིད་བཅུགས་པའི་ཕོ་ཉ་ལས་ཁྱེད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི ་རིན་གང་ཡིན་པ་དག་བསྐར་བ་ལས་གོས་ཀྱི་རིན་དེ་དག་གིས་ནི་དགེ་སློང་མ་གྲུབ་ཀྱིས། ཤེས་པར་གྱིས་ཤིག། ཚེ་དང་ལྡན་པ་དག་རང་གི་ནོར་ཆུད་མ་གཟན་ཅིག་ཅེས་སྤྲིང ་བར་བྱ་སྟེ། དེ་ལ་དེ་ནི་ཚེ་ག་ཡིན་ནོ།། དགེ་སློང་མའི་ཆེད་དུ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའི་འོ།། རྒྱལ་པོ་ནི་རྒྱལ་རིགས་སྤྱི་བོ་ནས་དབང་བསྐར་བ་ཞེས ་བྱ་སྟེ། བུད་མེད་དམ། སྐྱེས་པ་འམ། མ་ནིང་རྒྱལ་པོའི་དབང་བསྐུར་བས་དབང་བསྐུར་བ་གང་ཡིན་པ་དེ་ནི་རྒྱལ་པོ་ཡང་ཡིན། དེ་ནི་རྒྱལ་རིགས་ཀྱང་ཡིན། ་དེ་ནི་སྤྱིད་པོ་ནས་དབང་བསྐུར་བ་ཡིན་ནོ།། ཞེས་བྱ་བ་ནི། རྒྱལ་པོའི་བྱ་བ་བྱེད་པ་སྟེ། གསང་ཚིག་འཐུན་པས་འཚེ་བའོ།། བྲམ་ཟེ་འམ།། ཞེས་བྱ་བ་ནི་བྲམ ་ཟེ་གཙང་སྦྲ་ཅན་ནོ།། ཁྱིམ་བདག་གམ་ཞེས་བྱ་བ་ནི་ཕྱུག་པའོ།། གྲོང་རྡལ་གྱི་མི་ཞེས་བྱ་བ་ནི། གྲོང་གླིངས་པའོ།། ཡུལ་གྱི་མི་འམ། ་ཞེས་བྱ་བ་ནི་གཡུལ་ན་གནས་པའོ།། ནོར་ཅན་ནམ་ཞེས་བྱ་བ་ནི་ནོར་བྱེ་བས་ཕྱག་པའོ།། ཚོང་དཔོན་ནམ་ཞེས་བྱ་བ་ནི་གཅོད་ཅན་བཅིངས་པའོ།། དེད་དཔོན་ཞེས་བྱ་བ་ནི ་གང་གིས་ཡུལ་གཞན་དུ་དོན་མཐུན་དག་དེད་པའོ།། ཕོ་ཉའི་ལག་ཏུ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་གིའོ།། གོས་ཀྱི་རིན་དག་ཅེས་བྱ་བ་ནི་གསེར ་དང་དངུལ་དག་གོ།། བསྐུར་ཏེ་ཞེས་བྱ་བ་ནི་བརྫངས་ཏེའོ།། དེ་ནས་ཕོ་ཉ་དེ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་།། གོས་ཀྱི་རིན་དེ་དག་བླངས་ཏེ ་ཞེས་བྱ་བ་ནི། ཁྱེར་ནས་སོ།། དགེ་སློང་མ་དེ་ཞེས་བྱ་བ་ནི་ཤཱཀྱའི་བུ་མོ་ཉེ་དགའ་མོའོ།། སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། འདི་སྐད་ཅེས་སྨྲས་སོ།། ཞེས་བྱ་བ ་ནི་སྨྲས་པའོ།། འཕགས་མ་མཁྱེན་པར་མཛོད་ཅིག་ཞེས་བྱ་བ་ནི། གོས་ཀྱི་རིན་འདི་དག་ནི། རྒྱལ་པོས་བསྐུར་བའོ།། ཞེས་རིག་པར་བྱའོ།། སྣོམས་ཤིག་ཅེས ་བྱ་བ་ནི་ལོང་ཤིག་པའོ།། ཐུགས་བརྩེ་བ་ཉེ་བར་བཟུང་སྟེ་ཞེས་བྱ་བ་ནི། ལེགས་པར་འདོད་པ་ཉེ་བར་བཟུང་སྟེའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི། ཉེ་དགའ་མོས ་སོ།། ཕོ་ཉ་དེ་ཞེས་བྱ་བ་ནི་སྐྱེས་པ་དང་། བུད་མེད་དང་། མ་ནིང་ངོ་།། ཚིག་འདི་སྐད་ཅེས་བརྗོད་པར་བྱའོ།། ཞེས་བྱ་བ་ནི་འདི་སྐད་ཅེས་ཡང་དག་པར་བསྒོ་བར་བྱའོ།། ་ཚེ་དང་ལྡན་པ་ཕོ་ཉ་དགེ་སློང་མ་རྣམས་ནི། གོས་ཀྱི་རིན་དག་ལེན་དུ་རུང་བ་མ་ཡིན་ཏེ་ཞེས་བྱ་བ་ནི། དེ་དགེ་ལེན་པ་བཅོམ་ལྡན་འདས་ཀྱིས་བཀག་གི། བཅོམ་ལྡན ་འདས་ཀྱིས་ཁོ་མོ་ཅག་ལ་ནི་གོས་རུང་བ་རྗེས་སུ་གནང་བའོ།། གལ་ཏེ་བོ་ཉི་དེ་དགེ་སློང་མ་དེ་ལ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་འདྲིནའོ།། འཕགས་མ་རྣམས ་ཀྱི་ཞལ་ཏ་བགྱིད་པ་ཞེས་བྱ་བ་ནི། འཕགས་མ་རྣམས་ཀྱི་ཞལ་ཏ་ཉམས་སུ་ལེན་པ་གང་ལགས་ཞེས་བྱ་བའོ།། དགེ་སློང་མ་གོས་འདོད་པས་ཞལ་ཏ་བྱེད་པ ་བསྟན་པར་བྱ་སྟེ་ཞེས་བྱ་བ་ལ། ཀུན་དགའ་ར་བ་པ་ཞེས་བྱ་བ་ནི་རུང་བ་བྱེད་པའོ།། དགེ་བསྙེན་ཞེས་བྱ་བ་ནི་བསླབ་པའི་གཞི་ལྔ་པའོ།། འདི་དག་ནི་དགེ་སློང་མ། ་རྣམས་ཀྱི་ཞལ་ཏ་བྱེད་པ་ཡིན་ནོ་ཞེས་བྱ་བ་ནི། འདི་དག་གིས་དགེ་སློང་མ་དེ་རྣམས་ཀྱི་ཞལ་ཏ་བྱེད་པ་ཉམས་སུ་མྱོང་བའི་ཕྱིར་རོ།། གལ་ཏེ་ཕོ་ཉ་དེ་ཞལ་ཏ་བྱེད ་པ་གང་ན་བ་དེར་འགྲོ་བར་བྱ་སྟེ། ཕྱིན་ནས་ཞེས་བྱ་བ་ནི། དེ་ལ་དགོས་པ་རིག་པར་བྱ་བའི་ཕྱིར་ཕྱིན་པའོ།། ཞལ་ཏ་བྱེད་བྱེད་པ་ཤེས་པར་གྱིས་ཤིག་གོས་ཀྱི ་རིན་འདི་དག་ནི་ཞེས་བྱ་བ་ནི། གསེར་དང་དངུལ་དག་རྒྱལ་པོའི་བར་གྱིས་བསྐུར་བ་དག་གོ། དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ ་ཉེ་དགའ་མོའིའོ།། དེ་ནས་ཕོ་ཉ་དེ་ཞེས་བྱ་བ་ནི། སྐྱེས་པ་དང་བུད་མེད་དང་མ་ནིང་ངོ་།། ཞེལ་ཏ་བྱེད་པ་ཀུན་དགའ་ར་བ་པ་འམ། དགེ་བསྙེན་ལ་ཤིན་ཏུ ་ལེགས་པར་ཡང་དག་པར་བསྒོ་ནས་ཞེས་བྱ་བ་ནི། རྣམ་གྲངས་དུ་མས་སོ།། དགེ་སློང་མ་དེ་ཞེས་བྱ་བ་ནི། ཤཱཀྱའི་བུ་མོ་ཉེ་དགའ་མོའོ།། ་གང་ན་བ་དེར་འགྲོ་བར་བྱ་སྟེ། ཕྱིན་ནས་ཞེས་བྱ་བ་ནི་སོང་ནས་སོ།། འདི་སྐད་ཅེས་སྨྲ་བར་བྱ་སྟེ། འཕགས་མ་རྣམས་ཀྱི་ཞལ་ཏ་བགྱིད་པ་བསྟན་པ་གང་ལགས་པ ་དེ་ལ། བདག་གིས་ཡང་དག་པར་བསྟན་ལགས་ཀྱིས་བཞད་ཅིག་དང་། དེས་ཁྱོད་ལ་གོས་བསྐོན་པར་འགྱུར་རོ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། རུང་བ་ཞེས ་བྱ་བ་ནི་ལོངས་སྤྱོད་པར་འོས་པའོ།། དགེ་སློང་མ་གོས་འདོད་པ་ཞེས་བྱ་བ་ནི། གལ་ཏེ་གོས་དོན་དུ་གཉེར་བར་གྱུར་ནའོ།། སོང་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། ལན ་གཉིས་ཞེས་བྱ་བ་ནི་ལན་གཉིས་ཀྱི་བར་དུའོ།། ལན་གསུམ་དུའོ་ཞེས་བྱ་བ་ནི་ལན་གསུམ་གྱི་བར་དེའོ།། བསྐུལ་བར་བྱ་བ་དྲན་པར་བྱའོ།། དོན་དེ་གལ་ཏེ་གྲུབ་ན། ་དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ།། ཇི་མ་གྲུབ་ན་ལན་བཞི་ལན་ལྔ་ལན་དྲུག་གི་མཐར་ཐུག་གི་བར་དུ་ཕྱོགས་སུ་ཅང་མི་སྨྲ་བར་བསྡད་པར་བྱའོ།། ཞེས་བྱ་བ ་ནི་ཕྱོགས་སུ་བསྡད་པ་བཞི་དང་། བསྐུལ་བའི་སྒོ་དྲུག་པོ་དག་གིས་སོ།། ཕྱོགས་སུ་བསྡད་པ་བཞི་པོ་དག་གང་ཞེ་ན། ཀུན་གནས་དང་། འདུག་གནས་དང་། ཟོང་གནས ་དང་། ལས་ཀྱི་མཐའི་གནས་སོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། ། བམ་པོ་བཅུ་གསུམ་པ། ་། དེ་ལ་ཀུན་གནས་ཞེས་བྱ་བ་ནི། འདྲེག་མཁན་དང་། རྫ་མཁན་གྱི་གནས་སོ།། འདུག་གནས་ཞེས་བྱ་བ་ནི་ཁྱིམ་སྟེ་ལྷག་པར་གནས་པའོ།། ཟོང་གནས་ཞེས་བྱ་བ་ནི་ཚེད ་ཁང་དང་ཚོང་རྡལ་ལོ།། ལས་ཀྱི་མཐའ་གནས་ནི་གསུམ་སྟེ། ས་ལུའི་ལས་ཀྱི་མཐའ་དང་། ལན་ཚ་དང་། བུ་རམ་ཤིང་གི་ལས་ཀྱི་མཐའ་སྟེ། འདི་ནི་ཕྱོགས་སུ་བསྡད ་པ་བཞི་ཞེས་བྱའོ།། བསྐུལ་བའི་སྒོ་དྲུག་པོ་དག་གང་ཞེ་ན། འོངས་སམ་ཞེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། འོངས་པ་ལེགས་སོ་ཞེ་ན། དེའི་ཕྱིར་རོ་ཞེས་པ་དང་། ་བསྟན་འདི་ལ་འདུག་ཤིག་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ་དང་། བཅའ་བ་འདི་འཚོ་ཤིག་ཅེས་བྱ་བ་དང་། ཟས་འདི་ཟོ་ཤིག་ཅེས་བྱ་བ་དང་། བཏུང་བའང་འཐུང་ཤིག ་ཅེ་ན། དེའི་ཕྱིར་རོ་ཞེས་བྱ་བ་སྟེ། འདི་དག་ནི་བསྐལ་བའི་སྒོ་དྲུག་གོ།། མ་ཐོགས་པར་བརྗོད་ཅིང་གང་དུ་སྐབས་མེད་པར་བསྐལ་ན། བསྐུལ་བ་ཡོངས་སུ་མ་རྫོགས་པ ་ཞེས་བརྗོད་པར་བྱའོ།། གལ་ཏེ་སྐབས་ཡོད་པ་བསྐལ་ན། བསྐུལ་བ་ཡོངས་སུ་རྫོགས་པ་ཞེས་བརྗོད་པར་བྱའོ།། དེ་ལྟར་གནས་དེ་རྣམས་སུ་ཅང་མི་སྨྲ་བ་བསྡད་པ ་ནགོས་དེ་གྲུབ་ནའོ་ཞེས་བྱ་བ་ནི་རྙེད་ནའོ།། དེ་ལྟ་ན་ལེགས་ཞེས་བྱ་བ་ནི་དེ་ལྟ་ན་བཟང་བའོ།། ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ།། ལྷག་པར་རྩལ་བར་བྱས ་ནས་ཞེས་བྱ་བ་ནི། དེའི་འོག་རོལ་ཏུ་ལྷག་པར་རོ།། གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ།། སྤང་བར་ལྟུང་བྱེད་དོ་ཞེས་བྱ་བ་ནི་དངོས་པོ་དེ་སྤངས་ནས་ཞེས་བྱ་བ་སྔ་མ་བཞིན་ནོ།། ་ཇི་སྟེ་མ་གྲུབ་ན་ཞེས་བྱ་བ་ནི་མ་ཐོབ་ནའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི། ཉེ་དགའ་མོའོ།། ཕྱོགས་གང་ནས་གོས་ཀྱི ་རིན་དེ་དག་འོངས་པར་གྱུར་པ་ཞེས་བྱ་བ་ནི་གང་ལས་འོངས་པར་གྱུར་པའོ།། དེར་བདག་ཉིད་འགྲོ་བར་བྱ་བ་འམ་ཞེས་བྱ་བ་ནི་རང་ཉིད་དོ།། ཡིད་བཅུགས་པའི ་ཕོ་ཉ་གཏང་བར་བྱའོ་ཞེས་བྱ་བ་ནི་གང་ཞིག་སོང་ན་དོན་དེ་བྱེད་པར་འགྱུར་བའོ།། ཁྱོད་ཀྱིས་དགེ་སློང་མ་མིང་འདི་ཞེས་བྱ་བའི་ཆེད་དུ་གོས་ཀྱི་རིན་བསྐུར་བ ་གང་ཡིན་པ་དེ་དག་གིས་ནི་དེའི་དོན་ཅི་ཡང་མ་གྲུབ་ཅེས་བྱ་བ་ནི་དགོས་པ་ཅུང་ཟད་ཀྱང་མ་བྱས་པའོ།། ཤེས་པར་གྱིས་ཤིག་ཅེས་བྱ་བ་ནི་ཚེ་དང་ལྡན་པ་དགེ་རབ ་གྱི་ནོར་ཚུལ་མ་ཡིན་པར་ཆུད་མ་གཟན་ཅིག་ཅེས་བྱ་བའོ།། དེ་ལ་དེ་ནི་ཆོ་ག་ཡིན་ནོ་ཞེས་བྱ་བ་ནི་དེ་ལ་དེ་ནི་རྗེས་སུ་འཐུན་པའི་ཆོས་ཡིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། གལ་ཏེ་ཞལ་ཏ་བྱེད་པ་དེ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་འཕགས་མ་གོས་དག་སྣོམས་ཤིག་ཅེས་ཟེར་ན། དགེ་སློང་མ་དེས་ཞལ་ཏ ་བྱེད་པ་དེ་ལ་འདི་སྐད་ཅེས་འདི་དག་ཁོ་མོས་སྤངས་ཟིན་གྱིས་དེ་ཉིད་ལ་བྱིན་ཅིག་ཅེས་བརྗོད་པར་བྱའོ།། གལ་ཏེ་ཞལ་ཏ་བྱེད་པ་དེ་ཡང་དེ་སྐད་ཅེས་འཕགས་མ ་གོས་འདི་དག་བཞེས་ཤིག་དང་། བདག་གིས་དེའི་སེམས་བཟུང་ལགས་ཀྱིས་ཞེས་ཟེར་ན། གལ་ཏེ་དགེ་སློང་མས་རིམ་པ་འདི་མ་བྱས་པར་ལེན་ན་ཐམས་ཅད ་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་དགེ་སློང་མས་བརྟགས་མ་ཡིན་པ་དེས་གང་ཅུང་ཟད་དུ་ན་ལྷུང་བཟེད་དམ་ཆོས་གོས་སམ། གཞན་ཡང་དགེ་སྦྱོང་གི་འཚོ་བའི ་ཡོ་བྱེད་ཅི་ཡང་རུང་བ་བདག་གིར་བྱེད་ན། དེ་ལ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བ་བརྒྱད་པ་རྫོགས་སྷོ།། ་གླེང་བཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མོན་དར་གྱི་གདིང་བ་བཀག་པ་དེའི་ཚེ། བཅུ་གཉིས་སྡེ་དག་གིས་མོན་དར་གྱི་གདིང་བ་དག་ཀྱང་བྱེད། ་བྱེད་དུ་ཡང་འཇུག་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག ་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང ་མ་གང་མོན་དང་སར་པ་ལས་གདིང་བ་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། སར་པ་ཞེས་བྱ་བ་ལ་སར་པ་ནི་གཉིས་ཏེ། ་གསར་བས་སར་པ་དང་། རྙེད་པས་གསར་བ་སྟེ། སྐབས་འདིར་ནི་སར་པ་ཁོ་ན་ཡིན་པར་དགོངས་སོ།། མོན་དང་ཞེས་བྱ་བ་ནི་སྲིན་བལ་ལ་བྱས་པའོ།། གདིང་བ ་ཞེས་བྱ་བ་ལ་གདིང་བ་གཉིས་ཏེ།། ནང་ཚངས་ཅན་དང་གླེངས་པ་སྟེ། སྐབས་འདིར་ནི་གཉི་ག་ཡིན་པར་དགོངས་སོ།། བྱེད་ན་ཞེས་བྱ་བ་ནི། བདག་ཉིད་དམ་གཞན ་གྱིས་སོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྦུ་བ་ཇི་ལྟར་འགྱུར་ཞེ་ན། ཆུན་པོ་དང་། མདའ་བ་དང་། བོང་པོ་སྟེ་དགེ ་སློང་མས་སྲིན་བལ་གྱི་ཆུན་པོ་འབྱེད་པར་བྱེད་འཇིགས་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། ་དགེ་སློང་མས་སྲིན་བལ་གྱི་མངའ་བ་འབྱེད་པ་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། ་དགེ་སློང་མས་སྲིན་བལ་གྱི་ཕུང་པོ་འབྱེད་པར་བྱེད་འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། ་དགེ་སློང་མས་སྲིན་བལ་གྱི་མདའ་བ་དང་། ཕུང་པོ་དང་། ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད་དུ་གདིང་བ་མི་བྱེད་ན་ཉེས་བྱས་སོ།། ་བྱས་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་སྲིན་བལ་གྱི་ཕུང་པོ་དང་། མངའ་བ་དང་། ཆུན་པོ་འབྱེད་པར་བྱེད། འཇིག་པར་བྱེད། རྨེལ་བར་བྱེད་ཅིང་། ཇི་སྲིད ་དུ་གདིང་བ་མི་བྱེད་ན་ཉེས་བྱས་སོ།། བྱས་ན་སྤང་བའི་ལྟུང་བྱེད་དོ།། གལ་ཏེ་བྱས་ན་ལོངས་སྤྱོད་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་དགུ་པ་རྫོགས་སྷོ།། ་གླེང་བཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། བཙུགས་ན་ནོར་བུའི་མདོ་ལས་འབྱུང་བའི་ངོ་བོ་ལ་བཆེན ་ནས་གསེར་དང་དངུལ་ལེན་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་དེའི་ཚེ་གསེར་དང་དངུལ་རང་གི་ལག་གིས་ལེན་པར་བྱེད། ་ལེན་དུ་འཇུག་པར་བྱེད་པ་དང་། དགེ་སློང་མ་དོན་ཉུང་བ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་གི་ལག་གིས་གསེར་དང་དངུལ་ལེན་པར་བྱེད་དམ། ལེན ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིའོ།། གསེར་དང་དངུལ་ཞེས ་བྱ་བ་ནི། དབྱིག་དང་གསེར་རོ།། ལེན་པར་བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་གྱིས་སོ།། སྤང་བའི་ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གཞི་བཅོ་བརྒྱད་ཀྱིས་ཏེ། འདི་ལོང་ཤིག་འདི་ནས་ལོང་ཤིག། འདི་ཙམ་ལོང་ཤིག་ཅེས་བྱ་བ་དང་། ་འདི་ཁྱེར་ཏེ་ཤེག། འདི་ནས་ཁྱེར་ཏེ་ཤོག། འདི་ཙམ་ཁྱེར་ཏེ་ཤོག། ཅེས་བྱ་བ་དང་། འདི་ཞོག་ཤིག། འདིར་ཞོག་ཤིག། འདི་ཙམ་ཞོག་ཤིག། ཅེས་བྱ་བ ་དང་། དེ་ལོང་ཤིག། དེ་ནས་ལོང་ཤིག། དེ་ཙམ་ལོང་ཤིག་ཅེས་བྱ་བ་དང་། དེ་ཁྱེར་ཤོག། དེ་ནས་ཁྱེར་ཏེ་ཤོག། དེ་ཙམ་ཁྱེར་ཤོག། ཅེས་བྱ་བ་དང་། དེ་ཞོག་ཤིག། ་དེར་ཞོག་ཤིག། དེ་ཙམ་ཞོག་ཤིག་ཅེས་བྱ་བ་སྟེ། འདི་ལོང་ཤིག་ཅེས་བྱ་བ་ནི་དབྱིག་གམ་གསེར་རོ།། འདི་ནས་ལོང་ཤིག་ཅེས་བྱ་བ་ནི། ལྕགས ་ཟངས་ནས་སམ། རྫ་བོ་ནས་སམ། ཟངས་ནས་སམ། བྱི་གྲེང་ནས་སམ། ཟ་མ་ཏོག་ནས་སོ།། འདི་ཙམ་ལོང་ཤིག་ཅེས་བྱ་བ་ནི་བརྒྱ་སྟོང་སྟེ། གང་ན་རུང་བ་བྱེད་པ ་འམ། དགེ་སློང་ཡོད་པ་དེར་ལྡོང་ཤིག་ཅེས་བསྒྲེ་ན་ཉེས་བྱས་སོ།། བླངས་ན་སྤང་བའི་ལྟུང་བྱེད་དོ།། འདི་ལོང་ཤིག། འདི་ནས་ལོང་ཤིག། འདི་ཙམ་ལོང་ཤིག ་ཅེས་བྱ་བ་ནས། འཐོབ་པར་མི་འགྱུར་བའི་ཕྱོགས་གང་དུ་རུང་བ་བྱེད་པ་འམ། དགེ་ཚུལ་མ་མེད་པ་དེར། ལོང་ཤིག་ཅེས་བསྒོ་ན་ཉེས་བྱས་སོ།། བླངས་ན་ཡང་ཉེས ་བྱས་སོ་ཞེས་བྱ་བའི་བར་རོ།། གང་ཡང་ཡུལ་ཙམ་པའི་ཁྱིམ་བདག་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླང་བར་བྱ་སྟེ། བཤེས་པ ་གཞན་གྱིས་བཅང་བར་བྱའོ།། བཅང་བ་ནི་འདི་ལྟར་བྱ་སྟེ། འཕགས་མ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་ལ། ཀར་ཤ་པ་ནི་རུང་བ་མ་ལགས་པ ་དག་བྱུང་སྟེ། བདག་མིང་འདི་ཞེས་བགྱི་བས་ཡོན་བདག་གམ། ཡོན་བདག་གི་མཆིས་བྲང་ཆེ་གེ་མོ་ཞེས་བགྱི་བའི་མིང་གི་རུང་བར་བགྱི་སྟེ། རྐྱེན་དེ་ཁོ་ནས་བཅང་བར ་བགྱིའོ།། ནམ་རུང་བར་མ་བགྱིས་པ་འདིས། རུང་བར་བགྱིས་པ། གྲུབ་པ་དེའི་ཚེ། བདག་གིས་རུང་བར་བགྱིས་སོ་ཞེས་བྱ་བ་ནས་བཅང་བར་བྱའོ།། སྤང་བའི ་ལྟུང་བྱེད་བཅུ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལ་རྟེན་ནས་མངོན་མཚན་ཅན་གྱིས ་སྤྱོད་པ་སྣ་ཚོགས་བྱེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། ཡང་བཅུ་གཉིས་སྡེ་རྣམས་ཀྱིས་དེའི་ཚེ། མངོན་མཚན་ཅན་གྱི་སྤྱོད་པ་སྣ་ཚོགས་བྱེད་པ་ན། དོན་ཉུང ་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མངོན་མཚན་ཅན་གྱིས་སྤྱོད་པ་སྣ་ཚོགས་བྱེད་ན། སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ་སྣ་ཚོགས་ཤེས་བྱ་བ་ནི་རྣམ་པ་དུ་མའོ།། མངོན་མཚན་ཅན་ཞེས་བྱ་བ་ནི་དབྱིག་གམ་གསེར་རོ།། སྤྱོད་ན་ཞེས་བྱ་བ་ནི་ལྷག་པར་སྤྱོད་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རྣམ་པ་བཞི་སྟེ། ཀུན་ཏུ་སྦྱོར་བར་བྱེད། རབ་ཏུ་སྦྱོར་བར་བྱེད། དུན་འབྱེད་པར་བྱེད། སྐྱེད་འབྱེད ་པར་བྱེད་པའོ།། དེ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་ནི། ཡུལ་གྱི་རྙེད་པའི་ཕྱིར་ཟོང་ལ་ཀུན་ཏུ་སྦྱོར་བར་བྱེད་པ་དང་། ཤིང་རྟ་ལ་ཀུན་ཏུ་སྦྱོར་བར་བྱེད་པ་དང་། མི་རྣམས་སྡུད་པར ་བྱེད་པ་དང་། དེ་ནས་རྫས་འདི་ནི་ཁྱེད་ཀྱིའོ།། འདི་ནི་ཁོ་མོའི་འོ།། ཞེས་བྱ་བ་སྟེ། ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ།། རྙེད་པ་བདག་གིར་བྱེད་ན ་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་ཀུན་ཏུ་སྦྱོར་བར་བྱེད་པ་ཡིན་ནོ།། ཇི་ལྟར་རབ་ཏུ་སྦྱོར་བར་བྱེད་ཅེས་ན། གསེར་གྱིས་རྙེད་པའི་ཟོང་གིས་བཅུ་ལས་བཅུ ་གཅིག་ཏུ་བསྐྱེད་པའི་ཕྱིར། ཟེང་ལ་རབ་ཏུ་སྦྱོར་བར་བྱེད་ཅིང་དབང་རྒྱའི་ཆུང་དུ་དེར་འགྲོ་བ་དང་། སྣག་ཚ་འམ་དབང་པོ་ཆེལ་དུ་འགྲོ་བའོ།། ཇི་ཙམ་དུ་རྙེད་པ་བདག་གིར ་མི་བྱེད་ན་ཉེས་བྱས་སོ།། བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་རབ་ཏུ་སྦྱོར་བར་བྱེད་པ་ཡིན་ནོ།། ཇི་ལྟར་བུན་འབྱེད་པར་བྱེད་ཅེ་ན། ནས་དང་གྲོ་གསར ་ཐོག་གི་ཕྱིར་བུན་འགྱེ་བར་གཞལ་བའི་སྣོད་ཀྱིས་གྲོ་དང་ནས་སྐྱེད་དུ་གཏོང་བ་སྟེ། དེར་དེ་དག་གཞལ་བའི་སྣོད་དང་། བྲེའུ་ཆུང་དང་། ཕུལ་དང་། འཇལ་བ་དང་། ་མི་དག་དོན་དུ་གཉེར་བར་འགྲོ་བ་ཡིན་ཏེ། ཇི་སྲིད་དེ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ།། བདག་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་བུན་འགྱེད་པར ་བྱེད་པ་ཡིན་ནོ།། ཇི་ལྟར་སྐྱེད་འགྱེད་པར་བྱེད་ཅེ་ན། དེ་དག་མུ་ཏིག་གི་སྐྱེད་ཉིད་ཀྱིས་བསྐྱེད་འགྱེད་པར་བྱེད། གསེར་གྱི་སྐྱེད་ཉིད་ཀྱིས་བསྐྱེད་འགྱེད་པར་བྱེད་པ་ཡིན། ་དེར་དེ་དག་གྲོ་བ་དང་། སྣག་ཆ་དང་། དབང་པོ་དོན་དུ་གཉེར་བར་བྱེད་པ་ཡིན་ཏེ་ཇི་སྲིད་དུ་རྙེད་པ་བདག་གིར་མི་བྱེད་ན་ཉེས་བྱས་སོ།། བདག་གིར་བྱེད་ན་སྤང་བའི་ལྟུང ་བྱེད་དོ།། དེ་ལྟ་བུ་ནི་སྐྱེད་འགྱེད་པར་བྱེད་པ་ཡིན་ནོ།། དེ་ལྟར་བསླབ་པའི་གཞི་བཅས་པ་དང་། མཆོད་རྟེན་གྱི་དང་། དགེ་འདུན་གྱི་མི་ཟད་པར་བྱ་བ་དེ་དག་རབ་ཏུ་སྦྱོར ་བར་མི་དབྱེ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་ཏུ་སྦྱར་བར་བྱའོ།། དེ་དག་གིས་སུ་ཡང་རུང་བ་དག་ལ་བཏང་བ་དང་། བཏང་བ་དེ་དག་འཁྱམས་པར་གྱུར ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཀྲེན་པ་ལ་ཡང་ནེར་མི་གཏང་། མཐའ་འཁོབ་གནས་པའང་མ་ཡིན་ཞིང་། གཏུམ་པོ་སྡིག་པའི་ལས་ཅན་དང་། ་མཐུ་ཅན་ལ་ཡང་ནམ་ཡང་མིན། སྤང་བའི་ལྟུང་བྱེད་བཅུ་གཅིག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དྲུག ་སྡེ་རྣམས་ཉོ་ཚོང་རྣམ་པ་སྣ་ཚོགས་དག་བྱེད་དེ། ལེན་པར་བྱེད། གཏོང་བར་བྱེད། ཉེ་བར་བྱེད། འཚོང་བར་བྱེད་དོ།། ཇི་ལྟར་ལེན་པར་བྱེད་ཅེ་ན། གང་གི་ཚེ ་མཉན་ཡོད་ན། དཀོན་པར་གྱུར་ལ་ལྗོངས་རྣམས་སུ་མོད་པར་གྱུར་པ་དེའི་ཚེ། ལྗོངས་རྣམས་སུ་བླངས་ནས། མཉན་ཡོང་དུ་ལེན་པར་བྱེད་དེ། དེ་ལྟ་བུ་ནི་ལེན་བྱེད ་བའོ།། ཇི་ལྟ་གཏོང་བར་བྱེད་ཅེ་ན། གང་གི་ཚེ་མཉན་ཡོད་དུ་ལོ་ལེགས་པར་གྱུར་ལ། ལྗོངས་རྣམས་སུ་ལོ་ཉེས་པར་གྱུར་པ་དེའི་ཚེ། མཉན་ཡོད་ནས་བླངས་ནས ་ལྗོངས་རྣམས་སུ་གཏོང་བར་བྱེད་དེ། དེ་ལྟ་བུ་ནི་གཏོང་བར་བྱེད་པའོ།། ཇི་ལྟར་ཉོ་བར་བྱེད་ཅེ་ན། གང་གི་ཚེ་མོད་པར་གྱུར་པ་དེའི་ཚེ། ཉོ་བར་བྱེད་པ་སྟེ། དེ་ལྟ་བུ་ནི ་ཉེ་བར་བྱེད་པའོ།། ཇི་ལྟར་འཚོང་བར་བྱེད་ཅེས་ན། གང་གི་ཚེ་དཀོན་པར་གྱུར་པ་དེའི་ཚེ། འཚོང་བར་བྱེད་པ་སྟེ། དེ་ལྟ་བུ་ནི་འཚོང་བར་བྱེད་པའོ།། ཉོ་ཚོང་བྱེད ་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག ་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་ཉོ་འཚོང་རྣམ་པ་སྣ་ཚོགས་བྱེད་ན། སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། རྙེད་པ ་འདོད་པས། ཉོ་བར་བྱེད་ཅིང་། རྙེད་པ་འདོད་པས། འཚོང་བར་བྱེད་ན། ཉོ་བར་བྱེད་པ་ནི། དེ་ལ་ཉེས་བྱས་སོ།། འཚོང་བར་བྱེད་པ་ན་སྤང་བའི་ལྟུང་བྱེད་དོ།། ་རྙེད་པ་འདོད་པས་ཉོ་བར་བྱེད་ལ། རྙེད་པ་མི་འདོད་པས་འཚོང་བར་བྱེད་ན། འཚོང་བར་བྱེད་ན་ལྟུང་བ་མེད་དོ།། རྙེད་པ་མི་འདོད་པས་འཚོང་བར་བྱེད་ལ། ཉེ་བ་དེ ་ལ་ལྟུང་བ་མེད་དོ།། འཚོང་བར་བྱེད་པ་ན་སྤང་བའི་ལྟུང་བྱེད་དོ།། རྙེད་པ་མི་འདོད་པས་ཉོ་བར་བྱེད་ཅིང་། རྙེད་པ་མི་འདོད་པས་འཚོང་བར་བྱེད་ན་གཉིས་ག་ལ་ལྟུང་བ་མེད ་དོ། ཡུལ་གཞན་གྱི་སྦྱོར་བས་སྔ་བའི་རྒྱུད་སྦྱང་བར་བྱའོ།། དེ་ནས་དགེ་འདུན་དག་ལ་ཡོད་ལ། སྦྱིན་པ་པོ་དག་ཀྱང་འོངས་ཏེ། ཟན་སྦྱར་བར་འདོད་ནས། དེ་དག ་གིས་ཟོང་གིས་བཙལ་བ་དང་། བཟའ་བ་དང་། བཏུང་བ་མ་རྙེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་ཐོས་པ་བཞིན་སྦྱིན་ནོ།། རེས་འགའ་མོད ་པ་ན་ཉོས་ལ་དཀོན་པར་གྱུར། རེས་འགའ་དཀོན་པ་ན་ཉོས་ལ། མོད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོང་འདུས་ཀྱི་རིན་ཐང་གིས་སྦྱིན་པར་བྱའོ ་སྤང་བའི་ལྟུང་བྱེད་དང་པོའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། སྡོམ་ལ།། ལྷུང་བཟེད་སྐུད་པ་དེ་ཕྱིར་དང་།། ཕྱིར་འཕྲོག་དེ་བཞིན་བརྟད ་བ་དང་།། རྙེད་དང་སྨད་དང་ཞག་གཅིག་དང་།། རྗེས་དང་དུས་དང་དུས་མིན་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས ་དྲུག་སྡེ་རྣམས་ལ་བརྟེན་ཏེ། ལྷུང་བཟེད་འབྲེལ་བ་མེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ལྷུང་བཟེད་འབྲེལ ་པ་མེད་པ་ཡ་འཆང་བར་བྱེད། འབྲེལ་པ་མེད་པ་ལྡན་པ་མེད་པ་ཡང་འཆང་བར་བྱེད་དོ།། དེ་ནས་རང་བཞིན་དུ་གནས་པའི་དགེ་སློང་མ་དག་གིས་བཅུ་གཉིས་སྡེ་དེ ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅས་སམ། དེ་ནས་བཅུ་གཉིས་སྡེ་དེ་དག་གིས། དགེ་སློང་མ་དེ་རྣམས ་ལ་འདི་སྐད་ཅེས་བསླབ་པའི་གཞི་དེ་ནི་དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་དེ་མ་ཡིན་ནོ།། ཞེས་སྦས་པའི་སྐབས་དེ། དགེ་སློང་མ་རྣམས ་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ ་སློང་མ་གང་ལྷུང་བཟེད་ལྷན་པ་ལྔ་མེད་པ་སྤྱད་བཟོད་པ་ཡོད་བཞིན་དུ། བཟང་པོ་འདོད་པའི་ཕྱིར་ལྷུང་བཟེད་སར་པ་གཞན་སློང་ཞིང་། ལྷུང་བཟེད ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མ་དེས་ལྷུང་བཟེད་དེ། དགེ་སློང་མའི་འཁོར་ལ་དབུལ་བར་བྱའོ།། དགེ་སློང་མའི་འཁོར་དེའི་ལྷུང་བཟེད་ཟ་མར་གྱུར་པ་གང ་ཡིན་པ་དེ། དགེ་སློང་མ་དེ་ལ་དགེ་སློང་མ་ཁྱོད་ཀྱིས་ལྷུང་བཟེད་འདི་བྱིན་གྱིས་བསླབ་པར་མི་བྱ། གཏང་བྱར་མི་བྱ། གཞན་ལ་སྦྱིན་པ་མི་བྱ་བར་ཆག་པའི ་མཐར་ཐུག་གི་བར་དུ་ཁད་ཀྱིས་དལ་བུས་སྤྱད་པར་བྱའོ།། ཞེས་སྦྱིན་པར་བྱ་སྟེ། དེ་ལ་དེ་ནི་ཆོག་ཡིན་ནོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ་ལྷན་པ་ལྔ་མེད་པའི་ལྷུང་བཟེད་ཅེས་བྱ་བ་ནི། ལྡན་པ་ལྔ་མ་ཚང་བ་གང་ཡིན་པའོ།། ཡོད་བཞིན་དུ་ཞེས་བྱ་བ་ནི། སྤྱད་བཟོད་པའོ།། སར་པ་གཞན་སློང་ན་ཞེས ་བྱ་བ་ནི་གཉིས་པ་ཤོས་སོ།། བཟང་པོ་འདོད་པའི་ཕྱིར་ཞེས་བྱ་བ་ནི་མཆོག་འདོད་པའི་ཕྱིར་རམ། ཡང་ན་གཞན་འདོད་པའི་ཕྱིར་རོ།། གྲུབ་ནའོ་ཞེས་བྱ་བ་ནི་ཐོབ་ནའོ།། ་སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དགེ་སློང་མ་དེས། ལྷུང་བཟེད་དེ། དགེ་སློང་མའི་དགེ་འདུན་ལ་དབུལ་བར་བྱའོ།། ཞེས་བྱ་བ་ནི། སྦྱིན་པར ་བྱའོ།། དགེ་སློང་མའི་འཁོར་གང་ཡིན་པ་དེ་ཞེས་བྱ་བ་ནི། དགེ་སློང་མའི་ལྷུང་བཟེད་ཐ་མར་གྱུར་པའོ།། དེ་ནས་དགེ་སློང་མའི་དགེ་འདུན་དེས་ལྷུང་བཟེད་འབྲེལ ་པ་མེད་པ་འདྲིམ་པའི་དགེ་སློང་མ་བསྐོ་བར་བྱའོ།། ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པའི་དགེ་སློང་མ་ཆོས་ལྔ་དང་ལྡན་པ་ནི་མ་བསྐོས་པ་ཡང་སྐོ་བར་མི་བྱ་ལ། ་བསྐོས་པ་ཡང་འབྱུང་བར་བྱའོ།། ལྔ་གང་ཞེ་ན། འདུན་པས་འགྲོ་བ་དང་། ཞེ་སྡང་གིས་འགྲོ་བ་དང་། གཏི་མུག་གིས་འགྲོ་བ་དང་། འཇིགས་པས་འགྲོ་བ་དང་། ་ལྷུང་བཟེད་བྲིམས་པ་དང་། མ་བྲིམས་པ་མི་ཤེས་པའོ།། དེ་བཞིན་དུ་དཀར་པོའི་ཕྱོགས་ལ་ཡང་སྦྱར་བར་བྱའོ།། དེའི་འོག་ཏུ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས། ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པའི་དགེ་སློང་མ་བསྐོ་བར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ ་ལས་བྱའོ།། འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་འདི་འཕགས་པའི་དགེ་འདུན ་ལ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པའི་སྤྲོ་ལགས་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། གནང་བར་མཛོད་ཅིག་དང་། འཕགས་མའི ་དགེ་འདུན་མས། དགེ་སློང་མ་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་པ་མེད་པ་འདྲིམ་པ་བསྒོ་བར་བགྱི་སྟེ། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། ་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར ་སྤྲོ་ལགས་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་བསྐོས་ཏེ། མིང་འདི་ཞེས་བགྱི་བ ་འཕགས་མའི་དགེ་འདུན་ལ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་བགྱིད་ན། ཕུ་ནུ་མོ་དག་མིང་འདི་ཞེས་བགྱི་བ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་བསྐོ་བར་བཟོད ་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས ་བགྱི་བ་ལྷུང་བཟེད་འབྲེལ་བ་མེད་པ་འདྲིམ་པར་བསྐོས་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེའི་འོག་ཏུ་ལྷུང་བཟེད་འབྲེལ་པ་མེད་པ་འགྲིམ ་པའི་དགེ་སློང་མས། ཚོགས་པའི་དུས་སུ་དགེ་འདུན་ལ་སང་སྔ་དྲོ་འབྲེལ་བ་མེད་པའི་ལྷུང་བཟེད་འདྲིམ་གྱིས། རང་རང་གི་ལྷུང་བཟེད་སྣོམས་ལ་སྤྱོན་ཅིག་ཅེས་བརྗོད ་པར་བྱའོ།། དེ་ནས་ནམ་ལངས་པ་དང་། འདྲིམ་པར་བྱེད་པའི་དགེ་སློང་མས་གནས་མལ་བཤམ་པ་བྱས་ཏེ། དགེ་སློང་མའི་དགེ་འདུན་ཚོགས་ཤིང་མཐུན་པར་གྱུར་པ་དང་། ་ལྷུང་བཟེད་འབྲེལ་བ་མེད་པ་ཐོགས་ཏེ། དགེ་སློང་མའི་གནས་བརྟན་གྱི་མདུན་དུ་འདུག་ནས། ལྷུང་བཟེད་འབྲེལ་བ་མེད་པ་མི་བསྔགས་པ་ཇི་ལྟ་བ་བཞིན་བརྗོད་པར ་བྱ་ཞིང་། འདི་སྐད་ཅེས་གནས་བརྟན་མ་ལྷུང་བཟེད་བཞེས་ཤིག། ཅེས་ཀྱང་བརྗིད་པར་བྱའོ།། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས། ལྷུང་བཟེད་འབྲེལ་བ་མེད ་པ་བླངས་ན། དགེ་འདུན་གྱི་གནས་བརྟན་གྱི་ལྷུང་བཟེད་གནས་བརྟན་གཉིས་པ་ཤེས་ལ་སྦྱིན་པར་བྱའོ།། གནས་བརྟན་གཉིས་པ་ཤེས་ཀྱི་ལྷུང་བཟེད་གསུམ་པ་ཤེས ་ལ་སྦྱིན་པར་བྱ་སྟེ། དེ་བཞིན་དུ་དགེ་འདུན་སར་བུའི་བར་དུ་ཡང་ངོ་།། གལ་ཏེ་དགེ་འདུན་གྱི་གནས་བརྟན་གྱིས་ལྷུང་བཟེད་འབྲེལ་པ་མེད་པ་བླངས་ལ། གནས་བརྟན ་གསུམ་པའི་ཐད་དུ་ཕྱིན་པ་ལས། གལ་ཏེ་སླར་ཡང་དགེ་འདུན་གྱི་གནས་བརྟན་སྤོང་ན་སྦྱིན་པར་མི་བྱའོ།། ལན་གཉིས་སློང་ན་ཡང་སྦྱིན་པར་མི་བྱའོ།། གལ་ཏེ་ལན ་གསུམ་དུ་སློང་ན་སྦྱིན་པར་བྱ་སྟེ། འདུལ་བ་དང་འགལ་བའི་ཉེས་བྱས་བཤགས་པར་བྱའོ།། དེ་བཞིན་དུ་དགེ་འདུན་བསར་བུའི་བར་དུ་སྟེ། གལ་ཏེ་སུས་ཀྱང་ལྟུང ་བཟེད་འབྲེལ་བ་མེད་པ་མ་བླངས་སམ། གཞན་གྱི་ལྷག་པར་གྱུར་ན་དེ་ཉིད་ལ་སྦྱིན་པར་བྱའོ།། དེས་དེའི་འོག་ཏུ་ཀུན་ཏུ་སྤྱད་པ་བརྗོད་པར་བྱའོ་ཞེས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་ན་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་འབྲེལ་བ་མེད་པ་འཆང་བའི་དགེ་སློང་མའི་ཀུན་ཏུ་སྤྱད་པའི་ཆོས ་བཅང་བར་བྱ་སྟེ། དགེ་སློང་མ་ལྷུང་བཟེད་འབྲེལ་བ་མེད་པ་འཆང་བ་གལ་ཏེ་བསོད་སྙོམས་ལ་འགྲོ་ན་ལག་པ་གཡས་པར་བྱིན་གྱིས་བརླབས་པའོ།། གལ་ཏེ་འབྲས ་ཅན་བཤེར་བ་རྙེད་ན་བྱིན་གྱིས་བརླབས་པར་བླང་བར་བྱའོ།། གལ་ཏེ་འབྲས་ཅན་སྐམ་པོ་རྙེད་ན་ལྷུང་བཟེད་འབྲེལ་བ་མེད་པར་བླངས་པར་བྱའོ།། གལ་ཏེ་ལྷུང་བཟེད ་ཀྱི་སྣོད་དུ་འཇུག་པར་བྱེད་ན། ཞབས་སུ་ནི་བྱིན་གྱིས་བརླབས་པའོ།། སྟེང་དུ་ནི་ལྷུང་བཟེད་འབྲེལ་བ་མེད་པའོ།། གལ་ཏེ་བྱི་དོར་བྱེད་ན། དང ་ལྷུང་བཟེད་འབྲེལ་བ་མེད་པའོ།། ཕྱི་ནས་བྱིན་གྱིས་བརླབས་པའོ།། གལ་ཏེ་ལྷུང་བཟེད་གདུ་བུའི་སྟེང་དུ་འཇོག་ན། བྱིན་གྱིས་བརླབས་པའི་སྟེང་དུ་ལྷུང་བཟེད ་འབྲེལ་བ་མེད་པ་བཞག་པར་བྱའོ།། གལ་ཏེ་ལྷུང་བཟེད་ཀྱིས་ལས་བྱེད་ན། རྫ་བོ་བཟང་པོ་གང་ཡིན་པ་དེར་ལྷུང་བཟེད་འབྲེལ་བ་མེད་པ་བསྲེག་པར་བྱའོ།། གལ་ཏེ ་ལམ་དུ་འགྲོ་ན་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་བྱིན་གྱིས་བརླབས་པ་བསྐུར་བར་བྱ་ཞིང་ལྷུང་བཟེད་འབྲེལ་བ་མེད་པ་རང་གིས་སོ།། གལ་ཏེ་ཁྱེར་བ་འགའ ་ཡང་མེད་ན། མཆན་ཁུང་གཡས་ཀྱིས་ནི་ལྷུང་བཟེད་འབྲེལ་བ་མེད་པའོ།། གཡོན་གྱིས་ནི་བྱིན་གྱིས་བརླབས་པའོ།། ལྷུང་བཟེད་འབྲེལ་བ་མེད་པ་འཆང་བའི་དགེ་སློང ་མས་ཀུན་ཏུ་སྤྱད་པའི་ཆོས་ཇི་ལྟར་བཅས་པ་བཞིན་ཡང་དག་པར་བླངས་ཏེ། འཇུག་པར་མི་བྱེད་ནི། འགལ་ཚབས་ཅན་དུ་འགྱུར་རོ།། དགེ་འདུན་གྱི་ལྷུང་བཟེད་ཐ་མ་དེ ་བྱིན་གྱིས་མི་བརླབ་སྟེ། བྱིན་གྱིས་བརླབ་པར་མི་བྱ། སུ་ལ་ཡང་སྦྱིན་པར་མི་བྱ་བར་ཁད་ཀྱིས་དལ་བུ་དལ་བུས་ཇི་སྲིད་འཚོའི་བར་ཆག་པའི་མཐར་ཐུག་པའི་བར་དུ ་བཅང་བར་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་ལྡན་པ་གཅིག་གིས་ཀླན་པར་འོས་ཤིང་། མ་གླེན་པ་སྤྱད་བཟོད ་བཞིན་དུ་གཞན་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་། ལྷན་པ་གཉིས་ཀྱིས་ཀླན་པར་འོས་ཤིང་། ་མ་ཀླན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ལྷུང་བཟེད་ཆག་པར་གྱུར་ཀྱང་། ལྷན་པ་གསུམ ་གྱིས་ཀླན་པར་འོས་ཤིང་། མ་ཀླན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད ་ཆག་པར་གྱུར་ཀྱང་། ལྷན་པ་བཞིས་ཀླན་པར་འོས་ཤིང་། མ་ཀླན་ལ་སྤྱད་བཟོད་བཞིན་དུ་གཞན་དུ་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང ་བྱེད་དོ།། དགེ་སློང་མས་ལྷུང་བཟེད་ཆག་པར་གྱུར་ཀྱང་། ལྷན་པ་གསུམ་གྱིས་ཀླན་པར་འོས་ཤིང་། མ་ཀླན་ལ་སྤྱད་བཟོད་བཞིན་དུ་གཞན་ཡང་ཚོལ་བར་བྱེད་ན ་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་། ལྷན་པ་བཞིས་ཀླན་པར་འོས་ཤིང་། མ་ཀླན་ལ་སྤྱད་བཟོད་བཞིན ་དུ་གལ་ཏེ་གཞན་ཡང་ཚོལ་བར་བྱེད་ནི་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་། ལྷན་པ་ལྔས་ཀླན་པར་འོས་ཤིང་། ་མ་ཀླན་ལ་སྤྱད་བཟོད་བཞིན་དུ་གལ་ཏེ་གཞན་ཡང་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མའི་ལྷུང་བཟེད་ཆག་པར་གྱུར་ཀྱང་། ་ལྡན་པ་གཅིག་གིས་ཀླན་པར་འོས་པས། ཀླན་ཏེ་སྤྱད་བཟོད་བཞིན་དུ་གཞན་དུ་ཚོལ་བར་བྱེད་ན་ཉེས་བྱས་སོ།། ཐོབ་ན་སྤང་བའི་ལྟུང་བྱེད་དོ།། ་དགེ་སློང་མའི་ལྷུང་བཟེད་ལྷན་པ་གཉིས་ཀྱིས་ཀླན་པར་འོས་པས། ཀླན་ཏེ་སྤྱད་བཟོད་བཞིན་དུ་ཞེས་བྱ་བ་ནས། ཉེས་བྱས་དང་། སྤང་བའི་ལྟུང་བྱེད་དོ།། ཞེས་བྱ ་བའི་བར་དུའོ།། དེ་བཞིན་དུ་ལྡན་པ་གསུམ་འོས་པ་དང་། དེ་བཞིན་དུ་ལྡན་པ་བཞི་འོས་པ་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མའི་ལྷུང་བཟེད་ཆག་པར ་གྱུར་ཀྱང་། ལྡན་པ་ལྔས་ཀླན་པར་འོས་པས་ཀླན་ཀྱང་རུང་ལྷུང་བཟེད་གཞན་ཚོལ་བ་ལ་ལྟུང་བ་མེད་དོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། ་སྤང་བའི་ལྟུང་བྱེད་བཅུ་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཉེ་དགའ་ལས་བརྟེན་ཏེ། ་ཉེ་དུ་མ་ཡིན་པ་ལས་སྐུད་པའི་བསླབ་པའི་གཞི་བཅའ་བར་མཛད་པ་དེའི་ཚེ། དགེ་སློང་མ་སྦོམ་དགའ་མོས། ཉེ་དུ་མ་ཡིན་པ་དང་ཉེ་དུས་ཀྱང་སྐུད་པ་བསླངས་ཤིང ་ཐེག་པ་ཉེ་དུ་དང་ཉེ་དུ་མ་ཡིན་པ་ལ་ཡང་གོས་འཐག་ཏུ་འཇུག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང ་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་ཁྱིམ་བདག་གམ་ཁྱིམ་བདག་གི་ཆུང་མ་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། ཐག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉེ་དུ་མ་ཡིན་པ་ལ་ཞེས་བྱ་བ་ནི་མ་མེས་ཕྲུགས་བདུན་གྱི་བར་རོ།། སྐུད ་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། ཐ་ག་པ་ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཐགས་འཐག་པའོ།། གོས་ཞེས་བྱ་བ་ན་གང་ཡང་རུང་བའོ།། འཐག་ཏུ་འཇུག ་ན་ཞེས་བྱ་བ་ནི་འཐག་ཏུ་བཅུག་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཉེ་དུ་མ་ཡིན་པ ་ལས་སྐུད་པ་བླངས་ཏེ། ཟག་པ་ཉིད་མ་ཡིན་པ་ལ་གོས་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐ་ག་པ་ཉེད་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་ནས་གྲུབ ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད་དམ་ཐ་ག་པ་ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས ་སོ།། བདག་ཉིད་འཐག་ན་ཡང་ཉེས་བྱས་སོ།། ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ། གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད ་པ་བསླངས་ཏེ། ཐ་ག་པ་ཉེ་དུ་ལ་འཐག་དུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཐ་ག་པ་ཉེ་དུ་འཐག་ཏུ་འཇུག་ན་ལྟུང་བ་མེད་དོ།། དགེ་སློང་མས་ཉེ་དུ་མ་ཡིན ་པ་ལས་སྐུད་པ་བླངས་ཏེ། བདག་ཉིད་དཔ་ཉེ་དུ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ ་ཡིན་ན་ལྟུང་བ་མེད་དོ།། དགེ་སློང་མས་ཉེ་དུ་མ་ཡིན་པ་ལས་སྐུད་པ་བསླངས་ཏེ། བདག་ཉིད་དམ་ཉེ་དུ་མ་ཡིན་པ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ཉེས་བྱས་སོ།། ་བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་འཐག་ཏུ་འཇུག་ན་ལྟུང་བ་མེད་དོ།། ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ ་ལས་སྐུད་པ་བསླངས་ཏེ་བདག་ཉིད་འཐག་ན། སློང་བ་ན་དེ་ལ་ལྟུང་བ་མེད་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས ་ཏེ། ཉེ་དུ་མ་ཡིན་པ་ལ་འཐག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། གྲུབ་ན་སྤང་བའི་ལྟུང་བྱེད་དོ།། དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ། ་བདག་ཉིད་དམ་ཉེ་དུ་འཐག་ཏུ་བཅུག་ན་དེ་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ།། དགེ་སློང ་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ། བདག་ཉིད་འཐག་གམ་ཉེ་དུ་མ་ཡིན་པ་འཐེག་ཏུ་འཇུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ་ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞིག་ཉེ་དུ་ལས་སྐུད་པ་བསླངས་ཏེ། ཐ་ག་པ་ཉེ་དུ་ལ་འཐག་ཏུ་འཇུག་ན། ་སློང་བ་ན་དེ་ལ་ལྟུང་བ་མེད་དོ།། ཉེ་དུ་འཐག་ཏུ་བཅུག་པ་ལ་ཡང་ལྟུང་བ་མེད་དོ།། དགེ་སློང་མས་ཉེ་དུ་ལས་སྐུད་པ་བསླངས་ཏེ། བདག་ཉིད་འཐག་གམ་ཉེ་དུ་འཐག ་ཏུ་བཅུག་ན་སློང་བ་ན་དེ་ལ་ལྟུང་བ་མེད་དེ།། བདག་ཉིད་འཐག་ན་ཉེས་བྱས་སོ།། ཉེ་དུ་འཐག་ཏུ་བཅུག་ན་ལྟུང་བ་མེད་དོ།། ཉེ་དུ་མ་ཡིན་པ་འཐག་ཏུ་བཅུག་སྟེ། ་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ལས་དང་པོ་པ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཅུ་བཞི་པ་རྫོགས་སྟེ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་དུ་སྦོམ་དགའ་མོས་ཁྱིམ་བདག་འཁོར་དང་བཅས་པ་མངོན་པར་དད་པར་བྱས་པས། ཁྱིམ་བདག་དེས་དགེ་སློང ་མ་སྦོམ་དགའ་མོའི་ཕྱིར་སྐུད་པ་དག་ཐག་པ་ལ་བྱིན་པ་སྦོམ་དགའ་མོས། བྲན་མོ་དེ་ལས་ཐོས་ཏེ་ཐོས་ནས། ཐག་པ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ་འདི་སྐད་ཅེས་སྨྲས་སོ།། ཟག་བརྒྱངས་ཏེ་འཐག་པའི་རས་ཡུག་ཆེན་འདི་སུའི་ཕྱིར་ཡིན་ཤེས་སམ། དེས་འདི་སྐད་ཅེས་སྨྲས་སོ།། མ་འཚལ་ཏོ།། དེས ་འདི་སྐད་ཅེས་ཁོ་མོའི་ཕྱིར་ཡིན་ནོ་ཞེས་སྨྲས་ནས། ཇི་ཙམ་གྱི་བར་དུ་དེ་ལ་དེ་བཟའ་བ་འམ། བཟའ་བ་ཙམ། བཟའ་བའི་རྒྱུ་གྲུབ་པར་བྱེད་པ་ན། དོན་ཉུང་བའི ་དགེ་སློང་མ་རྣམས་སྤོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྦས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། དགེ་སློང་མའི་ཕྱིར་ཁྱིམ་བདག་གམ། ་ཁྱིམ་བདག་གི་ཆུང་མས་ཐ་ག་པ་ཉེ་དུ་མ་ཡིན་པ་ལ་གོས་འཐག་ཏུ་བཅུག་ལ། དེ་ཡང་དགེ་སློང་མ་དེ་ལ་སྔར་མ་བསྟབས་བཞིན་དུ། རྣམ་པར་རྟོག་པ་འགའ་ཞིག ་བྱུང་ནས་ཚེ་དང་ལྡན་པ་ཐ་ག་པ་ཤེས་པར་གྱིས་ཤིག། གོས་འདི་ཁོ་མོའི་ཕྱིར་ཡིན་གྱིས། ཚེ་དང་ལྡན་པ་གོས་འདི་ཞེང་ཆེ་བ་དང་། ཁྲུ་རིང་བ་དང་། ཐར་གྱིས་ཞག ་པ་དང་། ཐག་རན་བཟང་བ་ལེགས་པར་གྱིས་ཤིག། དེ་ལྟར་བྱས་ན་ཁོ་མོས་ཚེ་དང་ལྡན་པ་ལ། འདི་ལྟ་སྟེ་བཟའ་བ་འམ། བཟའ་བ་ཙམ་འམ། བཟའ་བའི་རྒྱུ ་ཅུང་ཟད་ཙམ་གྱིས་ཀྱང་བསྒྲུབ་པར་བྱའོ།། ཞེས་བྱས་ནས་དེ་ལ་དགེ་སློང་མ་དེ་འདི་ལྟ་སྟེ། བཟའ་བ་འམ། བཟའ་བ་ཙམ་འམ། བཟའ་བའི་རྒྱུ་ཅུང་ཟད་ཙམ་བྱིན ་ནས། གོས་བསྒྲུབས་ཏེ། གོས་གྲུབ་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉེ་དུ་མ་ཡིན་པ་ལས་ཞེས་བྱ་བ་ནི། མ་མེས ་དང་པ་མེས་ཕྲུགས་བདུན་གྱི་བར་དག་གོ།། བདག་ཅེས་བྱ་བ་ནི་སྐྱེས་པའོ།། ཁྱིམ་བདག་གི་ཆུང་མ་ཞེས་བྱ་བ་ནི་བུད་མེད་དོ།། ཐ་ག་པ་ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་ཟག ་འཐག་པའོ།། གོས་འཐག་ཏུ་བཅུག་པ་ལ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། དེ་ནས་དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རྣམ་པར་རྟོག་པ་འགའ ་ཞིག་བྱུང་ན་ཞེས་བྱ་བ་ནི། དོགས་པ་འགའ་ཞིག་སྐྱེས་ནས་སོ།། ཟག་པའི་དྲུང་དུ་སོང་ནས་ཞེས་བྱ་བ་ནི་ཕྱིན་ནས་སོ།། འདི་སྐད་ཅེས་སྨྲས་སོ་ཞེས་བྱ་བ་ནི་སྤྲས་པའོ།། ་གོས་འདི་ཞེས་བྱ་བ་ནི་གོས་ཉེ་བར་སྟོན་པའོ།། ཁོ་མོའི་ཕྱིར་འཐག་ཏུ་བཅུག་གིས་ཞེས་བྱ་བ་ནི། བདག་ཉིད་ཉེ་བར་སྟོན་པའོ།། ཚེ་དང་ལྡན་པ་ཐ་ག་པས་ལེགས་པར་ཞེས ་བྱ་བ་ནི། ཚེ་དང་ལྡན་པ་ཐ་ག་པས་བཟང་པོར་རོ།། ཁྱོད་ཀྱིས་གོས་འདི་ཞེས་བྱ་བ་ནི་འཐག་ཏུ་བཅུག་པ་གང་ཡིན་པ་དེའོ།། ཞིང་ཆེ་བ་ཞེས་བྱ་བ་ནི་འདི་ལྟར་རྒྱ་ཆེ་བ ་ཉིད་དོ།། ཁྲུན་རིང་བ་ཞེས་བྱ་བ་ནི་འདི་ལྟར་ཆུ་རིང་བ་ཉིད་དོ།། ཐར་གྱི་ཞག་པ་ཞེས་བྱ་བ་ནི་འཇུར་འདུད་མེད་པའོ།། ཐག་རན་བཟང་བ་ཞེས་བྱ་བ་ནི་ཐགས་བཟང ་བ་དང་ཁ་ཚར་ཟུང་བར་རོ།། གལ་ཏེ་དེ་ལྟ་ན་ཁོ་མོས་ཁྱོད་ལ་བཟའ་བ་འམ། བཟའ་བ་ཙམ་འམ། བཟའ་བའི་རྒྱུ་ཅུང་ཟད་ཙམ་བུ་སྒྲུབ་པར་བྱ་བ་ནི་བཟའ་བ་ལྔ་དང་། ་བཅའ་བ་ལྔ་པོ་དག་གོ། དེ་ལ་གལ་ཏེ་དགེ་སློང་མ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཅུང་ཟད་སྒྲུབ་ན་ཞེས་བྱ་བ་ནི། འདི་ལྟ་སྟེ་བཟུང་བ་འམ། བཟའ་བ་ཙམ་འམ། ་བཟའ་བའི་རྒྱུ་ཅུང་ཟད་བྱིན་པའོ།། གོས་བསྒྲུབས་ཏེ་ཞེས་བྱ་བ་ནི་གོས་ཐོབ་པར་བྱ་བའི་ཕྱིར་རོ།། གོས་གྲུབ་ན་ཞེས་བྱ་བ་ནི་ཐོབ་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་གོས་བསྒྲུབ་པའི་ཕྱིར་ཁྱིམ་བདག་གི་ཁྱིམ་རྣམས་སུ། བསོད་སྙོམས་ལ་འཇུག་ཅིང་བཅའ་བ་ལྔ་དང་། ་བཟའ་བ་ལྔ་པོ་དག་ཐ་ག་པ་ལ་སྦྱིན་པར་བྱེད་པ་ནས། ཇི་ཙམ་མ་གྲུབ་པ་དེ་སྲིད་དུ་ཉེས་བྱས་སོ།། གྲུབ་ན་སྤང་བའི་ལྟུང་བྱེད་དོ།། སྤང་བའི ་ལྟུང་བྱེད་བཅཝོ་ལྔ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས། ལྷན་ཅིག་གནས་པ་དང་ཉེ ་གནས་རྣམས་ལ། ཆོས་གོས་དང་ལྷུང་བཟེད་དག་བགོ་བཤའ་བྱེད་ལ། བུད་མེད་ནི་ཁྲོ་བའི་དབང་དུ་འགྱུར་བ་ཡིན་པས། གང་གི་ཚེ་དེ་དག་དང་དེ་རྣམས་ཐབ་མོ་དང་། ་ཚང་འདྲ་བར་གྱུར་པ་དེའི་ཚེ་དེ་དག་གིས་ལྷན་ཅིག་གནས་པ་དང་། ཉེ་གནས་ལ་ཕྱིར་ཡང་གོས་དག་འཕྲུག་པར་བྱེད། འཕྲོག་ཏུ་འཇུག་པར་བྱེད་པ་ནི། དོན་ཉུང་བའི ་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་གསོལ་ཏོ།། དེ་ནས་བཙོ ་ལྡན་འདས་ཀྱིས་བྱུང་བ་འདི་དག་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དག་ལ་གོས་དག་བྱིན་ནས། དེའི་འོག་ཏུ་ཁྲོས ་འཁྲུགས་རྔམ་པར་གྱུར་ཅིང་། ཡིད་མ་རངས་པས། དགེ་སློང་མ་ཁྱོད་ལེ་གེས་དག་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཅེས་འཕྲོག་གམ། འཕྲོག་ཏུ་འཇུག་ན། དགེ་སློང ་མདས་ཤེས་ཀྱིས་ལྷག་མ་ཡོད་པ་སླར་སྦྱིན་པར་བྱ་སྟེ། ལོངས་སྤྱད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། དགེ་སློང ་མ་རྣམས་ཤེས་བྱ་བ་ནི་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་སོ།། གོས་དག་བྱིན་ནས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བ་དག་གོ།། དེའི་འོག་ཏུ་ཞེས་བྱ་བ་ནི་ངས ་གཞན་ནོ།། ཁྲོས་འཁྲུགས་རྔམ་པར་གྱུར་ཅིང་ཡིད་མ་རངས་པ་ཞེས་བྱ་བ་ནི་འཁྲུག་པ་མ་སངས་པར་རོ།། འཕྲོག་གམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། འཕྲོག་ཏུ་འཇུག ་ན་ཞེས་བྱ་བ་ནི་གཞན་གྱིས་སོ།། དགེ་སློང་མ་ཁྱོད་ལ་གོས་དག་མི་སྦྱིན་གྱིས་ཕྱིར་བྱིན་ཅིག་ཟེར་ན། དགེ་སློང་མ་དེས་གོས་དེ་ཞེས་བྱ་བ་ནི་གོས་བདུན་པོ་གང་ཡང་རུང་བ ་ལྷག་མ་ཡོད་པས། ཕྱིར་སྦྱིན་པར་བྱའོ་ཞེས་བྱ་བ་ནི་གཏང་བར་བྱའོ།། དེ་ལོངས་སྤྱད་ན་ཞེས་བྱ་བ་ནི་དེ་ཇི་ཙམ་གྱི་བར་དུ་ལོངས་སྤྱད་པར་གྱུར་ནའོ།། སྤང་བའི་ལྟུང ་བྱེད་དོ།། ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལུས་གཡོ་བར་བྱེད་པ་དང་། ཚིག་བརྗོད་པར་བྱེད་པ་དང་། དེ་གཉི་ག་དང་ལྡན་པའོ།། ་ཇི་ལྟར་ལུས་གཡོ་བར་བྱེད་པས་ཞེ་ན་ལག་པས་བཟུང་ཞིང་འཕྲོག་པ་སྟེ། ཇི་སྲིད་དུ་གོས་ཀྱི་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ།། ཕྲལ་བ་ན་སྤང ་བའི་ལྟུང་བྱེད་དོ།། དེ་ལྟ་བུས་ནི་ལུས་གཡོ་བར་བྱེད་པས་སོ།། ཇི་ལྟར་ཚིག་བརྗོད་པས་ཞེ་ན། ཚིག་འདི་སྐད་ཅེས་དགེ་སློང་མ་གོས་ཕྱིར་བྱིན་ཅིག་ཅེས་སྨྲས་ནས། ་ཇི་སྲིད་དུ་གོས་ཀྱི་གྲཝ་ལུས་དང་བྲལ་བར་མི་བྱེད་ཀྱི་བར་དུ་ཉེས་བྱས་སོ།། ཕྲལ་བ་ན་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་ཚིག་བརྗོད་པར་བྱེད་པས་སོ།། ཇི་ལྟར་དེ་གན ་གི་དང་ལྡན་པས་ཞེ་ན། ཚིག་དུ་གོས་ཕྱིར་བྱིན་ཅིག་ཅེས་སྦ་ཞིང་། ལག་པས་འཛིན་པ་སྟེ། ཇི་སྲིད་དུ་གོས་ཀྱི་གྲ་ལུས་དང་བྲལ་བར་མི་བྱེད་ཀྱི་བར ་དུ་ཉེས་བྱས་སོ།། ཕྲལ་བ་ནི་སྤང་བའི་ལྟུང་བྱེད་དོ།། དེ་ལྟ་བུ་ནི་གཉི་ག་དང་ལྡན་པས་སོ།། དོན་གཞན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ།། ཇི་ལྟར་དོན ་གཞན་གྱིས་ཞེ་ན། འདི་ལྟར་ཡང་དགེ་སློང་མ་རྣམས་ཀྱི་ལྷན་ཅིག་གནས་པ་དང་། ཉེ་གནས་དག་དུས་མ་ཡིན་པར་འཇིགས་པ་དང་བཅས་པའི་དུས་སུ་འགྲོ་བ་ན། ་དེ་དག་གི་མཁན་མོ་དང་། སློབ་དཔོན་དག་གིས་ཆོམ་རྐུན་པ་རྣམས་ཀྱི་གོས་དག་ཕྲོགས་པར་གྱུར་ན། མི་རུང་ངོ་ཞེས་འཕྲོག་པར་བྱེད་པ་སྟེ། དེ་ལྟ་བུ་ནི་དེན་གཞན་གྱིས ་ཡིན་ནོ།། ཇི་ལྟར་འདུལ་བའི་ཡོ་བྱད་ཀྱིས་ཞེ་ན། འདི་ལྟར་ཡང་དགེ་སློང་མ་རྣམས་ཀྱིས་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་མི་དགེ་བའི་བཤེས་གཉེན་དང་། ་ལྷན་ཅིག་འགྲོགས་ཤིང་འགྲོ་བ་ན། དགེ་བའི་བཤེས་གཉེན་དང་ལྷན་ཅིག་འགྲོ་བར་གྱུར་ཅིག་ཅེས་དེ་དག་ལས་གོས་འཕྲོག་པར་བྱེད་པ་སྟེ། དེ་ལྟ་བུ་ནི་འདུལ་བའི་ཡོ ་བྱད་ཀྱིས་ཡིན་ནོ།། སྤང་བའི་ལྟུང་བྱེད་བཅུ་དྲུག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཆོས་སྦྱིན་གྱིས ་ཉམས་པའི་རྒྱལ་རིགས་འཁོར་དང་བཅས་པ་བདེན་པ་རྣམས་ལ་རབ་ཏུ་བཀོད་པ་དང་། དེ་རྣམས་ཀྱིས་རྒྱལ་པོ་གསལ་ལས་དཔྱ་རྒྱུ་དག་ཐོབ་བོ།། དེ་དག་འདི་སྙམ ་དུ་བདག་ཅག་བདེན་པ་མཐོང་བར་བྱེད་པ་དེ་ཐམས་ཅད་ནི་དགེ་བའི་བཤེས་གཉེན་འཕགས་མ་ཆོས་སྦྱིན་ལས་བརྟེན་ཏེ་ཡིན་ནི། དེ་ལ་བདག་ཅག་གིས་ཅི་ཞིག་བྱས་ན ་ལེན་ལོན་པར་འགྱུར། མ་ལ་བདག་གིས་རྒྱལ་པོ་ལས་རྙེད་པ་དང་། བཀུར་སྟི་ཐོབ་པ་དེ་བདག་ཅག་གིས་ཆོས་སྦྱིན་ལ་དབུལ་བར་བྱ་གོར་མ་ཆག་སྙམ་མོ།། དེ ་ནས་ཉམས་པའི་རྒྱལ་རིགས་རྣམས་ཀྱིས་རྙེད་པ་དེ་ཁྱེར་ཏེ་ཆོས་སྦྱིན་གང་ན་བ་དེར་དོང་ནས། ལྷག་པར་དང་ཆོས་སྦྱིན་གྱི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ། ཆོས ་སྦྱིན་ལ་རྙེད་པ་དང་བཀུར་སྟི་དེ་ཕུལ་ལོ།། ཆོས་སྦྱིན་གྱིས་བསམས་པ། ཅི་བཅོམ་ལྡན་འདས་ལ་འགའ་ཞིག་གིས་ཟླ་བ་གསུམ་དུ་ན་བཟའ་བསོད་སྙོམས་ཀྱིས ་བསྟབས་སམ་སྙམ་མོ།། དེ་ནས་དེ་རྟོག་པ་ལ་ཞུགས་པ་ན། བཅོམ་ལྡན་འདས་དེ་དག་ཁོ་ན་ལ་བཞེས་པར་ཤེས་སོ།། དེ་ནས་ཆེས་སྦྱིན་གྱིས་ཉམས་པའི་རྒྱལ ་རིགས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་དག་དེང་ལ། བཅོམ་ལྡན་འདས་ལ་ཟླ་བ་གསུམ་དུ་ན་བཟའ་དང་བསོད་སྙོམས་དང་ཞེས་བྱ་བ་ནས། སྨན ་དང་འཁོར་བའི་ཡོ་བྱད་ཀྱིས་སྟོབས་ཤིག། དེ་ནས་དེ་དག་དོང་ནས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། ཆོས་སྦྱིན་འཁོར་དང་བཅས ་པ་ལ་བསྟབས་སོ།། དེ་ནས་ཉམས་པའི་རྒྱལ་རིགས་ཀྱི་ཆུང་མ་དེ་དག་གིས་དགེ་སློང་མ་དེ་རྣམས་ལ་བསྙེན་བཀུར་བྱ་བར་བརྩམས་སོ།། ཉམས་པའི་རྒྱལ་རིགས ་དེ་དག་གིས་ཀྱང་། དགེ་སློང་དང་དགེ་སློང་མ་རྣམས་ཀྱི་ཕྱིར་རིན་ཐང་ཆེན་པོའི་གོས་དང་། གོས་ཕལ་པ་དག་འཇོག་ཏུ་བཅུག་གོ།། དེ་དག་དབྱང ་གྱི་ནང་ལོགས་སུ་རྒྱལ་པོས་གཞན་དུ་མངགས་པ་ལས། མགོན་མེད་ཟས་སྦྱིན་གྱིས་དེ་དག་བཟློག་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དབྱར་ཟད་ནས། གེས ་འདོད་པའི་ཕྱིར་བདའ་བྱས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་གིས་གོས་ཀྱི་རིན་དེ་དག་ཕུལ་ལགས་སོ།། སྲིལ་རྣམས་ཀྱིས་ཟོས ་སོ།། དགེ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ཀྱིས་དབྱར་གྱི་དེས་ཀྱི་རྙེད་པ་དབྱར་གྱི་ནང་ལོགས་སུ་བགོ་བར་མི་བྱའོ།། ཞེས་གསུངས་པས། བསླབ་པ་འདོད ་པས་མ་བགོས་པའི་སྐབས་ཏེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་སྟོན་ཟླ་ཐ་ཆུང་ཉར་ཞག་བཅུས་མ་ཚང་བ་ཚུན་ཆད་དུ་བརྟན་པ ་ལས་བྱུང་བའི་གོས་ཤིག་རྙེད་ལ་བརྟན་པ་ལས་བྱུང་བའི་འདོད་ན། དགེ་སློང་མ་དེས་བླང་བར་བྱའོ།། བླངས་ནས་གོས་སྦྱིན་པའི་དུས་ཀྱི་བར་དུ་བཅང་བར་བྱའོ།། ་དེ་ལས་འདས་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། ཞག་བཅུ་ཞེས་བྱ་བ་ནི། ཞག་བཅུ་པ་ལ་དགག་དབྱེ་འབྱུང་བར་འགྱུར་བའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི ་པ་དག་གིའོ།། རྙེད་པ་ཞེས་བྱ་བ་ནི་གཞན་ལས་སོ།། བརྟད་པ་ལས་བྱུང་བའི་གོས་ཞེས་བྱ་བ་ལ། བརྟད་པ་ལས་བྱུང་བའི་གོས་ལྔ་སྟེ། ལྔ་གང་ཞེ་ན། འོངས་པ་དང་། ་འགྲོ་བར་ཆས་པ་དང་། ནད་པ་དང་། ནད་གཡོག་དང་། དགེ་བསྐོས་མའོ།། གོས་ཞེས་བྱ་བ་ནི་གང་ཡང་རུང་བའོ།། འདོད་ན་ནི་ཞེས་བྱ་བ་ནི་གལ་ཏེ་དོན་དུ་གཉེར ་ནའོ།། གོས་སྦྱིན་པའི་དུས་སུ་བཅང་བར་བྱའོ་ཞེས་བྱ་བ་ནི། གོས་སྦྱིན་པའི་དུས་ཞག་བཅུའི་དགག་དབྱེ་གང་ཡིན་པའོ།། དེ་ལས་འདས་པར་ཞེས་བྱ་བ་ནི། དེ་ལས ་ལྷག་པར་རོ།། སྤང་བའི་ལྟུང་བྱེད་དོ།། ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དབྱར་གྱི་རྙེད་པ་ཅི་ཡང་རུང་། ་གཡར་གྱི་ནང་ལོགས་སུ་འགེད་པ་དང་། དགག་དབྱེ་ལས་འདས་པར་འཆང་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་གོས་སྦེད་པའི་དགེ་སློང་མ ་བསྐོས་ན་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཅུ་བདུན་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ། ་བཅོམ་ལྡན་འདས་ཀྱིས་ཉེ་དགའ་ལས་བརྟེན་ཏེ། དགེ་འདུན་གྱི་གང་ཟག་རང་གིར་སྦྱར་བར་བྱེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་བཅུ ་གཉིས་སྡེ་རྣམས་ཀྱིས་དགེ་འདུན་གྱི་ཆེད་དུ་རྙེད་པ་བླངས་ནས། གང་ཟག་རང་གིར་སྦྱར་བར་བྱེད་ན་དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་ཏེ། ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཞིག་ཤེས་བཞིན་དུ་དགེ་འདུན་ལ་སྔོས་པའི་རྙེད་པ་གང་ཟག་གི་བདག ་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞིག་ཅེས་བྱ་བ་ནི་བཅུ་གཉིས་སྡེ་རྣམས་སོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སམ། ་གཞན་གྱིས་སྨྲས་པར་གྱུར་པའོ།། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་གྱིའོ།། རྙེད་པ་ཞེས་བྱ་བ་ནི་རྙེད་པ་གཉིས་པོ་གོས ་ཀྱི་རྙེད་པ་དང་། ཟས་ཀྱི་རྙེད་པ་སྟེ་སྐབས་འདིར་ནི་གོས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། བསྔོས་པ་ཞེས་བྱ་བ་ནི་ཕུལ་བའོ།། གང་ཟག་བདག་གིར་བྱེད་ན ་ཞེས་བྱ་བ་ནི་རང་གིར་བྱེད་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཤེས་བཞིན་དུ་གང ་ཟག་ལ་བསྔོས་པའི་རྙེད་པ་གཞན་དུ་གང་ཟག་ལ་སྦྱར་བར་བྱེད་ན། ཇི་སྲིད་དུ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ།། རང་གིར་བྱེད་ན་སྤང་བའི་ལྟུང ་བྱེད་དོ།། དགེ་སློང་མས་དགེ་འདུན་སྡེ་གཞན་དང་། གཞན་དུ་གནས་ལ་སྡེ་གཅིག་ལ་བསྔོས་པའི་རྙེད་པ་སྡེ་གཉིས་པ་ཤེས་ལ་སྦྱར་བར་བྱེད་ན། ཇི་སྲིད་དུ ་རྙེད་པ་རང་གིར་མི་བྱེད་པ་དེ་སྲིད་དུ་ཉེས་བྱས་སོ།། རང་གིར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་བསྔོས་པ། དགེ་སློང་མའི་དགེ་འདུན ་ལ་སྦྱར་བར་བྱེད་ན། ཡང་སྔ་མ་བཞིན་ནོ།། དེ་བཞིན་དུ་གཉི་གའི་དགེ་འདུན་ལ་བསྔོས་པ་དགེ་འདུན་སྡེ་གཅིག་ལ་སྦྱར་བར་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དོ།། ་དེ་བཞིན་དུ་དགེ་འདུན་སྡེ་གཅིག་ལ་བསྔོས་པ་གཉི་གའི་དགེ་འདུན་ལ་སྦྱར་བ་བྱེད་ན་ཡང་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་མཆོད་རྟེན་རྣམས་ཀྱི་མེ་ཏོག་གི་གནས ་ནས་བཟུང་སྟེ། བུམ་པའི་བར་མེ་ཏོག་གི་གནས་དང་། སྒོ་ཁང་ལ་སོགས་པ་དང་། དེ་བཞིན་དུ་རིམ་འགྲོའི་ཁང་པར་བསྔོས་པ་གྲོང་ཁང་ད་སྦྱར་བར་བྱེད་པ་དང་། ་དེ་བཞིན་དུ་བསྲོ་ཁང་དང་དགེ་འདུན་གྱི་ཀུན་དགའ་ར་བ་དང་། ཀ་བ་དང་། གདང་དང་། ས་ལ་ཡང་བརྗོད་པར་བྱའོ།། ཐ་ན་མུ་ལྟོ་བ་གཅིག་ལ་བསྔོས་པ་གཉིས ་བཤོས་ལ་སྒྱུར་བར་བྱེད་ན་ཡང་ཉེས་བྱས་སོ།། གལ་ཏེ་བཙལ་བ་ལས་མ་རྙེད་དམ། གནང་བ་བྱིན་ན་ཉེས་པ་མེད་དོ།། སྤང་བའི་ལྟུང་བྱེད་བཅཝོ་བརྒྱད་པ་རྫོགས ་སྷོ།། ། དགེ་སློང་མའི་འདུལ་རྣམ་པར་འབྱེད་པ།། ། བམ་པོ་བཅུ་བཞི་པ།། ། གླེང་གཞི་ནི་རྒྱལ ་པོའི་ཁབ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། པོ་ལིང་དའི་བུའི་ལྷན་ཅིག་གནས་པ་དང་། ཞེ་གནས་རྣམས་ལས་བརྟེན་ཏེ། གཉི་གའི་ཐུན་མོང་པའི་ནད ་ཀྱི་སྨན་གྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་ནད་ཀྱི་སྨན་དེ་ལས་བྱིན་ལེན་བྱས་ཤིང་ཟ ་བར་བྱེད། མྱུར་བར་བྱིན་ལེན་བྱས་ནས། དེ་ལས་བྱིན་ལེན་བྱས་པ་དག་ཕན་ཚུན་དུ་བསྲེ་བར་བྱེད། ཟས་ཀྱི་ཕྱེ་མ་དང་འདྲེས་ཤིང་ཤན་འགགས་པ་དབྱེར་ཡང་མི་མངོན ་པ་དེ་དག་དེས་དང་དུས་མ་ཡིན་པར་ཟ་བར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས ་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང ་མ་ནང་པོ་རྣམས་ལ་འཕྲོད་པ་སོ་སོ་བརྟེན་པར་བའི་སྨན་རྗེས་སུ་གནང་བ་གང་ཡིན་པ་འདི་ལྟ་སྟེ། མར་གསར་དང་། ཏིལ་མར་དང་། སྦས་རྩི་དང་། བུ་རམ་གྱི་དབུ ་བ་སྟེ། དེ་དག་དགེ་སློང་མ་ནད་པས་སོགས་འཇོག་གི་ལོངས་སྤྱོད་ཀྱིས་ཞག་བདུན་གྱི་མཐར་ཐུག་པར་ལོངས་སྤྱད་པར་བྱའོ།། དེ་ལས་འདས་པར་ལོངས་སྤྱད་ན ་སྤང་བའི་ལྟུང་བྱེད་དོ།། ཡང་བཅོམ་ལྡན་འདས་ཀྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ།། ་དགེ་སློང་མ་ནོད་པ་རྣམས་ལ་ཞེས་བྱ་བ་ནི་ན་བ་རྣམས་ལའོ།། འཕྲོད་པ་ཞེས་བྱ་བ་ནི་རྗེས་སུ་འཐུན་པའོ།། སོ་སོར་བསྟེན་པར་བྱ་བའི་ཞེས་བྱ་བ་ནི་རུང་བའི་འོ།། ་སྨན་རྣམས་ཞེས་བྱ་བ་ལ་མར་སར་ཞེས་བྱ་བ་ནི་མར་རོ།། ཏིལ་མར་ཞེས་བྱ་བ་ནི་ཏིལ་མར་ཉིད་དོ།། སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའོ།། བུ་རམ་གྱི་དབུ་བ་ཞེས་བྱ་བ། ་ནི་བུ་རམ་མོ།། ཞག་དདུན་པའི་མཐར་ཐུག་པའི་ཞེས་བྱ་བ་ནི་ཉིན་ཞག་བདུན་དུའོ།། སོགས་འཇོག་གི་ལོངས་སྤྱོད་ཀྱིས་ཞེས་བྱ་བ་ནི་བྱིན་གྱིས་བརླབས་ནས་སོ།། ་སོ་སོར་བསྟེན་པར་བྱ་བ་ཞེས་བྱ་བ་ནི་བཟའ་བར་བྱའོ།། དེ་ལས་འདས་པར་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཚེས་ལ་ན་བའི་སྨན་ཞིག་རྙེད་ན། དེས་ན་བའི་སྨན་དེ། ཞག་བདུན་པའི་ནང་རོལ་དུ་བྱིན་གྱིས་བརླབ་པར་བྱ་བ་འམ། ་གཏང་བར་བྱ་བ་འམ། ལོངས་སྤྲད་པར་བྱའོ།། བྱིན་གྱིས་བརློབ་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། ལོངས་སྦེད་པར་མི་བྱེད་ན། ཞག་བརྒྱད་པའི ་སྐྱ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་ཚེས་ལ་ཞེས་བྱ་བ་ལྟར་ཞག་དྲུག་པའི་བར་དུ་དེ་ཁོ་ན་བཞིན་སྔ་མ་དང་འདྲ་བར་བརྗོད་དོ།། དགེ་སློང་མས་ཆེས ་ལ་ན་བའི་སྨན་ཞིག་རྙེད་ལ། ཚེས་གཉིས་ལ་ཡང་གཞན་ཞིག་རྙེད་ན། དགེ་སློང་མས་དེས་སྔ་མ་ཤོས་བྱིན་གྱིས་བརླབ་པར་བྱ་བ་འམ། གཏང་བར་བྱ་བ་འམ། ་ཕྱི་མ་ཤོས་ལོངས་སྤྱད་པར་བྱ་བ་འམ། ཕྱི་མ་ཤོས་བྱིན་གྱིས་བརླབ་པར་བྱ་བ་འམ། སྔ་མ་ཤེས་ལོངས་སྤྱད་པར་མི་བྱེད་དམ། གཏོང་བར་མི་བྱེད་དམ། ལོངས ་སྤྱོད་པར་མི་བྱེད་ན། ཞག་བརྒྱད་པའི་སྐྱེ་རེང་ཤར་ན་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་ཆེས་ལ་གཉིས་རྙེད་ལ། ཚེས་གཉིས་ལ་ཡང་གཉིས ་རྙེད་ན་ཞེས་བྱ་བ་ནས། ཞག་དྲུག་དང་བདུན་གྱི་བར་དུ་ཡང་རྒྱས་པར་བརྗོད་པར་བྱའོ།། དགེ་སློང་མས་ཆེས་ལ་ནས་སྨན་རབ་ཏུ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར ་བརྗོད་པར་བྱའོ།། དེ་བཞིན་དུ་ཆེས་ལ་རབ་ཏུ་མང་པོ་རྙེད་ལ་ཆེས་གཉིས་ལ་ཡང་གཞན་དག་ཅེས་བྱ་བའི་བར་རྒྱས་པར་རོ།། དེ་ལ་ན་བའི་སྨན་གང་ཡིན་པར་དེ་ལས ་བྱིན་ལེན་བྱས་པ་གང་དག་ཕན་ཚུན་དུ་འདྲེས་པ་དང་། ཟས་ཀྱི་ཕྱེ་མ་དང་། འདྲེས་ཤིང་ཤན་འབགས་པ་དེ་དག་ནི་གཙུག་ལག་ཁང་གཞན་གྱི་དགེ་ཚུལ་མ་རྣམས་ལ ་སྦྱིན་པར་བྱའོ།། ན་བའི་སྨན་གང་ཡིན་པ་དེ་ལས་བྱིན་ལེན་བྱས་པ་གང་དག་ཕན་ཚུན་མ་འདྲེས་པ་དང་། ཟས་ཀྱི་ཕྱེ་མ་དང་མ་འདྲེས་ཤིང་ཤན་མ་འབགས་པ་དེ་དག ་ནི་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ལ་སྦྱིན་པར་བྱ་ཞིང་འདི་སྐད་ཅེས་ན་བའི་སྤྱན་འདི་ཉི་མ་གཅིག་ལོན་ལགས་ཀྱིས། ཉི་མ་དྲུག་ཏུ་ལོངས་སྤྱོད་པར་བགྱིའོ། ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་ཉི་མ་གཅིག་ལུས་པའི་བར་དུ་སྟེ། དགེ་སློང་མས་ན་བའི་སྨན་སྤང་བར་གྱུར་ལ། དེ་མ་སྤངས་སམ། བྲལ་བར་མ་བྱས། ་སམ། ལྟུང་བ་མ་བཤགས་པར་མ་བྱས་པར་གཞན་ཞིག་བརྙེད་ན། དེ་ཡང་སྔ་མའི་ཤན་གྱིས་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་སྤངས་ལ་བྲལ་བར་མ་བྱས། ་ཤིང་ལྟུང་བ་མ་བཤགས་ན། དེ་ཡང་སྤང་བའི་ལྟུང་བྱེད་དོ།། དེ་བཞིན་དུ་བྲལ་བ་བྱས་ལ། ལྟུང་བ་མ་བཤགས་ན་དེ་ཡང་སྤང་བའི་ལྟུང་བྱེད་དོ།། སྤངས་ཤིང་བྲལ ་བར་བྱས་ལ། ལྟུང་བ་བཤགས་ཏེ། ལོངས་སྤྱད་ན་ལྟུང་བ་མེད་དོ།། ལས་དང་པོ་ལ་སོགས་པ་ལ་ནི་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་བཅུ་དགུ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ལྷུང་བཟེད་རྙེད་ཅིང་རྙེད་པ་རྣམས་སོགས་པར་བྱེད་ཅིང་བདག་ཉིད་ཀྱང་སྤྱོད ་པར་མི་བྱེད། དགེ་སློང་མ་འཁོད་པ་ལ་ཡང་འགྱེད་པར་མི་བྱེད། ཐ་ན་སྤོང་བ་ལ་ཡང་སྦྱིན་པར་མི་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི ་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ལྷུང་བཟེད་ལྷག་པ་ཞག་གཅིག་གི་མཐར་ཐུག་པར་བཅང་བར་བྱའོ།། དེ་ལས་འདས། ་པར་འཆང་ན་སྤང་བའི་ལྟུང་བྱེད་དོ།། ཞག་གཅིག་ཅེས་བྱ་བ་ནི་ཉིན་ཞག་གཅིག་གོ།། དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་འམ་གཞན་ཡང་དེ་ལྟ་བུ་མཐུན་པའོ།། ་ལྷུང་བཟེད་ལྷག་པ་ཞེས་བྱ་བ་ནི། བྱིན་གྱིས་བརླབས་པ་ལས་ལྷག་པའོ།། དེ་ལས་འདས་པར་འཆང་ན་ཞེས་བྱ་ནི་དེ་ལས་ལྷག་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས ་བྱ་བ་ནི་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཞག་གཅིག་ལས་འདས་པར་ལྷུང་བཟེད་ལྷག་པ་འཆང་ན་ཐམས་ཅད ་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ལྷུང་བཟེད་སྐྱ་བོ་འཆང་ན་ལྟུང་བ་མེད་དོ།། ། སྤང་བའི་ལྟུང་བྱེད་ཉི་ཤུ་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན་ཁྱིམ་བདག་གཅིག་གནས་པ་དེས། ཇི་ཙམ་ན་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་དེ་དང་རྩེ་བར་བྱེད་པ་ནས། ་ཁྱེའུ་ཞིག་བཙས་པའི་བར་དུ་སྟེ། དེའི་མིང་འདུན་པ་ཞེས་བྱ་བར་བཏགས་སོ།། འདོད་པ་རྣམས་ནི་ཚ་ཆུ་དང་འདྲ་བས། དེ་ཡང་རྩེ་བར་བྱེད་པ་ན་བུ་མོ་ཞིག་བཙས་ཏེ། ་དེའི་མིང་ནི་འདུན་མ་ཞེས་བྱ་བར་བཏགས་སོ།། དེ་ནས་དུས་གཞན་ཞིག་ན་ཁྱིམ་བདག་ཤི་བར་གྱུར་ཏེ། གང་གི་ཚེ་ཁྱིམ་བདག་དེ་ཤི་བར་གྱུར་པ་དེའི་ཚེ། ཁྱིམ་བདག་དེའི ་ཆུང་མ་མ་སྨད་གསུམ་རབ་ཏུ་བྱུང་ངོ་།། དེ་ནས་གཞོན་ན་འདུན་པ་དགེ་སློང་ཕའི་གཙུག་ལག་ཁང་ནས། དགེ་སློང་མའི་གཙུག་ལག་ཁང་དུ། མ་ལ་ལྟ་བའི་ཕྱིར་དེས ་སྣམ་སྦྱར་ཚེར་གསར་གྱིས་ཁ་སྦྱར་བ་དམར་སེར་ཞིག་བགོས་ཏེ། སོང་བ་དང་། སྲིང་མོ་དེས་དྲིས་པ། མིང་པོ་ཆོས་གོས་འདི་སུའི་ལགས། དེས་འདི་སྐད་ཅེས་སྤྲས ་སོ།། ཁོ་བོའི་ཡིན་ནོ།། དེས་འདི་སྐད་ཅེས་བདག་ལ་སྩོལ་ཅིག་ཅེས་སྨྲས་པ་ལས། དེས་མ་བྱིན་པ་དང་། དེ་ངུ་བར་གྱུར་ཏོ།། དེ་ལ་མས་དྲིས་པ་བུ་མོ་ཅི་སྟེ་ངུ། ་མིང་པོ་ལ་བདག་གིས་ཆོས་གོས་བསླངས་ན། དེས་མ་སྩལ་ཏོ།། དེ་ནས་མས་གཞོན་ན་འདུན་པ་ལ་སྨྲས་པ། བུ་སྲིང་མོ་ལ་ཆོས་གོས་བྱིན་ཅིག། དེས་སྨྲས་པ། ་ཉེས་པ་འགའ་ཞིག་ཏུ་མི་འགྱུར་ལགས་གྲང་། དེས་འདི་སྐད་ཅེས་སྨྲས་སོ།། དེ་ལ་ཉེས་པ་ཅི་ཡང་མེད་དོ།། དེ་ནས་འདུན་པས་ཆོས་གོས་དེ་འདུན་མ་ལ་བྱིན་ནོ།། ་འདུན་མས་ཀྱང་རང་གི་ཆོས་གོས་འདུན་མ་ལ་བྱིན་ནོ།། དེ་ནས་འདུན་མས་ཆོས་གོས་དེ་ཞག་མང་པོ་མ་ལོན་པར་དྲི་མ་ཅན་དུ་བྱས་སོ།། འདུན་པས་ཡང་ཆོས་གོས་དེ ་ལེགས་པར་བཀྲུས་ཤིང་ལེགས་པར་སྦྱར་བར་བྱས་ནས་ཡང་མ་བལྟ་བའི་ཕྱིར་སོང་བ་དང་དེ་ནས་འདུན་མས་མིང་པོ་ལ་འདི་སྐད་ཅེས་སྨྲས་སོ།། མིང་པོ་ཆོས་གོས་འདི ་སུའི་ལགས་དེས་འདི་སྐད་ཅེས་སྨྲས་སོ།། འདི་དེའི་ཚེ་ཁྱོད་ཀྱི་ཡིན་མོད། དེས་འདི་སྐད་ཅེས་སྨྲས་སོ།། རང་གི་ཆོས་གོས་འདི་སྣོམས་ལ་བདག་གི་ཆོས་གོས་ནི ་ཚུར་སྩོལ་ཅིག། དེས་མ་སྦྱིན་པ་དང་། དེས་ཡང་མ་ལ་གསོལ་བ་བཏབ་པ་དང་། བུ་བྱིན་ཅིག། དེས་དེ་ལ་སྦྱིན་ནོ།། དེ་ནས་དགེ་སློང་མ་འདུན་མ་ལ་དགེ་སློང་མ ་རྣམས་ཀྱིས་སྤྲས་པ། ཁྱེད་ཀྱི་ཆོས་གོས་ལྟ་རྟག་པར་བཀྲུས་ཤིང་ལེགས་པར་ཁ་སྦྱར་གནས་གཙང་མའི་བཞིན་དུ་གྱུར་ཏོ།། དེས་སྐབས་དེ་དགེ་སློང་མ་རྣམས་ལ ་སྨྲས་པ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཁྱེད་འཁོར་གྱི་གཙོ་བོ་དང་ལྷན་ཅིག་ཆེས་གོས་རྗེ་བ་ཉམས་སུ་མྱོང་བར་བྱེད། ་དེས་འདི་སྐད་ཅེས་གལ་ཏེ་བརྗེར་རུང་ཡང་རུང་། བརྗེར་མི་རུང་ཡང་རུང་། བདག་གིས་བརྗེས་ལགས་སོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང ་མ་རྣམས་སྨོད་པ་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་། དགེ་སློང་དག་ལྷན་ཅིག་ཆོས་གོས་བརྗེས་ནས་དེའི་འོག་ཏུ་འདི་སྐད་ཅེས་འཕགས་པ། འཕགས་པའི ་ཆོས་གོས་གང་ལགས་པ་དེ་སྩོལ་ཅིག་ཅེས་སྨྲ་ན། སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། འདུན་མ་དང་དགེ་སློང་འདུན་པར་རོ།། ཆོས་གོས ་བརྗེབ་པ་ཞེས་བྱ་བ་ནི། བདུན་པོ་གང་ཡང་རུང་བའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི ་ཙམ་ཅུང་ཟད་དགེ་སློང་དང་ཆོས་གོས་བརྗེ་བ་ཉམས་སུ་མྱོང་བར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་ཉི་ཤུ་གཅིག་པ ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་དགེ་སློང་མའི་དགེ་འདུན་དང་ལྗོན་ཅིག་སྟོན་ཟླ་ཆུངས་ཚེས་ལ། ་བསྲ་བརྐྱང་བཏིང་མ་ཐག་ཏུ་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་བསྲ་བརྐྱང་དབྱུང་གིས་ཆུར་ཤེག། བསྲ་བརྐྱང་ཕྱུང་ན་གྲུབ་པ་དང་བདེ་བ ་མང་པོ་འབྱུང་ངོ་།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་དུས་མ་ཡིན་པར་བསྲ་བརྐྱང་མིན་འབྱིན་ཏོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཅི་བསྲ ་བརྐྱང་དབྱུང་བའི་དུས་གང་ཡིན་པ་མི་ཤེས་སམ། དེས་དགེ་སློང་མ་དེ་དག་གི་ཚིག་མ་མཉན་པར། དེས་མ་ཡིན་པར་བསྲ་བརྐྱང་ཕྱུང་ནས་རྙེད་པ་བགོས་སོ།། དེ་ནས ་དགེ་སློང་མ་དེ་དག་ཆོས་གོས་ལྔ་ཐོགས་ཏེ། ལྗོངས་རྒྱུ་ཞིང་དོང་བ་དང་། དེ་ནས་དགེ་སློང་མ་དེ་དག་ལ། དགེ་སློང་མ་རྣམས་ཀྱིས་དྲིས་པ། འཕགས་མ་དག ་ཁྱེད་ཀྱིས་བསྲ་བརྐྱང་བརྟིང་བ་ཚང་ངམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་ནི་མི་ཤེས་མོད་ཀྱི། འཕགས་མ་སྦོམ་དགའ་མོ་ན་རེ་འདི་སྐད ་ཅེས་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས། བསྲ་བརྐྱང་དབྱུང་བའི་དེས་ཤེས་སོ།། ཞེས་ཟེར་རོ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གིས་བསྲ ་བརྐྱང་བྱུང་ངམ། དེ་དག་གིས་ཕྱུང་ངོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག ་ལ་སྤྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་དུས་མ་ཡིན ་པར་བསྲ་བརྐྱང་འབྱིན་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དུས་མ་ཡིན་པ་ཞེས་བྱ་བ་ནི་བསྲ་བརྐྱང་གི་དུས་དང་། ་དུས་མ་ཡིན་པར་གང་ཞེ་ན། སྟེད་ཟླ་ཐ་ཆུང་ནས་བཟུང་སྟེ། དཔྱིད་ཟླ་ར་བའི་བར་དེ་ན། བསྲ་བརྐྱང་བཏིང་བའི་དུས་ཡིན་ནོ།། གལ་ཏེ་ནང་དེར ་བསྲ་བརྐྱང་འབྱིན་ན། དུས་མ་ཡིན་པར་བསྲ་བརྐྱང་ཕྱུང་བ་ཡིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས་དུས་མ་ཡིན་པར་བསྲ་བརྐྱང་དེ ་འབྱིན་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ཆོམ་རྐུན་པོས་གཏོགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཡིན་པ་ན་ལྟུང་བ་མེད་དོ།། སྤང་བའི ་ལྟུང་བྱེད་ཉི་ཤུ་གཉིས་པ་རྫོགས་སྷོ།། །། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས། བསྲ་བརྐྱང་དབྱུང་བའི་ངས ་སུ་བསྲ་བརྐྱང་མ་ཕྱུང་མ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བསྲ་བརྐྱང་དབྱུང་བའི་དུས་ལུ་བ་བ་ན། ཁྱོད་ཀྱིས་ཅིའི ་སླད་དུ་བསྲ་བརྐྱང་མི་འབྱུང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས། ཁོ་མོས་བསྲ་བརྐྱང་དབྱུང་བའི་དུས་ཤེས་སོ།། དེ་ནས་དགེ ་སློང་མ་དེ་རྣམས་བསྲ་བརྐྱང་གི་དུས་ལས་ལངས་ཏེ། བྲ་གོས་ཟང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་དོང་བ་དང་། དགེ་སློང་མ་དེ་དག་གིས་དྲིས་པ། ཕུ་ནུ ་མོ་དག་ཁྱེད་ཅག་ཅིའི་ཕྱིར་བསྲ་བརྐྱང་དབྱུང་བ་ལས་འདས་ཏེ། བླ་གོས་ཐང་གོས་དང་བཅས་པས་ལྗོངས་རྒྱུ་ཞིང་འདོང་། དེ་དག་གིས་འདི་སྐད་ཅེས། འཕགས ་མ་སྦོམ་དགའ་མོ་ན་རེ་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་ནོ།། ཞེས་ཟེར་ནས། ད་དུང་བསྲ་བརྐྱང་མ་བྱུང་ངོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྤྱོད ་པར་བྱེད་པ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་། དུས་སུ་བསྲ་བརྐྱང་མི་འབྱིན་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང ་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དུས་སུ་ཤེས་བྱ་བ་ནི། དཔྱིད་ཟླ་ར་བའི་ཉ་ལ་བསྲ་བརྐྱང་འབྱིན་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་དགེ་སློང་མས་བསྲ་བརྐྱང་དུས་སུ་འབྱིན་པར་མི་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང ་བྱེད་ཉི་ཤུ་གསུམ་པ་རྫོགས་སྷོ།། ། སྡོམ་ལ།། མངོན་མཚན་ཅན་དང་སོ་སོ་དང་།། དེ་ནི་ཡང་ཡང་འགྲོལ་བ་དང་།། གོས་ཕྱིར ་དངོས་པོ་གཞན་རྙེད་དང་།། གནས་མལ་དང་ནི་དབྱར་ཁང་དང་།། སྐྱེ་བོ་མ་པོའི་ཕྱིར་རྙེད་དང་།། དགེ་འདུན་ཆེད་དུ་སློང་བ་དང་།། ལྕི་ལ་རིན་ཐང་ཆེ་བ་དང་།། ་ཡང་བ་དེ་ནི་ཐ་མ་ཡིན།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱིས་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་མཉན་ཡོད ་ན། གསེར་མགར་ཞིག་ཡོད་པ་དེས། རིགས་མཉམ་པ་ལས་ཆུང་མ་བླངས་སོ།། དེ་ནས་དེ་ཁུ་འཕྲོད་ཅན་ཞིག་པས། ཆུང་མ་སར་པ་དེ་བགམ་པར་འདོད་ནས། ་གསེར་གྱི་རྣ་གདུབ་ཅིག་བཞག་སྟེ། དབེན་པར་བསྡད་དོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ་གསེར་མགར་གྱི་ཁྱིམ་གང་ན་བ་དེར་སོང་ནས་ཕྱིན་པ་དང་། བག་སར་དེ་ལ་ནད་མེད་པར་གྱུར་ཅིག་ཅེས་བྱས་ནས། འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད ་སྙོམས་བྱིན་ཅིག། དེས་ཟས་ཕྱེ་ཞིག་ཕྱུང་བ་དང་། དེས་ཟས་ཕྱེ་དེ་མཐོང་ནས་འདི་སྐད་ཅེས། ཁོ་མོ་ཁྱོད་ལས་ཐོག་མར་ཟས་ཕྱེ་ལེན་པ་ནི་མི་བཟང་སྟེ། མི་ཤེས་ཀྱིས ་གསེར་གྱི་རྣ་གདུབ་དེ་བསྟན་ནས། འོ་ནི་བྱིན་ཅིག་ཅེས་སྨྲས་པ་དང་། དེས་སྣོམས་ཤིག་ཅེས་ཀྱང་མ་སྤྲས། མ་བསྣོམས་ཤིག་ཀྱང་མ་སྨྲས་པ་ལས་དེས་དེ་བླངས་ཏེ ་སོང་ངོ་།། དེ་ནས་མ་དེས་གསེར་གྱི་རྣ་གདུབ་དེ་མ་མཐོང་ངོ་།། མ་མཐོང་ནས་བག་སར་དེ་ལ་བརྡེག་པར་ཞུགས་པ་དང་། གཡས་གཡོན་ན་འཁོད་པ་དག་གིས་འདི ་སྐད་ཅེས་ཁྱོད་གནོད་མེད་ཅིང་མ་ཉེས་པ་འདི་ལ་དབྱུག་པས་རྡེག་གམ་ཅི། གསེར་གྱི་རྣ་གདུབ་ནི་དགེ་སློང་མ་ཕ་གིས་ཁྱེར་ཏེ་སོང་ངོ་ཞེས་སྨྲས་པ་དང་། དེ་ནས་གསེར ་མགར་གྱིས་སྦོམ་དགའ་མོ་གང་ན་བ་དེར་བརྒྱུགས་པ་ལས། དེ་ཡང་སྐྱེས་པ་དང་བུད་མེད་ཀྱི་རྐང་པའི་སྒྲ་ལ་མཁས་པ་ཡིན་པས། དེས་འཕྲིགས་ནས་གསེར ་གྱི་རྣ་གདུབ་ཁར་བཅུག་གོ། ཇི་ཙམ་ན་མི་དེ་ཉེ་བ་དང་། མི་དེ་ལ་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། བུ་ཟན་མོའི་བུ་ཁོ་མོ་ཅག་རྒྱལ་པོས་བཙུན་མོའི་ཐབས ་གནང་བར་ཁྱོད་ཀྱིས་མི་ཤེས་སམ། ཁོ་མོ་ལ་ལག་པས་མ་རེག་ཤིག། དེས་མགོ་རེག་པོ་ངན་པ་མོ་ཞེས་སྨྲས་ནས། དེས་དེ་ལ་ཞུ་ཚུར་གྱིས་བསྣུན་ནས། ཁ་ནས ་ཁྲག་བྱུང་བྱུང་དུ་དེ་བོར་བརྡེགས་སོ།། དེ་ཡང་མིག་ཕུབས་སྤངས་ཤིང་དབྱར་ཁང་དུ་འོངས་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་དྲིས་པ། འཕགས་མ་འདི་ཅི་ནོངས། ་དེ་ཁྲོས་ནས་འདི་སྐད་ཅེས་ཁྱེད་ཅག་ཕ་རོལ་མི་བདེ་བས་སྙིང་ཚི་མ་འམ་ཞེས་སྨྲས་ནས། གཏམ་དེ་ཡང་དགེ་སློང་མ་རྣམས་ལ་རྒྱས་པར་སྨྲས་པ་དང་། དོན་ཉུང་བའི ་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་ཏོ་ཞེས་བྱ་བའི་བར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ ་མོ་འམ། གཞན་ཡང་དེ་ལྟ་བུ་དང་། འཐུན་པའོ།། མངོན་མཚན་ཅན་སློང་ན་ཞེས་བྱ་བ་ནི་གསེར་རམ་དངུལ་ལོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་། རང་གི་དོན་དུ་མངོན་མཚན་ཅན་སློང་ན་སྤང་བའི་ལྟུང་བྱེད་དོ།། གསེར་སློང་ན་སྤང་བའི་ལྟུང་བྱེད་དོ།། གང་ཡ ་དགེ་སློང་མས་ཅི་ཡང་རུང་རུང་བ་མ་ཡིན་པ་སྤོང་ན་དེ་ཡང་སྤང་བའི་ལྟུང་བྱེད་དོ།། སྤང་བའི་ལྟུང་བྱེད་ཉི་ཤུ་བཞི་པ་རྫོགས་སྷོ།། ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱིས་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞགས་སོ།། དེའི་ཚེ་མཉན་ཡོད་ན། ་སྦོམ་དགའ་མོ་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དག་ལ་ཆོས་སྙན་པ་སྙན་པ་དག་སྟོན་ཏོ།། དེའི་ཚེ་སྦོམ་དགའ་མོའི་ཆོས་གོས་ལྔ་ནི་རྙིངས། སྣམ་སྦྱར་ནི་དེངས་པ ་དང་། དེ་ལ་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྨྲས་པ་དང་། འཕགས་མ་ཁྱོད་གལ་ཏེ་འདི་འདྲ་བའི་ཆོས་འཆང་མཁྱེན་ན། ཁྱོད་ཅིའི་སླད་དུ་ཆོས་གོས་སྙིམ་པ་ལྔས ་འཁྱམ་པར་མཛད། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཁོ་མོ་ལ་ཡང་ཁྱེད་བཞིན་དུ་ཁྱོ་དང་བུ་ལས་བྱེད་པ་དག་ཡོད་དམ། ཁོ་མོ་དགེ་སློང་མ་ལ་སྟེར་བ་སུ་ཡོད། དེ་ལ ་དེ་དག་གིས་སྐུད་པ་དག་བསྟན་ནས་བདག་ཅག་གི། སྐུད་པ་འདི་འཕགས་མའི་སླད་དུ་གོས་སུ་འཐག་ཏུ་སྩལ་ནས་གསོལ་ལོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱེད ་ཀྱིས་དགེ་སློང་མའི་གོས་ཇི་ལྟར་བྱ་བ་མི་ཤེས་པས་ཁོ་མོ་རང་གིས་བཏག་གོ།། ཞེས་དེས་སྐུད་པ་དེ་ཁྱེར་ནས། ཚོང་པའི་མི་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཚོང་པའི ་མི་འདི་སྐད་ཅེས་སྨྲས་སོ།། ཀྱེ་ནང་རྗེ་ཁྱེད་སྐུད་པ་འདི་ཙམ་གྱིས་ཉོ།། ཉེས་ནས་ཇི་ཙམ་དུ་འཚོང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་བོ་ནི་འདི་ཙམ་གྱིས་ཉོས་ནས། ་ཁོ་བོ་ནི་འདི་ཙམ་དུ་འཚོང་ངོ་།། དེས་འདི་སྐད་ཅེས་སོ།། སྐུད་པ་འདི་ཁྱེར་ལ་ཁོ་མོ་ལ་རིན་ཅིག་ཚོང་པའི་མི་དེས། སྐུད་པའི་རིན་ཀར་ཤ་པ་ནི་དག་བྱིན་ནོ།། དེ་ནས ་སྦོམ་དགའ་མོ་དབྱར་ཁང་དུ་སོང་ནས། ཀར་ཤ་པ་ནི་དེ་དག་ལས་ཁ་ཟས་དག་གཡོ་བར་བྱེད་དེ། ཀུན་ཏུ་གཡོས་པ་དང་། ལེགས་པར་གཡོས་པ་དང་། འབྲས་བུས་བརྒྱན ་པ་དང་། ཚིལ་གྱི་བེ་རེག་དང་། འབྲས་བུའི་བེ་རེག་དང་། རིམ་པ་བརྒྱ་པ་དང་། ནང་ཚངས་ཅན་དག་སྟེ། དེ་ལྟར་ཁ་ཟས་ཀྱི་གཡོས་ཀྱི་སྣ་གྲངས་བཅོ་བརྒྱད་པ་དང་། ཉི་ཤུ ་པ་དག་བྱས་ཏེ། ཀར་ཤ་པ་ནི་དེ་དག་ཞག་མང་པོ་མ་ལོན་པར་ཟོས་སོ།། ཟོས་ནས་ཀྱང་ཡང་ཁྱིམ་བདག་གི་ཆུང་མ་རྣམས་ཀྱི་དྲུང་དུ་སོང་བ་དང་། དེ་ནས་ཁྱིམ་བདག་གི་ཆུང ་མ་དེ་རྣམས་ཀྱིས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གོས་དེ་བཏགས་ལགས་མས། དེས་འདི་སྐད་ཅེས་སྨྲས་སོ།། དེ་ལ་གླ་ཡང་དགོས་སོ།། ་དེ་དག་གིས་གླ་ཡང་བྱིན་པ་དང་། དེ་ཡང་ཟོས་སོ།། དེ་བཞིན་དུ་འདྲུབ་པ་དང་། མཚོན་རྩིའི་གླ་ཡང་ཟོས་སོ།། དེ་ནས་སྦོམ་དགའ་མོ་ལ་ཡང་། ཁྱིམ་བདག་གི་ཆུང་མ ་དེ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་སླད་དུ་ན་བཟའ་མི་བསྣམས། དེས་འདི་སྐད་ཅེས་སྨྲས་སོ།། རྗེས་སུ་ཡི་རང་བར་གྱིས་ཤིག། དེ་དག་གི་འདི་སྐད་ཅེས། ་སྨྲས་སོ།། འཕགས་པ་ཁྱོད་ཀྱིས་ཅི་ཞིག་ཏུ་བགྱིས། དེས་འདི་སྐད་ཅེས་སྨྲས་སོ།། གཏེར་དུ་སྦས་སོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། རེ་ཤིག་བདག་ཅག ་ནི་བུ་དང་ཁྱོད་ཆེད་དུ་གཏེར་དུ་སྦེད་ན། ཁྱོད་མུན་དེ་ཏི་དང་རྒྱ་ཤུག་ལྔར་གཅིག་པུ་ལགས་ན། སུའི་སླད་དུ་གཉེར་ཏུ་སྦས། དེས་འདི་སྐད་ཅེས་སྦས་སོ།། ཁྱེད་ཅག་ཅི ་དོང་བསྐོས་ནས་གཏེར་སྦས་སྙམ་འམ། འོན་ཀྱང་ཁོ་མོས་ནི་ཁབས་ཀྱི་གཡོས་ཀྱི་སྣ་གྲངས་བཅོ་བརྒྱད་པ་དང་། ཉི་ཤུ་པ་དག་བྱས་ཏེ། ལག ་མཐིལ་ནས་ལྐོག་མར་བརྫངས་སོ།། ལྐོག་མ་ནས་སོའི་འོག་ཏུ་བོར་རོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་རེ་ཤིག་བདག་ཅག་ལ་བུ་དང་། སྔམ་ཐའ ་ལས་བགྱིད་པ་མཆིས་ཀྱང་བདག་ཅག་འདི་འདྲ་བའི་ཁ་ཟས་མི་འཚལ་ན། ཅིའི་སླད་དུ། ཁྱོད་རབ་ཏུ་བྱུང་བར་གྱུར་པ། ཁ་ཟས་ཀྱི་རྣམ་པ་འདི་ལྟ་བུ་ལ་ལོངས་སྤྱོད ་ལགས། དེས་འདི་སྐད་ཅེས། ཁོ་མོ་ནི་ཤཱཀྱའི་བུ་མོ་ཤིན་ཏུ་གཞོན་པ་སྡེ་སྣོད་གསུམ་པ་ཡིན་ཏེ། ཁ་ཟས་ངན་པས་འཚེ་བར་མི་ནུས་སོ།། ཞེས་སྨྲས་པའི་སྐབས ་དེ། དགེ་སློང་མ་རྣམས་ཀྱིས་ཐོས་ནས། དགེ་སློང་མ་རྣམས་སྨོད་པར་བྱེད་དོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་གོས་ཀྱི ་རྙེད་པ་སོ་སོ་བ་དག་བདག་གི་ཁའི་བཟའ་བར་བྱིན་གྱིས་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དེ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མོ་འམ། གཞན ་ཡང་དེ་ལྟ་བུ་དང་འཐུན་པའོ།། སོ་སོ་བ་ཞེས་བྱ་བ་ནི་དངོས་པོ་གཞན་དག་གོ། གོས་ཞེས་བྱ་བ་ནི་འདུན་པོ་གང་ཡང་རུང་བའོ།། བདག་རང་གི་ཁའི་སྒོར་ཞེས་བྱ་བ་ནི་ལྐོག ་མང་མེད་པའོ།། སྡང་བའི་ལྟུང་བྱེད་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གོས་ཀྱི་རྙེད་པ། ཁའི་སྒྲ ་བྱིན་གྱིས་བརློབ་པར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་ཉི་ཤུ་ལྔ་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་སྤོས་འཚོང་གི་ཁྱེའུ་ཞིག་ལ་ཆགས་པས་དེ་དེའི་ཚོང་ཁང་དུ་སོང་སྟེ། འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས ་སྒེའུ་གཤེར་གྱི་ཐུམ་པོ་ཆིངས་ཤིག། ཇི་ཙམ་ན་འཆིང་བ་ལ་ཞགས་པ་དང་། དེས་ཡང་འདི་སྐད་ཅེས་སྨྲས་སོ།། མ་ཡིན་མ་ཡིན་པི་པི་ལིང་གི་ཐུམ་པོ་ཆིངས་ཤིག། ་མ་ཡིན་མ་ཡིན་ན་ལེ་ཤམ་གྱི་ཟླུམ་པོ་ཆིང་ཤིག། བུད་མེད་ནི་རྗེད་ངེས་པ་ཡིན་པས། བུ་རམ་གྱིས་ཐུམ་པོ་འཆིངས་ཤིག། མ་ཡིན་མ་ཡིན་ཤ་ཁའི་ཐུམ་ཐོ་འཆིངས་ཤིག། ་མ་ཡིན་མ་ཡིན་གཙག་ཡུག་སྣམ་གྱི་ཐུམ་པོ་འཆིང་ཤིག། གང་གི་ཚེ་གཞན་འགྲོལ་ཞིང་གཞན་འཆིང་བ་དེའི་ཚེ། སྤོས་འཚོང་གི་ཁྱེའུ་ཁྲོས་ནས་ཟླུམ་པོ་དེ་བརྡེགས་སོ།། ་བརྡབས་ནས་འདི་སྐད་ཅེས་མགོ་རེག་མོ།། ངན་པ་ཞེས་སྨྲས་སོ།། དེ་ལ་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་སྨྲས་པ། ཁྱོད་ནས་པ་འདིས་སྡེ་སྣོད་གསུམ་པོ་དག་ལེག ་བར་བཏོན་ནམ། དེས་བླུན་མོ་ཁོ་མོ་བརྗེད་སྙམ་འམ། དེ་ལྟ་མོད་ཀྱི་ཁོ་མོ་ཚིག་ཙམ་རང་གིར་བྱེད་དོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་འདོད་ཆགས་ཀྱིས་བརྟགས ་ན་མི་འགས་ཤིང་། ཤིང་ཞོགས་ཇི་ལྟ་བ་བཞིན་མ་འབར་བ་དེ་མཚར་ཆེའོ་ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང ་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ཟླུམ་པོ་བཅིངས་ཤིང་། ཡང་དྲང་ཡང་དུ་འགྲོལ་དུ་འཇུག་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་ཐུམ་པོ་བཅིངས་ཤིང་བཅིངས་ཤིང་ཞེས་བྱ་བ་ནི་ཟོང་ངོ་།། ཡང་དང་ཡང་དུ་འགྲོལ་དུ་འཇུག་ན་ཞེས་བྱ་བ་ནི་གཞན་དང་གཞན་ནོ།། སྤང་བའི་ལྟུང་བྱེད་ཞེས་བྱ་བ་ནི། གྲོང་། ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ན་ཅུང་ཟད་ཆགས་པས་ཐུམ་པོས་བཅིངས་ཤིང་བཅིངས་ཤིང་འགྲོལ་དུ་འཇུག་ན་ཐམས་ཅད་དུ་སྤང ་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་ཉི་ཤུ་དྲུག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ། ་མོ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། བཙུན་མོ་ཕྲེང་ལྡན་མའི་ཕོ་བྲང་གང་ན་བ་དེར་སོང་བ་དང་། བཙུན་མོ་ཕྲེང་ལྡན་མས་རྒྱང་རིང་པོ་ཁོ། ་ན་ནས་སྦོམ་དགའ་མོ་འོང་བ་མཐོང་ངོ་།། མཐོང་ནས་ཀྱང་བསྟན་ཤོམ་དུ་བཅུག་གོ།། དེ་ནས་སྦོམ་དགའ་མོ་ལ། བཙུན་མོ་ཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ།། འཕགས ་མ་ཁྱོད་ཀྱི་ཆོས་གོས་རྙིངས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། བཙུ་ན་མེ་ཅི་བདག་ལ་གསུས་པོ་ཆེ་ཁ་ད་བགྱིད་དམ། འོན་ཏེ་ཡུལ་ཀ་ཤི་དང་ཀོ་ས་ལ་བདོག། གཞན་ཡང ་བཙུན་མོ་བུད་མེད་ནི་རྙེད་པ་ཆུང་བ་ལགས་སོ།། དེ་ནས་བཙུན་མོ་ཕྲེང་ལྡན་མས། དགེ་སློང་མ་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ལ་བདག་གིས། ་ཆོས་གོས་ལྔ་དབུལ་ལོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་དགེ་སློང་མའི་ཆོས་གོས་དག་འཚེམ་མི་མཁྱེན་ཏེ། དེ་ལྟ་མོད་ཀྱི་བདག་ཉིད་ཀྱིས་བཙེམ་མོ།། དེས་དེ ་ལ་ཆོས་གོས་ལྔའི་རྒྱུར་རིན་ཆེ་བའི་རས་ཡུག་པོ་ཆེ་དག་བྱིན་ནོ།། དེས་དེ་བླངས་ཏེ་ཚེང་པའི་དྲུང་དུ་སོང་སྟེ། བཙོངས་ཏེ་ཞེས་བྱ་བ་ནས། ཁ་ཟས་ཀྱི་རྣམས་གྲངས་བཅོ་བརྒྱད ་བ་དང་ཉི་ཤུ་པ་དག་བྱས་ནས་ཟོས་ཏེ། སླར་ཡང་སོང་བ་དང་། ཞེས་བྱ་བ་ནས། འདྲུབ་པའི་དང་མཚོན་རྩིའི་གླ་ཡང་ཟོས་སོ།། དེ་ནས་སྦོམ་དགའ་མོ་ལ་བཙུན་མོ་ཕྲེང་ལྡན ་མས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཅིའི་སླད་དུ་ཆོས་གོས་དེ་དག་མི་བསྣམས་དེས་འདི་སྐད་ཅེས་སྨྲས་སོ།། བཙུན་མོ་གཏེར་ད་སྔས་ལགས་ཀྱིས། རྗེས་སུ ་ཡི་རང་བར་མཛོད་ཅིག། དེ་ནས་སྦོམ་དགའ་ལ། བཙུན་མོ་ཕྲེང་ལྡན་མས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཡུལ་ཀ་ཤི་དང་ཀོ་ས་ལ་ཡོད་ཀྱང་གཏེར་དུ་མི་འཆའོ་ཞེས་བྱ ་བ་ནས། རྣམ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་བགྱིས་ཏེ། ལག་མཐིལ་ནས་ལྐོག་མར་རྫངས་སོ་ཞེས་བྱ་བ་ནས། བདག་ནི་སྡེ་སྣོད་གསུམ་པཾ་ལགས་སོ་ཞེས་བྱ ་བའི་བར་རོ།། དོན་ཉུང་བའི་དགེ་སློང་མ་དག་སྤོང་བར་བྱེད་པ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་བ་གང་གོས་ཀྱི་ཕྱིར་དངོས་པོ་གཞན ་རྙེད་པ་རང་གི་ཁའི་སྒོར་བྱིན་གྱིས་བརློབ་པར་བྱེད་ན། སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་བོའོ།། དངོས་པོ་གན ་ཞེས་བྱ་བ་ནི་གཞན་དུ་བསྔོས་པའོ།། གོས་ཀྱི་རྙེད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། ཁའི་སྒོ་ཞེས་བྱ་བ་ནི་ལྐོག་མར་མེད་པའོ།། སྤང་བའི་ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཇི་ཙམ་ན་དགེ་སློང་མས་དངོས་པོ་གཞན་རྙེད་པ་དེ་ཁའི་སྒོར་བྱིན་གྱིས་བརློབ་པར་བྱེད་ན། ཐམས་ཅད ་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་ཉི་ཤུ་རྩ་བདུན་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ ་མོ་རང་གི་དབྱར་ཁང་གི་གནས་མལ་གྲུགས་ཤིང་ཆག་པ་དང་། དེ་ལ་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱི་གནས་མལ་གྲུགས་ཤིང ་ཆག་པ་དག་ཅིའི་སླད་དུ་མ་བཅོས། དེས་འདི་སྐད་ཅེས་སྨྲས་སོ།། ཅི་ཁོ་མོ་ལ་བུ་དང་ཁྱིམ་ཐབ་ལས་བྱེད་པ་ཡོད་སྙམ་འམ། དེ་དག་གིས་གནས་མལ་བཅོས ་པའི་ཕྱིར། ཀར་ཤ་བ་ནི་མང་པོ་བྱིན་ནོ་ཞེས་བྱ་བ་ནི་ས་དེས་ཁ་ཟས་ཀྱི་སྣ་གྲངས་བཅོ་བརྒྱད་པ་དང་། ཉི་ཤུ་པ་དག་བྱས་ཏེ། ཟོས་སོ་ཞེས་བྱ་བའི་བར་རོ།། ཡང ་གྲུགས་ཤིང་ཆག་པ་མཐོང་ནས་ཞེས་བྱ་བ་ནས་འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ།། ཞེས་བྱ་བའི་བར་སྤྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག ་སྤོད་པར་བྱེད་པའི་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་གི་གནས་མལ་གྱི་རྙེད་པ་རང་གི་ཁའི་བཟའ་བར་བྱིན་གྱིས་རློབ ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གནས་མལ་གྱི་རྙེད་པ་ཞེས་བྱ་བ་ནི་གདིང་བ་དང་གཡོག་པ་བཏགས་པ་འམ ་རིན་ནོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཆུང་ཟད་དབྱར་ཁང་གི་རྙེད་པ་ཁའི་སྒོར་བྱིན་གྱིས ་རློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། སྤང་བའི་ལྟུང་བྱེད་ཉི་ཤུ་བརྒྱད་པ་རྫོགས་སྟེ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་ཚེས་བརྒྱད་དང་བཅོ་ལྔ་དག་ལ་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་ཆོས་ཉན་པའི་ཕྱིར་དབྱར་ཁང་དུ་འོངས་པ་དང་། དེ་ནས་མཚན་མོ་ཆར་བབ་པས་དབྱར་ཁང ་ཐམས་ཅད་ཐིགས་པ་འཛག་པར་གྱུར་ཏོ།། དེ་ནས་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མེ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཀྱིས་ཅིའི་སླད ་དུ་དབྱར་ཁང་མི་བཅོས། དེས་འདི་སྐད་ཅེས་ནི་ཁོ་མོའི་ཁྱིམ་ན་ཡང་བུ་དང་། ཁྱིམ་ཐབ་ཡོད་སྙམ་མམ་ཞེས་སྨྲས་པ་དང་། དེ་དག་གིས་དབྱར་ཁང་བཅོས་པའི་ཕྱིར། ་ཀར་ཤ་བ་ནི་དག་བྱིན་ཏེ། དེས་ཁ་ཟས་ཀྱི་རྣམ་གྲངས་བཅོ་བརྒྱད་པ་དང་ཉི་ཤུ་པ་དག་བྱས་ནས་ཟོས་སོ་ཞེས་བྱ་བ་ནས། ཡང་ཐིགས་པ་འཛག་པ་མཐོང་ནས་ཤེས་བྱ ་བའི་བར་རོ།། དེ་དག་གིས་སྨྲས་པ། འཕགས་མ་དབྱར་ཁང་མ་བཅོས་སམ་ཞེས་བྱ་བའི་བར་དུ་སྟེ། དེས་འདི་སྐད་ཅེས་ཁོ་མོ་ནི་སྡེ་སྣོད་གསུམ ་པ་ཡིན་ནོ།། ཞེས་བྱ་བའི་བར་དུ་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། བསླབ ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་བཅོས་པའི་རྙེད་པ་བདག་ཉིད་ཀྱི་ཁའི་སྒོར་བྱིན་གྱིས་བརློབ་པར་བྱེད་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར་ཁང་ཞེས་བྱ་བ་གཙུག་ལག་ཁང་ངོ་།། རྙེད་པ་ཞེས་བྱ་བ་ནི་གསེར་དང་དངུལ་ལམ། གཞན་ཅི་ཡང་རུང་བའོ།། ་སྤང་བའི་ལྟུང་བྱེད་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དབྱར་ཁང་བཅོས་པའི་རྙིད་པ་ཁའི་སྒོར་བྱིན་གྱིས་བརློབ། ་བར་བྱེད་ན། སྤང་བའི་ལྟུང་བྱེད་དོ།། སྤང་བའི་ལྟུང་བྱེད་ཉི་ཤུ་དག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ལྗོངས་ཤིག ་ནས་དགེ་སློང་མ་རབ་ཏུ་མང་པོ་མཉན་ཡོད་དུ་ལྷགས་པ་དང་། དེ་དག་གི་ཕྱིར་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཆུང་མས་རྙེད་པ་མང་དུ་གཏང་ནས། དེ་དག་གིས་འདི་སྐད་ཅེས ་སྨྲས་སོ།། འཕགས་མ་གདུགས་ཚེད་མཛོད་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འདི་ལྟ་ཞུངས་ཀྱིས་ཡང་དང་ཡང་དེ་སྣོན་ཅིག། དེ་དག་གིས་ཡང་དང་ཡང་དུ་བྱིན་ནས་ཀྱང ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གདུགས་ཚོད་བགྱི་བའི་དུས་ནི་འདི་ལགས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ད་དུང་ཟན་བྱ་བའི་དེས་ལ་མ་བབ་པོ།། ་གང་གི་ཚེ་དགེ་སློང་མ་དེ་རྣམས་ལྗོངས་དག་ཏུ་དོང་བ་དེའི་ཚེ། དེས་རྙེད་པ་དེ་ལས་རྣམ་གྲངས་བཅོ་བརྒྱད་པ་དང་། ཉི་ཤུ་པའི་བར་དག་བྱས་ཏེ། ཟོས་སོ་ཞེས་བྱ་བ་ནས། ་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན་ནོ།། ཞེས་བྱ་བའི་བར་རོ།། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གློ་བུར་ད་ལྷགས་པའི་དགེ་སློང་མ་རྣམས་ཀྱི་རྙེད་པ་བླངས་ཏེ། གཅིག་པུ་ཟན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གློ་བུར་དུ་ལྷགས་པའི་དགེ་སློང་མ་རྣམས་ཀྱི་ཕྱིར་ཞེས་བྱ་བ་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་མ་རྣམས་སོ།། རྙེད་པ་ཞེས ་བྱ་བ་ལ་རྙེད་པ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ།། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། སྤང་བའི་ལྟང་དུ་སྤང་བའི་ལྟུང་བྱེད་དེ ་འགྱུར་རོ།། སྤང་བའི་ལྟུང་བྱེད་སུམ་ཅུ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་སྦོམ་དགའ་མོས ་དགེ་འདུན་མའི་ཕྱིར་ཟས་དགེ། ཡང་དག་པར་བསྐལ་བར་བྱེད་པ་ན། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། ་འཕགས་མ་ཅིའི་སླད་དུ་དགེ་འདུན་མའི་ཟས་ཀྱི་རྙེད་པ་མི་བགྱི། འདི་ལྟ་ཉུངས་སོ་ཞེས་ཡང་དང་ཡང་དུ་བསླངས་ནས། གཅིག་པུས་ཀུན་ཏུ་གཡོས་པ ་དང་། ལེགས་པར་གཡོས་པ་ནས་རྣམ་གྲངས་བཅོ་བརྒྱད་པ་དང་། ཉི་ཤུ་པ་དག་གི་བར་དག་བྱས་ཏེ་ཟོས་སོ་བྱ་བ་ནས་རྗེས་སུ་ཡི་རང་བར་གྱིས་ཤིག་ཅེས་བྱས་པ་དང་། ཁོ་མ ་ནི་སྡེ་སྣོད་གསུམ་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་ཞེས་བྱ་བ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅའ་བའི ་བར་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཕྱིར་རྙེད་པ་བརླངས་ཏེ། བདག་ཉིད་ཀྱི་ཁ་ཟས་ཀྱི་བར་བྱིན་གྱིས་རློབ་པར་བྱེད་ན། སྤང་བའི་ལྟུང་བྱེད་དོ།། ཡང ་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་འདུན་མའི་ཕྱིར་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མའོ།། རྙེད་པ་ཞེས་བྱ་བ་ལ་རྙེད ་བ་ནི་གཉིས་ཏེ། ཟས་ཀྱི་རྙེད་པ་དང་། གོས་ཀྱི་རྙེད་པའོ།། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོངས་སོ།། བསླངས་ཏེ་ཞེས་བྱ་བ་ནི་ཕ་རོལ་ལས་སོ།། ཁའི ་ཞེས་བྱ་བ་ནི་ཁའི་བཟའ་བར་རོ།། བྱིན་གྱིས་བརློབ་པར་བྱེད་ན་ཞེས་བྱ་བ་ནི། ལྐོག་མར་མེད་པར་རོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་མའི་རྙེད་པ་བདག་ཉིད་ཀྱི་ཁའི་སྐེར་བྱིན་གྱིས་བརློབ་པར་བྱེད་ན། ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ། ་འགྱུར་རོ།། སྤང་བའི་ལྟུང་བྱེད་སུམ་ཅུ་གཅིག་པ་རྫོགས་སྷོ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཡུལ་ལུས་འཕགས་ཀྱི་རྒྱལ་པོས། ་ལ་བ་རིན་པོ་ཆེ་ཞིག་རྒྱལ་པོ་གསལ་རྒྱལ་ལ་སྐྱེས་སུ་བསྐུར་བ་ལས། དེས་རྒྱལ་རིགས་ཉམས་པའི་དཔག་མི་རྣམས་ལ་བྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཆོས་སྦྱིན་ནི་བདག་ཅག ་གི་དགེ་བའི་བཤེས་གཉེན་ཡིན་ནོ།། ཞེས་ལ་བ་རིན་པོ་ཆེ་དང་དེ། དེ་ལ་བྱིན་ནོ།། དེས་ཀྱང་ལ་བ་རིན་པོ་ཆེ་དེ་ཚེས་གོས་ཀྱི་གཟངས་ལ་བཟར་ཏེ་བཞག་གོ། གཙུག་དགའ ་མོ་གནས་ཁང་དུ་ཞུགས་པས་མཐོང་ནས། དེས་ཆོས་སྦྱིན་ལ་དྲིས་པ་འཕགས་མ་ལ་བ་རིན་པོ་ཆེ་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ཡིན་ནོ།། ་དེ་ནས་གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས། བསོད་ནམས་དག་ནི་བྱ་བ་སྟེ། བསོད་ནམས་མ་བྱས་སྡུག་བསྔལ་འགྱུར།། འཇིག་རྟེན་འདི ་དང་ཕ་རོལ་ཏུ།། བསོད་ནམས་བྱས་པ་དགའ་བར་འགྱུར།། ཞེས་གསུངས་པ་ནི་ཐོག་ཏུ་བབ་སྟེ། ཁྱོད་ན་བསོད་ནམས་བགྱིས་པས་ལྷ་དང་མིས་མཆོད་པར་གྱུར་ཏེ།། ་དེ་ནས་ཆོས་སྦྱིན་གྱིས་གཙུག་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་འདོད་ན་ཁྱེར་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འདི་ནི་ལྷའི་ཕམ་ཕབས་ལགས་སོ།། ་ཞེས་བྱ་བ་ནས་ལ་བ་རིན་པོ་ཆེ་དེ་བླངས་ཏེ་བསྒོས་ནས་ལག་པ་གཉིས་བསྒྱུར་བ་བྱས་ཏེ་ལམ་པོ་ཆེ་དང་སྲང་ད་འཁྱམ་པ་ན། དེ་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང ་ནས། འདི་སྐད་ཅེས་སྨྲས་སོ།། ཕ་གི་སུ་ཞིག་ཡིན་ཅི་ནོར་ཅན་གྱི་ཆུང་མ་འམ། ཚོང་དཔོན་གྱི་ཆུང་མ་ཞིག་ཡིན། གཞན་དག་གིས་འདི་སྐད་ཅེས་སྨྲས་སོ།། ་གཙུག་དགའ་མོ་ཡིན་ནོ།། བལྟས་ནས་ཤེས་ལྡན་དག། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་གང་ཡིན་པ་དེ་དག་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་གྱོན་ལ་ཤཱཀྱའི་སྲས་ཀྱི་དགེ་སྦྱོང ་མ་འདི་དག་ཀྱང་ལྕི་ལ་རིན་ཆེ་བའི་གོས་དག་གྱོན་ན་ཁྱད་པར་ཅི་ཡོད། བསམ་པ་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། ཅེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ ་ཟེར་བར་བྱེད་དོ།། ཞེས་བྱ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙུག་དགའ་མོ་རྨེད་པར་མཛད་དེ། དགེ་སློང་མ་ཁྱོད་ཀྱིས་འདི་ལྟ་བུ་མཛེས་པ་མ་ཡིན། ་པ་བྱས་པ་བདེན་ནམ། བཅོམ་ལྡན་འདས་མང་ལགས་སོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གཙུག་དགའ་མོ་ལ། དགེ་སྦྱོང་མའི་ཚུལ་མ་ཡིན་པ་དང་། རུང་བ་མ་ཡིན་པ་དང་། ་མཛེས་པ་མ་ཡིན་པ་དང་། དེ་ནི་རབ་ཏུ་བྱུང་བས་བྱ་བ་མ་ཡིན་ནོ་ཞེས་སྨད་པ་མཛད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་རྣམ་པར་སྨད་ནས་གཉི་གའི་དགེ་འདུན ་ལ་བཀའ་སྩལ་པ། དགེ་སློང་མ་དག་བུད་མེད་ནི་ཁ་ཟས་དང་འདྲ་སྟེ། རེ་ཤིག་གོས་བཟང་པོ་མེད་ན་ཡང་འདོད་པར་བྱ་བ་ཡིན་ན། གོས་བཟང་པོ་བསྐོས་ན་ལྟ་སྤོས་ཀྱང་ཅི་དགོས། ་བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ནི་བྱུང་བ་ཐམས་ཅད་ནི་ལྕི་བ་རིན་ཆེ་བའི་གོས་འཆང་བ་ལས་གྱུར་ཏོ།། སྙམ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩ ་པ། ཡང་དགེ་སློང་མ་གང་ལྕི་ལ་རིན་ཆེ་བའི་གོས་འཆང་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། ལཱི་ལ་ཞེས་བྱ་བ་ནི་དགུན་གྱི ་བསྒོ་བའོ།། རིན་ཆེ་བ་ཞེས་བྱ་བ་ནི། ཀར་ཤ་པ་ནི་ཉི་ཤུ་འམ། ཉི་ཤུ་རྩ་ལྔ་རི་བའོ།། འཆང་ན་ཞེས་བྱ་བ་ནི་གྱོན་ནའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྕི་ལ་རིན་ཆེ་བའི་གོས་འཆང་ན་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། སྤང་བའི་ལྟུང་བྱེད་སུམ་ཅུ་གཉིས་པ ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཡུལ་ཀ་ལིང་ཀའི་རྒྱལ་པོས་སེང་རས་རིན་ཆེ་བ་ཞིག་རྒྱལ་པོ་གསལ་རྒྱལ ་ལ་སྐྱེས་སུ་བསྐུར་བ་ལས། དེ་རྒྱལ་རིགས་ཉམས་པའི་དཔག་མི་རྣམས་ལ་བྱིན་ནོ།། དེ་རྣམས་ཀྱིས་ཀྱང་ཆོས་བྱིན་ནི་བདག་ཅག་གི་དགེ་བའི་བཤེས་གཉེན་ཡིན་ནོ་ཞེས་དེ་ལ ་བྱིན་ནོ།། དེས་དེ་བླངས་ཏེ་ཆོས་གོས་ཀྱི་གདང་ལ་བཟར་ཏེ་བཞག་གོ། བཙུག་དགའ་མོ་ཡང་གནས་ཁང་དུ་ཞགས་པ་དང་། མཐོང་ནས་འདི་སྐད་ཅེས་སྨྲས་སོ།། འཕག ་མ་སེང་རས་འདི་སུའི་ལགས། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ཡིན་ནོ།། དེ་ནས་གཙུག་དགའ་མོས་ཆོས་སྦྱིན་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ནི་བསོད ་ནམས་བགྱིས་པས་ལྷ་དང་མིས་མཆོད་པར་གྱུར་ཏེ། ཁྱོད་ལ་དཔྱིད་ཀའི་བཀོན་པ་འདི་ལྟ་བུ་མངའོ།། དེས་འདི་སྐད་ཅེས་སྨྲས་སོ།། གལ་ཏེ་འདོད ་ན་ཁྱེར་ཅིག། དེ་ནས་འདི་སྐད་ཅེས་སྨྲས་སོ།། ལྷའི་ཕམ་བབས་སུ་མི་འཚལ། དེ་ནས་ཆོས་སྤྲིན་གྱིས་སེང་རས་གཙུག་དགའ་མོ་ལ་བྱིན་ནོ།། དེས་དེ་བགོས་ཏེ ་བགོས་ནས། སྲང་དུ་ཞུགས་ན་དེའི་ལུས་གཡོགས་ཀྱང་སྒྲེན་མོ་འདྲ་བར་སྣང་ངོ་།། དེ་ནས་བྲམོ་ཟེ་དང་། ཁྱིམ་བདག་རྣམས་ཀྱིས་གཙུག་དགའ་མོ་རྒྱང་རིང་པོ ་ཁོ་ན་ནས། འོང་བ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། ཕ་གི་སུ་ཞིག་ཡིན། ནོར་ཅན་གྱི་འམ། ཚོང་དཔོན་གྱི་འམ་དེད་དཔོན་གྱི་བུ་མོ་ཞིག་འོངས་པར་གྱུར་ཏམ། ་གཞན་དག་གིས་འདི་སྐད་ཅེས་སྨྲས་སོ།། དགེ་སློང་མ་གཙུག་དགའ་མོ་ཡིན་ནོ།། དེ་རྣམས་ཀྱིས་བལྟས་ནས། འདི་སྐད་ཅེས་སྨྲས་སོ།། འདི་ལྟ་སྟེ། སེང་རས་གྱོན་པ ་འདི་ནི་དགེ་སློང་མ་རྣམས་ལ་མཛེས་པ་མ་ཡིན་ནོ།། ཞེས་སྨོད་པར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད ་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་རྒྱས་པར་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང ་བ་འདི་དང་། གླེང་གནི་འདི་དང་། གཞི་འདི་དང་། སྐབས་འདི་ལ་དེའི་ཉན་ཐོས་མ་རྣམས་ཀྱིས་རྣམ་པར་འགྱུར་བ་དང་། ངས་བསླབ་པའི་གཞི་ལེགས་པར་བཅས་པ ་འགྱུར་བར་བྱ་བའི་ཕྱིར་གཉི་གའི་དགེ་འདུན་བསྡུ་བ་མཛད་དོ།། སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་མཁྱེན་བཞིན་དུ་རྨེད་པ། མི་མཁྱེན་པར་མ་ཡིན་གྱི་མཁྱེན། བཞིན ་དུ་རྨེད་པ་ཡིན་པས། ཞེས་བྱ་བ་ནས། དགེ་སློང་མ་ཁྱོད་ཀྱིས་མཛེས་པ་མ་ཡིན་པ་འདི་ལྟ་བུ་བྱས་པ་བདེན་ནམ་ཞེས་བྱ་བའི་བར་རོ།། བཙུན་པ་མེད་དོ།། སངས་རྒྱས་བཅོམ ་ལྡན་འདས་ཀྱིས་སྨོད་པར་མཛད་དེ། དགེ་སློང་མ་དག་བུད་མེད་ནི་ལེགས་པར་སྦས་ཀྱང་མཛེས་པ་མ་ཡིན་ན་མ་སྦས་ན་ལྟ་སྨོས་ཀྱང་ཅི་དགོས། ཞེས་རྣམ་གྲངས་དུ་མར་རྣམ ་པར་སྨད་ནས། དགེ་སློང་མ་རྣམས་ལ་བཀའ་སྩལ་པ་དགེ་སློང་མ་དག་ཕན་ཡོན་བཅུ་ཡང་དག་པར་རྗེས་སུ་གཟིགས་ནས། འདལ་བ་ལ་ཉན་ཐོས་རྣམས་ཀྱིས་བསླབ་པའི ་གཞི་བཅའ་བ་མཛད་དེ། འདི་ལྟ་སྟེ། དགེ་འདུན་ཡང་དག་པར་བསྡུ་བའི་ཕྱིར་དང་། ཞེས་བྱ་བ་ནས། ལྷ་དང་མིའི་བར་ལ་ཡང་དག་པར་ལེགས་པར་རབ་ཏུ་བཤད་པར ་འགྱུར་བའི་བར་རོ།། ཡང་ངའི་ཉན་ཐོས་མ་རྣམས་ཀྱིས་འདལ་བ་ལ་བསླབ་པའི་གཞི་འདི་སྐད་ཅེས་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་། ཡང་ལ་རིན་ཆེ་བའི་གོས ་གྱོན་ན་སྤང་བའི་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། གོས་ཡང་ལ་ཞེས་བྱ་བ་ནི་སེང་རས་སོ།། རིན་ཆེ་བ་ཞེས་བྱ་བ་ནི་ཀར་ཤ་པ་ནི་ཉི་ཤུ ་རི་བའམ། ཀར་ཤ་པ་ན་ཉི་ཤུ་རྩ་ལྔ་རི་བའོ།། སྤང་བའི་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སེང་རས་གྱོན་ན ་སྤང་བའི་ལྟུང་བྱེད་དོ།། སྣ་ཚོགས་སུ་བཀྲི་བ་གྱོན་ནམ། སྲབ་མོ་གྱོན་ན་ཐམས་ཅད་དུ་སྤང་བའི་ལྟུང་བྱེད་དུ་འགྱུར་རོ།། ལས་དང་པོ་ལ་སོགས་པ་ལ་ནི ་ལྟུང་བ་མེད་དོ།། སྤང་བའི་ལྟུང་བྱེད་སུམ་ཅུ་གསུམ་པ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་སྤང་བའི་ལྟུང་བྱེད་རྣམས་རྫོགས ་སྟྭ~ཾ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས།། ། བམ་པོ་བཅཝོ་ལྔ་པ།། ་ད་ནི་ལྟུང་བྱེད་རྣམས་སྨྲ་བར་བྱ་སྟེ། བསྡུས་པའི་སྡོ་མ་ནི། ཤེས་བཞིན་དང་ནི་ས་བོན་དང་།། དེ་བཞིན་ཁུར་བ་ཉིད་དང་ནི།། ཐལ་མོས་རྡེབས་དང་ཆེད་བསམས་དང་།། ་རྐུན་མ་དབང་ཆེན་ཉིད་ཏང་ངོ་།། སྡོམ་ནི། ཤེས་བཞིན་དང་ནི་སྐྱོན་ནས་འདྲ།། ཕྲ་མ་དང་ནི་སྐྱོ་སྔོགས་དང་།། སྐྱེས་པ་ལ་སྟེན་ཆོས་དང་ནི།། ཡིད་འོང་བསླབ་པ་ཁྱད ་གསོད་པའོ།། སངས་རྒྱས་བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས ་ཀྱིས་ཤེས་བཞིན་དགེ་སློང་མ་རྣམས་ལ་བརྫུན་སྨྲ་བས་འཐོ་འཚམ་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་དག་བཅོམ་ལྡན་འདས་ལ ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཤེས་བཞིན་དུ་བརྫུན་སྨྲ་ན་ལྟུང་བྱེད་དོ།། ཤེས་བཞིན ་དུ་ཞེས་བྱ་བ་ནི་རྣམ་པར་དཔྱད་ནས་སོ།། བརྫུན་སྨྲན་ཞེས་བྱ་བ་ལ། བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་ཀྱང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་བདུན་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ ་དྲུག་ཀྱང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་ལྔ་ཡང་ཡོད།། བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་གསུམ་ཡང་ཡོད། བརྫུན་དུ་སྨྲ་བ་རྣམ་པ་གཉིས་ཀྱང ་ཡོད་དོ།། བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་གང་ཞེ་ན། གཞི་མེད་པར་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ་ཉེས་བྱས་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས་ཏེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བརྒྱད་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་བདན་གང་ཞེ་ན། ་གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་དང་། གཞི་མེད་པར་མཐོང་བ་དང་། ཐོས་པ་དང་། དོགས་པས ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བདུན་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་དྲུག་གང་ཞེ་ན། དགེ་སློང་མ་བརྫུན་དུ་སྨྲ་བར་འདོད་པས་འདི་སྙམ་དུ་བརྫུན་དུ་སྨྲ་བར་བྱའོ། སྙམ་པ ་དང་། བརྫུན་སྔའི་སྙམ་པ་དང་། བརྫུན་སྨྲས་སོ་སྙམ་པ་དང་། གཞི་མེད་པར་མཐོང་བ་དང་། ཟོས་པ་དང་། དགས་པས་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་དྲུག་ཡིན་ནོ།། ་བརྫུན་དུ་སྨྲ་བ་ལྔ་གང་ཞེ་ན། གཞི་མེད་པར་ཕས་ཕམ་པ་འགྱུར་བ་དང་། དགེ་འདུན་ལྷག་མ་དང་། ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ཀྱིས་ཏེ། ་འདི་ནི་བརྫུན་སྨྲ་བ་རྣམ་པ་ལྔ་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་བཞི་གང་ཞེ་ན། གཞི་མེད་པར་ཚུལ་ཁྲིམས་ཉམས་པ་དང་། ལྟ་བ་ཉམས་པ་དང་། ་ཆོ་ག་ཉམས་པ་དང་། འཚོ་བ་ཉམས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་བཞི་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་གསུམ་གང་ཞེ་ན། གཞི་མེད་པར་མཐོང་བ་དང་། ཟོས་པ ་དང་། དོགས་པས་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་གསུམ་ཡིན་ནོ།། གཞན་ཡང་བརྫུན་དུ་སྨྲ་བ་རྣམ་པ་གསུམ་སྟེ། བརྫུན་དུ་སྨྲ་བར་འདོད་པ་དང་། འདི་སྙམ་དུ་བདག་གིས ་བརྫུན་དུ་སྨྲ་བར་བྱའོ་སྙམ་པ་དང་། སྨྲ་བ་ནི་འདི་སྙམ་དུ་བདག་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲ་བ་ན་འདི་སྙམ་དུ་བདག་གིས་བརྫུན་སྨྲས་སོ་སྙམ་པ་དང་། འདི་ནི་བརྫུན་དུ་སྨྲ། ་བ་རྣམ་པ་གསུམ་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་གཉིས་གང་ཞེ་ན། བརྫུན་སྨྲ་བ་ན་འདི་སྙམ་དུ་བརྫུན་སྨྲའོ་སྙམ་པ་དང་། བརྫུན་སྨྲས་པ་ན་འདི་སྙམ་དུ་བདག་གིས་བརྫུན ་སྨྲས་སོ་སྙམ་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་རྣམ་པ་གཉིས་ཡིན་ནོ།། བརྫུན་དུ་སྨྲ་བ་རྣམ་པ་གཅིག་པུ་འབའ་ཞིག་ནི་མེད་དོ།། བརྫུན་སྨྲ་བ་ཕས་ཕམ་པར་འགྱུར་བ་ཡང་ཡོད། ་བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་ཡང་ཡོད། བརྫུན་དུ་སྨྲ་བ་ཉེས ་བྱས་སུ་འགྱུར་བ་ཡང་ཡོད་དོ།། བརྫུན་དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་མིའི་ཆོས་བླ་མ་མེད་བཞིན་དུ་སྨྲ་བ་སྟེ། འདི་ནི ་བརྫུན་དུ་སྨྲ་བ་ཕས་ཕམ་པར་འགྱུར་བ་ཡིན་ནོ། 4། བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ་སློང་མས་གཞི་མེད་པར་དགེ་སློང་མ་དག་པ་ལ ་ཕས་ཕམ་པར་འགྱུར་བའི་ཆོས་ཀྱི་བསྐུར་པ་འདེབས་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་དགེ་འདུན་ལྷག་མར་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་གང་ཞེ་ན། ་འདི་ལྟ་སྟེ་ཡང་དགེ་སློང་མས་ཆེད་དུ་བསམས་ཏེ། དགེ་འདུན་གྱི་ནང་དུ་ཆོས་མ་ཡིན་པ་ལ་ཆོས་དང་། ཆོས་ལ་ཆོས་མ་ཡིན་པ་དང་། འདུལ་བ་མ་ཡིན་པ་ལ་འདུལ་བ་དང་། ་འདུལ་བ་ལ་འདུལ་བ་མ་ཡིན་པར་སྟོན་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་སྦོམ་པོར་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། ཡང་དགེ ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས། ཤེས་བཞིན་དུ་བརྫུན་སྤོ་བས། འཐོ་འཚམ་པར་བྱེད་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་ལྟུང་བྱེད་དུ་འགྱུར་བ་ཡིན་ནོ།། བརྫུན་དུ་སྨྲ་བ ་ཉེས་བྱས་སུ་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ་ཡང་དགེ་སློང་མས་གསོ་སྦྱོང་བཅོ་ལྔ་པ་དེ་ཉིད་ལ་སོ་སོར་ཐར་པའི་མདོ་འདོན་པས་ཅི་འདི་ན་ཡོངས་སུ་དག་གམ་ཞེས་དྲིས་པ ་ན་དེ་ཡོངས་སུ་མ་དག་བཞིན་དུ་ཅིང་མི་སྨྲ་བ་དང་དུ་ལེན་པ་སྟེ། འདི་ནི་བརྫུན་དུ་སྨྲ་བ་ཉེས་བྱས་སུ་འགྱུར་བ་ཡིན་ཏེ། དེ་ལ་རྣམ་པ་བཞི་མ་གཏོགས་པ་དེ་ལས་གཞན་པའི ་བརྫུན་གང་ཡིན་པ་དེ་ཐམས་ཅད་དོ།། ལྟུང་བྱེད་དོ་ཞེས་བྱ་བའི་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་དང་། ངན་སོང་ངན་ལྡོག་པར་ལྟུང་བ་རྣམས་སུ་སྲེག་པར་བྱེད། ་འཆིང་བར་བྱེད། ལྟུང་བར་བྱེད་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། བར་སྡོམ་ནི། མ་བརྗོད་པ་དང་ཡིད་གཉིས་དང་། འདུ་ཤེས་མུ་བཞིར ་སྦྱར་བའོ།། འདིས་མ་མཐོང་བ་དང་། མ་ཐོས་པ་དང་། མ་རྟོགས་པ་དང་། རྣམ་པར་མི་ཤེས་ལ། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། ་རྟོག་པ་དང་། ལྟ་བ་སྦྱར་ཏེ། འདི་སྐད་ཅེས་ངས་མཐོང་ངོ་ཐོས་སོ་རྟོགས་སོ།། རྣམ་པར་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ།། མཐོང་ལ་བརྗེད ་ཅིང་བདག་གིས་ཐོས་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་བརྗེད་ནས་དེས་འདདི་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ ་བསྒྱུར་ནས། འདི་སྐད་ཅེས་ངས་མཐོང་སྟེ། མ་བརྗེད་དོ།། ཐོས། རྟོགས། རྣམ་པར་ཤེས་ཏེ་མ་བརྗེད་དོ།། ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག ་གིས་མཐོང་ལ་ཡིད་གཉིས་ཟ་བ་དང་། བདག་གིས་མཐོང་བ་དང་། རྟོགས་པ་དང་། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ལས། དེས་འདུ་ཤེས་དང་།། ་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ནས། འདི་སྐད་ཅེས་ངས་མཐོང་སྟེ་ཡིད་གཉིས་མི་ཟའོ།། ངས་རྟོགས། རྣམ་པར་ཤེས ་ཏེ། ཡིད་གཉིས་མི་ཟའོ་ཞེས་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། མཐོང་ལོ་མ་མཐོང་བར་འདུ་ཤེས་ཤིང་། ཐོས་རྟོགས། རྣམ་པར་ཤེས་ལ། རྣམ་པར་མ་ཤེས་པར་འདུ ་ཤེས་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོགས་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས། ངས་མ་མཐོང་ངོ་།། ཁོ་མོས་མ ་ཐོས་སོ།། པ་རྟོགས་སོ།། རྣམ་པར་མ་ཤེས་སོ།། ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་མ་མཐོང་མོད་ཀྱི། ཟོས་རྟོགས་རྣམ་པར་ཤེས་པ་ལས། དེས ་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མ་མཐོང་ངོ་།། མ་ཐོས་སོ།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྤྲས་སོ་ཅོག་ལྟུང་བྱེད་དོ།། འདིས་མ་རྟོགས ་མོད་ཀྱི་མཐོང་རྟོགས་རྣམ་པར་ཤེས་པ་ལས། དེས་འདུ་ཤེས་བསྒྱུར་ཏེ། ཞེས་བྱ་བ་ནས། ངས་ཐོས་ཀྱི། མ་མཐོང་ངོ་།། མ་རིག་གོ། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། ་སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་མ་རྟོགས་མོད་ཀྱི། མཐོང་ཐོབ་རྣམ་པར་ཤེས་པ་ལས། དེས་འདུ་ཤེས་སྦྱར་ཏེ། ཞེས་བྱ་བ་ནས། ངས་རྟོགས་ཀྱི། མ་མཐོང་ངོ་།། ། ་མ་ཐོས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་རྣམ་པར་མ་ཤེས་མོད་ཀྱི། མཐོང་ཐོས་རྟོགས་པ་ལས། དེས་འདུ་ཤེས་སྦྱར་ཏེ། ་ཞེས་བྱ་བ་ནས་ངས་རྣམ་པར་ཤེས་ཀྱི་མ་ཐོས་སོ་མ་རྟོགས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ།། བདག་གིས་མཐོང་ལ་མ་བརྗེད་ཅིང་། བདག་གིས་ཐོས ་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པ་ལ་མ་བརྗེད་པ་ལས་དེས་འདུ་ཤེས་སྦྱར་ནས་ཤེས་བྱ་བ་ནས། ངས་མཐོང་སྟེ་བརྗོད་དོ།། ཁོ་མོས་ཟོས། རྟོགས་རྣམ ་པར་ཤེས་ཏེ། བརྗོད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་ཐོས་ལ་བརྗེད་ཅིང་བདག་གིས་མཐོང་བ་དང་། རྟོགས་པ་དང་། རྣམ་པར ་ཤེས་པ་ལས། མ་བརྗེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་ཐོས་ཏེ་མ་བརྗེད་དོ།། ངས་མཐོང་རྟོགས་རྣམ་པར་ཤེས་ཏེ། མ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག ་ལྟུང་བྱེད་དོ།། བདག་གིས་རྟོགས་པ་ལ་མ་བརྗེད་ཅིང་། བདག་གིས་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་པ་ལ་མ་བརྗེད་པ་ལས། དེས་འདུ་ཤེས་སྦྱར་ཏེ། ་ཞེས་བྱ་བ་ནས། ངས་རྟོགས་ཏེ་བརྗོད་དོ།། ངས་མཐོང་། རྟོགས། རྣམ་པར་ཤེས་ཏེ་བརྗོད་དོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྣམ་པར་ཤེས ་ལ་མ་བརྗེད་ཅིང་། བདག་གིས་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་མ་བརྗེད་པ་ལས། དེས་འདུ་ཤེས་སྦྱར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ་བརྗོད། ་དོ།། ཁོ་མོས་མཐོང་ཐོས། རྟོགས་ཏེ་བརྗེད་དོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་ཡི་དེ་གཉིས་ཟ་ཞིང་། བདག་གིས་ཐོས་པ་དང་། རྟོགས ་བ་དང་། རྣམ་པར་ཤེས་ལ། ཡིད་གཉིས་པ་བ་ལས་ཞེས་བྱ་བ་ནས། ངས་མཐོང་སྟེ་ཡིད་གཉིས་མི་བའོ།། ཁམས་ཐོས། རྟོགས། རྣམ་པར་ཤེས་ཏེ། ་གཉིས་མི་ཟའོ་ཞེས་ཟེར་ན། སྦས་སོ་ཅིག་ལྟུང་བྱེད་དོ།། བདག་གིས་ཐོས་ལ་ཡིད་གཉིས་ཟ་ཞིང་། བདག་གིས་མཐོང་བ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ། ་ཡིད་གཉིས་ཟ་བ་ལས། ཞེས་བྱ་བ་ནས། ངས་ཐོས་ཏེ་ཡིད་གཉིས་མི་ཟའོ།། ཁོ་མས་མཐོང་། རྟོགས། རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ་ཞེས་ཟེར་ན་སྨྲས་སོ། ་ཅོག་ལྟུང་བྱེད་དོ།། བདག་གིས་རྟོགས་ལ་ཡིད་གཉིས་ཟ་ཞིང་། བདག་གིས་མཐོང་བ་དང་། ཐོས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་ཟ་བ་ལས་དེས་འདུ་ཤེས་སྦྱར་ཏེ། ་ཤེས་བྱ་བ་ནས། ངས་རྟོགས་ཏེ་ཡིད་གཉིས་མི་ཟའོ།། ཁོ་མོས་མཐོང་ཐོས་ལ། རྣམ་པར་ཤེས་ཏེ། ཡིད་གཉིས་མི་ཟའོ་ཞེས་ཟེར་ན། སྤྲས་སོ་ཅོག་ལྟུང་བྱེད་དོ།། ་བདག་གིས་རྣམ་པར་ཤེས་པ་ཡིད་གཉིས་ཟ་ཞིང་། བདག་གིས་མཐོང་བ་དང་། ཐོས་པ་དང་། རྟོགས་ལ་ཡིད་གཉིས་ཟ་བ་ལས། དེས་འདུ་ཤེས་སྦྱར་ཏེ་ཞེས་བྱ་བ་ནས། ་ངས་རྣམ་པར་ཤེས་ཏེ་ཡིད་གཉིས་མི་ཟའོ།། ཁོ་མོས་མཐོང་། ཐོས། རྟོགས་ཏེ་ཡིད་གཉིས་མི་ཟའོ།། ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། དེས་མཐོང་ལ་མ ་མཐོང་བར་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ། རྣམ་པར་ཤེས་པར་འདུ་ཤེས་པ་ལས། དེས་འདུ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་མ ་མཐོང་གི་མ་ཐོས་སོ།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། དེས་ཐོས་ལ་མ་ཐོས་པར་འདུ་ཤེས་ཤིང་། མཐོང་བ་དང་། ་རྟོགས་པ་དང་། རྣམ་པར་ཤེས་ལ། རྣམ་པར་ཤེས་པར་འདུ་ཤེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་ཐོས་ཀྱི། མ་མཐོང་ངོ་།། མ་རྟོགས་སོ།། ་རྣམ་པར་མ་ཤེས་སོ།། ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། རྟོགས་ལ་མ་རྟོགས་པར་འདུ་ཤེས་ཤིང་མཐོང་བ་དང་། ཐོས་པ་དང་། ་རྣམ་པར་ཤེས་ལ། རྣམ་པར་ཤེས་པར་འདུ་ཤེས་པ་ལས། དེས་སྦྱར་ཏེ་ཞེས་བྱ་བ་ནས། ཁོ་མོས་རྟོགས་ཀྱི་མ་མཐོང་ངོ་།། མ་ཐོས་སོ།། རྣམ་པར་མ་ཤེས་སོ་ཞེས ་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། རྣམ་པར་ཤེས་ལ། རྣམ་པར་མ་ཤེས་པར་འདུ་ཤེས་ཤིང་། མཐོང་བ་དང་། ཐོས་པ་དང་། རྟོགས་པ་ལ་རྟོགས་པར་འདུ་ཤེས ་པ་ལས། དེས་འདྲ་ཤེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཀྱི།། མ་མཐོང་ངོ་། མ་ཐོས་སོ།། མ་རྟོགས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། ་འདིས་མཐོང་བར་གྱུར་ཅིང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་པར་གྱུར་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། ་རྟོག་པ་དང་། བལྟ་བ་སྦྱར་ཏེ། འདི་སྐད་ཅེས་ངས་མ་མཐོང་ངོ་།། མ་ཐོས་སོ།། མ་རིག་གོ།། རྣམ་པར་མ་ཤེས་སོ།། ཞེས་ཟེར་ན་ཅོག་ལྟུང་བྱེད་དོ།། འདིས་མཐོང ་བར་གྱུར་ལ། མ་བརྗེད་པ་དང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་བརྗེད་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། ་རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་མཐོང་སྟེ་བརྗོད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས་རྟོགས་ཏེ་བརྗོད་དོ།། ངས་རྣམ་པར་ཤེས་ཏེ་བརྗོད་དོ།། ཞེས་ཟེར་ན། ་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་ཡིད་གཉིས་མི་ཟ་ཞིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས། ་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་མཐོང་སྟེ་ཡིད་གཉིས་ཟའོ།། ངས་ཐོས་རྟོགས ་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ།། ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། མཐོང་ལ་མཐོང་བར་འང་ཤེས་ཤིང་། ཐོས་པ་དང་། རྟོགས་པ་དང་། རྣམ་པར ་ཤེས་ལ། རྣམ་པར་ཤེས་པར་འདུ་ཤེས་པ་ལས་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས ་ངས་མ་མཐོང་ངོ་།། མ་ཐོས་སོ།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ།། ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་མཐོང་མོད་ཀྱི། མ་ཐོས་མ་རྟོགས། ་རྣམ་པར་མ་ཤེས་པ་ལས། དེས་འདུ་ཤེས་བསྒྱུར་ཏེ། ཞེས་བྱ་བ་ནས། ངས་མ་མཐོང་སྟེ་འོན་ཀྱང་ཐོས་སོ།། རྟོགས་སོ།། རྣམ་པར་ཤེས་སོ།། ཞེས་ཟེར་ན ་སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་ཐོས་མོད་ཀྱིས། མ་མཐོང་མ་རྟོགས་རྣམ་པར་མ་ཤེས་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ངས་མཐོང་སྟེ། འོན་ཀྱང་མཐོང་ངོ་།། རྟོགས་སོ།། རྣམ་པར་ཤེས་སོ།། ཞེས་ཟེར་ན། སྨྲས་སོ།། ་ཅོག་ལྟུང་བྱེད་དོ།། འདིས་རྟོགས་མོད་ཀྱི། མ་མཐོང་བ་དང་། མ་ཐོས་པ་དང་། རྣམ་པར་མ་ཤེས་པ་ལས། དེས་འདུ་ཤེས་དང་། བཟོད་པ། ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ངས་མ་རྟོགས་ཏེ། འོན་ཀྱང་མཐོང་ངོ་།། ཟོས་སོ།། རྣམ་པར་ཤེས་སོ།། ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། འདིས་རྣམ་པར་ཤེས་མོད་ཀྱི། མ་མཐོང་། མ་ཐོས། མ་རྟོག་པ་ལས། དེས་སྦྱར་ཏེ། ཞེས་བྱ་བ་ནས། འདི་སྐད་ཅེས ་ངས་རྣམ་པར་མི་ཤེས་ཏེ། འོན་ཀྱང་ངས་མཐོང་ངོ་།། ངས་ཐོས་སོ།། ངས་རྟོགས་སོ།། ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང ་ལ་མ་བརྗེད་ཅིང་བདག་གིས་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་བརྗེད་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། ་བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ངས་མ་མཐོང་སྟེ། འོན་ཀྱང་ཐོས་སོ།། རྟོགས་སོ།། རྣམ་པར་ཤེས་སོ་ཞེས་དེ་སྐད་ཟེར་ན། ་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་མཐོང་ལ་མ་བརྗེད། བདག་གིས་རྟོགས་ལ་མ་བརྗེད། བདག་གིས་རྣམ་པར་ཤེས་ལ་མ་བརྗེད་པ་ལས། དེས ་འདུ་ཤེས་པ་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ངས་མཐོང་སྟེ་བརྗོད་དོ།། ་ངས་ཐོས་ཏེ་བརྗེད་དོ།། ངས་རྟོགས་ཏེ་བརྗེད་དོ།། ངས་རྣམ་པར་ཤེས་ཏེ་བརྗེད་དོ།། ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྟོགས་ལ་མ་བརྗེད། བདག ་གིས་མཐོང་ལ་མ་བརྗེད། བདག་གིས་ཐོས་ལ་མ་བརྗེད། བདག་གིས་རྣམ་པར་ཤེས་ལས་མ་བརྗེད་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། ་བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ངས་རྟོགས་ཏེ་བརྗེད་དོ།། ངས་མཐོང་སྟེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས་རྣམ་པར་ཤེས། ་ཏེ་བརྗེད་དོ།། ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྣམ་པར་ཤེས་ལ་མ་བརྗེད། བདག་གིས་མཐོང་ལ་མ་བརྗེད། བདག་གིས་ཐོས་ལ་མ་བརྗེད། ་བདག་གིས་རྟོགས་ལས་མ་བརྗེད་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད ་ཅེས་ངས་རྣམ་པར་ཤེས་ཏེ་བརྗེད་དོ།། ངས་མཐོང་སྟེ་བརྗེད་དོ།། ངས་ཐོས་ཏེ་བརྗེད་དོ།། ངས་རྟོགས་ཏེ་བརྗེད་དོ།། ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དོ།། ་བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ། བདག་གིས་རྣམ་པར་ཤེས་ལས ་ཡིད་གཉིས་མི་ཟ་བ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ངས་མཐོང་སྟེ། ་ཡིད་གཉིས་ཟའོ།། ངས་ཐོས་ཏེ་ཡིད་གཉིས་ཟའོ།། ངས་རྟོགས་ཏེ་ཡིད་གཉིས་ཟའོ།། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ།། ཞེས། ་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། བདག་གིས་མཐོང་ལ་ཡིད་གཉིས་མི་ཟ། བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ། ་བདག་གིས་རྣམ་པར་ཤེས་ལས་ཡིད་གཉིས་མི་ཟ་བ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི ་སྐད་ཅེས་ངས་ཐོས་ཏེ། ཡིད་གཉིས་ཟའོ།། ངས་མཐོང་སྟེ་ཡིད་གཉིས་ཟའོ།། ངས་རྟོགས་ཏེ་ཡིད་གཉིས་ཟའོ།། ངས་རྣམ་པར་ཤེས་ཏེ་ཡིད་གཉིས་ཟའོ།། ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྟོགས་ལ་ཡིད་གཉིས་མི་ཟ། བདག་གིས་མཐོང་ལྔ་གཉིས་མི་ཟ། བདག་གིས་ཐོས་ལ་ཡིད་གཉིས་མི་ཟ། ་བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་བ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཏེ་ཡིད་གཉིས་མི་ཟའོ།། ངས་མཐོང་། ཐོས་རྣམ་པར ་ཤེས་ཏེ་ཡིད་གཉིས་ཟའོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། བདག་གིས་རྣམ་པར་ཤེས་ལ་ཡིད་གཉིས་མི་ཟ་ཞིང་། མཐོང་བ་དང་། ཐོས་པ་དང་། རྟོགས ་ལ་ཡིད་གཉིས་མི་ཟ་བ་ལས། དེས་ཞེས་བྱ་བ་ནས། ངས་རྣམ་པར་ཤེས་ཏེ། ཡིད་གཉིས་ཟའོ།། ངས་མཐོང་། ཐོས། རིག་སྟེ། ཡིད་གཉིས་ཟའོ།། ཞེས་ཟེར་ན། ་སྨྲས་སོ་ཅོག་ལྟུང་བྱེད་དོ།། མ་མཐོང་ལ་མ་མཐོང་བར་འདུ་ཤེས་ཤིང་ཐོས་པ་དང་། རྟོགས་པ་དང་། རྣམ་པར་ཤེས་ལ་རྣམ་པར་འདུ་ཤེས་པ་ལས། དེས་བསྒྱུར་ཏེ་ཞེས་བྱ ་བ་ནས། ངས་མཐོང་གི། མ་ཐོས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། མ་ཐོས་ལ། ཐོས་པར་འདུ་ཤེས་ཤིང་། མཐོང་བ་དང་། ་རྟོགས་པ་དང་། རྣམ་པར་ཤེས་པར་འདུ་ཤེས་པ་ལས། ངས་ཐོས་ཀྱི་མ་མཐོང་ངོ་།། མ་རྟོགས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན། སྨྲས་སོ་ཅོག་ལྟུང་བྱེད་དོ།། ་མ་རྟོགས་པ་ལ་རྟོགས་པར་འདུ་ཤེས་ཤིང་། མཐོང་བ་ལ། མཐོང་བར་འདུ་ཤེས། ཐོས་པ་ལ་ཐོས་པར་འདུ་ཤེས། རྣམ་པར་ཤེས་པ་ལ་རྣམ་པར་འདུ་ཤེས་པ ་ལས། དེས་བསྒྱུར་ཏེ་ཞེས་བྱ་བ་ནས། ངས་རྟོགས་ཀྱི། མ་མཐོང་ངོ་།། མ་ཐོས་སོ།། རྣམ་པར་མ་ཤེས་སོ་ཞེས་ཟེར་ན་སྨྲས་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ།། རྣམ་པར ་ཤེས་ལ་རྣམ་པར་ཤེས་པར་འདུ་ཤེས་ཤིང་། བདག་གིས་མཐོང་བ་དང་། བདག་གིས་ཐོས་པ། བདག་གིས་རྟོགས་པ་ལས། འདུ་ཤེས་དང་། བཟོད་པ་དང་། འདོད ་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ངས་རྣམ་པར་ཤེས་ཀྱི། མ་མཐོང་ངོ་།། མ་ཐོས་སོ།། མ་རྟོགས་སོ།། ཞེས་ཟེར་ན། སྨྲས ་སོ་ཅོག་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་དང་པོ་རྫོགས་སྷོ།། ཟིང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད ་ཅེས། ཞར་མ་ཐེང་མོ།། སྒུར་མོ།། མིའུ་ཐུང་མོ།། མཆུ་མཚངས་མོ།། མགོ་བོ་ཆེ། ལག་ཞ་མོ།། ཞེས་བུད་མེད་ཀྱི་སྐྱོན་ནས་འབྲུ་ཞིང་། སྨྲ་བའི ་ཀུན་ཏུ་སྤྱོད་པས་ཀུན་ཏུ་སྤྱོད་པར་བྱེད་པ་ན། དེ་རྣམས་དེ་ལྟར་བུད་མེད་ཀྱི་སྐྱོན་ནས་འབྲུ་ཞིང་། སྨྲ་བའི་ཀུན་ཏུ་སྤྱོད་པས་སྡུག་བསྔལ་ཞིང་། ཡིད་མི་བདེ་མང་བར་གྱུར་ཏེ། ་ལུང་ནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་གཏོང་ཞིང་ཆོས་འདུལ་བ་འདི་ལ། ཆོས་དང་ལྡན་པའི་སྣུམ་བག་ཉུང་ངུ་དག་བྱུང་བ་ཡང ་བར་ཆད་དུ་གྱུར་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔོན་བྱུང་བ། ལྗོངས་ཞིག་ན་ཁྱིམ་བདག་ཞིང་པ་ཞིག ་ཡོད་པའི་དྲུང་དུ་ཁྱེའུ་ཞིག་འོངས་ཏེ་ཞེས་བྱ་བ་ནས། དེས་དེའི་སེམས་མགུ་བར་བྱས་སོ།། ཞེས་བྱ་བའི་བར་རོ།། དེས་ཁྱེའུ་དེ་ལ་བུ་མོ་བྱིན་ནོ་ཞེས་བྱ་བ་ནས། ཞིང་པ ་དྲིས་ཆུང་མའི་ཚིག་མཉན་ནས། ཡང་མ་ཡིན་ནོ་ཞེས་བྱ་བའི་བར་རོ།། དེས་དེའི་གླང་དེ་དག་བརྡེགས་པ་ལས། གླང་དེ་གཉིས་ཀྱིས་ཁྱེའུ་དེ་ལ་དྲིས་པ་དང་། དེས་ཀྱང་སྨྲས ་སོ།། དེ་ན་དེ་དག་ལས་གླང་གཉིས་ཤིག་གིས་རྒྱལ་པོའི་ཕོ་བྲང་དུ་སོང་ཤིག་དང་། ཁོ་བོ་ཅག་གིས་དབང་བྱའོ་ཞེས་སྨྲས་སོ།། ཞེས་བྱ་བ་ནས། དེ་ཡང་དང་ཡང་ད་ར ་ཆག་འཇུག་རྡུམ་ཞར་བ་ཞེས་ཀུན་ཏུ་སྨྲས་པ། གཅིག་ཅིག་ཡོད་པ་དེ་མ་བཏུབ་པོ།། ཞེས་བྱ་བའི་བར་དང་། རྒྱལ་པོའི་འཁོར་དང་བཅས་པའི་ཞེས་བྱ་བ་ནས། མོན་སྲན ་གྲེའུའི་ཞིང་ཕུན་སུམ་ཚོགས་པ་ལ་ཉི་མ་བདུན་དུ་མ་བཟན་པར་བཀྱེ་ཡང་ཅུང་ཟད་ཀྱང་མ་ཟོས་སོ།། ཞེས་བྱ་བའི་བར་རོ།། དགེ་སློང་མ་རེ་ཤིག་དུད་འགྲོའི་སྐྱེས་གནས་སུ ་སོང་བའི་སྲོག་ཆགས་དེ་དག་ཀྱང་མིའི་སྐྱེན་ནས་སྨྲ་བས་ཀུན་ཏུ་སྤྱད་པ་ན། གནོད་པར་བྱ་བར་སེམས་པར་བྱེད་ན་མིར་གྱུར་པ་རྣམས་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་བྱ་བ ་ནས། སྔོན་གྱི་སྦྱོར་བ་འདི་རྒྱས་པར་བརྗོད་པར་བྱའོ།། ཡང་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་སྔོན་བྱུང་བ་འདས་པ་ན། ་ཤིང་རྟས་སྤྱོད་པའི་མི་ཞིག་ལ། དགའ་བྱེད་མ་དང་། ས་རི་མ་ཞེས་བྱ་བའི་བ་བཞིན་གཉིས་ཤིག་ཡོད་པ་ལས་ཞེས་བྱ་བ་ནས། བེའུ་གཉིས་ཡོད་པའི་བར་རོ།། དེ་གཉིས ་འཐབས་པ་ལས་གཅིག་གིས་རཱ་ནི་ཆག་པར་གྱུར་ཏོ།། གཅིག་ཤོས་ཀྱི་ནི་དེང་བར་གྱུར་ནས། དེས་རུ་རྔམ་དང་། རུ་འདི་ལ་ཞེས་བྱ་བའི་བར་དང་། ཚིགས་སུ་བཅད་པས ་སྨྲས་པ། གང་ཚེ་མ་ལ་ནི་ཆེས་དམའ་བ།། གང་ཚེ་ཁལ་ནི་ཆེས་ལྕི་བ།། དེ་ཚེ་ཁལ་དག་ཁྱེར་བྱེད་ཅིང་།། དེ་ཚེ་སྣ་ལ་འདྲེན་པར་བྱེད།། ཡིད་དུ་འོང་བར་སྨྲས་པ་ན།། ་ཁུ་ལྕི་བ་ཡང་སྒྲོལ་བར་བྱེད།། ཅེས་བྱ་བའི་བར་རོ།། དུད་འགྲོའི་སྐྱེས་གནས་སུ་སོང་བའི་སྲོག་ཆགས་དག་ཀྱང་མི་ཡིས་སྐྱོན་ནས་སྨྲས་པ་ན། གནོད་པར་བྱ་བར། ་སེམས་པར་བྱེད་ན། མིར་གྱུར་པ་ལྟ་སྨོས་ཀྱང་ཅི་དགོས། དགེ་སློང་མ་དག་དེ་ལྟ་བས་ན་བུད་མེད་ཀྱི་སྐྱོན་ནས་སྨྲ་བའི་ལྟུང་བྱེད་དོ།། བུད་མེད་ཀྱི ་སྐྱོན་ནས་སྨྲ་བའི་བསམས་པ་ཅན་གྱི་ངག་དང་། ཚིག་དང་། ཐ་སྙད་དང་། བརྗོད་པ་དང་། སྙད་དང་། ངེས་པའི་ཚིག་དང་། ཚིག་གི་ལམ་དང་། ཚིག་གི་སྒྲ་དང་། ་རྗོད་བྱེད་དང་། རྗོད་པའི་ལས་དང་། ངག་གི་རྣམ་པར་རིག་བྱེད་གང་ཡིན་པ་དག་གོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན།། བར་སྡོམ་ནི། རིགས ་དང་བཟོ་དང་ལས་དང་ནི།། རྟགས་ནད་ལྟུང་བ་སྡེ་ལྔ་དང་།། ཉེ་བའི་ཉོན་མོངས་རྣམས་དང་ནི།། སྦྱོར་བར་བྱེད་པ་ཐ་མ་ཡིན།། དགེ་སློང་མས་དགེ་སློང་མའི་དྲུང་དུ ་སོང་སྟེ། འདི་སྐད་ཅེས་འཕགས་མ་ཁྱོད་ནི་བྲམ་ཟེ་མོ་ལས་རབ་ཏུ་བྱུང་བ་ཡིན་ན། དགེ་སྦྱོང་གི་ཚུལ་གྱིས་ནི་ཅི་ཞིག་བྱ། ཚངས་པའི་ཚུལ་གྱིས་ནི་ཅི་ཞིག་བྱ། ་དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་། ཞེས་བྱ་བ་ནས། ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོད ་སྟེ་འདི་སྐད་ཅེས། ཁྱོད་ནི་རྒྱལ་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ནོ།། ཁྱོད་ལ་དགེ་སྦྱོང་གི་ཚུལ་ལམ། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ་ཞེས་སྨྲས་ན། དགེ ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྷུང་བ་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་རྗེའུ་རིགས་མོ་ལས ་རབ་ཏུ་བྱུང་བ་ཡིན་ན། ཁྱོད་ལ་དགེ་སྦྱོང་གི་ཚུལ་ལམ། བྲམ་ཟེའི་ཚུལ་གྱིས་ཅི་ཞིག་བྱ། ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། ་དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་རྨངས་རིགས་མོ་ལས་རབ་ཏུ་བྱུང་བ་ཡིན་ན། དགེ་སྦྱོང་གི་ཚུལ་ལམ་ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ་ཞེས ་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་རིགས་ཞེས་བྱ་བ་ཡིན་ནོ།། དེ་ལ་བཟོ་ལས་བརྗེད་པ་ནི། བར་སྡོམ་ལ། ་བྲམ་ཟེ་རིགས་དང་རྒྱལ་རིགས་དང་།། རྗེའུ་རིགས་རྨངས་རིགས་བཟོ་དག་དང་།། ཐ་ག་པ་དང་སྐུར་རིས་མཁན།། བཟང་མཁན་མགར་བ་ལྕགས་མགར་དང་།། ་ལྷམ་མཁན་རྫ་མཁན་འདྲེག་མཁན་དང་།། ཤིང་མཁན་སྨིག་མཁན་བྲན་རིགས་སོ།། དགེ་སློང་མས་དགེ་སློང་མའི་དྲང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་བྲམ་ཟེ་ལས ་རབ་ཏུ་བྱུང་བ་ཡིན་པས། རང་གི་གཞུང་ལུགས་འདི་ལྟ་སྟེ། བྲམ་ཟེ་རྣམས་ཀྱི་སྤྱོད་ཚུལ་དང་། སྤྱོད་པ་དང་། གཙང་སྦྲ་དང་། ཀུན་ཏུ་སྤྱོད་པ་དང་། ཐལ་བ་བླང་བ་དང་། ་བྱ་མ་བུམ་བླང་བ་དང་། ས་བླང་བ་དང་། རབ་བསྔགས་བྱ་བ་དང་། ཀྱེ་ཞེས་བྱ་བ་དང་། རྒྱལ་བར་གྱུར་ཅིག་ཅེས་བྱ་བ་དང་། ཀུན་ཏུ་བཟླས་བརྗོད་དང་། བཟླས་རྗོད ་དང་། དུས་ཀྱི་བསྟན་པ་དང་། དེས་བརྗོད་ཀྱི་རིག་བྱེད་དང་། མཆོད་སྦྱིན་གྱི་རིག་བྱེད་དང་། སྙན་ཚིག་གི་རིག་བྱེད་དང་། སྲིད་སྲུང་གི་རེག་བྱེད་དང་། མཆོད་སྦྱིན་བྱེད་པ་དང་། ་མཆོད་སྦྱིན་བྱེད་དུ་འཇུག་པ་དང་། ཀློག་པ་དང་། ཀློག་ཏུ་འཇུག་པ་དང་། སྦྱིན་པ་དང་། ལེན་པ་ཁོ་ན་བསླབ་པ་དགོས་ཏེ། ལས་དྲུག་ལ་བཙོན་པའི ་བྲམ་ཟེ་མོ་ནི་ཚངས་པ་ཡིན་ནོ་ཞེས་སྨྲས་ན་དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་། ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲང་དུ་སོང་སྟེ། ་འདི་སྐད་ཅེས་ཁྱོད་ནི་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན། པས་རང་གི་གཞུང་ལུགས་འདི་ལྟ་སྟེ། བྲོ་དང་གླུ་དང་པི་ཝང་དང་། པི་ཝང་རྒྱུད་གཅིག་པ་དང་། པབ་བྷི་ས ་ཀེ་ཞེས་བྱ་བ་དང་། མ་ནི་ཀ་པྲེ་པ་ནི་ཞེས་བྱ་བ་དང་། དྲི་བཏག་པ་དང་། མགོའི་བྱི་དོར་དང་། གོས་བལྟབ་པ་དང་། གདོང་བྱི་དོར་བསླབ་དགོས་སོ་ཞེས་སྨྲས་ན། དགེ ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་ལྟུང་བྱེད་ད་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ཡིན ་པས་རང་གི་གཞུང་ལུགས་འདི་ལྟ་སྟེ། ཡི་གེ་དང་རྩིས་དང་གྲངས་དང་། ལག་རྩིས་སྲབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་། ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་རྨོངས་རིགས་ལས་རབ་ཏུ་བྱུང་བ་ཡིན་པས་རང་གི་གཞུང་ལུགས ་འདི་ལྟ་སྟེ། འདྲུ་བ་དང་། འཐག་པ་དང་། རྐུན་དང་། རྟུན་ཤིང་དང་། ཞེས་བྱ་བ་ནས། སེལ་བ་དང་། རྨེལ་བ་དང་། འཁལ་བའི་བར་བསླབ་དགོས་སོ།། ཞེས་སྨྲས་ན། ་དགེ་སློང་བ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་ཟ་ག་པ་ལས་རབ ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། དང་དང་། རས་ཡུག་པོ་ཆེ་དང་། གོས་དང་། ངང་ལ་དང་། མོན་དང་དག་བསླབ་དགོས་སོ་ཞེས་སྨྲས ་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་སྐུད་རིས ་མཁན་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། ཀླ་མ་དང་། པར་ཏང་དང་། རྒྱ་བརྟེན་དང་། གོར་ཆེན་ནང་ཚངས་ཅན་དང་། ཞ་དྲུབ ་བ་དང་། ལླི་ཏོ་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་པ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་བཟང་མཁན་ལས ་རབ་ཏུ་བྱུང་བའི་གོས་དང་། ཞྭ་དང་ཡན་ལག་ལྔ་ཁེབས་པ་དང་། འཐབ་བེར་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མགར་བ་ལས་རབ ་ཏུ་བྱུང་བ་ལ་ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དང་། མཚོན་ཆ་དང་། ཁབ་དང་། གསོར་བུ་དང་། ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ ་ལྕགས་པགར་ལས་རབ་ཏུ་བྱུང་བ་ལ། ཞུགས་གླིང་དང་། གྲུ་གྲུ་དང་། ཕོར་བུ་དང་། ཁ་གཟར་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྡས ་མཁན་ལས་རབ་ཏུ་བྱུང་བ་ལ། ལྷམ་དང་། ལྷམ་ཡུ་ཅན་དང་། མཆིལ་ལྷམ་དང་། སྲབ་དང་། སྒ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། ་དེ་བཞིན་དུ་རྫ་མཁན་ལས་རབ་ཏུ་བྱུང་བ་ལ། རྫ་མ་དང་། རིལ་བ་དང་། བྱ་བོ་དང་། ཁམ་པོར་དང་། ལྷུང་བཟེད་དང་། ལྷུང་བཟེད་ཆུང་ངུ་དག་དང་། ཞེས་བྱ་བ་ནས། ་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་འདྲེག་མཁན་ལས་རབ་ཏུ་བྱུང་བ་ལ། ཁ་སྤུ་བྲེག་པ་དང་། བྱིན་སྤུ་བྲེག་པ་དང་། སེན་མོ་བཅོས་པ་དང་། སེན་མོ་བྲེག་པ ་དང་། ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཤིང་མཁན་ལས་རབ་ཏུ་བྱུང་བ་ལ། ཁྲི་དང་། ཁྲིའུ་དང་། མལ་ཁྲི་དང་། འདག་ཁྲི་དང་། སྒོ་ཅ ་སྒོ་འབར་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་པའི་བར་རོ།། དེ་བཞིན་དུ་སྨྱིག་མ་མཁན་ལས་རབ་ཏུ་བྱུང་བ་ལ། གདུགས་དང་། བསིལ་ཡབ་དང་། དིར་དང་། ་སྐོན་བུ་དང་དུང་གཟེབ་དང་། སྤ་ཁྲིའུ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས། འདི་སྐད་ཅེས་ཁྱོད་ནི་བྲན་མོ་ལས ་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱིས་རང་གི་གཞུང་ལུགས་འདི་ལྟ་སྟེ། བསྐུ་ཉེས་དང་། ཁྲུས་དང་། དྲིལ་ཕྱི་དང་། བང་ཆེན་དུ་འགྲོ་བ་དང་། འོང་བ་དང་། མངག ་ཞུག་དག་བསླབ་དགོས་སོ་ཞེས་སྨྲས་ན། དགེ་སློང་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་བཟོ་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི ་དྲུང་དུ་སོང་ནས། འདི་སྐད་ཅེས། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱིས་རང་གི་གཞང་ལུགས་འདི་ལྟ་སྟེ། གླུགས་གཟར་དང་། ཟངས་བུ་དང་། སྦྱིན ་སྲེག་དང་། ཡམ་སྲེག་ཤིང་དང་། རྩ་དང་། མེ་དང་། བའི་ལྕི་བ་དག་གི་ལས་བྱ་བ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་། ་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། ཁྱོད་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཡིན་པས། ཁྱོད་ཀྱིས་རང་གི་གཞུང་ལུགས ་འདི་ལྟ་སྟེ། པི་ཝང་དང་པི་ཝང་རྒྱུད་ཅིག་པ་དང་། བབ་བྷི་ས་ཀེའི་ལས་བྱ་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་ལྟུང ་བྱེད་དོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ཡི་གེ་དང་རྩིས་དང་། ལག་རྩིས་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལས་ཞེས་བྱ་བ་ནས། སེལ་བ་དང་རྨེལ་བ་དང་མཁལ་བ་ཞེས་བྱ་བ་ནས་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཐ ་ག་པ་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། འདི་ལྟ་སྟེ། ཐག་བཟངས་དང་། སོན་མ་དང་། དྲུང་བུ་དང་། སྣས་དང་། སྣས་དྲི་དང་། སྐུད་པ་དང་། འབྲས་ཐུག་ཏུ་གཞུག ་པ་དང་། བརྒྱད་ཐག་གི་ལས་བྱ་དགོས་སོ་ཞེས་སྨྲས་ན། ལྟུང་བྱེད་དོ།། ཞེས་པའི་བར་རོ།། དེ་བཞིན་དུ་སྐུད་རིས་མཁན་ལས་རབ་ཏུ་བྱུང་བ་ལ། རྒྱང་ཤིང་དང་།། ་ཐག་ཟངས་དང་། སྤུན་གྱི་སྨྱུག་མ་དང་། སོ་མངས་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་བཟང་མཁན་ལས་རབ་ཏུ་བྱུང་། ་བ་ལ། དྲ་གྲི་དང་ཁབ་དང་། ལྕིབ་མོ་དང་། འཐེབ་ལྕིབ་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མགར་བ་ལས་རབ་ཏུ་བྱུང་བ་ལ། སྤྱད་དུ ་དང་། སོ་མལ་དང་། གྲི་དང་། ཟིའུ་དང་། ཐོ་ཆེན་དང་། སྤྲད་པ་དང་། སྐམ་པ་དང་། ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྫ་མཁན་ལས ་རབ་ཏུ་བྱུང་བ་ལ། འཁོར་ལོ་དང་། དབྱུག་གུ་དང་། འཁོར་ལོའི་རྟེན་མ་དང་། གཞག་པ་དང་། དྲ་བའི་ཐེ་གུ་དང་། ཆུ་སྣོད་དང་། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ ་བའི་བར་རོ།། དེ་བཞིན་དུ་འདྲེག་མཁན་ལས་རབ་ཏུ་བྱུང་བ་ལ། ཆན་པ་དང་། སྤུ་གྲེ་དང་། སྤང་ཚེར་དང་། སེན་མོ་བྲེག་པ་དང་། གདར་དང་། ཞེས་བྱ་བ་ནས་ལྟུང་བྱེད་དེ ་ཞེས་བྱ་བ་བའི་བར་རོ།། དེ་བཞིན་དུ་ཤིང་མཁན་ལས་རབ་ཏུ་བྱུང་བ་ལ། སྟེའུ་དང་། གཞི་དང་། བཟོད་དང་། སྟེར་དང་། སོག་ལེ་དང་། སོག་ཆུང་དང་། གསོར་བུ་དང་། ་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྐྱུག་མཁན་ལས་རབ་ཏུ་བྱུང་བ་ལ། སྨྱུག་མ་དང་། སྐུད་པ་དང་། གཤེག་གྲི་དང་། མཚོན་རྩི་དང་། ལྷང ་ཚེར་དང་། ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་བྲན་མོའི་རིགས་ལས་རབ་ཏུ་བྱུང་བ་ལས། ཐག་པ་དང་། བུམ་པ་དང་། འབྲུ་མར་དང་། ་བསྐུམཉེ་དང་། ཁྲུས་དང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། འདི་ནི་ལས་ཤེས་བྱ་བའི་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་ལྟ་སྟེ། ་ཟེང་མོ་ཞེས་སྨྲས་ན་ལྟུང་བྱེད་དོ།། སྐར་མོ་དང་། མིའུ་ཐུང་མོ་དང་རྐང་ན་མོ་དང་། ལྔ་བ་ཅན་མོ་དང་། ལྐུག་མ་དང་། ཐེང་མོ་དང་། འོན་མོ་དང་། རྟེན་འཕྱེ་མོ་དང་། ་རྐང་བམ་མོ་ཞེས་སྨྲས་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་རྟགས་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་མཛེ ་མཚན་མ་ཞེས་སྨྲས་ན་ལྟུང་བྱེད་དོ།། ཤུ་བ་དང་། འབྲུམ་བུ་ཕྲ་མོ།། དྲལ་སྐྱེན་དང་། གཡའ་བ་དང་། ཁྱི་རྡོ་དང་། གཡན་པ་དང་། ཤུ་བ་ག་ལ་བ་དང་། རྐང་ཤུ་དང་། ་སྐྱིགས་བུ་དང་། སྐྱ་བྲོ་དང་། རིམས་དང་། ཁོང་སྐམ་དང་། ལུ་བ་དང་། དབུགས་མི་བདེ་བ་དང་། ཁ་སྐམ་པ་དང་། བརྗེད་བྱེད་དང་། བཀྲེས་དཔྱད་དང་། སྐྱ་རྦ་བ་དང་། ་སྐྲན་དང་། ཁྲག་ནད་དང་། འཁྲིས་ནད་དང་། མཚན་མར་རྡོལ་མ་ཞེས་དེ་ལ་སོགས་པ་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་འགྱུར་ཏེ། འདི་ནི་ནད་ལས་ཞེས་བྱ་བ་ཡིན་ནོ།། ་དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ནི་ཕས་ཕམ་པར་འགྱུར་བ་དང་། དགེ་འདུན་ལྷག་མ་ཅན་ཡིན་ནོ་ཞེས་སྨྲས་ན་ལྟུང་བྱེད་དོ།། སོ་སོར་བཤགས ་པ་དང་། ཉེས་བྱས་ཅན་ཡིན་ནོ་ཞེས་སྨྲས་ན། ཐམས་ཅད་དུ་གཞི་ཇི་ལྟ་བ་བཞིན་དུ་འགྱུར་རོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས། ཁྲོ་བ་དང་། ་འཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲ་དོག་དང་། སེར་སྣ་དང་། གཡོ་དང་། སྒྲ་འཚན་མ་ཞེས་སྨྲས་ན། ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་ཏུ། འདི་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་དགེ་སློང་མའི་དྲུང་དུ་སོང་སྟེ། སྐྱོབ་ན་རྒྱ་ཞེས་བྱ་བ་དང་། མངལ་ཞེས་བྱ་བ་དང་། ་བོང་བུ་དང་། ལྡན་པ་དག་གིས། སྤྱོས་པ་ན། དགེ་སློང་མ་སྤ་གོང་བ་ཉིད་དུ་གྱུར་ཀྱང་རུང་མ་གྱུར་ཀྱང་རུང་། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་མང་པོ ་ཞིག་མིང་འཐུན་ན་ལྟུང་བ་མེད་དོ།། དེ་ལ་ཡང་དམིགས་ཀྱིས་གསལ་བ་མེད་པར་མི་བརྗོད་ཀྱི་ཐམས་ཅད་ཀྱི་མིང་ནས་བརྗོད་པར་བྱའོ།། ལས་དང་པོ་ལ་སོགས་པ ་ལ་ནི་ལྟུང་བྱེད་དོ།། ལྟུང་བྱེད་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཕྲ་མས་ཀུན་ཏུ་སྤྱོད་པར་བྱེད ་དོ།། ཆུ་བི་ལས་ཐོས་ནས་ཕ་བི་དག་ལ་བརྗོད་པར་བྱེད་པ་པི་ལས་ཐོས་ནས་ཚྭ་བི་དག་ལ་བརྗོད་པར་བྱེད་པ་ན། དེ་དག་བྱེ་སྟེ་ཕྱོགས་གཉིས་སུ་བརྗོད་པས། ཕན་ཚུན་སྡུག ་བསྔལ་ཞིང་ཡིད་མི་བདེ་བསྐྱེད་ལ། ལུང་གནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱ་བ་དང་། ནང་གི་སེམས་ཀྱི་ཞི་གནས་ཀྱང་གཏོང ་བར་བྱེད་ཅིང་གནས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྤོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྤྲས་པ་དང་། དགེ་སློང་དག་གིས ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་གཅིག་ལ་ཅིག་ཕྲ་མས་ཀུན་ཏུ་སྦེད་པར་ན ་བྱེད་ཅིག། དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དག་སྔོན་བྱུང་བ་ན་ནགས་ཚང་ཚིང་ཞིག་ན་སེང་གེ་མོ་སྦྲུམ་མ་ཞིག་ཡོད་དོ།། དེ་རྣམས་ཀྱིས་རང་བཞིན་ནི། བདག་གི་ཕྲུ་གུས ་ན་མ་ལ་ཟ་བ་འམ། ལྟོགས་པར་གྱུར་ན་མི་རུང་དེ་ཞེས་དེ་ཉིད་ཁ་ཟས་སུ་བྱ་བའི་ཕྱིར། ཤ་ཁོ་ནའི་ཚོགས་བྱས་ཏེ་འབྲང་བར་བྱེད་དོ།། ཞེས་བྱ་བ་ནས། བ་ཞིག ་བསད་དེ་འབྲངས་སོ།། བ་དེ་ལ་ཡང་བེའུ་ཞིག་ཡོང་བ་སེང་གེ་མོ་སྦྲམ་མ་དེ་ཉིད་ཀྱི་ནམ་ལ་འཐུང་ངོ་ཞེས་བྱ་བའི་བར་དུའོ།། ཇི་ཙམ་ན་གཉིས་ག་ཆེན་པོར་གྱུར་ནས ་དེ་ཡང་འཆི་བའི་དུས་ཀྱི་ཚེ་ཞེས་བྱ་བ་ནས། འཛའ་བ་འབྱེད་པ་ནི་མང་ད་ཡོད་དོ།། ཞེས་ཡང་དག་པར་གཏམས་ནས། ཞེས་བྱ་བའི་བར་རོ།། ཝ་ཞིག་གིས་གཉིས ་ཀ་ཕྱེ་ནས་ཞེས་བྱ་བ་ནས། དེ་གཉིས་ཀྱང་གཅིག་གིས་གཅིག་སྲེག་དང་ཕྲལ་ལོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ལྷས་ཚིག་སུ་བཅད་དེ་སྨྲས་པ། སྐྱེ་བོ་སྡིག་ཅན ་འགྲོགས་པ་ལས།། མི་ཡིས་བཟང་པོ་མཐོང་མི་འགྱུར།། སེང་གེ་ཁྱུ་མཆོག་མཛའ་བ་ལ།། ཝ་ཡིས་ཐ་དད་ཕྱེ་ལ་ལྟོས།། དགེ་སློང་མ་དག་རེ་ཤིག་དུད་འགྲོའི ་སྐྱེ་གནས་སུ་སོང་བའི་སྲོག་ཆགས་དེ་དག་ཀྱང་ཕྲ་མས་ཀུན་དུ་སྤྱད་པ་ན། ཇི་ཙམ་ན་གཅིག་ལ་གཅིག། གསོད་པར་བྱེད་ན། བུད་མེད་ལྷག་པར་ཁྲོ་བ་ལྟ་སྨོས་ཀྱང་ཅི ་དགོས། ཤེས་སྔོན་གྱི་སྦྱོར་བ་འདི་རྒྱས་པར་བརྗོད་པར་བྱའོ།། གཞན་ཡང་སྔོན་གྱི་སྦྱོར་བ་ནི་དགེ་སློང་མ་དགེ་སྔོན་བྱུང་བ་སེང་གེ་ཕྲུ་གུ་བཙས་ནས་རིང་། ་མ་ལོན་པ་ཞིག། མ་སྤྱོད་ཡུལ་དུ་སོང་བ་དང་། ལྟོགས་ཤིང་འབྱེད་པ་ན་དེ་དང་ཧ་ཅང་མི་རིང་བ་ཞིག་ན་སྟག་མོ་ཞིག་འབྲངས་སོ།། དེ་འཕྱན་པ་ན་སྟག་མོ་ཞིག་དང་ཕྲང ་ནས་ནུ་མ་བསྣུན་པར་བརྩམས་སོ་ཞེས་བྱ་བ་ནས། གནས་གཅིག་ཏུ་འཁོད་དོ་ཞེས་བྱ་བའི་བར་རོ།། དེ་ལ་ཡང་སེང་གེའི་མིང་ནི་མཆེ་བཟངས་ཞེས་བྱའོ།། སྟག་གི་མིང ་ནི་དཔུང་བཟངས་ཞེས་བྱའོ།། ཞེས་བྱ་བ་ནས་དེ་གཉིས་ལ་ཡང་ཝ་ཞིག་གིས་དབྱེན་བྱ་བར་བརྩམས་སོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་སེང་གེས་ཚིགས་སུ་བཅད་དེ་སྨྲས ་པ།། ཆུ་ཞེང་ཕུན་སུམ་ཚོགས་པ་དང་།། རྩལ་དང་ཤུགས་དང་ལྡན་པའི།། མཆེ་བཟང་ལ་ནི་རྒོལ་བྱེད་པ།། དཔུང་བཟངས་དེ་ནི་ལེགས་པ་ཡིན།། དཔུང་བཟངས་ཀྱིས ་སྨྲས་པ། ཆུ་ཞེང་ཕུན་སུམ་ཚོགས་པ་དང་།། རྩལ་དང་ཤུགས་དང་ལྡན་པའི།། དཔུང་བཟངས་ལ་ནི་རྒོལ་བྱེད་པ།། མཆེ་བཟངས་དེ་ནི་ལེགས་པ་མིན།། དེ་གཉིས ་ཀྱིས་གཅིག་ལ་གཅིག་དྲིས་ནས་ཞེས་བྱ་བ་ནས། ཝ་བསད་དོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ལྷས་ཚིགས་སུ་བཅད་དེ་སྨྲས་པ། གཞན་གྱི་ཚིག་གིས་གྲོགས་པོ་ཡི་སྭ ་སྟེ།། གཞན་གྱིས་སྨྲས་པ་དག་ནི་བརྟག་པར་བྱ།། དབྱེ་བར་འདོད་པ་རྣམས་ནི་གླགས་ཚོལ་བྱེད།། དེ་བས་སྐྱེ་བོ་ཕྲ་མ་ཡིད་མ་རྟེན།། གྲོགས་པོ་འབྱེད་པའི་ཕྲ་མ་ཅན།། ་བརྫུན་དུ་སྨྲ་བའི་ཝ་སྐྱེས་སོ།། གྲོང་རྒྱུན་སྐྱེས་ཏེ་རེ་འདི་ནི།། བསད་ནས་བདེ་བས་དགའ་བར་བྱེད།། དགེ་སློང་མ་དག་རེ་ཤིག། དུད་འགྲོའི་སྐྱེས་གནས་སུ་སོང་བའི་སྲོག་ཆགས ་དེ་དག་ཀྱང་། གཅིག་ལ་གཅིག་ཕྲ་མས་ཀུན་ཏུ་སྤྱད་པ་ན། སྡུག་བསྔལ་དང་། ཡིད་མི་བདེ་བ་མང་པོས་གནས་པར་བྱེད་ན། བུད་མེད་ལྷག་པར་ཁྲོ་བ་ལྟ་སྨོས་ཀྱང་ཅི་དགོས། ་དགེ་སློང་མ་དག་དེ་ལྟ་བས་ན་ཕྲ་མས་ཀུན་ཏུ་སྤྱད་པར་མི་བྱའོ།། ཀུན་ཏུ་སྤྱོད་ན་ལྟུང་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ཕྲ་མ་སྤྲས་ན་ལྟུང་བྱེད་དོ།། ཕྲ་མའི་བསམ་པ་ཅན་གྱི་གང་ཞེས་བྱ་བ་ནས་ངག་དང་། ཚིག་དང་ཞེས་བྱ་བའི་བར་སྔ་མ་བཞིན ་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་ལྟུང་བར་བྱེད་ཅེས་བྱ་བའི་བར་སྔ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས། བྲམ་ཟེ་ལས་རབ་ཏུ་བྱུང་བའི ་དྲུང་དུ་སོང་སྟེ། འདི་སྐད་ཅེས་འཕགས་མ་ཁྱོད་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི ་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་ནོ།། ཞེས་ཟེར་རོ་ཞེས་སྨྲ་ཞིང་རིགས་སྒྲོགས་པར་བྱེད་ན་ཉེས་བྱས་སོ།། རུས་སྒྲོགས་པར་བྱེད་ན་ཡང་ཉེས་བྱས་སོ།། དེ་བཞིན་དུ་རྒྱལ ་རིགས་ལས་རབ་ཏུ་བྱུང་བ་ཞེས་བྱ་བ་ནས་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། འདི་ནི་རིགས་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་བྲམ་ཟེ་ལ ་རབ་ཏུ་བྱུང་བའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་འང་གས་མ་ཁྱོད་ལ། དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ་ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་བ་ཡིན་པས་ཁྱོད་ནི་རང་གི་གཞང་ལུགས་ལ་བསླབ་དགོས་སོ་ཞེས་ཟེར་རོ།། ཞེས་སྨྲ་ཞིང་བཟོ་སྒྲོགས་པར་བྱེད་ན་ཉེས་བྱས་སོ།། དེ་བཞིན ་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ། ་བའི་བར་རོ།། དེ་བཞིན་དུ་དམངས་རིགས་ལས་རབ་ཏུ་བྱང་བ་ལ་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། དེ་ལྟར་བར་སྡོམ་དེ་ཇི་ལྟར་གོང་དུ་བཤད་པ་བཞིན་དུ་རྒྱས ་པར་མཛོད་པར་བྱའོ།། དེ་ལ་སྐད་རིས་མཁན་དང་། བཟང་མཁན་དང་། ལྕགས་མགར་དང་ནི་ལྷམ་མཁན་དང་།། རྫ་མཁན་འདྲེན་མཁན་ཤིང་མཁན་དང་།། ་སྨྱིག་མ་མཁན་དང་བྲན་མོའོ།། འདི་ནི་བཟོ་ཞེས་བྱ་བ་ཡིན་ནོ།། དགེ་སློང་མས་བྲམ་ཟེ་ལས་རབ་ཏུ་བྱུང་བའི་དགེ་སློང་མའི་དྲང་ད་སོང་སྟེ་འདི་སྐད་ཅེས་འཕགས་མ ་ཁྱོད་ལ་དགེ་སློང་མ་ཆེ་གེ་མོ་ཞིག་འདི་སྐད་ཅེས་ཁྱོད་ལ་དགེ་སྦྱོང་གི་ཚུལ་དང་ཚངས་པའི་ཚུལ་གྱིས་ཅི་ཞིག་བྱ། ཁྱོད་ནི་བྲམ་ཟེ་ལས་རབ་ཏུ་བྱུང་ཡིན་པས། ཁྱོད་ཀྱིས ་རང་གི་གཞུང་ལུགས་ཀྱི་ལས་བྱ་དགོས་སོ།། ཞེས་ཟེར་རོ་ཞེས་སྨྲ་ཞིང་ལས་སྒྲོགས་པར་བྱེད་ན་ཉེས་བྱས་སོ།། དེ་བཞིན་དུ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ། ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྗེའུ་རིགས་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དམངས་རིགས ་ལས་རབ་ཏུ་བྱུང་བ་ལ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་ཏེ། ཇི་ལྟར་གོང་དུ་བཤད་པ་བར་སྡོམ་དེ་རྒྱས་པར་བརྗོད་པར་བྱའོ།། རིགས་དང་བཟོ་དང་ལས ་དང་ནི།། རྟགས་དང་ནང་ནི་ལྔ་པ་ཡིན།། ལྟུང་བ་དང་ནི་ཉེ་ཉོན་མོངས།། སྤྱོ་བར་བྱེད་པ་ཐ་མ་ཡིན།། ལྟུང་བྱེད་གསུམ་པ་རྫོགས་སྷོ།། ། གླེང་གཞི ་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་རྩོད་པ་ཉེ་བར་ཞི་བར་བྱས་པ་རྣམས་རྩོད་པ་འདི་ནི་ཤད་ཀྱིས་མ་བྱང་སྟེ། ཡང་ཤད་ཀྱིས་སྦྱང་བར་བྱའོ།། ་རྩོད་པ་འདི་ནི་ངེས་པར་མ་བརྟགས་ཏེ། ཡང་ངེས་པར་བརྟག་པར་བྱའོ།། རྩོད་པ་འདི་ནི་ལེགས་པར་གཏན་ལ་མ་ཕབ་སྟེ། ཡང་ལེགས་པར་གཏན་ལ་དབབ་པར་བྱའོ།། ་རྩོད་པ་འདི་ནི་ཉེ་བར་ཞི་བར་མ་བྱས་ཏེ། ཡང་ཉེ་བར་ཞི་བར་བྱའོ་ཞེས་ཡང་དང་ཡང་དུ་སྐྱོ་སྔོགས་བྱེད་དེ། དེས་ན་དགེ་སློང་མ་དེ་རྣམས་འཐབ་མོ་དང་འཚང་འབྲུ་བ་དང་རྩོད ་པ་བྱུང་ཞིང་འཚང་འབྲུ་བར་གྱུར་པས། གནས་ཤིང་ལུང་གནོད་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞི་གནས་གཏོད ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང ་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་། དགེ་འདུན་འཐུན་པས་ཆོས་བཞིན་དུ་རྩོད་པ་སྤྱད་པར་ཤེས་བཞིན་དུ། ཡང ་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེ་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། ཆོས་བཞིན་དུ་ཞེས་བྱ ་བ་ནི། འདུལ་བ་ཇི་བ་བཞིན་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་དུའོ།། རྩོད་པ་ཞེས་བྱ་བ་ནི་རྩོད་པ་བཞི་པོ་འཐབ་པའི་ཕྱིར་རྩོད་པ་དང་། གདམས་པའི་ཕྱིར་རྩོད་པ་དང་། ་ལྟུང་བའི་ཕྱིར་རྩོད་པ་དང་། བྱ་བའི་ཕྱིར་རྩོད་པའོ།། ཆོས་བཞིན་དུ་སྦྱངས་པ་ལས་ཞེས་བྱ་བ་ནི་གསོལ་བ་དང་བཞིའི་ལས་ཀྱིས་སོ།། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ཞེས ་བྱ་བ་ནི་ཡང་འབྱེད་འདོད་པའི་ཕྱིར་རོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས ་ཤད་ཀྱིས་མ་བྱང་བ་ལ། ཤད་ཀྱིས་བྱང་བར་འད་ཤེས་ཤིང་། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས ་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས ་ནས་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་འཐབ་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ། ་ཤད་ཀྱིས་བྱང་བར་འདུ་ཤེས་ཀྱིས། ཡང་ལས་ཀྱི་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས་མ་བྱང་བ་ལ་ཤེད་ཀྱིས་བྱང་བར་འདུ་ཤེས ་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མི་གདམས་པའི་ཕྱིར་རྩོད་པ་ལ། འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ ་ཤད་ཀྱིས་བྱང་བར་འདུ་ཤེས་ཤིང་། ཡང་ལས་ཀྱིས་སྐྱོ་སྔོགས་བྱེད་ན་ལྟུང་བྱེད་དོ།། ཤད་ཀྱིས་བྱང་བ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས ་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་མི་གདམས་པའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར ་འདུ་ཤེས་ནས་ཤད་ཀྱིས་བྱང་བ་ལ་ཤེད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་མ་བྱང་བར་འདུ་ཤེས་ན་ཉེས ་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། མི་གདམས་པའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས ་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས ་མ་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར ་འདུ་ཤེས་ནས། ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས ་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ལྟུང་བའི་ཕྱིར་རྩོད་པ་ལ་བྱ་བའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང ་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། ་དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་འཐབ་པའི་ཕྱིར་རྩོད་པར་འདུ་ཤེས་ནས། ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། ་མ་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་མི་གདམས་པའི་ཕྱིར་རྩོད་པར་འདྲ ་ཤེས་ནས། ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལ་ཤད་ཀྱིས་བྱང ་བར་འདུ་ཤེས་ན་ཉེས་བྱས་སོ།། དགེ་སློང་མས་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་བྱ་བའི་ཕྱིར་རྩོད་པ་ལ་ལྟུང་བའི་ཕྱིར་རྩོད་པར་འདུ་ཤེས་ནས།། ་ཤད་ཀྱིས་བྱང་བ་ལ་ཤད་ཀྱིས་བྱང་བར་འདུ་ཤེས་ན་ལྟུང་བྱེད་དོ།། ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་ཤད་ཀྱིས་མ་བྱང་བ་ལས། ཤད་ཀྱིས་བྱང་བར ་འདུ་ཤེས་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མ་ནི་ལྔ་སྟེ། ལྔ་གང་ཞེ་ན། དགེ་སློང་མ་གཉུག་མར་གནས་པ་དང་། ལས་བྱེད་པ་དང་། ་འདུན་པ་འབུལ་བ་དང་། ལྟ་བ་སྨྲ་བ་དང་། ལྔ་པ་ནི་གློ་བུར་དུ་འོངས་པའོ།། དགེ་སློང་མ་གཉུག་མར་གནས་པ་གང་ཞེ་ན། གང་གིས་རྩོད་པ་དེའི་ཐོག་མ་དང ་བར་དང་། ཐ་བ་དག་ཤེས་པའོ།། ལས་བྱེད་པ་གང་ཞེ་ན། གང་གིས་དེར་ལས་བྱས་པར་གྱུར་པའོ།། འདུན་པ་འབུལ་བ་གང་ཞེ་ན། གང་གིས་དེར་རང་གིས་འད ་པྲ་ཕུལ་བར་གྱུར་པའོ།། ལྟ་བ་སྨྲ་བ་གང་ཞེ་ན། གང་གིས་དེར་འདི་ནི་བདག་བཟོད་དོ།། འདི་ནི་བདག་མི་བཟོད་དོ།། འདི་ནི་བདག་འདོད་དོ།། འདི་ནི་བདག་མི་འདོད་དོ།། ་ཞེས་རང་གི་ལྟ་བ་བརྗོད་པར་གྱུར་པའོ།། བློ་བུར་དུ་འོངས་པ་གང་ཞེ་ན། དེར་གང་གིས་ཐོག་མ་དང་བར་དང་། ཐ་མ་དག་མི་ཤེས་པའོ།། དང་པོའི ་གསུམ་པོ་གང་ཡིན་པ་གཉུག་མར་གནས་པ་དང་། ལས་བྱེད་པ་དང་། འདུན་པ་འབུལ་བ་སྟེ། འདི་དག་གིས་ཆོས་བཞིན་རྩོད་པ་སྦྱངས་པ་ལས། ཡང་ལས་ཀྱིས་སྐྱེ ་སྔོགས་བྱེད་དུ་འགྱུར་རོ།། ཐ་མ་གཉིས་ཀྱིས་སྐྱོ་སྔོགས་བྱེད་ན་ཉེས་བྱས་སོ།། གལ་ཏེ་ཤད་ཀྱིས་ཉེས་པར་སྦྱངས་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི ་པ་རྫོགས་སྷོ།། ། བམ་པོ་བཅུ་དྲུག་པ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་ཁྱིམ་བདག་གི་ཁྱིམ་དེ་དང ་དེ་རྣམས་སུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། བྲམ་ཟེ་དང་། ཁྱིམ་བདག་དེ་ལ་གཅིག་པུ་འདག་ཅིང་ཆོས་སྟོན་པ་ན། དེས་བུད་མེད་རྣམས་ཀྱི་བུད་མེད་ཀྱི་སྣང་བ ་དང་། བུད་མེད་ཀྱི་གསང་ཆེན་གང་ཡིན་པ་ཐམས་ཅད་སྐྱེས་པ་དེ་དག་ལ་བསྟན་ཏོ།། སྐྱེས་པ་དེ་དག་གིས་ཀྱང་ཆུང་མ་དེ་དག་ལ་སྨྲས་སོ།། བུད་མེད་ནི་ཕྲ་དོག་ཅན ་ཡིན་པས། དེ་ནས་དགེ་སློང་མ་གནས་བརྟན་གནས་བརྟན་དག་བསོད་སྙོམས་ལ་རྒྱུ་བ་ན། འཇིག་རྟེན་ལ། ཅི་འདྲི་བར་བྱེད་པ་ཁྱེད་ཅག་ལ་སུ་ཞིག་བསོད་སྙོམས་སྦྱིན ་པར་བྱེད་པར་སེམས་པར་འགྱུར་ཞེས་ཁ་ཟེར་བ་དང་། ཨེ་མའོ་ཕུ་ནུ་མོ་དག་འདི་ཅི་ཉེས་ན་བཤེ་བར་གྱུར།། དེ་དག་གིས་འདི་སྐད་སྨྲས་སོ།། འཕགས་མ་སྦོམ་དགའ་མོས ་བདག་ཅག་ཁྱིམ་ཐབ་དག་གིས་མདུན་ཏུ་ཙེ་བྲིས་སོ།། དེ་རྣམས་ཀྱིས་བསོད་སྙོམས་མ་རྙེད་ཏེ། དེ་རྣམས་ཀྱིས་བསོད་སྙོམས་མ་རྙེད་པ་ན་སྨོད་པར་བྱེད། ཕྱར་ཀ་གཏོད ་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཆུང་ཟད་ཅི་བྱུང་བ་དེ་ཐམས ་ཅད་ནི། ཆོས་བསྟན་པ་ལས་གྱུར་ཀྱིས། དེ་ལྟ་བས་ན་ཆོས་བསྟན་པར་མི་བྱའོ།། དེ་དག་ཡང་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་ན། བྲམ་ཟེ་དང་། ཁྱིམ་བདག་རྣམས ་ཀྱིས་སྨྲས་པ། འཕགས་མ་དག་ཆོས་ཤོད་ཤིག། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་གོ།། བྲམ་ཟེ་དང་ཁྱིམ་བདག་དེ་རྣམས ་ཀྱིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་གིས་སྡུམ་པའི་བསོད་སྙོམས་ཀྱང་དགག་ལགས་མོད། དེ་རྣམས་ཡང་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པ་ནས། ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་ཚིག་ལྔའི་ཆོས་བསྟན་པར་བྱའོ།། བཅོམ་ལྡན་འདས་ཀྱིས་ཚིག ་ལྔའི་ཆོས་བསྟན་པར་བཀའ་སྩལ་པ་ན། དེ་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་གཟུགས་ནི་མི་བརྟག་གོ།། ་བ་དང་། འདུ་ཤེས་དང་། འདུ་བྱེད་རྣམས་དང་། རྣམ་པར་ཤེས་པ་ནི་མི་རྟག་གོ་ཞེས་བྱ་བའོ།། གང་གི་ཚེ་དེ་རྣམས་ཀྱིས་ཚིག་ལྔའི་ཆོས་བསྟན་པར་བརྩམ ་བ་དང་། དེ་ནས་བྲམ་ཟེ་དང་ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་ཅིའི་སླད་དུ་ཁྱེད་ཀྱིས་ཆོས་མང་དུ་མི་བཤད། ་ཁྱིམ་བདག་བཅོམ་ལྡན་འདས་ཀྱིས། དེ་ཙམ་ཞིག་བཅའ་བ་མཛད་དོ།། འཕགས་མ་དག་ཅི་ཁྱེད་སྡིག་ཀའི་རིན་གྱི་ཆོས་ཞིག་བསྟན་པར་བརྩོམ་མམ། ་དེ་ནས་བྲམ་ཟེ་དང་། ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟ་བདག་ཅག་ལ་ཆོས་ཉ་དུ་བསྟན་པ་དེ་ལྟར་བདག་གི་བསོད་སྙོམས་ཀྱང་ཉུ་དུ་དབུལ ་ལོ།། དེ་ལྟར་བསོད་སྟོབས་ཀྱིས་ཕོངས་པར་གྱུར་པའི་སྐབས་ཏེ། བཅོམ་ལྡན་འདས་ལ་གསོལ་བ་དང་། ཚིག་དྲུག་གིས་ཆོས་བསྟན་པར་བྱའོ་ཞེས་འཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ་ནས། དེ་རྣམས་ཀྱིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་མིག་ནི་མ་རྟག་གོ།། ཁྱིམ་བདག ་རྣ་བ་དང་། སྣ་དང་ལྕེ་དང་། ལུས་དང་། ཡིད་ནི་མི་རྟག་གོ་ཞེས་བྱ་བའོ།། གང་གི་ཚེ་དགེ་སློང་མ་དེ་རྣམས་ཀྱིས་ཚིག་དྲུག་གི་ཆེས་བསྟན་པར་བརྩམས་པ་དང་། ་དེ་ནས་བཅུ་གཉིས་སྡེ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཚིག་ལྔ་གང་ཡིན་བདེ་དྲུག་པར་བྱར་འདོད་ཅིང་ཚིག་དྲུག་པས་ཆང་ནི་མ་འཐུངས་སྒོག་སྒྱུ་ནི་མ་ཟོས ་པ་ཅི་ཡོད། དེ་བཞིན་དུ་ཆེད་དུ་བསམས་ཏེ་ཚིག་བྱས་པ་ལ། ཚིག་བདུན་པར་འདས་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ་མི་བསྟན་ཏོ།། ཞེས་བྱ་བ་ནས་བསོད་སྙོམས་ཀྱིས་ཕོངས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་པ་ལ་ནི་བུད་མེད ་དང་བཅས་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། བཅུ་གཉིས་སྡེ་རྣམས་བསོད་སྙོམས་ལ་རྒྱུ་བ་ན། ཁྱིམ་བདག་གི་ཁྱིམ་དེ་དག་ཏུ། ཁྱིམ་བདག་རྣམས་ལ ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་ཚེས་ཉོན་ཅིག་འཕགས་མ་རེ་ཤིག་བུད་མེད་དག་གྲོགས་སུ་དགུག་གིས་པ་ཞེས་ཤིག། བཅུ་གཉིས་སྡེ་དེ་དག་འདི་སྐད ་ཅེས་སྨྲས་སོ།། བྱ་གག་མོ་འམ་སྤྲ་མོ་འམ་ལུག་མ་མོ་འམ་བྱི་ལ་མོ་འདི་དག་མོ་མ་ཡིན་ནམ་ཞེས། དེ་རྣམས་ཀྱིས་རུང་བ་འདིས་སྐྱེས་པ་རྣམས་ལ་ཆོས་སྟོན ་པར་བྱེད་དོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཚེས་གོས་བླངས་ནས་སྤྱོད་ཡུལ་དུ་ཞགས་ཏེ་ཁྱིམ་བདག ་གི་ཁྱིམ་དེ་དག་ཏུ་བསོད་སྙོམས་ཀྱི་ཕྱིར་ཞུགས་པ་དང་། དེ་ནས་ཁྱིམ་བདག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཆོས་བཤད་དུ་གསོལ། ་སོང་ལ་བུད་མེད་དག་གྲོགས་སུ་ཁྲིད་དེ་ཤོག་ཤིག། ཁྱིམ་བདག་དེས་ཡང་འདི་སྐད་ཅེས་སྨྲས་སོ།། བྱ་གག་མོ་འདི་མོ་མ་ལགས་སམ། དེ་ནས་སྐྱེ་དགུའི ་བདག་མོ་ཆེན་པོ་གོའུ་ཏ་མིས། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱེད་ལ་དེ་ལྟ་བུའི་ཆོས་སྟེན་པ་དེ་སུ་ཡིན། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་བཅུ་གཉིས་སྡེ་དག་གོ།། དེས་འདི་སྐད་ཅེས་དེས་ན་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་།། ཞེས་སྨྲས་པ་ན་དོན་ཉུང་བའི་དགེ་སློང ་མ་དག་སྨོད་པར་བྱེད་པ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་མཛད་དེ། ཡང་དགེ་སློང་མ་གང ་བུད་མེད་མེད་པར་སྐྱེས་པའི་མདུན་དུ་ཚིག་ལྔ་འམ་དྲག་གི་ཆོས་སྟོན་ན། རིག་པའི་བུད་མེད་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ་ཚིག་ལྔ་ཞེས་བྱ་བ་ནི་གཟུགས་ལས་སོགས་པའོ།། ཚིག་དྲུག་གི་ཞེས་བྱ་བ་ནི་མིག་ལས་སོགས་པའོ།། རིག་པའི་བུད་མེད་མ་གཏོགས་ཏེ་ཞེས་བྱ་བ་ནི་རིག་པའི ་བུད་མེད་གཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ཝ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མས་གང་ཞིག་ཆེད་དུ་བསམས་ཏེ། སྐྱེས་པ ་ལ་ཚིག་ལྔའི་ཆོས་སྟོན་པ་ན་ཚིག་དྲུག་པར་ཐལ་བར་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་སྟེང་གི་སར་བཤད་ནས་ཞེས་བྱ་བ་ནས། ཁྱིམ་དུ་ཞེས་བྱ་བའི་བར་སྟེ་ཐམས་ཅད ་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་ཆེད་དུ་བསམས་ཏེ་ཚིག་དྲུག་གི་ཆོས་སྟོན་པ་ན། ཚིག་བདུན་པར་ཐལ་བར་བྱེད་ན་ལྟུང་བྱེད་དོ།། གལ་ཏེ་དྲི་བ་འདྲི་ན་ལྟུང་བ་མེད་དེ། ་ལས་དང་པོ་ལས་སོགས་པ་ལ་ཡང་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས ་བསྙེན་པར་མ་རྫོགས་པའི་བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་། བུ་མོ་ལ་སོགས་པ་ལ་ཁ་གཏམས་ཏེ། ཆོས་འདོན་དུ་འཇུག་གོ། དེ་ནས་དབྱར་ཁང་དེ་ན་པེར་ན། ་རྩིས་སན་རྩིས་ཀྱི་སློབ་དཔོན་རྣམས་ཀྱི་བཞིན་དུ་སྒྲ་འཐོན་པོ་དང་སྒྲ་ཆེན་པོ་བྱུང་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་། གང་ཟག་བསྙེན་པར་མ་རྫོགས་པ་རྣམས་ལ་ཁ་བསྟམས་ཏེ་ཆོས་འདོན་དུ་འཇུག་ན ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། གང་ཟག་བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ་དགེ ་སློང་དང་། དགེ་སློང་མའོ།། ལྷག་མ་རྣམས་ནི་བསྙེན་པར་མ་རྫོགས་པའོ།། ཁ་བསྟམས་ཏེ་ཞེས་བྱ་བ་ནི་ཚིག་མཉམ་པ་དང་། ཚིག་ལྷག་པ་དང་། ཡི་གེ་མཉམ ་པ་དང་། ཡི་གེ་ལྷག་པར་རོ།། དེ་ལ་ཚིག་མཉམ་པ་ཞེས་བྱ་བ་ནི། ཇི་སྲིད་དུ། སྡིག་པ་ཐམས་ཅད་མི་བྱ་སྟེ། ཞེས་མ་སྨྲས་པ་དེ་སྲིད་དུ་དེ་དགེ་བ་ཕུན་སུམ་ཆོག ་པར་བྱའོ།། ཞེས་སྨྲ་བ་སྟེ། འདི་ནི་ཚིག་ལྷག་པ་ཞེས་བྱའོ།། ཡི་གེ་མཉམ་པ་ཞེས་བྱ་བ་ནི། ཇི་སྲིད་དུ་ཨ་ཞེས་སྨྲ་བ་དེ་སྲིད་དེ། དེ་ཡང་ཨ་ཞེས་སྨྲ་བ་སྟེ། ་དེ་ཡང་ཡི་གེ་མ་ཉམ་པ་ཞེས་བྱའོ།། ཡི་གེ་ལྷག་པ་ཞེས་བྱ་བ་ནི། ཇི་སྲིད་ད་ཨ་ཞེས་སྨྲ་བ་དེ་སྲིད་ད་དེ་ཡང་ཨ་ཞེས་སྨྲའོ།། ཆོས་འདོན་ད་འཇུག་པ་ཞེས་བྱ་བ ་ནི་སངས་རྒྱས་ཀྱིས་གསུངས་པ་འམ། ཉན་ཐོས་ཀྱིས་སྤྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཆུང་ཟད་གང་ཟག་བསྙེན་པར་མ་རྫོགས་པ་ལ་ཁ་བསྟམས་ཏེ། ཆོས་འདོན་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ལྔཔ་ལྗིབ་ཅན ་དང་། སྨྲ་བ་བྱང་བ་དང་། དྲན་པར་བྱ་བ་དང་། འདྲི་བ་གསོལ་བ་ལ། སྦྱིན་པ་ལ་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད ་ནའོ།། ཉོན་མོངས་པ་རྣམས་མ་སྤངས་པའི་ཕྱིར་དང་། མི་ཤེས་པའི་ཕྱིར་ལྟུང་བ་དག་འབྱུང་ཞིང་། སྔོན་གྱི་ལྟུང་བ་དག་འཆགས་པར་བྱེད་པས་དེ་རྣམས་བཀུར་སྟི་བྱ་བ ་སྤྱོད་དོ།། དེ་རྣམས་ནང་པར་སྔར་ཤིང་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་བསྙེན་བཀུར་བྱེད། ཆག་ཆག་དང་། ཕྱག་དར་དང་། བྱི་དོར་བྱེད་དོ།། བཅུ་གཉིས ་སྡེ་དེ་དག་ནི། སེམས་ལས་ཆུང་ངུར་འདུག་ཅིང་འཁོད་དོ།། དེར་ཡང་ཁྱིམ་པ་དག་ལྷགས་ཏེ་དེ་རྣམས་ཀྱིས་དེ་དག་མཐོང་ནས་འདི་སྙམ་དུ། དགེ་སློང་མ་རྒན་མོ་འདི ་དག་རིན་པོ་ཆེ་ཤེས་ཤིང་། རིན་པོ་ཆེ་སོགས་པར་བྱེད་དོ།། བཅུ་གཉིས་སྡེ་འདི་དག་ནི་རིན་པོ་ཆེ་མི་ཤེས་ཤིང་རིན་པོ་ཆེ་སོགས་པར་མི་བྱེད་དོ།། སྙམ་སེམས་སོ།། ་དེ་ནས་བཅུ་གཉིས་སྡེ་དག་གིས་ཁྱིམ་བདག་ལས་ཐོས་ནས། འདི་སྐད་ཅེས་སྨྲས་སོ།། ཁྱེད་འདི་ལྟ་བུ་རིན་པོ་ཆེ་སོགས་ཤིག། དེ་དག་གིས་འདི་སྐད་ཅེས། ཅིའི་ཕྱིར། ་འདི་དག་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལས་སོགས་པ་ལས། མཆོད་པའི་དོན་དུ་རྩོན་པར་བྱེད་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལྟུང་བ་འདི་དང་འདི་དག་གོ། ་དེ་དག་གིས་ཐོས་ནས། གང་ལ་རྒན་མོ་རྣམས་ཀྱང་འདི་འདྲ་བའི་གནས་སྐབས་སུ་གྱུར། གཞོན་ནུ་མ་རྣམས་ལྷ་ཇི་ལྟ་བུ་ཞིག་ཏུ་འགྱུར་ཞེས་ཡིད་ལ་བཅགས་པར ་གྱུར་རོ།། བཅུ་གཉིས་སྡེ་དག་གིས་དོན་དེ་རྟོགས་པར་བྱས་ན། དེ་དག་གི་དགེ་ཚུལ་མ་གཞོན་ནུ་རྣམས་ལ་དྲིས་པ་ཁྱེད་ཀྱིས་མཁན་མོ་དང་། དེ་རྣམས་ཀྱིས་འདི་སྐད་ཅེས ་སྨྲས་སོ།། བསོད་ནམས་བགྱིད་དོ།། དེ་ནས་བཅུ་གཉིས་སྡེ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་བསོད་ནམས་འདི་འདྲ་བ་བྱོས་ཤིག། དགེ་ཚུལ་མ་དེ་རྣམས་ཀྱིས ་འདི་སྐད་སྨྲས་སོ།། དེ་ཅི་ལགས། དེ་ནས་བཅུ་གཉིས་སྡེ་དག་གིས་དེ་དག་གི་དགེ་ཚུལ་མ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ཀྱི་སྙིང་ལམ་ན། ཁྱེད་ཀྱི་མཁན་མོ ་དང་སློབ་དཔོན་འདི་དག་ཆོས་ལ་ཆོས་བཟང་ངོ་ཞེས་སངས་རྒྱས་དང་ཆོས་དང་དགེ་འདུན་ལས་སོགས་པ་ལ་བསྙེན་བཀུར་བྱེད་སྙམ་འམ། དེ་ལྟ་མོད་ཀྱི་ལྟུང་བ་འདི་དང་འདི ་དག་བྱུང་ངོ་།། གང་གི་ཚེ་དགེ་སློང་མ་དེ་དག་ལྟུང་བ་དེ་ལས་ལངས་པར་གྱུར་པ་དེའི་ཚེ་དེ་དག་གིས་དགེ་ཚུལ་གཞོན་ནུ་མ་དེ་དག་ལ། དགེ་ཚུལ་མ་དག་ལས་དག་གིས ་ཤིག་ཅེས་བསྒོ་བ་ན། དེ་དག་གིས་སྨྲས་པ་ན། ཁྱེད་ཅག་ཅིའི་ཕྱིར་མི་མཛད། གནས་བརྟན་མོ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་གིས་མི་རུང་ངོ་།། ་དགེ་ཚུལ་མ་རྣམས་ཀྱིས་ཡང་འདི་སྐད་ཅེས་སྨྲས་སོ།། ཁ་ཅིག་རུང་ན་ཁ་ཅིག་མི་རུང་ངམ། དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ་ཁྱེད་ལ་སུས་སྤྲས། དེ་དག་གིས་འདི་སྐད་ཅེས་བཅུ་གཉིས་སྡེ་དག་གིས་སོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན ་འདས་ལ་རྒྱས་པར་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བརྗོད་པར་མི་བྱའོ་ཞེས་དེ་ལྟར་དགག་པར་མཛད་དོ།། དེ་ནས་དགེ་སློང་མ་དྲང་མོ་ཞེས་བྱ ་བ་ནི། ཅི་ནས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ། དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་བ ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་སྐབས་དགེ་སློང་མ་བསྒོ་བར་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ཆོས་ལྔ་དང་ལྡན་པ། ཁྱིམ་དུ་སོ་སོར་གོ་བར་བྱེད་པ། བསྒོ་བར་བྱ་སྟེ། ལྔ་གང་ཞེ་ན། འདུན་པས ་མི་འགྲོ་བ་དང་། ཞེ་སྡང་གིས་མི་འགྲོ་བ་དང་། གཏི་མུག་གིས་མི་འགྲོ་བ་དང་། འཇིགས་པས་མི་འགྲོ་བ་དང་། སོ་སོར་གོ་བར་བྱས་པ་དང་། སོ་སོར་གོ་བར་མ་བྱས་པའི ་ཁྱིམ་ཤེས་པའོ།། བསྒོ་བ་ནི་འདི་ལྟར་བྱ་སྟེ། གནས་པ་ལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། འཕྲིགས་མའི་དགེ་འདུན་ཕུན་མོ་དག་བདག་ལ་གསན་དུ་གསོལ། དགེ ་སློང་མ་དྲང་པོ་འདི་གང་གིས་ན་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ། དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་བགྱིད་དེ། མིང་འདི་ཞེས་བགྱི་བ་འདི་ཁྱིམ་རྣམས ་སུ་སོ་སོར་གོ་བར་བགྱིད་པ་སྦྲོན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། མིང་འདི་ཞེས ་བགྱི་བ་གང་ལགས་པ་འདི། དགེ་སློང་མ་དྲང་མོའི་སླད་དུ་ཁྱིམ་དུ་སོ་སོར་གོ་བར་བསྒོ་བར་བགྱི་སྟེ་མིང་འདི་ཞེས་བགྱི་བ་གང་ལགས་པས། དགེ་སློང་མ་དྲང་མོའི་སླད་དུ ་ཁྱིམ་རྣམས་སུ་ཕུ་ནུ་མོ་དག་ཁྱེད་ཅག། དགེ་སློང་མ་དྲང་མོ་ས་བོན་ཚིག་པ་ལྟ་བུ་ས་བོན་ཉམས་པ་ལྟ་བུ་འདིས་བསྟན་པ་ལ་ཚོད་འཛིན་ཅིག། འཕགས་མ་སྐྱེ་དགུའི་བདག ་མོ་ཆེན་མོས་བསྟན་པ་ནི་ཚད་ཟུང་ཤིག། གོའུ་ཏ་མི་སྐེ་མ་མོ་དང་། ཨུད་པ་ལའི་མདོག་དང་། ཚེས་སྦྱིན་དང་། འཕགས་མ་ཚུལ་ལྡན་གྱིས་ཚད་ཟུང་ཤིག་ཅེས། སོ་སོར ་གོ་བར་བགྱིད་པར་འགྱུར་རོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ན་མོ་དག། བདག་ལ་བསན་དུ་གསོལ་ཞེས་བྱ་བ་ནས། ་འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འདི་ལྟར་ཅང་མི་གསུང་བས། དེ་དེ་བཞིན་ཏུ་འཛིན་ཏོ་ཞེས་བྱ་བའི་བར་རོ།། དེ་ནས་དགེ་སློང་མ་དྲང་མོས་ཁྱོད་ཀྱི་ཕྱིར ་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་སྤྲོ་བས་བྱས་སོ།། ཞེས་ཐོས་སོ།། ཟོས་ནས་ཀྱང་དགེ་སློང་མ་དྲང་མོ་ཁྱིམ་དུ་སོ་སོར་གོ་བར་བྱེད་པའི་དགེ་སློང་མ་གང་ན ་དེར་སོང་སྟེ་ཕྱིན་ནས། དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་ཁྱོད་དགེ་འདུན་གྱིས། ཁོ་མོའི་ཕྱིར་ཁྱིམ་དུ་སོ་སོར་གོ་བར་བྱེད་པར་བསྐོས ་སམ། དེ་འདི་སྐད་ཅེས་སྨྲས་སོ།། དེ་ཡིན་ནོ་ཕུ་ནུ་མོ་ཁྱོད་ཀྱིས་ཁོ་མོ་འདི་ལྟར་ཁྱིམ་རྣམས་སུ་མ་དད་པར་མང་དུ་བྱས་པར་ཡིད་ཆེས་སམ། དེས་འདི་སྐད་ཅེས་སྨྲས ་སོ།། ཡིད་ཆེས་སོ།། ཇི་ལྟར་གཅིག་ལ་ཡིད་ཆེས་པ་ལྟར་གཅིག་ཤོས་ལ་ཡང་དེ་དང་འདྲ་བས་ཁོ་མོས་ཁྱོད་ཀྱི་ལྟོ་དྲལ་ལ་སྒྱུ་མས་དབྱར་ཁང་འཁོར་བར་བསྐོར་རོ།། ་དེ་ནས་དགེ་སློང་མ་དེ་སྐྲག་ནས། སྐབས་དེ་དགེ་སློང་མའི་དགེ་འདུན་ལ་རྒྱས་པར་སྨྲས་སོ།། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་རྣམས་ཀྱིས་གསོལ་བ་འབའ་ཞིག་པ་བྱའོ།། བཅོམ་ལྡན་འདས་ཀྱིས་གསོལ་བ་འབའ་ཞིག་པ་བྱའོ།། ཞེས་བཀའ ་སྩལ་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ ་བསན་དུ་གསོལ། དགེ་སློང་མ་དྲང་མོ་འདི་ཅི་ནས་ཀྱང་སྐྱེ་བོའི་ཚོགས་ཆེན་པོ་མ་དད་པར་རིག་པར་འགྱུར་བ། དེ་ལྟ་དེ་ལྟར་ཁྱིམ་རྣམས་སུ་སྤྱོད་པར་འགྱུར་བར་བགྱིད་དེ། ་གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། གསོལ་བ་འབའ་ཞིག་བགྱིས་ནས། ་དགེ་སློང་མ་དྲང་མོ་ཇི་ལྟར་སྣང་བ་དང་། གང་དུ་དེ་གནང་བ་དེ་ཁོ་ནར་འདི་སྐད་ཅེས་ཕུ་ནུ་མོ་དག་ཁྱེད་དགེ་སློང་མ་སྡིག་ཅན་ས་བོན་ཚིག་པ་བཞིན་དུ་སྐྱེ་བའི་མཐུ་མེད་པ་འདིས ་བསྟན་པ་ལ་ཚོད་མ་འཛིན་ཅིག། དེ་ལྟ་མོད་ཀྱི་དགེ་སློང་མ་གནས་བརྟན་གནས་བརྟན་དག་གིས་བསྟན་པ་འདི་ལ། ཚང་ཟུང་ཤིག་ཅེས་བསྒོ་བར་བགྱི་སྟེ། འདི་ནི་གསོལ ་བའོ།། དེ་ལྟར་གསོལ་བ་འབའ་ཤིག་པ་བྱས་ནས། དགེ་སློང་མས་དེ་རྣམས་ཀྱིས་གང་དུ་སྐྱེ་བོའི་ཚོགས་ཆེན་པོ་ཡོད་པ་དེར་སོ་སོར་གོ་བར་བྱའོ།། གང་དུ་མ་དད་པར ་བྱས་པ་དོར་བརྗོད་པར་བྱའོ།། ལྟོགས་པ་ཁོ་ནས་ཤི་བར་གྱུར་ན་མི་རུང་བས་གཞན་དུ་ནི་མི་བརྗོད་པར་མི་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟག་བསྙེན་པར་མ་རྫོགས་པ་རྣམས་ལ། གནས་ངན་ལེན་གྱི་ལྟུང་བ་བརྗོད་ན་དགེ་འདུན་གྱིས ་གནང་བ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། བརྗོད་ན་ཞེས་བྱ་བ་ནི་སྨ་ནའོ་དགེ་འདུན་གྱིས་གནང་བ་མ་གཏོགས་ཏེ་ཞེས་བྱ་བ་ནི། ་དགེ་འདུན་གྱིས་གནང་བ་བཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་མཐར་འགྱུར་བའི་ལྟ། ་བ་མཐོང་ལ། དེས་མ་རིག་པ་ལ་རེག་པའི་འདུ་ཤེས་ཀྱིས་བརྗོད་ན་ལྟུང་བྱེད་དོ།། དེ་བཞིན་དུ་རིག་པ་ལ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་དགེ་སློང་མ་ལ་མཐར ་འགྱུར་བའི་ལྟུང་བ་མཐོང་ལ། དེས་རིག་པ་ལ་མ་རིག་པར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་རིག་པ་ལ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ་རས་ལ་རི་མོ་བྲིས་པ་ལྟར་ཇི་ལྟར་བདག་གིས་ཤེས་པ་དེ་བཞིན་དུ་འཇིག་རྟེན་ཐམས་ཅད་ཀྱིས་ཤེས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པ་རྫོགས་སྷོ།། ་སངས་རྒྱས་བཅོམ་ལྡན་འདས་ཡངས་པ་ཅན་ན་སྤྲེའུ་རྫིང་གི་འགྲམ་ཁང་པ་བརྩེགས་པའི་ཁང་བཟངས་ན་བཞུགས་སོ།། དེའི་ཚེ་མུ་གེ་མི་བཟད་པ་དགོན་པ ་སློངས་མོ་པས་ཟས་རྙེད་པར་བཀའ་བ་བྱུང་ངོ་།། དེ་ནས་དགེ་སློང་མ་རབ་ཏུ་མང་པོ་ལྗོངས་ཤིག་ཏུ་དོང་བ་དང་། བསོད་སྙོམས་ཀྱིས་ཕོངས་པར་གྱུར་ཏོ།། དེ་ནས་དེ་རྣམས ་ཕན་ཚུལ་དུ་འགྲོགས་པ། ཅིའི་ཕྱིར་བདག་ཅག་གི་ཡོན་ཏན་བསྒྲགས་པར་མི་བྱ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅི་ཡང་དག་པས་སམ། ཡང་དག་པ་མ ་ཡིན་པས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཡང་དག་པས་སོ།། དེ་དག་གིས་ཕན་ཚུན་དུ་ཡོན་ཏན་ཡང་དག་པར་བསྒྲགས་པར་བྱས་པ་དང་། འཇིག་རྟེན་ནི་ཡོན ་ཏན་ལ་དགའ་བ་ཡིན་པས། དེ་རྣམས་ཀྱིས་དེ་དག་བསོད་སྙོམས་ཀྱིས་ཕོངས་པར་བྱས་སོ།། གང་གི་ཚེ་དགེ་སློང་མ་དེ་དག་ལྗོངས་རྒྱུ་ཞིང་དོང་ནས་ཡངས་པ་ཅན་དུ་བྱིན ་ནོ།། དེ་ནས་གནས་པ་དང་། གཉུག་མར་གནས་པའི་དགེ་སློང་མ་རྣམས་ཀྱིས་མཐོང་ནས། འདི་སྐད་ཅེས་སྨྲས་སོ།། སངས་རྒྱས་ལྡན། ཆོས་ལྡན། དགེ ་འདུན་དག་འོངས་པ་ལེགས་སོ།། འོངས་པ་ལེགས་སོ།། ཇི་ག་ལེགས་པར་སྤྱད་དམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལེགས་པར་སྤྱད་དོ།། ཚེ་དང་ལྡན་པ ་བདག་བསོད་སྙོམས་ཀྱིས་ཕོངས་པར་མ་གྱུར་ཏམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། མ་གྱུར་ཏོ།། གནས་བརྟན་གནས་བརྟད་འདི་དག་ནི་བསོད་སྙོམས་ཀྱིས ་ཕོངས་པར་གྱུར་ན། ཁྱེད་ཀྱིས་ཐབས་ཅི་ཞིག་བྱས་ནས་མ་གྱུར་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཕན་ཚུན་ཡོན་ཏན་བསྒྲགས་པ་བྱས་པས་སོ།། ཁྱེད་མིའི་ཆོས་བླ ་མ་བརྗོད་དུ་རུང་ངམ། དེ་དག་གིས་འདི་སྐད་ཅེས་བདག་ཅག་གིས་བརྗོད་དོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོང་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས ་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མས་གང་ཟག་བསྙེན་པར་རྫོགས ་པ་ལ་མིའི་ཆོས་བླ་མ་བདེན་པ་བརྗོད་ན་ལྟུང་བྱེད་དེ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། ཆོས་འདི་པའོ།། བསྙེན་པར་མ་རྫོགས་པ་ཞེས་བྱ་བ་ལ་བསྙེན་པར་རྫོགས་པ་ནི ་གཉིས་སོ།། ལྷག་མ་རྣམས་ནི་བསྙེན་པར་མ་རྫོགས་པའོ།། བདེན་པ་ཞེས་བྱ་བ་ནི་ཡང་དག་པར་ཡོད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། བར་སྡོམ་ལ། མཐོང་དང་འདུ་ཤེས་དགོན་པ་དང་།། ཁྱིམ་རྣམས་སུ་ནི་སྟན་བཀྲ་དང་།། རང་གི་མཚན་ཉིད་འཛིན་བྱེད་དང་།། བདག་ཉིད་ཉེ་བར་སྟོན་པའོ།། ་དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་སྦྱར་བར་འདི་སྐད་ཅེས་ལྷ་མཐོང་ངོ་ཞེས་ཟེར། ་ལ་བདེན་པ་ཡིན་ན་ལྟུང་བྱེད་དོ།། བཞིན་དུ་གནོད་སྦྱིན་རྣམས་དང་། ཀླུ་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གྲུལ་བུམ ་རྣམས་དང་། ཡི་དགས་རྣམས་དང་། ཤ་ཟ་རྣམས་དང་། སྲུལ་པོ་རྣམས་ཀྱང་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་ཀྱིས་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། དེ་བཞིན ་དུ་ལྷ་རྣམས་ལ་བལྟ་བའི་ཕྱིར་འགྲོའོ་ཞེས་བྱ་བ་ནས་ལུས་སྲུལ་པོ་རྣམས་ལ་ཞེས་བྱ་བའི་བར་ཏེ། བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྱོད་པའི་ཤ་ཟ་ཡང་བདེན་ན་ཉེས ་བྱས་སོ།། ཁོ་མོའི་དྲུང་དུ་ལྷ་ལ་སོགས་པ་ཉེ་བར་འོང་བ་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། བཞིན་དུ་ལྷ་ལ་སོགས་པའི ་སྒྲ་ཐོས་པ་བདེན་ན་ལྟུང་བྱེད་དོ།། ཟ་ན་ཕྱར་དང་ཁྲོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། ལྷ་རྣམས་དང་ལྷན་ཅིག་གཏམ་འདྲེ་བར་བྱེད་རྣམ་པར་གཏན་ལ་འབེབས་པར་བྱེད་པ ་བདེན་ན་ལྟུང་བྱེད་དོ།། ཐ་ན་ཕྱག་དར་ཁྱོད་ཀྱི་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། དེ་བཞིན་དུ་ལྷ་ཡང་ཁོ་མོ་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། རྣམ་པར་གཏན་ལ་འབེབས་པར ་བྱེད་དོ།། བདེན་ན་ལྟུང་བྱེད་དོ།། ཟ་ན་ཕྱག་དར་ཁྱོད་ཀྱིས་ཤ་ཟ་ཡང་བདེན་ན་ཉེས་བྱས་སོ།། དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག ་པ་དང་། ལྟ་བ་སྦྱར་བར་འདི་སྐད་ཅེས་མི་རྟག་འདུ་ཤེས་ཐོབ་པོ་ཞེས་ཟེར་ལ་བདེན་པ་ཡིན་ན་ལྟུང་བྱེད་དོ།། དེ་བཞིན་དུ་སྡུག་བསྔལ་ལ་མི་རྟག་པའི་འདུ་ཤེས་དང་། སྡུག ་བསྔལ་ལ་བདག་མེད་པའི་འདུ་ཤེས་དང་། ཟས་ལ་མི་མཐུན་པའི་འདུ་ཤེས་དང་། འཇིག་རྟེན་ཐམས་ཅད་ལ་མངོན་པར་མི་དགའ་བའི་འདུ་ཤེས་དང་། ཉེས་དམིགས་ཀྱི་འདུ ་ཤེས་དང་། སྤོང་བའི་འདུ་ཤེས་དང་། འདོད་ཆགས་དང་བྲལ་བའི་འདོ་ཤེས་དང་། འགོག་པའི་འདུ་ཤེས་དང་། འཆི་བའི་འདུ་ཤེས་དང་། མི་གཙང་བའི་འདུ་ཤེས་དང་། ་རྣམ་པར་བསྔོས་པའི་འདུ་ཤེས་དང་། རྣམ་པར་རུལ་བའི་འདུ་ཤེས་དང་། རྣམ་པར་དམར་བའི་འདུ་ཤེས་དང་། རྣམ་པར་ཟོས་པའི་འདུ་ཤེས་དང་། རྣམ་པར་ཞིགས་པའི ་འདུ་ཤེས་དང་། རྣམ་པར་འཐོར་པའི་འདུ་ཤེས་དང་། རུས་པའི་འདུ་ཤེས་དང་། སྟོང་པ་ཉིད་དུ་སོ་སོར་རྟོག་པའི་འདུ་ཤེས་དང་། ཁོ་མོས་བསམ་གཏན་དང་པོ་དང་། གཉིས ་པ་དང་། གསུམ་པ་དང་། བཞི་པ་ཞེས་བྱ་བ་ནས། རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་ཁོ་མོས་ཐོབ་པོ་ཞེས་ཟེར་ལ་བདེན་ན་ལྟུང་བྱེད་དོ།། དགེ་སློང་མས་འདུ་ཤེས ་མ་སྦྱར་བར་ཞེས་བྱ་བ་ནས་འདི་སྐད་ཅེས་བྱ་བ་ནས། དགེ་སློང་མ་རབ་ཏུ་མང་པོ་དགོན་པ་ན་གནས་པ་ནི། དེ་དག་ལ་མི་མ་ཡིན་པ་རྣམས་ཀྱིས་རྣམ་པར་མི་འཚེ་ན་ཁོ་མོ་ཡང ་དེ་ན་གནས་ན་རྣམ་པར་མི་འཚེའོ་ཞེས་སྨྲས་ལ་བདེན་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཁྱིམ་རྣམས་སུ་སྟན་བཀྲ་ཞིང་བཀྲ་བ་རྣམས་ལ་ཡང་བརྗོད་པར་བྱའོ།། དགེ་སློང་མས་འདུ ་ཤེས་མ་སྦྱར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མས་གང་གིས་རང་གི་མཚན་ཉིད་འཛིན་པ་ཞི་གནས་ཀྱི་མཚན་མ་ལ་བརྟེན་ནས། ་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་དག་རྣམ་པར་མནན་པས། འདོད་པའི་འདོད་ཆགས་དང་། གནོད་སེམས་ལ་སོགས་པ་ཀུན་ཏུ་མི་མི་སྤྱོད་པ་དེ་ཡོད་དེ། ཞེས ་བྱ་བ་ནས། ཁོ་མོས་ཀྱང་ཞེས་བྱ་བའི་བར་དུ་ཟེར་ན་ལྟུང་བྱེད་དོ།། དགེ་སློང་མས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་མ་སྦྱར ་པར་འདི་སྐད་ཅེས་དགེ་སློང་མ་ལྷ་མཐོང་བ་གང་ཡིན་པ་དེ་ཡོད་དོ་ཞེས་སྤྲས་ཀྱི། ཁོ་མོས་སོ་ཞེས་དེ་སྐད་མ་སྨྲས་ན་ཉེས་བྱས་སོ།། དེ་བཞིན་དུ་གནོད་སྦྱིན་རྣམས་དང་། ་ཀླུ་རྣམས་དང་། དྲི་ཟ་རྣམས་དང་། མི་འམ་ཅི་རྣམས་དང་། ལྟོ་འཕྱེ་ཆེན་པོ་རྣམས་དང་། གྲུལ་བུམ་རྣམས་དང་། ཡི་དགས་དང་། ཤ་ཟ་རྣམས་དང་། ལུས་སྲུལ་པོ ་རྣམས་བདག་གིས་སོ།། ཞེས་དེ་སྐད་མ་སྨྲས་ན་ཉེས་བྱས་སོ།། ཐ་ན་ཕྱག་དར་ཁྲོད་ཀྱི་ཤ་ཟ་ལ་ཡང་བདག་གིས་སོ་ཞེས་མ་སྨྲས་ཉེས་བྱས་སོ།། དེ་བཞིན་དུ་རིམ་པ་འདིས ་སྡོམ་ནི་ཚིགས་བཅད་འདི་བརྗོད་པར་བྱའོ།། ཡང་དགེ་སློང་མ་གང་ཞིག་འདུ་ཤེས་མ་སྦྱར་བར་ཞེས་བྱ་བ་ནས། འདི་སྐད་ཅེས་བྱ་བའི་བར་ཏེ། དགེ་སློང་མ་རང་གི་མཚན ་ཉིད་འཛིན་པ་ཞི་གནས་ཀྱི་མཚན་མ་ལ་བརྟེན་ནས་འཇིག་རྟེན་པའི་ཡིད་ལ་བྱེད་པས་ཉོན་མོངས་པ་རྣམས་རྣམ་པར་མནན་ནས། འདོད་པ་ལ་འདོད་ཆགས་དང་། གནོད ་སེམས་ལ་སོགས་པ་ཀུན་ཏུ་མི་སྤྱོད་པ། གང་ཡིན་པ་དེ་ཡོད་དོ་ཞེས་དེ་སྐད་མ་སྨྲས་ན་ཉེས་བྱས་སོ།། ལྟུང་བྱེད་བརྒྱད་པ་རྫོགས་སྷོ།། གླེང་གཞི་ནི་མཉན ་ཡོད་ནའོ།། གང་གི་ཚེ་ཆེས་སྦྱིན་པོ་ཉས་བསྙེན་པར་རྫོགས་པ་ཐོབ་ཅིང་བདེན་པ་རྣམས་མཐོང་བ་དེའི་ཚེ། དེ་རང་གི་དབྱར་ཁང་ན། དགེ་སློང་མ་རྣམས་ཀྱི་ཆོས་དང་ལྡན་པའི ་ཞལ་ཏ་བྱེད་པ་ལ་བརྩོན་པར་བྱེད་དོ།། དེ་དད་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་བྱས། འདི་ལྟ་སྟེ་སངས་རྒྱས་སམ་ཆོས་སམ། དགེ་འདུན་ནམ་དགེ་སློང ་མ་བཤེས་པ་རྣམས་ལ་མི་འབུལ་བ་འམ་ཡོངས་སུ་མི་གཏང་བ་ཅི་ཡང་མེད་དོ།། དེ་དེ་ལྟར་ཕུལ་ཞིང་དེ་ལྟར་ཡོངས་སུ་གཏང་བས་ཆོས་གོས་རྙིངས་ཞིང་སྣམ་སྦྱར་ཡང ་དེངེས་པར་གྱུར་ཏེ།། དེ་ནས་དགེ་སློང་མའི་དགེ་འདུན་འདི་སྙམ་དུ་དགེ་སློང་མ་ཆོས་སྦྱིན་འདི་ནི་དང་པ་དང་ལྡན་ཞིང་བཟང་ལ་དགེ་བའི་བསམ་པ་ཅན་ཡིན་པས། བསམ་གཏན ་དང་རྣམ་པར་ཐར་པ་དང་། ཏིང་ངེ་འཛིན་དང་། སྙོམས་པར་འཇུག་པ་སྤངས་ནས། དགེ་སློང་མ་རྣམས་ཀྱི་ཆོས་དང་ལྡན་པའི་ཞལ་ཏ་བྱེད་པ་ལ་བརྩོན་པར་བྱེད་ལ། དེ་མི ་དབུལ་བ་འམ་ཡོངས་སུ་མི་གཏོང་བ་ཅི་ཡང་མེད་དེ་ཞེས་བྱ་བ་ནས། སྣམ་སྦྱར་དེངས་པར་གྱུར་ཀྱིས་ཞེས་བྱ་བའི་བར་རོ།། བདག་ཅག་གིས་རས་ཡུག་ཆེན་ཞིག་དྲུབ་དང་། ་དེ་བདག་ཅག་གི་ཆོས་སྦྱིན་ལ་སྦྱིན་ནོ་སྙམ་སེམས་སོ།། དེ་ནས་དུས་གཞན་ཞིག་ན། རས་ཡུག་ཆེན་ཞིག་རྙེད་ནས། དེ་རྣམས་ཀྱིས་ཆོས་སྦྱིན་ལ་སྦྱིན་ནོ།། དེས་སྐབས་དེ ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བ་བྱས་ཏེ་སྦྱིན་ནོ།། འདི་ལྟར་བྱས་སྟེ། གནས་མལ་བཤམ་པ ་བྱས་ལ། ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ན་མོ་དག་བདག་ལ་བསན་ད་གསོལ། དགེ་སློང་མ་ཆོས་སྦྱིན་འདི་དད་པ་ལྡན་ཞིང་དགེ་བའི་བསམ་པ་ཅན་ལགས་པས་འདི ་ལྟ་སྟེ། སངས་རྒྱས་སམ། ཆོས་སམ། དགེ་འདུན་ནམ། དགེ་སློང་མ་བཤེས་པ་རྣམས་ལ་མི་འབུལ་བ་འམ། ཡོངས་སུ་མི་གཏང་བ་ཅི་ཡང་མ་མཆིས་སོ།། དེ་དེ་ལྟར་ཡོངས ་སུ་གཏང་བས་ཆོས་གོས་རྙིངས་ཅིང་སྣམ་སྦར་ཡང་དེངས་པར་གྱུར་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དེས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས ་གནང་བར་མཛོད་ཅིང་དང་། འདི་ལྟར་འཕགས་པའི་དགེ་འདུན་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མ་རྩ ་བའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས ་རྩ་བའི་ས་བོན་ལ་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས ་སོ།། དགེ་སློང་མས་རྩ་བའི་ས་བོན་ལ་ཐོར་ཏོའི་ས་བོན་ཏུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད ་གཉིས་ཟ་ན་ཉེས་བྱས་སོ།། རྩ་བའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་དུ་སྦར་རོ།། དགེ་སློང་མས་སྡོང་བུའི་ས་བོན་ལ་ཡང་ཐོར་ཏེའི་ས་བོན་དུ་འང་ཤེས་ཤིང་། ་སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས། གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་སྡོང་བུའི་ས་བོན་ལ་ཐོར་ཏོའི ་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས། གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། སྡོང་བུའི། ་ས་བོན་གྱིས་རུ་བའི་ས་བོན་ལ་ཡང་དེ་བཞིན་དེ་སྦར་རོ།། སྡོང་བུའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦར་རོ།། སྡོང་བུའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ ་ཡང་དེ་བཞིན་དུ་སྦྱར་རོ།། དགེ་སློང་མས་ཐོར་ཏེའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན ་ལྟུང་བྱེད་དེ།། དགེ་སློང་མས་ཐོར་ཏོའི་ས་བོན་ལ་འགས་པའི་ས་བོན་དུ་འདུ་ཤེས་ཤིང་། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས ་བྱས་སོ།། ཟེར་ཏོའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས་རྩ་བའི་ས་བོན་ལ་རྩ་བའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས ་ནས་གཅོད་དམ་གཅོད་དུ་འདུག་ན་ལྟུང་བྱེད་དེ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྔོན་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ་རྩ་བའི་ས་བོན་གྱིས་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། རྩ་བའི་ས་བོན་གྱིས་ཐོར་ཏོ་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། རྩ་བའི་ས་བོན་གྱིས་འགས་པའི་ས ་ལ་ཡང་དེ་བཞིན་དུ་སྦྱར་རོ།། རྩ་བའི་ས་བོན་གྱིས་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། དགེ་སློང་མས་སྡོང་བུའི་ས་བོན་ལ་ཡང་སྡོང་བུའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་སྡོང་པོར ་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས ་ཟ་ན་ཉེས་བྱས་སོ།། སྡོང་བུའི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། སྡོང་བུའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། སྡོང་བུའི ་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། དགེ་སློང་མས་ཐོར་ཏིའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག ་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྐམ་པོ་ལ་ཡང་སྔོན་པོར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ཐོར་ཏོའི ་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ཐོར་ཏོའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། ཐོར་ཏིའི་ས་བོན་གྱིས་འགས་པའི་ས་བོན་ལ་ཡང ་དེ་བཞིན་དུ་སྦྱར་རོ།། ཐོར་ཏོའི་ས་བོན་གྱིས་ས་བོན་གྱིས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། དགེ་སློང་མས་འགོས་པའི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར ་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ཉེས་བྱས་སོ ་དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། འགས་པའི་ས་བོན་གྱིས་རྩ་བའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། འགས་པའི་ས་བོན་གྱིས་སྡོང་བུའི་ས་བོན་ལ་ཡང་དེ་བཞིན ་སྦྱར་རོ།། འགས་པའི་ས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ། འགས་པའི་ས་བོན་གྱིས་ས་བོན་གྱི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མས ་ས་བོན་གྱི་ས་བོན་ལ་ས་བོན་གྱི་ས་བོན་དུ་འདུ་ཤེས་ཤིང་། སྔོན་པོ་ལ་སྔོན་པོར་འདུ་ཤེས་ནས་གཅོད་དམ་གཅོད་དུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང ་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདུ་ཤེས་ནས་གཅིད་དཔག་ཅོད་དུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ངན་ཞེས་བྱས་སོ།། ས་ཟིན་གྱིས་སོན་གྱིས། རྩ་བའིས ་བེན་ལ་ཡང་དེ་བཞིན་སྦྱར་རོ།། སོ་བོན་གྱིས་བོན་གྱིས། སྡོང་བུའི་ས་བོན་ལ་ཡང་དེ་བཞིན་དུ་སྦྱར་རོ།། ས་བོན་གྱིས་བོན་གྱིས་ཐོར་ཏོའི་ས་བོན་ལ་ཡང་དེ་བཞིན་སྦྱར ་ས་འོད་གྱིས་བོན་གྱིས་འགས་པའི་ས་བོན་ལ་ཡང་དེ་བཞིན་སྦྱར་རོ།། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་བཅུ་འདུན་པ། ་བར་སྡོམས་ལ། རྩ་བའི་ས་བོན་ལྔ་དག་དང་། ལྗོན་ཤིང་རྩ་གཅོད་དེ་བཞིན་དུ།། འཆག་དང་རྩ་རྒྱུན་ཉེ་ལྕིབས་དང་།། ཆུ་དྲེག་མེ་ཏོག་རྒྱས་པའོ།། ་དགེ་སློང་མས་ས་བོན་རྣམས་ཉམས་པར་གྱུར་ཅིག་སྙམ་པའི་བསམ་པས། ས་བོན་གྱི་རིགས་ལྔ་གཏུན་སྒྱུར་བླུགས་ནས། གཏུན་མགོས་རྡུང་ཞིང ་ས་བོན་ཉམས་པར་གྱུར་ཅིག། རྣམ་པར་ཉམས་པར་གྱུར་ཅིག་ཅེས་དྲག་དུ་བརྡུངས་པ་ལ། ས་བོན་ཉམས་ན་ལྟུང་བྱེད་དུ་འགྱུར་རོ།། ས་བོན་མ་ཉམས་ཤིང་། སོ་བོན་རྣམ ་པར་མ་ཉམས་ན་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་མེ་དང་། ཐབ་དང་། ཞུགས་ལིང་དང་། སྲང་དང་། མེ་ཐབ་དང་། མེ་དོར་དང་། མེ་དོང་ཆེན་པོ་དང་། ས་དང་། ་ཐུག་པ་དང་། ཁུར་ཚན་དང་། འབྲས་ཁུར་ལྷུབས་པ་དང་། དེ་བཞིན་དུ་ས་བོན་ཉམས་པར་གྱུར་ཅིག། རབ་ཏུ་ཉམས་པར་གྱུར་ཅིག། ཅེས། མཚོ་ཆེན་པོ་དང་། ་འབབ་ཆུ་ཆེན་པོ་དང་ཞེས་བྱ་བ་ནས། ཆུ་ཉུ་དུ་དང་། ལྕི་བ་དང་། ཚ་སྒོ་དང་། འགྱུར་བྱེད་དང་། ས་དང་ལྷན་ཅིག་བསྲེས་པ་ལས་དེ་ཡང་ཉམས་ན་ལྟུང་བྱེད་དོ།། མ་ཉམ ་ན་ཉེས་བྱས་སོ།། ཞེས་བྱ་བའི་བར་རོ།། དགེ་སློང་མས་སྦྱོར་བ་ཅིག་གིས་ཤིང་ལྗོན་པ་གཅིག་གཅོད་དུ་གཅོད་དུ་འཇུག་ན་ཉེས་བྱས་གཅིག་དང་། ལྟུང་བྱེད་གཅིག་གོ། ་དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཅིག་གཅོད་ན་དེ་ལ་ཉེས་བྱས་གཉིས་དང་། ལྟུང་བྱེད་གཅིག་གོ། དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་གཅིག་གཅོད་ན། ་དེ་ལ་ཉེས་བྱས་མང་པོ་དང་ལྟུང་བྱེད་གཅིག་གོ།། དགེ་སློང་མས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་གཉིས་གཅོད་ན། དེ་ལ་ཉེས་བྱས་གཅིག་དང་ལྟུང་བྱེད་གཉིས་སོ།། ་དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་གཉིས་གཅོད་ན་དེ་ལ་ཉེས་བྱས་གཉིས་དང་ལྟུང་བྱེད་གཉིས་སོ།། དགེ་སློང་མས་སྦྱོར་བ་མང་པོས་ཤིང་ལྟུང་བ་གཉིས་གཅོད་ན་དེ། ་ལ་ཉེས་བྱས་མང་པོ་དང་ལྟུང་བྱེད་གཉིས་སོ།། དགེ་སློང་མས་སྦྱོར་བ་གཅིག་གིས་ཤིང་ལྗོན་པ་མང་པོ་གཅོད་ན། དེ་ལ་ཉེས་བྱས་གཅིག་དང་ལྟུང་བྱེད་མང་པོར་འགྱུར་རོ།། ་དེ་བཞིན་དུ་སྦྱོར་བ་གཉིས་ཀྱིས་ཤིང་ལྗོན་པ་མང་པོ་གཅོད་ན་དེ་ལ་ཉེས་བྱས་གཉིས་དང་ལྟུང་བྱེད་མང་པོར་འགྱུར་རོ།། དེ་བཞིན་དུ་སྦྱོར་བ་མང་པོས་ཤིང་ལྗོན་པ་མང་པོ ་གཅོད་ན། དེ་ལ་ཉེས་བྱས་མང་པོ་དང་ལྟུང་བྱེད་མང་པོར་འགྱུར་རོ།། དགེ་སློང་མས་རྩ་སྔོན་པོ་ལ་སྔོན་པོར་འདུ་ཤེས་པས་རྔན་ལྟུང་བྱེད་དོ།། རྔར་འཇུག་ན་ལྟུང་བྱེད་དོ།། ་སྔོན་པོ་ལ་ཡིད་གཉིས་ཟ་བས་རྔ་ན་ལྟུང་བྱེད་དོ།། རྔར་འཇུག་ན་ལྟུང་བྱེད་དོ།། སྐམ་པོ་ལ་སྔོན་པོར་འདྲ་ཤེས་པས་རྔ་ན་ཉེས་བྱས་སོ།། རྔར་འཇུག་ན་ཉེས་སོ།། སྐམ ་པོ་ལ་གཉིས་ཟ་བས་རྔན་ཉེས་བྱས་སོ།། རྔར་འཇུག་ན་ཉེས་བྱས་སོ།། དགེ་སློང་མས་སྦྱོར་བ་གཅིག་གིས་རྩེ་གཅིག་རྔན་དེ་ལ་ཉེས་བྱས་གཅིག་དང་ལྟུང་བྱེད་གཅིག་གོ།། དེ ་བཞིན་དུ་གཉིས་ལ་ཡང་བརྗོད་པར་བྱའོ།། དེ་བཞིན་མང་པོས་རྩ་གཉིས་ལ་ཡང་བརྗོད་པར་བྱའོ།། ཇི་ལྟར་ཤིང་ལྗོན་པ་ལ་བརྗོད་པ་དེ་བཞིན་དུ་རྒྱས་པར་རྩ་མང་པོ་ལ་ཡང ་བརྗོད་པར་བྱའོ།། དགེ་སློང་མས་ཤིང་ལྗོན་པའི་རྩ་རྒྱུན་འབྱིན་ན་ཉེས་བྱས་སོ།། པྲི་ཤུན་འཆུ་ན་ཉེས་བྱས་སོ།། ། ནང་ཤུན་འཆུ་ན་ཉེས་བྱས་སོ།། སྙིང་པོ་འབྱིན་ན ་ཕྲི་འཆུ་ན་ཉེས་བྱས་སོ།། ་ལྟུང་བྱེད་དོ།། ལོ་མ་སྨྲ་བ་ན་ཉེས་བྱས་སོ།། ལོ་མ་རློན་ན་ལྟུང་བྱེད་དོ།། མེ་ཏོག་ཁ་བྱེད་ན་ཉེས་བྱས་སོ།། ཁ་མ་བྱིན་ལྟུང་བྱེད་དོ།། འབྲས་བུ ་སྨིན་ན་ཉེས་བྱས་སོ།། འབྲས་བུ་མ་སྨིན་ན་ལྟུང་བྱེད་དོ།། རྩ་ཉམས་པར་གྱུར་ཅིག་རྩ་རབ་ཏུ་ཉམས་པར་གྱུར་ཅིག་ཅེས། རྩ་སྔོན་པོའི་སྟེང་དུ་འཆག་པར་བྱེད་ན་ལྟུང་བྱེད་དོ།། ་དེ་བཞིན་དུ་ཁུ་ཚན་ལ་སོགས་པ་ལ་ཡང་ལྟུང་བྱེད་དོ།། ཉམས་པར་གྱུར་ཅིག་ཉམས་པར་གྱུར་ཅིག་ཅེས་ཤིང་ངམ་ཡལ་ག་འདྲེན་ན་ལྟུང་བྱེད་དོ།། འདྲེན་པའི་བསམ་པ་དང་འཆག ་པའི་བསམ་པ་ཡིན་ན་ལྟུང་བྱེད་དོ།། ཆུ་དྲེག་ཉམས་པར་གྱུར་ཅིག་འཆག་ན་ཉེས་བྱས་སོ།། ཁུ་ཚན་དང་ཤིང་ལ་སོགས་པ་ལ་ཡང་ངོ་།། འཆག་པའི་བསམ་པས་ཡིན ་ན་ལྟུང་བ་མེད་དོ།། ཉ་ལྕིབས་ཆུ་ནས་ཇི་སྲིད། མ་བཏོན་པ་དེ་སྲིད་དུ་ཉེས་བྱས་སོ།། བཏེན་ན་ལྟུང་བྱེད་དོ།། རྩ་བ་མེད་པའི་ས་བོན་གྱི་ཁམས་འབྱིན་ན་ཉེས་བྱས་སོ།། ་ཉ་ཚང་དང་པ་བ་ལྐོ་ལྷོ་དང་། ཤ་མོ་འབྱིན་ན་ཉེས་བྱས་སོ།། བུམ་པའི་འདམ་སྐྱ་བོ་འཕྱི་ན་ཉེས་བྱས་སོ།། ཁ་ཟས་འདམ་སྐྱ་བ་ཟ་ན་ཉེས་བྱས་སོ།། གལ་ཏེ་རུང་བར ་བྱས་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་དང་པོ་རྫོགས་སྷོ།། ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ་མཛའ་བོ་དང་། ས་ལས ་སྐྱེས་ཀྱིས། དྲུག་སྡེ་རྣམས་ཀྱི་མདུན་དུ། ཚེ་དང་ལྡན་པ་གྱད་བུ་ནོར་ལ་འཕྱ་བར་བྱེད་པ་ན། དེ་བཞིན་དུ་དགེ་སློང་མ་མཛའ་མོ་ཞེས་བྱ་བ་ཡང་བཅུ་གཉིས་སྡེ་རྣམས་ཀྱིས ་མདུན་དུ་གྱད་བུ་ནོར་ལ་འཕྱ་བར་བྱེད་དོ།། དེ་ནས་དགེ་སློང་མ་གནས་བརྟན་གནས་བརྟན་དག་གིས་འདི་སྐད་ཅེས་སྨྲས་སོ།། མཛའ་མོ་འཁོར་གྱི་གཙོ་བོ་ལ་མ་འཕྱ་ཞིག ་དེ་ལ་དེ་སྐད་དུ་བསྒོ་བ་ན། འོན་ཀྱང་འཕྱ་བར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དགེ་སློང་མ་དག་དགེ་སློང་མ་མཛ་མོ་ངོར་འཕྱ་བའི་གྲངས་སུ་ཆུག་ཤིག། གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ་གནས་མལ་བཤམ་པ་བྱས་ནས། ཞེས་བྱ་བ་ནས་འཕག ་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མཛའ་མོ་འདི། ཚེ་དང་ལྡན་པ་གྱད་བུ་ནོར་ལ་ངོར་འཕྱ་ལགས་ཀྱིས་གལ་ཏེ་འཕགས་མའི་དགེ ་འདུན་གྱིས་དེས་ལ་བབ་ཅིང་བཟོད་ན་འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིང་དང་དགེ་སློང་མ་མཛ་མོ་ངོར་འཕྱ་བའི་གྲངས་སུ་སྩལ་ཏོ།། འདི་ནི་གསོལ་བའོ།། ་དེ་བཞིན་དུ་ལས་ཀྱང་བརྗོད་པར་བྱའོ།། འོན་ཀྱང་གཞུག་འཕྱས་ཀྱིས་འབྱ་བར་བྱེད་པ་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག། ་དགེ་སློང་མ་མཛའ་མི་གཞོག་འཕྱས་བྱེད་པའི་གྲངས་སུ་ཆུག་ཤིང་ཅེས་བྱ་བའི་བར་ཏེ། འདི་ནི་གསོལ་བའོ།། ལས་ཀྱང་བརྗོད་པར་བྱའོ།། ཕྱི་ནས་གཞོག་འཕྱས ་དང་། ངོར་འཕྱ་བ་གཉིས་ཀ་བྱེད་ནས་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་མཛའ་མོ་གཉིས་གར་འཕྱ་བའི་གྲངས་སུ་ཆུག་ཤིག། ་ཅེས་བྱ་བའི་བར་ཏེ་གསོལ་བ་དང་ལས་ཀྱང་བརྗོད་པར་བྱའོ།། དེ་དེ་ལྟར་བསྒོ་ཡང་འཕྱ་བར་པན། དོན་ཉུང་བའི་དགེ་སློང་མ་དག་སྡོད་པར་བྱེད་པའི ་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། འཕྱ་འམ་གཞོག་འཕྱས ་བྱེད་ན་ལྟུང་བྱེད་དོ།། འཕྱ་འམ་ཞེས་བྱ་བ་ནི་འཕྱ་བའི་བསམ་པ་ཅན་གྱི་གང་དག་དང་ཚིག་དང་། བརྗོད་པ་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། དེ་ལ་ལྟུང་བ ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་གྲངས་སུ་བཅུག་པས་ཡང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་མ་བཅུ་གཉིས་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ན་ལྟུང ་བྱེད་དོ།། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་བྱས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས་སུ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས ་བསྐོས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་བཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དེ།། གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ལྟུང ་བྱེད་དོ།། དགེ་སློང་མ་གྲངས་སུ་བཅུག་པར་གྱུར་པས་ཡང་དགེ་འདུན་གྱིས་མ་སྐྱེས་པའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་མ་གཏང་བ་རྣམས་ལ་འཕྱ་ན་ལྟུང་བྱེད་དོ།། ་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། དགེ་སློང་མ་གྲངས་སུ་བཅུག་པར་མ་གྱུར་པས་ཀྱང་དགེ་འདུན་གྱིས་མ་བསྐོས ་བའི་དགེ་སློང་མ་བཅུ་གཉིས་པོ་སྦྱོར་བ་བཏང་བ་རྣམས་ལ་འཕྱན་ལྟུང་བྱེད་དོ།། གཞག་འབྱས་བྱེད་ན་ལྟུང་བྱེད་དོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ལྟུང་བྱེད་དོ།། ་དགེ་སློང་མས་གྲངས་སུ་བཅུག་པར་མ་གྱུར་ཀྱང་དགེ་འདུན་གྱིས་བསྐོས་པའི་དགེ་སློང་མ་བཅུ་གཉིས་སྦྱོར་བ་མ་བཏང་བ་རྣམས་ལ་འཕྱ་ཉེས་བྱས་སོ།། གཞོག་འཕྱས ་བྱེད་ན་ཉེས་བྱས་སོ།། འཕྱ་བ་དང་གཞོག་འཕྱས་བྱེད་ན་ཉེས་བྱས་སོ།། དེ་བཞིན་དུ་མུ་གཞན་གསུམ་རྒྱས་པར་བརྗོད་པར་བྱའོ།། ལྟུང་བྱེད་གཉིས་པའི་གཉིས ་པ་རྫོགས་སྷོ།། ། གླེང་གཞི་ནི་ཀོའུ་ཤམ་འབི་ནའོ།། དེ་ན་དགེ་སློང་མ་འདུན་མ་ལ་ལྟུང་བ་བྱུང་བ་དང་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན་འདོད ་པ་ཕན་པར་འདོད་པ་རེག་པར་འདོད་པ་རྣམས་ཀྱིས་སྨྲས་པ་ཕུ་ནུ་མོ་ཁྱོད་ལ་ལྟུང་བ་བྱུང་གིས་དེ་ཤོགས་ཤིག། དགེ་སློང་མ་དེ་རྣམས་ཀྱི་བསྒོ་བ་བཅག་པའི་སྐབས་དེ་དགེ ་སློང་མ་རྣམས་ཀྱིས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དགེ་དགེ་སློང་མ་འདུན་མ་བསྒོ་བ་བཙོག་པའི ་གྲངས་སུ་ཆུག་ཤིག། གྲངས་སུ་གཞུག་པ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ནས་ཞེས་བྱ་བ་ནས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ། ་གསེན་དུ་གསོལ། དགེ་སློང་མ་འདུན་མ་འདི་ལྟུང་བ་བྱུང་ནས། དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་དོན་འཚལ་བ། སྨན་པར་འཚལ་བ་བདེ་བར་འཚལ་པ་རེག ་པར་འཚལ་བ་གྲུབ་པ་དང་བདེ་བར་འཚལ་པ་རྣམས་ཀྱིས་སྨྲས་པ། འདུན་མ་ཁྱོད་ལ་ལྟུང་བ་བྱུང་གིས་དེ་ཤོགས་ཤིག་ཅེས་བགྱིས་ན། དེ་དགེ ་སློང་མ་དེ་རྣམས་ཀྱི་བསྒོ་བ་བཅོག་པར་བགྱིད་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འདི་ལྟར་འཕགས་མའི་དགེ་འདུན ་གྱིས་གནང་བར་མཛོད་ཅིག་དང་། དགེ་སློང་མ་འདུན་མ་བསྒོ་བ་བཅོག་པའི་གྲངས་སུ་སྩལ་ཏོ།། འདི་ནི་གསོལ་བའོ།། དེ་ཁོ་ན་བཞིན་ལས་ཀྱང་བྱའོ།། ་དེ་འདི་སྙམ་དུ་མ་ལ་བདག་གིས་ཁ་དོག་པ་འམ། བདག་གིས་སྨྲས་པར་གྱུར་ན་བདག་གྲངས་སུ་བཅུག་པར་མི་འགྱུར་བ་ཞིག་སྟེ་འདི་ལྟར་ལ་ལས་ཀྱང་། སྐྱེས་བུ ་མཁས་པར་ལྡན་པ་ཡིས།། དག་རྣམས་བཞི་པོ་བསྲུང་བྱ་སྟེ།། ནགས་ཀྱི་ནང་ན་གོང་མ་བསྲེག། སྒྲ་འབྱིན་པས་ནི་ཟིན་ལ་བལྟོས།། ཞེས་སྨྲས་སོ་སྙམ་དུ་བསམ ་ནས་དེ་ཅང་མི་སྨྲ་བས་དགེ་སློང་མ་རྣམས་ཀྱི་བསྒོ་བ་བཅོག་གོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉིས་གས་གཅོག་པའི་གྲངས་སུ ་གཞུག་པར་བྱ་སྟེ། གསོལ་བ་དང་ལས་བྱའོ།། དེ་ལ་བསྒོ་བ་ན་འོན་ཀྱང་གཅོག་པར་བྱེད་པ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས ་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི། ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། བསྒོ་བ་བཅོག་ན་ལྟུང་བྱེད་དོ།། བསྒོ་བ་གཅོག་པ་ཞེས་བྱ་བ་ནི་བསྒོ་བ་བཅག་པའི་བསམ་པ་ཅན་གྱི་གང ་ངག་དང་ཚིག་དང་བརྗོད་པ་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་དགེ་སློང ་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ཀྱིས་དགེ་སློང་མ་སྐྲ་བྲེགས་ནས་རིང་པོ་མ་ལོན་པ་སྣམ་སྦྱར་དམར་སེར་ཅན་ལྷུང་བཟེད་ཞ་ཉེའི་དབྱར་འདབ་ཅན། མར་གྱིས ་ལྷུང་བཟེད་བཀང་བ་འམ། སྦྲང་རྩིས་ལྷུང་བཟེད་བཀང་བ་འམ། འོ་མས་ལྷུང་བཟེད་བཀང་པས་འགྲོ་བ་ཞིག་མཐོང་ངམ་ཞེས་ཟེར་བ་དེ་ལ། དེས་འདི་སྐད ་ཅེས་དགེ་སློང་མ་རྐང་གིས་འགྲོ་བ་ཞིག་མཐོང་ངོ་ཞེས་ཟེར་ན་གཞན་དྲིས་ན་ལན་གཞན་ལྡན་པར་བྱེད་ཅིང་བསྒྲེ་བ་བཙོག་པའི་བསམ་པས། ཡིན་ན་ལྟུང་བྱེད་དུ ་འགྱུར་རོ།། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་ཁྱོད་ཀྱིས་དགེ་སློང་མའི་སྐྲ་བྲེགས་ནས་རིང་པོ་མ་ལོན་པ་སྣམ་སྦྱར་དམར་སེར་ཅན་ལྷུང ་བཟེད་ཞ་ཉེའི་དབྱར་འདབ་ཅན་ཁར་སིལ་ལྕགས་ཀྱིས་དཀྲིས་པར་བྱུང་བ་ཞིག་མཐོང་ངམ་ཞེས་ཟེར་བ་ན་ཞེས་བྱ་བ་ནས་གཞན་ཐམས་ཅད་བརྗོད་དེ་བསྒོ་བ་བཅག་པའི ་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ།། ཞེས་བྱ་བའི་བར་རོ།། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་སྟེ་ཁྱོད་ཀྱིས་ལམ་འདི་ནས་ཁྱིམ་པ་རམ་ཤིང་གི་ཁུ་རམ ་འདམ་བུ་འམ། སྨྱིག་མ་འམ། མདའ་ཁུར་རམ། མར་གྱི་བུམ་པ་འམ། འབྲུ་མར་རམ། སྦྲང་རྩི་འམ། བུ་རམ་གྱི་དབུ་བའི་བུམ་པས་འགྲོ ་བ་མཐོང་ངམ་ཞེས་ཟེར་ན། འདི་སྐད་ཅེས་ཁོ་མོས་ཁྱིམ་པ་རྐང་པས་འོངས་པ་ཞིག་མཐོང་གི་རྒྱུ་གཞན་དག་གིས་ནི་མ་ཡིན་ནོ་ཞེས་ཟེར་ཏེ་གཞན་དྲིས་ན་ལན་ལྡོན་པར ་བྱེད་ཅིང་བསྒོ་བ་བཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མ་དགེ་སློང་མའི་དྲུང་དུ་སོང་ནས་འདི་སྐད་ཅེས་ཁྱོད་ཀྱིས་ལམ་འདི་ནས་ཁྱིམ་པ་མོ ་ཐམས་ཅད་སྔོ་བ་འམ། ཐམས་ཅད་སེར་བ་འམ་ཐམས་ཅད་དམར་བ་འམ་ཐམས་ཅད་དཀར་བ་བགོས་པས་འགྲོ་བ་མཐོང་ངམ་ཞེས་འདྲི་བ་ན། ཁོ་མོས་ཁྱིམ་པ་མོ ་རྐང་གིས་འགྲོ་བ་ཞིག་མཐོང་ངོ་ཞེས་ཟེར་ཏེ་གཞན་དྲིས་ན་ལན་གཞན་ལྗོན་པར་བྱེད་ཅིང་། བསྒོ་བ་བཅོག་པའི་བསམ་པས་ཡིན་ན་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ ་གཤེད་མའི་དྲུང་ནས་བྲོས་པ་ཞིག། གཤེད་མས་རྗེས་ལ་ཐོགས་ལ་དེ་དགེ་སློང་མའི་དྲང་སོང་ནས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་ལམ་འདི་ནས་གསང་བ་ཞིག ་བྲོས་པ་གཟིགས་སམ་ཞེས་དྲིས་ན་དེས་དེ་ལ་གསོད་པའི་གཤེད་མ་ལ་རིགས་པས་བརྗོད་པར་བྱ་སྟེ། གལ་ཏེ་ཚ་བའི་དུས་ཡིན་ན། གཞིན་བཟངས་རེ་ཤིག་ཡུད ་ཙམ་ཞིག་ངལ་སོ་ཤིག། རེ་ཤིག་ཆུ་དྲང་མོ་དག་འཐུང་ཤིག་ཅེས་བསིལ་གཡབ་དག་གིས་གཡབ་པར་བྱའོ།། གལ་ཏེ་གྲང་པའི་དུས་མ་ཡིན་ན་འདི་སྐད་ཅེས་བཞིན ་བཟངས་རི་ཤིག་བསྲོ་གང་དུ་ཞུགས་ཤིག། ཡུད་ཙམ་ཞིག་གནས་དྲོན་པོར་ངལ་སོ་ཤིག་ཅེས་བརྗོད་པར་བྱའོ།། གལ་ཏེ་གཤེད་མ་དེ་འདི་སྐད་ཅེས་བདག་རིངས་ཀྱིས ་ཐོང་ཤིག་ཅེས་ཟེར་ན། དེ་ལ་འདི་སྐད་ཅེས་ན་མཁའ་ལ་བལྟས་ཏེ། ནམ་མཁའ་མཐོང་ངོ་ཞེས་བརྗོད་པར་བྱའོ།། དེ་བཞིན་དུ་སེན་མོ་ལ་བལྟས་ཏེ། སེན་མོ་མཐོང ་ངོ་ཞེས་བརྗོད་པར་བྱའོ།། གལ་ཏེ་གཤེད་མ་ཟིན་པོ་ཞིག་སྟེ་འདི་སྐད་ཅེས་བདག་རྣམ་པ་འདི་དག་མི་འདྲིའོ།། བདག་ནི་གསད་པ་འདྲིའོ་ཞེས་ཟེར་ན། དགེ་སློང ་མ་དེས་འདུ་བྱེད་ཐམས་ཅད་སྟོང་པ་ཉིད་དུ་ལྷག་པར་མོས་པར་བྱས་ལ་ཅུང་ཟད་ཀྱང་མཐོང་བ་མེད་དོ།། ཞེས་བརྗོད་པར་བྱའོ།། དགེ་སློང་མ་དགེ་སློང་མའི་དྲུང་དུ ་སོང་སྟེ། དེ་སྐད་ཅེས་འདྲི་བ་ལ་གལ་ཏེ་དགེ་སློང་མས་ཅང་མི་སྨྲ་བས་གཅོག་ན་ལྟུང་དུ་འགྱུར་རོ།། གལ་ཏེ་ན་བའི་སྨན་ཁུར་བཅུག་པར་གྱུར་པ་འམ། ཁའི་ནད་གྱིས་ཐེབས ་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་གསུམ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང ་རྣམས་ཀྱིས་བླ་གབ་མེད་པའི་གནས་མལ་རབ་ཏུ་མང་པོ་གཟིགས་ནས་བསླབ་པའི་གཞི་བཅའ་བར་མཛད་པ་དང་། དེ་ན་རང་བཞིན་དུ་གནས་པའི་དགེ་སློང་མ་དག་སི་ན་བ་དེ ་བསླབ་པའི་གཞི་དེའི་རྗེས་སུ་བསྨྲ་བར་བྱེད་དོ།། དེ་ནས་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་བླ་གབ་མེད་པའི་གནས་མལ་རྣམས་པ་བརྟུལ་བར་མཚམས་ཀྱི་ཕྱི་རོལ་དུ་དོང་ངོ་དོ།། ་དེ་ནས་དགེ་སློང་མ་གནས་བརྟན་གནས་བརྟན་དེ་དག་གིས། བཅུ་གཉིས་སྡེ་དེ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས ་བསླབ་པའི་གཞི་མ་བཅས་པའི་གཞི་མ་བཅས་སམ། དེ་དག་གིས་འདི་སྐད་ཅེས་བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི། དགེ་སློང་རྣམས་ཀྱིས་ཡིན་གྱི་དགེ་སློང་མ ་རྣམས་ཀྱིས་ནི་མ་ཡིན་ནོ།། ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པའི་གཞི་བཅའ་བ་མཛད་པ་དེ་ནི། གཉི་གའི་ཐུན་མོང་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་ལྟར་བླ་གབ་མེད་པར་གནས ་མལ་བཞག་པར་མི་བྱའོ་ཞེས་བཅའ་བ་མཛད་པ་དང་། དེ་ནས་དུས་གཞན་ཞིག་ན། དགེ་སློང་མ་རྣམས་དོན་འཐུན་དང་ལྷན་ཅིག་འགྲོགས་ཏེ། རི་འོར་ཞིག་ཏུ་ཕྱིན་པ་དང་། ་དེ་རྣམས་ཀྱིས་གཙུག་ལག་དེར་གནས་མལ་རྙེད་ནས་ཕྱི་དེ་ཉིད་པར་གནས་མལ་གཏོང་བ་ན། དོན་འཐུན་དང་ཡང་བྲལ་དེ་དག་འབའ་ཤིག་དོ་བ་ལས། ཚོན་རྐུན་པ་རྣམས་ཀྱིས ་གཏོགས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོལ་ཏེ་འདོང་པར་བྱའོ།། ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་གཙུག་ལག་ཁང་ན་གནས་ན། དགེ་སློང་ལ་བཅོལ་བར་བྱའོ།། ་དབྱར་ཁང་ན་གནས་ན་དགེ་སློང་མ་ལ་བཅོལ་བར་བྱའོ།། དེ་དག་དེ་རྣམས་ལ་འཆོལ་བ་ན་ཡང་ཐོགས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ ་བཅོལ་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། གཙུག་ལག་ཁང་འདི་རེ་ཞེས་བྱ་བ་དང་། གཙུག་ལག་ཁང་ལྟོས་ཤིག་ཅེས་བྱ་བ་དང་གནས་མལ་འདེ་རེ་ཞེས་བྱ་བ་དང་། གནས་མལ་ལྟོས ་ཤིག་ཅེས་བྱ་བ་དང་། སྒོ་ལྕགས་གཞུག་པ་ཉིད་ནི་ལྔ་པ་ཡིན་ཏེ། དེ་ལྟར་བྱས་ནས། དེའི་འོག་ཏུ་འདོང་བར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ ་བསླབ་པ་འདོད་པ་དང་། བསློབ་པ་ལ་གུས་པའི་བསྔགས་པ་བརྗོད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ། དགེ་འདུན་གྱི་ཁྲི་འམ ་ཁྲིའུ་འམ་སྟན་ནང་ཚང་རྟ་ཅན་ནམ། ལ་བའམ་སྔས་སམ། གོར་བུ་བཏིང་བ་མ་བསྡུས་སམ། སྡུད་དུ་མ་བཅུག་གམ། དགེ་སློང་མ་ཡོད་པ་ལ་མ་བཅོལ་བར་དེའི་འོག ་ཏུ་དོང་ན། དེ་འདྲ་བའི་རྐྱེན་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན ་ཐོས་མའི་དགེ་འདུན་གྱིའོ།། གཙུག་ལག་ཁང་ཞེས་བྱ་བ་ནི། གང་དུ་སྤྱོད་ལམ་བཞི་ཤོང་བའོ།། ཁྲི་ཞེས་བྱ་བ་ཉལ་བའི་འོ།། ཁྲིའུ་ཞེས་བྱ་བ་འདུག་པའོ།། སྟན ་ནོང་ཚངས་ཅན་ཞེས་བྱ་བ་ནི་ཤིང་བལ་ཅན་ནོ་ལ་བ་ཞེས་བྱ་བ་ལྭ་བའོ།། སྔས་ཞེས་བྱ་བ་ནི་སྔས་སུ་གཞུག་པའོ།། གོང་བུ་ཞེས་བྱ་བ་ནི་གྲུབ་བཞིའོ།། བླ་གབ་མེད་པར ་ཞེས་བྱ་བ་ནི་བར་སྣང་ངོ་།། བཏིང་བ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ།། གདེང་དུ་གཞུག་པ་ཞེས་བྱ་བ་ནི་གཞན་ནོ།། མ་བསྡུས་སམ་ཞེས་བྱ་བ་ནི་རང ་གིས་སོ།། སྡུད་དུ་བཅུག་པར་ཞེས་བྱ་བ་ནི་གཞན་ནོ།། དེའི་འོག་ཏུ་དོང་ན་ཞེས་བྱ་བ་ནི་ཉེན་ཀོར་སྤངས་ནས་སོ།། གནས་མལ་གྱི་ཉེན་ཀོར་དང་ཞེ་ན། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། མདོམ་བཞི་བཅུ་རྩ་དགའོ།། ཕན་ཚུན་ཏུ་གྱུར་ན་ལྟུང་བྱེད་དོ།། ཕན་ཚུན་དུ་མ་གྱུར་ན་ཉེས་བྱས་སོ།། སངས་རྒྱས་བཅོམ་ལྡན་འདས་ལ། ཚེ ་དང་ལྡན་པ་ཉེ་བ་འཁོར་གྱིས་ཞེས་པ། བཙུན་པ་གནས་མལ་ཕན་ཕུན་དུ་འགྱུར་བ་དུ་མཆིས། ཉེ་བ་འཁོར་གཉིས་ཏེ། གཉིས་གང་ཞེ་ན། ཆར་གྱིས་ཕན་ཕུན་དུ་འགྱུར ་པ་དང་། རླུང་གིས་ཕན་ཕུན་དུ་འགྱུར་བའོ།། ཆར་གྱིས་ཕན་ཕུན་དུ་འགྱུར་བ་གང་ཞེ་ན། ཉེ་བ་འཁོར་གལ་ཏེ། ཆར་གྱི་ཆུས་གནས་མལ་རིམ་པ་གཉིས་རླན་པར་གྱུར་ན ་ལྟུང་བྱེད་དུ་འགྱུར་རོ།། མ་རླན་ན་ཉེས་བྱས་སོ།། འདི་ནི་ཆར་གྱིས་ཕུན་ཕུན་དུ་འགྱུར་བ་ཞེས་བྱའོ།། གལ་ཏེ་རླུང་གིས་རིམ་པ་གཉིས་བཟློག་པར་གྱུར་ན་ལྟུང་བྱེད་དུ ་འགྱུར་རོ།། མ་བཟློག་ན་ཉེས་བྱས་སོ།། གལ་ཏེ་ལམ་དུ་ཞགས་པ་ན་དྲན་ན་དེས་སེམས་བསྐྱེད་པར་བྱ་ཞིང་། ཚིག་ཏུ་ཡང་བདག་གིས་གནས་འདི་འདྲ་བ་ཞིག་ཏུ་གནས་མལ ་བཞག་པ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་བརྟུལ་གྲང་ཞེས་བརྗོད་པར་བྱ་བ་ལ་ལྟུང་བ་དེ་ཡང་སླར་ཆོས་བཞིན་བྱའོ།། ལམ་དུ་དགེ་སློང་མ་མཐོང་ན་ཐན་བཏའ ་བར་བྱ་ཞིང་། གར་སོན་ཡང་ཐན་བཏའ་བར་བྱ་ལ། ལྷུང་བ་དེ་ཡང་སླར་ཆོས་བཞིན་བྱའོ།། དགེ་སློང་མ་ཡོད་པ་མལ་བཅོལ་བ་ཞེས་བྱ་བ་ནི། དེ་ན་ཡོད་པའི་དགེ་སློང་མ་གང་ཡིན ་པའོ།། དེ་ལྟ་བུ་གཏོགས་ཏེ་ཞེས་བྱ་བ་ནི། དེ་སྲོག་གི་བར་ཆད་དུ་འགྱུར་བ་གང་ལེན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཆུང་ཟད་དགེ་འདུན་གྱིས་གཙུག་ལག་ཁང་དུ། དགེ་འདུན་གྱི་ཁྲི་དང་། ཁྲིའུ་དང་། སྟན་ནང་ཚངས་ཅན་དང་། ཞེས་བྱ་བ་ནས་གནས་མལ་བླ་གབ་མེད་པར་བཏིང་ངམ། ་འདིང་དུ་བཅུག་པ་མ་བསྡུས་སམ་སྡུད་དུ་མ་བཅུག་པར་སོང་ན་ཐམས་ཅད་དུ་ལྷུལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་དུ་གནས་མལ་བླ་གབ་མེད་པར ་བཏིང་ངམ། འདིང་དུ་བཅུག་ལ། གཙུག་ལག་ཁང་དུ་ཞུགས་ནས། དྲན་པ་ཉེ་བར་མ་བཞག་པ་ཉེ་བར་གཞག་པ་འམ་སེམས་མཉམ་པར་མ་གཞག་པ་མ་ཉམས་པར་གཞག་པ ་འམ། སེམས་རྣམ་པར་མ་གྲོལ་བར་བྱའོ།། ཞེས་ནང་དུ་ཡང་དག་གཞག་ལ། ཐུན་དང་པོ་ཕྱེད་ཁོ་ནར་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན ་ཉེས་བྱས་སོ།། དེ་བཞིན་དུ་ཐུན་དང་པོ་ལ་བྱུང་བ་ན། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་དབུ་མ་ཕྱེད་ཁོ་ན་བྱུང་བ་ན་ཕན ་ཚུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐུན་དབུ་མ་ལ་བྱུང་བ་ན་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། ་དེ་བཞིན་དུ་ཐུན་ཐ་མ་ཕྱེད་ཁོ་ན་བྱུང་བ་ན། ཕན་ཚུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་ཐ་མ་ལ་བྱུང་བ་ན་ཕན་ཚུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཚུན ་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་སྐྱ་རེང་ཀར་ཤའི་དུས་ཀྱི་ཚེ་བྱུང་བ་ན་ཕན་ཚུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཚུན་དུ་མ་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ་གླང་པོ ་ཚེ་འདོན་པའི་དུས་ཀྱི་ཚེ་དང་། དེ་བཞིན་དུ་གླང་པོ་ཆེ་བཏོན་པ་དང་། དེ་བཞིན་དུ་ནམ་ཕན་ཕུན་དང་། དེ་བཞིན་དུ་ནམ་ལངས་པ་དང་། དེ་བཞིན་དུ་ཉི་མ་འཆར་ཀའི་དུས་ཀྱི ་ཚེ་དང་། དེ་བཞིན་དུ་ཉི་མ་རྩེ་བ་དང་། དེ་བཞིན་དུ་གྲོས་བུ་ཆུང་དང་། དེ་བཞིན་དུ་ཕྱེད་ཡོལ་ན་བྱུང་བ་ན། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། ་དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་ཞེས་བྱ་བ་ནས། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ་བར་བྱའོ།། ཞེས་ནང་དུ་ཡང་དག་འཇོག་གི་ཕྱིར་ཞུགས་ནས། ཞེས ་བྱ་བའི་བར་རོ།། དུང་འབུད་པ་གསུམ་པ་ལ་བྱུང་ནས་ཞེས་བྱ་བ་ནས། ཉི་མ་ནུབ་ཀ་ནས་བྱུང་ནས་ཞེས་བྱ་བའི་བར་ཏེ། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུམ ་གྱུར་ན་ཉེས་བྱས་སོ།། གཞུང་བླ་མའི་བསྡུས་པའི་སྡོམ་ནི། ཆོས་ཉན་པ་དང་དེ་བཞིན་དུ།། ཟན་ཟ་བ་དང་དེ་བཞིན་གྲོང་།། གཙུག་ལག་ཁང་དུ་བཅོལ་བ་དང་།། ནད་པ་དང ་ནི་གནས་མལ་དང་།། ལྔ་ལ་བཅོལ་བར་མི་བྱ་དང་།། ཁྲི་གཅིག་ལ་ནི་གཉིས་འདག་པའོ།། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ།། དགེ་སློང་མའི་དབྱར་ཁང ་དུ་ལྷགས་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་ལྷན་ཅིག་འདྲདུ་འཛིའི་གཏམ་གྱིས་དུས་འདའ་བར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་འདུ ་འཛིའི་གཏམ་སྤྲས་པ་ནི་འཚམ་པ་མ་ཡིན་ནོ།། དེ་ལྟ་མོད་ཀྱི་ཆོས་ཤོད་ཅིག། དེ་དག་ལངས་ཏེ་གུས་ཤིང་མདུན་དུ་འདུག་ནས་ཆོས་འཆད་པར་བྱེད་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་ལ་ཆོས་བཤད་པར་བྱ་སྟེ། ཁྱིམ་པ་མོ་དེ་རྣམས་ལ་ཡང་སྟན་བསྟབས་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས ་ཀྱིས་འདུག་ལ་ཆོས་བཤད་པར་བྱའོ་ཞེས་བཀའ་སྩལ་བ་དང་། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་གྲལ་རིམས་སུ་ཤོམ་པར་བྱེད་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། སྟན་རྣམ་པ་གཉིས་པོ་ཟླ་གམ་ལྟ་བུ་འམ། གྲུ་བཞིར་གདིང་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་བཤད་པར་བྱའོ་ཞེས་བཀའ་སྩལ ་བ་ན། དེ་དག་གིས་གང་གིས་ཆོས་བཤད་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤོབས་པའི་མཐུ་དང་ལྡན་པར་གྱུར་པ་གང་ཡིན་པ་དེས། ་བཤད་པར་བྱའོ།། དེ་ནས་རྒན་རིམས་མཐུ་དང་ལྡན་པ་མ་ཡིན་པར་གྱུར་ནས། འོག་མ་གཞོན་རིམས་ངག་འཆད་པར་བྱེད་པ་ན་དེ་དག་རྒན་རིམས་ནས་གཞོན་རིམས ་སུ་དོང་ནས་ཉན་པར་བྱེད་པས། རྒན་རིམས་དེ་དག་མི་བརྗིད་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་སྨྲ་བའི་སེང་གེའི་ཁྲི་བཤམ་པར་བྱ ་ཞིང་། སེང་གེའི་ཁྲི་ལས་སྨྲ་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སེང་གེའི་ཁྲི་ལས་སྨྲ་བར་བྱའོ།། ཞེས་བཀའ་སྩལ་པ་དེའི་ཚེ། ་མདོ་རིང་པོ་དག་རྒྱས་པར་སྨྲ་བར་བྱེད་པ་ན་ཁྱིམ་པ་མོ་རྣམས་སྐྱོ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆ་གསུམ་པ་དང་ལྔ་པ་ནས། ཆ་གསུམ ་བ་དང་སྟོན་པ་ཡོངས་སུ་བསྒྲགས་པ་ལ་ཚར་བསྲང་སྟེ་སྨྲ་བར་གནང་ངོ་།། ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ཁྱིམ་བདག་མོ་རྣམས་ཟས་དག་གཡོ་བར་བྱེད་པ་ན ་དེ་རྣམས་སྣོད་སྤྱད་དག། རྙེད་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙོས་ཤིག་སྟན་དག་རྙེན་པར་བྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྙེས་ཤིག ་དེ་ནས་དེ་དག་གྲོང་དུ་འགྲོན་དུ་འབོད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་དོང་ལ་ལོངས་སྤྱད་པར་བྱའོ།། དེ་ནས་ཁྱིམ་བདག་མོ་རྣམས་ཀྱིས་དེ་དག་ལ་འདི ་སྐད་ཅེས་འཕགས་མ་དག་ཁྱེད་ཅག་ཅིའི་སླད་དུ། ཆབ་སྣོད་དག་སྣོམས་ཏེ་མ་བྱོན་ཞེས་ཟེར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་བུམ་པ་དང་། ་རིལ་པ་དང་། སྟན་དང་། སེང་གེའི་ཁྲི་དག་བཀུར་བར་བྱའོ།། ཇི་ཙམ་ན་དགེ་སློང་མ་ནད་པ་ཞིག་ཡོད་པ་དེས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་འཆི་བར་འགྱུར ་རོ།། དེ་དག་གིས་འདི་ཅེས་སྨྲས་སོ།། ཅི་སྟེ། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ནད་པ་འདྲི་པ་འགའ་ཡང་མེད་དོ་ཞེས་བྱས་ནས་བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ནད་པ་ལ་ལྟ་བར་བྱའོ།། བལྟ་བར་མི་བྱ་ན་འགལ་ཚབས་ཅན་དུ་འགྱུར་རོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ནད་པ་ལ་བལྟ་བར་བྱའོ།། ཞེས་བཀའ་སྩལ་པ ་དང་། དེ་ཕྱིན་ཆད་འགན་དེ་བརྡུངས་ཏེ། དགེ་འདུན་ཐམས་ཅད་ནད་པ་ལ་ལྟ་བའི་ཕྱིར་འདོང་བ་ན། དེ་ནས་ནད་པས་མཐོང་ནས་གང་གི་ཕྱིར་དགེ་འདུན་ཐམས་ཅད་ལྷགས་པ་ལས ་ན། བདག་ནི་འཆི་བར་འགྱུར་གོར་མ་ཆག་གོ་སྙམ་ནས་སྐྲག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་གཅིག་གམ་གཉིས་འགྲོ་བར་བྱའོ།། ་དེར་དོང་པ་ན་སྟན་དག་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནད་འདྲི་བའི་ཆེད་དུ་སྟན་དག་གདིང་བར་བྱའོ།། གང་གི་ཚེ་བཏིང་བ་དེའི་ཚེ།། དེ་དག་འདི་སྙམ ་དུ་བཅོམ་ལྡན་འདས་ཀྱིས་བླ་གབ་མེད་པར་གནས་མལ་དོར་བར་མི་བྱ་ཞེས་གསུངས་སོ་སྙམ་དུ་སེམས་ཤིང་དེ་དག་དེ་ཉིད་ན་སྲུང་ཞིང་འཁོད་པ་ན། དེ་དག་གིས་སངས་རྒྱས ་དང་། ཆོས་དང་དགེ་འདུན་དང་། མཁན་པོ་དང་། སློབ་དཔོན་གྱི་བྱ་བ་གང་ཡིན་པ་དེ་དེས་ཉམས་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོལ་ལ ་འདོང་བར་བྱའོ།། དེ་དག་ནད་པ་ལ་འཆོལ་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ཞེས་བྱ་བ་ནས། རྐྱེན་ལྔས་གནས་མལ་བླ་གབ་མེད་པར། ་བོར་ཏེ་འདོང་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། ལྔ་པོ་དེ་དག་གང་ཞེ་ན། ཞེས་བྱ་བ་ནས། རྒས་པ་དང་། ངོ་ཚ་མེད་པ་དང་། བར་ཆད་དང་། བཅས་པ་དང་། ་འགྱོད་པ་མེད་པ་དང་། བསྙེན་པར་མ་རྫོགས་པའི་ཞེས་བྱ་བའི་བར་ཏེ། དེ་དག་རྐྱེན་དུ་བྱས་ནས་དོང་བར་མི་བྱའོ།། བྱེད་ན་འགལ་ཚབས་ཅད་དུ ་འགྱུར་རོ།། གཉིས་ཁྲི་གཅིག་ལ་འདུག་ན་གང་གིས་ཁྲི་བརྟུལ་བར་བྱ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་པས་སོ།། གཉིས་ཀ་གཞོན་པར་གྱུར་ན། ་གལ་ཏེ་བཟོད་ན་གཅིག་གིས་སོ།། ལྟུང་བྱེད་གཉིས་པའི་བཞི་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ལྷོ ་ལམ་ནས་འོངས་པའི་དགེ་སློང་ཞིག་ལ་བརྟེན་ནས་རྩ་བའི་གདིང་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། རང་བཞིན་དུ་གནས་པའི་དགེ་སློང་མ་དེ་རྣམས་ཀྱིས་ནི།། ་ཐོས་ནས་རྗེས་སུ་བསྒྲུབ་པར་བྱེད་དོ།། བཅུ་གཉིས་སྡེ་རྣམས་ཀྱིས་ནི་རྩའི་གདིང་བ་དག་བཏིང་ཞིང་། འདིང་དུ་བཅུག་ནས། མི་སྡུད་ཅིང་སྡུད་དུ་མ་བཅུག་གོ།། དེ་ནས་བཅུ ་གཉིས་སྡེ་རྣམས་ལ། དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག། བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། ཅིའི ་ཕྱིར་རྩའི་གདིང་བདག་བརྟུལ། དེ་དག་གིས་འདི་སྐད་ཅེས་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་རྣམས་ཀྱི་ཡིན་གྱི། དགེ་སློང་མ་རྣམས་ཀྱི་ནི་མ་ཡིན ་དགེ་སློང་མ་རྣམསནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དགེ ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང ་མ་གང་དགེ་འདུན་གྱི་གཙུག་ལག་ཁང་དུ་རྩའི་གདིང་བ་འམ། ལོ་མོའི་གདིང་བ་བཏིང་ངམ་འདིང་དུ་བཅུག་ནས་མ་བསྡུས་སམ་སྡུད་དུ་མ་བཅུག་གམ་དགེ་སློང་མ་ཡོད་པ་ལས ་བཅོལ་པར། དེ་ནས་སོང་ན་དེ་ལྟ་བུའི་རྐྱེན་མ་གཏོགས་དེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། རྩའི་གདིང་བ་ཞེས་བྱ་བ་ལ་རྩ་ཞེས་བྱ་བ་ནི ་རྩ་ཉིད་དོ།། ལོ་མ་ཞེས་བྱ་བ་ནི་ལོ་མ་ཉིད་དོ།། བཏིང་ངམ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སོ།། འདིང་དུ་བཅུག་པ་ཞེས་བྱ་བ་ནི་གཞན་གྱིས་སོ།། མ་བསྡུས་སམ་ཞེས་བྱ ་བ་ནི་རང་གིས་སོ།། བསྡད་དུ་མ་བཅུག་གམ་ཞེས་བྱ་བ་ནི་གཞན་ནོ།། དེ་ནས་སོང་ན་ཞེས་བྱ་བ་ནི། ཉེན་ཀོར་སྤངས་ནའོ།། གདིང་བའི་ཉེན་ཀོར་གང་ལགས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོམ་བཞི་བཅུ་རྩ་དགུ་སྟེ། ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། ཉེ་བར་འཁོར་གྱིས་ཞུས་པ། ་གདིང་བ་ལ་ཕན་ཕུན་དུ་འགྱུར་བ་དུ་མཆིས། ཉེ་བ་འཁོར་གཉིས་ཏེ། རླུང་གིས་ཕན་ཕུན་དུ་འགྱུར་བ་དང་། སྲིལ་གྱིས་ཕན་ཕུན་དུ་འགྱུར་བའོ།། རླུང་གིས་པན་ཕུན་དུ་འགྱུར ་བ་གང་ཞེ་ན། རླུང་གིས་གདིང་བ་རིམ་གཉིས་ཟློག་པར་གྱུར་པ་སྟེ། ལྟུང་བྱེད་དུ་འགྱུར་རོ།། མ་བཟློག་ན་ཉེས་བྱས་ཏེ། འདི་ནི་རླུང་གིས་ཕན་ཕུན་དུ་གྱུར་པ་ཞེས་བྱའོ།། ་སྲིལ་གྱིས་ཕན་ཕུན་དུ་གྱུར་པ་གང་ཞེ་ན། གལ་ཏེ་སྲིལ་རྣམས་ཀྱིས་གདིང་བ་རིམ་གཉིས་གྲོངས་པར་གྱུར་པ་སྟེ། གྲོངས་ན་ལྟུང་བྱེད་དོ།། མ་གྲོངས ་ན་ཉེས་བྱས་སོ།། ལམ་དུ་དོང་བ་དྲན་ན་ཞེས་བྱ་བ་ནས། གནས་མལ་ལ་ཇི་ལྟ་བ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གང་ཡང་དགེ་སློང་མས། དགེ་འདུན་གྱི་གཙུག་ལག་ཁང་དུ་རྩའི་གདིང་བ་འམ་ལོ་མའི་གདིང་བ་བཏིང་ངམ། འདིང་དུ་བཅུག་ནས། ་མ་བསྡུས་སམ་སྡུད་དུ་མ་བཅག་པར་ཇི་སྲིད་དུ་ཉེན་ཀོར་སྤངས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཡང་དགེ་སློང་མ་གང་ཞིག་དགེ་འདུན་གྱི་གཙུག་ལག་ཁང་དུ ་རྩའི་གདིང་བ་འམ། ལོ་མའི་གདིང་བླ་གབ་མེད་པར་བཏིང་ངམ། འདིར་དུ་བཅུག་ནས། གཙུག་ལག་ཁང་དུ་ཞུགས་ཏེ། དྲན་པ་ཉེ་བར་མ་བཞག་པ། ཉེ་བར་གཞག ་པ་དང་། སེམས་མཉམ་པར་མ་གཞག་པ་མཉམ་པར་གཞག་པ་དང་། སེམས་རྣམ་པར་མ་གྲོལ་བ་རྣམ་པར་གྲོལ་བར་བྱའོ།། ཞེས་ནང་དུ་ཡང་དག་གཞག་ལ ་ཐུན་དང་པོ་ཕྱེད་ཁོ་ན་བྱུང་ལ་ཕན་ཚུན་དུ་གྱུར་ན་ལྟུང་བྱེད་དོ།། ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། ཉི་མ་ནུབ་ཀ་ནས་ཞེས་བྱ་བ་ནས་ཕན་ཕུན་དུ་གྱུར་ན་ལྟུང་བྱེད་དོ།། ་ཕན་ཕུན་དུ་མ་གྱུར་ན་ཉེས་བྱས་སོ།། ཞེས་བྱ་བའི་བར་གནས་མལ་ལོ་ཇི་ལྟ་བ་བཞིན་དུ་རྒྱས་པར་སྦྱར་བར་བྱའོ།། ལམ་ཀར་གནས་མལ་བཏིང་བ་ལ་ཉལ་བར་དེ ་དག་འགྱོད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློད་པར་བྱའོ།། གློད་པར་མི་བྱེད་ན། འགལ་ཚབས་ཅན་དུ་འགྱུར་རོ།། དེ་ནས་ཕྱིས་དབྱར་ཁང ་དུ་མཚོན་རྩིའི་ལས་དག་བྱེད་པ་ན་དགེ་སློང་མ་རྣམས་ཀྱིས་རྩ་དག་བཀྲམ་པར་གྱུར་པ་དང་། བསླབ་པ་འདོད་པ་དེ་དག་གིས་རྩ་དེ་དག་བསྡུས་ནས་དབྱར་ཁང་གི་ཕྱི་རོལ་དུ་བོར་བ ་དང་། གཞན་དག་ཕོངས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་འགའ་ཞིག་སེམས་ལས་ཆུང་བར་གྱིས་ཤིག་ཅེས་ཟེར་ན་མི་དོར་རོ།། ་ལྟུང་བྱེད་གཉིས་པའི་ལྔ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་དབྱར་གྱི་ཐལ་ནས། རྒྱུ་ཞིང་སོང་བ་དང་། ་དེ་ནས་དགེ་སློང་མ་གཞོན་ནུ་རྣམས་ཀྱིས། མཁན་མོ་དང་སློབ་དཔོན་མ་དག་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་ཅག་ཀྱང་རྒྱུ་ཞིང་མཆི་ལགས་སོ།། དེ་དག ་གིས་དྲིས་པ་སུ་དང་ལྷན་ཅིག་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ་དགའ་མོ་དང་ངོ་།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། མ་འདེང་ཤིག། ཅིའི ་སླད་དུ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོ་ནི་གནས་ངན་ལེན་ཀུན་ཏུ་སྤྱོད་པ་ཡིན་ནོ་ཞེས་དེ་དག་གིས་དེ་ལྟར་བཟློག་ཀྱང་། དེ་དང་ལྷན་ཅིག་རྒྱུ་ཞིང་དོང ་སྟེ། དེ་དག་རྒྱུ་ཞིང་དོང་པ་ན་རི་འོར་ཞིག་ཏུ་ཕྱིན་ནོ།། དེ་ནས་གཞོན་ནུ་དེ་རྣམས་ཀྱི་རྩ་དག་བསླངས་ཏེ་གདིང་བ་བཤམས་ནས། དེ་དག་ཉལ་བ་དང་། སྦོམ་དགའ་མོས་དབུས ་སུ་འཆོངས་ནས་སྣང་བར་བྱས་ཤིང་ཕུལ་ཏེ་གོ་བཤུགས་ནས་འདི་སྐད་ཅེས་སུ་ལ་གནོད་པར་འགྱུར་བ་དེ་དག་འདོད་པར་འགྱུར་གྲང་ཞེས་སྨྲས་སོ།། ་དེ་ནས་དགེ་སློང་མ་དེ་རྣམས་ཕྱི་དེ་ཉིན་པར་སླར་ལོག་པ་དང་། དེ་ནས་དགེ་སློང་མ་སྦོམ་དགའ་མོས་དེ་དག་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱེད་ལ་ནད་ཀྱི་སྨན་ལ་སོགས ་པ་སྦྱར་བར་བྱའོ།། ཞེས་བྱ་བ་ནས་གཞོན་ནུ་མ་དེ་དག་གིས། སྐབས་དེ་མཁན་མོ་དང་སློབ་དཔོན་མ་དག་ལ་རྒྱས་པར་སྨྲས་སོ།། ཞེས་བྱ་བའི་བར་རོ།། དོན་ཉུང་བའི ་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར ་དུ་མཛད་དེ། ཡང་དགེ་སློང་མས་གང་དགེ་སློང་མ་རྣམས་སྔ་ནས་འཁོད་པར་ཤེས་བཞིན་དུ། དེའི་འོག་ཏུ་འོངས་ནས། སུ་ལ་གནོད་པར་འགྱུར་བ་དེ་འགྲོ་བར ་འགྱུར་བ་དེ་ཉིད་རྐྱེན་དུ་བྱས་ཏེ། ཕྱིས་གནོན་བྱས་ནས། སྟན་ལ་འདུག་པར་བྱེད་ན་ལྟུང་བྱེད་དེ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་ཤེས་བཞིན་དུ་ཞེས་བྱ་བ་ནི། བདག་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། སྔ་ནས་འཁོད་པར་ཞེས་བྱ་བ་ནི་སྔ་ནས་འདུག་པར་རོ།། ཕྱིས་གནོན ་བྱས་ནས་ཞེས་བྱ་བ་ནི་འཕྲལ་དུ་མཐུས་སོ།། སྟན་ལ་ཞེས་བྱ་བ་ནི་གདིང་བ་ལའོ།། འདུག་པར་བྱེད་ན་ཞེས་བྱ་བ་ནི་འདུག་པར་བྱེད་པ་འམ་ལྕེས་སྙོལ་བར་བྱེད་ནའོ།། ་སུ་ལ་གནོད་པར་འགྱུར་བ་ཞེས་བྱ་བ་ནི་གོ་མི་འཆུགས་པར་གང་ཡིན་པའོ།། དེ་འགྲོ་བ་འགྱུར་གྲང་ཞེས་བྱ་བ་ནི། དེ་ལངས་ཏེ་འགྲོ་བའོ།། དེ་ཉིད་རྐྱེན་དུ་བྱས་ཏེ་ཞེས་བྱ ་བ་ནི། གཞན་མ་ཡིན་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དག་སྔ་ནས་འཁོད་པར་ཤེས་བཞིན་དུ་སུ་ལུས་གནོད ་པར་འགྱུར་བ་དེ། འགྲོ་བར་འགྱུར་གྲང་ཞེས་ཕྱིས་གནོན་བྱས་ནས་སྟན་ལ་འདུག་པར་བྱེད་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ནད་པ་ཡིན་ན་ལྟུང་བ་མེད་དོ།། ་གལ་ཏེ་སྐྲག་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་དྲུག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འཁོར་དང ་བཅས་ཏེ། ལྗོངས་རྒྱུ་ཞིང་སོང་བ་ན། མཉན་ཡོད་དུ་ཕྱིན་ཏོ།། བཅོམ་ལྡན་འདས་ཀྱི་བསྟན་པ་ལ་དགེ་སློང་དང་། དགེ་སློང་མ་རྣམས་གནས་མལ་འགྱེད་པར ་བྱེད་པ་འདི་ནི་ལུགས་ཡིན་པས་དེ་ནས་དགེ་སློང་མའི་དབྱར་ཁང་གི་གནས་མལ་འགེད་པ་ན་སྦོམ་དགའ་མོའི་སྐལ་བར་སྟེང་གི་ཡང་ཐོག་ཅིག་བབ་པ་ལས། དེ་ཤེས ་བཞིན་དང་མི་ལྡན་པར། གནས་མལ་དེ་ལ་འདུག་སྟེ། དེ་འདུག་པ་ན། ཁྲིའི་ནང་པས་ཁང་ཐོག་བརྡོལ་བར་བྱས་ཏེ། ཁྲིའི་རྐང་པ་ལྷུམ་པས་དེའི་འོག་ཏུ་དགེ་སློང་མ ་ཞིག་ཡོད་པའི་མགོ་བོ་བརྟོལ་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད ་དེ།། ཡང་དགེ་སློང་མ་གང་སྟེང་གི་ཡང་ཐོག་ཏུ་ཁྲིའུའི་རྩ་བ་ལ་ལྗིད་ཀྱིས་མནན་ཏེ་ཉལ་ལམ་འདུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། གཙུག་ལག་ཁང་ཞེས་བྱ་བ་ནི་གང་དེ་སྦེད་ལམ་བཞི་ཤོང་བའོ།། སྟེང་གི་ཞེས་བྱ་བ་ནི ་ཁང་ཐོག་གི་སྟེང་ངོ་།། ཡང་ཐེག་ཞེས་བྱ་བ་ནི་གནས་ཁང་ངོ་།། རྩ་བ་འབྱུང་བ་ལ་ཞེས་བྱ་བ་རྐང་པ་འབྱུང་བའོ།། འདག་གམ་ཞེས་བྱ་བ་ནི་འདུག་པར་བྱེད་པའོ།། ཉལ ་ལམ་ཞེས་བྱ་བ་ནི་ལུས་སྙོལ་བར་བྱེད་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྟེང་གི་ཁང་ཐོག་གི་ཡང་ཐོག་ཏུ་ཁྲིའུ་འམ་ཁྲིའུའི་རྩ་བ ་འབྱུང་བ་ལ་འདུག་གམ་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་སོ་ཕག་གིས་གཡོགས་པ་འམ། སྤང་ལེབ་ཀྱིས་གཡོགས་པ་འམ། གླལ་བུ་འམ་ཤིང་། ་ལེབ་བམ། ཤིང་ལེབ་ཆུ་དུས་གཡོགས་པ་འམ། ཞལ་ཞལ་བྱས་པ་འམ། རྐང་བརྟེན་བཅུག་པ་ལ་ནི་ལྟུང་བ་མེད་དོ། ལྟུང་བྱེད་གཉིས་པའི་བདུན་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ།། སྲོག་ཆགས་དང་བཅས་པའི་ཆུས། རྩ་ལ་འདྲེས་པར་བྱེད། ས་དང་ལྕི་བ་ལ་ཡང ་འདེབས་པར་བྱེད་ནས། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། པུ་ནུ་མོ་སྲོག་ཆགས་དང་བཅས་པའི་ཆུས། རྩ་འམ་ལྕི་བ་ལ་མ་འདེབས་ཤིག། དེས་འདི་སྐད་ཅེས་ཅི་ཁོ་མོ་ལ ་པགྲངས་ཏེ་གཏད་དམ། ཤར་གྱི་རྒྱ་མཚོ་ཆེན་པོར་འདོད་ན་ཅི་ཉེས། ལྷོ་དང་ནུབ་ཀྱི་རྒྱ་མཚོ་ཆེན་པོར་འདོང་ན་ཅི་ཉེས་ཤེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སློང ་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ ་སློང་མ་གང་སྲོག་ཆགས་དང་བཅས་པའི་ཆུས། རྩ་འམ་ལྕི་བ་འམ་ས་ལ་འདེབས་སམ་འདེབས་སུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་སྲོག་ཆགས་དང་བཅས་པས་ཞེས་བྱ་བ་ལ། སྲེག་ཆགས་ནི་གཉིས་ཏེ། གང་དག་མིག་ལམ་ད་སྣང་བར་འགྱུར་བ་དང་། གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ།། ཆུ་དེས ་ཞེས་བྱ་བ་ནི་ཆུས་རྩ་འམ། ས་འམ། འཇི་བའམ། ལྕི་བའམ་ལུད་པའོ།། འདེབས་སམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། འདེབས་སུ་བཅུག་ན་ཞེས་བྱ་བ་ནི་གཞན ་དག་གོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། སྲོག་ཆགས་དང་བཅས་པའི་ཚུལ་སྲོག་ཆགས་དང་བཅས་པའི་ཆུ་འདུ་ཤེས་ཏེ། ་འདེབས་སམ་འདེབས་སུ་འཇུག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་སྲོག་ཆགས་དང་བཅས་པར་འདུ་ཤེས་ནས་འདེབས་སམ ་འདེབས་སུ་འཇུག་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མས་ཡུར་པ་འདྲེན་པར་བྱེད་ན། དེར་སྲོག་ཆགས ་ཇི་སྙེད་ཤི་བ་དེ་སྙེད་ཀྱི་ལྟུང་བྱེད་དུ་འགྱུར་རོ།། ཇི་སྙེད་མ་ཤི་བ་དེ་སྙེད་ཀྱི་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་རྒྱུན་གཅོད་པར་བྱེད་པ་དང་། ཞིང་གི་དཀའ་གཅོད་པ་དང་། འགོག ་ཅིང་གཏོང་བ་སྟེ། ཐམས་ཅད་དུ་ཇི་ལྟ་བ་བཞིན་དུ་འགྱུར་རོ།། ལྟུང་བྱེད་གཉིས་པའི་བརྒྱད་པ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར ་འབྱེད་པ།། ། བམ་པོ་བཅཝོ་བརྒྱད་པ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། བསོད ་ནམས་དག་ནི་བྱ་བ་སྟེ།། བསོད་ནམས་མ་བྱས་སྡུག་བསྔལ་འགྱུར།། འཇིག་རྟེན་འདི་དང་ཕ་རོལ་ཏུ།། བསོད་ནམས་བྱས་པ་དགའ་བར་འགྱུར།། ཞེས་བཀའ་སྩལ་པ ་དེའི་ཚེ། དགེ་སློང་མ་དེ་དག་གིས་གནས་ཁང་དང་། ར་བ་དང་། སྒོ་གང་ལ་སོགས་པ་བྱ་བར་བརྩམས་སོ།། དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་འདི་ལྟ ་བུ་བསོད་ནམས་ཀྱི་ཕུང་པོ་ལས་ཡོངས་སུ་ཉམས་སོ་སྙམ་དུ་བསམས་ནས། སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་། ཆོས་གོས་བླངས་ཏེ། ཚོང་དཔོན་གྱི་ཆུང ་མ་ཞིག་དྲུང་ད་སོང་ནས། སོན་པ་དང་། འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་ནད་མེད་པར་གྱུར་ཅིག། དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྦོམ་དགའ་མོའི ་སྟན་བཏིང་ངོ་།། དེ་ནས་སྦོམ་དགའ་མོ་སྟན་བཏིང་བ་ལ་འདུག་གོ།། འདུག་ནས་རྫས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་མདོ།། རྒྱས་པར་རྣམ་པར་ཕྱེ ་པས། ཁྱིམ་བདག་གི་ཆུང་མ་དེ་དད་པར་བྱས་ནས། སྐབས་འབྱེད་དུ་བཅུག་གོ་ཞེས་བྱ་བ་ནས། དེས་སྨྲས་པ། གཙུག་ལག་ཁང་གི་རྒྱུ་ཅུང་ཟད་ཅིག་བྱིན་ཅིག་ཅེས་བྱ་བའི ་བར་རོ།། དེ་ནས་སྦོམ་དགའ་མོས་དབྱར་ཁང་དེ་ལ། སྟོར་ཁུང་ཡང་མེད། ཆུ་ཁུང་ཡང་མེད་པ། སྦྱང་གི་དབྱིབས་ལྟ་བུ་ཞིག་བརྩིག་པར་བརྩམས་པ་དང་། དེ་ནས་དགེ ་སློང་མ་དེ་རྣམས་ཀྱིས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བཅོམ་ལྡན་འདས་ཀྱིས། སྒོ་ཁང་དང་། གཏན་པའི་གནས་ཇི་སྲིད་པར་འཆི་བའི་རིམ་པ་གཉིས ་སམ། གསུམ་བརྩིག་པར་བྱའོ་ཞེས་བཀའ་སྩལ་པ་ཡིན་ནམ། དེས་འདི་སྐད་ཅེས། དགེ་སློང་རྣམས་ལ་བཀའ་སྩལ་གྱི། དགེ་སློང་མ་རྣམས་ལ་མ་ཡིན་ནོ།། དེ་ལྟ ་མོད་ཀྱི། བུ་ཟན་གྱི་བུ་མོ་དག། ཀྱེ་ཁོ་མོ་སྡེ་སྣོད་གསུམ་པ་ཡིན་པས། གཙུག་ལག་ཁང་ཅི་འདྲ་བར་བརྩིག་པ་ཤེས་སོ།། ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ ་རྣམས་སྤོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང ་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་དུ་འཇུག་ན་བསྒོ་གང་དང་། གཏན་པ་དང་སྣང་བའི་གནས ་ཇི་ཙམ་པའི་འདུ་ཤེས་ཀྱིས། ས་བརྟག་པ་ནས་བཟུང་སྟེ། འཇི་བའི་རིམ་གཉིས་སམ་གསུམ་བརྩིག་པར་བྱའོ།། དེ་ལས་ལྷག་པར་བརྩིག་ན་ལྟུང་བྱེད་དོ།། ་ཆེན་པོ་ཞེས་བྱ་བ་ལ། ཆེན་པོ་གཉིས་ཏེ། སྦྱིན་པར་བྱ་བ་ལས་དང་། ཚད་ལ་སྟེ། དོན་འདི་ལ་ནི་སྦྱིན་པར་བྱ་བ་ལམ་ཡིན་པར་དགོངས་སོ།། གཙུག་ལག་ཁང་ཞེས་བྱ་བ ་ནི། གང་དུ་སྤྱོད་ལས་བཞི་ཤོང་པའོ།། བརྩིག་ཏུ་འཇུག་ན་ཞེས་བྱ་བ་ནི། བདག་ཉིད་དམ་གཞན་ནོ།། སྒོ་གང་དང་གཏན་པའི་གནས་ཤེས་བྱ་བ་ནི། སྒོ་གང་དང་སྐར་ཁུང་གི་འདུ ་ཤེས་དང་། ཆུ་ཁྱུང་གི་འདུ་ཤེས་སོ།། འཇི་བའི་རིག་པ་གཉིས་སམ་གསུམ་ཞེས་བྱ་བ་ལ་འཇིམ་པ་ཞེས་བྱ་བ་ནི་འཇི་བའོ།། རིམ་པ་ཞེས་བྱ་བ་ནི་རྩེ་མའོ།། བརྩིག་པར་བྱའོ། ་ཞེས་བྱ་བ་ནི། བསྐོང་བར་བྱའོ།། དེ་ལས་ལྷག་པར་བྱ་བ་ནི་དེ་ལས་གོང་དུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཇི་ཙམ་ཅུང་ཟད་འཇི་བའི་རིམ་པ་གཉིས་སམ་གསུམ་ལས་ལྷག་པར་བརྩིག་ན། ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་གཙུག་ལག་ཁང་རྡོ་བའི་རྒྱུ་ལས་བརྩིག ་གམ། གཙུག་ཁང་གི་བདག་པོ་རིངས་ན་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་དགུ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཚེ་དང་ལྡན ་པ་ཤ་རའི་བུ་གཅེར་བུ་པའི་འདུག་གནས་སུ་འདུག་ནས་ཁྱིམ་བདག་ཆུང་མ་དང་འཁོར་དང་བཅས་པ་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་རབ་ཏུ་བཞག་གོ། དེ་ཉིད་ལ་རབ་ཏུ་བརྟེན ་བ་ནས། སྲོག་ཆགས་ཁྲི་ཉིས་སྟོང་བདེན་པ་མཐོང་བར་བྱས་པ་ན། ཚེ་དང་ལྡན་པ་ཤ་རིའི་བུ་ལས་བརྟེན་ཏེ་ལེགས་པར་བརྟགས་ནས། བསླབ་པའི་གཞི་བཅའ་བ་མཛད་པ ་དེའི་ཚེ། བཅུ་གཉིས་སྡེ་རྣམས་འདུག་གནས་གཅིག་ཏུ་ཉལ་བར་བྱེད། འདག་གནས་གཅིག་ཏུ་ཟོས་ནས། བསོད་སྙོམས་ཕྱི་མ་ཤོས་ཀྱང་ཟ་བར་བྱེད་པ་དང་། རང་བཞིན་དུ ་གནས་པའི་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་འདག་གནས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་དམ། དེ་དག་གིས ་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་བཅས་པ་དེ་ནི། དགེ་སློང་རྣམས་ཀྱི་ཡིན་གྱི་དགེ་སློང་མ་རྣམས་ཀྱི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་འོང་བའི་དགེ་སློང་མ་རྣམས ་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྤྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། དགེ་སློང་མ་གང་མ་ཡིན་པར་འདག་གནས་གཅིག་ན་འདག་པས་བསོད་སྙོམས་ལན་གཅིག་བཅའ་བར་བྱ། ་སྟེ། དེ་ལས་ལྷག་པར་ཟ་ན་ལྟུང་བྱེད་དོ།། འདུག་གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི། མུ་སྟེགས་ཅན་གྱི་གནས་སུ་ཉལ་ནའོ།། དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ ་དག་གོ་མི་ན་བར་ཞེ་བྱ་བ་ནི། ན་བ་མ་གཏོགས་པའོ།། བསོད་སྙོམས་ལན་གཅིག་བཟའ་བར་བྱ་སྟེ་ཞེས་བྱ་བ་ནི། ཕྱི་མ་ཤོས་མ་ཡིན་པའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི། ་དེ་ལས་འདས་པར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདུག་གནས་སུ ་གནས་སམ། འདུག་གནས་སུ་ཟ་བ་ན། གནས་པ་ན་དེ་ལ་ཉེས་བྱས་སོ།། ཟ་ན་ལྟུང་བྱེད་དོ།། འདུག་གནས་སུ་གནས་ཤིང་གཞན་དུ་ཟ་ན། འདུག་གནས་སུ་གནས་པ་ན་དེ་ལ་ཉེས ་བྱས་སོ།། གཞན་དུ་ཟ་ན་ལྟུང་བ་མེད་དོ།། འདུག་གནས་སུ་ཟ་ལ་གཞན་དུ་གནས་པར་བྱེད་ན། འདག་གནས་སུ་ཟ་བར་བྱེད་ན། དེ་ལ་ལྟུང་བྱེད་དོ།། གཞན་དུ་གནས་པར་བྱེད་པ་ལ ་ལྟུང་བ་མེད་དོ།། གཞན་དུ་གནས་པར་བྱེད་ཅིང་། གཞན་དུ་ཟན་གཉི་ག་ལ་ལྟུང་བ་མེད་དོ།། ལྟུང་བྱེད་གཉིས་པའི་བཅུ་པ་རྫོགས་སྷོ།། སྡོམ་ནི།། ཁུར་བ་འདས ་དང་དུས་མིན་དང་།། སོགས་འཇོག་མ་བྱིན་ལྔ་པ་ཡིན།། སྲོག་ཆགས་བཅས་པ་དག་དང་ནི།། ཉལ་པོ་བྱེད་པར་ཤོམ་པ་གཉིས།། གཅེར་བུ་དམག་ལ་ཞག་གཉིས་ལྷག། ཚོགས་ལ ་བལྟ་བར་བྱེད་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཁྱིམ་བདག་གཅིག་གིས་རིགས་མཉམ་པ་ལས་ཆུང་མ་བླངས་ཏེ། དེ་ཆུང་མ་དེ་དང་ལྷན་ཅིག་རྩེ་བར་བྱེད། དགའ་བར ་བྱེད། དགའ་མགུར་སྤྱོད་པར་བྱེད་པ་ལས། ཇི་ཙམ་ན་བུ་མོ།། གཡས་ཞར་མ་གཅིག་བཙས་ཏེ། ཞེས་བྱ་བ་ནས། ཆུང་མ་གསོད་པ་ཞེས་བྱ་བར་བསླངས་ཏེ། ཞག་དུས་བཏབ་པོ ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དེའི་ཆེད་དུ་ཕལ་མོ་ཆེ་དག་སྟ་གོན་བྱེད་བྱེད་དོ།། ཇི་ཙམ་ན་ཁྱིམ་དེར། དགའ་བོ་དང་ཉེ་དགའ་བོ་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས། དེ་གཉིས་ཀྱིས ་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག་དེ་འདི་སྐད་ཅེས་སྨྲས་སོ།། བདག་གློ་བ་བྲེལ་བ་ཞིག་མཆིས་སོ་དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི ་ཞིག་བྲེལ། དེས་འདི་སྐད་ཅེས་སྨྲས་སོ།། གཡས་ཞར་མ་རྫོང་པ་ལ་བབ་ལགས་སོ།། དེ་གཉིས་ཀྱིས་འདི་སྐད་ཅེས་སྨྲས་སོ།། དེ་རིང་ཁོ་བོ་ཅག་གི་སྲིད་མོ་རྫོང་ན། ཁོ་བོ་ཅག་གིས ་དེ་རིང་ཁོ་ན་བསོད་སྙོམས་མི་རྙེད་དམ། དེ་དགའ་བ་དང་། མགུ་བ་དང་། རབ་ཏུ་དགའ་བའི་ཡིད་ཀྱིས་བསོད་སྙོམས་མང་དུ་བྱིན་ནོ།། དེ་གཉིས་ཀྱིས་བསོད་སྙོམས་བླངས་ནས་དོང་ངོ་།། ་དེའི་འོག་དུ་སྦོམ་དགའ་མོ་དང་། གཙུག་དགའ་མོ་འོངས་ནས། དེ་གཉིས་ཀྱིས་ཀྱང་བསོད་སྙོམས་བླངས་ཏེ་དོང་ངོ་།། ཇི་ཙམ་ན་རྒྱལ་དང་ཉེ་རྒྱལ་གྱིས། སྦོམ་དགའ་མོ་དང་གཙུག ་དགའ་མོ་ལགས་གང་ཞིང་། ལྷུང་བཟེད་གང་བ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་ཅེས་སྨྲས་སོ།། པུ་ནུ་མོ་དག་གཡས་ཞར་མ་དེ་རིང་རྫོང་པ་ལ་བབ་ཀྱིས་དེང་ཤིག། དེ་ནས་རྒྱལ ་དང་ཉེ་རྒྱལ་ཡང་བསོད་སྙོམས་ཀྱི་ཕྱིར་དེ་ཉིད་དུ་དོང་ངོ་།། དེ་བཞིན་དུ་རྒྱལ་གྲོགས་མ་དང་།། རྒྱལ་སྐྱོང་མ་དང་། དེ་བཞིན་དུ་བཟང་མོ་དང་། ཤིན་ཏུ་བཟང་མོ་དང་། དེ་བཞིན ་དུ་མཛེས་དགའ་མོ་དང་། རྒྱལ་ལྡན་མ་ཡང་དེང་ནས། ཁྱིམ་དེ་ན་གཡས་ཞར་མ་རྗོད་པའི་ཆེད་དུ་སྟ་གོན་བྱས་པ། ཆུང་ཟད་ཅི་ཡོད་པ་དེ་ཐམས་ཅད་བཅུ་གཉིས་སྡེ་རྣམས་ལ ་བྱིན་ནོ།། ཇི་ཙམ་ན་ཡང་སྟ་གོན་བྱ་བར་བརྩམས་པར་དང་། དེ་ནས་ཆུང་མ་གསོད་པ་དེའི་ན་ཟླ་ཞིག་ཡོད་པ་དེས་སྨྲས་པ། གཡས་ཞར་མ་ནི་སྐྱོན་མང་པོ་ཅན་ཡིན་ཏེ། རྒྱ་སྐྱེས་ཤིང ་གིས་སོ་ཤིང་དང་། ནུབ་དུ་སྔས་བསྟན་ཉལ་བ་དང་། དགོངས་ཀའི་འཐུང་གཡས་ཞར་ལེན། ཞི་བ་ཡང་ནི་གནས་ནས་འཕོ།། ཞེས་སྨྲས་ཏེ། དེ་ལྟར་གཡས། ་ཞར་མ་དེ་ལེན་པའི་བར་ཆད་བྱས་པར་གྱུར་ཏོ།། བྲམ་ཟེ་དང་། ཁྱིམ་བདག་རྣམས་དགེ་སྦྱོང་ཤཱཀྱའི་སྲས་རྣམས་ཀྱི་དགེ་སློང་གི་ཚུལ་དང་། ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང ་གི་ཕྱིར་བུ་མོ་ལེན་པའི་བར་ཆད་བྱེད་དོ་ཞེས་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་རབ་ཏུ་མང་པོ་ཁྱིམ་རྣམས་སུ་དོང་བ་ན། དེ་དག་ལ་གལ་ཏེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་རྣམས་སྐྱོ་མ ་འམ་སྣམ་ཁུར་དག་གིས་ཤིན་ཏུ་སྟོབས་པར་བྱེད་ལ་འདོད་ན། དགེ་སློང་མ་དེས་ལྷུང་བཟེད་དོ་འམ་གསུམ་བླང་བར་བྱའོ།། དེ་ལས་ལྷག་པར་ལེན་ན་ལྟུང་བྱེད་དོ།། ལྷུང་བཟེད་དེ་འམ ་གསུམ་བླངས་ནས། ཁྱིམ་གྱི་ཕྱི་རོལ་ཀུན་དགའ་ར་བར་སོང་ལ། དགེ་སློང་མ་འཁོད་པ་རྣམས་དང་བགོ་བར་བྱ་སྟེ། དེ་ལ་ཚེ་ག་ནི་དེ་ཡིན་ནོ།། ཡང་དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས ་སྡེ་དག་གོ། ཁྱིམ་རྣམས་སུ་དོང་བ་ན་ཞེས་བྱ་བ་ནི། བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་རྣམས་སུའོ།། དེ་དག་ལ་གལ་ཏེ་བྲམ་ཟེ་དང་། ཁྱིམ་བདག་དད་པ་ཅན་དག་ཅེས་བྱ་བ་ལ། ་དད་པ་ཅན་ཞེས་བྱ་བ་ནི། སངས་རྒྱས་ལ་མངོན་པར་དད་པ་དང་། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་ཞེས་བྱ་བ་ནས། འབྲས་བུ་ཐོབ་པ་ཞེས་བྱ་བའི་བར་གང་ཡིན་པའོ།། ་ཤིན་ཏུ་ཞེས་བྱ་བ་ནི་ཆོག་པར་རོ།། སྟོབས་པར་བྱེད་ན་ཞེས་བྱ་བ་ནི་འགྲོན་ད་གཉེར་ནའོ།། སྐྱོ་མ་ཞེས་བྱ་བ་ནི་ཕྱིའི་ལོ།། སྣུམ་ཁུར་ཞེས་བྱ་བ་ནི་ཁུར་བའོ།། འདོད་ན་ཞེས་བྱ་བ་ནི་དོན ་དགཉེར་ནའོ།། དོ་འམ་གསུམ་ཞེས་བྱ་བ་ལ། དོ་ཞེས་བྱ་བ་ནི་ཆེན་པོའི་འོ།། གསུམ་ཞེས་བྱ་བ་ནི་ཆུང་ངུ་དང་འབྲིང་དང་ཆེན་པོའོ།། དེ་ལ་ཆེན་པོ་ནི་ཡུལ་མ་ཏའི་བྲེའུ་ཆུང་གང་ངོ་།། ་ཆུང་ངུ་ནི་བྲེའུ་ཆུང་བྱེད་དོ།། དེའི་བར་མ་ནི་བར་མའོ།། བླངས་ནས་ཁྱིམ་གྱི་ཕྱི་རོལ་ཀུན་དགའ་ར་བར་སོང་ནས། གཙུག་ལག་ཁང་ནི་དགེ་སློང་མ་འཁོད་པ་རྣམས་དང་། བགོ་བར ་བྱ་སྟེ། ཞེས་བྱ་བ་ནི་དེ་ན་ཡོང་པའི་དགེ་སློང་མ་དག་དང་ངོ་དོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི། དེ་ལས་འདས་པར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི ་ལྟར་འགྱུར་ཞེ་ན་དགེ་སློང་མས་ལྷུང་བཟེད་ཆེན་པོ་གསུམ་བླངས་ན་ལྟུང་བྱེད་དོ།། ཆེན་པོ་གཉིས་དང་བར་མ་གཅིག་བླངས་ན་ལྟུང་བྱེད་དོ།། དགེ་སློང་མས་ཇི་ཙམ་ཅུང་ཟད་བྲེའུ ་ཆུང་ངོ་།། ལས་ལྷག་པར་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་གསུམ་པའི་དང་པོ་རྫོགས་སྷོ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། གང་གི་ཚེ ་བཅོམ་ལྡན་འདས་ཀྱིས་ལྷ་སྦྱིན་ལ་བརྟེན་ཏེ། ཚོགས་ཤིང་ཟ་བ་བཀག་པ་དང་། དེ་ནས་དགེ་སློང་མ་དེ་དག་གིས་གཉི་གའི་ཐུན་མོང་ཞེས་རྗེས་སུ་སྒྲུབ་པར་བྱེད་དོ།། དེ་ནས་ཕྱིས ་ན་བདག་ཏུ་འགྱུར་ཏེ། ཟས་གཅིག་གིས་འཚོ་བར་མ་ནུས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནབ་དུས་ཡིན་ནོ་ཞེས་བྱས་ཏེ་བཟའ་བར་བྱའོ།། དེ་བཞིན་དུ་ལམ ་དུ་ཞུགས་པ་བཀྲེས་ནས། དགེ་བའི་ཕྱོགས་བྱེད་མི་ནུས་པར་གྱུར་ནས། ཞེས་བྱ་བ་ནས། བཟའ་བར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལས ་བྱེད་པ་དང་། དེ་བཞིན་དུ་གྲུར་ཞུགས་པས་ཀྱང་བཟའ་བར་བྱའོ།། དེ་བཞིན་དུ་མང་པོ་འདས་པའི་དུས་སུ་རྙེད་པ་བྱུང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་བཟའ་བར་བྱའོ། ་དེ་བཞིན་དུ་ཀུན་ཏུ་རྒྱུ་འམ་ཀུན་ཏུ་རྒྱུ་མོ།། སངས་རྒྱས་ཀྱི་བསྟན་པ་ལ་དད་པ་རྙེད་པ་དེ་ལས་ཀྱང་བཟའ་བར་བྱ་སྟེ། དགེ་སློང་མ་དག་ཀུན་ཏུ་རྒྱུ། སངས་རྒྱས་ཀྱི་བསྟན་པ་ལ་དད་པ ་ནི་དཀོན་པའི་ཕྱིར་རོ།། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི ་བསྔགས་པ་བརྗོད་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། དུས་མ་གཏོགས་དེ་འདས་ཤིང་ཟ་ན་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན་ཏེ། ན་བ་དུས་དང་། ལས་དེས་དང་། ་ལམ་དུས་དང་། གྲུར་ཞུགས་པ་དང་། འདུས་པ་ཆེན་པོ་དང་། དགེ་སྦྱོང་གི་ཟས་དུས་སོ།། འདུས་ཤིང་ཟ་བ་ཞེས་བྱ་བ་ནི། མི་མཐུན་ཞིང་ཟླ་བའོ།། དུས་མ་གཏོགས་ཏེ་ཞེས ་ཞེས་བྱ་བ་ནི། འདི་ལྟར་ཡང་བདག་ཏུ་གྱུར་ལ། ཟས་གཅིག་གིས་འཚོ་བར་མི་ནུས་པ་ལྟ་བུའོ།། ལམ་དུས་ཞེས་བྱ་བ་ནི་ལམ་དུ་ཞགས་པ་ལ་སྦྱིན་བདག་གིས་བྱིན་པའོ།། ་གྲུར་ཞགས་པ་ཞེས་བྱ་བ་ནི། གྲུར་འཇུག་པ་ན། སྦྱིན་བདག་གིས་བསོད་སྙོམས་བྱིན་པའོ།། འདུས་པ་ཆེན་པོ་ཞེས་བྱ་བ་ནི། མང་པོ་འདུས་པའི་ཟས་སོ།། དགེ་སྦྱོང་གི་ཟས ་དུས་སོ།། ཞེས་བྱ་བ་ནི། འདི་ལས་ཕྱི་རོལ་པའི་རབ་ཏུ་བྱུང་བ་ལ་དགེ་སྦྱོང་ཞེས་བྱའོ།། དེ་ལ་དུས་ནི་དེ་ཡིན་ནོ་ཞེས་བྱ་བ་ནི། དེ་ལ་དེ་ནི་འཐུན་པའི་ཆོས་ཡིན་པའོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་མཚམས་ཀྱི་ནང་དུ་འདུ་ཤེས་པས་ཟ་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མ་མཚམས་ཀྱི་ཕྱི་རོལ་མཚམས ་ཀྱི་ནང་དུ་འདུ་ཤེས་པས་འདུས་ཤིང་ཟས་ཟ་བ་ན་ཉེས་བྱས་སོ།། ཡིད་གཉིས་ཟ་ན་ཉེས་བྱས་སོ།། དགེ་སློང་མའི་དབྱར་ཁང་གི་ཁྱམས་དག་ཡོད་ལ་གལ་ཏེ། དགེ་སློང་མ ་ཁ་ཅིག་དབྱར་ཁང་དུ་ཟ་ལ། ཁ་ཅིག་ཁྱམས་དག་ཏུ་ཟན། དེ་ལ་དབྱར་ཁང་ན་ཟ་བ་གང་ཡིན་པ་དེ་དག་གིས། ཛི་ག་ཁ་ཟས་ཀྱིས་བསྐུལ་ཏམ་ཞེས་དྲི་བར་བྱའོ།། མ་དྲིས་པར ་ཟ་ན་ལྟུང་བྱེད་དུ་འགྱུར་རོ།། ཁྱམས་རྣམས་ལ་ནི་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་གནས་ཁང་དང་། སྒོ་ཁང་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ།། གལ་ཏེ་ཁ་ཟས ་ཀྱིས་བསྐུལ་ན་ཆུང་ངུ་ནི་རིལ་བའི་ཆུ་འམ། ལན་ཆེ་ཁ་བཟར་གང་ཙམ་ཡང་བསྐུལ་ན་ལྟུང་བ་མེད་དོ།། ལྟུང་བྱེད་གསུམ་པའི་གཉིས་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། བཅུ་བདུན་སྡེ་རྣམས་ལས་བརྟེན་ཏེ། དུས་མ་ཡིན་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མཛད ་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་དུས་སུ་ཡང་ཟ་བར་བྱེད། དུས་མ་ཡིན་པར་ཡང་ཟ་བར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། བཅོམ་ལྡན་འདས་ཀྱིས ་དུས་མ་ཡིན་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས ་ལ་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང ་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དུས་མ་ཡིན་པར་བཟའ་བ་དང་བཅའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ།། ། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དུས་མ་ཡིན་པར་ཞེས་བྱ་བ་ལ། དེས་མ་ཡིན་པ་ནི་གཉིས་ཏེ། དེས་མ་ཡིན་པ་ཕྱེད་ཡོལ་བ་དང་། དུས་མ་ཡིན ་སྐྱ་རེང་མ་ཤར་བར་རོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི། བཅའ་བ་དང་། བཟའ་བ་ལྔ་པོ་དག་གོ།། འཆོས་སམ་ཟོས་ན་ཞེས་བྱ་བ་ནི་ལྐོག་མར་མིད་ནའོ།། ལྟུང ་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་ནས། འཆོས་སམ་ཟོས་ན་ལྟུང་བྱེད ་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་དུས་ལ་མ་ཡིན་པར་འདུ་ཤེས་ནས། འཆོས་སམ་ཟོས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ན་ཉེས ་བྱས་སོ།། ལྟུང་བྱེད་གསུམ་པའི་གསུམ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱི་ནག་པོ་འཆར་ཀ་ལ་རྟེན་ཏེ། ་སོག་འཇོག་བྱས་པའི་ཟས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་བསོད་སྙོམས་ལ་རྒྱུས་ནས། འབྲས་ཆེན་སྐམ་པོ་ཡང་ལོག་ཤིག ་ཏུ་ལེན་པར་བྱེད་འབྲས་ཆན་བཤེར་བ་ཡང་ལོག་ཤིག་ཏུ་ལེན་པར་བྱེད་ཅིང་། ཇི་སྙེད་ལོངས་སྤྱད་པའི་ལྷག་མ་དེ་དག་སྐེམས་པར་བྱེད་དེ། དེ་དག་བསྐམས་ནས་འཇོག ་པར་བྱེད་དོ།། གང་གི་ཚེ་རླུང་ལངས་པར་གྱུར་པ་འམ། ཡུལ་ངན་བྱུང་བ་དེའི་ཚེ། དེ་དག་ཆུས་སྤངས་ནས་མེས་བཅོས་ཏེ། ལོངས་སྤྱོད་པར་བྱེད་པ་དང་། དོན ་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་སོགས་འཛེག་བྱས་པའི་བཅའ་བ་དང་། བཟའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གྲང་ཞེས་བྱ ་བཅུ་གཉིས་སྡེ་དག་གོ།། བསོག་འཇོག་བྱས་པ་ཞེས་བྱ་བ་ལ། བསོག་འཇོག་བྱས་པ་ནི་གཉིས་ཏེ། སྔ་མའི་ཟས་བྱིན་ལེན་བྱས་ཤིང་ཕྱི་མའི་ཟས་བསོག་འཇོག་པ ་བྱས་པ་འམ། ཕྱི་མའི་ཟས་བྱིན་ལེན་བྱེད་ཅིང་། དུས་ཚོད་ལས་འདས་པར་བསོག་འཇོག་བྱས་པའོ།། བཅའ་དང་བཟའ་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི། ལྟུང་བར་བྱེད་དོ་ཞེས་བྱ་བའི་བར་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་བསོག་འཇོག་བྱས་པ་ལ་བསོག་འཇོག་བྱས་པར་འདུ་ཤེས ་ན་ལྟུང་བྱེད་དོ།། བསོག་འཇོག་མ་བྱས་པ་ལ་བསོག་འཇོག་བྱས་པར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། གོས་ཀྱི ་བསོག་འཇོག་བྱེད་ན་ལྟུང་བྱེད་དོ།། ལྷུང་བཟེད་ཀྱི་བསོག་འཇོག་བྱེད་ན་ལྟུང་བྱེད་དོ།། བྱ་མབུམ་བསོག་འཇོག་ལྟུང་བྱེད་དོ།། སྒོ་ལྕགས་བསོག་འཇོག་བྱེད་ན་ཉེས་བྱས་སོ།། ་ལྡེ་མིག་སྐྱོག་པོ་བསོག་འཇོག་བྱེད་ན་ཉེས་བྱས་སོ།། སྒོ་ལྕགས་གཟེ་མ་བསོག་འཇོག་བྱེད་ན་ཉེས་བྱས་སོ།། ལྟུང་བྱེད་གསུམ་པའི་བཞི་པ་རྫོགས་སྟེ།། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། དུར་ཁྲོད་ཐམས་ཅད་པའི་དགེ་སློང་ནག་པོ་ཆེན་པོ་ལས་བརྟེན་ནས། བྱིན་ལེན་བྱ་བའི་བསླབ་པའི་གཞི་བཅའ ་བ་མཛད་པ་དེའི་ཚེ། དགེ་སློང་མ་དེ་དག་གིས་བྱིན་ལེན་ཇི་ལྟ་བུ་ཡིན་པ་དང་། བྱིན་དབེན་དུ་ཡོད་པ་མ་ཤེས་པར་གྱུར་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས ་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་ནི་ལྔ་སྟེ། ལྔ་གང་ཞེ་ན། ལུས་ཀྱིས་ལུས་དང་འབྲེལ་པར་དང་། ལུས་ལ་ལུས་ཀྱིས་དང་། ལུས་དང ་འབྲེལ་པ་ལ་ལུས་དང་འབྲེལ་པས་དང་། ལུས་ལ་ལུས་ཀྱིས་འབྲེལ་པ་དང་། གཞག་པའི་ཆོ་ག་ཉིད་ནི་ལྔ་པ་ཡིན་ནོ།། སྨད་པ་ཞེས་བྱ་བའི་ཡུལ་ཡོད་དེ། དེ་དག་མ་ལ་ཡང་ཉལ ་བར་བྱེད་པ་ཡིན་ནོ་ཞེས་བྱ་བ་ནས། དེར་ས་ལ་དཀྱིལ་འཁོར་བྱས་ཏེ་བྱིན་ལེན་བྱའོ།། འབྲས་བུ་དག་རྙེད་ན་དེ་དག་གིས་ཇི་ལྟར་བྱིན་ལེན་བྱ་བ་མ་ཤེས་ནས། བྱིན་ལེན་ནི་ལྔ་སྟེ། ་གཞོང་པ་དང་། ཁྲི་དང་། ཁྲིའུ་དང་། ཐུ་བ་དང་། ལྷུང་བཟེད་ཀྱི་སྣོད་དེ། ལག་པས་རེག་པས་བྱིན་ལེན་བྱའོ།། བྱིན་ལེན་བྱས་པས་དེ་དག་འདྲིམ་ན་གལ་ཏེ་མ་ལངས་པར་ཟིན་ན་དེ་ཉིད ་བྱིན་ལེན་བྱས་པ་ཡིན་ནོ།། གལ་ཏེ་རྒྱང་རིང་པོར་གྱུར་ན་ཡང་བྱིན་བྱའོ།། དེ་དག་རུང་བར་བྱ་དགོས་ན་རུང་བ་དུ་ཡོད་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་རུང་བ་ནི་ལྔ་སྟེ། ལྔ་གང་ཞེ་ན། མེས་རུང་བ་དང་། མཚོན་གྱིས་རུང་བ་དང་། ནེ་ཙེས་རུང་བ་དང་། སེར་མོས་རུང་བ་དང་། རྙེས་པས་རུང་བ་ཉིད་ནི་ལྔ་པའོ།། ཡང་རུང་བ་ནི་ལྔ་སྟེ། ་ཕྱུང་བ་དང་། གཤག་པ་དང་། བཅད་པ་དང་། ཕུག་པ་དང་། ས་བོན་གྱི་ཆོས་མེད་པ་ནི་ལྔ་པ་སྟེ། སྔོན་པོ་ལ་ཡང་དེ་ཉིད་ཀྱིས་རུང་བར་བྱས་པ་ཡིན་ནོ།། ཕྱིས་དེ་དག་ལ་བྲམ་ཟེ ་དང་། ཁྱིམ་བདག་རྣམས་འདྲིམ་པར་འདོད་པ་ན། ས་བྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ།། དགེ་སློང་མ་དག་ལམ་དཞུགས་ནས་དགོན་པའི ་གནས་ཞིག་ཏུ་འཁོད་པ་ན། ནགས་ཀྱི་སེང་གེ་དང་། སྤྲེའུ་དང་། དོམ་ལ་སོགས་པ་ལས་བྱིན་ལེན་བྱས་ཏེ། གང་དག་ལ་འཛིན་པ་མངོན་པ་དེ་དག་ལས་བྱིན་ལེན་ཡང་མངོན་ནོ།། ་དེ་དག་ལམ་དུ་ཞུགས་པ་ན། ཆུ་དང་སོ་ཤིང་གིས་འཕོངས་པར་གྱུར་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་སོ།། དགེ་སློང་དག་གིས་བཅོམ་ལྡན་འདས་ལ ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུ་དང་སོ་ཤིང་མ་གཏོགས་སོ་ཞེས་བརྗེས་སུ་གནང་ངོ་།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་བ་རྣམས་ལ་བསླབ་པ ་འདོད་པ་དང་། བསླབ་པ་ལ་གུས་པ་དང་། བསླབ་པ་ལ་ཡོད་བྱད་བསྙུངས་པའི་བསྔགས་པ་བརྗོད་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཡང་དགེ་སློང་མ ་གང་ཆུ་དང་སོ་ཤིང་མ་གཏོགས་ཏེ་མ་བྱིན་པར་ཁའི་སྒོ་ནས་མེད་པའི་ཟས་ཐ་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། ཆོས་འདི་པ་དག་གོ།། མ་བྱིན་པར་ཞེས་བྱ་བ་ནི་དེ ་ལེ་སུས་ཀྱང་མ་བྱིན་པར་གྱུར་པའོ།། ཁའི་སྒོ་ཞེས་བྱ་བ་ནི་ཁར་ཟ་བའོ་བཅའ་བ་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ཆུ་དང་སོ་ཤིང་མ་གཏོགས་པར་ཞེས་བྱ་བ་ནི། ཆུ་དང་སོ་ཤིང ་བཞག་སྡེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་བྱིན་ལེན་མ་བྱས་པ་ལ། བྱིན་ལེན་བྱས་པར་འདུ་ཤེས་ནས ་འཆོས་སམ་ཟོས་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་བྱིན་ལེན་བྱས་པ་ལ་བྱིན་ལེན་མ་བྱས་པར་འདུ་ཤེས་ནས་ཟོས་སམ་འཆོས་ན ་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། བར་སྡོམ་ལ། བྱིན་ལེན་ལྔ་དང་འབྲས་བུ་དང་།། དེ་བཞིན་རུང་བ་ལྔ་དང་ནི།། སེང་གེ་སྤྲེའུ་དོམ་དག་གི།། ་དེ་བཞིན་གཤེགས་པས་རྗེས་གནང་སྟེ།། བར་གྱི་སྡོམ་དུ་བསྡུས་པ་ཡིན།། ལྟུང་བྱེད་གསུམ་པའི་ལྔ་པ་རྫོགས་སྟེ། གླེང་གཞི་ནི་ཀོའུ་ཤམ་བི་ནའོ།། དེའི ་རྒྱལ་དང་ཉེ་རྒྱལ་དང་། སྲོག་ཆགས་དང་བཅས་པའི་ཚུལ་སྤྱོད་པ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྦས་པ།། ཕུ་ནུ་མོ་དག་སྲོག་ཆགས་དང་བཅས་པའི་ཚུལ་སྤྱོད་པ ་མ་བྱེད་ཅིག། དེ་དག་གིས་འདི་སྐད་ཅེས་ནི་ཁོ་མོ་ཅག་ལ་གྲངས་ཏེ་གཏད་དམ། ཤར་གྱི་རྒྱ་མཚོ་ཆེན་པོར་འདོད་ན་ཅི་ཉེས། ལྷོ་དང་ནབ་དང་། བྱང་གི་རྒྱ་མཚོ་ཆེན་པོར་འདོད་ན ་ཅི་ཉེས། ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་སྲོག་ཆགས་དང་བཅས་པའི་ཆུ་ལ་སྤྱོད་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། རྒྱལ་དང་ཉེ་རྒྱལ་ལོ།། སྲོག་ཆགས་དང་བཅས་པའི་ཆུ་ཞེས་བྱ་བ་ལ། སྲོག་ཆགས་ནི་གཉིས་ཏེ། གང་དག་མིག་ལམ་དུ ་སྣང་བ་དང་། གང་དག་ཆུ་ཚགས་ཀྱིས་ཟིན་པར་འགྱུར་བའོ།། སྤྱོད་ན་ཞེས་བྱ་བ་ལ། སྤྱོད་པ་ལ་གཉིས་ཏེ། ནང་གི་དང་ཕྱིའིའོ།། ཕྱིའི་ནི་ཁྲུས་བྱེད་པ་དང་། ཆག ་ཆག་དང་། གོས་ལ་སོགས་པའི་བཀྲུ་བཤལ་དང་། སྲེ་པ་དང་། འཆད་པར་བྱེད་པ་དང་། བྱེད་དུ་འཇུག་པ་སྟེ། འདི་ནི་ཕྱིའི་སྤྱོད་པ་ཞེས་བྱའོ།། སོ་ཤིང་བཅའ་བ་དང་། ་བཏུང་བ་ཡང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་སྲོག་ཆགས་དང་བཅས་པའི་ཆུར་འདུ་ཤེས་ནས། ་གཉིས་པོ་གང་ཡང་རུང་བར་སྤྱོད་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་སྲོག་ཆགས་མེད་པའི་ཚུལ། སྲོག་ཆགས་དང་བཅས ་པར་འདུ་ཤེས་ནས་གཉིས་པོ་གང་ཡང་རུང་བར་སྤྱོད་པར་བྱེད་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། དེ་བཞིན་དུ་སྲོག་ཆགས ་དང་བཅས་པའི་ཡལ་ག་དང་ལོ་མ་དང་། འབྲས་བུ་ལ་སོགས་པ་ལ་ཡང་བརྗོད་པར་བྱའོ།། ལྟུང་བྱེད་གསུམ་པའི་དྲུག་པ་རྫོགས་སྷོ།། ། གླེང་གཞི ་ནི་མཉན་ཡོད་ནའོ།། དེའི་ཚེ་སྤོས་འཚོང་གི་ཁྱེའུ་ཆུང་མ་བླངས་ནས་རིང་པོར་མ་ལོན་པ་ཞིག་ཡོད་པ་དེ། ནུབ་མོ་བསྲུང་བའི་ཕྱིར། ཚོང་ཁང་དུ་འདུག་ནས། དེ་ནང་པར་གྱི་དུས ་སུ་ཚོང་ཁང་སྒོ་བཅད་དེ། ཁྱིམ་དུ་ཆས་པ་དེ་སྦོམ་དགའ་མོ་སྤྱོད་ཡུལ་དུ་ཞུགས་པས་མཐོང་ངོ་།། མཐོང་ནས་ཀྱང་། ཨེ་མའོ་ཁྱེའུ་འདི་ནི་འདོད་ཆགས་ཀྱི་སེམས་ཀྱིས་ཁྱིམ ་དུ་སོང་ངོ་སྙམ་དུ་རིག་ནས། དེ་ནས་དེ་རིངས་པར་སོང་སྟེ། ཚོང་པའི་ཁྱེའུ་དེའི་ཁྱིམ་དུ་ཞགས་ཏེ། སྟན་ལ་འདག་ནས་བསྡད་དོ།། དེ་ནས་ཚོང་པའི་ཁྱེའུ་དེ་ཁྱིམ་དུ་འོངས ་ནས། ཆུང་མ་ལ་བལྟ་བར་བརྩམས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། རྗེའི་སྲས་འཕགས་མ་སྡོད་ཅིང་བཞགས་སོ།། དེ་ནས་ཁྱེའུ་དེས་སྦོམ་དགའ་མོ་མཐོང་ནས། ་ཤག་ཀྱའི་སྲས་ཀྱི་དགེ་སྦྱོང་གི་ཚུལ་དང་། ཚངས་པའི་ཚུལ་ཚིག་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་རང་གི་ཆུང་མ་དང་། ལྷན་ཅིག་དབེན་པ་ན་འདག་པའི་སྐབས་ཀྱང་མི་རྙེད་དོ།། ་ཞེས་འཕྱ་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་ཕྱིས་གནོན་བྱས་ཏེ་སྟན་ལ་འདུག་པར་བྱེད་ན་ལྟུང་། ་བྱེད་དོ།། དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉལ་པོ་བྱེད་པར་ཤོམ་པའི་ཞེས་བྱ་བ་ནི། བུད་མེད་ནི་སྐྱེས་པའི་ཉལ་པོ་བྱ་བ་ཡིན་ནོ།། ཁྱིམ་དུ་ཞེས་བྱ་བ་ནི་ཁྱིམ ་བདག་རྣམས་ཀྱི་ཁྱིམ་དུའོ།། ཕྱིས་གནོན་བྱས་ཏེ་ཞེས་བྱ་བ་ནི་འཕྲལ་ལའོ།། འདུག་པར་བྱེད་ན་ཞེས་བྱ་བ་ནི། འདུག་པར་བྱེད་ནའོ།། ལྟུང་བྱེད་ཞེས་བྱ་བ་ནི་གོང་མ་བཞིན ་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་རྣམས་སུ་མཐུས་མནན་ཏེ་སྟན་ལ་འདུག་པར་བྱེད་ན་ཐམས་ཅད་དུ་ལྟུང ་བྱེད་དུ་འགྱུར་རོ།། ལྟུང་བྱེད་གསུམ་པའི་བདུན་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ་ཆོས་གོས་དང་ལྷུང་བཟེད་ཐོགས་ཏེ། སྤྱོད་ཡུལ་དུ་ཞུགས་པ་དང་། སྦོམ་དགའ་མོས་ཡང་སྤོས་འཚོང་གི་ཁྱེའུ་དེ་ཁྱིམ་དུ་འགྲོ་བ་མཐོང་ངོ་།། དེ་ནས་སྦོམ་དགའ་མོས ་བསམས་པ་བཅོམ་ལྡན་འདས་ཀྱིས་འདུག་པའི་བསླབ་པའི་གཞི་བཅའ་བ་མཛད་ཀྱིས། མ་ལ་བདག་གིས་སྒོ་རྒྱབ་དུ་འགྲོད་ལ་བསྡད་དོ་སྙམ་པ་དང་། སྤོས་འཚོང་གི ་ཁྱེའུ་དག་གིས་མཐོང་སྟེ། སྤོད་པར་བྱེད་པ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་བདེན་པ ་སྐྱབས་ཡོད་པ་ན་འགྲེདང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། རང་ཉིད་ཀྱིས་སམ་གཞན ་གྱིས་སྨྲས་པར་གྱུར་པའོ།། གཞན་ནི་སྔ་མ་བཞིན་ནོ།། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉལ་པོ་བྱེད་པར་ཤོམ་པའི་ཁྱིམ་དུ་དབེན་པ་སྐྱབས་ཡོད་པ་ན། འགྲེང་ན་ཐམས་ཅད་དུ་ལྟུང ་བྱེད་དུ་འགྱུར་རོ།། གལ་ཏེ་སྐྲག་པར་གྱུར་པ་འམ། བར་ཆད་ཡོད་པ་ན་ལྟུང་བ་མེད་དོ།། ལྟུང་བྱེད་གསུམ་པའི་བརྒྱད་པ་རྫོགས་སྷོ།། །། གླེང་གཞི་ནི་རྒྱལ་པོའི་ཁ ་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། ཀུན་དགའ་བོ་ལས་བརྟེན་ནས། གཅེར་བུ་བ་དང་གཅེར་བུ་མའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ ་རྣམས་རང་གི་ལག་གིས། བཟའ་བ་དང་བཅའ་བ་གཅེར་བུ་པ་དང་། གཅེར་བུ་མ་རྣམས་ལ་སྦྱིན་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ། ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་གི་ལག ་གིས་བཟའ་བ་དང་། བཅའ་བ་གཅེར་བུ་པ་འམ་གཅེར་བུ་མ་འམ། ཀུན་ཏུ་རྒྱུ་འམ། ཀུན་ཏུ་རྒྱུ་མོ་ལ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ ་གཉིས་སྡེ་དག་གོ།། གཅེར་བུ་པ་ཞེས་བྱ་བ་ནི་གོས་མེད་པའོ།། གཅེར་བུ་མ་ཞེས་བྱ་བ་ཡང་གོས་མེད་པའོ།། དེ་བཞིན་དུ་ཀུན་ཏུ་རྒྱུ་ཞེས་བྱ་བའི་གྲངས་ཅན་ནོ།། ཀུན་ཏུ་རྒྱུ་མ ་ཡང་དེ་བཞིན་ནོ།། རང་གི་ལག་གིས་ཞེས་བྱ་བ་ནི། ལག་པས་ལག་པར་རོ།། བཟའ་བ་དང་བཅའ་བ་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་གི་ལག་གིས་བཟའ་བ་དང་། བཅའ་བ་གཅེར་བུ་པ་ཞེས་བྱ་བ་ནས། ཀུན་ཏུ་རྒྱུ་མོའི་བར་ལ་སྦྱིན་པར་བྱེད་ན་ལྟུང་བྱེད་དོ།། གལ་ཏེ ་པ་དང་མ་ཡིན་ན་ལྟུང་བ་མེད་དོ།། གལ་ཏེ་སློང་ན་དེ་ལ་འདི་སྐད་ཅེས་སློང་པོར་ས་ལ་ཞོག་ཤིག་ཅེས་བརྗོད་པར་བྱའོ།། གལ་ཏེ་བཞག་ན་སྦྱིན་པར་བྱའོ།། འོན་ཏེ་མ་བཞག་ན་སྦྱིན ་པར་མི་བྱའོ།། ལྟུང་བྱེད་གསུམ་པའི་དགུ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། དྲུག་སྡེ་རྣམས་ལས་བརྟེན་ནས། ་དམག་ཤོམ་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་དམག་ཤོམ་པ་ལ་ལྟ་བའི་ཕྱིར་དོང་བ་དང་། ཞེས་བྱ་བ་ནས་དོན་ཉུང་བའི་དགེ་སློང་མ་དག་སྨོད་པ ་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ཏུ་མཛད་དེ། ཡང་དགེ་སློང་མ་གང ་དམག་ཤོམ་པ་ལ་ལྟ་བའི་ཕྱིར་འགྲོ་བར་བྱེད་ན། ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཤོམ་པ་ཞེས་བྱ་བ་ནི། དམག་ལ་མངོན་པར་དགའ་བའོ།། ་དམག་ཅེས་བྱ་བ་ལ་དམག་ནི་བཞི་སྟེ། དམག་ཡན་ལག་གཅིག་པ་ཡོད། དམག་ཡན་ལག་གཉིས་པ་དང་། ཡན་ལག་གསུམ་པ་དང་། ཡན་ལག་བཞི་པ་ཡང་ཡོད་དོ།། དམག་ཡན་ལག ་གཅིག་པ་ནི། གླང་པོ་ཆེ་བའིའོ།། ཡན་ལག་གཉིས་པ་ནི། གླང་པོ་ཆེ་བ་དང་རྟ་པའི་འོ།། ཡན་ལག་གསུམ་པ་ནི། གླང་པོ་ཆེ་དང་རྟ་པ་དང་། ཤིང་རྟ་པའོ།། ་ཡན་ལག་བཞི་པ་ནི། གླང་པོ་ཆེ་བ་དང་། རྟ་པ་དང་། ཤིང་རྟ་པ་དང་། དཔུང་བུ་ཆུང་གི་དམག་གོ། བལྟ་བའི་ཕྱིར་ཞེས་བྱ་བ་ནི། བལྟ་བའི་ཕྱིར་རོ།། འགྲོན་ཞེས་བྱ་བ་ནི་འགྲོ་བར ་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དམག་ཤོམ་པ་ལ་བལྟ་བའི་ཕྱིར་འགྲོ་ན་ཐམས་ཅད་དུ ་ལྟུང་བྱེད་དུ་འགྱུར་རོ།། དབྱར་ཁང་ལམ་ཀ་ན་འདུག་ན་ལྟུང་བ་མེད་དོ།། ལྟུང་བྱེད་གསུམ་པའི་བཅུ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ ་རྒྱལ་པོ་གསལ་རྒྱལ་ལ། རི་འོར་པ་དག་ལོག་པ་དེའི་ཚེ། ཁྱིམ་བདག་མགོན་མེད་ཟས་སྤྲིན་ལ་སོགས་ཏེ། དགེ་བསྙེན་རྣམས་ཀྱང་རྒྱལ་པོས་སྤྲིང་ནས་དེར་དོང་ངོ་།། དེའི ་འོག་ཏུ་དགེ་འདུན་ལ་གསོལ་བ་བཏབ་ནས། དྲུག་སྡེ་རྣམས་དོང་ངོ་།། དེའི་ཚེ་དྲུག་སྡེ་དེ་རྣམས་ལ་ཞག་གཉིས་ཀྱི་མཐའི་བསླབ་པའི་གཞི་བཅའ་མཛད་དོ།། དེ་ནས་དུས ་གཞན་ཞིག་ན། བཅུ་གཉིས་སྡེ་རྣམས་དམག་ཤོམ་པར་ཞག་གཉིས་ཀྱི་མཐར་གནས་པར་བྱེད་དོ།། གང་གི་ཚེ་དེ་དག་མངོན་དུ་ལྷགས་པ་དེའི་ཚེ། དགེ་སློང་མ་དེ་རྣམས་ཀྱིས ་འདི་སྐད་ཅེས་སྨྲས་སོ།། དགའ་མེ་ཉི་དགའ་མོ།། སྦོམ་དགའ་མོ་དག་འོངས་པ་ལེགས་སོ།། འོངས་པ་ལེགས་སོ།། ཁྱེད་ཅིག་གང་ནས་འདིར་འོངས་གང་དུ་གནས། དེ་དག་གིས ་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཅག་དམག་ཤོམ་པ་ལ་ཆོས་འཆད་དུ་དོང་སྟེ། དེ་ཉིད་དུ་གནས་སོ།། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས། ་ཀྱིས་ཞག་གཉིས་ཀྱི་མཐའི་བསླབ་པའི་གཞི་བཅའ་བར་མ་མཛད་དམ། དེ་རྣམས་ཀྱིས་འདི་སྐད་ཅེས། དགེ་སློང་རྣམས་ལ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ ་ཡིན་ནོ།། ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མས་དམག་ཤོམ་པ་ལ་བལྟ་དགོས་པའི་རྐྱེན་དེ་ལྟ་བུ་བྱུང་ན། ཞག་གཉིས་ཀྱི་མཐར་དཔག་དེའི ་ནང་དུ་དགེ་སློང་མ་དེས། གནས་པར་བྱའོ།། དེ་ལས་ལྷག་པར་གནས་ན་ལྟུང་བྱེད་དོ།། དགེ་སློང་མས་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། དེ་ལྟ་བུའི་རྐྱེན་བྱུང་བ་ཞེས ་བྱ་བ་ནི། དེ་ལྟ་བུའི་རྐྱེན་བྱུང་བ་མ་གཏོགས་པའོ།། ཤོམ་པར་བྱ་བ་ནི་དམག་ལ་མངོན་པར་དགའ་བའོ།། དམག་ཅེས་བྱ་བ་ནི་ཞེས་བྱ་བ་ནས། རྣམ་པ་བཞིའོ།། ཞེས ་བྱ་བའི་བར་རོ།། ཞག་གཉིས་ཀྱི་མཐར་ཞེས་བྱ་བ་ནི། ཉིན་ཞིག་གཉིས་སུའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཞག་གཉིས་ལས་ལྷག་པར་དམག་གི་ནང་དུ་གནས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་ལྟུང་བྱེད་གསུམ་པའི་བཅུ་གཅིག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཡང་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ ་སྤྲིང་ནས་ཞེས་བྱ་བ་ནས། ཞག་གཉིས་ཀྱི་མཐར་ཐུབ་པར་དམག་གི་ནང་དག་ནས་སོ།། ཞེས་བྱ་བའི་བར་རོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དེ་རྣམས་ལ་གཡུལ་བཤམས ་པ་དང་། རྒྱལ་མཚན་གྱི་མཆོག་གི་བསླབ་པའི་གཞི་བཅའ་བ་མཛད་དེ། དེ་ནས་བཅུ་གཉིས་སྡེ་དེ་དག་ཡང་གཡུལ་བཤམས་པ་དང་། རྒྱལ་མཚན་གྱི་མཆོག་དང་། དཔུང ་གི་མཆོག་གི་ནང་དུ་དོང་བ་དང་། དགེ་སློང་མ་དེ་རྣམས་ཀྱིས་སྨྲས་པ། ཀྱེ་ཕུ་ནུ་མོ་དག་བསླབ་པའི་གཞི་བཅའ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས། དགེ་སློང་རྣམས་ལ། ་བཅའ་བ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ།། ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་དམག་དེའི་ནང་ད་ཞག་གཉིས་གནས་པ་ན། ་གཡུལ་བཤམས་པ་དང་། རྒྱལ་མཚན་གྱི་མཆོག་དང་། དཔུང་གི་མཆོག་དང་། དཔུང་བཀོད་པའི་ཚོགས་ལ་བལྟ་བ་སོ་སོར་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ ་སློང་མ་གང་ཞིག་ཅེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། བཀོད་པའི་ཚོགས་ལ་བལྟ་བ་ཞེས་བྱ་བ་ལ། བཀོད་པ་ཞེས་བྱ་བ་ནི་ཤིང་རྟའི་དབྱིབས་ལྟ་བུ་དང་། ན་མཁའ་ལྡིང་གི་འདབ ་མའི་དབྱིབས་ལྟ་བུ་དང་། འབྲུའི་ཁ་ལྟ་བུ་དང་། པད་མའི་དབྱིབས་ལྟ་བུ་དང་། ཟླ་བ་ཁབ་པའི་དབྱིབས་ལྟ་བུའི་ཚོགས་ཞེས་བྱ་བ་ནི་དཔུང་གི་མཆོག་དག་གོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཡུལ་བཤམས་པའི་ནང་དུ་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང ་བྱེད་གསུམ་པའི་བཅུ་གཉིས་པ་རྫོགས་སྷོ།། སྡོམ་ནི། རྡེག་པ་དང་ནི་ཐལ་མོ་དང་།། ཁྲུ་དང་སྦེད་དང་གསོད་པ་སློང་།། གནས་ངན་ལེན་འཆབ་ཁྱིམ ་དང་མེ།། འདུན་པ་དང་ནི་ནུབ་གཉིས་དང་།། བར་ཆད་དང་ནི་ཤེས་བཞིན་དང་།། དགེ་ཚུལ་མ་གཉིས་ཁ་དོག་བསྒྱུར།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་ཟབ་མོ་དང་འཚང་འབྲུ་བར་བྱེད་དོ།། བུད་མེད་ནི་རང་བཞིན་གྱིས། ཁྲོ་བ་ཡིན་པས་དེ་བཞིན་གྱིས་ཁྲོས་པས། ཁྲོས་འཁྲུགས་རྔམ་པར་གྱུར ་ནས། དགེ་སློང་མ་རྣམས་ལ། ལྷག་དབྱུག་དང་། ཐལ་ལྕག་གིས་བརྡེགས་པ་དང་། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ ་གསོལ་ཏེ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམ་པར་གྱུར ་ཏེ། ཡིད་མ་རངས་དགེ་སློང་མ་ལ་རྡེག་ན། ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། སྦོམ་དགའ་མིའོ།། ཁྲོས་ཞེས་བྱ་བ་ནི། ཀུན་ནས་དཀྲིས་པའོ།། འཁྲུགས ་རྔམ་པར་གྱུར་ཏེ་ཞེས་བྱ་བ་ནི། ལྷག་པར་ཞེན་ནས་སོ།། ཡིད་མ་རངས་ནས་ཞེས་བྱ་བ་ནི། ཡིད་མི་བདེ་བ་སྐྱེས་པའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི ་པ་ལའོ།། རྡེག་ན་ཞེས་བྱ་བ་ནི་སོར་མོ་ལྔས་རྡེག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བར་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཁྲོས་ནས། དགེ་སློང ་མ་རྣམས་ལ་སོར་མོ་ཅིག་གིས་རྡེག་ན་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་སོར་ལྔས་ནི་ལྟུང་བྱེད་ལྔའོ།། དེ་བཞིན་དུ་ལག་པ་དང་། འཛུབ་མོ་དང་། མགོ་བོ་དང་། ལྷག་པ་དང་། ་ལུས་དང་། གྲུ་མོ་དང་། བརླ་དང་། བྱིན་པ་དང་། རྐང་པ་དང་། རྐང་པའི་མཐེ་བོང་དང་། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་དབྱུག་པ་དང་། གསེག་པ་དང་བོང ་པ་ལ་སོགས་པས་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ཕྱགས་མས་འདེབས་ན། ཕྱགས་མའི་ཉག་མ་ཇི་སྙེད་ཕོག་པ་དེ་སྙེད་ཀྱི་ལྟུང་བྱེད་དོ།། ཇི་སྙེད་མ་ཕོག་པ ་དེ་སྙེད་ན་ཉེས་བྱས་སོ།། དེ་བཞིན་དུ་མོན་སྲན་སྡེའུའི་སྦར་པས་བརྡེགས་ན། མོདན་སྲན་སྡེའུའི་འབྲུ་ཇི་སྙེད་ལུས་པ་ཕོག་པ་དེ་སྙེད་ཀྱི་ལྟུང་བྱེད་དོ།། ཇི་སྙེད་མ་ཕོག་པ་དེ་སྙེད་ཀྱི་ཉེས ་བྱས་སོ།། ལས་དང་པོ་བ་ལ་སོགས་པ་ལ་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་དང་པོ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། བྱུང་བ་སྔ་མ་དེ་ཉིད་ལ་ཁྱད ་པར་ནི་འདི་ཡོད་དེ། དགེ་སློང་མ་དེ་རྣམས་ཁོ་ན་ལ་ཞེས་བྱ་བ་ནས། ཐལ་གཟས་པ་དང་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་པ། ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་བ་ཁྲོས་འཁྲུག ་རྔམ་པར་གྱུར་ཏེ། ཡིད་མ་རངས་ནས། དགེ་སློང་མ་ལ་འརྡེག་པར་བཟས་ན། ཐན་ཐལ་མོས་ཀྱང་རུང་སྟེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། ་སྦོམ་དགའ་མོའོ།། གཞན་ནི་སྔ་མ་བཞིན་ནོ།། ཁྱད་པར་ནི་འདི་ཡོད་དེ། གཟས་ན་ཞེས་བྱ་བ་ནི། གདེང་ནས་མ་བརྒྱབ་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན ་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དེ་ཁོ་ན་བཞིན་དུ་ལྟུང་བའི་རིམ་པ་བརྗོད་པར་བྱ་སྟེ། དགེ་སློང་མས་ཇི་ཙམ་ཅུང་ཟད། དགེ་སློང་མ་ལ་གཟས་ན། ཐམས་ཅད་དུ། ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་གཉིས་པ་རྫོགས་སྷོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། ་བམ་པོ་བཅུ་དགུ་པ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཚེ་དང་ལྡན་པ་འཆར་ཀ་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་། ་ཆོས་གོས་བླངས་ནས། མཉན་ཡོད་དུ་བསོད་སྙོམས་ཀྱི་ཕྱིར་ཞུགས་ཏེ། མཉན་ཡོད་དུ་བསོད་སྙོམས་སྤྱད་ནས། སྦེད་མའི་ཁྱིམ་གང་ན་དེར་དོང་བ་དང་། སྦེད་མས ་འཆར་ཀ་རྒྱང་རིང་པོ་ཁོ་ན་ནས་འོང་བ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་སྨྲས་སོ།། འཆར་ཀ་རབ་ཏུ་བྱུང་བ་དེ་བདག་གིས་ཅི་དག་བགྱི། དེ་ནས་འཆར་ཀས་སྦེད ་མ་ལ་འདི་སྐད་ཅེས་སྨྲས་སོ།། བྱང་ཆུབ་སེམས་དཔའ་བཙུན་མོ་དྲུག་ཁྲི་སྤངས་ཏེ་རབ་ཏུ་བྱུང་ན་ཁྱོད་ཀྱིས་དེ་དག་གི་རྐང་པ་འཁྲུ་བར་ཡང་མི་ལོམ་ན། དེ ་དག་ཅི་བྱེད། དེས་འདི་སྐད་ཅེས་སྨྲས་སོ།། བདག་ཀྱང་རབ་ཏུ་འབྱུང་བ་ལགས་གྲང་། དེ་ནས་འཆར་ཀ་ས་སྦེད་མ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱིམ་གྱི་བྱ་དག་ལེགས་པར ་སྤྲོས་ཤིག། དེས་ལེགས་པར་སྤངས་ནས་འཆར་ཀ་དང་རྒྱལ་པོའི་ཁབ་དུ་སོང་སྟེ། དབྱར་གནས་སོ།། དེ་ནས་སྦེད་མ་རྒྱལ་བྱེད་ཀྱི་ཚལ་དུ་སོང་བ་དང་། ཉེ་དགས་འདི་སྐད ་ཅེས་སྨྲས་སོ།། དགོས་པ་ཅི་ཞིག་ལ་འོངས་དེ་ནས་སྦེད་མས་འདི་སྐད་ཅེས་སྨྲས་སོ།། རབ་ཏུ་དབྱུང་ངོ་།། ཉེ་དགའ་ས་འདི་སྐད་ཅེས་སྨྲས་སོ།། འཆར་ཀ་ནི་ཡུལ་ཀོ་ས་ལཱི། ་སྤུ་གྲི་རྟུལ་བས། ཡུལ་མ་ཀ་དྷར་སྤུ་གྲིའི་ཕྱིར་སོང་སོ།། དེ་ནས་སྦེད་མ་དེ་རབ་ཏུ་ཡང་མ་བྱུང་ལ། ཁྱིམ་ན་གནས་པར་ཡང་མ་གྱུར་ཏོ།། སྙམ་དུ་སེམས་ཁོངས་སུ་ཆུད་ཅིང ་འདག་པ་དག། དགེ་སློང་མ་འཆག་པ་གཞན་ཞིག་གིས་སྦེད་མ། སྐྱེ་དགུའི་བདག་མོ་ཆེན་མོ་ལ་གཏང་ནས་ཞེས་བྱ་བ་ནས། རབ་ཏུ་བྱུང་ངོ་ཞེས་བྱ་བའི་བར་རོ།། དེ་ནས ་འཆར་ཀ་དབྱར་གྱི་ཟླ་བ་གསུམ་པོ་དག་འདས་ནས། མཉན་ཡོད་ད་ཕྱིན་པ་དང་། སྦེད་མས་འཆར་ཀ་འོངས་སོ་ཞེས་ཐོས་ནས། དེ་ནས་དགེ་སློང་མ་སྦེད་མ་འཆར་ཀ་གང་ན ་བ་དེར་སོང་སྟེ། སོང་བ་དང་། གནས་ཁང་གི་སྒོ་ལ་བརྡེབས་སོ།། དེ་ནས་འཆར་ཀས་འདི་སུ་ཞིག་ཅེས་དྲིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། བདག་སྦེད་མ་ལེག་སོ།། ། ་དེ་ནས་འཆར་ཀས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་གི་ཆུང་མ་ནང་དུ་ཞུགས་ཤིག། དེས་འདི་སྐད་ཅེས་སྨྲས་སོ།། བདག་ཁྱིམ་བདག་གི་མཆིས་འབྲང་མ་ལགས་ཏེ། ་བདག་རབ་ཏུ་བྱུང་བ་ལགས་སོ།། དེས་ཁྱོད་སུས་གནང་ན་འདི་ལྟར་ཁྱོད་རབ་ཏུ་བྱུང་ཞེས་སྤྲོས་པ་དང་། དེ་ནས་སྦེད་མས་འཆར་ཀ་ལ་བཟོད་པ་གསོལ་ཏོ།། དེ་ནས་དེའི ་འོག་དུ་འཆར་ཀས་སྦེད་མ་ལ་ཆོས་བཤད་པར་བརྩམས་པ་དང་། ཇི་ཙམ་ན་ཀུན་ཏུ་ཆགས་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་བུད་མེད་མཁས་པའི་རང་བཞིན་ཅན་ནི།། ་སྐྱེས་པ་ཆགས་པ་ཤེས་སོ་ཞེས་གསུངས་པ་ཡིན་པས། ཇི་ཙམ་ན་འཕྲིགས་ནས། གཅི་བའི་བརྡ་བྱས་ཏེ་བྲོས་སོ།། འཆར་ཀ་ཡང་རྐང་པའི་སྒྲ་ལ་མཁས་པས་རིག་ནས། ་ཕྱི་བཞིན་བརྒྱུགས་པ་དང་། དེའི་བརླ་ལ་རེག་པས། སྨད་གཡོགས་གཤེར་ཏོ།། སྦེད་མས་འདོད་ཆགས་དང་བྲལ་བར་རིག་ནས། འཆར་ཀ་ག་ན་བ་དེར་སོང་སྟེ་ཕྱིན་ནས། ་སྦེད་མས་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་འཆར་ཀ་གལ་ཏེ། བདག་གིས་དེ་ལྟར་མ་བགྱིས་ནས། ངེས་པར་འོ་སྐོལ་གཉིས་དགེ་སྦྱོང་གི་ཚུལ་ལས་ཉམས ་པར་འགྱུར་རོ།། ཞེས་དེ་སྐད་སྨྲས་པ་དང་། འཆར་ཀས་སྦེད་མ་ལ་འདི་སྐད་ཅེས་སྨྲས་སོ།། སྦེད་མ་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་ཀྱིས་གང་བདག་སྲུང་བ་དེ། ་ནི་བསྲུང་བ་ཡིན་ལ། གང་གཞན་སྲུང་བ་དེ་ནི་བདག་སྲུང་བ་ཡིན་ནོ་ཞེས་གསུངས་པ་ནི་ཐག་ཏུ་བབ་སྟེ། འདི་ལྟར་ཡང་སྦེད་མ་ཁྱོད་ཀྱིས་རང་ཡང་བསྲུང་བ་ཁོ་བོ་ཡང་བསྲུངས་སོ།། ་དེ་ནས་སྦེད་མས་འཆར་ཀ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ལམ་གྱིས་དུབ་སྟེ་བྱོན་གྱིས་གོས་དག་བདག་ལ་གཏོང་ཅིག་བཀྲུའོ།། དེ་ནས་བྱིན་པ་དང་། ་སྦེད་མས་མཐོང་ནས། འགྱོད་པ་སྐྱེས་ཏེ་བདག་གིས་ནི་བུད་མེད་ཀྱི་མི་བརྟན་པ་བྱས། བདག་གིས་ནི་དགེ་སྦྱོང་གི་མི་བརྟན་པ་དང་། བྲམ་ཟེའི་མི་བརྟན་པ་བྱས་ཏེ། བདག ་གི་ལུས་ཀྱི་ཡན་ལག་དེ་འདི་ལྟ་སྟེ། འཆར་ཀས་མ་མཐོང་བ་འམ། མ་རེག་པ་འམ། སུས་ཀྱང་མི་ཤེས་པ་དེ་གང་ཞིག་ཡོད་ཅེས། དེ་ལྟར་སྨྲེ་སྔགས་མང་ད་བཏོན་ནས། ་མི་གཙང་བ་རྨའི་ནང་དུ་བླུགས་སོ།། དེ་ནས་སྐད་མས་འཆར་ཀའི་གོས་དག་བཀྲུས་ནས། དགེ་སློང་མའི་དབྱར་ཁང་ག་ན་བ་དེར་སོང་ངོ་།། དེ་ནས་སྦེད་མ་དུས་གཞན་ཞིག་ན། ་སེམས་ཅན་དང་ལྡན་པར་གྱུར་ཏོ།། དེ་ནས་དགེ་སློང་མ་རྣམས་ཀྱིས་སྦེད་མའི་ལུས་ཀྱི་གྱུར་པ་དག་མཐོང་ནས་ཞེས་བྱ་བ་ནས། སྐབས་དེ་དགེ་སློང་མ་རྣམས་ཀྱིས་དགེ་སློང་དག ་ལ་སྤྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་ཅི་ཡང་རུང་བ་དེ་ནི། དགེ་སློང་མ་དགེ་སློང ་ཉེད་མ་ཡིན་པའི་གོས་དག་བཀྲུ་བ་དང་། ཁ་དོག་སྦྱར་བ་དང་། འཆག་པ་ལས་གྱུར་ཏོ་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་ཉེ་དུ་མ་ཡིན་པའི་གོས་རྙིང་པ་འཁྲུ་འམ། ཁ་དོག་སྦྱར་རམ་འཆག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི ་སྦེད་མའོ།། ཉེ་དུ་མ་ཡིན་པ་ཞེས་བྱ་བ་ནི་མ་མེས་དང་བ་མེས་བདུན་རྒྱུད་ཚུན་ཆང་ན་ཉེ་དུ་ཡིན་ནོ།། དགེ་སློང་ཞེས་བྱ་བ་ནི་ཆོས་འདི་པའོ།། རྙེད་པ་དག་ཅེས་བྱ་བ་ནི། དུས་ཚིག ་གསུམ་པོ་དགུན་དང་དཔྱིད་དང་དབྱ་བ་གང་ཡང་རུང་བའི་དུས་ཚིགས་སུ་ལོངས་སྤྱད་པར་གྱུར་པའོ།། གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། བཀྲུ་བ་འམ་ཞེས ་བྱ་བ་ནི། ཐ་ན་ཆུར་ལེན་ཅིག་སྙགས་པ་ཡོད། ཁ་སྦྱར་རམ་ཞེས་བྱ་བ་ནི། ཐ་ན་འརྩོན་གྱི་ནང་དུ་ལན་ཅིག་འཇུག་པ་ཡང་ངོ་།། འཆག་ན་ཞེས་བྱ་བ་ན། ཐ་ན་ལག་མཐིལ་གྱིས ་ལན་ཅིག་རྡེབས་ན་ཡང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཉེ་དུ་མ་ཡིན་པའི་འདུ་ཤེས་ཀྱིས། དགེ་སློང་ཉེ་དུ ་མ་ཡིན་པར་འཁྲུ་ན་ལྟུང་བྱེད་དོ།། ཥ་སྦྱར་ན་ལྟུང་བྱེད་དོ།། འཆག་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཉེ་དུ་མ་ཡིན་པ་ལ་ཡིད་གཉིས་ཀྱིས་འཁྲུ་ན་ཉེས་བྱས་སོ།། ཁ་སྦྱར་ན་ཉེས ་བྱས་སོ།། འཆག་ན་ཉེས་བྱས་སོ།། ཕ་དང་བུ་དང་མིང་པོ་དག་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་གསུམ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན ་ཡོད་ནའོ།། གང་གི་ཚེ་བཅུ་བདུན་སྡེ་རྣམས་ལ་བརྟེན་ནས། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྦེད་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས ་སྡེ་རྣམས་རྒོད་པའི་བསམ་པས་དགེ་སློང་མ་རྣམས་ཀྱི་གོས་དག་སྦེད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པའི་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་གི་འམ། ་དགེ་སློང་མའི་འམ། དགེ་ཚུལ་ལམ། དགེ་ཚུལ་མའི་ལྷུང་བཟེད་དམ། ཆོས་གོས་སམ་དྲ་བ་འམ་ཕོར་བུ་འམ། སྐ་རགས་སྦེད་དམ། སྦེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང ་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དགེ་སློང་ངམ་ཞེས་བྱ་བ་ནི་ཆོས་འདི་པའོ།། དགེ་སློང་མ་འམ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱི་ཉན་ཐོས་མའི་འོ།། ་དགེ་སློང་མ་ཞེས་བྱ་བ་ནི། དགེ་སློང་མའི་བསླབ་པ་ལ་སློབ་པ་གང་ཡིན་པའོ།། དགེ་ཚུལ་དང་ཞེས་བྱ་བ་ནི་གཞོན་ནུའོ།། དགེ་ཚུལ་མ་ཞེས་བྱ་བ་ནི་གཞོན་ན་མའོ།། ་ལྷུང་བཟེད་དམ་ཞེས་བྱ་བ་ནི། བྱིན་གྱིས་རླབས་པ་ལ་སོགས་ཏེ་ཐ་ན་སྣོད་ཅིག་ཤེས་ཀྱང་ཡིན་ནོ།། ཆོས་གོས་སམ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། དྲ་བ་འམ། ་ཞེས་བྱ་བ་ནི་དྲ་བ་ཉིད་དོ།། ཚ་ཁུག་གམ་ཞེས་བྱ་བ་ནི་ལན་ཆའི་སྣོད་དོ།། སྐ་རགས་སམ་ཞེས་བྱ་བ་ནི། ལྕག་པོད་དམ། རྒྱ་ཅང་གང་ཡང་རུང་བ་སྟེ། དགེ་སྦྱོང་གི་འཚོ། ་བའི་ཡོ་བྱད་ཅི་ཡང་རུང་གང་སྦས་ན་རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ།། རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ཞེས་བྱ་བ་ནི། རྐྱེན་དེ་ལྟ་བུ་བཞག་སྟེའོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་སྦེད་ན་རྐྱེན་མ་གཏོགས་ཏེ་ཐམས་ཅད་དུ་ལྟུང་། ་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་བཞི་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ནས། ་ཁ་ཟས་བསོད་པའི་དགག་པ་མཛད་ནས་ནད་པ་ལ་ནི་རྗེས་སུ་གནང་ངོ་།། དེ་ནས་བཅུ་གཉིས་སྡེ་དེ་དག་བྲམ་ཟེ་དང་། ཁྱིམ་བདག་གི་ཁྱིམ་རྣམས་སུ་ཁ་ཟས་བསོད་པ་བླངས་ནས། ་ན་བ་ལ་ཡང་ལོངས་སྤྱོད་པར་བྱེད་མི་ན་བ་ལ་ཡང་ལོངས་སྤྱོད་པར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན། དེ་དག་གིས་འདི་སྐད་ཅེས་བསླབ་པའི་གཞི་དེ་ནི། དགེ་སློང ་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པའི་གཞི་བཅའ་བའི་བར་དུ་མཛད་དེ། དགེ་སློང་མ་ན་བ་རྣམས་ལ་ཁ་ཟས་བསོད་པ་རྗེས་སུ་གནང་བ ་གང་ཡིན་པ་དེ་དག་ནི་འདི་ལྟ་སྟེ། འོ་མ་དང་ཞོ་དང་མར་སར་དང་། ཉ་དང་། ཤ་དང་། ཤ་སྐམ་མོ།། ཡང་དགེ་སློང་མ་གང་མི་ན་བར་བདག་ཉིད་ཀྱི་ཆེད་དུ། བཅའ་དང ་བཟའ་བ་དེ་ལྟ་བུ་གཞན་གྱི་ཁྱིམ་དག་ནས་བསླངས་ཏེ་འཆའམ་ཟ་ན་ལྟུང་བྱེད་དོ།། གང་ཡིན་པ་དེ་དག་ནི་ཞེས་བྱ་བ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ།། ནད་པ་རྣམས་ཀྱི་ཞེས་བྱ་བ་ནི། ནད་ཀྱིས་ཐེབས་པ་རྣམས་ཀྱིའོ།། དགེ་སློང་མ་རྣམས་ཞེས་བྱ་བ་ནི། དེ ་བཞིན་གཤེགས་པའི་ཉན་ཐོས་མ་རྣམས་སོ།། བསོད་པ་ཞེས་བྱ་བ་ནི་ཞིམ་པོའོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་། བཟའ་བ ་ལྔའོ།། འོ་མ་ཞེས་བྱ་བ་ནི་འོ་མ་ཉིད་དོ།། ནོ་ཞེས་བྱ་བ་ནི་ཞེ་ཉིད་དོ།། མར་ཞེས་བྱ་བ་ནི་མར་ཉིད་དོ།། ཤ་ཞེས་བྱ་བ་ནི་ཤ་ཉིད་དོ།། ཉ་ཞེས་བྱ་བ་ནི་ཉ་ཉིད་དོ།། ཤ་སྐམ ་ཞེས་བྱ་བ་ནི། ཤ་བསྐམས་པའོ།། འདི་ལྟར་ཁྱིམ་དག་ནས་སློང་ན་ཞེས་བྱ་བ་ནི་རང་གིས་སོ།། སློང་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ཟོས་སམ་འཆོས་མ་ཞེས ་བྱ་བ་ནི་ལྐོག་མར་ཁམ་གྱིས་མིད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། མིན་པར་སློང་ཞིང་མི་ན་བར་ཟན་སློང་བ་ན་དེ་ལ་ཉེས་བྱས་སོ།། ཟ་བ་ན་ལྟུང་བྱེད ་དོ།། མི་ན་བར་སློང་ཞིང་ན་བ་ན་ཟ་ན། སློང་བ་དེ་ལ་ཉེས་བྱས་སོ།། ཟ་བ་ན་ལྟུང་བ་མེད་དོ།། དེ་བཞིན་དུ་ན་བ་ན་བསླངས་ལ། མི་ན་པ་ན་ཟ་ན། སློང་བ་དེ་ལ་ལྟུང་བ་མེདའོ།། ་ཟ་བ་ན་ལྟུང་བྱེད་དོ།། དེ་བཞིན་དུ་ན་བ་ན་སློང་ཞིང་ན་བ་ན་ཟ་ན། གཉི་ག་ལ་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་ལྔ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན ་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས། གནས་ངན་ལེན་གྱི་ལྟུང་བ་བྱུང་ནས། ཕན་ཚུན་འཆབ་པར་བྱེད་ཅིང་། དེ་དག་འཐབ་པ་དང་། འཚང་འདྲུ་བར་བྱེད་ཅིང་། ་ཁོན་ཚུན་དུ་གཞི་དེས་གླེང་བར་བྱེད་པ། དེ་དག་དོན་ཉུང་བའི་དགེ་སློང་མ་རྣམས་ཀྱིས་ཐོས་ནས། སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མའི་གནས་ངན་ལེན་གྱི ་ལྟུང་བ་འཆབ་ན་ལྟུང་བྱེད་དོ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། གནས་ངན་ལེན་ཞེས་བྱ་བ་ནི། གནས་ངན་ལེན་གཉིས་ཏེ། ཕས་ཕམ་པར་འགྱུར ་པས་ཀུན་ནས་བླང་བ་དང་། དགེ་འདུན་ལྷག་མས་ཀུན་ནས་བསླང་བའོ།། འཆབ་ན་ཞེས་བྱ་བ་ནི་གཞན་ལ་མི་སྦྱ་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་ཕས་ཕམ་པར་གྱུར་པས་ཀུན་ནས་བསླང་བའི་ལྟུང་བ་བྱུང་བ་མཐོང་ལ། དེའི་དེ་འཆབ་པར་སེམས་བསྐྱེད ་ན་ལྟུང་བྱེད་དོ།། དེ་བཞིན་དུ་དགེ་འདུན་ལྷག་མ་དང་། དེ་བཞིན་དུ་ལྟུང་བྱེད་དང་། སོ་སོར་བཤགས་པར་བྱ་བ་དང་། ཉེས་བྱས་ལ་ནི་ཉེས་བྱས་སོ།། གལ་ཏེ་འཐབ ་མོར་གྱུར་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་དྲུག་པ་རྫོགས་སྷོ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་བས ་པ། ཚེམ་བུ་བ་ལྷུང་བཟེད་ནག་པོ་ཅན་འདི་དག་གིས་ཁོ་མོ་དགེ་སློང་མ་རྣམས་ཀྱི་མདུན་དུ་ཟོ་བརྩམས་ན། ཁོ་མོ་ཅག་གིས་འདི་དག་ལ་གནོད་པ་ཅི་ཞིག་བྱ་སྙམ་མོ།། ་དེ་ནས་སྦོམ་དགའ་མོ་དང་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ལན་དུ་ཐོ་བརྩམ་པོ་ལྟ་སླའོ་ཞེས། དེ་དག་གིས་དགེ་སློང་མ་རྒན་མོ་རྣམས་སྲང་དང་། སུམ་མདོ་དཔ ་བཞི་མདོ་རྣམས་སུ་འགྲོན་དུ་བོས་ནས། ཇི་སྲིད་ཀྱི་ཟན་འཆད་པ་དེ་སྲིད་འཁྱམ་དུ་བཅུག་གོ།། བཅུ་གཉིས་སྡེ་རྣམས་ཀྱིས་ནི། གཉིས་ཤིང་གཉིས ་ཤིང་གསང་ནས། བྲམ་ཟེ་དང་ཁྱིམ་བདག་རྣམས་སུ་སོང་སྟེ། བསོད་སྙོམས་ཟོས་སོ།། དེ་ནས་དགེ་སློང་མ་རྒན་རྒན་མོ་དེ་དག་དབྱར་ཁང་དུ་འོངས་ནས། འཕྲེས་ཏེ ་འདུག་པ་དང་། དེ་དག་གིས་ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་སྨྲས་པ། འཕགས་མ་དག་གལ་ཏེ། ཟས་གཞན་གྱི་ལགས་ཤེས་ཏེ། ལྟོ་ཡང་གཞན་གྱི ་ལགས་སམ་ཅི། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དེ་རིང་སུས་ཟོས་པ་ཡིན་གྲང་། དེ་དག་གི་འདི་སྐད་ཅེས་བཤོས་མ་བཀུམ་གྲང་ཞེས་སྨྲས་པ་དང་། དེ་དག་གིས ་སྐབས་དེ་དགེ་སློང་མ་རྣམས་ལ་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཀླན་ཀ་ཚོལ་བས་ཅི་ནས་ཀྱང་དགེ་སློང་མ་འདི་ལ་ཀླན་ཀ་བཙམ་པར ་འགྱུར་རོ།། སྙམ་པ་དེ་ཉིད་རྐྱེན་དུ་བྱས་ཏེ། དགེ་སློང་མ་ལ་འདི་སྐད་ཅེས་འཕགས་མ་ཁྱོད་ཚུར་ཁྱིམ་དག་ཏུ་བཞུད་དོ།། དེར་ཁྱོད་ལ་བཟའ་བ་དང་བཅའ་བ་བསོད་པ་དག ་ཇི་ཙམ་འདོད་པ་སྦྱིན་དུ་གཞུག་གོ།། ཞེས་སྨྲས་ནས། དེས་དེ་ལ་བཟའ་བ་དང་། བཅའ་བ་བཅོད་པ་དག་ཇི་ཙམ་འདོད་པར་སྦྱིན་དུ་གཙུག་པར་དེའི་འོག་ཏུ་འདི་སྐད་ཅེས། ་འཕགས་མ་ཁྱོད་དང་ཁོ་མོ་ལྷན་ཅིག་སྨྲ་འམ་འདུག་པ་བདེ་བ་མ་ཡིན་ནོ།། དེ་ལྟ་མོད་ཀྱི་ཁོ་མོ་གཅིག་པུ་སྨྲ་འམ། འདུག་ན་འདེས། ཁྱོད་སོང་ཤིག་ཅེས་ཟེར་ན་ལྟུང་བྱེད་དོ།། ་ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ། དགེ་སློང་མ་ལ་ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་ཉན་ཐོས་མ་ལའོ།། འདི་སྐད་ཅེས་ཟེར་བྱ་བ་ནི་སྒྲ་ནའོ།། ་ཚུར་ཁྱིམ་དག་ཏུ་བཞད་དང་ཞེས་བྱེ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་རྣམས་སུའོ།། དེར་ཁྱོད་ལ་བཟའ་བ་དང་བཅའ་བ་བསོད་པ་དག་སྦྱིན་དུ་གཞུག་གོ་ཞེས་བྱ་བ་ནི། བཅའ་བ་ལྔ་དང ་བཟའ་བ་ལྔའོ།། ཇི་ཙམ་འདོད་པར་ཞེས་བྱ་བ་ནི་ཇི་ཙམ་འདོད་པའོ།། དེས་དེ་ལ་སྦྱིན་དུ་མ་བཅུག་པར་འདི་སྐད་ཅེས་ཁྱོད་དང་ཁོ་མོ་ལྷན་ཅིག་པ་མ་ཡིན་ནོ།། ཞེས་བྱ་བ་ནི། ཁྱོད་དང ་ལྷན་ཅིག་དགའ་བ་མ་ཡིན་པའོ།། སྨྲ་འམ་ཞེས་བྱ་བ་ནི་ཚིག་གོ། འདུག་པ་འམ་ཞེས་བྱ་བ་ནི་འཁོད་པའོ།། ཀླན་ཀ་ཚོལ་ན་ཞེས་བྱ་བ་ནི། ཐོ་རྩམ་པའི་ཀླགས་ཚོལ་བའོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཀླན་ཀ་ཚོལ་བས་དེ་སྐད་ཅེས་སྨྲས་ན་ཐམས་ཅད་དུ་ལྟུང་བྱེད་འགྱུར་རོ།། ་གལ་ཏེ་སྨན་པའི་ལུང་ཡོད་པ་འམ། དེ་ལ་རྟེན་ནས་དགེ་འདུན་གྱི་ཟན་བཅད་པར་གྱུར་ན་མི་རུང་བ་ཞིག་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་བདུན་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་རྣམས་ལས་རྟེན་ཏེ་བླ་གབ་མེད་པར་མི་འབུད་པའི་བསླབ་པའི་གཞི་བཅའ་བར་མཛད་ལ། དེ་ཡང ་ནད་པ་རྣམས་ལ་རྟེན་ནས་ནི། རྗེས་སུ་གནང་པ་དེའི་ཚེ། བཅུ་གཉིས་སྡེ་རྣམས་རང་གི་ལག་གིས་མེ་སྤོར་བར་བྱེད། སྤོར་དུ་འཇུག་པར་བྱེད་པ་དང་། ཇི་ཙམ ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་མཛད་དེ། ཡང་དགེ་སློང་མ་གང་མི་ན་བར་བདག་ཉིད་ཀྱི་ཕྱིར་བདེ་བར་འདོད་ནས། མེ་སྤོར་རམ་སྤོར་དུ་འཇུག་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ ་དག་གོ། མི་ན་བར་ཞེས་བྱ་བ་ནི། ནད་པ་མ་གཏོགས་པའོ།། བདག་ཉིད་ཀྱི་ཕྱིར་ཞེས་བྱ་བ་ནི། རང་གི་ཆེད་དུའོ།། མེ་སྤོར་རམ་ཞེས་བྱ་བ་ནི། མེ་འབུད་པའོ།། བདག་ཉིད་ཀྱིས ་ཞེས་བྱ་བ་ནི་རང་གིས་སོ།། སྤོང་དུ་འཇུག་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལྟ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་འདག་པ་ལེན ་ཏམ། དྲིའི་ཆེད་དུ་མེས་འགེངས་པར་བྱེད་ན། དེས་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་བརླབས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དྲི་དག་དྲིའི་ཆེད་དུ་ལྡུགས་ན་ཡང་སངས་རྒྱས་ཀྱི ་ཆེད་ཡིན་ནོ།། ཞེས་དུས་བྱིན་གྱིས་བརླབས་པར་བྱའོ།། བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ།། དེ་བཞིན་དུ་མཁན་པོའི་ཕྱིར་ཡང་བྱིན་གྱིས་མ་བརླབས་ན་ལྟུང་བྱེད་དོ།། དེ་བཞིན་དུ ་དགེ་འདུན་གྱི་ཕྱིར་མེ་སྤོར་ན། ཇི་ཙམ་དགོས་པ་མ་རྫོགས་ཀྱི་བར་དུ། དུས་རིང་པོར་ཏེ་བྱིན་གྱིས་མི་རློབ་ན་ལྟུང་བྱེད་དོ།། དེ་བཞིན་དུ་མེ་འཐོར་བར་བྱེད་དམ། སྤུང་བར་བྱེད་ན ་ཡང་ལྟུང་བྱེད་དོ།། དགེ་སློང་མས་འགལ་མེ་བླངས་ཏེ། འགལ་མེའི་འཁོར་ལོ་བསྐོར་བར་བྱེད་ན་ལྟུང་བྱེད་དོ་ཞེས་བྱ་བ་ནས། དེ་བཞིན་དུ་འདག་མ་ལ་རི་མོ་འབྲི་བར་བྱེད་ན་ལྟུང་བྱེད་དེ། ་ཞེས་བྱ་བའི་བར་རོ།། དགེ་སློང་མས་འདག་མ་ལེན་ན། གལ་ཏེ་དུས་བྱིན་གྱིས་རློབ་ན། དེ་ལྟ་ན་ལེགས་གལ་ཏེ་མི་བྱེད་ན་ཉེས་བྱས་སོ།། གལ་ཏེ་ནད་པའི་ཕྱིར་བླ་གབ་མེད་པར ་སྣོད་དུ་བཙོ་བ་འཚེད་དམ། དེ་བཞིན་དུ་མཚོན་རྩིའི་ལས་དང་། ལྷུང་བཟེད་ཀྱི་ལས་བྱེད་པ་སྟེ། ཐམས་ཅད་དུ་དུས་བྱིན་གྱིས་བརླབས་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་བརྒྱད ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་བཅུ་བདུན་སྡེ་རྣམས་ལ་བརྟེན་ནས་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པའི་བསླབ ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་རང་བཞིན་དུ་གནས་པའི་དགེ་སློང་མ་རྣམས་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པའི་དགེ་འདུན་གྱི་བྱ་བ་བྱེད་དོ།། དེའི་ཚེ་བཅུ་གཉིས་སྡེ་དེ་རྣམས་ཀྱིས ་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ཟིན་ནས། མི་སྦྱིན་ནོ་ཉེས་པར་སྦྱིན་ནོ།། མི་མཐུན་པས་བྱས་ཀྱི་འཐུན་པས་མ་ཡིན་ནོ།། ཞེས་སྨྲས་པ་ན། དོན་ཉུང་བའི ་དགེ་སློང་མ་དག་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ནས། དེའི་འོག་ཏུ་སྤོང་བའི་ཆོས་སུ་བྱེད་ཅིང་། དགེ་སློང་མ་འདུན་པ་ཕྱིར་བྱིན་ཅིག། ཁྱོད་ལ་མི་སྦྱིན་ནོ་ཞེས ་ཟེར་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་ཞེས་བྱ་བ་ནི། དགེ་འདུན་གྱི་ཆོས་དང་། ་ལྗོན་པའི་དགེ་འདུན་གྱི་བྱ་བ་གསོལ་བ་དང་། གསོལ་བ་དང་གཉིས་དང་། གསོལ་བ་དང་བཞིའི་ལས་དག་གོ། འདུན་པ་བྱིན་ནས་ཞེས་བྱ་བ་ནི་བློ་གྲོས་བྱིན་ནས་སོ།། དེའི་འོག་ཏུ་ཞེས ་བྱ་བ་ནི་དུས་གཞནའོ།། སྤོང་བའི་ཆོས་སུ་བྱེད་ཅིང་ཞེས་བྱ་བ་ནི། འདི་སྐད་ཅེས་ཁོ་མོས་འདུན་པ་མ་བྱིན་ནོ་ཞེས་སྨྲ་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་བྱ་བ་ཆོས་དང་ལྡན་པ་ལ་འདུན་པ་བྱིན་ནས། སྤོང་བའི་ཆོས་སུ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ། ་བདེན་པ་ཉིད་དམ་ཉེས་པར་བྱིན་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི་དགུ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན ་འདས་ཀྱིས་དགེ་སློང་རྒན་ཞུགས་ཤིག་ལ་བརྟེན་ནས། བསྙེན་པར་མ་རྫོགས་པ་དང་། ལྷན་ཅིག་ཐམས་ཅད་དུ་གནས་པར་མི་བྱའོ།། གནས་ན་ལྟུང་བྱེད་དོ།། ཡང་དགེ་ཚུལ་སྒྲ། ་གཅན་ཟིན་ལས་བརྟན་ནས། ནུབ་གཉིས་ཚུན་ཆད་རྗེས་སུ་གནང་ངོ་།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས། གང་དུ་ནུབ་གཉིས་པ་དེ་ལ་ནི་གསུམ་དུ་འགྱུར་འདོད་ཅིག། ་གང་དུ་གསུམ་ཡིན་པ་དེ་ལ་ནི་བཞིར་འགྱུར་འདོད་ཅིག་ཅེས་སྨྲ་བའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་ཀཔ། གནས་པར་མི་བྱའོ།། གནས་ན་ལྟུང་བྱེད་དོ།། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས།། དགེ་ཚུལ་མདག་ཀྱི་ཀུན་དགའ་ར་བའི་ཕྱིར་རོལ་ཏུ་བྱུང་བ་ན། དེ་དག་མི་སྦེད་ཅིང་བསྲུངས ་པར་གྱུར་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཀུན་དགའ་ར་བའི་ཕྱིར་རོལ་ཏུ་བྱུང་བར་མི་བྱའོ།། དེ་ལྟ ་མོད་ཀྱི་གཞི་སྤང་བར་བྱའོ།། དེ་ལྟར་བྱས་པ་དང་། དགེ་སློང་མ་ཞིག་གིས། དགེ་ཚུལ་ན་ནད་པ་ཞིག་ཡོད་པ་དེ་ལ། བདག་གི་ལག་པས་བྱིན་མ་བྱས་པ་མ་གྱུར་གྲང་ཞེས་སླར་ཡང ་རེག་པར་མི་བྱེད་པ་དང་། ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རང་གི་ལག་གིས་བསྙེད་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་ནས་དགེ་ཚུལ་མ་ནད་པ་དེ ་དག་ཟས་ཀྱིས་དུས་སུ་འདུག་པས་དུབ་པར་གྱུར་པ་ན་དགེ་སློང་དེ་དག་རྟེན་པར་མི་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་གཅིག་ཏུ་འདུག་ལ་བརྟེན་པར་བྱ ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་ནས་ཡང་ནུབ་མོར་གྱུར་པ་ན། དགེ་ཚུལ་མ་དེ་དག་བོར་ཏེ་དོང་པ་དང་། ནད་པ་དེ་ཡང་ནུབ་མོ་སྐོམ་པ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། དེ་ཁོ་ནར་ལྷན་ཅིག་གནས་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་བཞིན་དུ་དགེ་སློང་མ་ནན་ཡང་དེར་ཚུལ་མ་འམ། ནད་གཡོག་དག་གནས་པར་བྱ་ཞིང་། ་སྣང་བ་དང་བཅས་པར་ཡང་གནས་པར་བྱ་སྟེ། དེ་ལ་འགྱོད་པར་མི་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས ་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས། སྔ་མ་ནི་བཅས་པའོ།། འདི་ནི་རྗེས་སུ་གནང་བ་སྟེ། ཉན་ཐོས་མ་རྣམས ་ཀྱིས་ཡང་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར་གནོད་པར་བྱ་སྟེ། ཡང་དགེ་སློང་མ་གང་བསྙེན་པར་མ་རྫོགས་པ་དང་། ལྷན་གཅིག་ནུབ་གཉིས་ལས་ལྷག་པར་གནས་གཅིག ་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། བསྙེན་པར་མ་རྫོགས་པ་དང་ཞེས་བྱ་བ་ལ། བསྙེན་པར་རྫོགས་པ་ནི་གཉིས་ཏེ། ་དགེ་སློང་དང་དགེ་སློང་མའོ།། ལྷག་མ་ནི་བསྙེན་པར་མ་རྫོགས་པའོ།། ནུབ་གཉིས་ལས་ལྷག་པར་ཞེས་བྱ་བ་ནི། ནུབ་གཉིས་འདས་པར་རོ།། གནས་ཅིག་ཉལ་བྱར་བྱེད ་ན་ཞེས་བྱ་བ་ལ་གནས་བཞི་པོ་དག་ཏུ་ཉལ་བར་བྱེད་པ་སྟེ། ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་དང་། ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་དང་། ་ཐམས་ཅད་ཕལ་ཆེར་མ་གཡོགས་ཤིང་ཕལ་ཆེར་བསྐོར་བ་དང་། ཐམས་ཅད་ཕལ་ཆེར་གཡོགས་ཤིན་ཕལ་ཆེར་བསྐོར་བའོ།། ཐམས་ཅད་གཡོགས་ཤིང་ཐམས་ཅད ་བསྐོར་བ་ནི། གནས་ཁང་ངམ། འཁོར་གྱི་ཁྱམས་སམ་ཁང་པ་རྩིག་མ་དག་གོ།། ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི། ཁྱམས་ཟླུམ་པོ་འམ། རིམ ་གྲོའི་གནས་དག་གོ།། ཐམས་ཅད་ཕལ་ཆེར་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི། ཁྱམས་ངོས་གསུམ་པའོ།། ཕལ་ཆེར་མ་གཡོགས་ཤིང་ཕལ་ཆེར་མ་བསྐོར་པ་ནི། ་ཁྱམས་ངོས་བཞི་པའོ།། སྐྱ་རེང་ཤར་ན་ཞེས་བྱ་བ་ནི་སྐྱ་རེང་གསུམ་པོ་སྐྱ་རེང་དང་པོ་འམ། བར་མ་འམ། ཐ་མ་གང་ཡང་རུང་བ་ཤར་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བསྙེན་པར་མ་རྫོགས་པ་དང་། ལྷན་ཅིག་ནུབ་གཉིས་ལས་འདས་ཏེ། ནུབ་གསུམ་པར་གནས་གཅིག་ཏུ་ཉལ ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་བཅུ་པ་རྫོགས་སྷོ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། དེའི་ཚེ་དགེ་སློང་མ་འཆི་ལྟས ་ལ། སྡིག་པ་ཅན་གྱི་ལྟ་བར་སོང་བའི་རྣམ་པ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན ་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་ཟེར་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འཆི་ལྟས་ལ་བཞམས་ཏེ་སྒོ་ཤིག། དེ་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང ་པར་ཞེན་ནས། འདི་ན་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས་དགེ་སློང་མ་འཆི་ལྟས་ལ་གསོལ་བ་དང་། གཞིའི་ལས་ཀྱིས་བསྒོ་བར་བྱའོ།། བསྒོ་བ་ནི་འདི་ལྟར་བྱ་སྟེ། ་གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས་དགེ་སློང་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ་ཞེས་བྱ་བའི་བར་རོ།། ཞེས་བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས ་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་བསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས ་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ། སོ་སོར་བསྟེ་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས། བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ ་ཞེས་མཆི་བ་དེ་ལ། དགེ་སློང་མ་མང་པོས་བཞམས་ཏེ་བསྒོ་སྟེ། དེ་ལ་བཞམས་ཏེ་བསྒོ་བ་ནི། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན ་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བ ་མཛོད་ཅིག། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་ལ་གསོལ་པ་དང་བཞིའི་ལས་ཀྱི་བསྒོ་བ་མཛད་དོ།། འདི་ནི་གསོལ་བའོ།། དེ་བཞིན་དུ་ལས་ཀྱང ་ལན་གསུམ་གྱི་བར་དུ་བྱའོ།། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ནི། འདི་སྐད་ཅེས་འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་སྨྲ་བའི་སྐབས་དེ། དགེ་སློང ་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་མ་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ། ་མི་བཏུབ་པ་དང་། གཞན་ཡང་དེ་ལྟ་བུ་དང་མཐུན་པ་སུ་ཡང་རུང་བ་ལ་གནས་ནས་དབྱུང་བའི་ལས་བྱོས་ཤིག། ལས་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས ་བྱ་བ་ནས། དགེ་སློང་མ་གཅིག་གིས་གསོལ་བྱ་བྱས་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ན་མོ་དག་བདག་ལ་བསན་དུ་གསོལ། དགེ་སློང་མ་འཆི ་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་ད་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར ་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱི་ཆོས་བསྟན་པ་ཤེས་སོ་ཞེས་མཆི་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱིས ་དུས་ལ་བབ་ཅིང་བཟོད་ན་འཕག་སེ་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོད ་བ་དེ་གཏོང་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ། གཏོང་དུ་མི་བཏུབ་པ་དེ་སྲིད་དུ་དེ་ལ། ་དགེ་སློང་མ་རྣམས་ཀྱི་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་། དཔེར་ན་གདོལ་པའི་བུ་མོ་བཞིན་དུ་ཤིན་དུ་སྨད་པས ་སྨད་པར་བགྱིའོ།། འདི་ནི་གསོལ་བའོ།། ལས་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན ་ཀྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བཆེན ་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས།། བཅོམ་ལྡན་འདས་ཀྱིས་ཆོས་བརྟེན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི ་ལྟ་བར་སོང་བ་གཏོང་དུ་མི་བཏུབ་པ་ལ། གནས་ནས་དབྱུང་བའི་འཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི ་གཏོད་དུ་མི་བཏུབ་པ་དེ་སྲིད་དུ་འདི་ལ། དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་། ་དཔེར་ན་གདོལ་པའི་བུ་མོ་བཞིན་དེ་ཤིན་དུ་སྨད་པས་སྨད་པར་བགྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་མི་བཏུབ་པ་ལ་གནས་ནས ་དབྱུང་བའི་ལས་བགྱི་བར་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། ལན་གཉིས་སུ་ཡང་དོན ་འདི་ཉིད་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ། གཏིང་དུ་མི་བཏུབ་པ་ལ་གནས ་ནས་དབྱུང་བའི་འཕྲིན་ལས་མཛད་དོ།། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་གཏོང་དུ་མི་བཏུབ་པ་དེ་སྲིད་དུ་འདི་ལ་དགེ ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་། གདོལ་པའི་བུ་མོ་བཞིན་དུ་ཤིན་དུ་སྨད་པས ་སྨད་པར་བགྱི་ན། ཕུ་ནུ་མོ་གང་དག་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ། འདོར་དུ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་ལས་བགྱི་བར་བཟོད་པ་དེ་དག ་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་གཉིས་པ་སྟེ། འཕགས་པའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན ་དུ་གསོལ། དགེ་སློང་མ་འཆི་ལྟས་འདི་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་ད་གཅོད་པའི་ཆོས་སུ་གསུངས ་པ་གང་ཡིན་པ་དེ་ལ། སོ་སོར་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་དང་། དགེ་འདུན་གྱིས ་དགེ་སློང་མ་འཆི་ལྟས་སྡིག་པ་ཅན་གྱི་ལྟ་བར་སོང་བ་གཏོད་ཏ་མི་བཏུབ་པ་ལ་གནས་ནས་དབྱུང་བའི་འཕྲིན་ལས་མཛད་དེ། ཇི་སྲིད་དུ་དགེ་སློང་མ་འཆི་ལྟས་སྡིག་པ ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་གཏོང་དུ་མི་བཏུབ་པ་དེ་སྲིད་དུ་འདི་ལ། དགེ་སློང་མ་རྣམས་ཀྱིས་གཏམ་འདྲེ་བར་མི་བགྱི། ཕེབས་པར་སྨྲ་བར ་མི་བགྱི། སོ་སོར་ཡང་དག་པར་དགའ་བར་མི་བགྱི་ཞིང་། གདོལ་པའི་བུ་མོ་བཞིན་དུ་ཤིན་ཏུ་སྨད་པས་སྨད་པར་བགྱིའོ།། འདི་ནི་ལས་བརྗེད་པ་གསུམ་པ་སྟེ། འཕགས ་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་དེ་ལྟར་གནས་ནས་དབྱུང་བའི་ལས་བྱས་ཀྱང་གཞི་དེ་ཉིད་ལ་ནན་གྱིས ་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི། གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འདི ་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟོན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་ཟེར་ན། དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། ཕུ་ནུ་མོ་ཁྱོད་འདི ་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ། སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར ་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བརྗོད་པ་མ་སྨྲ་ཤིག། བཅོམ་ལྡན་འདས་ལ་བསྐུར་བ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པ ་བཏབ་པས་ནི། ལེགས་པར་མི་འགྱུར་རོ།། བཅོམ་ལྡན་འདས་ནི་དེ་སྐད་ཀྱང་མི་གསུང་ངོ་།། བར་དུ་གནོད་པའི་ཆོས་ཡིན་པ་ལས། བཅོམ་ལྡན་འདས་ཀྱིས་རྣམ ་གྲངས་དུ་མར་བར་དུ་གཅོད་པའི་ཆོས་སུ་གསུངས་ཏེ། དེ་དག་སོ་སོར་བསྟེན་ན་བར་དུ་གཅོད་པར་ཡང་འགྱུར་གྱིས། ཕུ་ནུ་མོ་ཁྱོད་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ། ་འདི་ལྟ་བུ་འདི་ཐོང་ཤིང་ཅེས་བརྗོད་པར་བྱའོ།། གལ་ཏེ་དགེ་སློང་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་དེ་སྐད་སྨྲས་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི ་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་ཡང་དག་པར་བསྒོ་བར་བྱ། ཡང་དག་པར་བསྟན་པར་བྱའོ།། གཞི་དེ་གཏོང་བར་བྱ་བའི་ཕྱིར། ལན་གཉིས་ལན་གསུམ ་དུ་ཡང་དག་པར་བསྒོ་ཡང་དག་པ་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་འཆི་ལྟས་སོ།། ་འདི་སྐད་ཅེས་ཟེར་ན་ཞེས་བྱ་བ་ནི་སྨནའོ། དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བྱ་བ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སོ།། དེ་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་ཞེས་བྱ་བ་ནི། དགེ་སྦྱོང་གི་ཚུལ་གྱི་བ ་དུ་གཅོད་པ་འདི་ལྟ་སྟེ། ཕས་ཕམ་པར་འགྱུར་བའི་ཆོས་བརྒྱད་དང་། དགེ་འདུན་ལྷག་མ་ཉི་ཤུ་དང་། སྤང་བའི་ལྟུང་བྱེད་སུམ་བཅུ་རྩ་གསུམ་པ་དང་།། ་ལྟུང་བྱེད་བརྒྱ་བརྒྱད་བཅུ་དང་། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་དང་། བསླབ་པ་མང་པོ་དང་། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་སྟེ། ཆོས་མ་ཡིན་པ་འདི་ལ་ཆོས ་ཀྱི་སྒྲར་གསུངས་སོ།། དེ་ལ་སོ་སོར་བསྟེན་ཀྱང་ཞེས་བྱ་བ་ནི། ལྷག་པར་སྤྱད་ནའོ།། བར་དུ་གཅོད་པར་མི་འགྱུར་ཞེས་བྱ་བ་ནི། དགེ་སྦྱོང་གི་ཚུལ་གྱི་བར་དུ་གཅོད་པར། ་མི་འགྱུར་བའོ།། དགེ་སློང་མ་དེ་ལ་ཞེས་བྱ་བ་ནི། འཆི་ལྟས་ལའོ།། དགེ་སློང་མ་རྣམས་ཀྱི་ཤེས་བྱ་བ་ནི། ཆོས་འདི་པ་དག་གིས་སོ།། འདི་སྐད་ཅེས་བརྗོད་པར་བྱའོ། ་ཞེས་བྱ་བ་ནི་འདི་སྐད་ཅེས་སྨྲ་བར་བྱ་བའོ།། ཕུ་ནུ་མོ་ཁྱོད་འདི་སྐད་ཅེས། ཇི་ལྟར་བཅོམ་ལྡན་འདས་ཀྱིས་བར་དུ་གཅོད་པའི་ཆོས་སུ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར ་བསྟེན་ཀྱང་བར་དུ་གཅོད་པར་འགྱུར་བ་དེ་ལྟར། ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བརྗོད་པ་མ་སྤ་ཤིག་ཅེས་བྱ་བ་ནས། བཤམས་ཏེ་བསྒོ ་བ་ན་ཞེས་བྱ་བའི་བར་རོ།། གལ་ཏེ་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་། ཡང་དག་པར་བསྟན་པར་བྱ། ཡང་དག་པར ་བསྒོ་བར་བྱའོ།། ཞེས་བྱ་བ་ནས། གསོལ་བ་དང་། གཞིའི་ལས་ཀྱིས་བསྒོ་བར་བྱའོ།། ཞེས་བྱ་བའི་བར་རོ་ཞེས་བྱ་བ་ནི། བསྒོ་བ་སྔ་མ་ཇི་ལྟ་བ་བཞིན་དུའོ།། ཡང་དག ་པར་བསྒྲེ་བ་ནི་དེ་ཡིན་ནོ།། ཡང་དག་པར་བསྟན་པ་ནི་དེ་ཡིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་། ་ཟད་འདི་སྐད་ཅེས། དེ་ལྟར་ཁོ་མོས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་སྨྲ་ན། ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། བཞམས་ཏེ་བསྒོ་བ་ནི་གཞི ་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་སྨྲས་པ་རྫོགས་ཀྱང་མི་གཏོང་ན་ཉེས་བྱས་སོ།། ལས་བརྗོད་པ་གསུམ་པ་སྨྲས་པ་མ་རྫོགས་པར་མི་མཐུན་པ་དག་ཆོས་མ་ཡིན་པར ་བྱེད་པ་དང་། མཐུན་པ་དག་ཆོས་མ་ཡིན་པར་བྱེད་པ་དང་། མི་མཐུན་པ་དག་ཆོས་མ་ཡིན་པ་ལྟར་བཅོས་པ་དང་། འཐུན་པ་དག་ཆོས་མ་ཡིན་པ་ལྟར་བཅོས་པ་དང་། ཆོས ་ཇི་ལྟ་བ་བཞིན་མ་ཡིན་པ་དང་། འདུལ་བ་ཇི་ལྟར་བཞིན་མ་ཡིན་པ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་བཞིན་མ་ཡིན་པས་དེ་ལྟར་བྱེད་ན་ལྟུང་བ་མེད་དོ།། ཆོས་ཇི་ལྟ ་བ་དང་། འདུལ་བ་ཇི་ལྟ་བ་དང་། སྟོན་པའི་བསྟན་པ་ཇི་ལྟ་བ་ལས་བརྗོད་པ་བཞི་པ་སྨྲས་པ་རྫོགས་ན་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་བཅུ་གཅིག་པ ་རྫོགས་སྷོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་ཉི་ཤུ་པའོ།། ་སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་འཆི་ལྟས་དེ་དང་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨེ་བར་བྱེད། ་ཀུན་ཏུ་ལོངས་སྤྱོད་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས ་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ། དེ་སྐད ་ཟེར་བའི་དགེ་སློང་མ་ཆོས་བཞིན་མ་བྱས་པ་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་མ་སྤངས་པ་དང་། གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད། ་ཀུན་ཏུ་གནས་པར་བྱེད་གནས་གཅིག་ཏུ་ལྷན་ཅིག་ཉལ་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ། ཆོས་བཞིན་མ་བྱས་པ་ཞེས་བྱ། ་བ་ནི། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་མ་ཕྱུང་བའོ།། གཏམ་འདྲེ་བར་བྱེད་ཅེས་བྱ་བ་ནི། ལུང་འབོག་པ་སྦྱིན་པར་བྱེད་པའོ།། ཕེབས་པར་སྨྲ་བར་བྱེད་ཅེས་བྱ་བ་ནི། ་བརྗེད་པ་དྲན་པ་སྦྱིན་པར་བྱེད་པའོ།། ཀུན་ཏུ་ལོངས་སྤྱོད་པར་བྱེད་ཅེས་བྱ་བ་ནི། བསྙེན་བཀུར་རང་གིར་བྱེད་པའོ།། ཀུན་ཏུ་གནས་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད ་ཅེས་བྱ་བ་ནི། གནས་བཞི་པོ་དག་ཏུ་སྐྱ་རེང་འཆར་བར་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང ་ཟད་ལྷན་ཅིག་གནས་ཅིག་ཏུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ལྟ་བར་སོང་བ་དེ་དང་དཔྲལ་བར་འདོད་པར་གྱུར་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཞི་པའི ་བཅུ་གཉིས་པ་རྫོགས་སྷོ། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། སྦོམ་དགའ་མོ་ལ། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་གཉིས་ཡོད་དེ། དེ་གཉིས་ལ ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ།། ཞེས་བཅོམ་ལྡན་འདས་ཀྱིས ་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་སྨྲ་བའི་སྐབས་དེ། ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཁྱེད་ཀྱིས། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ ་གཉིས་ལ་བཞམས་ཏེ་བསྒོ་བ་བྱོས་ཤིག། དེ་གཉིས་ལ་བཞམས་ཏེ་བསྒོ་བ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས་འདི་ཉིད་བདེན་གྱི་གཞན་ནི ་གཏི་མུག་གོ།། ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པ། དགེ་སློང་མ་དག་ཁྱེད་ཀྱིས། དགེ་ཚུལ་མ་གཉིས་ལ་གསོལ་པ་དང་། གཞིའི་ལས་ཀྱིས་བསྒོ་བ་བྱོས་ཤིག། བསྒོ་བ་ནི་འདི་ལྟ་བྱ་སྟེ། གནས་མལ་བཤམ་པ ་བྱས་ནས། ཞེས་བྱ་བ་ནི་དགེ་སློང་མ་རྣམས་ལ་དྲིས་པའི་ལན་ཡང་དག་པར་བསྒོ་ལ། དགེ་ཚུལ་མ་ཐོས་པའི་ཉེན་འཁོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་འདུག་དུ ་བཅུག་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་བསན་དུ ་གསོལ། དགེ་ཚུལ་མ་འདི་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ། ་ཞེས། གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་ན་དེ ་གཉིས་ལ། དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་སྟེ། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་བ་ན། གཞི་དེ་གཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང ་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བགྱིད་ཀྱིས། གལ་ཏེ་འཕགས་མའི་དགེ་འདན་གྱི་དས་ལ་བབ་ཅིང་བཟོད་ན། ་འཕགས་པའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་གསོལ་བ་དང་གཞིའི་ལས་ཀྱི་བསྒོ་བ་མཛད་དོ།། འདི་ནི་གསོལ ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་བསན་དུ་གསོལ། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་སྡིག་པ་ཅན་གྱི་ལྟ་བའི ་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ། སོ་སོར་བསྟེན་ཀྱང་བར་དུ ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་བ་ནི། དེ་གཉིས་ལ་དགེ་སློང་མ་རབ་ཏུ་མང་པོས་བཞམས་ཏེ་བསྒོ་སྟེ། ་དེ་དག་ལ་བཞམས་ནས་བསྒོབ་ན། གཞི་དེ་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར ་བགྱིད་ཀྱིས། འཕགས་མའི་དགེ་འདུན་གྱིས་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་མཛད་པར་ཕུ་ནུ་མོ་གང་དག་བཟོད་པ་དག་ནི་ཅང་མ ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འདི་ནི་ལས་བརྗོད་པ་དང་པོ་སྟེ། དེ་བཞིན་དུ་གཉིས་པ་དང་། གསུམ་པ་ཡང་བརྗོད་པར་བྱའོ།། འཕགས་མའི ་དགེ་འདུན་གྱིས་བཟོད་ཅིང་གནང་ནས། ཞེས་བྱ་བ་ནས། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ་ཞེས་བྱ་བའི་བར་རོ།། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ ་བ་དང་། གཞི་ཉིད་ལ་ནན་གྱིས་མཆོག་ཏུ་བཟུང་ཞིང་མངོན་པར་ཞེན་ནས། འདི་ཉིད་བདེན་གྱིས་གཞན་ནི་གཏི་མུག་གོ་ཞེས་རྗེས་སུ་ཐ་སྙད་འདོགས་པར་བྱེད་པའི་སྐབས་དེ། ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་ལ་བསྙིལ་བའི་ལས ་བྱོས་ཤིག། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། གནས་མལ་བཤམས་པ་བྱས་ལ་ཞེས་བྱ་ནས། དགེ་ཚུལ་མ་མཐོང་བའི་ཉེན་ཀོར་ནས་བཀར་ཏེ། ཐོས་པའི་ཉེན་ཀོར་དུ་འདག་དུ་བཅུག་ནས། ་@དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ། ལས་བྱའོ།། ལས་ནི་འདི་ལྟར་བྱ་སྟེ། འགས་མའི་དགེ་འདུན་བུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་གཉིས་ལ་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས། འདོད་པ་དག་ནི་བར་དུ་གཅོད ་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི ་ནས། དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་དེ་གཉིས་ལ། དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་བཞམས་ནས་བསྒོ་བ་ན་ཞེས་བྱ་བ་ནས། འདི་ཉིད ་བདེན་གྱིས་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་རོ།། དེ་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་སྟེ། དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ ་བ་ནས། འདི་ཉིད་བདེན་གྱི་གཞན་གཏི་མུག་གོ་ཞེས་བྱ་བའི་བར་དུ་མཆི་ལགས་ཀྱིས། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན ་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་ཕུ་ནུ་མོ་དག་ཁྱེད་ཅག་དེང་ཕན་ཆད་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ལ་སྟོན་པའོ་ཞེས་མ་ཟེར་ཅིག། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་བླ་མའི་གནས་སུ ་ལྟ་བུ་གང་ཡང་རུང་བའི་ཕྱིར་བཞིན་དུ་ཡང་མ་འགྲོ་ཤིག། དགེ་ཚུལ་མ་གཞན་དག། དགེ་སློང་མ་རྣམས་དང་ལྷན་ཅིག་ནུབ་གཉིས་ཚུན་ཆད་གནས་གཅིག་ཏུ་ཉལ་བར་གནང་བ། ་གང་ཡིན་པ་དེ་ཡང་དེང་ཕྱིན་ཆད་ཁྱེད་ལ་མེད་ཀྱིས། བུད་མེད་གཏི་མུག་ཅན་ཁྱེད་གཉིས་གཞན་དུ་དེང་ཤིག། ཅེས་བསྙིལ་བའི་ལས་མཛད་དོ།། འདི་ནི་གསོལ་བའོ།། དེའི་འོག ་ཏུ་དེ་གཉིས་ལ་བསྙིལ་བའི་གསོལ་བ་མཛད་ཟིན་གྱིས། སྡིག་པ་ཅན་གྱི་ལྟ་བ་དེ་ཐོང་ཤིག་ཅེས་བསྒོ་བར་བྱའོ།། གལ་ཏེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་དེའི ་འོག་ཏུ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་འདི་གཉིས་ལ་སྡིག ་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ་འདི་ལྟ་བུ་འདི་བྱུང་སྟེ། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ།། ཞེས་གསུངས་པ་གང་ཡིན་པ་དེ་ལ ་སོ་སོར་བསྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་མཆི་ནས། དགེ་ཚུལ་མ་མཛེས་མ་དང ་རྒྱལ་མ་དེ་གཉིས་ལ། དགེ་སློང་མ་རབ་ཏུ་མང་པོས་བཞམས་ནས་བསྒོ་སྟེ། དེ་གཉིས་ལ་བཞམས་ནས་བསྒོ་བ་ན་ཞེས་བྱ་བ་ནས། འདི་ཉིད་བདེན་གྱི་གཞན་ནི་གཏི ་མུག་གོ་ཞེས་བྱ་བའི་བར་རོ།། དེ་གཉིས་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་སྟེ་དེ་གཉིས་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་བ་ན། འདི་ཉིད་བདེན ་གྱི་གཞན་ནི་གཏི་མུག་གོ་ཞེས་བྱ་བའི་བར་དུ་མཆི་ནས། འཕགས་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་སྡིག་པ་ཅན་གྱི་ལྟ ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་དེ་གཉིས་ལ་བསྙིལ་པའི་འཕྲིན་ལས་མཛད་པར་གང་དག་བཟོད་པ་དེ་དག་ནི་ཅང་མ་གསུངས་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། ་འདི་ནི་ལས་བརྗོད་པ་དང་པོ་ཡིན་ནོ།། དེའི་འོག་ཏུ་དེ་གཉིས་ལ་བསྒོ་བར་བྱ་སྟེ། གལ་ཏེ་གཏོད་ན་དེ་ལྟ་ན་ལེགས། གལ་ཏེ་མ་གཏོད་ན་ལན་གཉིས་སུ་ཡང་དོན་དེ་ཉིད་བརྗོད ་པར་བྱའོ།། འཕགས་མའི་དགེ་འདུན་ཕུ་ན་མོ་དག་བདག་ལ་གསན་དུ་གསོལ། ཞེས་བྱ་བ་ནས་ལན་གཉིས་པ་ཉིད་བརྗོད་པ་བྱས་ནས་ཡང་བསྒོ་བར་བྱ་སྟེ། གལ་ཏེ་གཏོང་ན་དེ ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གསུམ་དུ་ཡང་དོན་དེ་ཉིད་བརྗོད་པར་བྱའོ།། འཕགས་མའི་དགེ་འདུན་པུ་ན་མོ་དག་བདག་ལ་བསན་དུ་གསོལ། ཞེས་བྱ་བ་ནས་འཕགས ་མའི་དགེ་འདུན་གྱིས་དགེ་ཚུལ་མ་མཛེས་མ་དང་། རྒྱལ་མ་སྡིག་པ་ཅན་གྱི་ལྟ་བར་སོང་བ་དེ་གཏོང་དུ་མི་བཏུབ་པ་ལ། བསྙིལ་བའི་འཕྲིན་ལས་མཛད་པར། འཕགས་མའི་དགེ ་འདུན་གྱིས་བཟོད་ཅིང་གནང་ནས། འཇི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ནས་དགེ་ཚུལ་མ་དེ་གཉིས་ངུ་ཞིང་མཁན་མོའི་དྲུང་དུ་དོང་སྟེ། བྱིན་ནས་མཁན་མོ་ལ། ་འདི་སྐད་ཅེས་སྨྲས་སོ།། མཁན་མོ་བདག་ཅག་ལ་དགེ་སློང་མའི་དགེ་འདུན་གྱིས་བསྙིལ་བའི་འཕྲིན་ལས་མཛད་ལགས་སོ།། དེ་ནས་སྦོམ་དགའ་མོས་དགེ་ཚུལ་དེ་གཉིས་ལ་འདི ་སྐད་ཅེས་སྨྲས་སོ།། བསྙིལ་བའི་ལས་བྱས་པ་རྣམས་ལ་ཅི་ཁམས་གསུམ་ཡང་མ་ལུས་སམ། གྲོང་དང་ལྗོངས་དག་ཀྱང་མེད་དམ་ཅི་ཞེས་དེ་བསྙིལ་བའི་ལས་བྱས་པ་དེ་གཉིས་དང ་ལྷན་ཅིག་གཏམ་འདྲེ་བར་བྱེད། ཕེབས་པར་སྨྲ་བར་བྱེད། ཀུན་ཏུ་ལོངས་སྤྱོད་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབ ་དེ། བཅོམ་ལྡན་འདས་ལ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་ཚུལ་མ་ལ་འདི་སྐད་ཅེས། ཇི་ལྟར ་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ།། ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟེན་ཀྱང་བར་ད་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ ་ལྡན་འདས་ཀྱིས་བསྟན་པ་ཤེས་སོ་ཞེས་ཟེར་བའི་དགེ་ཚུལ་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་དགེ་ཚུལ་མ་ཁྱོད་འདི་སྐད་ཅེས་ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད ་པ་དག་ནི་བར་དུ་གཅོད་པ་ཡིན་ནོ།། ཞེས་གསུངས་པ་གང་ཡིན་པ་ལ། སོ་སོར་བརྟེན་ཀྱང་བར་དུ་གཅོད་པར་མི་འགྱུར་བ་དེ་ལྟར། ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས ་བསྟན་པ་ཤེས་སོ་ཞེས་མ་སྨྲ་ཞིག། བཅོམ་ལྡན་འདས་ལ་སྐུར་པ་མ་འདེབས་ཤིག། བཅོམ་ལྡན་འདས་ལ་སྐུར་པ་བཏབ་པས་ནི་ལེགས་པར་མི་འགྱུར་རོ།། བཅོམ་ལྡན ་འདས་ནི་དེ་སྐད་ཀྱང་མི་གསུང་ངོ་།། དགེ་ཚུལ་མ་དག། འདོད་པ་རྣམས་ནི་བར་དུ་གཅོད་པར་བྱེད་པ་ཁོ་ན་ཡིན་པ་ལས་བཅོམ་ལྡན་འདས་ཀྱིས་རྣམས་གྲངས་དུ་མར་བར་དུ་གཅོ ་པར་བྱེད་པར་གསུངས་ཏེ། དེ་དག་སོ་སོར་བསྟེན་ན་བར་དུ་གཅོད་པར་ཡང་འགྱུར་བས་དགེ་ཚུལ་མ་དག་སྡིག་པ་ཅན་གྱི་ལྟ་བའི་རྣམ་པར་སོང་བ། འདི་ལྟ་བུ ་འདི་ཐོང་ཤིག་ཅེས་དེ་སྐད་དུ་དགེ་ཚུལ་མ་དེ་ལ་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང་ན་ལན་གཉིས་ལན་གསུམ་དུ་ཡང་། གཞི་དེ ་གཏོང་དུ་བཞུག་པའི་ཕྱིར། ཡང་དག་པར་བསྟན་པར་བྱའོ།། ལན་གཉིས་ལན་གསུམ་དུ་ཡང་། ཡང་དག་པར་བསྟན་པ་ན། གཞི་དེ་གཏོང་ན་དེ་ལྟ་ན་ལེགས། གལ་ཏེ་མི་གཏོང ་ན་དེ་ལ་དགེ་ཚུལ་མ་དེ་ལ། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། དགེ་ཚུལ་མ་ཁྱོད་དེང་ཕན་ཆད་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་དེ་ལ་སྟོན་པ་ཞེས ་ཀྱང་ཟེར་ཅིག། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་གང་ཡང་རུང་བདག་གི། རྗེས་བཞིན་རྗེས་བཞིན་དུ་ཡང་མ་འགྲོ་ཤིག། དགེ་ཚུལ་མ་གཞན་དག་དགེ་སློང་མ་རྣམས་དང་། ་ནབ་གཉིས་ཚུན་ཆད་གནས་གཅིག་དུ་ཉལ་བར་གནང་བ་གང་ཡིན་པ་དེ་ཡང་། ཁྱོད་ལ་དེང་ཕན་ཚད་མེད་ཀྱིས། དགེ་ཚུལ་མ་དག་པར་སོང་ཤིག་ཅེས་བརྗོད་པར་བྱའོ།། ཡང་དགེ ་སློང་མ་གང་ཤེས་བཞིན་དུ་དེ་ལྟར་བསྙིལ་བའི་དགེ་ཚུལ་ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། ཀུན་ཏུ་ལོངས་སྤྱོད་པར་བྱེད་དམ། གནས་ཅིག་ཏུ་ལྡན ་ཅིག་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ།། དགེ་ཚུལ་མ་ཞེས་བྱ་བ་ནི། མཛེས་མ་དང་རྒྱལ་མའོ།། དགེ་སློང་མ་རྣམས་ཤེས་བྱ་བ་ནི་ཆོས་འདི་པ་དག་གིའོ།། འདི་སྐད་ཅེས་ཟེར ་ན་ཞེས་བྱ་བ་ནི་སྨྲ་ནའོ།། ཇི་ལྟར་བཅོམ་ལྡན་འདས་ཀྱིས་འདོད་པ་དག་ནི་བར་དུ་གཅོད་པ་ཡིན་ནོ་ཞེས་གསུངས་པ་གང་ཡིན་པ་དེ་ལ་སོ་སོར་བསྟོན་ཀྱང་། བར་དུ་གཅོད་པར་མི ་འགྱུར་བ་དེ་ལྟར་ཁོ་མོ་ཅག་གིས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཤེས་སོ་ཞེས་བྱ་བ་ནི་ལྷག་པར་སྤྱད་ཀྱང་། དགེ་སྦྱོང་གི་ཚུལ་གྱི་བར་ཆད་དུ་མི་འགྱུར་བའོ།། དེ་དག་ལ ་ཞེས་བྱ་བ་ནི། དགེ་ཚུལ་མ་མཛེས་མ་དང་རྒྱལ་མ་ལའོ།། དགེ་སློང་མ་རྣམས་ཀྱིས་ཞེས་བྱ་བ་ནི། ཆོས་འདི་པ་དག་གིས་སོ།། འདི་སྐད་ཅེས་བརྗོད་པར་བྱའོ་ཞེས་བྱ་བ་ནི ་བཞམས་ཏེ་བསྒོ་བས་སྔ་མ་ཇི་བཞིན་དུ་བསྒོ་བའོ།། ཡང་དག་པར་བསྟན་པ་དེ་ནི་དེ་ཡིན། ཡང་དག་པར་བསྒོ་བ་དེ་ཡིན་ནོ།། དེ་གཉིས་ལ་དེ་ལྟར་རྗེས་སུ་བསྟན་པ ་ན་གཞི་དེ་གཅོད་ན་དེ་ལྟར་ན་ལེགས། གལ་ཏེ་མི་གཏོང་ན་བསྙིལ་བའི་ལས་བྱོས་ཤིག། ཅེས་བྱ་བ་ནི་གོང་མ་ཇི་ལྟ་བ་བཞིན་དུ་བྱའོ།། ཡང་དགེ་སློང་མ་གང་ཞིག་ཅེས ་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་བདག་ཉིད་དམ་གཞན་གྱིས་སྨྲས་པར་གྱུར་པའོ།། དེ་ལྟར་བསྙིལ་བ་ཞེས་བྱ་བ་ནི་བསྒྲིལ་བའི་ལས་བྱས་བྱའོ།། ་དགེ་ཚུལ་མ་ཞེས་བྱ་བ་ནི་མཛེས་པ་དང་རྒྱལ་མའོ།། ཉེ་བར་འཇིག་པར་བྱེད་དང་ཤེས་བྱ་བ་ནི་གནས་སྦྱིན་པར་བྱེད་པའོ།། རྐེ་བར་སྟོན་པར་བྱེད་དམ་ཞེས་བྱ་བ་ནི། འདྲིག ་སྦྱིན་པར་བྱེད་པའོ།། ཀུན་ཏུ་ལོངས་སྤྱོད་པར་བྱེད་དམ་ཞེས་བྱ་བ་ནི། བཀུར་སྟི་རང་གིར་བྱེད་པའོ།། ཀུན་ཏུ་གནས་པར་བྱེད། གནས་གཅིག་ཏུ་ཉལ་བར་བྱེད་ཅེས་བྱ་བ། ་ནས། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད། ཤེས་བཞིན་དུ་དེ་ལྟར་བསྙིལ་བའི ་དགེ་ཚུལ་མ། ཉེ་བར་འཇོག་པར་བྱེད་དམ། ཉེ་བར་སྟོན་པར་བྱེད་དམ། ཞེས་བྱ་བ་ནས། གནས་གཅིག་ཏུ་ཉལ་བར་བྱེད་དམ། ཞེས་བྱ་བའི་བར་ཏེ། ཐམས་ཅད་དུ ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཞི་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། སྡོམ་ལ། ཁ་དོག་ལེན་དང་ཟླ་ཕྱེད་དང་།། ཆེད ་དུ་བསམས་དང་འགྱོད་པ་དང་།། ག་ག་ཚིལ་དང་ཆུང་རྩེ་དང་།། སྐྱེས་པ་ཉལ་དང་སྔངས་མི་བྱ།། གོས་སྦྱིན་གཞི་མེད་ལམ་དུ་ནི།། སྐྱེས་པར་འགྲོགས་ཏེ་འགྲོ་མི་བྱ།། ་སངས་རྒྱས་བཅོམ་ལྡན་འདས། རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལན་ད་ཀ་གནས་པ་ན་བཞགས་སོ།། གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས། ཀླུའི་རྒྱལ་པོ ་རི་བོ་དང་། ཡིད་འོང་ལྡན་པ་གཉིས་ཀྱི་དུས་མཆོད་བཙུགས་པ་དང་། དེ་ནས་དུས་གཞན་ཞིག་ན། ལྷོ་ལམ་ནས། ཀར་མཁན་གྱི་སློབ་དཔོན་ཆེན་པོ་ཞིག་འོངས ་ཏེ་དེས། སངས་རྒྱས་ཀྱི་སྤྱོད་པ་ཞེས་བྱ་བའི་གར་ཐབས་བྱས་པ་དང་། དད་པ་ཅན་རྣམས་ལས། བྱ་དགའ་ཆེར་ཐོབ་བོ་ཞེས་བྱ་བ་ནས། དྲུག་སྡེ་རྣམས་སུ་ན་བྱང། ་ངོ་ཞེས་བྱ་བའི་བར་རོ།། དེ་ནས་དེའི་འོག་ཏུ། དྲུག་སྡེ་རྣམས་དང་དགེ་སློང་མ་བཅུ་གཉིས་སྡེ་རྣམས་ཀྱིས་གར་གྱི་རྔ་ཐབས་དག་སྦྱར་ནས། གར་བྱས་པ་དང་། ་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས ་གང་ཅི་བྱུང་བ་དེ་ཐམས་ཅད་ནི། དགེ་སློང་མ་གང་དག། ཁྱིམ་པ་གོན་པའི་གོས་དཀར་པོ་གྱོན་པ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་གོས་གསར་པ་རྙེད་ན། ཁ་དོག་བསྒྱུར་བ་གསུམ་པོ་སྔོན་པོ་འམ་འདམ་ཁ་འམ། དུར་སྨྲིག་གང་ཡང ་རུང་བའི་ཁ་དོག་དུ་བསྒྱུར་བར་བྱའོ།། གལ་ཏེ་དགེ་སློང་མས་ཁ་དོག་བསྒྱུར་བ་གསུམ་པོ་གང་ཡང་རུང་བའི་ཁ་དོག་མ་སྦྱར་བའི་གོས་གསར་པ་གྱོན་ན་ལྟུང་བྱེད་དོ།། གསར ་པ་ཞེས་བྱ་བ་ལ་གསར་པ་ནི་གཉིས་ཏེ། གསར་པ་དང་གསར་ད་རྙེད་པ་སྟེ། དོན་འདི་ལ་ནི་གསར་དུ་རྙེད་པ་ལ་བྱ་བར་དགོངས་སོ།། གོས་ཞེས་བྱ་བ་ནི་བདུན་པོ་གང་ཡང ་རུང་བའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པ་དག་གོ། ཁ་དོག་བསྒྱུར་བ་གསུམ་པོ་གང་ཡང་རུང་བར་མ་སྦྱར་ན་ཞེས་བྱ་བ་ནི། ཁ་དོག་མ་སྦྱར་ནའོ།། གོས་གསར། ་བགྱོན་ན་ཞེས་བྱ་བ་ནི་བགོས་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁ་དོག་བསྒྱུར་བ་གསུམ ་པོ་གང་ཡང་རུང་བའི་ཁ་དོག་མ་བསྒྱུར་བའི་གོས་གསར་པ་གྱོན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཐ་ན་ལྷུང་བཟེད་ཀྱི་སྣོད་ཙམ་མ་བསྒྱུར་ན་ཡང་ཉེས་བྱས་སོ།། ་ལྟུང་བྱེད་ལྔ་པའི་དང་པོ་རྫོགས་སྷོ།། སངས་རྒྱས་བཅོམ་ལྡན་འདས། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི ་ཀུན་དགའ་ར་བ་ན་བཞུགས་སོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཡངས་པ་ཅན་དུ་དྲུག་སྡེ་རྣམས་ལས་བརྟེན་ནས། ལེན་པའི་བསླབ་པའི་གཞི་བཅའ ་བ་མཛད་པ། མཉན་ཡོད་དུ་ནི་ཀུན་དགའ་བོ་ལས་བརྟེན་ནས་རྗེས་སུ་གནང་ངོ་།། དེ་ནས་བཅུ་གཉིས་སྡེ་དེ་དག་གིས། ཀུན་དགའ་ར་བར་གཏོགས་པ་འམ། ་ཀུན་དགའི་ར་བར་མ་གཏོགས་པ་ན། རིན་པོ་ཆེར་སྨོས་པ་དག་འདུག་པ་རང་གི་ལག་གིས་ལེན་པར་བྱེད། ལེན་དུ་འཇུག་པར་བྱེད་ཅིང་གང་གི་ཡིན་པ་དེ་ལ་ཡང་སྦྱིན ་པར་མི་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྐྲོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་རང་གི་ལག་གིས་ལེན་ཏམ་ལེན་ཏུ་འཇུག་ན་ཀུན ་དགའི་ར་བར་གཏོགས་པ་ན་འདུག་པ་འམ། གནས་ཁང་དུ་གཏོགས་པ་ན་འདུག་པ་མ་གཏོགས་ཏེ་ལྟུང་བྱེད་དོ།། དགེ་སློང་མ་གང་ཞིག་གིས་ཀུན་དགའ་ར་བར་གཏོགས ་པ་འམ། གནས་ཁང་དུ་གཏོགས་པ་ན། རིན་པོ་ཆེ་འམ་རིན་པོ་ཆེར་སྨོས་པ་འདུག་ན། འདི་སྙམ་དུ་འདི་སུའི་ཡིན་པ་དེ་ཉིད་ལེན་པར་གྱུར་གྲང་ཞེས། བསམས ་། ནས་བླངས་པར་བྱ་སྟེ། དེ་ལ་ཆོ་ག་ནི་དེ་ཡིན་ནོ།། གང་ཡང་ཤེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། རིན་པོ་ཆེའམ་རིན་པོ་ཆེར་སྨོས་པ། གཡུལ་ངོར་སྤྱད་པའི་ཡོ་བྱད་ཐམས ་ཅད་དང་། སྐྱེད་མོས་ཚལ་གྱི་ཡོ་བྱད་ཐམས་ཅད་དོ།། ལེན་ན་ཞེས་བྱ་བ་ན་རང་གིས་སོ།། ལེན་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ཀུན་དགའི་ར་བར་གཏོགས་པ་ན་འདུག ་པ་ནི་སྐྱེས་མོས་ཚལ་ན་འདག་པའོ།། གནས་ཁང་དུ་གཏོགས་པ་ན་འདག་པ་མ་གཏོགས་ཏེ་ཞེས་བྱ་བ་ནི། གཙུག་ལག་ཁང་གི་ནང་ནའོ།། དེས་འདི་སྙམ་དུ་འདི ་སུ་ཡིན་པ་དེ་ཉིད་ལེན་པར་འགྱུར་གྲང་ཞེས་དེ་ཉིད་རྐྱེན་དུ་བྱས་ནས་བླང་བར་བྱའོ།། ཞེས་བྱ་བ་ནི། དེ་ཉིད་རྗེས་སུ་འཐུན་པར་བྱས་པའི་ཆོས་ཡིན་ནོ།། དུས་མ་གཏོག ་ཏེ་ཞེས་བྱ་བ་ནི་བཞག་སྟེའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ནོར་བུ་ལེན་པར་བྱེད་ན་མིག་ཕུག་པ་ལེན ་བར་བྱེད་ན་ལྟུང་བྱེད་དོ།། མིག་མ་ཕུག་པ་ལེན་ན་ཉེས་བྱས་སོ།། ནོར་བུ་ལ་ཇི་ལྟ་བ་བཞིན་དུ་མུ་ཏིག་དང་། རྡོ་རྗེ་དང་། བཻ་ཌཱུརྱ་དང་། དུང་དང་། བྱི་རུ་དང་། ་དངུལ་དང་། རིན་པོ་ཆེ་དང་། དམར་པོ་དང་། དུང་གཡས་སུ་འཁྱིལ་པ་ཕུག་པ་ལེན་ན་ལྟུང་བྱེད་དོ།། མ་ཕུག་པ་ལེན་ན་ཉེས་བྱས་སོ།། ཐ་ན་ནོར་བུ་འཆིང ་ཁུ་ལེན་ཡང་ཉེས་བྱས་སོ།། མགུལ་གདུབ་ལེན་ན་ལྟུང་བྱེད་དོ།། དེ་བཞིན་དུ་གདུ་བུ་རྒྱན་ཅན་དང་། དཔུང་རྒྱན་དང་། སེ་མོ་དོ་ལ་སོགས་པ་ལ་ཡང་ལྟུང་བྱེད་དོ།། ་ཐ་ན་ནོར་བུ་དོ་ཟན་ལེན་ན་ཡང་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དངུལ་གྱི་ནོར་བུ་ལེན་ན། མངོན་མཚན་ཅན་ཡིན་ན་ལྟུང་བྱེད་དོ།། ་མངོན་མཚན་ཅན་མ་ཡིན་ན་ཉེས་བྱས་སོ།། ཐ་ན་ཀོ་ལྷམ་བཅོས་བུ་ལེན་ན་ཡང་ཉེས་བྱས་སོ།། དགེ་སློང་མས་པི་ཝང་རྒྱུད་དང་བས་པ་ལེན་ན་ལྟུང་བྱེད་དོ།། རྒྱུད་མེད་པ་ལེན ་ན་ཉེས་བྱས་སོ།། དེ་བཞིན་དུ་པབ་བྷི་ས་ཀ་དང་། པི་བང་རྒྱུད་གཅིག་པ་དང་། ཁར་རྔ་དང་། རྔ་བོ་ཆེན་དང་། རྫ་རྔ་དང་། རྔ་པ་ཏ་ཧ་ལ་སོགས་པ་རྒྱུད་དང་ཆས་པ་ལེན་ན་ལྟུང ་བྱེད་དོ།། རྒྱུད་མེད་པ་ལེན་ན་ཉེས་བྱས་སོ།། ཐ་ན་རྩ་ལས་བྱས་པའི་པི་ཝང་རྒྱུད་དང་ཆས་པ་ལེན་ན་ལྟུང་བྱེད་དོ།། རྒྱུད་མེད་པ་ལེན་ན་ཉེས་བྱས་སོ།། དེ་བཞིན་དུ་རྡོ་རྗེ་རྩེ་གཅིག ་བ་དང་། འཁོར་ལོ་དང་། མཚོན་རྩེ་གཅིག་པ་དང་། རལ་གྲི་དང་། མདང་ཟུང་དང་། མདའ་བོ་ཆེ་དང་། མདུང་དང་། མདུང་ཕྱེད་ལྕགས་ལས་བྱས་པ་དང་། ལྕགས ་མདའ་དང་། མདའ་ཕྱེད་ལྕགས་ལས་བྱས་པ་འཕང་དུ་རུང་བ་ལེན་ན་ལྟུང་བྱེད་དོ།། འཕང་དུ་མི་རུང་བ་ལེན་ན་ཞེས་བྱས་སོ།། དགེ་སློང་མས་མདའ་མདེའུ་དང་བཅས་པ་ལེན་ན ་ལྟུང་བྱེད་དོ།། མདེའུ་མེད་པ་ཡིན་ན་ཉེས་བྱས་སོ།། ཐ་ན་རྩའི་གཞུ་ལེན་ན་ཡང་ཉེས་བྱས་སོ།། དགེ་སློང་མས་སངས་རྒྱས་ཀྱིས་སྐུ་གཟུགས་བརྙེན་རིང་བསྲེལ་དང་བཅས ་པ་ལན་ན་ལྟུང་བྱེད་དོ།། རིང་བསྲེལ་མེད་པ་ཡིན་ན་ཉེས་བྱས་སོ།། གལ་ཏེ་སྟོན་པ་ལ་མཆོད་པའི་འདུ་ཤེས་ཀྱིས་ལེན་པར་བྱེད་ཅིང་། དགེ་ཚུལ་མ་འམ་རུང་བར་བྱེད་པའི་ལག ་ཏུ་བཞག་པ་ལ་ནི་ལྟུང་བ་མེད་དོ།། བར་སྡོམ་ནི། ནོར་བུ་མགུལ་གདུབ་པི་བང་དང་།། མདུང་དང་གཞུ་དང་མདའ་དག་དང་།། རིང་བསྲེལ་བཅས་པའི་སྐུ་གཟུགས་ཏེ།། འདིར ་ནི་ཡང་དག་བསྡུས་པ་ཡིན།། ལྟུང་བྱེད་ལྔ་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་རྒྱལ་པོའི་ཁབ་ནའོ།། དེའི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ ་ལ་དཀར་ཐུབ་ཀྱི་ཆུ་གྲང་བ་ན་དྲོ་བར་ཚོར་བ་དང་། དྲོ་བ་ན་བསིལ་བར་ཚོར་བ་གསུམ་ཡོད་དེ། གཅིག་ཏུ་ནི་རྒྱལ་པོ་རང་ཉིད་ཁྲུས་བྱེད་དོ།། གཉིས་པར་ནི་བཙུན ་མོའོ།། གསུམ་པར་ནི་འཇིག་རྟེན་ཐམས་ཅད་ཀྱི་ཐུན་མོང་ངོ་།། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོས་བསམས་པ། བདག་གིས་བཅོམ་ལྡན་འདས་དང་། ཉན་ཐོས་ཀྱི་དགེ ་འདུན་ལ་ཐམས་ཅད་དུ་ཡོ་བྱད་ཐམས་ཅད་ཀྱིས་བཀུར་སྟི་མང་དུ་ནི་བྱས་ན་དཀའ་ཐུབ་ཀྱི་ཆུའི་ཁྲུས་ཀྱིས་མ་བྱས་ཀྱིས། མ་ལ་བདག་གིས་བཅོམ་ལྡན་འདས་དང་དགེ་སློང་དང་། ་དགེ་སློང་མ་རྣམས་ལ་དཀའ་ཐུབ་ཀྱི་ཆུ་གཉིས་ཅི་བདེར་དབུལ་ལོ།། སྙམ་དུ་བསམས་ནས། རྒྱལ་པོ་གཟུགས་ཅན་སྙིང་པོ་བཅོམ་ལྡན་འདས། གང་ན་བ་དེར་སོང་སྟེ་ཕྱིན ་པ་དང་། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་གཟུག ་ཅན་སྙིང་པོ་ལ་ཆོས་དང་ལྡན་པའི་གཏམ་གྱིས་ཡང་དག་པར་སྟོན་པར་མཛད། ཅེས་བྱ་བ་ནས་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་བཅོམ ་ལྡན་འདས་གང་ན་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཉན་ཐོས ་མའི་དགེ་འདུན་དང་ཐབས་ཅིག་ལ། བདག་དཀའ་ཐུབ་ཀྱི་ཚ་བ་ཉིད་འབུལ་ཏེ། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་སྐུར་པ་ཁྲུས་བགྱིད་པ་གང་ལགས ་བ་དེར་ནི་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁྲུས་མཛད་པར་གསོལ། གང་དུ་མཆིས་བྲང་འཁོར་དང་བཅས་པ་ཁྲུས་བགྱིད་པ་དེར་ནི། དེ་བཞིན་གཤེགས ་ཉན་ཐོས་མའི་དགེ་འདུན་ཅི་བདེར་ཁྲུས་བགྱི་ཞིང་བཞེས་སུ་གསོལ། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་རྒྱལ་པོ་གཟུགས་ཅན་སྙིང་པོ་ལས་འདི་ལྟ་སྟེ། ་དཀའ་ཐུབ་ཀྱི་ཆུའི་ཁྲུས་བཞེས་པར་གནང་ངོ་།། དེ་ནས་ཇི་ཙམ་ན་རྒྱལ་པོ་ཞེས་བྱ་བ་ནས་སོང་ངོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་རྣམས་ཀྱིས། བཅོམ་ལྡན ་ལྡན་འདས་རྒྱལ་པོ་གཟུགས་ཅན་སྙིང་པོས་དཀའ་ཐུབ་ཀྱི་ཆུའི་ཁྲུས་ལ་སྤྱན་དྲངས་པ་ལས། བཅོམ་ལྡན་འདས་ཀྱིས་ཀྱང་གནང་ངོ་།། ཞེས་ཐོས་སོ།། ཐོས་ནས ་བཅུ་གཉིས་སྡེ་དེ་རྣམས། རྒྱལ་པོ་གཟུགས་ཅན་སྙིང་པོའི་བཙུན་མོའི་ཁྲུས་བྱེད་པའི་དཀའ་ཐུབ་ཀྱི་ཆུ་གང་ན་བ་དེར་ཞུས་ཀྱི་ཕྱིར་དོང་ངོ་།། དེའི་ཚེ་རྒྱལ་པོ་གཟུགས ་ཅན་སྙིང་པོའི་བཙུན་མོ་ཁྲུས་བྱེད་པར་འདོད་ནས། དེ་དཀའ་ཐུབ་ཀྱི་ཆུ་གང་ན་བ་དེར་སོང་བ་ན་ཞེས་བྱ་བ་ནས་བཅུ་གཉིས་སྡེ་རྣམས་ལས་སྐབས་མ་རྙེད་དོ་ཞེས་བྱ་བའི ་བར་རོ།། དེ་ནས་དགེ་སློང་མ་རྣམས་ཀྱི་མདུན་དུ་སྨོད་པར་བྱེད་པ་ནས། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དེ་ལྟ་བས་ན་ཁྲུས་མི་བྱའོ།། དེ་ནས་ཁྲུས་མ་བྱས་པས། ལུས་ཤིན་ཏུ་དྲི་མི་ཞིམ་ཞིང་། བསོད་སྙོམས་ལ་ཞུགས་པ་ན། ཁྱིམ་པ་མོ་རྣམས་ཀྱིས་འདི ་སྐད་ཅེས་སྨྲས་སོ།། དྲི་ངན་པ་ཞིག་མནམ་ལགས་སོ།། དགེ་སློང་མ་དྲང་པོ་དྲང་བའི་རང་བཞིན་ཅན་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། དྲི་ངན་པ་དེ་ནི་ཁོ་མོ ་ཅག་གི་ལུས་ཀྱི་ཡིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་གིས་ཁྲུས་མ་བགྱིས་སམ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས། ་ཁྲུས་མི་བྱའོ།། ཞེས་དགག་པ་མཛད་དོ།། ཞེས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དེ་ལྟ་བས་ན་ཟླ་བ་ཕྱེད་ཅིང་ཞུས་བྱའོ།། དེ་ནས་ཚ་བས་གདུངས་ནས་ཞེས་བྱ་བ་ནས། ཟླ་བ་ཕྱེད་དང་གསུམ་ནི་ཚ་བའི་དུས་སོ།། ཞེས་བྱས་ཏེ། ་ཁྲུས་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་བས་དུས་སོ།། ཞེས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ།། དེ་བཞིན་དུ་ལས་དུས་སོ།། ལམ་དུས་སོ།། རླུང་དང་ཆར་དུས ་སོ།། ཞེས་བྱིན་གྱིས་བརླབས་ཏེ་ཁྲུས་བྱའོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཚ་བ་དུས་སོ་ཞེས་བྱས་ནས་དུས་ཐམས་ཅད་དུ་ཁྲུས་བྱེད་པ་དང་། དོན་ཉུང་བའི་དགེ་སློང ་མ་དག་སྨོང་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ ་བའི་བར་དུ་མཛད་དོ།། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཅིང་ཁྲུས་བྱའོ་ཞེས་གསུངས་པ་དེ་ལས་འདུམས་པར་བྱེད་ན། དུས་མ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་དུས་ནི་འདི་ཡིན ་ཏེ། སོ་ག་རྣམས་ཀྱི་ཟླ་བ་ཕྱེད་དང་། དབྱར་རྣམས་ཀྱི་ཟླ་བ་དང་པོ་དང་། ཟླ་བ་ཕྱེད་དང་གསུམ་པོ་དག་ནི་ཚ་བའི་དུས་སོ།། ལྷག་མ་ནི་ན་བ་དུས་སོ།། ལས་དུས་སོ།། ལམ ་དུས་སོ།། ཆར་དུས་སོ།། ཇི་ལྟར་དུས་ཏེ། དེ་ལ་དེ་ནི་ངས་ཡིན་ནོ།། ཟླ་བ་ཕྱེད་ཅིང་ཞེས་བྱ་བ་ནི། ཟླ་བའི་དོ་ཕྱེད་ཅིང་ངོ་།། ཁྲུས་ཤེས་བྱ་བ་ལ་ཁྲུས་ནི་རྣམ་པ་གསུམ་སྟེ་དབང་བསྐུར ་པའི་ཁྲུས་དང་། འཇུག་པའི་ཁྲུས་སོ།། དུས་མ་གཏོགས་ཏེ། ཞེས་བྱ་བ་ནི་དུ་གཞག་སྟེའོ།། དེ་ལ་དེ་ནི་དུས་ཡིན་ནོ།། ཞེས་བྱ་བ་ནི་སོག་རྣམས་ཀྱིས་ལྷག་མ་ཟླ་བ་བྱེད་དང་གཉིས་དང་། ་དབྱར་རྣམས་ཀྱི་དང་པོ་ཞེས་བྱ་བ་ཐོག་མའི་ཟླ་བ་སྟེ། དབྱར་ཟླ་ར་བ་དང་། ཟླ་བ་ཕྱེད་དང་གསུམ་པོ་འདི་དག་ནི་ཚ་བའི་དུས་སོ།། ལྷག་མ་ནི་ན་བ་དུས་སོ།། ཞེས་བྱ་བ་ནི་ཁྲུས་མ་བྱས ་ནན་པར་འགྱུར་བའོ།། ལས་ངས་སོ་ཞེས་བྱས་སྟེ། ཞུས་བྱའོ་ཞེས་བྱ་བ་ནི་ལས་དག་བྱས་པས་དེ་དག་དུབ་པར་འགྱུར་བའོ།། ལམ་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི ་དཔག་ཚད་དམ་དཔག་ཚད་གཅིག་གི་ལམ་ནས་འོངས་པས་དེ་དག་དབ་པར་གྱུར་པའོ།། རླུང་ངས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི། རླུང་གིས་དཀྲུགས་པར་གྱུར་པ་སྟེ། ་ཐ་ན་ཆོས་གོས་ཀྱི་གྲཝ་ཙམ་རླུང་གིས་བསྐུལ་བར་གྱུར་པའོ།། ཆར་དུས་སོ་ཞེས་བྱས་ཏེ། ཁྲུས་བྱའོ་ཞེས་བྱ་བ་ནི་ཆར་གྱི་ཐིགས་པ་གཉིས་སམ་གསུམ་ལུས་ལ་བབ་པར་གྱུར་པ། ་ནི་ཆར་ཀྱི་ངས་ཡིན་ནོ།། རྫི་ཆར་དུས་སོ་ཞེས་བྱས་ཏེ་ཁྲུས་བྱའོ་ཞེས་བྱ་བ་ནི་དེ་རླུང་གིས་ཀྱང་བསྐུལ་ལ། ཆར་གྱི་ཐིགས་པ་གཉིས་སམ་གསུམ་ཡང་ལུས་ལ་བབ་པར་གྱུར་པའོ།། ་ལྟུང་བྱེད་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དབང་བསྐུར་བའི་ཁྲུས་ཀྱིས་བྱེད་ན་དེས་དུས་བྱིན་གྱིས་བརླབ་པར་བྱའོ།། བྱིན ་གྱིས་མ་བརླབས་ན། ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། ཆུ་ལྟེ་བ་ལས་འདས་ན་ལྟུང་བྱེད་དོ།། དགེ་སློང་མས་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱེད་ན་དེས་དུས་བྱིན ་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་བརླབས་ན། ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཞེས་བྱས་སོ།། ཆུ་ལྟེ་བ་ལས་འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དབང་སྐུར་བའི་ཁྲུས་ཀྱིས ་ཁྲུས་བྱས་ནས་འཇུག་པའི་ཁྲུས་འདོད་ན་དུས་གཞན་བྱིན་གྱིས་བརླབ་པར་བྱའོ།། བྱིན་གྱིས་མ་རཱ་རླབས་ན་ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། ་དེ་བཞིན་དུ་འཇུག་པའི་ཁྲུས་ཀྱིས་ཁྲུས་བྱས་ནས་དབང་བསྐུར་བའི་ཁྲུས་ཀྱིས་ཁྲུས་བྱེད་པར་འདོད་ན། དེ་ཡང་ཞེས་བྱ་བ་ནས། ཇི་སྲིད་དུ་ཆུ་ལྟེ་བར་སོན་གྱི་བར་དུ་ནི་ཉེས་བྱས་སོ།། ་འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་དྲོན་མོའོ་ཁྲུས་བྱས་ནས་བསིལ་བའི་ཁྲུས་འདོད་ན། དེ་ཡང་ཞེས་བྱ་བ་ནས་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་བསིལ་ཁྲུས་འདོད་ན། ་དེ་ཡང་ཞེས་བྱ་བ་ནས་ཉེས་བྱས་སོ།། འདས་ན་ལྟུང་བྱེད་དོ།། དེ་བཞིན་དུ་གལ་ཏེ་ཁྲུས་དེ་ཉིད་ཀྱིས་ཡང་བྱེད་པར་འདོད་ན་དེ་སྲིད་དུ་དུས་གཞན་བྱིན་གྱིས་བརླབ་པར ་བྱའོ།། གལ་ཏེ་རྒྱལ་བ་ལ་ཆུས་གཏོར་བ་དང་རྒལ་ཏེ་འགྲོ་བ་དང་། འཚངས་པ་ན་ཆུར་ལྷུང་བ་དང་། ཆུ་བོ་རྒལ་བ་འམ། མཚོ་ཆེན་པོ་རྒལ་བན་ཆུར་ནབ་པ་ལ་ལྟུང་བ་མེད་དོ།། ལྟུང ་བྱེད་ལྔ་པའི་གསུམ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལས་རྟེན་ཏེ། ཆེད་དུ་བསམས་པའི་དད་འགྲོའི་སྐྱེ ་གནས་ཀྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་ཆེད་དུ་བསམས་པ་དང་། ཆེད་དམ་བསམས་པར་དད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས ་རྣམས་ཀྱིས་སྲོག་གཅོད་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྤོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆེད་དུ་བསམས་ཏེ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་གཅོད་ན་ལྟུང་བྱེད་དོ།། ཡང་དགེ ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཆེད་དུ་བསམས་ནས་ཞེས་བྱ་བ་ནི།། རྣམ་པར་བརྟགས་ནས་སོ།། དུད་འགྲོའི་སྐྱེ་གནས་སུ་གཏོགས་པ་ཞེས་བྱ་བ་ནི། ཐ་ན་གྲོག ་སྐུར་ཙམ་ཡང་ངོ་།། སྲོག་གཅོད་ན་ཞེས་བྱ་བ་ནི། དེའི་སྲོག་ལ་གནོད་པ་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་ཆེད་དུ་བསམས་ཏེ། དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་ཀྱི། སྲོག་གཅོད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ལྔ་པའི་བཞི ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་ཆེད་དུ་བསམས་བཞིན་དུ། དགེ་སློང་མ་རྣམས་ལ་འགྱོད་པ་བསྐྱེད་པར་བྱེད ་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆེད་དུ་བསམས་ཏེ། དགེ་སློང་མ་ལ་ཅི་ནས་ཀྱང་འདི་ཡུད་ཙམ་ཞིག་ཀྱང་རེག་པར་མི་འགྱུར་བར་བྱའོ་ཞེས་དེ་ཉིད་རྐྱེན་དུ་བྱས་ཏེ ་དགེ་སློང་མ་ལ་འགྱོད་པ་བསྐྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཆེད་དུ་བསམས་ཏེ་ཞེས་བྱ་བ་ནི། རྣམ་པར་བརྟགས་ནས་སོ།། ་འགྱོད་པ་སྐྱེད་ན་ཞེས་བྱ་བ་ནི་འགྱོད་པ་སྐྱེད་པའི་བསམས་པ་ཅན་གྱི་ངག་དང་ཚིག་དང་བརྗོད་པ་དང་ཞེས་བྱ་བ་ནས་དག་གི་རྣམ་པར་རིག་བྱེད་ཅེས་བྱ་བའི་བར་གང་ཡིན་པའོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཆེད་དུ་བསམས་ཏེ། འགྱོད་པ་བསྐྱེད་པའི་བསམ་པས། དགེ་སློང་མའི་དྲུང་དུ་སོང་སྟེ། འདི་སྐད་ཅེས་བུ ་ནུ་མོ་རྒྱལ་པོ་ཆེ་གེ་མོ་འམ། ཚོང་དཔོན་ཆེ་གེ་མོ་འམ། ས་གཡོས་པ་འམ། ཟླ་བ་གཟས་ཟིན་པ་འམ། ཕྱོགས་ཚིག་པ་དྲན་ནམ་ཞེས་དྲིས་པ་ནི། དེས་འདི་སྐད་ཅེས་མི་དྲན་ནོ།། ཞེས་ཟེར་བ ་དང་། དེས་འདི་སྐད་ཅེས་དུས་སྔར་བྱུང་བ་ཡིན་པས་པུ་ནུ་མོ་ཁྱོད་ནི་ལོ་ཉི་ཤུ་མ་ལོན་པར་བསྙེན་པར་རྫོགས་པར་གྱུར་ཏེ། པུ་ནུ་མོ་ཁྱོད་བསྙེན་པར་རྫོགས་པར་མ་ཡིན། ་བས། སླར་ཡང་བསྙེན་པར་རྫོགས་དགོས་སོ་ཞེས་སྨྲས་ན། དགེ་སློང་མ་འགྱོད་པ་སྐྱེས་ཀྱང་མ་རུང་བ་མ་སྐྱེས་ཀྱང་རུང་། འགྱོད་པ་སྐྱེད་པ་གང་ཡིན་པ་དེ་ལ་ལྟུང་བྱེད་དུ་འགྱུར་རོ།། ་དེ་བཞིན་དུ་ཕུ་ནུ་མོ་ཁྱོད་ཀྱི་མཁན་མོ་སུ་ཡིན། དེ་འདི་སྐད་ཆེ་གེ་མོ་ཡིན་ནོ་ཞེས་ཟེར་ན། དེ་འདི་སྐད་ཅེས་དགེ་སློང་མ་ཆེ་གེ་མོ་ཞེས་བྱ་བ་དེ་ནི། དགེ་འདུན་གྱིས་གནས་ནས་དབྱུང་བའི ་འཕྲིན་ལས་མཛད་པ་ཡིན་ནོ་ཞེས་སྨྲས་ན། དགེ་སློང་མ་དེ་འགྱོད་པ་སྐྱེས་ཀྱང་རུང་མ་སྐྱེས་ཀྱང་རུང་ཞེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཚུལ་ཁྲིམས་འཆལ ་པ་ཡིན་ནོ་ཞེས་ཟེར་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཕུ་ན་མོ་གནས་གང་དུ་བསྙེན་པ་རྫོགས། དེ་འདི་སྐད་ཅེས་གནས་ནིག་གེ་མོ་ཞིག་དེ་བསྙེན་པར་རྫོགས་སོ་ཞེས་ཟེར ་བན། དེ་འདི་སྐད་ཅེས་གནས་དེ་ནི་མཚམས་མ་བཅད་པ། དེ་ནི་དཀྱིལ་འཁོར་བར་མི་མངོན་པ། མི་མཐུན་པ། འཁྲུགས་པས་ཁྱོད་བསྙེན་པར་རྫོགས་ཀྱི། འཐུན་པས་མ་ཡིན་པས ་ཕུ་ནུ་པོ་ཁྱེད་ནི་བསྙེན་པར་མ་རྫོགས་པ་ཡིན་གྱིས། ཞེས་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཕུ་ནུ་མོ་མཁན་མོ་དང་། སློབ་དཔོན་གྱི་གོས་དག་ལེན་ནམ། དེ་འདི་སྐད ་ཅེས་ལེན་ནོ་ཞེས་ཟེར་ན་དེ་འདི་སྐད་ཅེས་ཁྱོད་ནི་ཕས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ཡིན་ནོ་ཞེས་སྨྲས་ན་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་པུ་ནུ་མོ་འདུ་བྱེད་ཐམས་ཅད་མི་རྟག་པ་དང་། ་ཆོས་ཐམས་ཅད་བདག་མེད་པ་དང་། མྱ་ངན་ལས་འདས་པ་ནི་ཞི་བའོ།། ཞེས་རབ་ཏུ་སྟོན་ཏམ་ཏེ་དེ་འདི་སྐད་ཅེས་རབ་ཏུ་སྟོན་ཏོ་ཞེས་ཟེར་བ་ན། དེ་འདི་སྐད་ཅེས་ཁྱོད་ཀྱིས་མིའི ་ཆོས་བླ་མ་སྨྲས་པས་ཁྱོད་པས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བ་ཡིན་ནོ་ཞེས་ཟེར་བ་ཡང་ངོ་།། དེ་བཞིན་དུ་པུ་ནུ་མོ་ཕྱོགས་ག་གེ་མོ་ཞིག་ཏུ་འགྲོ་འམ། དེ་འདི་སྐད་ཅེས་འགྲོ་ཞེས ་ཟེར་བ་ན། དེ་འདི་སྐད་ཅེས། གཏུམ་པོ་རྣམས་ཀྱིས་གནས་བཏབ་པའི་ཕྱོགས་ཡིན་པས། ཁྱོད་པས་ཕམ་པར་འགྱུར་བའི་ལྟུང་བ་བྱུང་བར་འགྱུར་དུ་འོང་ངོ་ཞེས་སྨྲས་ནས་ཞེས ་བྱ་བ་ནས་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་པུ་ནུ་མོ་ཤ་དང་། ཉ་དང་། ཤ་སྐམ་དང་། ཆུར་བ་དང་། འོ་མ་དང་། ཞོ་དང་། མར་གསར་ཟ་འམ། དེས་འདི་སྐད ་ཅེས་ཟའོ་ཞེས་སྨྲས་པ་ན། དེ་འདི་སྐད་ཅེས་ཁྱོད་ཁ་ཟས་དེ་ལྟ་བུ་ཟ་ན། མཛེ་དང་འབྲུམ་བུ་ཕྲ་མོ་དང་། ཤ་བཀྲ་དང་། ཤ་གཟིག་གུ་དང་། ཤུ་བ་དང་། གཡའ་བ་དང་། ་ཁྱི་རྡོ་དང་། སྐྱུག་བྲོ་བ་དང་། སྐྱ་རྦ་བ་དང་སྐྱེས་ནད་དང་། ལུད་པ་དང་། དབུགས་མི་བདེ་བ་དང་། སྐེམ་པ་སྟེ། ནད་ཀྱི་རྣམ་པ་དེ་ལྟ་བུ་དག་ཁྱོད་ལ་འབྱུང་བར་འགྱུར་རོ།། ་ཞེས་སྨྲས་ན་དགེ་སློང་མ་འགྱོད་པར་གྱུར་ཀྱང་རུང་། མ་གྱུར་ཀྱང་རུང་ལྟུང་བྱེད་དུ་འགྱུར་རོ།། དོན་གཞིན་དང་འདུལ་བའི་ཡོ་བྱད་ཀྱིས་ནི་ལྟུང་བ་མེད་དོ།། དེ་ལ་དོན་གཞན་ཞེས ་བྱ་བ་ནི། བུ་ནུ་མོ་རྒྱལ་པོ་ཆེ་གེ་མོ་དྲན་ནས། དེ་འདི་སྐད་ཅེས་དྲན་ནོ་ཞེས་ཟེར་ན། དེ་འདི་སྐད་ཅེས་རྒྱལ་པོ་དེའི་ཡུན་རིང་པོ་ཞིག་ལོན་པས། ཕུ་ནུ་མོ་ཁྱོད་ལོ་ཉི་ཤུ་ཚང་ཞིང་ལེགས ་པར་བསྙེན་པར་རྫོགས་པ་ཡིན་གྱིས། ཁྱོད་ལ་སུས་ཅི་སྨྲས་ཀྱང་འགྱོད་པར་མ་བྱེད་ཅིག་ཅེས་བྱ་བ་དང་། དེ་བཞིན་དུ་ཕྱོགས་པ་དང་། ཞེས་བྱ་བ་ནས། ་དེ་བཞིན་དུ་ཁྱོད་ཀྱི་མཁན་མོ་ནི་ཚུལ་ཁྲིམས་དང་ལྡན་པ་མང་དུ་ཐོས་པ་ཡིན་ནོ་ཞེས་བྱ་བ་དང་། ཁྱོད་བསྙེན་པར་རྫོགས་པའི་གནས་ནི་མཚམས་བཅད་པ་དེ་ནི་དཀྱིལ་འཁོར་བར་མངོན ་པ་ཡིན་ནོ་ཞེས་བྱ་བ་དང་། ཁྱེད་ཀྱིས་ལྷག་པར་ཉ་འམ་ཤ་འམ་ཞེས་བྱ་བ་ནས། མར་གསར་གྱི་བར་དག་མ་ཟེས་ཀྱང་གྲང་། ཁྱོད་ན་བར་འགྱུར་དེ་འོང་ངོ་ཞེས་བྱ་བ་སྟེ། དེ་ལྟ་བུ ་ནི་དོན་གཞན་ཡིན་ནོ།། འདུལ་བའི་ཡོ་བྱད་ཇི་ལྟ་བུ་ཞེ་ན། ཕུ་ནུ་མོ་ཁྱོད་ཀྱིས། རྐུ་སེམས་ཀྱིས་མཁན་མོ་དང་། སློབ་དཔོན་དག་གི་གོས་བླངས་པར་མ་གྱུར་གྲང་ཞེས་བྱ་བ་དང་། ་ལྟུང་བ་དང་བཅས་པར་མ་གྱུར་གྲང་ཞེས་བྱ་བ་དང་། ཁྱོད་མིའི་ཆོས་བླ་མིའི་གཏམ་སྨྲ་བའི་བསམ་པས་གཏམ་མ་སྨྲས་གྲང་ཞེས་བྱ་བ་དང་། ཁྱོད་གནས་དེར་མ་སོང་ངམ། ཁྱོད ་ཚངས་པ་མཚུངས་པར་སྤྱོད་པ་རྣམས་དང་མི་མཐུན་པས་མ་གྱུར་གྲང་། མི་འགྱུར་གྲང་ཞེས་བྱ་སྟེ། དེ་ལྟ་བུ་ནི་འདུལ་བའི་ཡོ་བྱད་ཡིན་ནོ།། བར་སྡོམ་ནི། རིགས་དང་བསྙེན་པར ་རྫོགས་པ་དང་།། མཁན་མོ་ཉིད་དང་དེ་འཕྲོག་དང་།། འགྲོ་བ་དང་ནི་སྨྲ་བ་དང་།། དོན་ཉིད་དང་ནི་འདུལ་བའོ།། ལྟུང་བྱེད་ལྔ་པའི་ལྔ་པ་རྫོགས་སྷོ།། ། གླེང་གཞི་ནི ་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་རྒོད་པའི་བསམ་པས་སོར་མོས། དགེ་སློང་མ་རྣམས་ཀྱི་མཆན་ཁུང་དག་ཏུ་འཇུགས་ཤིང་ག་ག་ཚིལ་བྱེད་པ་ན་དོན་ཉུང་བའི་དགེ་སློང ་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། སོར་མོས ་ག་ག་ཆིལ་བྱེད་ན་ལྟུང་བྱེད་དོ་སོར་མོས་ཞེས་བྱ་བ་ནི་ག་ག་ཚིལ་བྱ་བ་ནི་བསམ་པ་ཅན་གྱི་གང་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་སོར་མོག་ཅིག་གིས་ག་ག་ཆི་ལ་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་གཉིས་དང་ལྔའི་བར་གྱིས་བྱེད་ན་ལྟུང་བྱེད་ལྔའོ།། གལ་ཏེ་སྨེ་བ་འམ་ནག་ནོག་སྟོན་ན་ལྟུང་བ་མེད་དོ།། ་ལྟུང་བྱེད་ལྔ་པའི་དྲག་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། བཅུ་བདུན་སྡེ་རྣམས་ལས་བརྟེན་ཏེ། ཆུ་ལ་རྩེ ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་ཆུར་ཞུགས་ནས་རྩེ་བར་བྱེད། རྩེར་འཇུག་པར་བྱེད་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་འདི ་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ་དེ་དག་གིས་འདི་སྐད་ཅེས་དགེ་སློང་དག་ལ་ཡིན་གྱི། དགེ་སློང་མ་རྣམས་ལ ་ནི་མ་ཡིན་ནོ།། ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ནུ་ལ་རྩེ་ན་ལྟུང་བྱེད་དོ།། ཆུ་ལ་ཞེས་བྱ་བ་ནི། དགེ་སློང་མས་རྩེ་བའི་བསམ་པ་ཅན་གྱི་ངག་དང་ཚིག་དང་ཞེས་བྱ་བ ་ནས། ངག་གི་རྣམ་པར་རིག་བྱེད་ཅེས་བྱ་བའི་བར་གང་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་ཞེ་ན། གཞི་དགུ ་ལས་ཏེ། དགེ་སློང་མས་ཆུང་རྩེ་བའི་བསམ་པས། ཆུར་འཇུག་པར་འདོད་པ་དང་། རས་ཀྱིས་འཆིང་བ་དང་། ཆུར་འཇུག་པ་དང་། བྱིའུ་ཟུལ་བྱེད་ན་ལྟུང་བྱེད་དོ།། དེ་བཞིན ་ད་སྟེང་དུ་འབྱུང་བར་བྱེད་པ་དང་། ཚུ་རོལ་གྱི་འགྲམ་ནས་ཕ་རོལ་གྱི་འགྲམ་དུ་འགྲོ་བ་དང་། རྒྱུན་ཕྱོགས་ནས་བཟློག་ཕྱོགས་སུ་རྩོལ་བར་བྱེད་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ།། ་ཆུ་ལ་རྔའི་སྒྲ་འབྱིན་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཆུ་ལ་རྫ་རྔ་ཁ་གཅིག་པའི་བར་གྱི་སྒྲ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དགེ་སློང་མས་ཆུ་ཕན་ཚུན་དུ་འཐོར་བར་བྱེད ་ན་ལྟུང་བྱེད་དོ།། དགེ་སློང་མས་ཆུ་ལ་དགའ་བར་བྱེད་ན་ལྟུང་བྱེད་དོ།། དགའ་བར་བྱེད་དུ་འཇུག་ན་ལྟུང་བྱེད་དེ། དེ་བཞིན་དུ་རྩེ་བ་དང་། རྩེར་འཇུག་པ་དང་། མགུ་བར་བྱེད་པ་དང་། ་མགུ་བར་བྱེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་གོད་པ་དང་། འཕྱར་གཡེང་གིས་ལུས་ཀྱིས་སྤོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་ཐ་ན་བུམ་པའི་རྒྱ་ལ་སོར་མོའི་བམ་ཏིལ་གྱིས་བརྡེག་ན་ཡང་ཉེས་བྱས་སོ།། དེ་བཞིན་དུ་ཆུ་སྣོད་དང་ཤ་ཁུ་དང་། འབྲས་ཁུ་དང་། ཐུག་པ་ཡང་ངོ་།། ནད་པས་བརྩེ་བའི་བསས ་ཁས་ཐུག་པ་འམ། ཤ་ཁུ་ལ་བམ་ཏོལ་གྱིས་བརྡེག་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་ལྔ་པའི་བདུན་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་མ་འགགས་པ་ལས་བརྟེན་ཏེ། བུད་མེད་དང་གནས་གཅིག་ཏུ་ཉལ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། ་བཅུ་གཉིས་སྡེ་རྣམས་སྐྱེས་པ་དག་དང་གནས་གཅིག་ཏུ་ཉལ་བར་བྱེད་དོ།། དེ་ནས་དགེ་སློང་མ་དེ་རྣམས་ཀྱིས་བཅུ་གཉིས་སྡེ་དག་ལ་འདི་སྐད་ཅེས་སྨྲས་སོ།། པུ་ནུ་མོ་དག་བཅོམ ་ལྡན་འདས་ཀྱིས་གནས་གཅིག་ཏུ་ལྷན་ཅིག་ཉལ་བའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས། དགེ་སློང་རྣམས་ལ་ཡིན་གྱིས། དགེ་སློང་མ ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྐྱེས་པ་དང་། གནས་གཅིག་ཏུ་ཉལ་བར་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་བཅུ ་གཉིས་སྡེ་དག་གོ།། སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི། སྐྱེས་པའི་དབང་པོ་དང་ལྡན་པ་དང་ངོ་།། གནས་གཅིག་ཏུ་ཉལ་ན་ཞེས་བྱ་བ་ནི། གནས་བཞི་པོ་དག་ཏུ་སྐྱེ་རེང་འཆར་བར ་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་སྟེང་ཁང་གི་གཞི་ན་ཉལ་བར་བྱེད་ལ་སྐྱེས་པ་ན་ཤོད་ན་ཉལ་ན། ་དགེ་སློང་མ་དེས་སྐས་བརྟུལ་བར་བྱའོ།། གལ་ཏེ་ཐེམ་སྐས་ཡིན་ན་དེར་ཡང་གཏན་པ་སྒོ་བཅད་ལ། དེའི་འོག་ཏུ་ཉལ་བར་བྱའོ།། གལ་ཏེ་སྐས་མ་བརྟུལ་ཏམ། གཏན ་པས་སྒོ་མ་བཅད་པར་གྲོས་ཕབ་སྟེ། ཉལ་བར་བྱེད་ན་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་བར་ཁང་ན་སྐྱེས་པ་ཉལ་ལ། ཤོད་ན་དགེ་སློང་མ་ཉལ་བར་བྱེད་ན ་ཡང་ལྟུང་བྱེད་དོ།། ཞེས་བྱ་བའི་བར་རོ།། དེ་བཞིན་དུ་སྟེང་ཁང་ན་སྐྱེས་པ་ཉལ་ཤོད་དུ་དགེ་སློང་མ་ཉལ་བར་བྱེད་ན། སྐས་བརྟུལ་བར་བྱ་བ་འམ། གཏན་པས་སྒོ་བཅད་པར་བྱའོ།། ་མ་བྱས་པར་ཉལ་བར་བྱེད་ན་ལྟུང་བྱེད་དོ།། དེ་བཞིན་དུ་བར་ཁང་ན་སྐྱེས་པ་ཉལ་ལ་ཤོད་ན་དགེ་སློང་མ་ཉལ་བར་བྱེད་ན་ཡང་ལྟུང་བྱེད་དོ།། དེ་བཞིན་དུ་ཕྱུགས་ར་ལ་སོགས་པ་དག་ཏུ ་ཡང་ཞེས་བྱ་བ་ནས། དེར་ཡང་ཤིང་དང་སབླ་མ་དང་། རེ་ལྡེ་དག་གིས་འཁོར་བར་བསྐོར་བར་བྱའོ།། ཞེས་བྱ་བ་ནས་མ་བྱས་ན་ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཇི་ཙམ ་ཅུང་ཟད་སྐྱེས་པ་དང་ལྷན་ཅིག། གནས་གཅིག་ཏུ་ཉལ་བར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ལྔ་པའི་བརྒྱད་པ་རྫོགས་སྷོ། ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་ཉི་ཤུ་གཅིག་པ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ།། ་རྒོད་པའི་བསམ་པས་མི་སྡུག་པ་དག་གིས། དགེ་སློང་མ་གཞོན་ནུ་རྣམས་ལ་སྤངས་པར་བྱེད། སྔངས་སུ་འཇུག་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད ་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པའི་བར་དུ་མཛད་དོ།། དགེ་སློང་མ་གང་དགེ ་སློང་མ་རྣམས་ལ་སྤངས་པར་བྱེད་དམ་སྤངས་པར་བྱེད་དུ་འཇུག་ན་ཐ་ན་བཞང་བགད་ཀྱི་བསམ་པས་ཀྱང་རུང་སྟེ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་སྔངས་པར་བྱེད་དམ་ཞེས་བྱ་བ་ནི་རང་གིས་སོ།། སྔངས་པར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར ་ཞེ་ན། ཡང་དགེ་སློང་མ་གང་ཞིག་དགེ་སློང་མ་རྣམས་ལ་སྔངས་པར་བྱ་བའི་བསམ་པས་མི་སྡུག་ཅིང་མི་སྡུག་པ་དག་ཉེ་བར་དོང་ཞིང་། གནག་ཅིང་གནག་པ། སོལ་བའི་ཁ་དོག ་འདྲ་བ་ཡིད་ད་མི་འོང་བ་འདི་ལྟ་སྟེ། སྡོང་དམ་ཚིག་པ་འདྲ་བ་དག་ཉེ་བར་དོང་ནས། འདི་སྐད་ཅེས་གཟུགས་འདི་འདྲ་བ་དག་གི་གནོད་སྦྱིན་དང་། ཡི་དགས་དང་། ཤ་ཟ ་དང་། འབྱུང་པོ་དང་། གྲུལ་བུམ་དང་། ལུས་སྲུལ་པོ་དང་། སྲུལ་པོ་རྣམས་ཁྱོད་ཀྱི་དྲུང་དུ་འོང་ན་དེ་དག་གིས་གསོད་པར་འགྱུར། སྲོག་དང་འབྲལ་བར་འགྱུར་རོ།། ་ཞེས་སྨྲས་པ་དང་། དགེ་སློང་མ་སྤངས་པར་གྱུར་ཀྱང་རུང་སྔངས་པར་མ་གྱུར་ཀྱང་རུང་སྟེ་ལྟུང་བྱེད་དུ་འགྱུར་རོ།། དེ་བཞིན་དུ་སྒྲ་འབྱིན་པར་བྱེད་པ་འདི་ལྟ་སྟེ། སེང་གེ ་དང་། སྟག་དང་། སྦྱང་ཀུ་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་དང་། ཤ་ཟ་རྣམས་ཀྱི་སྒྲ་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ ་དྲི་འབྱིན་པར་བྱེད་པ་འདི་ལྟ་སྟེ། ངན་སྤྱུགས་དང་། གཅིན་གྱི་དང་། རིའི་དང་། ར་རལ་པ་ཅན་རྣམས་ཀྱི་དང་། དེ་བཞིན་དུ་ཡི་དགས་ལ་སོགས་པའི་དྲི་སྣ་ཚོགས་དག་ཅེས ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རེག་སྣ་ཚོགས་འབྱིན་པར་བྱེད་པ་འདི་ལྟ་སྟེ། ཤིང་དང་སབ་མ་དང་། རེ་ལྡེ་དང་། ཕྱང་བ་རྣམས ་ཀྱི་དང་དེ་བཞིན་དུ་ཡི་དགས་ལ་སོགས་པའི་རེག་པ་སྣ་ཚོགས་དག་ཅེས་བྱ་བ་ནས། ལྟུང་བྱེད་དོ་ཞེས་བྱ་བའི་བར་རོ།། དགེ་སློང་མས་དགེ་སློང་མ་ལ་སྤངས་པར་བྱ་བའི་བསམ ་བམ། ཡིད་དུ་འོང་བའི་གཟུགས་དགས་སྟོན་པ་འདི་ལྟ་སྟེ། རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དང་། བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་དང་། ཁྱིམ་བདག ་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་ཏེ། གཟུགས་འདི་འདྲ་བའི་ལྷ་དང་། དྲི་ཟ་དང་མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཏེ། དགེ་སློང་མ་སྤངས་པར་གྱུར་ཀྱང་མ་གྱུར ་ཀྱང་རུང་ཉེས་བྱས་སུ་འགྱུར་རོ།། དེ་བཞིན་དུ་སྒྲ་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། པི་བང་དང་། ལྕགས་ཀྱི་སིལ་ཀྲོལ་དང་། ཁར་རྔ་དང་། ཤིན་དུ་དབྱངས ་སྙན་རྣམས་ཀྱི་སྟེ། སྒྲ་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་དྲི་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། ཨ ་ག་རུང་དང་། ཙན་དན་དང་། དུ་རུས་ཀ་དང་། ག་བུར་ལ་སོགས་པའི་སྟེ། དྲི་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས་བྱ་བ་ནས། ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། དེ་བཞིན ་དུ་རེག་པ་ཡིད་དུ་འོང་བ་འབྱིན་པར་བྱེད་པ་འདི་ལྟ་སྟེ། དར་དང་རས་དང་གོས་དང་དར་ལ་དང་། དུ་གུ་ལའི་གོས་རྣམས་ཀྱི་སྟེ། རེག་འདི་ལྟ་བུའི་ལྷ་ལ་སོགས་པ་ཞེས ་བྱ་བ་ནས་ཉེས་བྱས་སོ་ཞེས་བྱ་བའི་བར་རོ།། ལྟུང་བྱེད་ལྔ་པའི་དགུ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འཁོར ་པོ་ཡོད་པས། དེ་ཡང་མང་དུ་ཟ་ཞིང་མ་དང་འཐུང་བས་དངུལ་གྱི་དེའི་གོས་མ་རུང་བར་གྱུར་པ་ན། དེས་གོས་དགེ་འཁྲུ་ཞིང་ཁ་བསྒྱུར་མ་ནུས་ནས་དེས་ལྷན་ཅིག་གནས་པ་དང་། 1 ་གནས་དེ་དག་ལ་གཏན་བྱིན་ནོ།། དེ་དག་གིས་ཆོས་གོས་དེ་དག་བཀྲུས་ཤིང་ཁབ་སྦྱར་ཏེ། གཏུར་བུ་དག་གི་ནང་དུ་བཅུག་ནས། དེ་ཉིད་ལག་ཏུ་བཅོལ་ཏེ་ལྗོངས་རྒྱུ་ཞིང་དོང་ངོ་།། ་དེ་དག་ལྗོངས་རྒྱུ་ཞིང་དོང་ངོ་།། དེས་ཕྱིར་བླང་ངོ་སྙམ་ནས་གོས་དག་སྤྱད་དོ།། དེས་དེ་དག་ཡང་སླར་དྲི་མས་གོས་པར་བྱས་ནས་གཏུར་བུ་དེ་དག་ཉིད་ཀྱི་ནང་དུ་བཅུག་གོ།། དེ་དག་ལྷས ་ནས། གོས་དེ་དག་དྲི་མ་ཅད་དུ་བྱས་པ་མཐོང་ནས། སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་ལ་གོས་དག་བྱིན་ནས་དེའི་འོག་ཏུ་ཕྱིར་མ་བླངས་པར་སྤྱོད་ན ་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གོས་ཞེས་བྱ་བ་ནི། བདུན་པོ་གང་ཡང་རུང་བའི་བར་དག་གོ།། ཕྱིར་མ་བླངས་པར་ཞེས་བྱ་བ་ནི། ་རྡོང་མ་བཅད་པར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ན་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གོས་བྱིན་ནས། དེའི་འོག་ཏུ་ཕྱིར་མ ་བླངས་པར་སྤྱོད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་འགྲོགས་བཤེས་ཡིན་པ་དང་། ཐོས་ན་དགའ་བར་འགྱུར་བ་ཡིན་ན་ལྟུང་བ་མེད། ་དོ།། ལྟུང་བྱེད་ལྔ་པའི་བཅུ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་རྣམས་དང་། དགེ་སློང་མ་རྣམས་འཐབ་ཅིང་འཚང་འདྲུ་བར ་བྱེད་དོ།། ཁྲོས་ཤིང་ཞེ་སྡང་བའི་ཟིལ་གྱིས་ནོན་ནས། གཞི་མེད་པར་དགེ་སློང་མ་རྣམས་ལ་དགེ་འདུན་ལྷག་མས་གླེང་བར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང ་མ་གང་ཁྲོས་ཤིང་ཞེ་སྡང་ལ་མི་དགའ་བར་གྱུར་ནས། དགེ་སློང་མ་དག་པ་ལྟུང་བ་མེད་པ་ལ་གཞི་མེད་པར་དགེ་འདུན་ལྷག་མའི་ཆོས་ཀྱིས་སྐར་ན་ལྟུང་བྱེད་དོ།། ཡང་གང་ཞེས ་བྱ་བ་དག་ནི་བཅུ་གཉིས་སྡེ་དག་གོ།། ཁྲོས་ནས་ཞེས་བྱ་བ་ནི་སྔ་མ་ཇི་ལྟ་བ་བཞིན་ནོ།། དགེ་འདུན་ལྷག་མས་ཞེས་བྱ་བ་ནི་ཉི་ཤུ་པོ་གང་ཡང་རུང་བས་སོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེས་དེ་ལ་ལྟུང་བ་མ་བྱུང་བའི ་ལྟ་བ་ཐོབ་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ཁོ་མོས་དགེ་སློང་མེ་ལ་དགེ་འདུན་ལྷག ་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ།། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ། དེས་དེ་ལ་ལྟུང་བྱེད་ཀྱི་ལྟ་བ་ཐོབ་པ་ལས། ་དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ་འདི་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་། ་ཞེས་སྨྲས་ན་ལྟུང་བྱེད་དོ།། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ལ་དེ་དེ་ལ་སོ་སོར་བཤགས་པར་བྱ་བའི་ལྟ་བ་ཐོབ་པ་ལས། དེས་འདུ་ཤེས་དང་། ་བཟོད་པ་དང་། འདོད་པ་དང་། བློ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ནས་འདི་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད ་དོ།། དགེ་སློང་མས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་ལ། དེ་དེ་ལ་ཉེས་བྱས་ཀྱི་ལྟ་བ་ཐོབ་པ་ལས། དེས་འདུ་ཤེས་དང་། བཟོད་པ་དང་། འདོད་པ་དང་། བློ ་གྲོས་དང་། རྟོག་པ་དང་། ལྟ་བ་བསྒྱུར་ཏེ། འདི་སྐད་ཅེས་ཁོ་མོས་དགེ་སློང་མ་ལ་དགེ་འདུན་ལྷག་མའི་ལྟུང་བ་བྱུང་བ་མཐོང་ངོ་ཞེས་སྨྲས་ན་ལྟུང་བྱེད་དོ།། དེ་བཞིན་དུ་རིམ་པ་འདིས ་དགེ་འདུན་གྱི་ལྷག་མའི་བག་ཙམ་གྱི་བསླབ་པའི་གཞི་ལ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། དེ་ལྟ་མོད་ཀྱི་དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྲོས་ཤིང་ཞེ་སྡང་ལ་མི་དགའ་བས་གཞི ་མེད་པར་དགེ་འདུན་ལྷག་མའི་སྐུར་པ་འདེབས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ལྔ་པའི་བཅུ་གཅིག་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན ་ཡོད་ནའོ།། དེའི་ཚེ་ཡུལ་ཙམ་པའི་ཐ་ག་པའི་ཁྱེའུ་ཤིག་ཆུང་མ་བླངས་ནས་རིང་པོ་མ་ལོན་པར་དེ་རང་གི་ཆུང་མ་ལ་ཁྲོས་ནས། སླར་ཡང་ཙམ་པར་ཆས ་པ་ན། དེའི་ཚེ་སྦོམ་དགའ་མོ་ལམ་ཀ་ན་འདུག་པ་དེས། ཁྱེའུ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། གཞིན་བཟངས་གར་འགྲོ།། དེས་འདི་སྐད་ཅེས་སྨྲས་སོ།། ཙམ་པར་མཆི་འོ། ་དེ་ནས་སྦོམ་དགའ་མོ་དེ་དང་ལྷན་ཅིག་ཆས་པ་དང་། ཐ་ག་པའི་ཆུང་མ་ཁང་ཐོག་ན་འདུག་པ་དེས་ཁྱིམ་ཐ་བ་དགེ་སློང་མ་ཞིག་དང་འགྲོགས་ཏེ་འགྲོ་བ་ལམ་དུ་ཞུགས་ཏེ་སོང་བ་མཐོང ་ངོ་།། མཐོང་ནས་ཀྱང་སྐད་ཆེན་པོར་ཁོ་མོའི་ཁྱིམ་ཐབས་ཀྱིས་དགེ་སློང་མ་ཞིག་ཁྲིད་ནས་བྲོས་སོ་ཞེས་བསྒྲགས་པ་དང་། དེ་ནས་ཐ་ག་པ་རབ་ཏུ་མང་པོ་སྦོམ་དགའ་མོ་བརྡེགས ་སོ།། དེ་ནས་མིག་ཕུབས་སྐྲངས་ཤིང་དབྱར་འང་དུ་སོང་བ་དང་། དགེ་སློང་མ་རྣམས་ཀྱིས་དྲིས་པ་ལས། དེས་སྐབས་དེ་རྒྱས་པར་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས ་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་བུད་མེད་མེད་པར། སྐྱེས་པ་དང་ལྷན་ཅིག་འགྲོན་ལམ་དུ་ཞུགས་ཏེ་འགྲོ་ན། ཐ་ན་གྲོང་བར་དུ་ཡང་རུང་སྟེ། ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ ་ནི་སྦོམ་དགའ་མོའོ།། བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་ཅེས་བྱ་བ་ནི། གང་བུད་མེད་མེད་པར་རོ།། འགྲོན་ལམ་དུ་ཞུགས་ཏེ་འགྲོ་ན་ཞེས་བྱ་བ་ནི་དགོན་པའི་ལམ་དུ་འགྲེ ་ནའོ།། ཐ་ན་གྲོང་བར་དུ་ཡང་རུང་སྟེ་ཞེས་བྱ་བ་ནི་གྲོང་ནས་གྲོང་དུ་འགྲོནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གྲོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཅུང་ཟད་བུད་མེད་མེད་པར་སྐྱེས་པ་དང་ལྷན་ཅིག་གྲོང་ནས་གྲོང་བར་དུ་འགྲོ་ན། རྒྱང་གྲགས་གཅིག་གམ་རྒྱང་གྲགས་བྱེད་ན་སོང་ན། དེ་ལ་ཉེས་བྱས་སོ།། རྒྱང་གྲངས་རྒྱང་གྲགས ་སུ་ནི་ལྟུང་བྱེད་དོ།། ལྟུང་བྱེད་ལྔ་པའི་བཅུ་གཉིས་རྫོགས་སྷོ།། སྡོམ་ལ། རྐུན་མ་ལྷན་ཅིག་ཉི་ཤུ་མིན།། མི་བརྐོ་མགྲོན་པོས་བསླབ་པ་དང་། ་ཉན་རྣ་ལྗང་དང་མགུས་དང་།། ཆང་འཐུང་དུས་མིན་རྒྱུ་བའོ།། གླེང་གནི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་རྒྱལ་པོའི་ཁབན། ཤོ་གམ་འདྲལ་བའི་ཚོང་པ་རྣམས ་དང་ལྷན་ཅིག་མཉན་ཡོད་དུ་ཆས་ཏེ། དེ་ནས་ཤོ་གམ་འདྲལ་བའི་ཚོང་པ་དང་ལམ་གོལ་བ་ནས་དོང་བ་ན། ཤོ་གམ་བདག་གིས་སླེབས་ནས། དེར་སྦོམ་དགའ་མོ་ཡང་བརྡེགས ་སོ།། དེ་རིམ་གྱིས་མཉན་ཡོད་དུ་ཕྱིན་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས། འཕགས་མ་བྱོན་པ་ལེགས་སོ།། ཤོ་གམ་པ་དག་གིས་མ་གཅེས་གྲང་། ཞེས་དྲིས་པ་དང་། ་དེས་སྐྱབས་དེ་རྒྱས་པར་སྨྲས་པ་ལས། དགེ་སློང་མ་རྣམས་ཀྱིས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་དགོངས་པ་ཉེས་དམིགས་གང་ཅི་བྱུང་བ ་དེ་ཐམས་ཅད་ནི། དགེ་སློང་མ་གང་རྐུན་པོའི་དོན་འཐུན་དང་ལྷན་ཅིག་འགྲོན་ལམ་དུ་འགྲོ་བ་ལས་གྱུར་ཏོ་སྙམ་ནས། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ་ཡང་དགེ་སློང་མ་གང་རྐུན་པོའི་དོན་འཐུན་དང་ལྷན་ཅིག་འགྲོན་ལམ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས ་བྱ་བ་ནི་སྦོམ་དགའ་མོའོ།། རྐུན་པོའི་དོན་འཐུན་དང་ཞེས་བྱ་བ་ནིས། ཤོ་གམ་འདྲལ་བའི་ཚོང་པ་འམ་རྐུན་པོ་དང་ངོ་།། འགྲོན་ལམ་དུ་ཞེས་བྱ་བ་ནི་དགོན་པའི་ལམ་དུ་ཞུགས་ཏེ ་འདོད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྐུན་པོའི་དོན་འཐུན་དང་འགྲོན་ལམ་དུ་འཇུག་ན་ལྟུང ་བྱེད་དོ།། རྒྱང་གྲགས་བྱེད་ཕྱེད་དུ་ནི་ཉེས་བྱས་སུ་འགྱུར་རོ།། རྒྱང་གྲགས་རྒྱང་གྲགས་སུ་ལྟུང་བྱེད་དོ།། ལྟུང་བྱེད་དྲུག་པའི་དང་པོ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འདོད་པས། དེས་ལོ་ཉི་ཤུ་མ་ལོན་པ་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། དེ་ལ་དགེ་སློང་མ་རྣམས ་ཀྱིས་སྨྲས་པ། ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན ་ནོ་ཞེས་སྨྲས་པ་དང་། དེན་ཉུང་བའི་དགེ་སློང་མ་དག་སྡོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་ལོ་ཉི་ཤུ་མ་ལོན་པ་གསོལ་དང་བཞིའི་ལས་ཀྱིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། ་དགེ་སློང་མ་དེ་ནི་བསྙེན་པར་མ་རྫོགས་པ་ཡིན་ལ། དེ་དག་ཀྱང་ལྟུང་བ་དང་བཅས་པས་སྤད་པར་འགྱུར་རོ།། དེ་ལ་ནི་ངེས་པ་ཡིན་ནོ།། དེ་ལ་ནི་ནི་རྗེས་སུ་འཐུན་པའི་ཆོས་ཡིན། ་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ཅིང་། ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང ་མ་རྣམས་ཀྱི་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང་། དེ་འདི་སྐད་ཅེས་ཁོ་མོ་ཉི་ཤུ་མ་ལོན་ཞེས་སྨྲས་པ་དང་། དེ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས ་བར་བྱེད་ན། དགེ་སློང་མ་དག་དགེ་སློང་མ་དེ་ཡང་དང་པོ་ཉིད་ནས་བསྙེན་པར་མ་རྫོགས་པ་ཡིན་ལ། འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་ཡང་འགྱུར། དགེ་སློང ་མའི་དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ཅིང་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན ་ནམ་ཞེས་དྲིས་པ་དང་། དེ་འདི་སྐད་ཅེས་ཁོ་མོས་ཇི་ལྟར་ཡང་ལོ་ཉི་ཤུ་ལོན་པར་མི་ཤེས་ཤིང་མི་དྲིན་ཏེ། ཁོ་མོ་ནི་ཡིད་གཉིས་ཟའོ་ཞེས་སྨྲས་པ་ན། དེ་དགེ་སློང་མ་དག་གིས ་དགེ་སློང་མའི་དངོས་པོར་བསྙེན་པར་བྱེད་ན་དགེ་སློང་མ་དག། དགེ་སློང་མ་དེ་ཡང་དང་པོ་ཉིད་ནས་བསྙེན་པ་མ་རྫོགས་པ་ཡིན་ལ། འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར ་ཡང་འགྱུར་དགེ་སློང་མའི་དགེ་འདུན་ཡང་དེས་འགྲལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་ལེན་པར་གྱུར་ཅིང་། ལོ་ཉི་ཤུ་མ་ལེན་པར་འདུ་ཤེས་པ་ལ། དེ་ཡང་མི་ཤེས་པ་དང་། ་མི་དྲན་པ་དང་། ཡིད་གཉིས་ཟ་བར་གྱུར་ཀྱང་རུང་། དེ་ལ་དགེ་སློང་མས་ཅི་ཡང་མ་དྲིས་པ་འམ། ལན་མ་བྱིན་པར་དེ་དགེ་སློང་མ་དག་གིས་དགེ་སློང་མའི ་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་དེ་དེའི་འོག་ཏུ་བསྙེན་པར་རྫོགས་པ་ནི་འཆགས་ཏེ། དགེ་འདུན ་དང་འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ཡང་དེ་འགལ་ཚབས་ཅན་དུ་མི་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་མ་ལོན་པར་གྱུར་ལ། ལོ་ཉི་ཤུ་ལེན ་པར་འདུ་ཤེས་པ་དེ་ལ། དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང་། དེས་འདི་སྐད་ཅེས་ལོ་ཉི་ཤུ་ལོན་ནོ།། ཞེས་སྨྲས་པ་ན། དེ་དགེ་སློང་མ་དག་གིས། དགེ་སློང་མའི ་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། དགེ་སློང་མ་དག་དགེ་སློང་མ་དེའི་འོག་ཏུ་བསྙེན་པར་རྫོགས་པར་འཆགས་ཤིང་། འགྲོགས་ཤིང་ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར ་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་ལོན་པར་གྱུར་ཅིང་། ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དེ་ལ། དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན ་ནམ་ཞེས་དྲིས་པ་ན། དེ་འདི་སྐད་ཅེས་ཁོ་མོས་ཇི་ལྟར་ཡང་ལོ་ཉི་ཤུ་ལོན་པར་ཤེས་ཤིང་དྲན་ཏེ། ཁོ་མོ་ནི་ཡིད་གཉིས་མི་ཟའོ་ཞེས་སྨྲས་པ་ན་དེ་ལ་དགེ་སློང་མ་དག་གིས་དགེ་སློང་མའི ་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། དགེ་སློང་མ་དག་དགེ་སློང་མ་དེ་ལ། དེའི་འོག་ཏུ་བསྙེན་པར་རྫོགས་པ་འཆགས་ཤིང་འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་ཡང ་མི་འགྱུར་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་ལོན་པར་གྱུར་ཅིང་། ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ། དགེ་སློང་མ་རྣམས་ཀྱིས། ་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་ན། དེ་འདི་སྐད་ཅེས་ཁོ་མས་ཉི་བུར་མ་ལོན་ནོ་ཞེས་སྨྲས་པ་ན་དེ་ལ་དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། དགེ་སློང ་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་། འགྲོགས་པ་དང་། ལོངས་སྤྱད་པར་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ནི་དེས་འགལ་ཚབ ་ཅན་དུ་མི་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་ལོན་པར་གྱུར་ཅིང་། ཉི་ཤུ་མ་ལོན་པར་འདུ་ཤེས་པ་དེ་ལ། དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་ན། དེ་འདི་སྐད ་ཅེས་ཁོ་མོས་ཇི་ལྟར་ཡང་ལོ་ཉི་ཤུ་མ་ལོན་པར་ཤེས་ཤིང་དྲན་ཏེ་ཁོ་མོས་ཡིད་གཉིས་ཟའོ་ཞེས་སྨྲས་པ་ན། དགེ་སློང་མ་དག་གིས་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར ་བྱེད་ན་དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང་འགྲོགས་པ་དང་ལོངས་སྤྱོད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ནི་དེས ་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་ལོན་ལ་དེ་མ་ཤེས་ཤིང་མི་དྲན་ནམ། ཡིད་གཉིས་ཟ་བར་གྱུར་ཀྱང་རུང་དེ་ལ་དགེ་སློང་མས་མ་དྲིས་སམ་དྲིས་པའི་ལན་མ་བྱིན ་བར་དེ་དགེ་སློང་མ་དག་གིས། དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན། དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན་ཞིང ་འགྲོགས་པ་དང་ལོངས་སྤྱད་པས་ལྟུང་བར་མི་འགྱུར་ལ། དགེ་འདུན་ནི་དེས་འགལ་ཚབས་ཅན་དུ་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་ཚང་བར་གྱུར་ཅིང་། ལོ་ཉི་ཤུ ་ཚང་བར་འདུ་ཤེས་པ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང་། དེ་འདི་སྐད་ཅེས་ལོ་ཉི་ཤུ་ལོན་ཞེས་སྨྲས་པ་ན། དེ་དགེ་སློང་མ་དག་གིས་དགེ་སློང་མའི ་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར་རྫོགས་པ་ཡིན ་ཞིང་། འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ཞིང་དགེ་འདུན་ཡང་དེས་འགལ་ཚབས་ཅན་དུ་མི་འགྱུར་རོ།། གལ་ཏེ་ལོ་ཉི་ཤུ་ལོན་པར་གྱུར་ཅིང་། ་ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དང་། ལོ་ཉི་ཤུ་ལོན་པར་འདུ་ཤེས་པ་དང་། ཤེས་ཤིང་དྲན་ཏེ་ཡིད་གཉིས་མི་ཟ་བ་དེ་ལ་དགེ་སློང་མ་རྣམས་ཀྱིས་ལོ་ཉི་ཤུ་ལོན་ནམ་ཞེས ་དྲིས་པ་ན། དེ་འདི་སྐད་ཅེས་ཇི་ལྟར་ཡང་ཁོ་མོས་ལོ་ཉི་ཤུ་ལོན་པར་ཤེས་ཤིང་དྲན་ཏེ། ཁོ་མོ་ཡིད་གཉིས་མི་ཟའོ་ཞེས་སྨྲས་པ་ན། དེ་དགེ་སློང་མ་དག་གིས། དགེ ་སྲོང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་དགེ་སློང་མ་དེ་དང་པོ་ཉིད་ནས་ལེགས་པར་བསྙེན་པར ་རྫོགས་པ་ཡིན་ཞིང་། འགྲོགས་པ་དང་། ལོངས་སྤྱད་པས་ལྟུང་བར་ཡང་མི་འགྱུར་ལ། དགེ་འདུན་ཡང་དེས་འགལ་ཚབས་ཅན་མི་འགྱུར་རོ།། དགེ་སློང་མ་དག་དེ་ལ་དགེ ་སློང་མ་བཞི་པོ་གང་ཡིན་པ་དེ་དག་ནི་དང་པོ་འཁྲུགས་པ་ཡིན་ཏེ། དེ་དག་དང་པོ་ཉིད་ནས་བསྙེན་པ་མ་རྫོགས་པས་བསྙིལ་བར་འོས་པ་ཡིན་ནོ།། དགེ་སློང་མ་དེ་ལ་དགེ་སློང ་མ་མི་ཤེས་ཤིང་མི་དྲན་ལ། ཡིད་གཉིས་ཟ་བ་གང་ཡིན་པ་དེ་ལ་ནི་ཤེས་པར་བྱ་བ་དྲན་པར་བྱ། སོམ་ཉི་དང་ཡིད་གཉིས་སྤང་བར་བྱ་སྟེ། གང་གི་ཚེ་ཤེས་པར་གྱུར་ཏམ། ་དྲན་པར་གྱུར་ཏམ། སོམ་ཉི་དང་ཡིད་གཉིས་སྤངས་པར་གྱུར་ལ། གལ་ཏེ་རེ་ཤིག་ཚང་ན་ཇི་ལྟར་བསྙེན་པར་རྫོགས་པ་ཡིན་ནོ།། གལ་ཏེ་མ་ཚང་ན། ས་སྤོ་བར་བྱ་བ ་འམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ།། ས་སྤོ་བར་མི་བྱེད་དམ། སླར་ཡང་བསྙེན་པར་རྫོགས་པར་མི་བྱེད་ལ། གལ་ཏེ་རང་བཞིན་དུ་གནས་པའི་དགེ་སློང་མ་རྣམ ་དང་ལྷན་ཅིག་ལན་གཉིས་སམ་གསུམ་གསོ་སྦྱོང་གི་ལས་དག་ཉམས་སུ་མྱོང་བར་བྱེད་ན། དགེ་སློང་མ་དག་རྐུ་ཐབས་སུ་གནས་པ་ཡིན་ཏེ། དགེ་སློང་མ་དེ་བསྙིལ་བར་འོས་པ ་ཡིན་ནོ།། དགེ་སློང་མ་དག་དེ་ལ། དགེ་སློང་མ་ལོ་ཉི་ཤུ་པ་ལོན་པར་གྱུར་པ། ལོ་ཉི་ལྗོན་པའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པ་དང་། དེའི་གཉེན་དག་ལྷགས་ཏེ། ་འདི་སྐད་ཅེས་སྨྲས་སོ།། མིང་འདི་ཞེས་བྱ་བ་ཡོད་དམ། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དེ་ནི་བསྙེན་པར་རྫོགས་སོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དེ་ནི ་ལོ་ཉི་ཤུ་མ་ལོན་ནོ་ཞེས་དེ་སྐད་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཤོལ་གྱི་ཟླ་བ་དང་། མངལ་གྱི་ཟླ་བ་ཡང་བརྩི་བར་བྱའོ།། གལ་ཏེ་ཚང། ་ན་དེ་ལྟ་ན་ལེགས། དེ་ལྟ་མ་ཚང་ནས་སྤོ་བར་བྱ་བ་འམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ།། ས་སྔོ་བར་མི་བྱེད་དམ། སླར་ཡང་བསྙེན། ་པར་རྫོགས་པར་མི་བྱེད་ན་ཞེས་བྱ་བ་ནས། བསྙིལ་བར་འོས་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། དགེ་སློང་མ་དག་དེ་ལ་དགེ་སློང་མ་ལོ་བརྒྱད་ལོན་པ་གང་ཡིན་པ་དེ། ་ལོ་ཉི་ཤུ་པའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པར་གྱུར་ལ། གལ་ཏེ་ལོ་གཉིས་ཀྱི་དྲན་པ་རྙེད་ནས། ཇི་ལྟར་བསྙེན་པར་རྫོགས་པ་དེ་བཞིན་དུ་བསྙེན་པར་རྫོགས་པ ་ཡིན་ཏེ། དགེ་སློང་མ་དག་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་རྙེད་པར་དཀའ་བའི་ཕྱིར་རོ།། གལ་ཏེ ་ལོ་གཅིག་གི་དྲན་པ་རྙེད་ནས། མངལ་གྱི་ཟླ་བ་དང་ཤོལ་གྱི་ཟླ་བ་བརྩི་བར་བྱའོ།། གལ་ཏེ་ཚང་ན་དེ་ལྟ་ན་ལེགས། དེ་སྟེ་མ་ཚང་ན་ཞེས་བྱ་བ་ནས། བསྙིལ་བར་འོས ་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། དགེ་སློང་མ་དག་དེ་ལ། དགེ་སློང་མ་ལོ་བཅུ་དགུ་ལོན་པ་གང་ཡིན་པ་དེ། ལོ་ཉི་ཤུའི་འདུ་ཤེས་ཀྱིས་བསྙེན་པར་རྫོགས་པར་གྱུར་ལ། ་གལ་ཏེ་ལོ་གཅིག་གི་དྲན་པ་རྙེད་ན། ཇི་ལྟར་བསྙེན་པར་རྫོགས་པ་དེ་བཞིན་དུ། བསྙེན་པར་རྫོགས་པ་ཡིན་ཏེ། དགེ་སློང་མ་དག་ལེགས་པར་གསུངས་པའི་ཆོས་འདུལ ་བ་ལ་རབ་ཏུ་འབྱུང་བ་དང་། བསྙེན་པར་རྫོགས་པར་དགེ་སློང་གི་དངོས་པོ་རྙེད་པར་དཀའ་བའི་ཕྱིར་རོ།། གལ་ཏེ་ལོ་མ་ཚང་བར་དྲན་པ་རྙེད་ན། མངལ་གྱི་ཟླ་བ་དང ་ཤོལ་གྱི་ཟླ་བ་བརྩི་བར་བྱའོ།། གལ་ཏེ་ཚང་ན་དེ་ལྟ་ན་ལེགས། དེ་སྟེ་མ་ཚང་ནས་སྤོ་བར་བྱ་བ་འམ། སླར་ཡང་བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་ནས་བསྙིལ་བར ་འོས་པ་ཡིན་ནོ་ཞེས་བྱ་བའི་བར་རོ།། ལྟུང་བྱེད་དྲུག་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས ་དྲུག་སྡེ་རྣམས་ལས་བརྟེན་ཏེ། རང་གི་ལག་གིས་རྐོ་བའི་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ་དག་རང་གི་ལག་གིས་ས་རྐོ་བར་བྱེད། ་རྐོར་འཇུག་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང ་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གངས་ཀོ་འམ་རྐོར་འཇུག་ན་ལྟུང་བྱེད་དོ།། གང་ཡང་གང་ཞེས་བྱ་བའི་བཅུ ་གཉིས་སྡེ་དག་གོ།། ས་ཞེས་བྱ་བ་ལ་ས་གཉིས་ཏེ། རང་བཞིན་ཅན་དང་། རང་བཞིན་ཅན་མ་ཡིན་ནོ།། དེ་ལ་རང་བཞིན་ཅན་ཞེས་བྱ་བ་ནི་ཆར་ཆུ་ནོང་བའི་དུས་སུ ་ཟླ་གསུམ་གྱིས་ས་བརྟས་པར་གྱུར་པ་སྟེ། འདི་ནི་རང་བཞིན་ཅན་གྱིས་ཞེས་བྱའོ།། རང་བཞིན་ཅན་མ་ཡིན་པའི་ས་གང་ཞེ་ན། གང་གི་ཚེ་ཆར་མ་བབ་པ་དེའི་ཚེ། ་ས་མ་བརྟས་པར་གྱུར་པ་སྟེ། འདི་ནི་ས་རང་བཞིན་ཅན་མ་ཡིན་བྱ་ཞེས་བྱའོ།། རྐོ་ན་ཞེས་བྱ་བ་ནི་རང་གིས་སོ།། རྐོས་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་རང་བཞིན་ཅན་གྱིས་རྐོ་ན། རྐོ་བ་ན་དེ་ལ་ལྟུང་བྱེད་དོ།། རང ་བཞིན་གྱི་ཅན་མ་ཡིན་པ་རྐོ་ན་ཉེས་བྱས་སོ།། དགེ་སློང་མས་ས་ལ་ཕུར་པ་འདེབས་ན་ལྟུང་བྱེད་དོ།། འབྱིན་ན་ཉེས་བྱས་སོ།། དགེ་སློང་མས་ས་ཞག་འགོགས་པར་བྱེད་ན། ལ ་ཏེ་སའི་ཁམས་ནི་ཆེས་མང་ལ། ས་ཞག་ནི་ཆེས་སྲབ་པར་གྱུར་ན་ལྟུང་བྱེད་དོ།། ས་ཞག་གི་ཁམས་ནི་ཆེས་སྟུག་ལ་སའི་ཁམས་ནི་ཆེས་སྲབ་པར་གྱུར་ན་ཉེས་བྱས་སོ།། དེ་བཞིན་དུ ་ལྕི་བ་ནི་ཆེས་མང་ལ། སའི་ཁམས་སམ་བྱེ་མ་ནི་ཆེས་ཉུང་ན་ཉེས་བྱས་སོ།། དགེ་སློང་མས་ས་ལ་བྱེ་ཞག་འགོགས་པར་བྱེད་ན། སའི་ཁམས་ནི་ཆེས་སྟག་ལ། བྱེ་མའི་ཁམས ་ནི་ཆེས་སྲབ་ན་ལྟུང་བྱེད་དོ།། བྱེ་མའི་ཁམས་ཆེས་མང་ལ་སའི་ཁམས་ནི་ཆེས་སྲབ་ནི་ཉེས་བྱས་སོ།། དོགས་མ་གྲུམ་པ་བརྟིབ་པར་བྱེད་ན་ལྟུང་བྱེད་དོ།། གྲིམ་པ་ནི་ཉེས་བྱས་སོ།། ་རྩིག་པ་མ་གྲུམ་པ་འཇིག་པར་བྱེད་ན་ལྟུང་བྱེད་དོ།། གྲུམ་པ་ལ་ནི་ཉེས་བྱས་སོ།། རྩིག་པ་ལ་ཕུར་པས་འདེབས་ན་ལྟུང་བྱེད་དོ། 1། གྲུགས་པ་ལ་ནི་ཉེས་བྱས་སོ།། ཐ་ན་རླམས ་འདྲལ་བར་བྱས་ན་ཉེས་བྱས་སོ།། འདམ་རྫབ་ལ་ཕུར་པས་སོ།། ཕུར་བུས་འདེབས་ན་ཉེས་བྱས་སོ།། འཁྲུག་ན་ཉེས་བྱས་སོ།། པུར་པ་རྙེད་པའི་མཚན་དུ་ཕུར་པ་འདེབས་ན་ཉེས ་བྱས་སོ།། ས་ལ་རི་མོ་འབྲིན་ཉེས་བྱས་སོ།། གལ་ཏེ་ལག་གིས་བླ་ཞིག་རྩིས་བྱེད་ན་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་གསུམ་པ་རྫོགས་སྷོ། ་བྱིན་ན་ཉེས་བྱས་སོ།། ཞལ་ཞལ་མ་གྲུམ་པ་འགྲོགས་ན་ལྟུང་བྱེད་དོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ཏེ། ཟླ་བ་བཞིར་འགྲོན་དུ་བོས་པའི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས ་སྡེ་དེ་དག་གིས་ཟླ་བ་ལྔ་དང་། ཟླ་བ་དྲུག་དུ་འགྲོན་དུ་བོས་པ་ཡང་བདག་གིར་བྱེད་པ་དང་། དེ་ནས་དེ་དག་ལ་དགེ་སློང་མ་དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས ་ཟླ་བ་བཞིའི་བསླབ་པའི་བཅའ་བ་མཛད་དམ། དེ་དག་གིས་འདི་སྐད་ཅེས། དེ་ནི་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམས་ལ་ནི་མ་ཡིན་ནོ་ཞེས་སྨྲས་པའི་སྐབས་དེ། བཅོམ ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང་མས་ཟླ་བ་བཞིར་མགྲོན་དུ་བོས་པ ་བདག་གིར་བྱའོ།། དེ་ལ་འདས་པར་བྱེད་ན་དུས་མ་གཏོགས་ཏེ་ལྟུང་བྱེད་དོ།། དེ་ལ་འདི་ནི་དུས་ཡིན་ཏེ། སོ་སོར་མགྲོན་དུ་བོས་པ་དང་། ཡང་དང་ཡང་འགྲོན་དུ་བོས་པ་དང་། ་ལྷག་པར་མགྲོན་དུ་བོས་པ་དང་། རྟག་ཏུ་མགྲོན་དུ་བོས་སོ།། ཟླ་བ་བཞི་ཞེས་བྱ་བ་ནི་ཟླ་བ་བཞིའོ།། དེ་ལས་ལྷག་པར་མགྲོན་དུ་བོས་པ་ཞེས་བྱ་བ་ནི། མགྲོན་དུ་གཉེར་བའོ།། ་དུས་མ་གཏོགས་ཏེ་ཞེས་བྱ་བ་ནི་དུས་བཞག་སྟེའོ་སོ་སོར་ཞེས་བྱ་བ་ནི་དད་པར་རོ།། ཡང་དང་ཡང་ཞེས་བྱ་བ་ནི་ཕྱིར་ཞིང་ཕྱིར་ཞིང་ངོ་།། ལྷག་པར་ཞེས་བྱ་བ་ནི་ཆོག་པར་རོ།། ་རྟག་ཏུ་ཞེས་བྱ་བ་ནི་རྒྱུན་དུའོ།། དེ་ལ་འདི་ནི་དུས་ཡིན་ཏེ་ཞེས་བྱ་བ་ནི། དེ་ལ་འདི་ནི་རྗེས་སུ་འཐུན་པའི་ཆོས་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཁྱིམ་བདག་གི་ཁྱིམ་རྣམས་སུ་ཚོད་མ་ལ་མགྲོན་དུ་བོས་ལ། ཁུ་བ་སློང་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཕལ ་བ་ལ་མགྲོན་དུ་བོས་ལ། གསོད་པ་སློང་ན་ཞེས་བྱ་བ་ནས། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ་ཞེས་བྱ་བའི་བར་རོ།། གསོད་པ་ལ་ཞེས་བྱ་བ་ནས། ཕལ་པ་སློང་ན་ཉེས ་བྱས་སོ།། གལ་ཏེ་ནད་པ་ཡིན་ནམ་བསོད་པ་རྙེད་ལ་ཕལ་པ་སློང་ངམ། བསྟབས་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་བཞི་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། བཅོམ་ལྡན་འདས་ཀྱིས་ཁ་ཅིག་ནི་དགེ་སློང་ཐུན་མོང་པའི་བསླབ་པའི་གཞི་བཅའ་བ་མཛད་པ་ཡང་ཡོད། ཁ་ཅིག་ནི་དགེ་སློང་མ་དང་ཐུན་མོང ་པ་ཡོད། ཁ་ཅིག་ནི་གཉི་ག་ཐུན་མོང་བ་ཡང་ཡོད་པས། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཉི་ཀའི་ཐུན་མོང་གི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མའི ་དབྱར་ཁང་དུ་དགེ་སློང་སྒོར་བཏང་ངོ་།། གང་གི་ཚེ་དགེ་སློང་གིས་དགེ་སློང་མ་རྣམས་ལ་བསྒོ་བ་དེའི་ཚེ། དགེ་སློང་མ་དག་གིས། དགེ་སློང་མ་གཞན་དག་ལ་ཡང་བསྒོའོ།། དེ་ནས ་ཡང་དགེ་སློང་མ་དེ་རྣམས་ཀྱིས་བཅུ་གཉིས་སྡེ་རྣམས་ལ་བསྒོ་བ་དང་། དེ་དག་གིས་འདི་སྐད་ཁོ་མོ་ཅག་བུས་པ་རྨོངས་པ་མི་གསལ་བ། མི་མཁས་པ། ཁྱེད་ཅག་ལ་བསླབ་པ ་མི་སློབ་པ་ཞེས་བྱ་བ་ནས། ཁོ་མོ་ཅག་ནི་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། གཞན་དག་ལ་འདྲིའོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་རྣམ ་སྤོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ནོས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། འཕགས་མ་ཁྱོད་ཀྱིས་བསླབ་པ་འདི་ལ་བསླབ་པར་བྱའོ་ཞེས་བསྒོ་བ་ན། དེ་དེ་དག་ལ་འདི་སྐད་ཅེས་ཁོ་མོ་བུས ་བརྨོངས་པ་མི་གསལ་བ་མི་མཁས་པ་ཁྱེད་ཀྱི་ཚིག་གིས་བསླབ་པ་ལ་མི་སློབ་ཀྱི་ཞེས་བྱ་བ་ནས། དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ། ་གཞན་དག་ལ་འདྲིའོ་ཞེས་སྨྲས་ན་ལྟུང་བྱེད་དོ།། དགེ་སློང་མས་ཀུན་ཤེས་པར་འདོད་པས། བསླབ་པ་དེ་ལ་ཡང་བསླབ་པར་བྱ་ཞིང་། དགེ་སློང་མ་མདོ་སྡེ་འཛིན་པ། འདུལ ་བ་འཛིན་པ། མ་མོ་འཛིན་པ། ལ་ཡང་འདྲི་བར་བྱ་སྟེ། དེ་ནི་དེ་ལ་ཆོ་ག་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་ལའོ།། དགེ་སློང་མ་རྣམས་ཀྱི་བསྒོ་བ་ན་ཞེས་བྱ ་བ་ནི་ཆོས་འདི་པ་དག་གིས་སོ།། བསླབ་པ་དེ་ལ་ཁྱོད་ཀྱིས་བསླབ་པར་བྱའོ་ཞེས་བྱ་བ་ནི་ཕས་ཕམ་པར་འགྱུར་བ་བརྒྱད་ཅེས་བྱ་བ་ནས། རྩོད་པ་ཞི་བར་བྱ་བའི་ཆོས་བདུན ་དང་ཞེས་བྱ་བའི་བར་རོ།། བུས་པ་ཞེས་བྱ་བ་ནི་མདོ་སྡེ་མི་འཛིན་ནི། འདུལ་བ་མི་འཛིན་ནི། མ་མོ་མི་འཛིན་ནི་བུས་པ་ཞེས་བྱའོ།། མི་མཁས་པ་ཞེས་བྱ་བ་ནི། མདོ ་སྡེ་ལ་མི་མཁས། འདུལ་བ་ལ་མི་མཁས། མ་མོ་ལ་མི་མཁས་པ་ཞེས་བྱའོ།། མི་གསལ་བ་ཞེས་བྱ་བ་ནི། མདོ་སྡེ་ལ་མི་གསལ། འདུལ་བ་ལ་མི་གསལ། མ་མོ ་ལ་མི་གསལ་བ་ནི་མི་གསལ་བ་ཞེས་བྱའོ།། འདི་ལྟར་དགེ་སློང་མ་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་མོ་འཛིན་པ་གཞན་ལ་འདྲིའོ་ཞེས་བྱ། ་བ་ནས། མདོ་སྡེ་ལ་གསལ་བ། འདུལ་བ་ལ་གསལ་བ་མ་མོ་ལ་གསལ་བ་ཞེས་བྱ་བའི་བར་རོ།། དགེ་སློང་མས་ཀུན་ཤེས་པར་འདོད་པས་ཞེས་བྱ་བ་ནི་བསླབ་པར་འདོད ་པས་སོ།། བསླབ་པ་དེ་ལ་ཡང་བསླབ་པར་བྱའོ།། ཞེས་བྱ་བ་ནི། དགེ་སློང་མ་དག་གང་ལ་སློབ་པ་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་རྣམས་ཀྱིས་བསྒོ་བ་ན་འདི་སྐད་ཅེས་བུས་པ་ཞེས་ཟེར་ན་ལྟུང་བྱེད་དོ།། རྨོངས་པ་ཞེས་ཟེར་ན་ལྟུང་བྱེད་དོ།། མི ་གསལ་བ་ཞེས་ཟེར་ན་ལྟུང་བྱེད་དོ།། མི་མཁས་པ་ཞེས་ཟེར་ན་ལྟུང་བྱེད་དོ།། ལྟུང་བྱེད་དྲུག་པའི་ལྔ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་སློང་མ་དག་ཐབ་མོ་བྱུང་བ་ལ་ཉན་རྣ་པར་སྒོར་བསྡད་ནས། དེ་དག་གིས་ཅུང་ཟད་ཅི་ཐོས་པ། ཚུ་གི་ལས་ཐོས་པ་ཕ་གི་དག ་ལ་སྨོན་པར་བྱེད་ཅིང་། བ་གི་དག་ལས་ཐོས་པ་དེ་ཆུ་གི་དག་ལ་སྨོན་པར་བྱེད་པས། དེས་ན་དགེ་འདུན་འཐབ་པ་དང་། འཚང་འདྲུ་བ་དང་། རྩོད་པ་དང་། འབྱེད ་བ་བྱུང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྤོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་དགེ་སློང་མ་རྣམས་ཐབ་མོ་བྱུང་བར་གྱུར་ལ། འཚང་འདྲུ་བ་དང་། ་འགྱོད་པ་དང་། རྩོད་པ་བྱུང་ཞིང་འཁོར་བ་ལ། དགེ་སློང་མ་དེ་དག་ཅི་སྨྲ་བ་དེ་བདག་གིས་མཉན་ལ། དེ་ལྟ་དེ་ལྟར་རྗེས་སུ་ཐ་སྙད་གདགས་པར་བྱའོ་ཞེས་ཅང ་མི་སྨྲ་བས་ཉན་རྣ་བྱེད་ཅིང་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཉན་རྣ་བྱེད་ཅིང་འདུག་ན་ཞེས་བྱ་བ་ནི་ཐོས་པར་འདོད་པས་སྒོ་ན་སྡོད ་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ནང་ན་འཇུག་པར་གྱུར་ལ། གཞན་ཕྱི་ལོགས་ནས་ནང་དུ་འདུག ་ན། དེས་སྐད་གསལ་བ་འམ། རྟིང་སྒྲ་འམ། སོ་གོལ་བྱའོ།། མི་བྱེད་དམ་གལ་ཏེ་སྒྲ་ཡང་མགོ་ན་ཉེས་བྱས་སོ།། སྒྲ་ཡང་གོ་དོན་ཀྱང་གོ་བར་གྱུར་ན་ལྟུང་བྱེད་དེ།། ་དེ་བཞིན་དུ་གང་ན་འདུག་པ་ལ་ཡང་རུང་སྟེ། ལྟུང་བྱེད་དོ།། གལ་ཏེ་ཟོས་ན་ཉེ་བར་ཞི་བར་བྱའོ།། སྙམ་ན་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་དྲུག་པ་རྫོགས་སྷོ། ་གླིང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་དེ་དག་དགེ་སློང་མའི་དགེ་འདུན་ཆོས་ཀྱི་གཏམ་རྣམ་པར་གཏན་ལ་འབེབས་པ་ན། ་བི་སྤ་བས་ལངས་ཏེ་དོང་བའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདོད་པར་མི་བྱའོ།། དེ་དག་ན་བར་གྱུར། ་@ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་ལ་གོ་བར་བྱ་སྟེ། འདོད་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ། ་རྣམས་ལ་བསླབ་པ་འདོད་པ་དང་། ཞེས་བྱ་བ་ནས། ཡོ་བྱད་སྦྱངས་པ་ཞེས་བྱ་བའི་བར་རོ།། ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གཞི་འདི་ལྟར ་གདོན་པར་བྱ་སྟེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཆོས་དང་ལྡན་པའི་གཏམ་རྣམ་པར་གཏན་ལ་འབེབས་པ་ནི། ཅིང་མི་སྨྲ་བར་སྟན་ལས་ལངས་ཏེ། དགེ ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་འགྲོ་ན། རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཆོས་ཀྱིས་གཏམ་རྣམ་པར ་གཏན་ལ་འབེབས་པ་ཞེས་བྱ་བ་ནི། ཆོས་ཀྱིས་གཏམ་རྣམ་པར་གཏན་ལ་དབབ་པ་འདི་ལྟ་སྟེ། གསོལ་བ་དང་། གསོལ་བ་དང་གཉིས་དང་གསོལ་བ་དང་བཞིའི་ལས ་དག་གོ། ཅང་མི་སྨྲ་བར་ལངས་ཏེ་ཞེས་བྱ་བ་ནི་ཁ་རོག་སྟེའོ།། དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་བྱ་བ་ནི་འདུན་པ་མ་བྱིན་པར་རོ།། རྐྱེན་དེ་ལྟ་བུ་མ་གཏོགས ་ཏེ་ཞེས་བྱ་བ་ནི་རྐྱེན་བཞག་སྟེ་ལོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཆོས་ཀྱི་གཏམ་རྣམ་པ ་གཏན་ལ་འབེབས་པ་ན། ཅང་མི་སྨྲ་བས་ལངས་ཏེ་འགྲོ་ན་ཞེས་བྱ་བ་ནས། དོན་མགོན་ཉེས་བྱས་སོ།། སྒྲ་མགོ་ན་དོན་གོ་ན་ལྟུང་བྱེད་དོ། ལྟུང་བྱེད་དྲུག་པའི་བདུན ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འཁོར་དང་བཅས་པ་སངས་རྒྱས་ལ་མ་གུས། ཆོས་དང་དགེ་འདུན་ལ་མ ་གུས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ ་བསླབ་པ་བཅའ་བའི་བར་དུ་མཛད་དེ། གུས་པར་མི་བྱེད་ན་ལྟུང་བྱེད་དོ།། གུས་པར་མི་བྱེད་ན་ཞེས་བྱ་བ་ལ་གུས་པར་མི་བྱེད་པ་ནི་གཉིས་ཏེ། དགེ་འདུན་དང་གང་ཟག ་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ལའང་སྐྱོང་གིས་གནས་མལ་ལོངས་ཤིག་ཅེས་བསྒོ་བ་མི་ལེན་ན ་ལྟུང་བྱེད་དོ།། གལ་ཏེ་ཆོས་དང་ལྡན་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་ཤིང་དེ་མ་བླངས་པ་ལ་ལྟུང་བ་མེད་དོ།། དེ་བཞིན་དུ་སོང་ཤིག་སྨྲོས་ཤིག་ཅེས་བྱ་བ་དེ་ལྟ་བུ ་ལ་སོགས་པ་ཐམས་ཅད་ལ་ལྟུང་བྱེད་དུ་འགྱུར་ཏེ། འདི་ནི་དགེ་འདུན་ལ་ཡིན་ནོ།། གང་ཟག་གི་ནི་མཁན་མོ་དང་། སློབ་དཔོན་གྱི་གནས་མལ་ལོངས་ཤིག་ཅེས་བསྒོ་བ་ན ་མི་ལེན་ན་ཉེས་བྱས་སོ།། མ་སོང་ན་ཉེས་བྱས་སོ།། སྨྲས་ན་ཉེས་བྱས་སོ།། མ་སྨྲས་ན་ཉེས་བྱས་ཏེ། དེ་བཞིན་དུ་ཐམས་ཅད་ལ་ཉེས་བྱས་སོ།། གལ་ཏེ་ཆོས་དང་ལྡན ་པའི་འདུ་ཤེས་ཀྱིས་གསོལ་བ་འདེབས་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་བརྒྱད་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས། ཚེ་དང་ལྡན་པ་ལེགས་འོངས་ལས་བརྟེན་ཏེ། བག་མེད་པའི་གནས་མྱོས་པར་འགྱུར་འབྲུའི་ཆང་དང་། བཅོམ ་པའི་ཆང་གི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། དགེ་སློང་མའི་དགེ་འདུན་དག་འདི་སྙམ་དུ་སེམས་ཏེ། བདག་ཅག་གིས་བསླབ་པའི་གཞི་འདི་ཇི་ལྟར་གདོན་པར་བྱ་སྙམ ་ད་བསམས་ནས། དགེ་སློང་མའི་དགེ་འདུན་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ལྷགས་པ་དང་། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་བྱས་ཏེ་ཕྱོགས་གཅིག ་ཏུ་འཁོད་དོ།། ཕྱོགས་གཅིག་ཏུ་འཁོད་ནས་བཅོམ་ལྡན་འདས་ལ་དགེ་སློང་མ་རབ་ཏུ་མང་པོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་དགེ་སློང་མ་རྣམས་ཀྱིས་འབྲུའི་སྐྱེམ ་དང་། བཅོས་པའི་སྐྱེམས་ཀྱི་བསླབ་པའི་གཞི་ལ་ཇི་ལྟར་བཟུང་བར་བགྱི། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། བསླབ་པ་ལ་གུས ་པ་དང་། བསླབ་པ་ལ་ཡོ་བྱད་བསྙུངས་པའི་སྔགས་པ་གསུངས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ།། འབྲུའི་ཆང་དང་བཅོས་པའི་ཆང་འཐུང་ན་ལྟུང་བྱེད་དོ།། འབྲུའི་ཆང ་ཞེས་བྱ་བ་ནི་ཕབས་དང་སྦྱར་བ་དང་། ཟས་དང་སྦྱར་བའོ།། བཅོས་པའི་ཆང་ཞེས་བྱ་བ་ནི་དགུན་ཆང་དང་། བུ་རམ་ཆང་དང་། རྫས་གཞན་དག་སྦྱར་བའི་འོ།། འདུང་ན་ཞེས ་བྱ་བ་ནི། ལྐོག་མར་མིང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་། གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཆང་གི་འདྲུང་། རླུང་གི་རོ་འཐུང་ངམ། འཇུག ་དུ་འཇུག་ན་ལྟུང་བྱེད་དོ།། བཅོས་པའི་ཆང་འཐུང་ན་ལྟུང་བྱེད་དོ།། བསྲེས་པའི་ཆང་འཐུང་ན་ལྟུང་བྱེད་དོ།། ཆང་གི་ཁ་དོག་ན་ཉེས་བྱས་སོ།། ཀླུམ་ཟ་ན་ཉེས་བྱས་སོ།། ་གལ་ཏེ་མཛེ་བྱུང་ནས་ཡན་ལག་སྐུད་པ་དང་། ཁ་ནད་ཀྱི་ཕྱིར་ཁར་བླུགས་ཏེ་འཛིན་པ་དང་སྐོལ་བ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་དྲུག་པའི་དགུ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡིད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་འཆར་ཀ་ལས་རྟེན་ནས་དས་མ་ཡིན་པར་རྒྱུ་བའི་བསླབ་པའི་གཞི་བཅའ་བ་མཛད ་པ་དེའི་ཚེ་བཅུ་གཉིས་སྡེ་རྣམས། གྲོང་དུ་དུས་སུ་ཡང་རྒྱུ་བ་བྱེད། དུས་མ་ཡིན་པར་ཡང་རྒྱུ་བར་བྱེད་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོ ་ལྡན་འདས་ཀྱིས་དུས་མ་ཡིན་པར་རྒྱ་བའི་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས། དགེ་སློང་རྣམས་ལ་མཛད་ཀྱིས། དགེ་སློང་མ་རྣམས་ལ་ནི། ་མ་ཡིན་ནོ།། ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང ་མས་གོ་བར་བྱ་སྟེ། འགྲོ་བར་བྱའོ།། དེ་ནས་དགེ་སློང་མ་ཞིག་གིས་ཁྱིམ་བདག་གཅིག་གི་ཁྱིམ་དུ་ལྷུང་བཟེད་དང་། ཆོས་གོས་བཞག་པ་ལས། ཁྱིམ་བདག་གི་ཁྱིམ ་དེ་མེ་ཤོར་ཏོ།། ཞེས་དགེ་སློང་མ་དེས་ཐོས་ནས། དེ་འདི་སྙམ་དུ་བཅོམ་ལྡན་འདས་ཀྱིས། དགེ་སློང་མ་འཁོད་པ་ལ་གོ་བར་བྱ་སྟེ། གོ་བར་བྱའོ་ཞེས་གསུངས་སོ། ་སྙམ་ནས། ཇི་སྲིད་དུ་དགེ་སློང་མ་ལ་གོ་བར་བྱེད་པ་དེ་སྲིད་དུ། ལྷུང་བཟེད་དང་ཆོས་གོས་ཚིག་པར་གྱུར་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། ཞེས་བྱ་བ་ནས། བསླབ་པ་ལ་ཡོ་བྱད་བསྙུངས ་པ་ཞེས་བྱ་བའི་བར་ཏེ། སྔ་མ་ནི་བཅས་ཡིན་ལ། འདི་ནི་རྗེས་སུ་གནང་བ་ཡིན་ཏེ། ཡང་ཉན་ཐོས་མ་རྣམས་ཀྱིས་འདུལ་བའི་བསླབ་པའི་གཞི་ལ། འདི་ལྟར་གདོན་པར ་བྱ་སྟེ། ཡང་དགེ་སློང་མ་གང་དུས་མ་ཡིན་པར་དགེ་སློང་མ་འཁོད་པ་ལ་གོ་བར་མ་བྱས་པར་གྲོང་དུ་འགྲོ་ན་རྐྱེན་དེ་ལྟ་བུ་མ་གཏོགས་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ ་ནི། ཆོས་འདི་པའི་དགེ་སློང་མའོ།། དུས་མ་ཡིན་པ་ཞེས་བྱེ་བ་ལ། དས་མ་ཡིན་པ་ནི་གང་དུས་ནི་གང་ཞེ་ན། ཕྱེད་ཡོལ་ཕན་ཆད་ནས་སྐྱེ་རེངས་མ་ཤར་བའི་བར ་འདི་ནི་དུས་མ་ཡིན། ལྷག་མ་ནི་དུས་སོ།། གྲོང་དུ་འགྲོ་ན་ཞེས་བྱ་བ་ནི། ཁྱིམ་བདག་གི་ཁྱིམ་རྣམས་སུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་དུས་མ་ཡིན་པ་ལ་དུས་མ་ཡིན་པར་འདུ་ཤེས་པས། འགྲོ་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང ་བྱེད་དོ།། དུས་ལ་དུས་མ་ཡིན་པའི་འདུ་ཤེས་ཀྱིས་འགྲོ་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ལྟུང་བྱེད་དྲུག་པའི་ཚིགས་སུ་བཅད་པའི ་སྡོམ་རྫོགས་སྷོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ།། བམ་པོ་ཉི་ཤུ་གཉིས་པ།། ་སྡོམ་ལ། རྒྱུ་དང་རྒྱལ་པོའི་ཕོ་བྲང་དང་།། ད་གདོང་རུས་པ་སོར་བརྒྱད་དང་།། ཁྲེའུ་བདལ་གདིང ་དང་ཡན་པ་དང་།། བདེ་བར་གཤེགས་པ་ཆོས་གོས་སོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང ་བཟེད་བླངས་ཏེ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ཞིག་དང་། ལྷན་ཅིག་སྦྱིན་བདག་ཅིག་གི་ཁྱིམ་དུ་སོང་ནས། དེས་རྗེས་སུ་འཐུན་པའི་ཆོས་བསྟན་པས་མངོན་པར ་དད་པ་བྱས་ནས། དེས་དགེ་སློང་མའི་དགེ་འདུན་གྱི་ཆེད་དུ་ཟས་དགེ་སྦྱོར་ད་བཅུག་གོ། དེ་ནས་ཕྱི་དེ་ཉིན་པར་དགེ་སློང་མའི་དགེ་འདུན། སྔ་དྲོ་ཤམ་ཐབས་བགོས་ལྷུང ་བཟེད་དང་ཆོས་གོས་བླངས་ཏེ། ཁྱིམ་བདག་དེའི་བཀདས་གང་ན་བ་དིར་སོང་ནས་ཞེས་བྱ་བ་ནས། སྟན་བཤམས་པ་ཁོ་ན་ལ་འདུག་གོ་ཞེས་བྱ་བའི་བར་རོ།། དགེ་སློང་མ ་དགའ་མོ་ནི་བྱ་བ་མང་ཞིང་བསྒྲུབ་པ་མང་བས། འགན་དེའི་དུས་ལས་ཡོལ་བར་གྱུར་ཏོ།། དགེ་སྦྱོང་མ་དེ་རྣམས་ཀྱིས། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ།། ་ཁྱིམ་བདག་ཁྱོད་དགེ་སློང་མའི་དགེ་འདུན་གྱི་དུས་ལ་བབ་ཀྱིས་རིམས་ཤིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་བདག་ནི་མ་འཚལ་མོད་ཀྱི། ཟས་ལ་སྐོ་བའི ་བགྱིད་པ། དགའ་མོ་མཁྱེན་ཏོ་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དག་ཟས་སྔ་མ་དང་ཟས་ཕྱི་མ་ལ་ཁྱིམ་དག་ཏུ་རྒྱུ་བར་མི་བྱའོ།། དེ་ནས་ཞལ་ཏ་བྱེད་བདག་གམ ་ཟས་བསྒྲུབ་པ་དེ་དག་གི། དགེ་འདུན་གྱི་བྱ་བ་དང་། དགེ་འདུན་གྱི་སྒྲུབ་པ་དེ་དག་ཉམས་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཟས་སྔ་མ་ལ་ཁྱིམ་གཉིས་སུ་ཟས་ཕྱི་མ་ལ་ཁྱིམ་གསུམ་དུའོ།། དེ་ནས་བཅོམ་ལྡན་འདས་ཀྱི་དགེ་སློང་མ་རྣམས་ལ་བསླབ་པ་འདོད་པ་དང་། ཞེས་བྱ་བ་ནས།། ་བསླབ་པ་ལ་ཡོ་བྱད་བསྙུངས་པའི་བསྔགས་པ་གསུངས་ནས། འདི་སྐད་ཅེས་བཀའ་སྩལ་ཏོ།། ཡང་དགེ་སློང་མ་གང་ཟག་དང་བཅས་པའི་ཁྱིམ་དུ་འགྲོན་དུ་བོས ་ལ། ཟས་སྔ་མ་དང་། ཟས་ཕྱི་མ་ལ། ཁྱིམ་བདག་འཁོད་པ་ལ་གོ་བར་མ་བྱས་པར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་དགའ་མོའོ།། ཟས་དང་བཅས ་བ་ཞེས་བྱ་བ་ནི་སྟོན་མོ་ཅན་གྱི་ཁྱིམ་དུའོ།། ཁྱིམ་དག་ཏུ་ཞེས་བྱ་བ་ནི། ཁྱིམ་བདག་གི་ཁྱིམ་དག་ཏུ་འགྲོན་དུ་བོས་པའོ།། ཟས་སྔ་མ་ཞེས་བྱ་བ་ནི། སྔ་དྲོའི ་དུས་སོ།། ཕྱི་མ་ཞེས་བྱ་བ་ནི་ཕྱི་དྲོའི་དུས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་དགེ་སློང་མ་ཟས་དང་བཅས་པའི་ཁྱིམ་དུ་འགྲོན་དུ་བོས་ནས་སྔ་མ་ལ། ཁྱིམ་གཉིས་སོང་ལ་ཆེད་དུ་བསམས་ཏེ། ཁྱིམ་གསུམ་པར་འགྲོ་ན་ལྟུང་བྱེད་དོ།། ་ཟས་ཕྱི་མ་ལ་ཁྱིམ་གསུམ་དུ་སོང་ལ་ཆེད་དུ་བསམས་ཏེ་ཁྱིམ་བཞི་པར་འགྲོ་ན་ལྟུང་བྱེད་དོ།། ཁྱིམ་བདག་གི་མི་ལ་གོ་བར་བྱས་ན་ལྟུང་བ་མེད་དོ།། ལྟུང་བྱེད ་བདུན་པའི་དང་པོ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ཏེ། བསྒོ ་གཏན་གྱི་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ་བཅུ་གཉིས་སྡེ་དེ་དག་གིས་དགེ་སློང་གི་བསླབ་པའི་གཞི་ཡིན་ནོ་ཞེས་བྱ་བ་ནས་བསླབ་པའི་གཞི་དེ་ལ་རྗེས་སུ ་སྒྲུབ་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ་དགེ་སློང་མ་རྣམས་ཀྱིས་ཀྱང་། ནམ་མ་ལངས་ཤིང་སྐྱ་རེངས་མ་ཤར་གྱི་བར་དུའོ།། གང་གི་ཚེ་རྒྱལ་པོ་འཆར་ཀས་དཔལ་ལྡན་མའི་ཕྱིར། ཁྱིམ་བདག་གདང ་ཅན་ལ་ཁྱོད་ཀྱི་བུ་མོ་དགེ་སློང་མ་རྣམས་བལྟ་བར་འདོད་དོ་ཞེས་རྒྱལ་པོས་བསྒོ་བ་དེའི་ཚེ། ཁྱིམ་བདག་གདངས་ཅན་གྱིས་དགེ་སློང་ཤ་རིའི་བུ་ལ། དཔལ་ལྡན ་མ་གདུལ་བའི་ཆེད་དུ་གསོལ་བ་བཏབ་ནས། རྒྱལ་པོའི་ཕོ་བྲང་དུ་བཏང་བ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་གནང་ངོ་།། དེ་དུས་གཞན་ཞིག་ན་གདངས་ཅན ་ཀྱི་བུ་མོ་ཡང་དགེ་སློང་མ་རྣམས་བལྟ་བར་འདོད་པ་དེའི་ཚེ། ཁྱིམ་བདག་གདངས་ཅན་གྱིས་སྐྱེ་དགུའི་བདག་མོ་ཆེན་མོ་ལ་གསེལ་བ་བཏག ་པ་དང་། དེས་རྒྱལ་པོའི་ཕོ་བྲང་དུ་འཇུག་པ་ནི་ཉེས་དམིགས་བཅུ་ཡོད་དོ།། ཞེས་བྱ་བ་ནས་མ་བཏུབ་པ་དང་། དེའི་འོག་ཏུ་རྒྱལ་པོ་འཆར་ཀས་གསོལ་བ ་བཏབ་བོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོའུ་ཏ་མ་དྲུག ་པོ་དག་གི་ཚིག་གི་བཅག་ཏུ་མི་རུང་སྟེ། དྲུག་བློ་གང་གི་ཞེ་ན། སློབ་དཔོན་དང་མཁན་པོ་དང་། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་དང་། དགེ ་འདུན་དང་དགེ་འདུན་གྱི་གནས་བརྟན་དང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱར་ཀྱིའོ་ཞེས། བཅོམ་ལྡན་འདས་ཀྱིས་དེ ་ལ་ཡང་བཀའ་བསྒོ་ནས། རྒྱལ་པོའི་ཕོ་བྲང་དུ་ཞུགས་སོ།། གང་གི་ཚེ་སྐྱེ་དགུའི་བདག་མོ་ཆེན་མོ་རྒྱལ་པོའི་ཕོ་བྲང་དུ་ཞུགས་པ་དེའི་ཚེ། བཅུ་གཉིས་སྡེ ་རྣམས་གལ་ཏེ་བདག་ཅག་དོང་བར་གྱུར་ན། དེ་རིང་ཉིད་དུ་དགེ་སྦྱོང་གི་ཚུལ་མ་ཡིན་པ་དང་། རུང་བ་མ་ཡིན་པའི་ཁུང་ཁྱེར་བར་འགྱུར་བ་ཞིག་ཅེས་འ་ཁོར་བར་བྱེད་དེ། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་ནམ་ལངས་སྐྱ་རེངས་མ་ཤར་པར། རིན་པོ་ཆེ་དག ་གམ་རིན་པོ་ཆེར་སྤོས་པ་དག་མ་བརྟུལ་བར་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་སྒོ་གཏན་ནས་སྒོ་གཏན་གྱི་ཉེན་ཀོར་ལས་འདལ་ཞིང་འདུག་ན། དེ་འདྲ་བའི་རྐྱེན་མ་གཏོགས ་ཏེ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་ཞེས་བྱ་བ་ནི་བུད་མེད་དམ་སྐྱེས་པ་འམ་མ་ནིང་རྒྱལ་པོར་དབང་བསྐུར་ན ་དེ་ནི་རྒྱལ་པོ་ཡིན་ཡིན། རྒྱལ་རིགས་ཀྱང་ཡིན། དེ་ནི་སྤྱི་བོ་ནས་དབང་བསྐུར་བ་ཡང་ཡིན། ནམ་མ་ནངས་པ་ཞེས་བྱ་བ་ནི། ནམ་ནངས་པར་མ་གྱུར་པའོ།། སྐྱ་རེངས ་མ་ཤར་པ་ཞེས་བྱ་བ་ནི་སྐྱ་རེངས་གསུམ་པོ་ཞེས་བྱ་བ་སྔ་མ་བཞིན་ནོ།། རིན་པོ་ཆེ་དག་གམ་རིན་པོ་ཆེར་སྨོས་པ་མ་བརྟུལ་པར་ཞེས་བྱ་བ་ནི་མ་བསྡུས་པར་རོ།། སྒོ་གཏན་ཞེས ་བྱ་བ་ལ་སྒོ་གཏན་ནི་གསུམ་སྟེ། གསུམ་གང་ཞེ་ན། གྲོང་ཁྱེར་གྱི་སྒོ་གཏན་དང་། རྒྱལ་པོའི་ཕོ་བྲང་གི་སྒོ་གཏན་དང་། བཙུན་མོའི་མཉན་རིས་ཀྱི་སྒོ་གཏན་ནོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མ་གང་ཞིག་སྐྱ་རེངས་མ་ཤར་བར་འདུ་ཤེས་ཀྱིས། སྒོ་གཏན་ལས་འདའ་བར་བྱེད་ན་ལྟུང ་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞིག་སྐྱ་རེངས་མ་ཤར་བར་འདུ་ཤེས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཞེས ་བྱས་སོ།། གལ་ཏེ་རྒྱལ་པོ་དང་བཙུན་མོ་དང་། བློན་པོའི་བར་ཆད་དུ་འགྱུར་བ་ཞིག་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པའི་གཉིས་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སོ་སོ་ཐར་པའི་མདོ་གདོན་པར་འདོད་པའི་ཚེ། བཅུ་གཉིས་སྡེ་རྣམས་ཀྱིས་འདི་སྐད་ཅེས་ཀྱེ་འཕགས་མ་དག། ་ཁོ་མོ་ཅག་གིས་འདི་ལྟར་ཆོས་འདི་ཡང་མདོར་གཏོགས་ཤིང་མདོར་འདས་པར་ད་གདོང་ཤེས་སོ།། ཞེས་ཟེར་བ་ན་དེ་ལ་དགེ་སློང་མ་རྣམས་ཀྱིས་སྔོན་དགེ་སློང་མ་དེ། དགེ་སྦྱོང་གི་ལས ་གཉིས་སམ་གསུམ་གྱི་ཚེ། འདག་པར་ཤེས་ན་ལན་མར་ད་ལྟ་ཅི་སྨོས་ན་དེ་ལ། དགེ་སློང་མ་རྣམས་ཀྱི་ཕུ་ན་མོ་དེ་སྐད་མ་སྨྲ་ཤིག་ཅེས་བསྒོ་བ་དང་། དེ་དག་ལ་འདི་སྐད་ཅེས་ཁོ་མོ། ་ཅག་ཇི་སྐད་སྨྲ་བ་དེ་ནི་དེ་བཞིན་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཕྱེད་ཅིང་། སོ་སོར་ཐར་པའི་མདོ་གདོན་པ་འདོད་པ་ན། ་འདི་སྐད་ཅེས་ཀྱེ་འཕགས་མ་དག་ཁོ་མོ་ཅག་གིས་འདི་ལྟར་ཆོས་འདི་ཡང་མདོར་གཏོགས་ཤིང་། མདོར་བསྡུས་པར་ད་གདོད་ཤེས་སོ།། ཞེས་ཟེར་བ་ན། གལ་ཏེ་དགེ་སློང་མ་རྣམས ་ཀྱིས་སྔོན་གསོ་སྦྱོང་གི་ལས་གཉིས་སམ་གསུམ་གྱི་ཚེ་འདུག་པར་ཤེས་ན་ལན་མང་ད་ལྟ་ཅི་སྨོས་ན། དེ་ལ་འཕགས་མ་མི་ཤེས་པས། མི་འགྲོལ་བས་དེ་ལྟུང་བ་གང་བྱུང་བ་དེ། ཆོས ་བཞིན་དུ་བྱེད་དེ་བཞག་པའི་སྟེང་དེ། འཕགས་མ་ཁྱོད་ཀྱིས་མ་རྙེད་དེ། རྙེད་པ་མ་ཡིན་ཞིང་ཉེས་པ་རྙེད་པ་ཡིན་ཏེ། ཁྱོད་ཀྱིས་གང་གི་ཕྱིར་སོ་སོར་ཐར་པའི་མདོ་གདོན་པ་འདོན ་པའི་ཆེ། གུས་པར་བྱ་སྟེ། ཆོས་ཉན་པར་མི་བྱེད། བླ་མར་བྱས་ཏེ་མི་བྱེད། ཡིད་ལ་བྱས་ཏེ་མི་བྱེད། རྩེ་གཅིག་ཏུ་རྣ་བ་བླགས་ཏེ་ཉན་པར་མི་བྱེད། སེམས་ཐམས་ཅད་ཀྱིས ་བསམས་ཏེ། ཆོས་ཉན་པར་མི་བྱེད་དོ།། ཞེས་སྤྲོ་བར་བྱའོ།། དེའི་སྤྲོ་བར་བྱ་བ་ནི་འདི་ཡིན་ཏེ། ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཟླ་བ་ཕྱེད་བྱེད ་ཅིང་ཞེས་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་ངོ་།། སོ་སོར་ཐར་པའི་མདོ་གདོན་པ་དེའི་ཚེ། ཞེས་བྱ་བ་པས་ཕམ་པར་འགྱུར་བ་བརྒྱད་ཅེས་བྱ་བ་ནས། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་ཞེས ་བྱ་བའི་བར་རོ།། སྔ་མ་བཞིན་དུ་བརྗོད་པར་བྱའོ་ཞེས་བྱ་བ་ནི། རིམ་བཞིན་དུ་བརྗོད་པར་བྱའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཅི་ཙམ་ཅུང་ཟད་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མོད་གདོན་པ་འདོན་པའི་ཚེ། འདི་སྐད་ཅེས་ཆོས་འདི་ཡང་མདོར་གཏོགས་པར་ཞེས་ཟེར་ན་ལྟུང་བྱེད་དོ།། མདོར ་འདུས་པར་ཞེས་ཟེར་ན་ལྟུང་བྱེད་དོ།། གཞིན་མ་འདག་པ་དང་། ཚོགས་ལས་གར་པ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་བདུན་པའི་གསུམ་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མཉན་ཡོད་ན། གཅེར་བུ་པའི་ཉན་ཐོས་ཆོས་ཤེས་བྱ་བ་པ་སོ་མཁན་ཞིག་གནས་པ་དེ། བསོད་སྙོམས་པ་ཞིག་གིས། སངས་རྒྱས་ཀྱི ་བསྟན་པ་ལ་མངོན་པར་དད་པར་བྱས་ནས། དེ་གཉི་གའི་དགེ་འདུན་ལ་ཁབ་རལ་དག་དབུལ་དུ་བཅུག་གོ།། དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས། བ་སོ་དང་རུས་པ་དང་། རཱ་ལ་བྱས་པའི ་ཁབ་རལ་དབྱིབས་སྣ་ཚོགས་དག་བྱེད་བཅུག་གོ།། དེ་རང་གི་ཟན་ཟས་ཤིང་གཞན་གྱི་ལས་བྱས་པས། དེ་རིང་པོ་མ་ལོན་པར་དབུལ་པོར་གྱུར་ཏོ།། དེ་ནས་མུ ་སྟེགས་ཅན་རྣམས་ཀྱིས། ལག་བཟོ་ཆོས་མཐོང་ནས། འདི་སྐད་ཅེས། ལག་བཟོ་ཆོས་གང་གི་ཚེ། ཁོ་བོ་ཅག་ལ་མངོན་པར་དད་པར་གྱུར་པ་དེའི་ཚེ། འབྱོར་པར་གྱུར་ལ། ་གང་གི་ཚེ་ཤཱག་ཀྱའི་སྲས་ཀྱི་དགེ་སྦྱོང་མ་རྣམས་ལ་དད་པར་གྱུར་པ་དེའི་ཚེ་བསྒྲེན་པར་གྱུར་ཏོ་ཞེས་སྨྲས་པ། དགེ་སློང་མ་རྣམས་ཀྱིས་ཐོས་སོ།། ཐོས་ནས་སྐབས་དེ། བཅོམ་ལྡན་འདས ་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་། བ་སོ་འམ། རུས་པ་འམ། ་རྭའི་ཁབ་རལ་ལས་གསར་བ་བྱེད་དུ་འཇུག་ན་བཅག་ནས་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། བ་སོ་ལ་ཞེས་བྱ་བ་ནི་བ་སོ་ཉིད་དོ།། རུས་པ་འམ་ཞེས་བྱ་བ ་ནི་རུས་པ་ཉིད་དོ།། རྭ་ལས་ཞེས་བྱ་བ་ནི་རཱ་ལས་སོ།། ཁབ་རལ་ཞེས་བྱ་བ་ལ། ཁབ་རལ་ནི་གཉིས་ཏེ། སྦུ་གུ་ཅན་དང་། ཆང་བ་ལྟ་བུའོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད ་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་པ་སོ་འམ ་ཞེས་བྱ་བ་ནས་རཱའི་བར་གྱི་ཁབ་རལ་སར་བ་བྱེད་དམ། བྱེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་དུ་འགྱུར་རོ།། གང་གི་མདུན་དུ་དེ་འཆགས་པར་བྱེད་ན་དེས་ཅིག་བཅག་གམ་ཞེས་དྲི་བར ་བྱའོ།། མ་དྲིས་པར་འཆགས་པར་བྱེད་ན། ལྟུང་བ་དེ་ཡང་མ་བཤགས་ཤིང་། གང་གི་མདུན་དུ་འཆགས་པར་བྱེད་པ་དེ་ལ་ཡང་ཉེས་བྱས་སུ་འགྱུར་རོ།། ལྟུང་བྱེད་འདུན་པའི་བཞི ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་རྣམས་ལས་བརྟེན་ཏེ། ཁྲི་དང་ཁྲིའུ་གི་ཚད་བདེ་བར་གཤེགས་པའི ་སོར་བརྒྱད་ཀྱིས་བསླབ་པའི་གཞི་བཅའ་བ་མཛད་པ་དེའི་ཚེ། བཅུ་གཉིས་སྡེ་དེ་དག་གིས་ཚད་ལས་འདས་པའི་ཁྲི་དང་། ཁྲིའུ་དག་བྱེད་དུ་འཇུག་པ་དང་། དེ་དག་ལ་དགེ་སློང་མ ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་བསླབ་པའི་གཞི་བཅའ་བ་མ་མཛད་དམ། དེ་དག་གིས་འདི་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་སློང་མ་རྣམ ་ལ་ནི་མ་ཡིན་ནོ།། ཞེས་སྨྲས་པ་ནི། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། དགེ་སློང་མ་དགེ་འདུན་གྱི་ཁྲི་འམ། ཁྲིའུ་བྱེད་དུ་འཇུག་ན་རྩ་བ་བུ་གར་གཞུག་པ་མ་གཏོགས་པར་བདེ་བར་གཤེགས། ་པའི་སོར་བརྒྱད་དུ་ཚད་དུ་བྱེད་དུ་བཅུག་པར་བྱའོ།། དེ་ལས་ལྷག་པར་བྱེད་དུ་འཇུག་ན་བཙད་ནས་ལྟུང་བྱེད་དོ།། དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས ་མའི་དགེ་འདུན་གྱིའོ།། དགེ་སློང་མ་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། ཁྲི་འམ་ཞེས་བྱ་བ་ནི་ཉལ་བའོ།། ཁྲིའུ་འམ་ཞེས་བྱ་བ་ནི་ཁྲིའི་ཉིད་དོ།། བདེ་བར་གཤེགས་པའི ་ཞེས་བྱ་བ་ནི་སྟོན་པའིའོ།། བདེ་བར་གཤེགས་པའི་སོར་བརྒྱད་གང་ཡིན་པ་དེ་ལ་ནི། ཚད་དང་ལྡན་པའི་ལག་པའི་ཁྲུག་གང་ངོ་།། བུ་གར་གཞུག ་པ་མ་གཏོགས་ཏེ་ཞེས་བྱ་བ་བཞག་སྟེའོ།། དེ་ལས་ལྷག་པར་བྱེད་ན་ཞེས་བྱ་བ་ནི། དེ་ལས་འདས་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གང་གི་མདུན ་དུ་འཆགས་པར་བྱེད་ན་ཞེས་བྱ་བ་ནི་སྔ་མ་བཞིན་ནོ།། ལྟུང་བྱེད་བདུན་པའི་ལྔ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན ་འདས་ཀྱི་དགེ་སློང་དང་། དགེ་སློང་མ་རྣམས་ཀྱི་གནས་མལ་བསྒོ་བར་བྱའོ།། ཞེས་བསྒོ་བ་མཛད་པ་ན། དེ་ནས་དུས་གཞན་ཞིག་གི་ཚེ། དགེ་སློང་མ་རྣམས་གནས ་མལ་བསྒོ་བར་བྱེད་པ་དང་། དེའི་འོག་ཏུ་བཅུ་གཉིས་སྡེ་རྣམས་ཀྱིས་དགེ་འདུན་གྱི་ཁྲི་དང་། ཁྲིའུ་ལ་ཤིང་བལ་དག་བཏིང་བ་དེའི་ཚེ། གཞན་གྱིས་བསྡུས་ནས། བླངས་པ ་དང་། དོན་ཉུང་བའི་དགེ་སློང་མ་དག་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་གྱི་ཁྲི་འམ་ཁྲིའུ་ལ། ཤིང་བལ་འདིང་ངམ། འདིང་དུ་འཇུག་ན་བསྡུས་ནས་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ། དགེ་འདུན་གྱི་ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ་འདུན་གྱིའོ།། ཁྲི་ཞེས་བྱ་བ་ནི་ཉལ་བའིའོ།། ཁྲིའུ་ཞེས ་བྱ་བ་ནི་ཁྲིའུ་ཉིད་དོ་ཤིང་བལ་ཞེས་བྱ་བ་ནི། ཤིང་བལ་ནི་ལྔ་སྟེ། ལྔ་གང་ཞེ་ན། ཨར་ཀའི་ཤིང་བལ་དང་། ཤམ་མ་ལིའི་ཤིང་བ་ལ་དང་། ཀ་སའི་ཤིང་བལ་དང་། ་ལུག་གི་བལ་དང་། ལྔ་པ་ཉིད་ནི་ཤིང་ནའི་ཤིང་བལ་ལོ།། འདིང་ངམ་འདིང་དུ་འཇུག་ན་ལྟུང་བྱེད་དོ།། ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་འདུན་གྱི་ཁྲི་འམ་ཁྲིའུ་ཞེས་བྱ་བ་ནས། འདིང་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དེ་འགྱུར་རོ།། དེ་ལྟ་མོད་ཀྱི། གང་གི་མདུན་དུ་འཆགས ་པར་བྱེད་པ་དེས་བསྡུས་སམ་མ་བསྡུས་ཞེས་དྲི་བྲར་བྱེ་སྟེ། གཞན་ནི་སྔ་མ་བཞིན་ནོ།། ལྟུང་བྱེད་བདུན་པའི་དྲུག་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་དགེ་སློང་མ་རྣམས་ལ་འདི་ལྟ་བུའི་གདིང་བ་མང་པོ་བྱུང་སྟེ། གདིང་བ་འདི་ནི་ཧ་ཅང་རིང་ཆེས་སོ།། ཞེས་དེ་བོར་ནས་གཞན་དུ་བྱེད་དུ་འཇུག། གདིང་བ་འདི་ནི་ཧ ་ཅང་ཐུང་ཆེས་སོ།། དེ་བོར་ཏེ་གཞན་བྱེད་དུ་འཇུག། དེ་བཞིན་དུ་ཧ་ཅང་རྒྱ་ཆེ་བ་དང་། ཧ་ཅང་ཆུང་བ་སྟེ། དེ་དག་དེ་ལྟ་བུ་བྱེད་པས་བྱ་བ་མེང་ཞིང་། བྱེད་པ་མང་བས་ལུང ་གནོད་པ་དང་། ཀླག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞི་གནས་དག་གཏོང་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད ་@པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། དགེ་སློང་མས་གདིང་བ་བྱེད་ན། ཚད་བཞིན་དུ་གཞུག་གོ།། དེ་ལ་གདིང་བའི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐེའི་མཐོང་དེའོ།། ནེང ་དུ་བྱེད་དང་དོའོ།། སྲིད་དུ་མཐོ་གང་གིས་སྲིངས་ཤིག། དེ་ལས་ལྷག་པར་བྱེད་ན་བཅད་ནས་ལྟུང་བྱེད་དོ།། གདིང་བ་ཞེས་བྱ་བ་གདིང་བའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས ་འདི་པའོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། སྲིད་དུ་ཞེས་བྱ་བ་ནི། དེའི་ཆུ་གང་ཡིན་པའོ།། བདེ་བར་གཤེགས ་པའི་མཐོ་གང་གིས་ཤེས་བྱ་བ་ལ། བདེ་བར་གཤེགས་པ་ཞེས་བྱ་བ་ནི་སྟོན་པའོ།། བདེ་བར་གཤེགས་པའི་མཐོ་གང་ཡིན་པ་དེ་ལ་ནི། ཚང་དང་ལྡན་པའི་ཁྲུ་ཕྱེད་དང་དོ་སྟེ། ་བདེ་བར་གཤེགས་པའི་མཐོ་གསུམ་གང་ཡིན་པ་དེ་ལ། ཚད་དང་ལྡན་པའི་ཁྲུའི་ཁྲུ་བྱེད་དང་ལྔའོ།། ཞེང་དུ་མཐོ་བྱེད་དང་དོའོ་ཞེས་བྱ་བ་ནི། ཚད་དང་ལྡན་པའི་ཁྲུ་དོ་དང་སོར ་དྲག་གོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི། དེ་ལས་འདས་པར་རོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་ཙམ་ཅུང་ཟད་གདིང་བ་ཁྲུ་ཕྱེད་དང་ལྔ་ལས་ལྷག་པར་བྱེད་དཔ་བྱེད་དུ་འཇུག་ན་ཐམས ་ཅད་དུ་བཅད་ནས་ལྟུང་བྱེད་དོ།། གང་གི་མདུན་དུ་ལྟུང་བ་འཆགས་པར་བྱེད་ན་ཞེས་བྱ་བ་ནས་ལྟུང་བའི་རིམ་པ་སྔ་མ་བཞིན་ནོ།། གལ་ཏེ་ཟས་ཟིན་པ་རྙེད་ན་ཟས་ཟིན་པ་ཉིད་ལོངས ་སྤྱད་པར་བྱའོ།། ལྟུང་བྱེད་བདུན་པའི་བདུན་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་དང་དགེ་སློང་མ ་རྣམས་ཀྱི་གཡན་པ་དགའ་བའི་གོས་བཅང་བར་བྱའོ།། ཞེས་བཀའ་སྩལ་པ་དེའི་ཚེ། དགེ་སློང་མ་དེ་དག་གིས་ཅི་འདྲ་བ། ཚད་ནི་ཅི་ཙམ་བཅང་བ་མ་ཤེས་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། སྲིད་ད་བདེ་བར་གཤེགས་པའི་མཐོ་བཞིའོ་ཞིང་དེ་མཐོ་དོའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཚད་བཀའ་སྩལ་པ། དེའི་ཚེ། བཅུ་གཉིས ་སྡེ་དེ་དག་ལྷག་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང ་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའི་བའི་བར་དུ་མཛད་དེ། དགེ་སློང་མ་གཡན་པ་དགའ་བའི་གོས་བྱེད་པས་ཚད་བཞིན་བྱེད་དུ་གཞུག་གོ།། དེ་ལ་གཡན་པ་དགའ ་བའི་གོས་ཀྱི་ཚད་ནི་འདི་ཡིན་ཏེ། སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞིའོ།། ཞེང་དུ་མཐོ་དེའོ།། དེ་ལས་ལྷག་པར་བྱེད་ན་བཅད་ནས་ལྟུང་བྱེད་དོ།། གཡན ་བ་དགབ་པའི་གོས་ཞེས་བྱ་བ་ནི་ན་པའི་གོས་སོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའི་འོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། ་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཞི་ཞེས་བྱ་བ་ནི། དེའི་ཆུ་གང་ཡིན་པ་ཚད་དང་ལྡན་པའི་ཁྲུའི་ཁྲུ་དྲུག་གོ།། བདེ་བར་གཤེགས་པ་ཞེས་བྱ ་བ་ནི་སྟོན་པའོ།། ཞེང་དེ་མཐེ་དེའོ་ཞེས་བྱ་བ་ནི་ཚད་དང་ལྡན་པའི་ཁྲུ་གསུམ་མོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་དེ་ལས་འདས་པར་རོ།། བྱེད་དམ་ཞེས་བྱ་བ་ནི་བདག་ཉིད ་ཀྱིས་སོ།། བྱེད་དུ་འཇུག་ན་ཞེས་བྱ་བ་ནི་གཞན་ནོ།། བཅད་ནས་ཞེས་བྱ་བ་ནི་མཉམ་པོར་བྱས་ནསོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་གཡན་པ་དགབ་པའི་གོས་ཁྲུ་དྲུག་ལས་ལྷག་པར་བྱེད་དུ་འཇུག་ན་ཐམས་ཅད་དུ་བཅད་ནས་ལྟུང་བྱེད་དོ།། གང་གི་མདུན་འཆགས་པར་བྱེད་ན་ཞེས་བྱ ་བའི་བར་གོང་མ་ནས་འབྱུང་བ་བཞིན་ནོ།། ལྟུང་བྱེད་བདུན་པའི་བརྒྱད་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ཉེ་དགས་བདེ་བར་གཤེ ་པའི་ཆོས་གོས་ཀྱི་ཚད་བྱེད་དུ་བཅུག་ལ། བཅོམ་ལྡན་འདས་ཀྱིས་ནི་བཀག་པ་དེའི་ཚེ། སྦོམ་དགའ་མོས་དང་ཉེ་དགའ་མཐོང་ནས། བདེ་བར་གཤེགས་པའི་ཆོས་ཀྱི་ཚད་བྱེད ་དུ་བཅུག་ནས། བགོས་ཏེ་དགེ་སློང་མའི་དབྱར་ཁང་དུ་སོང་ནས། ངེས་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཁ་ཅིག་ནི་མཚན་ཁུང་དུ་བརྟུལ། ཁ་ཅིག་ནི་བྲག་པ་ལ་བཟར། ་ཁ་ཅིག་ནི་ལུས་ལ་བགོས། ཁ་ཅིག་ནི་འཇོལ་ཞིང་འདག་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་གང་དུ་འགྲོ།། དེས་འདི་སྐད ་ཅེས་སྨྲས་སོ།། ཁོ་མོ་ལྷུང་བཟེད་དང་ཆོས་གོས་བླངས་ཏེ་གང་དུ་ཡང་མི་འགྲོའོ།། དེ་ལྟ་མོད་ཀྱི་ཁོ་མོས་བདེ་བར་གཤེགས་པའི་ཆོས་གོས་བྱེད་བྱེད་དུ་བཅུག་པ་ཡིན་ནོ།། དེ་དག་གིས ་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་དགག་པ་མ་མཛད་དམ། དེས་འདི་སྐད་ཅེས་དགེ་སློང་རྣམས་ལ་དགག་པ་མཛད་ཀྱིས། དགེ་སློང་མ་རྣམས་ལ་ནི་མ་ཡིན ་ནོ།། ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སློང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་གམ་བདེ་བར་གཤེགས་པའི ་ཆོས་གོས་ལས་ལྷག་པ་བྱེད་དུ་འཇུག་ན་བཅད་ནས་ལྟུང་བྱེད་དོ།། དེ་ལ་བདེ་བར་གཤེགས་པའི་ཆོས་གོས་ཚད་ནི་འདི་ཡིན་ཏེ་སྲིད་དུ་བདེ་བར་གཤེགས་པའི་མཐོའི་མཐོ་བཅུའོ།། ་ཞེང་དུ་མཐོ་དྲུག་སྟེ། དེ་ལ་འདི་ནི་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཀྱི ་ཆོས་གོས་བྱེད་དུ་འཇུག་གམ་ཞེས་བྱ་བ་ནི་སངས་རྒྱས་ཀྱི་ཆོས་གོས་ཀྱི་ཚད་ཀྱི་ཆོས་གོས་བྱེད་དུ་འཇུག་པའོ།། དེ་ལས་ལྷག་པར་ཞེས་བྱ་བ་ནི་དེ་ལས་འདས་པར་རོ།། དེ་ལ་འདི ་ནི་དེ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཡིན་ནོ་ཞེས་བྱ་བ་ནི། གྲངས་རྣམ་པར་བཤད་པ་ཡིན་ནོ།། སྲིད་དུ་ཞེས་བྱ་བ་ནི་དེའི་ཆུ་གང་ཡིན་པའོ།། མཐོ་བཅུ་ཞེས་བྱ་བ་ནི། ་བདེ་བར་གཤེགས་པའི་མཐོ་བཅུ་གང་ཡིན་པ་སྟེ། དེ་ནི་ཚད་དང་ལྡན་པའི་ཁྲུའི་ཁྲུ་བཅོ་ལྔའོ།། ཞེང་དུ་མཐོ་དྲུག་གོ་ཞེས་བྱ་བ་གང་ཡིན་པ་དེ་ནི་ཚད་དང་། ་ལྡན་པའི་ཁྲུའི་ཁྲུ་དགུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བདེ་བར་གཤེགས་པའི་ཆོས་གོས་བྱེད་དམ ་བདེ་བར་གཤེགས་པའི་ཆོས་གོས་ལས་ལྷག་པ་དག་བྱེད་དུ་འཇུག་ན་ཐམས་ཅད་དུ་བཅད་ནས་ལྟུང་བྱེད་དོ།། གང་གི་འདུན་དུ་འཆགས་པར་བྱེད་ན་ཞེས་བྱ་བའི་བར་གོང་ནས་འབྱུང ་བ་བཞིན་ནོ།། ལྟུང་བྱེད་བདུན་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། བསྡུས་པའི་སྡོམ་ལ། སྒོག་སྐྱུག་རྗེན་པ་སྐྱབས་ཡོད་དང་།། རྣར་གཤུབ་མུན ་ཁུད་སྔ་ནས་འདུག། དབྱར་ནང་ལོ་ནི་བཅུ་གཉིས་དང་།། འདོད་ཆེན་སྡོམ་གཞོན་ནུ་མའོ།། སྡོམ་ལ་སྒོག་སྐྱ་མདོམས་སྤུ་འདྲེག་པ་དང་།། སོར་མོའི་ཚིགས་གཉིས་འཇུག ་པ་དང་།། ཐབ་མོ་བརྡེག་པར་མི་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་མུ་གེ་མི་བཟད་པ་དགོན་པ་སློངས་མོ་པས་ཟས་རྙེད་པར་དཀའ་བ་བྱུང་ནས་ཞེས་བྱ་བ་ནས། ་མི་ཞིག་ལ་སྒོག་སྐྱའི་ལྡུམ་ར་ཞིག་ཡོད་དོ་ཞེས་བྱ་བའི་བར་ཏེ། དེ་ན་ཆོད་སྔོན་དག་མང་དུ་སྐྱེས་སོ།། དེ་ནས་མི་དེ་ལ། དགེ་སློང་མ་རྣམས་ཀྱིས། ཚོད་སྔོན་བླངས་པ་དང་། ་དེས་སྨྲས་པ། ཅི་བོ་བ་ཁོ་ནར་མཛོད་ཅིག། དེ་ལྟ་མོད་ཀྱི། སྒེག་སྐྱ་དེ་དག་ནི་མ་འདོན་ཅིག། ཅེས་དེ་དག་ཉི་མ་རེ་རེ་ཞིང་ཚོད་སྔོན་དག་བསླངས་ནས། དགེ་སློང་མའི ་དབྱར་ཁང་དུ་འདོང་ངོ་།། དེ་ནས་སྦོམ་དགའ་མོས་དགེ་སློང་མ་དེ་རྣམས་ལ་དྲིས་པ། ཕུ་ནུ་མོ་དག་ཁྱེད་ཀྱིས། ཚོད་སྔོན་གང་ནས་བླངས་ཞེས་བྱ་བ་ནས། སྦོམ་དགའ་མོ ་ཡང་སྒོག་སྐྱའི་ལྡུམ་རང་སོང་ནས། དེས་ཚེད་སྔོན་དང་སྒོག་སྐྱ་ལྷན་ཅིག་བཏོན་ཏོ།། དེ་ནས་སྒོག་སྐྱའི་བདག་པོ་དེས་འཕྲིགས་ཏེ། འཕྲིགས་ནས་ཀྱང་སྒོག་སྐྱའི་ལྡུམ ་ར་གཞན་ཞིག་གི་ལག་ཏུ་བཙོངས་ཏེ་བཙོངས་ནས་དགེ་སློང་མ་རྣམས་ལ་སྨྲས་པ། ཀྱེ་འཕགས་པ་དག། བདག་གིས་གཞན་ཞིག་གི་སུག་པར་བཙོངས་ལགས་ཀྱིས། ་དེ་ལས་ཚོད་སྔོན་སློང་ཤིག་ཅེས་བྱ་བ་ནས། དེས་ཀྱང་བསྲུངས་མའི་ཁྱེའུ་ཞིག་གཞག་སྟེ། ཅི་བདེར་བྱེད་དུ་བཅུག་ནས། དགེ་སློང་མ་དེ་དག་ཚོད་མ་རྔ་བ་ན། སྦོམ་དགའ ་མོ་སྒོག་སྐྱ་འབའ་ཞིག་འབྱིན་པར་བྱེད་དོ།། དེ་ནས་ཁྱིའུ་ཡིས་སྡོམ་དགའ་མོ་ལ་སྒོག་སྐྱ་འབྱིན་པ་བཟློག་པ་དང་། དེ་ནས་སྡོམ་དགའ་མོས་ཁྱེའུ་དེ་བརྡེགས་སོ།། ་དེ་ནས་ཁྱེའུ་ངེས་པ་ལ་སྨྲས་པ་དང་། དེའི་གྱི་དེ་ཉིན་པར་སྒོག་སྐྱའི་ནང་ཞིག་ཏུ་གབ་ནས་སྡང་ངོ་།། དེ་ནས་སྦོམ་དགའ་མོ་ཡང་འོངས་ནས་སྒྲོག་སྐྱ་འབྱིན་པ་ལས། ཁྱེའུ་དེས ་བཟློག་པ་དང་ཞེས་བྱ་བ་ནས། ཁྱིམ་བདག་དེས་ཀྱང་སྦོམ་དགའ་མོ་ལ་བརྡེགས་སོ།། ཞེས་བྱ་བའི་བར་རོ།། དེ་ཡང་མིག་ཕུབས་སྐངས་ཤིང་དབྱར་ཁྱད་དུ་འོངས་པ་དང་། ་དགེ་སློང་མ་རྣམས་ཀྱིས་དྲིས་པ་ལས། དེས་སྐབས་དེ་རྒྱས་པར་སྨྲས་པ་ནི། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྒོག་སྐྱ་ཟ་ན་ལྟུང་བྱེད་དོ།། ཡང ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྒོག་སྐྱ་ཞེས་བྱ་བ་ནི་ལྐོག་མར་མིད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི ་ཙམ་ཅུང་ཟད་སྒོག་སྐྱ་ཟན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཞེས་དེ་ལྟར་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དགེ་སློང་མ་ནད་པ་ཞིག་ཡོད་པ་དེས་སྨན་པ་ལ་དྲིས་པ་དང ་སྨན་པས་སྒོག་སྐྱ་བསྟན་ཏོ།། དེས་སྐད་ཅེས་སྨྲས་སོ།། བཞིན་བཟངས་སྨན་པ། ཁོ་མོ་ད་ནི་ཤི་ཟིན་ནོ།། སྨན་པས་སྨྲས་པ། ཅི་ཞེས་དེས་འདི་སྨྲས་སོ།། བཅོམ ་ལྡན་འདས་ཀྱིས་བཀག་གོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་སྟོན་པ་ཐུགས་རྗེ་ཅན་ཡིན་པས་རྗེས་སུ་གནང་བར་འགྱུར་རོ་ཞེས་པའི་སྐབས་དེ། དགེ་སློང་མ་རྣམས ་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྨན་པའི་ལུང་གིས། ནད་པ་ལ་ནི་ལྟུང་བ་མེད་དོ།། ཞེས་བྱ་བ་ནས། ་སྒོག་སྐྱ་དང་ཀེའུ་ལ་སོགས་པ་ཀུན་ཏུ་སྤྱད་པར་བྱའོ།། དགེ་སློང་མ་རྣམས་ཐེ་ཚོམ་སྐྱེས་ནས། ཐེ་ཚོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། ་བཙུན་པ་སྦོམ་དགའ་མོའོ།། ལྷག་པར་འཆགས་པའི་ཟིལ་གྱིས་ནོན་པས། སྒོག་སྐྱའི་ཕྱིར་བརྡེགས་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་དགེ་སློང་མ་དག་ད་ལྟར་འབའ་ཞིག་མ་ཡིན་གྱི། འོད་ཀྱང་འདས་པའི་དུས་ན་ཡང་ལྷག་པར་ཆགས་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་དེ་ཉོན་ཅིག་བྱ་བ་ནིས། གྲོང་། ་ཁྱོད་པ་ར་ན་སེར་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་ཅིག་བྱུང་ངོ་།། ཞེས་བྱ་བའི་བར་རོ།། ཇི་ཙམ་ན་རྐུན་པོ་ཞིག་གིས་རྒྱལ་པོའི་ཕོ་བྲང་ཕུག་པ་དང་ཞེས་བྱ་བ་ནས། ཕུ ་གུའི་སྒོ་དངུལ་སྐྱོགས་ཤིག་བརྗེད་དེ་ལུས་པ་དང་། རྐུན་པོ་དེས་སླར་ཡང་སོང་སྟེ། བླང་ངོ་སྙམ་ནས། ཞེས་བྱ་བ་ནས། རྒྱལ་པོའི་བཀྲབས་པ་དག་གིས་བཟུང་ནས། ་ཚུལ་མ་ཡིན་པར་སྡུག་བསྔལ་བར་བྱས་སོ།། དེ་ནས་ལྷ་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། ལྷག་པར་ཆགས་པས་ཟིལ་ནོན་ན།། དོན་གྲུབ་པ་ཡང་ཉམས་གྱུར་ཏེ། ་ཕྱིར་དོན་གཉེར་བར་བྱེད་པའི།། རྐུན་མའི་སྐྱེགས་ནི་ཇི་བཞིན་ནོ།། དགེ་སློང་དག་གཞན་ཡང་ལྷག་པར་ཆགས་པ་ཁོ་ནས་རིན་པོ་ཆེ་དག་ལས། ཡོངས་སུ་ཉམས་པར་གྱུར་པ། ་དེ་ཉོན་ཅིག་དགེ་སློང་དག་སྔོན་བྱུང་བ་གྲོང་ཁྱེར་བ་ར་ན་སེན་ཁྱིམ་བདག་ཅིག་ཡོད་པ་དེ་ཞེས་བྱ་བ་ནས། དེ་ལ་བུ་མོ་ཞིག་བཙས་པ་དང་། ཤི་ནས་ངང་པའི་རྒྱལ་པོ་རང ་བཞིན་གྱིས་སྐྱེ་བ་དྲན་པ་ཞིག་ཏུ་སྐྱེས་སོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དེ་བུ་མོའི་དོན་དུ་ཉི་མ་རེ་རེ་ཞིང་རིན་པོ་ཆེ་དག་སྐྱེལ་བར་བྱེད་དོ།། དེ་ནས་བུ་མོས་བསམས་པ། ་ངང་པའི་རྒྱལ་པོ་ཡང་བཟུང་ལ། རིན་པོ་ཆེ་ཡང་ངོ་སྙམ་པ་དང་། དེ་བྲོས་ནས་ཕྱིན་ཆད་མི་འོང་བར་གྱུར་ཏོ།། ཇི་ཙམ་ན་ལྷ་ཞིག་གིས་ཚིགས་སུ་བཅད་དེ་སྨྲས་པ། ལྷག ་པར་ཆགས་པར་མི་བྱ་སྟེ།། ཆོས་མིན་ཆགས་པའི་སྡིག་པ་ཅན།། ངང་པའི་རྒྱལ་པོ་བཟུང་སྙམ་པ།། རིན་ཆེན་རྣམས་ལས་ཡོངས་སུ་ཉམས།། དགེ། ་སློང་དག་ཇི་སྙམ་དུ་སེམས། དེའི་ཚེ་རྐུན་པོ་དང་། བུ་མོ་གང་ཡིན་པ་དེ་ནི་སྦོམ་དགའ་མོ་འདི་ཡིན་ཏེ། དེ་ན་ཡང་ལྷག་པར་ཆགས་པ་ཁོ་ནར་གྱུར་ཏོ།། ད་ལྟར་ཡང་ལྷག་པར་ཆགས ་པར་གྱུར་ཏོ།། དེ་ལྟ་བས་ན་ལྷག་པར་ཆགས་པར་མི་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།། ལྟུང་བྱེད་བརྒྱད་པའི་དང་པོ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་འདོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ཅིང་། དེ་ཁྲུས་བྱེད་པ་ན། བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་རྣམས་ལ་བསྟན ་ཏེ། ཏིལ་འབྲུས་ཁྲ་བོར་བྱས་པའི་བེན་ཙེ་ལྟར་འདུག་པ་འདི་ལ་ལྟོས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་རེ་ཤིག་ཁོ་མོ་ཅག་ནི་སྣུམ་ཐབ་ཀྱི་སེམས་མགུ་བར་བགྱིད ་པའི་ཕྱིར་བགྱིད་ན། ཁྱོད་ཀྱི་འདི་ཅིར་འཚལ། ཁྱོད་ཀྱི་སུ་ཞིག་མགུ་བར་བགྱི། འདི་ནི་རབ་ཏུ་བྱུང་བ་དང་། འཚམ་པ་མ་ལགས་སོ་ཞེས་བྱ་བ་ནས། དོན་ཉུང་བའི་དགེ་སློང་མ་དག ་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་དགེ་སློང་མ་གང་མདོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། འདོམས་ཀྱི་ཕྱོགས་ཤེས་བྱ་བ་ནི་གསང་བའི ་གནས་སོ།། སྐུའི་ལས་བྱེད་དམ་ཞེས་བྱ་བ་ནི་རྨོངས་འདྲེག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་འདོམས་ཀྱི་ཕྱོགས་ཀྱི་སྤུའི་ལས་བྱེད་ན་ཡང་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་རྨ་བྱུང་བའི་ཕྱིར་བྱེད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བརྒྱད་པའི་གཉིས་པ་རྫོགས ་བློ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས་གསང་བའི་གནས་སུ་ལག་པ་བཙུག་ནས་ཇི་ཙམ་ཉོན་མོངས་པ་ཞི་བར་གྱུར་གྱི་བར་དུ་བཀྲུས ་པས། དེའི་གསང་བའི་གནས་སྐྲངས་པར་གྱུར་ཏོ།། དེས་པུ་ཤིལ་ཅི་དང་། ཙན་དན་ལ་སོགས་པའི་བྱུག་པ། ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ལ་བསླངས་པ ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་བསྙུང་དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། ཞེས་བྱ་བ་ནས། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དགེ་སློང་མས་ཁྲུས་མ་བྱའོ།། དེ་དག་ཁྲུས་མ་བྱས་པས་དྲི་ངན་པ་སྐྱེས་པར་གྱུར་ཏོ།། དེ་ནས་དུས་གཞན་ཞིག་ན། སྐྱེ་དགུ་འི ་བདག་མོ་ཆེན་མོ་གོའུ་ཏ་མི་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་ལ་ཆོས་འཆད་པ་ན། དེ་དག་ཕན་ཚུན་དུ་འདི་སྐད་ཅེས། དྲི་ངན་པ་མནམ་མོ་ཞེས་ཟེར་རོ།། དེ་ནས་སྐྱེ་དགུའི་བད ་མོ་ཆེན་མོ་གོའུ་ཏ་མི། རང་བཞིན་གྱིས་དྲང་བ་ཡིན་པས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་དྲི་ངན་པ་དེ་ནི་ཁོ་མོའི་ཡིན་ནོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅིའི ་སླད་དུ་ཁྲུས་མི་མཛད། སྟེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་གོ་ཞེས་བྱ་བ་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་སོར་མོའི་ཚིགས་གཉིས་ཀྱིས་ཁྲུས་བྱའོ།། ཇི་ཙམ་ན་དེ་ཉིད་ཉེས་དམིགས་སུ་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲུས་བྱེད་པ་ན། སོར་མོའི་ཚིགས་གཉིས་ལས་འདས་པར་བྱེད་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྲུས་བྱེད་ན་ཞེས་བྱ་བ་ནི་ཆུ་བླངས་ནས་སོ།། སོར་མོའི་ཚིགས་ལས་འདས་པར་འཇུག་ན་ཞེས་བྱ་བ་ནི་དེ་ལས་ལྷག་པར་རོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཇི་ཙམ་ཅུང་ཟད་ཁྲུས་བྱེད་པ་ན། སོར་མོའི་ཚིགས་གཉིས་ལས་འདས ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བརྒྱད་པའི་གསུམ་པ་རྫོགས་སྷོ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ ་སོ་ཉོན་མོངས་པས་ཞེན་པས། ཇི་སྲིད་ཚིམ་གྱི་བར་དུ་གསང་བའི་ཕྱོགས་སུ་ཐལ་མོས་རྒྱབ་བས་ཇི་ཙམ་ན་སྤངས་པར་གྱུར་ཏོ།། གང་གི་ཚེ་འདོད་ཆགས་ཞི་བར་གྱུར་པ ་དེའི་\ུ0f7f། ནནས་ཆོངས་འདྲེམས་སོ།། དེ་ནས་ལྡན་ཅིག་གནས་པ་དང་གེ་གནས་རྣམས་ཀྱིས་དྲིས་པ་ལས། དེས་སྐབས་དེ་རྒྱས་པར་སྦས་པ་ན། དོན་ཉུང་བའི་དགེ ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ ་མཛད་དེ། ཡང་དགེ་སློང་མ་གང་བུད་མེད་ཀྱི་ཡུལ་ལ་ཐལ་མོ་བརྡེག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བུད་མེད་ཀྱི་ཡུལ་ལ་ཐལ་བརྡེག་ན ་ཞེས་བྱ་བ་ནི། མོ་མཚན་ལ་ཐལ་ལྕག་གིས་བརྡེག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང ་ཟད་བུད་མེད་ཀྱི་ཡུལ་ལ་ཐལ་མོས་རྡེག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བརྒྱད་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སོ། ་སྡོམ་ནི། རྗེན་པ་བཙོ་བར་མི་བྱ་དང་།། ཆུས་ནི་གཏོར་བར་མི་བྱ་དང་།། སྔོན་པོར་བཤད་པ་མི་དོར་དང་།། རྩིག་པའི་རྒྱབ་དུ་མི་དོར་བའོ།། གླེང་གཞི་ནི་མཉན་ཡོད ་ནའོ།། གྲོང་ཁྱེར་བ་དག་ལྡམ་ར་དང་། སྐྱེད་མོས་ཚལ་ལ་རབ་དགའ་བས། དེ་དག་གི་ཀུན་ཏུ་སྤྱོད་པ་ནི། གང་གི་ཚེ་སྐྱེད་མོས་ཚལ་དག་ཏུ་འདོད་པ་ན། གཡོས ་མཁན་གྱི་བཅའ་བ་འཚེད་པར་བྱེད་པ་ཡིན་པས། དེ་དག་གིས་ཡང་གཡོས་མཁན་ལ། སང་ནང་པར་སྔར་ཤོག་ཤིག་ཅེས་བསྒོ་བ་ལས། དེ་མ་འོངས་པར་སྦོམ་དགའ ་མོ་སྔ་དྲོ་ཤམ་ཐབས་བགོས། ཆོས་གོས་དང་ལྷུང་བཟེད་བླངས་ཏེ། བསོད་སྙོམས་ཀྱི་ཕྱིར་སྤྱོད་ཡུལ་དུ་ཞུགས་ནས། ཁྱིམ་བདག་ཅིག་གི་ཁྱིམ་དུ་ཞུགས་ཏེ། འདི་སྐད ་ཅེས་སྨྲས་སོ།། མཚན་བཟངས་མ། བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་ཟློ་བ་མི་དགའ་ལགས་སོ།། ་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི་སྟེ་མི་དགའ། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་ཁྱོད་རང་ཉིད་མི ་འཚེད། དེས་འདི་སྐད་ཅེས་སྨྲས་སོ།། བདག་གིས་རྔོ་མི་ཐོག་ལགས་སོ།། དེ་ནས་སྦོམ་དགའ་མོས་ཁྱིམ་བདག་གི་ཆུང་མ་ལ་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱོད་ཀྱང་ཁབ ་བཞིན་དུ་ལས་སྣ་ཅིག་པ་ཞིག་ཡིན་ནམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དེ་ལ་མཁྱེན་པ་མངའ་འམ། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི ་གནས་དང་ལས་ཀྱི་གནས་གང་ལ་མཁས་པར་མ་བྱས་པ་གང་ཞིག་ཡོད། དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ད་ཁྱོད ་ལ་གདག་གསོལ་བ་འདེབས་ཀྱིས། བཅའ་བ་སྒྲོལ་ལ་བདག་ལ་སྩོལ་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུ་བསོད་སྙོམས་སུ་སྟེར་བར་འགྱུར། ཁྱིམ ་བདག་གི་ཆུང་མས་འདི་སྐད་ཅེས། སླད་ཀྱིས་བདག་གིས་ཕྱི་བཞིན་འབྲང་བའི་དགེ་སྦྱོང་མ་ལ་བདག་གིས་སློབ་དཔོན་ལ་བདག་གིས་མཁན་མོ་ལ། བདག་གིས་ཁང་སྐྱོང ་པའི་བར་ལ། སླད་ཀྱིས་དབུལ་ལོ་ཞེས་སྨྲས་པ་དང་། དེས་ལྷུང་བཟེད་དང་ཆོས་གོས་ཐབས་གཅིག་ཏུ་བཞག། གོས་གཞན་དག་བརྫེས་ཏེ་ཞེས་བྱ་བ་ནས། དེས་དོག་ལི ་བཀྲུས་བཤལ་བསྲེགས་ཏེ། མར་ལུས་བཀང་ནས་ཇི་ཙམ་ན་རིམ་བཞིན་དུ་ཀུན་ཏུ་གཡོས་པ་དང་། ལེགས་པར་གཡོས་པ་དང་། ལ་ཐུ་འབྲས་བུ་ལ་གཡོས་པ་དང་། ཁོང་ཚངས ་ཅན་དང་། ཅེ་ཀུར་དང་། རིམ་བརྒྱ་པ་དང་། སྲིན་བུའི་དབྱིབས་ལྟ་བུ་སྟེ། དེ་ལྟ་བུ་དག་བཅོས་ཏེ། དེས་གྲོང་རྡལ་དེའི་ཕྱེད་དྲི་ཡིས་ཁྱབ་པར་བྱས་སོ།། ཇི་ཙམ་ནི་དེས་གྲོང ་རྡལ་གྱི་ཕྱེད་ན་འདུག་པ་དག་འོངས་ནས་དྲིས་པ། ཅི་ཁྱོད་ཀྱི་ཁྱིམ་དུ་གཡོས་མཁན་འོངས་སམ། དེས་འདི་སྐད་ཅེས་སྨྲས་སོ།། མ་འོངས་ཏེ། དེ་ལྟ་མོད་ཀྱི་འཕགས་མ་སྦོམ ་དགའ་མོ་འཚེད་དོ།། དེ་དག་ཀྱང་འོངས་ནས་གསོལ་པ་བཏབ་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུ་བསོད་སྙོམས་སྟེར་བར་འགྱུར། དེ་དག་གིས་འདི་སྐད ་ཅེས། བདག་ཅག་གིས་ཁང་སྐྱོང་གི་བར་ལ་དབུལ་ལོ་ཞེས་སྨྲས་པ་དང་། དེ་བཞིན་དུ་སྦོམ་དགའ་མོས། གྲོང་ཁྱེར་ཕྱེད་ཀྱི་བཅའ་བ་ཐམས་ཅད་བཅོས་ཏེ། དེ་ནས་བཅོས ་ནས་བསོད་སྙོམས་ཀྱིས། ཁུར་བསླང་ནས་དབྱར་ཁང་དུ་སོང་ངོ་།། དེའི་འོག་ཏུ་གཡོས་མཁན་འོངས་ཏེ་འོངས་ནས། སྐོར་སྒོར་འདི་སྐད་ཅེས་སྨྲས་སོ།། ཁྱིམ་བདག་མོ་དག ་བཙུན་མོ་དག། བཅའ་བ་དག་བཅོས་སྡོམས་ཏེ་སྦྱིན་ཅིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་དག་གི་བཅོས་ཟིན་ནོ།། རྒྱ་ཆོས་མཁན་གྱིས་འདི་སྐད་ཅེས་སྨྲས ་སོ།། སུ་ཞིག་གིས་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོས་སོ།། ཞེས་གྲོང་རྡལ་བྱེད་པོ་ཐམས་ཅད་ཀྱི་བར་གྱིས་གོ་བར་བྱས་པ་དང་། དེ་འདི་སྐད་ཅེས་ཤཱག ་ཀྱེའི་སྲས་དགེ་སྦྱོང་རྣམས་ཀྱི་ཚུལ། ཚངས་པའི་ཚུལ་ནི་ཚིག་པ་ཡིན་ཏེ། གང་གི་ཕྱིར་འདི་ལྟར་འཚོ་བ་ཡང་བཅད་དོ།། ཞེས་འཕྱ་བར་བྱེད་པ་ན། ་དོན་ཉུང་བའི་དགེ་སྦྱོང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རྗེན་འཚེད་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའི་རྗེན་པ་འཚེད་ན་ཞེས་བྱ་བ་ནི། བཅའ་བ ་འཚེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྗེན་པ་འཚེད་པར་བྱེད་ན་ཐམས་ཅད་དུ ་ལྟུང་བྱེད་དོ།། དེ་ནས་དགེ་འདུན་གྱི་བྲེལ་བ་བྱུང་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་དབེན་པར་འདུག་ནས་བཙོ་བར་བྱ་སྟེ་ལྟུང་བ། ་མེད་དོ།། ལྟུང་བྱེད་དགུ་པའི་དང་པོ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཁྱིམ་བདག་གཅིག་ཆུང་མ་དང་ལྷན་ཅིག་ཁྱིམ་ནས ་ཁྱིམ་མེད་པར་རབ་ཏུ་བྱུང་ནས་ཞེས་བྱ་བ་ནས། དགེ་སློང་མ་རྣམས་ལ་བལྟ་བའི་ཕྱིར་དབྱར་ཁང་དུ་དོང་ངོ་།། ཇི་ཙམ་ན་དེ་དེ་ནང་པར་ཐུག་པ་ཞིག་འཐུང་བ་དང་། ་དགེ་སློང་མ་དེ་ཡང་ཆུ་སྣོད་ཅིག་ཐོགས་ཏེ། མདུན་ན་སྡོད་ཅིང་འདུག་གོ།། དེ་ནས་དགེ་སློང་དེ་རྒོད་ནས་འདི་སྐད་ཅེས། ཁོ་མོ་ཁྱིམ་པར་གྱུར་པ་ན་ཁྱོད་དེ་ལྟར་མདུན ་། ན་བསྡོད་དོ་ཞེས་སྨྲས་པ་དང་། དེས་ཆུ་སྣོད་དེ་ནས་མགོར་གཏོར་ནས། འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཁྱོད་ཀྱི་ཡོན་ཏན་ཡང་དག་པར་སྒྲོགས་ན། ཁྱོད་ཁོ་མོའི་སྐྱོན ་རྣམས་ལ་འཇུག་པར་བྱེད་དམ་ཞེས་སྨྲས་ནས་བྲོས་པ་དང་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཀྱིས་ཅིའི་ཕྱིར་འཁོར་གྱི་གཙོ་བོའི་མགོ་ལ་ཆུས་གཏོར་ཞེས་པ ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ ་ནས། སླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆུས་མཐོར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་ཆོས་འདི་པའོ།། འཁོར་གྱི་གཙོ་བོ་ཞེས་བྱ ་བ་ནི་འཁོར་གྱི་མཆོག་གོ།། ཆུས་འཐོར་ན་ཞེས་བྱ་བ་ནི་ཆོས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེས་ན། དགེ་སློང་མས ་ཇི་ཙམ་ཅུང་ཟད་འཁོར་གྱི་གཙོ་བོ་ལ་ཆུས་གཏོར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་བརྒྱལ་བ་ལ་གདོང་ད་ཆུ་ལྕུག་གིས་འཐོར་བ་ལ་ནི་ལྟུང་བྱེད་དོ།། ་ལྟུང་བྱེད་དགུ་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དབྱར་ཁང་དང་མི་རོང་བ་ཞིག་ན། ནེའུ་གསིང་སྔོན་པོ་ཞིག་ཡོད་པ ་དོན། བྲམ་ཟེ་ཞིག་བྲམ་ཟེའི་ཁྱེའུ་ལྔ་བརྒྱལ། བྲམ་ཟེའི་གསང་ཚིག་ཀློག་དུ་འཇུག་གོ།། དེ་ནས་བྲམ་ཟེའི་ཁྱེའུ་དེ་རྣམས་ཀྱིས། སྡེམ་དགའ་མོ་སྤྱོད་ཡུལ་དུ་འཇུག ་པ་མཐོང་ནས། ཐོ་བརྩམས་སོ།། ཇི་ཙམ་ན་སྦོམ་དགའ་མོས་འཁྲུ་བར་འགྱུར་བའི་སྨན་ཟོས་པས། དེ་མང་དུ་འཁྲུས་ནས། འཁྲུས་པ་དེ ་ཕྱགས་ཏེ། ནེའུ་གསིང་སྔོན་པོའི་སྟེང་དུ་སོང་ནས། དེ་འཁྲུ་བས་ནེའུ་གསིང་སྔོན་པོ་ཐམས་ཅད་དུ་སྦགས་སོ།། དེ་ནས་ཡང་བྲམ་ཟེའི་ཁྱེའུ་རྣམས་ལྷགས་ནས ་འདུག་སྟེ། དེ་དག་འི་སྐད་ཅེས། ཀུད་སའི་བུ་དག། བད་སའི་བུ་དག། བྷ་ར་ད་ཛའི་བུ་དག། ངན་སྐྱུགས་ཀྱི་དྲི་མནམ་མོ།། ཞེས་སྨྲས་པ་ལས། ཇི་ཙམ་ན་དེ་དག་གི ་ལག་པ་དང་། རྐང་པ་དང་། གོས་རྣམས་ངན་སྐྱུགས་ཀྱིས་འབགས་པར་གྱུར་ཏོ།། བྲམ་ཟེ་རྣམས་ནི་གཙང་སྦྲ་འདོད་པ་ཡིན་པས། དེ་ནས་བྲམ་ཟེའི་བུ་དེ་རྣམས་ཡིད ་མི་བདེ་ཞིང་འདུག་གོ།། དེ་ནས་ཡང་སྒོམ་དགའ་མོའི་བསོད་སྙོམས་ལ་སླར་ལོག་པ་ན། བྲམ་ཟེའི་ཁྱེའུ་དེ་རྣམས་ཡིད་མི་བདེ་ཞིང་འདུག་པ་མཐོང་ནས། འདི་སྐད་ཅེས ་སྨྲས་སོ།། ཀྱེ་བྲམ་ཟེའི་ཁྱེའུ་དག་ཅི་མང་དུ་གནོད་པ་བྱས་སམ། ཇི་ཙམ་ན་རྒོད་ནས་འདི་སྐད་ཅེས། ཁྱོད་དེ་ལྟར་བཅོས་སོ་ཞེས་བྱ་བ་ནས། སྨོད་པར་བྱེད་པའི་སྐབས། ་ཏེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང ་དགེ་སློང་མ་གང་ནེའུ་གསིང་སྔོན་པོ་ལ་བཤང་བ་འདོར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ནེའུ་གསིང་སྔོན་པོ་ལ་བཤང་བ་མདོར་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ནེའུ་གསིང་སྔོན་པོ་ལ་ཞེས་བྱ་བ་ནི་རྩ་སྔོན་པོ་ལ་བཤང་པ་འདོར་ན། ཞེས་བྱ་བ་ནི། མི་གཙང་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྙམ་དུ། ནེའུ་གསིང་སྔོན་པོ་ལ་དོར་རོ་སྙམ་ནས། བཤད་པ་འདོར་ན། ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་དགུ་པའི་གསུམ་པ་རྫོགས་སྷོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། ་བམ་པོ་ཉི་ཤུ་གསུམ་པ། གླེང་གཞི་ནི་མཉན་ཡོད་ནའོ།། སྦོམ་དགའ་མོས་མང་དུ་ཟོས ་ཤིང་། མང་དུ་འཐུངས་པས། དེ་མཚན་མོ་གཅི་བས་ཐེབས་ནས། དེ་ཤོལ་ཟངས་བཞག་ཏེ་བཅིས་སོ།། དེ་ནས་ཡང་གླང་པོའི་སྣ་ཆེན་པོ་ལ་གཏོགས ་པ་དཔལ་སྐྱེད་ཅེས་བྱ་བ། རྒྱལ་པོ་གསལ་རྒྱལ་གྱིས་ཆད་པས་བཅད་པ་ཞིག་ཡོད་པ་དེ། ནང་པར་གྱི་དུས་སུ་དབྱར་ཁང་དང་ཉེ་བ་ཞིག་ནས་རྒྱལ་པོའི་ཕོ་བྲང་དུ ་སོང་པ་ལས། སྦོམ་དགའ་མོ་དེས་ཤོལ་ཟངས་གཅིན་གྱིས་བཀང་བ་མ་བརྟགས་པར་གཏོར་པས། མགོ་ལ་ཕོག་པར་གྱུར་ཏོ་ཞེས་བྱ་བ་ནས། དེ་རིང་བདག་ལ་བཀྲ ་ཤིས་པར་འགྱུར་རམ། འོན་ཏེ་བཀྲ་མི་ཤིས་པར་འགྱུར་སྙམ་པ་ལས། ཇི་ཙམ་ན་རི་དགས་འཛིན་གྱིས་རྒྱལ་པོ་དཔལ་སྐྱེད་ལ་བཟོད་པ་བྱེད་དུ་བཅུག་ནས། འདི་ལྟར་རྒྱལ ་པོས་གླང་པོ་ཆེ་པད་མ་དཀར་པོ་ཞེས་བྱ་བ་གཅིག་དང་། དེའི་དབང་ཐང་ཉིད་ཀྱང་སླར་བྱིན་ནོ།། དེ་ནས་དཔལ་སྐྱེད་ཀྱིས་རས་ཡུག་པོ ་ཆེ་ཅིག་ཁྱེར་ཏེ། དགེ་སློང་མའི་དབྱར་ཁང་དུ་ཕྱིན་པ་ཇི་ཙམ་ན། སྦོམ་དགའ་མོས་ཐོས་ནས། སྐྲག་པར་གྱུར་པ་དང་། ཞེས་བྱ་བ་ནས། དཔལ་སྐྱེད་ཀྱིས་འདི ་སྐད་ཅེས་སྨྲས་ནསོ།། གང་གིས་ནང་པར་གྱི་དུས་སུ་ཁོ་བོ་ལ་གཅིན་གཏོར་བའི། དེའི་གཅིན་ནི་བཀྲ་ཤིས་པར་གྱུར་དགའ་བར་བྱེད་པ་ཡིན་པས། དེ་ལ་ཁོ་བོ་དེ་རེང ་ཁསྐོན་པ་རས་ཡུག་པོ་ཆེ་འབུལ་ན། དགེ་སློང་མ་གང་ལགས་དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས། ཁོ་མོ་ཡིན་ནོ་ཞེས་སྨྲས་པ་དང་། དེས་དེ་ལ་རས་ཡུག ་པོ་ཆེ་ཅིག་བསྐོན་ནོ།། ཇི་ཙམ་ན་སྦོམ་དགའ་མོ་དགེ་སློང་མ་རྣམས་དང་ལྷན་ཅིག་ཐབ་མོ་བྱུང་བ་དེའི་ཚེ། དེ་ན་རེ་ངན་སྐྱུགས་ཀྱང་ཁྱེད་དང་མི་མཚུངས་སོ་ཞེས ་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བརྟགས་པར་དོར་བར་མི་བྱའོ།། འདོར་ན་ལྟུང་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་གང་མ་བརྟགས་པར་བཤང་བ་དང་། གཅི་བ་འདོར་ན་ལྟུང་བྱེད་དོ།། ཡང ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མ་བརྟགས་པར་ཞེས་བྱ་བ་ནི་བརྟག་མ་མ་བྱས་པར་རོ།། གཤང་བ་འམ་གཅི་བ་འདོར་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི་གོང་མ་བཞིན་ནོ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མ་བརྟགས་པར་བཤང་བ་འམ། གཅི་བ་འདོར་ན་ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་རོ།། གལ་ཏེ་ཁང་སྟོང་ངམ་རྩིག་པ་རལ་བ་ཡིན་ན་ལྟུང་བྱེད་དོ།། ལྟུང་བྱེད་དགུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ནི།། ་སྐྱབས་ཡོད་པར་ནི་སྐྱེས་པ་དང་།། དགེ་སློང་མ་དང་འདུག་མི་བྱ།། བླ་གབ་མེད་པར་སྐྱེས་པ་དང་།། དགེ་སློང་མ་གཉིས་མ་ཡིན་དང་།། འབའ་ཞིག་གནས་པར ་མི་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྐྱེས་པ་དང་ལྷན་ཅིག་སྐྱབས་ཡོད་པ་ན་གཏམ་བྱེད་པ་དང་། བྲམ་ཟེ་དང་། ཁྱིམ་བདག ་གིས་ཆུང་མ་རྣམས་ཀྱིས་འདི་སྐད་ཅེས་ད་ལྟར་བརྡའ་བྱས་ནས། མཚན་མོ་ཉེས་པར་སྤྱད་པར་སྤྱོད་པར་འགྱུར་རོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སློད ་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ།། ་ཡང་དགེ་སློང་མ་གང་གཅིག་པུ་སྐྱེས་པ་གཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྐྱེས་པ ་དང་ལྷན་ཅིག་ཅེས་བྱ་བ་ནི་ཕོ་དང་ངོ་།། གཅིག་པུ་ཞེས་བྱ་བ་ནི་གང་ན་གསུམ་པ་སྐྱེས་པ་འམ། བུད་མེད་དམ་མ་ནིང་མེད་པར་རོ།། དབེན་པ་སྐྱབས་ཡོད་པ་ཞེས་བྱ། ་བ་ལ། སྐྱབས་ཡོད་པ་ནི་གསུམ་སྟེ། རྩིག་པའི་སྐྱབས་ཡོད་པ་དང་། སབ་མའི་སྐྱབས་ཡོད་པ་དང་། ཡོལ་བའི་སྐྱབས་ཡོད་པའོ།། འདུག་ན ་ཞེས་བྱ་བ་ནི་གཏམ་ཟེར་ཞིང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་སྐྱེས་པ་དང་ལྷན ་ཅིག་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། ་གང་གི་ཚེ་འཆར་ཀ་དང་། སྦེད་མ་རབ་ཏུ་བྱུང་བ་དེའི་ཚེ། འཆར་ཀ་དགེ་སློང་མའི་དབྱར་ཁང་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྦེང་མ་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན ་འདུག་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས ་བྱ་བ་ནས། བསླབ་པ་བཅའ་བའི་བན་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་དགེ་སློང་གཅིག་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་པ་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦེད་མའོ།། གཅིག་པུ་དགེ་སློང་གཅིག་དང་ལྷན་ཅིག་ཞེས་བྱ་བ་ནི། གང་ན་གསུམ་པ། སྐྱེས་པ་དང་། བུད་མེད་དང་། མ་ནིང་མེད་པར་འཆར་ཀ་དང་པོ ་དབེན་པ་སྐྱབས་ཡོད་པ་ན་ཞེས་བྱ་བ་ནི་བར་གོང་མ་བཞིན་ནོ།། འདུག་ན་ཞེས་བྱ་བ་ནི་གཏམ་སྨྲ་ཞིང་ངོ་།། ལྟུང་བྱེད་དོ་ཞེས་བྱ་བ་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་དང་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་གྲོགས་གཉིས་པ་ཡོད་ན་ལྟུང་བ་མེད་དོ།། ་ལྟུང་བྱེད་བཅུ་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྐྱེས་པ་ཞིག་དང་ལྷན་ཅིག་བླ་གབ་མེད་པར་འདུག་ནས། ་རྐུན་ལ་རྩེད་མོ་ཞེས་བརྡའི་ཚིག་སྨྲའོ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པུ་སྐྱེས་པ་གཅིག་དང་། ལྷན་ཅིག་བླ་གབ་མེད ་པར་དབེན་པར་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཞིན་ནི་སྔ་མ། བཞིན་ནོ།། བླ་གབ་མེད་པ་ཞེས་བྱ་བ་ནི་ཐང་ལའོ།། དབེན་པར་འདུག་ན ་ཞེས་བྱ་བ་ནི། གཏམ་ཟེར་ཞིང་སྟེ། ཁྱེད་པར་ནི་འདི་ཡོད་དོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་ཙམ་ཅུ་། ་ཟད་སྐྱེས་པ་དང་། ལྷན་ཅིག་བླ་གབ་མེད་པ་ན་འདུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གྲོགས་ཡོད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཅུ་པའི་གསུམ་པ་རྫོགས་སྷོ། ་དེ་བཞིན་དུ་སྦེད་མ་དང་། འཆར་ཀ་དབེན་པ་བླ་གབ་མེད་པ་ན་འདུག་ནས་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ ་གང་གཅིག་པུ་དགེ་སློང་ཅིག་དང་ལྷན་ཅིག་བླ་གབ་མེད་པར་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦེད་མའོ།། དགེ་སློང་ནི་འཆར་ཀའོ།། གཞན་ནི་གོང་ན་འབྱུང་བ ་བཞིན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བྱ་བ་སྔ་མ་བཞིན་ནོ།། ་གྲོགས་ཡོད་ན་ལྟུང་བ་མེད་དོ།། ལྟུང་བྱེད་བཅུ་པའི་བཞི་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། སྦོམ་དགའ་མོས་སྐྱེས་པ་ཞིག་ལ་བརྡ་བྱས་པ ་དང་། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ནི་རབ་ཏུ་བྱུང་བ་ལགས་ལ། བདག་ཀྱང་ཁྱིམ་པའི་ནང་ན་དགེ་བསྙེན་ལགས་ཏེ། གལ་ཏེ་འགའ་ཞིག་གིས ་ཤེས་པར་གྱུར་ན་གཉིས་ཀ་སྨད་པར་འགྱུར་རོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཇི་སྙམ་དུ་སེམས། དང་དང་། རྔ་པ་ཏ་ཧ་འབུད་ཅིང་འོད་དགོས་སམ། དེ་ལྟ ་མོད་ཀྱི་དབྱར་ཁང་གི་གནས་ཁང་ད་ཤོག་ཤིག། ཇི་ཙམ་ན་སྐྱེས་པ་དེ་གནས་ཁང་དུ་འོངས་སོ།། དེ་ནས་སྦོམ་དགའ་མོས་སྐྱེས་པ་དེ་སྐྱབས་ཡོད་པར་ཁྲི་སྟེང་དུ་འདག་ཏུ ་བཅུག་ནས། འདི་སྐད་ཅེས་སྨྲས་སོ།། ཁོ་མོ་མཁན་མོའི་ཞབས་བཀྲུ་བའི་ཆེད་དུ་ལྟ་ཞིང་འགྲོའོ་ཞེས་སྨྲས་ནས་སོང་ངོ་།། དེས་ཀྱང་མཁན་མོ་ལ་ཞུས་ནས། ལུས ་ཡང་མནོས། གཞོན་ན་མ་རྣམས་ལ་ཡང་ལུང་ཕོག་གཏམ་དག་གླེང་པ་ཡང་བྱས་ཏེ། དེ་ལྟར་བྱ་བ་མང་ཞིང་བསྒྲུབ་པ་མངས་པས། ཇི་ཙམ་ན་སྐྱེས་པ་དེ་བརྗེད་དོ།། ་དེ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ནས། གནས་ཁང་གི་ནང་དུ་ཞུགས་ཏེ། ཁྲི་སྟེང་དུ་འདག་པ་དང་། སྐྱེས་པ་ཡང་འགུལ་བར་བརྩམས་སོ།། དེས་འགུལ ་པས་ཁྲི་ལྡེགས་པ་དང་། དེས་རྐུན་པོ་བྱུང་ངོ་ཞེས་ལུས་བཏབ་པ་དང་། དེ་ནས་སྐྱེས་པ་དེ་ཡང་ཁ་ཟེར་ཞིང་བྲོས་སོ།། དགེ་སློང་མ་རྣམས་ཀྱིས་འཕྲིགས་ཏེ། འཕྲིགས་ནས ་ཀྱང་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད ་དེ། ཡང་དགེ་སློང་མ་གང་གཅིག་པུ་གཉིས་སུ་མེད་པར། དགེ་སློང་མ་མེད་པའི་གནས་ཁང་དུ་མཚན་མོ་གནས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ ་དགའ་མོའོ།། གཅིག་པུ་གཉིས་སུ་མེད་པ། དགེ་སློང་མའི་གནས་ཁང་དུ་མཚན་མོ་གནས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཅིག ་པུ་གཉིས་སུ་མེད་པ་དགེ་སློང་མའི་གནས་ཁང་དུ་གནས་པར་བྱེད་ན་ཞེས་བྱ་བ་ནི་ཉལ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མ་ཇི་ཙམ་ཅུང་ཟད་གཅིག་པུ་གཉིས་སུ་མེད་པར་གནས་ཁང་ད་ཉལ་བར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་པའི་ཚིགས་སུ་བཅད་པའི་སྡོམ ་རྫོགས་སྷོ།། ། སྡོམ་ལ། རྣ་བར་བཤུབ་པ་གཉིས་དང་ནི།། བདག་ཉིད་ལ་ནི་འཐོ་འཚམ་དང་།། ཚངས་པར་སྤྱོད་ལན་མིན་དང་།། ཉེས་པར་མཐོང་བས ་མི་གླེང་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་སྐྱེས་པ་ཞིག་གི་རྣ་བར་གཤུབས་པ་དང་། བྲམ་ཟེ་དང་། ཁྱིམ་བདག་དག་ན་རེ་གང་གི་ཕྱིར་རབ་ཏུ ་བྱུང་བ་ཡང་། ཁྱིམ་ན་གནས་པའི་རྣ་བར་གཤེབ་ལ། ཁྱིམ་ན་གནས་པ་ཡང་གཤུབ་པར་བྱེད་ན། འདི་གཉིས་ལ་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་ཅི། ་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། ཅེས་འཕྱ་བར་བྱེད་པ་ནི། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྐྱེས་པའི་རྣ་བར་གཤུབ་པར་བྱེད་ན་ལྟུང་བྱེད་དོ།། ཡང ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རྣ་བར་གཤུབ་པར་བྱེད་ན་ཞེས་བྱ་བ་ནི། རྣ་བར་གཏམ་སྨྲ་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱེས་པའི་རྣ་བར་གཤུབ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཅིག་པོའི་དང་པོ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་སྦེད་མ་འཆར་ཀའི་རྣ་བར་གཤུབ་པར་བྱེད་པ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་། དགེ་སློང་། ་དང་ལྷན་ཅིག་རྣ་བར་གཤུབ་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦེད་མའོ།། དགེ་སློང་ཞེས་བྱ་བ་ནི་འཆར་ཀའོ།། ལྷན་ཅིག་རྣ་བར་གཤུབ་པར་བྱེད་ན་ཞེས ་བྱ་བ་ནི། རྣ་བར་གཏམ་སྦ་བར་བྱེད་པ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་གི་རྣ་བར་གཤུབ་པར་བྱེད་ན་ཐམས་ཅད ་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཅིག་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོ་དགེ་སློང་མ་རྣམས ་དང་ལྷན་ཅིག་ཐབ་མོ་བྱུང་བ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་རྩོད་པ་འགའ་ཞིག་ལ་གླེང་བར་བྱེད་དེ། དེ་གླེངས་པ་ན་རང་ལ་འཚོག་པར་བྱེད་པ་དང་། དོན་ཉུང་བའི་དགེ ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར ་དུ་མཛད་དེ། ཡང་དགེ་སློང་མ་གང་འཁྲུགས་ནས་ལ་རྡེག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རང་ལ་བརྡེག་ན་ཞེས་བྱ་བ་ནི། རང་ལ་འཚོག་པར ་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་གི་ལུས་ལ་བརྡེག་ན་ཐམས་ཅད་དུ་ལྟུང་བྱེད ་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཅིག་པའི་གསུམ་པ་རྫོགས་སྷོ།། ཕྲེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས། གང་དུ་ཁ་མི་འདུམ ་བ་ཅི་བྱུང་ཡང་རུང་། ཐམས་ཅད་དུ་སངས་རྒྱས་ལ་མནའ་འདོར་བར་བྱེད། ཆོས་དང་དགེ་འདུན་དང་། ཚངས་པར་སྤྱོད་པ་ལ་གནས་པ་དང་། མཁན་མོ་དང་སློབ ་དཔོན་ལ་མནའ་འདོར་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། དོན་ཉུང་བའི་དགེ་སློང་མ་རྣམས་འཕྱ་བར་བྱེད་པའི་བར་གྱི ་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ ་སློང་མ་གང་ཚངས་པར་སྤྱོད་པ་ལ་མནའ་འདོར་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ཚངས་པར་སྤྱོད་པས་ཞེས་བྱ་བ ་ནི། ཚུལ་ཁྲིམས་ལ་མན་འདོར་བའོ།། མནའ་འདོར་བར་བྱེད་ན་ཞེས་བྱ་བ་ནི། ཡིད་ཆེས་པར་བྱ་བའི་ཕྱེད་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སངས་རྒྱས་ལ་མནའ་འདོར་བར་བྱེད་ན་ལྟུང་བྱེད་དོ།། ཆོས་ལ་ན་ལྟུང་བྱེད་དོ།། ་དགེ་འདུན་ལ་ན་ལྟུང་བྱེད་དོ།། ཚངས་པར་སྤྱོད་པ་ལ་གནས་པ་ལ་ན་ལྟུང་བྱེད་དོ།། མཁན་མོ་དང་། སློབ་དཔོན་ལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་ལྟུང་བྱེད་བཅུ་གཅིག་པའི་བཞི་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས་དགེ་སློང་མ་རྣམས་དང་ལྷན་ཅིག ་ཐབ་མོ་བྱུང་བ་ན། དགེ་སློང་མ་རྣམས་ལ་གླེང་བར་བྱེད་དེ་གང་གི་ཚེ་ལྕོགས་པར་མི་ནུས་པ་དེའི་ཚེ། དེ་དག་དགེ་སློང་མ་རྣམས་ལ་ཉེས་པར་མཐོང་བས་གླེང་བར་བྱེད། ་ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་བར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་རྣམས་ལ། ཉེས་པར་མཐོང ་བ་དང་། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་གླེང་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། དགེ་སློང་མ་རྣམས་ལ་ཞེས་བྱ། ་བ་ནི། ཆོས་འདི་པ་རྣམས་ལའོ།། ཉེས་པར་མཐོང་བས་གླེང་ན་ལྟུང་བྱེད་དོ།། ཉེས་པར་ཐོས་པ་དང་། ཉེས་པར་དོགས་པས་མ་བརྟགས་པར་གླེང་བར ་བྱེད་ན་ཞེས་བྱ་བ་ནི་གཤེ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཉེས་པར་མཐོང་བས ་གླེང་ན་ལྟུང་བྱེད་དོ།། ཉེས་པར་ཐོས་པས་ན་ལྟུང་བྱེད་དོ།། ཉེས་པར་དོགས་པས་ན་ལྟུང་བྱེད་དོ།། ལྟུང་བྱེད་བཅུ་གཅིག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། ་སྡོམ་ལ། མུན་པར་རྒྱ་སྐྱེགས་བཅངས་པ་དང་།། མ་གཏང་བར་ནི་འགྲོ་བ་དང་།། ཁྱིམ་པའི་སྟན་ནི་བཤམས་པ་དང་།། དེར་ནི་ཉལ་བར་མི་བྱའོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ལྗོངས་རྒྱུ་བ་ན། རི་འོར་ཞིག་ཏུ་ཕྱིན་ནས། དེ་དག་གིས་དེར་ཁྱིམ་བདག་གཅིག་ལ། ་གནས་ཞིག་བརླས་ཏེ། དེ་དག་ནུབ་མོ་དེ་ན་བརྟེན་ཅིང་འཁོད་པ་ལས། ཇི་ཙམ་ན་མཚན་མོ་ནམ་སྲོས་པ་ན། ཆར་བབ་དེ་དག་ཕུགས་ལོགས་སུ་ནུར་ཏེ་ཞགས་པ་དང་། ་དེ་ན་ཡང་སྐྱེས་པ་ཞིག་སྔར་ཞུགས་པ་ཞིག་ཡོད་པ་དེས། དགེ་སློང་མ་བཟུང་བ་དང་། དེས་ལུས་བཏབ་བོ།། ཇི་ཙམ་ན་དགེ་སློང་རྣམས་ཀྱིས་གསོལ་བ་བྱས་ཏེ། ་བཏང་བ་ནས། མཉན་ཡོད་དུ་ལྷགས་པ་དང་། སྐབས་དེ་དགེ་སློང་མ་རྣམས་ལ་རྒྱས་པར་སྨྲས་པའི་བར། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ ་པ་དང་། བཅོམ་ལྡན་འདས་ཀྱིས་དགོངས་པ། ཉེས་དམིགས་གང་བྱུང་བ་དེ་ནི་དགེ་སློང་མ་དག་ཁྱིམ་དུ་མ་བརྟགས་པར་གནས་འཆའ་བ་ལས་གྱུར་ཏོ་སྙམ་ནས། ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནས་མ་བརྟགས་པར་གནས་སུ་གནས་འཆ ་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་ཆོས་འདི་བདག་གིའོ།། གནས་ལ་མ་བརྟགས་པ་ཞེས་བྱ་བ་ནི། བརྟག་པ་མ་བྱས་པར་རོ།། གནས་པར་བྱེད ་ན་ཞེས་བྱ་བ་ནི། ཁྱིམ་པའི་ཁྱིམ་དུ་ཉལ་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་ཙམ་ནུབ ་ཟད་མུན་ཁུང་དུ་ཉལ་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཉིས་པའི་དང་པོ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་སྦོམ་དགའ་མོ་ཁྱིམ་ཐབ་བྱེས་སུ་སོང་བའི་ཆུང་མ་ཞིག་གི་དྲུང་དུ་སོང་ནས་དྲིས་པ། ཁྱོད་དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན་མོངས་པ་སེལ་བར་བྱེད། ཁྱོད་ནི ་རབ་ཏུ་བྱུང་བ་ལགས་ན། འདི་ཅིར་འཚལ་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པ་ལགས་སོ་ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོས་ཇི་ཙམ་ན་བཙུན་མོ ་ཕྲེང་ལྡན་མའི་དྲང་དུ་སོང་ནས། དྲིས་པ། བཙུན་མོ་གལ་ཏེ་གསུས་པོ་ཆེ་ཡུལ་གཞན་དུ་གཤེགས་ན། དེའི་བར་དུ་ཇི་ལྟ་བུ་ཞིག་གིས་ཉོན་མོངས་པ་སེལ་བར ་མཛད། དེས་འདི་སྐད་ཅེས་ཁྱོད་ནི་རབ་ཏུ་བྱུང་བ་ཡིན་ན། འདི་ཅི་དགོས་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པས་ཡིན་ནོ་ཞེས་བྱ་བའི་བར་རོ།། དེ་ནས་སྒོམ ་དགའ་མོ།། རྒྱ་སྐྱེགས་ཀྱི་ཚིགས་མ་མཁན་གྱི་དྲུང་དུ་སོང་སྟེ་ཞེས་བྱ་བ་ནས། རྒྱ་སྐྱེགས་བཅངས་པ་ཞིག་ཉོས་ཏེ། ཇི་ཙམ་ན་དབྱར་ཁང་དུ་འོངས་ནས། མཚན་མོ ་རྐང་པའི་རྟིང་པ་ལ་བཅིངས་ནས། ཉོན་མོངས་པ་སེལ་བར་བྱེད་པ་དང་། ཇི་ཙམ་ན་དབྱར་ཁང་ན་མེ་ཤོར་བར་གྱུར་ཏོ།། དེ་ནས་སྦོམ་དགའ་མོ་སྔངས་ཤིང་བཏབས་པས། ་གཅེར་བུ་སྒྲེན་མོར་སྦས་ལས་བབས་པ་དང་། ཀྲོལ་ཀྲོལ་ཟེར་བའི་སྡེ་བྱུང་བ་ནི། སྐྱེ་བོའི་ཚིགས་ཆེན་པོས་བགད་དོ་ཞེས་བྱ་བ་ནས། དེས་འདི་སྐད་ཅེས་མ་ལ་དྲིས་ཤིག། ་སྲིང་མོ་ལ་དྲིས་ཤིག། བུ་མོ་ལ་དྲིས་ཤིག་ཅེས་སྨྲས་སོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རྒྱ་སྐྱེགས ་བཅངས་པ་འཆང་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བཅངས་པ་ཞེས་བྱ་བ་ནི། རྒྱ་སྐྱེགས་ལས་བཙོས་པའོ།། འཆང་ན་ཞེས་བྱ་བ་ནི་རང་གིས ་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྒྱ་སྐྱེགས་བཅངས་པ་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ ་འགྱུར་རོ།། དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཤེས་བྱ་བ་ནས། བཙུན་མོ་སྦོམ་དགའ་མོས་སྐྱེ་བོའི་ཚོགས་ཆེན་པོ་གད་མོ་གཏོན་པ་ལ་གཟིགས་ཞེས་བྱ་བའི་བར་རོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་ད་ལྟར་གྱི་འདིར་མ་ཟད་ཀྱི། འདས་པའི་དུས་ན་ཡང་སྦོམ་དགའ་མོས་སྐྱེ་བོའི་ཚོགས་ཆེན་པོ་གད་མོ་གཏོན་པ་དེ་ཉོན་ཅིག། ་དགེ་སློང་དག་སྔོན་བྱུང་བ་འདས་པ་ན། གྲོང་ཁྱེར་བ་ར་ན་སེར། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་རྒྱལ་སྲིད་བྱེད་དུ་འཇུག་གོ།། ཇི་ཙམ་ན་བྲམ་ཟེ་ཅིག་གིས། ལྗོངས་ཀྱི་བྲམ། ་ཟེ་ཞིག་གི་བུ་མོ་ཆུང་མར་བླངས་པ་དང་། ཞེས་བྱ་བ་ནས། བྲམ་ཟེའི་བུ་མོ་དེ། བྲམ་ཟེ་དེ་ལ་འཇར་དུ་མ་བཏུབ་ནས་ཞེས་བྱ་བའི་བར་ཏེ། གྱོས་པོའི་ཁྱིམ་དུ་སྐྱལ་བའི་ཕྱིར། ་བུ་མོ་དེ་བོང་བུ་ཞིག་ལ་ཞོན་ཏེ། བུ་མོ་དེའི་ཕའི་ཁྱིམ་གང་ན་བ་དེར་ཆས་པ་དང་། ཇི་ཙམ་ན་བུ་མོ་དེས་དྲིས་པ་ལས། དེས་ཀྱང་སྨྲས་སོ་ཞེས་བྱ་བ་ནས། བུ་མོ་དེས་དྲིས་པ་ན། ་ཐ་སྙད་ཇི་ལྟ་བ་བཞིན་དུ་བྲམ་ཟེ་དེས་ཉལ་བར་བརྩམས་སོ་ཞེས་བྱ་བ་ནས། བྲམ་ཟེ་ནི་གཙང་སྦྲ་འདོད་པ་ཡིན་པས། ཆུ་ལེན་པར་བྱེད་པ་ན་ཇི་ཙམ་ན་བྱ་མ་བུམ་འཕྲོགས་པའི ་སྒྲས་བོང་བུ་འདྲོགས་ཏེ། དེ་འདྲོགས་པས་བུ་མོ་ཆ་བྱད་དེ་ཉིད་ཀྱིས་གྲོང་ཁྱེར་པ་ནས་སྐྱེ་བོའི་ཚོགས་ཆེན་པོས་གད་མོས་བཏབ་པའི་བར་རོ།། དེ་ནས་བྲམ་ཟེ་དེས་དེའི་ཚེ། ་ཚིགས་སུ་བཅད་དེ་སྨྲས་པ། བྱ་མ་བུམ་ནི་འཁྲོགས་པ་ཡིས།། བོང་བུ་རབ་ཏུ་འདྲེགས་གྱུར་ཏེ།། བུད་མེད་འདིའི་ལས་དག་གིས།། བདག་ཀྱང་འདིར་ནི་ངོ་ཚའོ།། ་དགེ་སློང་དག་ཇི་སྙམ་དུ་སེམས། བྲམ་ཟེའི་བུ་མོ་གང་ཡིན་པ་དེ་ནི་སྦོམ་དགའ་མོ་འདི་ཉིད་ཡིན་ཏེ་ཞེས་བྱ་བ་ནས་སྔོན་དང་ད་ལྟར་ཡང་ཞེས་བྱ་བའི་བར་རོ།། ལྟུང་བྱེད་བཅུ ་གཉིས་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོས་སྦོམ་དགའ་མོ་འཕགས་མ་ཆོས་བཤད ་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། དེས་འདི་སྐད་སྙན་ཤོམས་ཤིག་ཅེས་སྨྲས་སོ།། དེ་དག་གིས་དེའི་ཆེད་དུ་སྟན་བཤམས་པ་དང་། དེ་སྟན་བཤམས་པ་ཉིད་ལ་འདུག ་ནས་ཁ་རྩིག་པ་ལ་ལྟས་ཏེ། མོད་རིང་པོ་བཟུང་སྟེ་འཆད་པ་ལ་ཞུགས་སོ།། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་དག་འདི་སྙམ་དུ་སེམས་ཏེ། དགེ་སློང་མ་རྣམས་ཀྱིས ་ལས་ནི་ཀླག་པར་བྱ་བ་དང་དྲན་པར་བྱ་བ་འདི་ཁོ་ནར་ཟད་ཀྱི། བདག་ཅག་ནི་ཁྱིམ་གྱི་བྱ་བ་དག་ཉམས་པར་འགྱུར་རོ།། སྙམ་དུ་བསམ་ནས་དོང ་ཕྱི་བཞིན་དུ་འབྲང་བའི་དགེ་སྦྱོང་མ་དེས་སྨྲས་པ། འཕགས་མ་སུ་ལ་ཆོས་འཆད་དེས་འདི་སྐད་སྨྲས་སོ།། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ལའོ།། དེ་དག་ནི ་སྐྱེ་ནས་དོང་ལགས་སོ།། ཞེས་བྱ་བ་ནས། སྦོམ་དགའ་མོས་ཀྱང་སྟན་བོར་ཏེ་སོང་ངོ་ཞེས་བྱ་བའི་བར་རོ།། སྟན་དེ་མ་བྱིན་པར་ལེན་པ་དག་གིས་རྐུས་སོ་ཞེས་བྱ་བ་ནས། ་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ཁ་ཟེར་བར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཆོས་འཆད་པ་ན། ཁྱིམ་པ་ལ་སྟན་མ་བཏད་པར་བོར་ཏེ་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། སྒོམ ་དགའ་མོའོ།། སྟན་མ་བཏད་པར་ཞེས་བྱ་བ་ནི་བདག་པོ་ལ་མ་བཏད་པར་རོ།། འགྲོ་ན་ཞེས་བྱ་བ་ནི་སོང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྟན་བདག་པོ་ལ་མ་བཏང་བར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཉིས་པའི་གསུམ་པ ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཡུལ་དབུས་པའི་ཡུལ་ཆོས་ཀྱིས་བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱི་ཁྱིམ་ན་སྟན་བཤམས་པ་དག་མི་བརྟུལ ་བ་ཡིན་པས། བྲམ་ཟེ་ཞིག་གི་སྟན་བཤམས་ནས། དེར་སྲུངས་མ་ཞིག་བཞག་གོ།། སྦོམ་དགའ་མོ་ཡང་དེར་བསོད་སྙོམས་ཀྱི་ཕྱིར་ཞགས་ཏེ། དེས་འདི་སྐད་ཅེས་སྨྲས་སོ།། ་མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེ་ནས་བུད་མེད་དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྟན་སྲུངས་ལགས་སོ།། ཁོ་མོས་སྲུང་གིས་ཁྱོད་སོང་ལ ་བསོད་སྙོམས་ཁྱེར་ཏེ་ཤོག་ཤིག། བུད་མེད་དེ་ཡང་བསོད་སྙོམས་ཀྱི་ཕྱིར་ནང་དུ་ཞུགས་པ་དང་། སྦོམ་དགའ་མོས་ཀྱང་བྲམ་ཟེའི་སྟན་ལ་འདུག་གོ།། བྲམ་ཟེ་དེ ་འོངས་པ་ན་སྦོམ་དགའ་མོ་སྟན་དེའི་སྟེང་ན་འདུག་པ་མཐོང་ནས། སྨོད་པར་བྱེད་དོ་ཞེས་བྱ་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་གནང་བར་ཁྱིམ་གྱི་ནང་དུ་སྟན་ལ་འདག་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མ་གནང་བར་ཞེས་བྱ་བ་ནི་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་རོ།། ཁྱིམ་གྱི་ནང་དུ་ཁྱིམ་པའི་སྟན་ལ་འདུག་ན་ཞེས་བྱ་བ་ནི ་བཀའ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མ་གནང་བར་ཁྱིམ་པའི་སྟན་ལ་འཇུག་ན། ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཉིས་པའི་བཞི་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རབ་ཏུ་མང་ངོ་།། ་ལྗོངས་རྒྱུ་ཞིང་དོང་བ་དང་། ཐ་ག་པ་ཞིག་གི་ཁྱིམ་དུ་ནུབ་མོ་བྲང་བཏབ་སྟེ་འདུག་གོ།། དེའི་འོག་ཏུ་མུན་སྲོས་པ་དང་། ཁྱིམ་བདག་འོངས་དེ་དེས་དགེ ་སློང་མ་དེ་དག་མ་མཐོང་མ་ཐོས་སོ།། དེ་ནས་ཁྱིམ་བདག་དེ་ཆུང་མ་དང་ལྷན་ཅིག་ཀུན་ཏུ་སྦེད་པ་ལ་ཞགས་པ་ན། དེས་སྐད་ངན་ཤོར་བ། གཞོན་ནུ་རབ་ཏུ་བྱུང་བའི་དགེ ་མ་ཞིག་ཡོད་པ་དེས་ཐོས་ནས་བགད་དོ།། དེ་ནས་ཁྱིམ་བདག་གིས། ཁྱིམ་བདག་གི་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། དེ་སུ་ཞིག་དེས་སྨྲས་པ། དགེ་སློང་མའོ།། ཁྱིམ་བདག ་དེས་ཐོས་ནས་ཁྲོས་ཏེ་འདི་སྐད་ཅེས་ཅིའི་ཕྱིར་ཁྱོད་ཀྱིས་འཇིག་རྟེན་ལ་ཅོ་འདྲི་བ་རྣམས་ཀྱི་གནས་སྨིན་ཞེས་སྨྲས་ནས། དེ་ཁྲོས་ཏེ་ནམ་བྱེད་ན་སྒོར་བཏོན་པ་དང་། དེ་དག་གིས ་གསོལ་བ་བཏབ་པ་དང་། ཞེས་བྱ་བ་ནས། སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་ཁྱིམ་གྱི་ནང་དུ་ནུབ་མོ་གནས་བཅས་ཏེ་འདུག་ན་ལྟུང་བྱེད་དོ།། ཡང་ཞེས་བྱ་བ ་ནི་ཆོས་འདི་པའོ་ཐག་པའི་ཁྱིམ་གྱི་བདག་པོ་ལ་མ་བརྟགས་པར་ཁྱིམ་གྱི་ནང་དུ་ཞེས་བྱ་བ་ནི་ཐ་ག་པའི་ཁྱིམ་དུའོ།། ནུབ་མོ་གནས་བཅས་ཏེ་འདུག་ན་ཞེས་བྱ་བ་ནི ་ཉལ་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་གྱི་བདག་པོ་ལ་མ་བརྟག ་པར་ཁྱིམ་གྱི་ནང་དུ་ནུབ་མོ་གནས་འཆའ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གཉིས་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། སྡོམ་ལ། ་སྔ་ནས་འདུག་པར་ཤེས་པ་དང་།། ནད་པའི་རིམ་གྲོ་བྱ་བ་དང་།། དབྱར་ཁང་ནས་ནི་མེ་བསྐྲད་དང་།། ཁྲི་དང་གདིང་བ་གཅིག་ལ་མིན།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་སྦོམ་དགའ་མོ་ལྗོངས་རྒྱུ་ཞིང་ཁྱིམ་བདག་གཅིག་གི་ཁྱིམ་དུ་ཞུགས་པ་དང་། དེ་ན་ཡང་དགེ་སློང་མ་སྔ་ནས་འཁོད་པ་དག་ཡོད་པ་དེ་དག་གིས། དེ་ལ་འཇིག་རྟེན་པའི་ཚུལ ་དག་མ་བྱས་པ་དང་། དེས་དེ་དག་ལ་ཐབས་ཀྱིས་ཁྱིམ་དེ་ནས་བསྐྲད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དག་སྔ་ནས་འདག་པར་ཤེས་བཞིན ་དུ། དེའི་འོག་ཏུ་འོངས་ནས། ཁྱིམ་ནས་སྐྲད་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མའོ།། སྔ་ནས་འདུག་པར་ཞེས་བྱ་བ་ནི། ཐོག་མ་ནས་གནས ་བར་རོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། རང་ཉིད་ཀྱིས་སམ་གཞན་གྱིས་སྤྲས་པར་གྱུར་པའོ།། དགེ་སློང་མ་རྣམས་ཀྱིས་བྱ་བ་ནི་ཆོས་འདི་པ་དག་གོ།། དེའི་འོག་ཏུ་འོངས ་ནས་ཞེས་བྱ་བ་ནི་དུས་གཞན་ནའོ།། ཁྱིམ་ནས་སྤྲོད་ན་ཞེས་བྱ་བ་ནི་གནས་ནས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་སྔ་ནས་འདོད་པ་དག་ཁྱིམ་ནས་སྐྲོད་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་གསུམ་པའི ་དང་པོ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མོས། ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ་བར་བཞག་ནས། ན་བ་ན་རིམ ་གྲོ་མི་བྱེད་དོ།། དེ་དག་མགོན་མེད་པས་ཚུལ་མ་ཡིན་པས་སྡུག་བསྔལ་བར་གྱུར་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ ་བར་བཞག་ནས་ན་བ་ན། རིམ་གྲོ་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཉེ་བར་བཞག་ནས་ཞེས་བྱ ་བ་ནི། རབ་ཏུ་བྱུང་ཏེ་བཞག་ནས་སོ།། ན་བ་ན་ཞེས་བྱ་བ་ནི་ནད་ཀྱིས་ཐེབས་ནའོ།། རིམ་གྲོ་མི་བྱེད་ན་ཞེས་བྱ་བ་ནི་རྩ་བའི་སྨན་ལ་སོགས་པས་སོ། ལྟུང་བྱེད་དོ་ཞེས་བྱ་ནི། ་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོད་ཉེ་བར་བཞག་ནས་ན་བ་ན་རིམ་གྲོ་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་ལྟུང་བྱེད་བཅུ་གསུམ་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ། བདག་གིས་དགེ་སློང་མ་གང་ཞིག ་དབྱར་ཁང་འདི་ནས་བསྐྲད་པར་བྱ་སྙམ་པ་ལས། འདི་སྙམ་དུ་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་སྤོང་བ་པ་འཁོར་རྒྱ་ཆེན་པོ་ཅན་ཡིན་ནོ།། ཆོས་སྦྱིན་ལ་འདི་ཡང་ལུང་འབོགས ་པ་པ་འཁོར་རྒྱ་ཆེན་པོ་ཅན་ཡིན་ནོ།། གོའུ་ཏ་མི་སྐེམ་མོ་འདི་ནི་དོན་ཉུང་བ། འཁོར་དོན་ཉུང་བ་ཅན་ཡིན་གྱིས། གོའུ་ཏ་མི་ཆུ་རུ་བསྐྲད་པར་བྱའོ་སྙམ་དུ་དེས་བསམས་སོ།། ་དེ་ནས་སྦོམ་དགའ་མོ་སྔ་དྲོའི་ཚེ། ལྷོའི་གཏམ་དག་གླེངས་ནས། སྔ་དྲོ་ཤམ་ཐབས་བགོས་ཏེ། མ་ལུས་པར་ཆས་ཏེ་དོང་ངོ་།། ཇི་ཙམ་ན་གོའུ་ཏ་མི་སྐེམ་མོས་དགེ ་སློང་མ་དེ་དག་དགེ་བའི་ཕྱོགས་ལ་སྦྱར་ནས། དེ་ནས་གོའུ་ཏ་མི་སྐེམ་མོ་འདི་སྙམ་དུ་མ་ལ་བདག་གིས་སྦོམ་དགའ་མོ་ལ་ཡང་ཆོས་བཤད་པར་བྱའོ་སྙམ་དུ་བསམས་སོ།། ་དེ་ནས་གོའུ་ཏ་མེ་སྐེམ་མོས་དགའ་མོ་ལ། ཕུ་ན་མོ་ཅི་ཁྱོད་ལྟེ་ཁོ་ལ་སེམས་ཤིང་འདག་གི། དགེ་བའི་ཕྱོགས་ལ་མ་ཡིན་ནམ་ཞེས་ཆོས་བཤད་པར་བརྩམས་པ་དང་། ་དེ་ནས་སྦོམ་དགའ་མོ་འདི་སྙམ་དུ་བདག་གིས་ཡུན་རིང་མོ་ཞིག་ལོན་ནས་གླགས་རྙེད་དོ་སྙམ་དུ་བསམས་ཏེ། དེས་དེ་ལ་བུའི་ཤ་ཟན་མོ་སེམས་འཁྲུགས་མ། དུད་དུ་བཅུག ་མ་ཞེས་སྤྱོས་ནས། དབྱར་ཁང་གི་ནང་ལོགས་སུ་དབྱར་ཁང་ནས་བསླང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྲོས་འཁྲུགས་རྔམས་ཡིད་མ་རངས་པར་གྱུར་ནས། ་དགེ་སློང་མ་དབྱར་ཁང་ནས་བསྐྲོད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྲོས་འཁྲུགས་རྔ་མ་ཞེས་བྱ་བ་ནི། ཁྲོ་བའི་ཀུན་ནས་བཀྲིས ་པ་ལ་གནས་ནས་སོ།། དགེ་སློང་མ་ཞེས་བྱ་བ་ནི་གོའུ་ཏ་མི་སྐེམ་མོའོ།། དབྱར་ཁང་ནས་ཞེས་བྱ་བ་ནི་གནས་སོ།། སྐྲོད་ན་ཞེས་བྱ་བ་ནི་འབྱིན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ལུས་བསྐྱོད་པར་བྱེད་པ་འམ། ཚིག་ཏུ་སྨྲ་བར་བྱེད་པ་འམ། གཉི་ག་ལྡན་པས་ཏེ། སྤང་བའི་ལྟུང་བྱེད་ལས་ཇི་སྐད་འབྱུང་། ་བ་བཞིན་ནོ།། ལྟུང་བྱེད་བཅུ་གསུམ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་འཆི་ལྟས་མ་དང་། ཉེ་བའི་འཆི་ལྟས་མ་ཁྲི་གཅིག་ལ་ཉལ་བར་བྱེད་དོ།། དེ ་གཉིས་ཁྲི་གཅིག་ལ་ཉལ་བ་ན། དཔེར་ན་སྐྱེས་པ་དང་། བུད་མེད་ལྷན་ཅིག་འཁོད་པ་བཞིན་དུ། རྒོད་པ་དང་། འཕྱར་གཡེང་བ་དང་། ལུས་ཀྱི་ཙ་བ་ཧྲལ་བྱེད་པ་དང་། དོན་ཉུང ་བའི་དགེ་སློང་མ་རྣམས་འཕྱ་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི། ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་ཁྲི་གཅིག་ལ་ཉལ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། འཆི་ལྟས་མ་དང་ཉེ་བའི་འཆི་ལྟས་མའོ།། ཁྲི་གཅིག ་ལ་ཞེས་བྱ་བ་ནི། མལ་གཅིག་ཏུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དང་། ལྷན ་ཅིག་ཁྲི་གཅིག་ལ་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དེ་ནས་ཡང་དགེ་སློང་མ་དག་རྒྱུ་ཞིང་དོང་བ་ན། ཁྲི་ཆེན་པོ་དག་རྙེད་ནས། དེ་དག་རེ་རེ་བཟེང་སྟེ། ཉལ་བ་ན་ལྷག་མ ་དག་སྡུག་བསྔལ་བར་གྱུར་པ་དང་། ཁྱིམ་པ་མོ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག་ཁྱེད་ཅག་གི་ཁྲི་འདི་ཐམས་ཅད་ཞུགས་ཤིང་ལགས་ན། ཅིའི་སླད་དུ་ཁྱེད ་ཅག་རེ་རེག་ཟིམས། དེ་དག་གིས་འདི་སྐད་ཅེས། བཅོམ་ལྡན་འདས་ཀྱིས་བཀ་གོ་ཞེས་སྨྲས་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། དེ་ལྟ་བས་ན། ལྷག་པར་ངོ་ཚ་བ་དང་། འཛེམ་པ་ཉེ་ཤར་བཞག་སྟེ། གཏུར་བུ་དང་། ལྷུང་བཟེད་ཀྱི་གདུ་བུ་ལ་སོགས་པ་བར་དུ་བཞག་ནས་རང་རང་གི་ལུས་གོས ་ཀྱི་བཀྲིས་ཤིང་ཉལ་བར་བྱ་སྟེ། དེ་ལ་འགྱིད་པར་མི་བྱའོ།། ལྟུང་བྱེད་བཅུ་གསུམ་པའི་བཞི་པ་རྫོགས་སྷོ།། །། དེ་བཞིན་དུ་གདིང་བ་ལ་རྒྱས་པར་བརྗོད་པར་བྱའོ།། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མ་དང་ལྷན་ཅིག་གདིང་བ་གཅིག་ལ་བར་ད་མ་བཅད་པར་ཉལ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི།། ་འཆི་ལྟས་མ་དང་། ཉེ་བའི་འཆི་ལྟས་མོའོ།། གདིང་བ་ཞེས་བྱ་བ་ནི། སྟེང་རིམ་དུ་གདིང་བའོ།། བར་དུ་མ་བཅད་པར་ཞེས་བྱ་བ་ནི། ལུས་ཀྱིས་ལུས་ཀྱི་རེག་པ་རང་གིར ་བྱེད་པའོ།། ཉལ་ན་ཞེས་བྱ་བ་ནི། མཚན་མོ་གནས་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་དགེ་སློང་མ་དང་། ལྷན་ཅིག་གདིང་བ་ལ་བར་དུ་མ་བཅད་པར་ཉལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གཞུང་བླ་མ་ལས་ཇི་སྲིད་འབྱུང་བ་བཞིན་ནོ།། ་ལྟུང་བྱེད་བཅུ་གསུམ་པའི་ཚིགས་སུ་བཅད་པའི་གསྡོམ་རྫོགས་སྷོ།། །། སྡོམ་ལ། དབྱར་གྱི་ནང་དུ་འགྲོ་མི་བྱ།། དབྱར་རྫོགས་ནས་ནི་འགྲོ་བ་དང་།། དོགས་དང ་བཅས་པའི་ཡུལ་འཁོར་གཉིས།། ལྷ་གང་དག་ནི་ཕྱི་མ་ཡིན།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ་དགའ་མ་འཁོར་དང་བཅས་པ། དབྱར་གྱི་ནང་ལོགས་སུ་རྒྱུ ་ཞིང་འདོང་བ་ན། དགེ་སློང་མ་དེ་རྣམས་ལ། དགེ་སློང་མ་རྣམས་ཀྱིས་དྲིས་པ། ཕུ་ནུ་མོ་དག་ཁྱེད་ཅིའི་ཕྱིར་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་འདོང་། དེ་དག་གིས་འདི་སྐད་ཅེས། ་འཕགས་མ་སྦོམ་དགའ་མོ་ན་རེ། ཁོ་མོ་སྡེ་སྣོད་གསུམ་ཤེས་ཀྱིས། འདོང་ཞེས་ཟེར་རོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་དབྱར་གྱི་ནང་ལོགས ་སུ་རྒྱུ་ཞིང་འདོད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར་གྱི་ནང་ལོགས་སུ་ཞེས་བྱ་བ་ནི། དགག་དབྱར་མ་བྱས་པར་རོ།། འདོད་ན་ཞེས་བྱ་བ་ནི། གྲོང ་རྡལ་ལམ། གྲོང་ཁྱེར་རམ། ཡུལ་འཁོར་རམ། རྒྱལ་པོའི་ཕོ་བྲང་དག་ཏུ་འདོད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་དབྱར་གྱི་ནང་ལོགས་སུ་རྒྱུ་ཞིང་འདོད་ན་ལྟུང་བྱེད་དོ།། ལྟུང་བྱེད་བཅུ་བཞི་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྤོབ ་དགའ་མོ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་དགག་དབྱེ་བགྱིས་ལགས་ཀྱིས། རྒྱུ་ཞིང་བཞུད་དོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་སྡེ་སྣོད་གསུམ་པ ་ཡིན་ཏེ། ད་དུང་རྒྱུ་བའི་དུས་ལ་མ་བབ་པོ།། དགེ་སློང་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་ཁྱེད་ཅག་དགག་དབྱེ་ནི་བྱས་ཟིན་ན། ཅིའི་ཕྱིར་རྒྱུ་ཞིང་མི་འདོང་། ་དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ་དགའ་མོ་ན་རེ་བཞིན་འབྲང་བའི་དགེ་སྦྱོང་མ་གང་ཞིག། དེས་འདི་སྐད་ཅེས་ཁོ་མོ་འབའ་ཤིག་སོང་ངོ་ཞེས་སྨྲས་པ་ནས། ་དོན་ཉུང་བའི་དགེ་སློང་མ་དག་འཕྱ་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལྷ་ཁང་དུ་སོང་ནས་བརྩོད་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྷ་ཁང་དུ་ཞེས་བྱ་བ་ནི ་གཞན་མུ་སྟེགས་ཅན་གྱི་ལྷ་ཁང་ངོ་།། སོང་ནས་ཞེས་བྱ་བ་ནི་ཞུགས་ནས་སོ།། རྩོད་པར་བྱེད་ན་ཞེས་བྱ་བ་ནི་འཐབ་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལྷ་ཁང་དུ་སོང་ནས། མུ་སྟེགས་ཅན་དག་དང་རྩོད་པར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད ་བཅུ་བཞི་པའི་ལྔ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་ལཱྀ་འང་ལྟ་བ་དགག་པ་མཛད་པ་དེའི་ཚེ། རི་མོ་མཁན་གྱི་ཁང་པ ་ལྟ་བའི་ཕྱིར་འགྲོ་བ་དང་། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་ར་ན། དོན་ཉུང་བའི་དགེ་སློང་མ་དག་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རི་མོ་མཁན་གྱི་ཁང་པ་འམ། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར ་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རི་མོ་མཁན་གྱི་ཁང་པ་འམ། གར་མཁན་གྱི་ཁང་པ་ཞེས་བྱ་བ་ནི། དགེ་སློང་མ་རྣམས་འཇུག་པར་བྱ། ་བ་མ་ཡིན་པའི་ཁྱིམ་གང་དག་ཡིན་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རི་མོ་མཁན་གྱི་ཁང ་པ་འམ། གར་མཁན་གྱི་ཁང་པ་བལྟ་བའི་ཕྱིར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་བཞི་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ། # ་དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། བམ་པོ་ཉི་ཤུ་བཞི་པ།། ། སྡོམ་ལ། ་ལོ་ནི་བཅུ་གཉིས་མ་ལོན་དང་།། ལོན་ཀྱང་བསྒོ་བ་མ་བྱས་པར།། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས།། དེ་ཡང་དགེ་འདུན་མ་བསྐོས་ནའོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་བཅུ་གཉིས་སྡེ་དག་གིས། དགེ་སློང་རྣམས་ལ་དྲིས་པ། ཁྱེད་ཅག་ལོ་དུ་ལོན་ན་བསྙེན་པར་རྫོགས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ལོ་བཅུ་ལོན་ནའོ།། ་དེ་ནས་བཅུ་གཉིས་སྡེ་རྣམས་ཀྱིས། དགེ་སློང་རྣམས་ལ་འདི་སྐད་ཅེས་ཁོ་མོ་ཅག་ཀྱང་ལོ་བཅུ་ལོན་ན་བསྙེན་པར་རྫོགས་པར་བྱེད་ལ། ཁྱེད་ཀྱང་ལོ་བཅུ་ལོན་ན་བསྙེན་པར ་རྫོགས་པར་བྱེད་ན། འདི་ལ་ཁྱེད་ཅག་དང་། ཁོ་མོ་ཅག་དུ་ཁྱད་པར་ནི་ཅི་ཡོད། བསམ་པ་ནི་ཅི་ཡོད། ཐ་དད་དུ་བྱ་བ་ནི་ཅི་ཡོད། ཅེས་སྨྲས་པའི་སྐབས་དེ་དགེ་སློང་རྣམས ་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། དགེ་སློང་མ་ལོ་བཅུ་གཉིས་ལོན་ནས་བསྙེན་པར། ་རྫོགས་པར་བྱའོ།། དེ་ནས་སྦོམ་དགའ་མོ་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྨོད་པར་བྱེད་པའི་སྐབས ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནིས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ ་གང་ལོ་བཅུ་གཉིས་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལོ་བཅུ་གཉིས་མ་ལོན་པར་ཞེས་བྱ་བ་ནི། ་བསྙེན་པར་རྫོགས་པར་བྱ་བ་ལོ་བཅུ་གཉིས་མ་ལོན་པ་གང་ཡིན་པའོ།། བསྙེན་པར་རྫོགས་པར་བྱེད་ན། ཞེས་བྱ་བ་འཁོར་དུ་འཇོག་པར་བྱེད་ནའོ།། ལྟུང་བྱེད་དོ། ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་བཅུ་གཉིས་མ་ལོན་པ་འཁོར་དུ་འཇོག ་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅཝོ་ལྔ་པའི་དང་པོ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན ་འདས་ཀྱིས་ལོ་བཅུ་གཉིས་མ་ལོན་པ་འཁོར་དུ་བཞག་པར་མི་བྱའོ།། ཞེས་གསུངས་པ་དེའི་ཚེ། དེ་དག་ཁྱད་པར་མེད་པ་ཁོ་ནར་འཁོར་དུ་འཇོག་ཅིང་བྱིས་པ་རྨོངས ་པ་མི་གསལ་བ་མི་མཁས་པ་གང་དག་ཡིན་པ་དེ་དག་ཀྱང་འཁོར་དུ་འཇོག་པས་དེ་རྣམས་ཀྱང་མ་དུལ་བ་མ་བྱང་བར་གྱུར་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་འཇོག་པར་འདོད་པ་གང་ཡིན་པ་དེས་དགེ་འདུན་ལས་འཁོར་བཞག་པའི་སྡོམ་པ ་གསོལ་བར་བྱའོ།། གསོལ་བ་ནི་འདི་ལྟར་བྱ་སྟེ། གནས་མལ་བཤམ་པ་བྱས་ལ་ཞེས་བྱ་བ་ནས། འགན་དེ་བརྡུངས་ཏེ་དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ཡང ་དག་པར་བསྒོ་ལ། དགེ་སློང་མ་དེས་རྒན་པའི་མཐར་འདུག་ནས་དགེ་སློང་མའི་དགེ་འདུན་ལ་འདུད་པ་དང་བཅས་པས། ཐབ་མོ་སྦྱར་བ་བྱས་ནས་ཚིག་འདི་སྐད་ཅེས ་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མེད་འདི་ཞེས་བགྱི་བ། འཕགས་མའི་དགེ་འདུན་ལས། འཁོར་བཞག་པའི ་སྡོམ་པ་གསོལ་ལགས་ན། འཕགས་མའི་དགེ་འདུན་གྱིས་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ། འཁོར་བཞག་པའི་སྡོམ ་པ་སྩལ་དུ་གསོལ། ཞེས་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ་དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། གསོལ་བ་ནི ་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག། བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི། འཕགས་མའི་དགེ་འདུན་གྱི་སྤྱན ་སྔར་མཆིས་ནས། འཁོར་བཞག་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར ་མཛོད་ཅིག་དང་། དེ་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་འཇོག་པའི་སྡོམ་པ་སྩོལ་བར་མཛད་དོ།། འདི་ནི་གསོལ་བའོ།། ་ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི་དགེ་འདུན་པུ་ནུ་མོ་དག་བདག་ལ་གསན་དུ་གསོལ། དགེ་སློང་མ་མིང་འདི་ཞེས་བྱ་བ་འདི་འཕགས་མའི་དགེ་འདུན་གྱི་སྤྱན ་སྔ་མཆིས་ནས། འཁོར་བཞག་པའི་སྡོམ་པ་གསོལ་ནས། འཕགས་མའི་དགེ་འདུན་གྱིས། དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ། འཁོར་བཞག་པའི་སྡོམ་པ ་སྩོལ་བར་མཛད་ན། འཕགས་མའི་དགེ་འདུན་གྱིས། དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་བཞག་པའི་སྡོམ་པ་སྩོལ་བར་བཟོད་པ་གང་དག་ལགས་པ་དེ་དག་ནི ་ཅང་མ་གསུང་ཤིང་། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་གྱིས་གཅོད་ཅིང་གནང་ནས། འཕགས་མའི་དགེ ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་ལ་འཁོར་བཞག་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ནས་སྦོམ་དགའ ་མོ་དགེ་འདུན་གྱིས་མ་གནང་བཞིན་དུ་འཁོར་འཇོག་པར་བྱེད་པ་ནི་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དོ།། ཡང་དགེ་སློང་མ་དག་དགེ་འདུན་ལས་དགེ་སློང་མའི་འཁོར་བཞག་པའི་སྡོམ་པ་མ ་གསོལ་བར་འཁོར་འཇོག་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་འདུན་གྱིས་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་མའི་དགེ ་འདུན་གྱིས་སོ།། འཁོར་འཇོག་པའི་སྡོམ་པ་ཞེས་བྱ་བ་ནི་གསོལ་བ་དང་། གཉིས་ཀྱིས་ལས་ཀྱིས་སོ།། མ་གསོལ་བར་ཞེས་བྱ་བ་ནི་མ་བླངས་པར་རོ།། འཁོར་འཇོ།། ་ཁར་བྱེད་ན་ཞེས་བྱ་བ་ནི། རབ་ཏུ་བྱུང་བ་འམ་བསྙེན་པར་རྫོགས་པ་འམ། གནས་སྦྱིན་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འཁོར་བཞག་པའི་སྡོམ་པ་མ་གསོལ་བར། འཁོར་འཇོག་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅཝོ། ་ལྔ་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དག་འོངས་པ་དང་། རབ་ཏུ་བྱུང་ནས་དེ་དག་ལོ་ཉི་ཤུའི ་བར་དུ་བཞག་པ་ལས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། བདག་ཅག་ཅིའི་སླད་དུ་བསྙེན་པར་རྫོགས་པར་མི་བགྱི། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ་ད་དུང་ཁྱེད་ཀྱིས་མ་གོངས་སོ།། དེ་དག་གིས་འདི་སྐད་ཅེས། འཕགས་མ་དག་བདག་ཅག། སྡུམ་པ་ནི་མཆིས་པ་ན། སྔམ་ཐབ་ཀྱི་སེམས་བཟུང་བ་དང་། ཁྱིམ་གྱི་ནང་མིའི ་སེམས་བཟུང་བ་དང་། དེ་བཞིན་དུ་ཁྱིམ་གྱི་བགྱི་བ་མང་པོ་དག་བགྱིས་ན། ད་བདག་ཅག་གིས་དགེ་སློང་མའི་དགེ་འདུན་གྱི་ཐུགས་མཉེས་པར་མི་འགྱུར་རམ། ཞེས་སྨྲས་པའི ་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ཁྱིམ་སོ་བཟུང་བ་ལོ། ་བཅུ་གཉིས་ལོན་པ་ཡིན་ན། བསྙེན་པར་རྫོགས་པར་བྱའོ་གང་ཚེ་བཅོམ་ལྡན་འདས་ཀྱིས། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་ན། བསྙེན་པར་རྫོགས་པར་བྱའོ།། ཞེས ་བཀའ་སྩལ་པ་དེའི་ཚེ། སྦོམ་དགའ་མོས། ལོ་བཅུ་གཉིས་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས ་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དོ།། ཡང་དགེ་སློང་མ་གང་ཤེས ་བཞིན་དུ་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་སུ་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན ་དུ་ཞེས་བྱ་བ་ནི་རང་ཉིད་ཀྱིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། ཁྱིམ་སོ་བཟུང་བ་ཞེས་བྱ་བ་ནི་ཁྱིམ་གྱི་ཆོས་ལ་ལོ་བཅུ་གཉིས་སུ་གནས་པའོ།། ལོ་བཅུ་གཉིས་སུ་མ་ལོན ་བ་ཞེས་བྱ་བ་ནི་བཅུ་གཅིག་ལོན་པའོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི། དགེ་སློང་མའི་དངོས་པོར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི ་ལྟར་འགྱུར་ཞེ་ན། ཡང་དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་བཅུ་གཉིས་མ་ལོན་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ལྟུང་བྱེད་བཅོ་ལྔ་པའི་གསུམ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་སྐྱེས་བུ་གཏི་མུག་ཅན། འཕགས་སྐྱེས་པོ་མི་དགེ་བའི་བཤེས་གཉེན་སྡུག་བསྔལ་གྱི་མ་མོ་ལ་བརྟེན་ནས། ཤཱག་ཀྱ་རྣམས ་ཁ་བཏག་པ་དེའི་ཚེ། ཤག་ཀྱ་མོ་རབ་ཏུ་མང་པོ་དག་ཁྱིམ་ཐབ་དང་། བུའི་མྱ་ངན་གྱིས་གདུངས་ནས་རབ་ཏུ་བྱུང་ངོ་།། གང་གི་ཚེ་ཁྱིམ་ཐབ་དང་བུའི་མྱ་ངན་གྱིས་གདུངས་ནས་རབ ་ཏུ་བྱུང་བ་དེའི་ཚེ། དེ་དག་ཉོན་མོངས་པས་མ་གདུངས་སོ།། གང་གི་ཚེ་དེ་དག་མྱ་ངན་སངས་པ་དེའི་ཚེ། དེ་དག་ཉོན་མོངས་པས་གདུངས་པར་གྱུར་ཏོ།། དེ་ནས་ཤཱག་ཀྱ་མོ་རྣམས ་ཀྱིས་སྐབས་དེ་སྦོམ་དགའ་མོ་ལ་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས། ཁོ་མོ་ནི་རྒས་པའི་གནས་སྐབས་ལ་བབ་པས་ཅི་བྱར་ཡོད། ཁྱོད་ཅག་ནི་གཟུགས་བཟུང་བ། ་བལྟ་ན་སྡུག་པ། མཛེས་པ་ཡིན་གྱིས། དེ་སོ་སོར་ཤེས་པར་གྱིས་པ། ནོར་ཅན་ནམ། ཚོང་དཔོན་ནམ། དེད་དཔོན་དག་དང་། ལྷན་ཅིག་རྩེ་བར་གྱིས་ཤིག། དགའ་བར ་གྱིས་ཤིག། དགའ་མགུར་སྤྱོད་པར་གྱིས་ཅེས་སྨྲས་སོ།། ཇི་ཙམ་ན་གོའུ་ཏ་མི་སྐེམ་མོའི་དྲུང་དུ་སོང་ནས། དེ་དག་གིས་གོའུ་ཏ་མི་སྐེམ་མོ་ལ་སྦོམ་དགའ་མོས་བསྟན་པ་དག ་རྒྱས་པར་སྤྲས་པ་དང་། དེས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དག་རེ་ཤིག་འཇིག་རྟེན་ཕ་རོལ་གྱི་སྡུག་བསྔལ་ལྟོས་ཤིག། ཁོ་མོས་འཇིག་རྟེན་འདིར་སྡུག་བསྔལ་མྱོང ་བ་གང་ཡིན་པ་དེ་ཉོན་ཅིག། ཁྱིམ་ཐབ་ཤིང་བ་དང་། བུ་དང་བྲལ་བ་དང་། ཕ་དང་མ་ཐོག་གིས་བསད་པ་དང་། བུའི་ཤ་ཟོས་པ་དང་། དུར་དུ་བཅུག་པ་དང་། སེམས ་འཁྲུགས་པ་དང་། སྒྲེན་མོ་འཕྱར་བ་སྟེ། འདི་དག་གཞན་ཡང་འཇིག་རྟེན་འདི་ཁོ་ན་ལཾ་སྡུག་བསྔལ་ཁོ་ན་ཉམས་སུ་མྱོང་ན། འཇིག་རྟེན་ཕ་རོལ་ན་ལྟ་ན་སྨོས་ཀྱང་ཅི་དགོས།། ་པུ་ནུ་མོ་དག་དེ་ལྟ་བུ་མ་བྱེད་ཅེས། གོའུ་ཏ་མ་མི་སྐེམ་མོས་ཤག་ཀྱའི་བུ་མོ་རབ་ཏུ་མང་པོ་དེ་དག་མི་དགེ་བ་ལས་སེམས་ཟློག་སྟེ། དགེ་བ་ལ་སེམས་བཀོད་པ་དང་། དེ་དག ་གིས་འདི་སྐད་ཅེས་བདག་ཅག་སྦོམ་དགའ་བོས་ཕྱིར་མི་གཙང་བའི་དོང་དུ་དོ་བཅུག་གོ།། ཞེས་བླའི་སྐབས་དེ། དགེ་སློང་མ་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ། ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག། དེ་དག་ལོ་གཉིས ་སུ་བསླབས་པ་དང་། མངོན་པར་དགའ་བར་གྱུར་ཏོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི ་སྡོམ་པ་བྱིན་ཅིག་ཅེས་གསུངས་པ་ན། དེ་དག་གིས་ཇི་ལྟར་བྱིན་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ལ་འགན་དེ་བརྡུངས་ཏེ ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས། དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དེས། རྒན་པའི་མཐར་འདུག་སྟེ། འདུད་པ ་དང་བཅས་པས་ཐལ་མོ་སྦྱར་བ་བྱས་ཏེ། ཚིག་འདི་སྐད་ཅེས། འཕགས་མའི་དགེ་འདུན་ཕུ་ན་མོ་དག་བདག་ལ་བསན་དུ་གསོལ། བདག་མིང་འདི་ཞེས་བགྱི་བ། མཁན་མོ་མིང ་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་ཞེས་བགྱི་བ་མཁན་མི་མིང་འདི་ཞེས་བགྱི་བས། འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག ་དང་། རྗེས་སུ་འཐུན་པའི་ཆོས་དྲག་གི་བསླབ་པའི་སྡོམ་པ་གསོལ་ལགས་ན། འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན། ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། བདག་མིང་འདི ་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་དུ་གསོལ་ཞེས་དེ་ལྟར་ལན་གཉིས་ལན ་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེའི་འོག་ཏུ་ཐོས་པའི་ཉེན་ཀོར་ནས་བཀར་ཏེ། མཐོང་བའི་ཉེན་ཀོར་དུ་འདུག་དུ་བཅུག་ནས། དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ། ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མིང་འདི་ཞེས་བགྱི་བ། འདི ་མཁན་མོ་མིང་འདི་ཞེས་བགྱི་བས། འཕགས་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས ་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ། མཁན ་མོ་མིང་འདི་ཞེས་བགྱི་བས། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩོལ་བར་མཛོད་དོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར ་བྱ་སྟེ། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མིང་འདི་ཞེས་བགྱི་བ་འདི་མཁན་མོ་མིང་འདི་ཞེས་བགྱི་བས་འདག ་མའི་དགེ་འདུན་ལས་ལོ་གཉིས་སུ་ཆོས་དྲུག་དང་འཐུན་པའི་ཚེས་དྲུག་གི་བསླབ་པའི་སྡོམ་པ་གསོལ་ཏེ། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མི ་འདི་ཞེས་བགྱི་བས། ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩོལ་བར་མཛད་ན། འཕགས་མའི་དགེ་འདུན་ལས་གང་དག་མིང་འདི ་ཞེས་བགྱི་བས། མཁན་མོ་མིང་འདི་ཞེས་བགྱི་བས། ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང ་ཤིག། གང་གི་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང ་འདི་ཞེས་བགྱི་བ་ལ་མཁན་མོ་མིང་འདི་ཞེས་བགྱི་བས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ། ་བཞིན་དུ་འཛིན་ཏོ།། གང་གི་ཚེ་དེ་དག་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་པ་དེའི་ཚེ། དེ་དག་བསླབས་པས་མངོན་པར ་དགའ་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་འོག་ཏུ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག། བཅོམ་ལྡན་འདས་ཀྱིས ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་ན། དེ་དག་གིས་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ ་བ་བྱ་སྟེ་ཞེས་བྱ་བ་ནས་དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་དེས། རྒན་མའི་མཐར་འདུག ་སྟེ། འདུད་པ་དང་བཅས་པས་དགེ་སློང་མའི་དགེ་འདུན་ལ་ཐལ་མོ་སྦྱར་བ་བྱས་ཏེ། ཚིག་འདི་སྐད་ཅེས་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་བསན་དུ། ་གསོལ། བདག་མིང་འདི་ཞེས་བགྱི་བ་མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། བདག་མིང་འདི་གིས་བགྱི་བ། མཁན་མོ་མིང་འ ་ཞེས་བགྱི་བས་འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན། ཐུགས་བརྩེ། ་བ་ཉེ་བར་བཟུང་སྟེ། བདག་མིང་འདི་ཤེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་ད་གསོལ། ཞེས་དེ ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི ་དགེ་འདུན་ཕུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། མཁན་མོ་མིང་འདི་ཞེས་བགྱི་བས་བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས་བགྱི ་བ་འདི། མཁན་མོ་མིང་འདི་ཞེས་བགྱི་བས། འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ་མཁན་མོ་མིང ་འདི་ཞེས་བགྱི་བས། ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པའི་སྡོམ་པ་སྩོལ་བར་མཛད་དོ།། འདི་ནི་གསོལ་བའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི ་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས། བསྙེན་པར་རྫོགས་པར་འཚལ་ཏེ། མིང་འདི་ཞེས ་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་བས། འཕགས་མའི་དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ཏེ། འཕགས་མ ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་ལ། མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་པར་མཛད་ན། འཕགས་མའི་དགེ ་འདུན་མས། གང་དག་མིང་འདི་ཞེས་བགྱི་བས། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་པར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས ་ཤིག། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས། ཚངས་པར་སྤྱོད་པ་ཉེ་བར་གནས་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར ་ཅང་མི་གསུང་པས་དེ་དེ་བཞིན་དུ་འཛིན་ཏོ།། དེ་ལྟར་དགེ་སློང་མའི་དགེ་འདུན་གྱིས་སུ་ཡང་རུང་བ་འགའ་ཞིག་ལ། ཚངས་པར་སྤྲད་པ་ཉེ་བར་གནས་པའི་སྡོམ་པ་ཕོག་ན། དགེ་སློང ་མ་དེས་ཅི་བདེར་བསྙེན་པར་རྫོགས་པར་བྱས་ཏེ། འདི་ལ་འགྱོད་པར་མི་བྱའོ།། དེ་ནས་ཡང་སྦོམ་དགའ་མོས་ཁྱིམ་སོ་བཟུང་བ་ལོ་གཉིས་ལོན་པ་དག། མ་གསོལ་བར་ཚངས་པ ་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་རྣམས་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མ་གསོལ་བར ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་པ་ནི་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས ་ལོན་པ་ཞེས་བྱ་བ་ནི།། ལོ་བཅུ་གཉིས་སུ་ཁྱིམ་ན་གནས་པར་གང་ཡིན་པའོ།། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཞེས་བྱ་བ་ནི། གསོལ་བ་དང་གཉིས་ཀྱི་ལས ་ཀྱིས་སོ།། མ་གསོལ་བར་ཞེས་བྱ་བ་ནི་མ་བསླབས་པར་རོ།། བསྙེན་པར་རྫོགས་པར་བྱེད་ནོ་ཞེས་བྱ་བ་ནི། གསོལ་བ་དང་གཞིའི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་སོ་བཟུང་བ་ལོ་བཅུ་གཉིས་ལོན་པ་མ་གསོལ་བར་ཚངས་པར་སྤྱོད་པ་ཉེ་བར་གནས ་པའི་སྡོམ་པ་དང་། བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅཝོ་ལྔ་པའི་ཚིགས་སུ་སྤྱོད་པའི་སྡོམ་ས་རྫོགས་སྷོ།། ། སྡོམ་ལ། ་འདོད་ཆེན་སྡོམ་པ་བྱིན་པ་དང་།། སྦྲུམ་མ་དང་ནི་བསླབ་པ་དང་།། བཞག་ནས་ཕན་མི་འདོགས་པ་དང་།། བསྐར་བར་བྱ་བ་མ་ཡིན།། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་སྦོམ ་དགའ་མོས། འདོད་ཆེན་གྱི་འཁོར་བཞག་ནས། མི་འཛིན་མི་སྟེན། གདམ་དག་མི་སྟེར་བས། དེ་དག་མ་དུལ་མ་ཞི་བ་དང་། མ་སྦས་པ་དང་། མ་བསྲུངས་པར་གྱུར་པ་དང་། ་དོན་ཉུང་བའི་དགེ་སློང་མ་དག་སློང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་འདོད་ཆེན་གྱིས་འཁོར་བཞག་ནས། རྗེསུ་སྐྱོང་བར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ། ་དགའ་མོའོ།། འདོད་ཆེན་ཞེས་བྱ་བ་ནི་ཆོག་མི་ཤེས་བྱའོ།། འཁོར་ཞེས་བྱ་བ་ནི་ལྷན་ཅིག་གནས་པ་དང་། ཉེ་གནསོ། ཞེས་བྱ་བ་ནི་བཟུང་ནས་སོ།། རྗེས་སུ་སྐྱོང་བར་མི་བྱེད ་ན་ཞེས་བྱ་བ་ནི། རྗེས་སུ་འཛིན་པར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདོད་ཆེན ་གྱི་འཁོར་འཇོག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་དང་པོ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། རང་བཞིན་དུ་གནས་པའི་དགེ ་སློང་མ་གང་ཡིན་པ་དེ་དག། འདོད་ཆེན་གྱི་འཁོར་འཇོག་པར་སྤྲོ་བའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས ་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མ་དེས་དགེ་སློང་མའི་དགེ་འདུན་ལ། འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་བར་བྱའོ།། ཞེས ་བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང ་མ་རྣམས་ལ་ཡང་དག་པར་བསྒོ་ལ། དགེ་སློང་མ་དེས་རྒན་རིམས་ཀྱི་མཐར་འདུད་པ་དང་བཅས་པར་བྱས་ཏེ། དགེ་སློང་མའི་དགེ་འདུན་གང་ན་བ་དེ་ལོག་སུ་ཐལ་མོ་སྦྱར་བ་བཏུད་ན ་ཚིག་འདི་སྐད་ཅེས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག། བདག་ལ་གསན་དུ་གསོལ། བདག་དགེ་སློང་མ་མིང་འདི་ཞེས་བྱ་བ། འཕགས་མའི་དགེ་འདུན་ལས། འདོད ་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་ན། འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བས་ཉེ་བར་བཟུང་སྟེ། བདག་མིང་འདི་ཞེས་བགྱི་བ་ལ། འདོད་ཆེན ་གྱི་འཁོར་འཇོག་ན་སྡོམ་པ་སྩལ་དུ་གསོལ། དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེའི་འོག་ཏུ་དགེ་སློང་མ་དགཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ་བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན་བུ་མུ་མོ་དག། བདག་ལ་གསན་དུ་གསོལ།། མིང་འདི་ཞེས་བགྱི་བ་འདི། འཕགས་མའི་དགེ་འདུན་ལས་འདོད་ཆེན ་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། ་འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ། འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པར་མཛད་དོ།། འདི་ནི་གསོལ་བྱའོ།། ལས་ནི་འདི་ལྟར་བྱ་སྟེ། འཕགས་མའི ་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། མིང་འདི་ཞེས་བགྱི་བ་འདི། འཕགས་མའི་དགེ་འདུན་ལས། འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་གསོལ་ཏེ། འཕགས ་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ། འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་སྩལ་བར་མཛད་ན། གང་དག་མིང་འདི་ཞེས་བགྱི་བ་ལ། འདོད་ཆེན་གྱི་འཁོར་འཛིན ་པའི་སྡོམ་པ་སྩལ་བར་བཟོད་པ་དེ་དག་ནི་ཅང་མ་གསུང་ཤིག། གང་དག་མི་བཟོད་པ་དེ་དག་ནི་གསུངས་ཤིག། འཕགས་མའི་དགེ་འདུན་གྱིས་བཟོད་ཅིང ་གནང་ནས། འཕགས་མའི་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་ལ། འདོད་ཆེན་འཁོར་འཇོག་པའི་སྡོམ་པ་སྩལ་ལགས་ཏེ། འདི་ལྟར་ཅང་མི་གསུང་བས་དེ་དེ་བཞིན ་དུ་འཛིན་ཏོ།། དེ་ལྟར་དགེ་སློང་མ་གང་སུ་ཡང་རུང་བ་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་ཕོག་པར་གྱུར་པ་དེས། ཅི་བདེ་ཁོ་ནར་འདོད་ཆེན་གྱི་འཁོར་བཞག་པར་བྱ་སྟེ། ་འདི་ལ་འགྱོད་པར་མི་བྱའོ།། དེ་ནས་སྡོམ་དགའ་མོས། དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་མ་གསོལ་པར། འདོད་ཆེན་གྱི་འཁོར་བཞག་པ་ན། ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ ་པ་བཅའ་བའི་བར་མཛད་དེ། ཡང་དགེ་སློང་མ་གང་དགེ་འདུན་ལས་འདོད་ཆེན་གྱི་འཁོར་འཇོག་པའི་སྡོམ་པ་མ་གསོལ་བར་འདོད་ཆེན་གྱི་འཁོར་འཇོག་ན་ལྟུང་བྱེད་དོ།། ། ་ཡང་དག་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། འདོད་ཆེན་གྱི་སྡོམ་པ་ཞེས་བྱ་བ་ནི། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། དགེ་འདུན་ལས་འདོད་ཆེན་གྱིས་འཁོར་འཇོག ་ཁ་མ་གསོལ་བར། རབ་ཏུ་འབྱིན་པ་འམ་བསྙེན་པར་རྫོགས་པ་འམ། གནས་སྦྱིན་པ་ཅི་འདོད་པར་བྱེད་ན་སྟེ། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདོད་ཆེན་གྱི་སྡོམ་པ་མ་གསོལ་བར། འདོད་ཆེན་གྱི་འཁོར་འཇོག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང ་བྱེད་བཅུ་དྲུག་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས། བུད་མེད་སྦྲུམ་མ་ཞིག་རབ་ཏུ་བྱུང་བ་དེ། ་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་རྣམས་ཀྱིས་མཐོང་ནས། དགེ་སློང་མ་འདི་དག་ནི། འདྲེན་མ་འདྲེན་མར་ཚངས་པར་སྤྱད་པ་ལ་སྤྱོད་དོ།། ཞེས་ཁ་ཟེར་བའི ་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པོ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་ཤེས་བཞིན་དུ་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྦྲུམ་མ་ཞེས་བྱ་བ་ནི ་སེམས་ཅན་དང་ལྡན་པའོ།། བུད་མེད་ཅེས་བྱ་བ་ནི་བུད་མེད་དོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་སྦྲུམ་མ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད ་བཅུ་དྲུག་པའི་གསུམ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་སློབ་པར་མི་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས ་ཀྱིས་སྤྲས་པ། ཁྱོད་ཀྱིས་འཁོར་དུ་བཞག་ནས་ཅིའི་ཕྱིར་མི་སླབ་དེས་སྨྲས་པ། འདི་ཉིད་དུ་སློབ་གྲང་། གལ་ཏེ་མི་སློབ་ན་འདི་ཉིད་དུ་སློབ་གྲང་ཟེར་བའི ་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་རབ ་ཏུ་ཕྱུང་ནས། མི་སློབ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོ།། རབ་ཏུ་ཕྱུང་ནས་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལའོ།། མི་སློབ་ན་ཞེས་བྱ་བ་ནི་དགེ་སློང་། ་མའི་བསླབ་པ་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རབ་ཏུ་ཕྱུང་ནས་མི་སློབ་ན་ཐམས་ཅད་དུ ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་བཞི་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་རབ་ཏུ་ཕྱུང་ནས་གདམ་དག་མི ་འབོགས་མི་སྟོན་པན་མི་འདོགས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་ཕན་མི་འདོགས་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རབ ་ཏུ་ཕྱུང་ནས་ཤེས་བྱ་བ་ནི།། ཆོས་འདུལ་བ་འདི་ལའོ།། ཕན་མི་འདོགས་ན་ཞེས་བྱ་བ་ནི། ལྷུང་བཟེད་དང་། ཆོས་གོས་དང་། ལྷུང་བཟེད་ཀྱི་སྣོད་དང་། རྒྱ་ཆང་དང་། སྐ་རགས ་དང་། ལུང་འབོག་པ་དང་། ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་ཡིད་ལ་བྱེད་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་རབ་ཏུ་བྱུང་ནས་ཕན་མི་འདོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་ལྔ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན ་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ཁྱིམ་ཐབ་བྱེས་སུ་སོང་བའི་ཆུ་མ་ཞིག་རབ་ཏུ་ཕྱུང་བ་ལས་དུས་གཞན་ཞིག་ན་ཁྱིམ་ཐབ་འོངས་པ་དང་། བུད་མེད་དེས་ཀྱང་བདག་གིས ་ཁྱིམ་ཐབ་འོངས་སོ་ཞེས་ཐོས་སོ།། ཐོས་ནས་ཀྱང་བུད་མེད་དེ་སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག ་གི་སྣུམ་ཐབ་མཆིས་ཀྱིས། རེ་ཤིག་བདག་ཕྱོགས་གཞན་ཞིག་ཏུ་བསྐར་དུ་གསོལ། དེས་མ་བསྐར་པ་དང་། དེ་ནས་ཁྱིམ་ཐབ་དེ་འོངས་ནས་བཟུང་སྟེ། འདི་སྐད་ཅེས་སྨྲས་སོ།། ་འདི་སུས་གནང་སྟེ་རབ་ཏུ་ཕྱུང་ནས། དེས་དེ་ཉིད་དུ་འཕགས་མ་ཁྱོད་ཀྱིས། བདག་བསྐར་པར་གྱུར་ན། སྣུམ་ཟབ་ཀྱིས་བདག་ཟིན་པར་མི་འགྱུར་བ་ཞིག་ཅེས་སྨྲས་པ་ན། ་དོན་ཉུང་བའི་དགེ་སློང་མ་དག་སྤྲོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རབ་ཏུ་ཕྱུང་ནས་མ་བསྐུར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྡོམ་དགའ་མོའོ།། རབ་ཏུ་ཕྱུང་ནས་ཞེས་བྱ་བ་ནི། ཆོས་འདུལ ་བའི་ལའོ།། མ་བསྐར་ན་ཞེས་བྱ་བ་ནི་གནས་གཞན་དུའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས། ་ཇི་ཙམ་ཅུང་ཟད་འཁོར་དུ་བཞག་སྟེ། མ་བསྐར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དྲུག་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། སྡོམ་ལ། ་ལོ་ནི་ཉི་ཤུ་མ་ལོན་དང་།། ལོན་ཡང་གསོལ་བ་མ་བྱས་དང་།། གཏུམ་མཽ་མྱ་ངན་གྱིས་གདུངས་དང་།། ཆོས་དྲུག་དག་ལ་མ་བསླབས་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་དགེ་སློང་མ་རྣམས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ ་བསྙེན་པར་རྫོགས་པར་མི་བྱའོ།། དེ་ནས་སྦོམ་དགའ་མོས་ལོ་ཉི་ཤུ་མ་ལོན་པ་དག་བསྙེན་པར་རྫོགས་པར་བྱེད་ན་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས། ་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་གཞོན ་ནུ་མ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལོ་ཉི་ཤུ་མ་ལོན་པར་ཞེས་བྱ་བ་ནི། གང་གི་ལོན་ཉི་ཤུ ་མ་ཚང་བའོ།། བསྙེན་པར་རྫོགས་པར་བྱེད་ན་ཞེས་བྱ་བ་ནི། གསོལ་བ་དང་གཞིའི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི ་དང་པོ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་དེ་དག་གིས། དགེ་སློང་དེ་དག་ལ་འདི་སྐད་ཅེས་ཁྱེད་ཀྱང་ལོ་ཉི་ཤུ་ལོན་ནས་བསྙེན་པར ་རྫོགས་པར་མཛད་ན། བདག་ཅག་ཀྱང་ལོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་བགྱིས་པ་མ་ལགས་སམ། འདི་ལ་ཁྱེད་དང་བདག་ཅག་ཁྱད་པར་ནི་ཅི་མཆིས་བསམ་པ་ནི ་ཅི་མཆིས་ཐ་དད་དུ་བགྱི་བ་ཅི་མཆིས་ཤེས་སྨྲ་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བགྲོའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང ་སྟེ། གཞོན་ན་མེ་ལོ་ཉི་ཤུ་ལོན་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ ་ལོན་ན་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག་ཅེས་གསུངས་པ། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མིས་ཐོས་ནས། བཅོམ ་ལྡན་འདས་གང་ན་བ་དེང་སོང་སྟེ་བྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་བྱས་ཏེ། ཕྱོགས་གཅིག་ཏུ་འདུག་གོ། ཕྱོགས་གཅིག་ཏུ་འདག་པ་དང་། བཅོམ ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ལ་ཆོས་དང་ལྡན་པའི་གཏམ་གྱིས། ཡང་དག་པར་སྟོན་པར་མཛད་ཅེས་བྱ་བ་ནས། ཅང་མི་གསུང་ངོ་ཞེས་བྱ་བའི་བར་རོ།། ་དེ་ནས་སྐྱེ་དགུའི་བདག་མོ་ཆེན་པོ་གོའུ་ཏ་མིས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་ཁྱད་པར་རིག་ནས། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ ་བགོས་ནས། བཅོམ་ལྡན་འདས་ག་ན་བ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་བདག་ལ་དམ་པ་གནང་བའི་རིགས་སོ།། ་བདེ་བར་གཤེགས་པ་བདག་ལ་དམ་པ་གནང་བའི་རིགས་སོ།། གོའུ་ཏ་མི་ཁྱོད་དམ་པ་ཅི་གསོལ། དེས་འདི་སྐད་ཅེས་གསོལ་ཏོ།། བཙུན་པ་སྔམ་སོ་བཟུང་བ་ལོ་བཅུ་གཉིས ་ལོན་པ་འདི་དག་དང་། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་འདི་དག་གིས། རབ་ཏུ་བྱུང་བ་ནི་ལེགས་པར་རྙེད་ལགས་ན། ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི ་བསླབ་པའི་སྡོམ་པ་སྩལ་ལགས་ན། ཧ་ཅང་ཐོགས་པར་གྱུར་ན། གལ་ཏེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། སྔམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ ་ལོ་བཅཝོ་བརྒྱད་ལོན་པ་ན། དེ་དག་ལ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྩལ་པར་གསོལ་དེ་ལྟར་མཛད་ན་འདི་གཉི་གས་ཀྱང་ཚང་བར་འགྱུར་ལགས ་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། རྗེས་སུ་གནང་སྟེ། ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གནོན་མ་ལོ་བཅཝོ་བརྒྱད་ལོན་པ་ལ། ལོ་གཉིས་སུ་ཆོས ་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག། དེ་ལྟ་མོད་ཀྱི་ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་ནུ་མ་ལོ་བཅཝོ་བརྒྱད་ལོན་པས་ལོ་གཉིས་སུ་ཆོས ་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་སྤྱད་ཟིན་པ་དང་། དེའི་འོག་ཏུ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་པར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས ་ཀྱིས་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ལ། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཅིག་ཅེས་བཀའ་སྩལ་པ་ན། དེ་དག་གིས་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། གནས་མལ་བཤམ་པ་བྱས་ཏེ་ཞེས་བྱ་བ་ནས་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་དེས་རྒན་པའི་མཐའ་ནས་བཏུང་བ་དང་། བཅས་པར་བྱས་ཏེ། དགེ་སློང་མའི་དགེ་འདུན ་ལ་ཐལ་མོ་སྦྱར་བ་བཏུད་ནས། ཚིག་འདི་སྐད་ཅེས། འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ། བདག་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ། མིང་འདི་ཞེ་བགྱི་བ། མཁན ་མོ་མིང་འདི་ཞེས་བགྱི་བས། དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་གསོལ་ན། ད་ལྟར་འཕགས་མའི་དགེ་འདུན་ཐུགས་བརྩེ་བ་ཅན་ཐུགས་བརྩེ་བ་ཉེ་བར ་བཟུང་སྟེ། བདག་གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་ལ། མཁན་མོ་མིང་འདི་ཞེས་བགྱི་བས་ཚངས་པར་སྦྱང་བ་ཉེ་བར་གནས་པའི་སྡོམ་པ་སྩལ་དུ་གསོལ། ཞེས ་དེ་ལྟར་ལན་གཉིས་ལན་གསུམ་གྱི་བར་དུ་བརྗོད་པར་བྱའོ།། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ། ལས་བྱའོ།། བྱ་བ་ནི་འདི་ལྟ་བུ་ཡིན་ཏེ། འཕགས་མའི་དགེ་འདུན ་བུ་ནུ་མོ་དག་ལ་གསར་དུ་གསོལ། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ། མཁན་མོ་མིང་འདི་ཞེས་བགྱི་འདིས། དགེ་འདུན་ལས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ ་གསོལ་ན། གལ་ཏེ་འཕགས་མའི་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་གྱིས་གནང་པར་མཛོད་ཅིག་དང་འཕགས་མའི་དགེ་འདུན་གྱིས་གཞ ་ནུ་མ་ལོ་ཉི་ཤུ་ལོན་པ་མིང་འདི་ཞེས་བགྱི་བ་ལ། མཁར་མོ་མིང་འདི་ཞེས་བགྱི་བས། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་སྩོལ་བར་མཛད་དོ།། འདི་ནི་གསོལ་བའོ།། དེ ་བཞིན་དུ་ལས་ཀྱང་རྒྱས་པར་བརྗོད་པར་བྱའོ།། དེ་ནས་སྦོམ་དགའ་མོས། ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་པ་ན། དོན་ཉུང ་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར། ་དུ་མཛད་དེ། ཡང་དགེ་སློང་མ་གང་། གཞོན་ནུ་མ་ལོ་ཉི་ཤུ་ལོན་པ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར། བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ། ་ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། གཞོན་ནུ་མ་ཞེས་བྱ་བ་ནི། གཞོན་ནུ་མ་རབ་ཏུ་བྱུང་བའོ།། ལོ་ཉི་ཤུ་ལོན་པ། གང་གི་ལོ་ཉི་ཤུར་ཚང་བར་གྱུར་པའོ།། ཚངས་པར ་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་ཞེས་བྱ་བ་ནི། གསོལ་བར་དང་གཉིས་ཀྱི་ལས་ཀྱིས་སོ།། མ་གསོལ་བ་ཞེས་བྱ་བ་ནི། དགེ་འདུན་ལས་སོ།། བསྙེན་པར་རྫོགས་པར་བྱེད་ན། ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཞོན་ནུ་མ་ལོ་། ་ཤུ་ལོན་པ་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་མ་གསོལ་བར། དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད། ་བཅུ་བདུན་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཡང་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ནས། སྤྱོད་ཡུལ་དུ་ཞུགས་པ ་ན་སྦོམ་དགའ་མོས། ལམ་པོ་ཆེ་ཞིག་ན། བུད་མེད་གཅིག་བུད་མེད་ཅིག་དང་། ལྷན་ཅིག་ཐབ་མོ་བྱུང་བ་མཐོང་ཞིང་། སྦོམ་དགའ་མོས་བུད་མེད་དེ་ཁྲོས་པས་སྐྲ་འགྲེང ་བར་གྱུར་པ་མཐོང་ངོ་།། དེ་ནས་སྦོམ་དགའ་མོས་འདི་སྙམ་དུ་བསམས་ཏེ། གང་བདག་ཐབ་མོ་འགྱེད་པའི་གྲོགས་སུ་འགྱུར་པའི་གྲོགས་མོ་ཞིག་བདག་གིས་རྙེད་དོ ་སྙམ་དུ་བསམས་ནས། སྦོམ་དགའ་མོས་བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།། པྲ་ནུ་མོ་ཁྱོད་ཅིའི་ཕྱིར་རབ་ཏུ་མི་འབྱུང་། དེས་འདི་སྐད་ཅེས་སྨྲས་སོ།། བཞག་ནི་ཤིན ་ཏུ་གཏུམ་མོ་ལགས་ན། སུ་ཞིག་གིས་བདག་རབ་ཏུ་འབྱིན་པར་འགྱུར། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱོད་རབ་ཏུ་འབྱུང་ངོ་ཞེས། དེས་དེ་རབ ་ཏུ་ཕྱུང་བསྙེན་པར་རྫོགས་པར་བྱས་སོ།། དེ་ནས་སྦོམ་དགའ་མོ་དུས་གཞན་ཞིག་ན་དགེ་སློང་མ་རྣམས་དང་ལྷན་ཅིག་ཐབ་མོ་བྱུང་བ་ན། དེའི་གྲོགས་མོ་དེ་ཡང་སེམས་ལས ་བསྙུངས་ཏེ། ཅང་མི་སྨྲའོ།། དེ་ནས་སྦོམ་དགའ་མོས། དགེ་སློང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱོད་དོན་འདིའི་ཕྱིར་རབ་ཏུ་བྱུང་། བསྙེན་པར་རྫོགས། ་པར་བྱས་ན། ད་ལྟར་ཁྱོད་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་བཞིན་དུ་འདུག་གམ། ཁྱོད་ཁོ་མོ་ཐབ་མོ་བྱུང་བའི་གྲོགས་གྱིས་ཤིག། དེས ་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཁྱིམ་པ་མོ་དེ་དག་གི་ཁ་ན་མ་ཐོ་བ་ན་ཤེས་ཀྱིས་བདག་གི་དགེ་སློང་མ་འདི་དག་གི་ཁ་ན་མ་ཐོ་བ་ནི་མི་ཤེས་སོ།། སྦོམ་དགའ་མོས་འདི་སྐད ་ཅེས་སྨྲས་སོ།། ཁོ་མོས་ཁྱོད་ལ་དེ་དག་གི་མཚང་བསྟན་གྱིས། རེ་ཤིག་སྐྱེ་དགུའི་བདག་མོ་ཆེན་མོ་འདི་ནི་རང་ཞུགས་ཡིན་ནོ།། ཨུད་པ་ལའི་མདོག་འདི་ནི་གྲོང་ཁྱེར་ཆེན ་པོ་དྲག་དག་ད་སྨད་འཚོང་བྱས་པ་ཡིན་ནོ།། གོའུ་ཏ་མི་སྐེམ་མོ་འདི་ནི་བུའི་ཤ་ཟོས་པ་དང་། དུར་དུ་བཅུག་པ་དང་། སེམས་འཁྲུགས་པ་ཡིན་ནོ།། དེ་ནས་དུས ་གཞན་ཞིག་ནི་དགེ་སློང་མ་རྣམས་དང་ཐབ་མོ་བྱུང་བ་ན། དེ་ནས་དགེ་སློང་མ་ཤིན་ཏུ་གཏུམ་མ་དེས་དགེ་སློང་མ་རྣམས་ལ་ཁ་ན་མ་ཐོ་བ་རབ་ཏུ་བསྒྲགས་པས ་སྤྱོད་པར་བརྩམས་སོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས། དགེ་སློང་མ་ཤིན་ཏུ་གཏུམ་མ་དེ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། ཤིན་ཏུ་གཏུམ་མོ་འདི་སུས་རབ ་ཏུ་བྱུང་། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོ་ལགས་སོ།། ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་གཏུམ་མོ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ་གཞན་གྱིས་སྤྲས་པར་གྱུར་པའོ།། བུད་མེད་གཏུམ་མོ་ཞེས་བྱ་བ་ནི་ཁྲོ་བ་འཐབ་ཀྲོལ ་ཅན་ནོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི ་ཙམ་ཅུང་ཟད་བུད་མེད་གཏུམ་མོ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་ད་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི་གསུམ་པ་རྫོགས་སྷོ།། །། དགེ་སློང་མའི་འདལ། ་བ་རྣམ་པར་འབྱེད་པ།། ། བམ་པོ་ཉི་ཤུ་ལྔ་པ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ ་མོ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་། ཆོས་གོས་བླངས་ཏེ། སྤྱོད་ཡུལ་དུ་ཞགས་པ་དང་། ཞེས་བྱ་བ་ནས། སྦོམ་དགའ་མོས་བུད་མེད་མྱ་ངན་གྱིས་གདུང་བ ་ཞིག་རབ་ཏུ་བྱུང་ངོ་ཞེས་བྱ་བའི་བར་རོ།། དེ་ཐོ་རངས་སྔར་ལངས་ཏེ་ངུ་ཞིང་འདི་སྐད་ཅེས། ཀྱི་ཧུད་བུ། ཀྱི་ཧུད་བུ་མོ།། རེ་ཤིག་རྨི་ལམ་ཙམ་དུ་ཡང་སྟོན་ཅིག་ཅེས་སྨྲ་ཞིང ་སྨྲེ་སྔགས་འདོན་ལ། བྲང་བརྡུང་ཞིང་ཆོ་ངེས་འདེབས་སོ།། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་སྒྲ་དེ་ཐོས་ནས། འདི་སྐད་ཅེས་སྨྲས་སོ།། མྱ་ངན་གྱིས་ནོན་པ་འདི ་སུས་རབ་ཏུ་ཕྱུང་། དེ་དག་གིས་འདི་སྐད་ཅེས་སྦོམ་དགའ་མོས་སོ།། ཞེས་སྨྲས་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདུངས་པ ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི། རང་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ།། ། ་མྱ་ངན་གྱིས་གདུངས་པ་ཞེས་བྱ་བ་ནི་སྡུག་ཉེ་དུ་དང་རང་གི་སྐྱེ་བོ་དང་བྲལ་བའོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས ་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཤེས་བཞིན་དུ་བུད་མེད་མྱ་ངན་གྱིས་གདེངས་པ་རབ་ཏུ་འབྱིན་ན་ཐམས ་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་བདུན་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་དགེ་སློང་མ་རྣམས ་ཀྱིས་དེ་དག་དེ་བཞིན་དུ་བར་དུ་ཕྱུང་བར་གྱུར་པ་དེའི་ཚེ། དེ་དག་བདག་ཅག་གིས་ལྷན་ཅིག་གནས་པ་དང་། ཉེ་གནས་དག་ཇི་སྙམ་ན་ཇི་ལྟར་བསྙེན་པར་རྫོགས་པར ་བྱ་བ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་སོ་བཟུང་བ་ལོ་བཅུ་ལོན་པ་དང་། གཞོན་མ་ལོ་བཅོ་བརྒྱད་ལོན་པ་ལ་ལོ་གཉིས་སུ་ཆོས་དྲུག ་དང་། རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་བྱིན་ཅིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གི་ཆོས་དྲུག་པོ་གང་དག་ཡིན་པ་དང་། རྗེས ་སུ་འཐུན་པའི་ཆོས་དྲུག་པོ་གང་དག་ཡིན་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅིག་པུ་ལམ་དུ་འགྲོ་མི་བྱ།། ཆུའི་ཕ་རོལ་རྒལ་མི་བྱ།། སྐྱེས་པ་ལ ་ནི་རེག་མི་བྱ།། སྐྱེས་པ་དང་ནི་འདུག་མི་བྱ།། གཉེན་དུ་འགྱུར་བ་མི་བྱ་ཞིང་།། ཁ་ན་མ་ཐོ་བཅབ་མི་བྱ།། འདི་དག་ནི་ཆོས་དྲུག་ཅེས་བྱའོ།། རྗེས་སུ་འཐུན་པའི་ཆོས ་དྲུག་གང་ཞེ་ན། གསེར་ལ་བཟུང་བར་མི་བྱ་སྟེ། ས་ཡང་རྐོ་བར་མི་བྱ་སྟེ། རྩ་སྔོན་དག་ཀྱང་གཙང་མི་བྱ།། བྱིན་ལེན་མ་བྱས་མི་བཟའ་སྟེ།། བཞག་པ་བཟའ་བར་མི་བྱའོ།། ཆོས་དྲུག ་པོ་འདི་དག་ནི་རྗེས་སུ་འཐུན་པའི་ཆོས་དྲུག་ཅེས་བྱ་སྟེ། ལོ་གཉིས་སུ་བསླབ་པས་ཚངས་པར་སྤྱད་པ་ཉེ་བར་གནས་པའི་སྡོམ་པ་བྱིན་ཏེ། དེའི་འོག་ཏུ་བསྙེན་པར་རྫོགས་པར་བྱའོ།། ་དེ་ནས་སྦོམ་དགའ་མོས་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི ་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས ་བཞིན་དུ་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་ལ་མ་བསླབས་པར་བསྙེན་པར་རྫོགས་པར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཤེས ་བཞིན་དོ་ཞེས་བྱ་བ་ནི། རང་གིས་སམ་གཞན་གྱིས་སྨྲས་པར་གྱུར་པའོ།། ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་ཅེས་བྱ་བ་ནི། ཇི་སྐད་བསྟན་པ་ཡིན་ནོ།། ལོ་གཉིས་སུ་མ ་བསླབས་པར་ཞེས་བྱ་བ་ནི། དགེ་སློང་མར་འགྱུར་བའི་བསླབ་པའི་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་ལོ་གཉིས་སུ་ཆོས་དྲུག་དང་རྗེས་སུ་འཐུན་པའི་ཆོས་དྲུག་གི་བསླབ་པའི་སྡོམ་པ་མ་གསོལ་བར་བསྙེན་པར་རྫོགས་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར ་རོ།། ལྟུང་བྱེད་བཅུ་བདུན་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། བསྡུས་པའི་སྡོམ་ལ། བསླབ་པ་དང་ནི་ལོ་རེ་དང་།། ཚོགས་དང་སྨེ་གབ་ཀྱི་ལྔ་དང་།། ཉེར་ཞི ་ཁྱིམ་གྱི་གོ་རེ་ལོང་།། དཔུང་བ་ནི་ཁྱིམ་པ་མོ།། སྐབས་མ་ཕྱེ་བར་འདྲི་བ་དང་། བཤང་བར་གཅིག་པུ་འགྲོ་མི་བྱ།། སྡོམ་ལ། ཆོས་དྲུག་དང་ནི་མ་བསླབས་དང་།། ཁྱིམ་ཐབ ་ཀྱིས་ནི་མ་གནང་དང་།། གལ་ཏེ་བདག་ལ་གོས་བྱིན་དང་།། ཕྱི་ནས་ཁྱོད་དཀའ་མ་ཡིན་ནོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་ལྷན་ཅིག་གནས་པ་དང་། ་ཉེ་གནས་དག་ལོ་གཉིས་སུ་ཆོས་དྲུག་དང་། རྗེས་སུ་འཐུན་པའི་ཆོས་དྲུག་ལ་བསླབས་ནས། དེས་དེ་དག་ལ་བསྙེན་པར་རྫོགས་པར་མི་བྱེད་པ་དང་། དེ་ལ་དགེ་སློང་མ་རྣམས ་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཀྱིས་བསླབས་ནས་ཅིའི་ཕྱིར་བསྙེན་པར་རྫོགས་པར་མི་བྱེད། དེས་འདི་སྐད་ཅེས་འདི་དག་ཁོ་མོ་ལ་འདི་སྐད་ཅེས། སྦོམ་དགའ་མོ་ནི། མ་བསླས ་པར་བསྙེན་པར་རྫོགས་པར་བྱེད་དོ་ཞེས་ཟེར་བས། ཁོ་མོ་འདི་སྙམ་དུ་རེ་ཤིག་ཏུ་སློབ་ལ་རག་གོ་སྙམ་དུ་སེམས་སོ་ཞེས་སྨྲས་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། ་དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་འཁོར་ལོ་གཉིས་སུ་ཆོས་དྲུག་དང་། རྗེས ་སུ་འཐུན་པའི་ཆོས་དྲུག་ལ་བསླབས་ནས་བསྙེན་པར་རྫོགས་པར་མི་བྱེད་ན། ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས ་སམ་གཞན་གྱིས་སྤྲས་པར་གྱུར་པའོ།། བསླབས་ནས་ཤེས་བྱ་བ་ནི་དགེ་སློང་མར་འགྱུར་བའི་བསླབ་པ་ལའོ།། བསྙེན་པར་རྫོགས་པར་མི་བྱེད་ན་ཞེས་བྱ་བ་ནི། གསོལ་བ་དང་བཞིའི ་ལས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད། ཤེས་བཞིན་དུ་ལོ་གཉིས་ཀྱི་བར་དུ་བསླབས་ཏེ། ་དེ་ལས་ལྷག་པར་འཇོག་ཅིང་བསྙེན་པར་རྫོགས་པར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅཝོ་བརྒྱད་པའི་དང་པོ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ན ་དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས་ཏེ། ཁྱིམ་བདག་གཅིག་གི་ཁྱིམ་དུ་ཞུགས་པ་ལས་དེ་ན་བུད་མེད་ཅིག་ཁྱིམ་ཐབ་དང་ལྷན་ཅིག་གཙེ་ཞིང་འདུག་པ་དང་། དེས་འདི་སྐད ་ཅེས་སྨྲས་སོ།། ཅི་ཞིག་ཡིད་བདེ་ཞིང་འདག། དེས་སྐབས་དེ་རྒྱས་པར་སྒྲུབ་པ་དང་། དེ་ནས་སྦོམ་དགའ་མོས། བུད་མེད་དེ་ལ་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅིའི་ཕྱིར་རབ ་ཏུ་མི་འབྱུང་། དེས་འདི་སྐད་ཅེས་སྨྲས་སོ།། བདག་སུ་ཞིག་གིས་རབ་ཏུ་འབྱིན་པར་འགྱུར། དེས་འདི་སྐད་ཅེས་ཁོ་མོས་བྱའོ་ཞེས་སྨྲས་ནས། ཇི་ཙམ་ན་དེས་རབ་ཏུ་ཕྱུང་ངོ་།། ་དེའི་འོག་ཏུ་ཁྱིམ་ཐབ་འོངས་ནས་དེས་ཁྱིམ་ཚེས་ལ་དྲིས་པ། ཁོ་བོའི་ཆུང་མ་གང་དུ་སོང་། དེས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོས་རབ་ཏུ་ཕྱུང་ངོ་།། ་དེ་ནས་ཁྱིམ་བདག་དེས་སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ། ཕྱིན་ནས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི་མཆིས་བྲང་འདི་སུས་རབ་ཏུ་ཕྱུང་། སྦོམ་དགའ ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་སོ།། དེ་ནས་ཁྱིམ་བདག་དེས་འདི་སྐད་ཅེས། འཕགས་མ་ཁྱོད་ཁྱིམ་ཐབ་ཀྱིས་མཾ་གནང་བར་རབ་ཏུ་འབྱིན་པའི་རིགས་སམ། ཞེས་སྨྲས་ནས ་ཞེས་བྱ་བ་ནས། ཁྱིམ་བདག་དེས་ཁ་བྱས་ཏེ་སོང་བ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན ་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་ཁྱིམ་ཐབ་ཀྱིས་མ་གནང་བ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཤེས་བྱ་བ་ནི་རང་ཉིད་ཀྱིས་སམ། གཞན་གྱིས་སྨྲས་པར་གྱུར་པའོ།། ཁྱིམ་ཐབ་ཀྱིས་ཤེས་བྱ་བ་ནི་མ་བཏང་བའོ།། ། ་རབ་ཏུ་འབྱིན་ན་ཞེས་བྱ་བ་ནི། ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ ་ཐབ་ཀྱིས་མ་གནང་བར་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅཝོ་བརྒྱད་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྒོམ ་དགའ་མོ་ལ་དགེ་སློང་མས་སྨྲས་པ། འཕགས་མ་བདག་བསྙེན་པར་རྫོགས་པར་མཛད་དུ་གསོལ། དེས་འདི་སྐད་ཅེས་གལ་ཏེ་ཁོ་མོ་ལ་གོས་སྦྱིན་ནོ།། དེའི་འོག་ཏུ་ཁྱོད་བསྙེན་པར ་རྫོགས་པར་བྱའོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཞེས་དགེ་སློང་མས་དེ་སྐད་ཅེས་སྨྲས་པ་ན། གལ་ཏེ་ཁོ་མོ་ལ་གོས་བྱིན་ན། དེའི་འོག་ཏུ་བསྙེན ་པར་རྫོགས་པར་བྱའོ་ཞེས་ཟེར་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་དེ་སྐད་ཅེས་སྨྲས་པ་ན། ཞེས་བྱ་བ་ནི་ཟེར་ནའོ།། གལ་ཏེ་ཁོ་མོ་ལ ་གོས་ཤེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། བྱིན་ན་ཞེས་བྱ་བ་ནི་ཕུལ་ནའོ།། དེའི་འོག་ཏུ་ཞེས་བྱ་བ་ནི་དུས་གཞན་ནའོ།། བསྙེན་པར་རྫོགས་པར་བྱའོ་ཞེས་བྱ་བ་ནི་དགེ ་སློང་མའི་དངོས་པོར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མ་དེ་སྐད་ཅེས་སྨྲས་པ་ན། གལ ་ཏེ་ཁོ་མོ་ལ་གོས་བྱིན་ན། དེའི་འོག་ཏུ་ཁྱོད་བསྙེན་པར་རྫོགས་པར་བྱའོ་ཞེས་ཟེར་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅཝོ་བརྒྱད་པའི་གསུམ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བུད་མེད་ཅིག་གོའུ་ཏ་མི་སྐྱེམ་མོ་ག་ན་བ་དེར་སོང་སྟེ་ཕྱིན་ནས། གོའུ་ཏ་མི་སྐྱེམ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་གལ་ཏེ ་ཁྱོད་ཀྱིས་བདག་རབ་ཏུ་འབྱུང་ན། བདག་རབ་ཏུ་འབྱུང་བར་ལལ་ལོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་མངོན་པར་སྤངས་པ་དང་། དེ ་འོག་ཏུ་དཀའ་བར་མི་འགྱུར་རོ།། དེ་ནས་ཁྱིམ་བདག་གི་ཆུང་མ་དེས། ཁྱིམ་གྱི་བྱ་བ་མངོན་པར་སྤངས་ཏེ། འོངས་པ་ན་གོའུ་ཏ་མི་སྐྱེས་མོ་དེས་ཀྱང་རབ་ཏུ་མ་ཕྱུང་ངོ་།། ་དེ་བདག་ནི་ཁྱིམ་ན་གནས་པ་ཡང་མ་ཡིན་ལ། རབ་ཏུ་བྱུང་བ་ཡང་མ་ཡིན་ནོ་ཞེས་ཟེར་བའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་མོས་དེ་སྐད་ཅེས་སྨྲས་པ་ན། ཁྱིམ་གྱིས་ཁྱིམ་གྱི་བྱ་བ ་མངོན་པར་སྤངས་ན། དེའི་འོག་ཏུ་དཀའ་བར་མི་འགྱུར་རོ།། ཞེས་སྨྲས་ལ། འོངས་ནས་རབ་ཏུ་མི་འབྱིན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གོའུ་ཏ་མི་སྐེམ་མོའོ།། ་ཁྱིམ་པ་མོ་ཞེས་བྱ་བ་ནི། ཁྱིམ་བདག་གི་ཆུང་མའོ།། ཁྱིམ་གྱིས་ཁྱིམ་གྱི་བྱ་བ་མངོན་པར་སྤོངས་དང་། དེའི་འོག་ཏུ་ཁྱོད་ལ་དཀའ་བར་མི་འགྱུར་རོ།། ཞེས་བྱ་བ་ནི་རབ་ཏུ ་འབྱུང་བར་འགྱུར་བ་ལའོ།། དེའི་འོག་ཏུ་རབ་ཏུ་མི་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཏེ། ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདི་སྐད་ཅེས། ཁྱིམ་གྱི་བྱ་བ་མངོན་པར་སྤངས་དང་། དེའི་འོག་ཏུ་དཀའ་བར་མི་འགྱུར་རོ།། ཞེས་སྨྲས་ལ། འོངས་ནས་རབ་ཏུ ་མི་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་འགྱུར་རོ།། ལྟུང་བྱེད་བཅཝོ་བརྒྱད་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ། སྡོམ་ལ། ལོ་རེ་རེ་ནི་བཀག་པ་དང་། ་ཞལ་ལོན་འདུན་པ་མ་ཡིན་དང་།། ཟླ་བ་ཕྱེད་ཕྱེད་གདམས་པ་དང་།། དགེ་སློང་མེད་པའི་གསོ་སྦྱོང་དང་།། དགེ་སློང་མེད་པར་དབྱར་གནས་མིན།། དབྱར་གནས་པས་ནི་དགག ་དབྱེ་བྱའོ།། ལོ་ལྔ་པ་ཞེས་བྱ་བའི་བར་དག་དུ་འབོད་པ་དང་། དེ་ནས་དེ་ལ་དགེ་སློང་མ་རྣམས་ཀྱིས་འདི་སྐད་སྨྲས་སོ།། འཕགས་མ་ཅི་ཁྱིམ་གྱིས་འདི་རྣམས་ཀྱི་མིང་མི་ཤེས ་སམ། དེས་འདི་སྐད་ཅེས་འདི་སྙེད་ཀྱིས་མིང་སུས་ཤེས་པར་འགྱུར་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས ་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་། ལོ་རེ་ཞིང་འཁོར་འཇོག་ན། ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ལོ་རེ་ཞིང་ཞེས་བྱ་བ་ནི་ལོ་རེ་རེའོ།། འཁོར་འཇོག་ན་ཞེས་བྱ་བ་ནི་རབ་ཏུ་འབྱིན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ལེ་རེ་ཞིང་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དགུ་པའི ་དང་པོ་རྫོགས་སྷོ།། ། གླེང་བཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དཔའ་མོས། བཅོ་ལྔ་པ་སྔ་མའི་འདུན་པ་བླངས་པས། བཅཝ་ལྔ་པ་ཕྱི་མིའི་གསོ་སྦྱོང ་ཡང་ཉམས་སུ་མྱོང་བར་བྱེད་པ་དང་དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ་འཕགས་མ་ཁྱོད་ཅིའི་ཕྱིར་དེ་ལྟ་བྱེད་ན། དེས་འདི་སྐད་ཅེས་ཁོ་མོ་སྡེ་སྣོད་གསུམ ་པ་ཡིན་པས་ཇི་ལྟར་འགྱུར་བ་ཤེས་སོ།། ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱས་པ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་འདུན་པ་ཞག་ལོན་པས་གསོ་སྦྱོང་ཉམས་སུ་མྱོང་བར ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཞག་ལེན་པས་ཞེས་བྱ་བ་ནི་སྤྱད་ཟིན་པའོ།། འདུན་པ་ཞེས་བྱ་བ་ནི་བློ་གྲོས་སོ།། གསོ་སྦྱོང་ཉམས་སུ ་མྱོང་བར་བྱེད་ན་ནི་ལྟུང་བྱེད་དོ།། ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འདུན་པ་ཞག་ལོན་པས། སོ་སོར་ཐར ་པ་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དགུ་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་གང་གི་ཚེ་བཅོམ་ལྡན་འདས་ཀྱིས། བཅཝ་ལྔ་པའི་འདུན་པ་ལེན་པའི་དགེ་སློང་མས། དགེ་སློང་མ་རྣམས་ཀྱི་དྲང་དུ་འགྲོ་བར་བྱ་ཞིང་། དགེ་སློང་མ་རྣམས་ལས་ཅེས་ཤིང ་གདམས་རག་དང་། རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་བྱའོ་ཞེས་གསུངས་པ་དང་། འོན་ཀྱང་བཅུ་གཉིས་སྡེ་དེ་དག། གདམ་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང ་བར་མི་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟླ་བ་ཕྱེད་ཅིང་གདམ་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གི ་བར་རོ།། ཟླ་བ་ཕྱེད་ཕྱེད་ཅིང་ཞེས་བྱ་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་ངོ་།། གདམ་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཞེས་བྱ་བ་ནི་དགེ་སློང་མ་རྣམས་དང་ལྷན ་ཅིག་རྗེས་སུ་བསྒྲུབ་པར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཟླ་བ་ཕྱེད་ཕྱེད་ཅིང ་གདམས་ངག་དང་རྗེས་སུ་བསྟན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དགུ་པའི་གསུམ་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ལྗོངས་རྒྱུ་ཞིང་དོང་བ་ན། དགེ་སློང་མ་ཞིག་གི་དབྱར་ཁང་དུ་ཕྱིན་ནས། དེར་དེ་དག་གིས་དགེ་སློང་མེད་པའི་གནས ་སུ་གསོ་སྦྱོང་བྱས་ཏེ། དེ་དག་རིམ་གྱིས་རྒྱུ་ཞིང་། མཉན་ཡོད་དུ་ཕྱིན་ནས། དེ་དག་གང་གི་ཚེ་དབྱར་ཁང་ད་འོངས་པ་དེའི་ཚེ། དགེ་སློང་མ་རྣམས་ཀྱིས་སྨྲས་པ། སངས ་རྒྱས་ལྡན། ཆོས་ལྡན། དགེ་འདུན་ལྡན། འོངས་པ་ལེགས་སོ།། ཁྱེད་ཅག་གིས་གང་དུ་གསོ་སྦྱོང་བྱས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གནས་ག་གེ་མོ་ཞིག་ཏུའོ།། ་དེ་ནས་དགེ་སློང་མ་དེ་རྣམས་ཀྱིས། དགེ་སློང་མ་དེ་དག་ལ་འདི་སྐད་ཅེས། ཁྱེད་ཅག་གིས་ཅིའི་ཕྱིར་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་བྱས་ཞེས་སྨྲས ་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང ་མ་གང་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། གང་ཞེས་བྱ་བ་ནི་ཆོས་འདི་པ་དག་གིའོ།། དགེ་སློང་མེད་པའི་གནས་སུ་ཞེས་བྱ་བ་ནི།། ་གསོ་སྦྱོང་ཞེས་བྱ་བ་ནི་ས། སོ་སོར་ཐར་པ་ཉམས་སུ་མྱོང་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཇི་ཙམ་ཅུང་ཟད་དགེ་སློང་མེད་པའི་གནས་སུ་གསོ་སྦྱོང་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དགུ་པའི་བཞི་པ་རྫོགས་སྷོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མས་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླང་བ་མི་བྱའོ།། ཞེས ་གསུངས་པ་དང་། དེ་ནས་ཡང་དགེ་སློང་མ་རྣམས་ལྡོངས་ཞིག་ནས་ལྷགས་ནས། དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་བླངས་ཏེ། དེ་ནས་དེ་དག་གིས ་དབྱར་གནས་ནས་མཉན་ཡོད་དུ་ཕྱིན་པ་དང་། ཇི་ཙམ་ན་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱེད་ཅག་གང་དུ་དབྱར་གནས། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། གནས ་ག་གེ་མོ་ཞིག་ཏུའོ།། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་དྲིས་པ། ཅི་རེ་ཤིག་དགེ་སློང་དང་བཅས་པ་ཡིན་ནམ་འོན་ཏེ་དགེ་སློང་མེད་པ་ཡིན། དེ་དག་གིས་འདི་སྐད་ཅེས་དགེ་སློང ་མེད་པ་ཡིན་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་ན་ལྟུང་བྱེད་དོ།། ཡང་གང ་ཞེས་བྱ་བ་ནི་ཆོས་འདི་པ་དག་གིའོ།། དགེ་སློང་མེད་པའི་གནས་ཞེས་བྱ་བ་ནི་གང་ན་དགེ་སློང་མེད་པའི་གྱུར་པའོ།། གནས་ཞེས་བྱ་བ་ནི་གང་ན་ལས་ཐམས་ཅད་མངོན ་པའོ།། དབྱར་གནས་པར་ཁས་ལེན་ན་ཞེས་བྱ་བ་ནི། ཟླ་བ་གསུམ་དམ་འཆའ་བར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་མེད་པའི་གནས་སུ་དབྱར་གནས་པར་ཁས་ལེན་པར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང ་བྱེད་བཅུ་དགུ་པའི་ལྔ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། དབྱར་གནས་པའི་དགེ་སློང་མ་རྣམས ་ཀྱིས་གཉི་གའི་དགེ་འདུན་ལ་དགག་དབྱེ་བྱའོ་ཞེས་གསུངས་པ་དང་། དེ་ནས་དགེ་སློང་མ་རྣམས་ཀྱིས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མའི ་གཉི་གའི་དགེ་འདུན་དགག་དབྱེ་བྱས་ཚུར་སྤྱོན། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་དེར་འགྲོའོ།། ཅིའི་ཕྱིར། རེ་ཤིག་ཁོ་མོ་ནི་སྡེ་སྣོད་གསུམ་པ་ཡིན། ་པས། ཁོ་མོས་དགག་དབྱེ་ཇི་ལྟར་བྱ་བ་ཤེས་ཏེ། དགེ་སློང་གི་དགེ་འདུན་ལ་ལྕག་ཕོད་དང་ཤུར་བུ་དང་། ཤུར་བུ་ཕྲེའུ་ཕལ་མོ་ཆེ་དབུལ་དགོས་པས། ཁྱེད་ཅག་དེངས་ཤིག། ་ཁྲོ་མོ་ནི་དེར་མི་འགྲོའོ་ཞེས་ཟེར་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི ་བར་ད་མཛད་དེ། ཡང་དགེ་སློང་མ་གང་དབྱར་གནས་ནས། གཉི་གའི་དགེ་འདུན་ལས་དགག་དབྱེ་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར ་གནས་ནས་ཞེས་བྱ་བ་ནི་ཟླ་བ་གསུམ་གྱི་མཐར་ཕྱིན་ནས་སོ།། གཉི་གའི་དགེ་འདུན་ལ་ཞེས་བྱ་བ་ནི། དགེ་སློང་དང་དགེ་སློང་མའི་དགེ་འདུན་ལའོ།། དགག་དབྱེ་མི་བྱེད་ན ་ཞེས་བྱ་བ་ནི་མཐོང་བ་དང་། ཐོས་པ་དང་དོགས་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་དབྱར་གནས་ནས་གཉི་གའི་དགེ་འདུན་ལ་དགག་དབྱེ་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་བཅུ་དགུ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ་སྡོམ་ལ། ཚོགས་ལ་སྦྱོར་བར་མི་བྱ་དང་།། མི་སྙན་པ་དང་སེར་སྣ་ལྔ།། སྤངས་ནས་བཟའ་བར་མི་བྱ་དང་།། བཙས་པ་བླང་བར་མི་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་སྦོམ་དགའ་མོས་ཚོགས་ལ་སྤྱོད་པ་དང་། དེ་ལ་ལྷན་ཅིག་གནས་པ་དང་།། ཉེ་གནས་རྣམས་ཀྱིས་སྨྲས་པ། འཕགས་མའི་དགེ་སློང་མའི་ཚོགས་ལ་སྤྱོད་པ་མི་རིགས་སོ།། ་དེས་འདི་སྐད་ཅེས་རིགས་ཀྱང་རུང་མི་རིགས་ཀྱང་རུང་། ཁོ་མོས་ནི་སྤྱོས་སོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཚོགས་ལ་སྤྱོད་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཚོགས་ལ་ཞེས་བྱ་བ་ནི། དགེ་སློང་མའི་དགེ་འདུན་ལའོ།། སྤྱོས་ན་ཞེས་བྱ་བ་ནི་ཚར་བཅད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ།། དེ་ལ་ལྷུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཚོགས་ལ་སྤྱོས་ན་ཐམས་ཅད་ད་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པའི་དང་པོ ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དགེ་སློང་མའི་ཚོགས་ལ་མི་མཉན་པ་ཁྱིམ་ཞེས་བྱ་བ་དང་། ནལ་ཞེས་བྱ་བ་དང་། ་ཕུང་བུ་དག་དང་ལྡན་པའི་བཤེ་བ་དག་གིས་བཤེ་བའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཚོགས་ལ་བཤེ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཚོགས་ལ ་ཞེས་བྱ་བ་ནི། དགེ་སློང་མའི་དགེ་འདུན་ལའོ།། གཤེ་ན་ཞེས་བྱ་བ་ནི། ཁྱིམ་པ་མོའི་ཚིག་དང་ལྡན་པའི་གཤེ་བས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཚོགས་ལ་བཤེ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པའི་གཉིས་པ་རྫོག ་སྷོ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དགེ་སློང་མ་གློ་བུར་བ་རྣམས་ཀྱི་དབྱར་ཁང་དུ་གནས་བྱིན་ནས་དེ་དག་ལ་རྙེད་པ་དང་བསྐུར་སྟི་རབ་ཏུ་མང ་པོ་དང་ལྡན་པ་དང་། དེས་སེར་སྣས་དེ་དག་བསྐྲད་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད ་ཅེས་ཁོ་མོ་གྲང་བའི་ཚེ་ན་གྲང་བས་ཉེན། ཚ་བའི་ཚེ་ན་ཚ་བས་ཉེན་བཞིན་དུ་སྡུག་བསྔལ་ཆེན་པོས་བསྒྲུབས་པའི་དབྱར་ཁང་ཁོ་མོས་ཁ་འཇམ་ཅན་འདི་རྣམས་ལ་སྐབས་དབྱེ། ་འམ་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གནས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་གནས་ལ་ཞེས་བྱ་བ་ནི་དབྱར་ཁང་ལའོ།། སོར་སྣ་ཞེས་བྱ་བ་ནི་དེ་དག་དང་ལྷན་ཅིག་ཏུ་མངོན་པར་མི་དགའ་བའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང ་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གནས་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པའི་གསུམ་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ཀྱིས་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་ཏུ་སྐྱེ་དགུའི་བདག་མེ་ཆེན་མོའི་བསྔགས་པ་དག་བརྗོད་པར ་བྱེད་དེ། སྐྱེ་དགུའི་བདག་མོ་ཆེན་མོ་ནི་བསོད་ནམས་དང་ལྡན་པ་སངས་རྒྱས་ཀྱི་ཡུམ་བཅོམ་ལྡན་འདས་ཀྱིས་ཀྱང་གནས་བརྟན་མའི་རྒྱལ་མོ་རྣམས་ཀྱི་ནང་ན་མཆོག་ཏུ ་བསྟན་པ་ཡིན་ནོ།། ཨུད་པ་ལའི་མདོག་ཀྱང་རྫུ་འཕྲུལ་དང་ལྡན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ་ཡིན་ནོ།། གོའུ་ཏ་མི་སྐེམ་མོ་ཡང་འདུལ་བ་འཛིན་པ་རྣམས་ཀྱི་མཆོག་ཏུ་བསྟན་པ ་ཡིན་ནོ།། ཆོས་སྦྱིན་ཡང་མདོ་སྡེ་རྣམས་ཀྱི་མཆོག་དུ་བསྟན་པ་ཡིན་ནོ།། དེ་ནས་སྦོམ་དགའ་མོས་ཚིག་དེ་ཐོས་ནས་ཀྱེ་བུ་ཟན་མོའི་བུ་མོ་དག། རེ་ཤིག་སྐྱེ་དགུའི་བདག་མོ་ཆེ ་མོ་ཆེན་མོ་འདི་ནི། རང་ཞུགས་ཡིན་ཏེ། འདི་ལ་མཁན་མོ་དང་སློབ་དཔོན་ཡང་མེད་དོ།། ཨུད་པ་ལའི་མདོག་འདི་ནི་སྨད་འཚོང་མ་ཡིན་ནོ།། གོའུ་ཏ་མི་སྐེམ་མོ་འདི་ནི། ་བུའི་ཤ་ཟོས་པ་ཡིན་ན། ཁྱེད་ཅག་དེ་དག་གི་བསྔགས་པ་བརྗོད་པ་ལྟ་ཤེས་སྤོང་བར་བྱེད་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བསྔགས་པའི་སེ ་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས། ཁོ་མོ་ཤཱག་ཀྱའི་རིགས་ལ་རབ་ཏུ་བྱུང་བ་སྡེ་སྣོད་གསུམ་པ་ཡིན་ན། བསྔགས་པར་མི་འོས་པ་དེ་དག་གི་བསྔགས་པ ་བརྗོད་ཀྱི་ཁོ་མོའི་མི་བརྗོད་ན། ཅིའི་ཕྱིར་ཁོ་མོ་ལ་གནོད་པར་མ་འགྱུར་ཞེས་སྨྲས་པ་ནས། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དེ་མཛད་དེ། ཡང་དགེ་སློང་མ་བསྔག ་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། བསྔགས་པ་ཞེས་བྱ་བ་ནི། ལུང་དང་། རྟོགས་པ་དག་བརྗོད་པ་ན། སེར་སྣ་དང ་ཕྲག་དོག་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི། གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཡང་དག་པའི་བསྔགས ་པ་ཇི་ལྟ་བ་བཞིན་སྨྲས་པ་ན། བསྔགས་པ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན ་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དགེ་སློང་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ།། ཀྱེ་པུ་ན་མོ་དག་ཁྱིམ་ག་གེ་མོར་ནི་མ་འདེང་ཤིག། དེ་དག་གིས་འདི་སྐད་ཅེས ་སྨྲས་སོ།། ཅིའི་ཕྱིར་དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་ཁྱིམ་དེ་དལ་པ་ཆེན་པོས་ཆོས་བཤད་ནས་དད་པར་བྱས་པ་ཡིན་ནོ།། དེ་ལ་དགེ་སློང་མ་རྣམས་ཀྱིས ་སྨྲས་པ། འཕགས་མ་ཁྱོད་ཁྱིམ་གྱི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་གྱུར་ཏོ།། ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར ་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ཁྱིམ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་ལ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ ་ལའོ།། སེར་སྣ་བྱེད་ན་ཞེས་བྱ་བ་ནི་ཕྲག་དོག་སྐྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང ་ཟད་ཁྱིམ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པའི་ལྔ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས ་སྦོམ་དགའ་མོ་དགེ་སློང་མ་རྣམས་ལ་གདམ་ངག་འབོགས་པ་ན། པུ་ནུ་མོ་དག་བྲམ་ཟེ་ཡ་མཚན་དུ་འཛིན་པ་རྣམས་ཀྱིས་ཁུ་ཚུར་དང་། ཐལ་ལྕག་གིས་བརྒྱབ་ནས་གླང ་པགས་པར་གྱུར་ན་མི་རུང་གིས། ཧ་ཅང་སྔར་བསོད་སྙོམས་ལ་མ་འདོང་ཤིག། ཅེས་དེས་གཞན་དག་བཟློག་ནས་རང་ཉིད་ནང་ཚེས་སྔ་བ་ཞིག་ཏུ་ཤམ་ཐབས་བགོས ་ལྷུང་བཟེད་དང་ཆོས་གོས་བླངས་ཏེ། སྤྱོད་ཡུལ་དུ་ཞུགས་པ་དང་། བྲམ་ཟེ་ལ་མཚན་དུ་འཛིན་པ་ཞིག་གིས་མཐོང་ནས། དེས་དེ་བཟུང་སྟེ། འུ་ཆུར་དང་ཐལ། ་ལྕག་གིས་དེ་བོར་ཏེ་བརྡེགས་པས། དེ་མིག་པུགས་སྣང་ཅིང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྤྲས་པ། འཕགས་མ་ཁྱོད་སུས་བརྡེགས་དེས་སྐབས་དེ་རྒྱས་པར ་སྨྲས་པ། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་རྙེད་པའི་སེར་སྣས་གནོད་པར་མ་གྱུར་གྲང་། དེས་འདི་སྐད་ཅེས་གྱུར་ཏོ་ཞེས་སྨྲས ་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛ ་དེ། ཡང་དགེ་སློང་མ་གང་རྙེད་པ་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་དགེ་སློང་མ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རྙེད་པ་ལ་སྟེར་སྣ་བྱེད་ན་ཞེས་བྱ་བ་ལ་རྙེད་པ་ནི་གཉིས ་ཏེ་ཟས་ཀྱི་རྙེད་པ་དང་ཆོས་ཀྱི་རྙེད་པ་ཡིན་ཏེ། དོན་འདི་ལ་ནི་ཟས་ཀྱི་རྙེད་པ་ཡིན་པར་དགོས་སོ།། སེར་སྣ་བསྐྱེད་ན་ཞེས་བྱ་བ་ནི་ཕྲག་དོག་སྐྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རྙེད་པ་ལ་སེར་སྣ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། སྔོན་གྱི་སྦྱོར་བ་ནི་དགེ ་སློང་མ་རྣམས་ཐེ་ཙོམ་སྐྱེས་ནས། ཐེ་ཙོམ་ཐམས་ཅད་གཅོད་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཞེས་པ། བཙུན་པ་སྦོམ་དགའ་མོ་གཞན་ལ་རྗེས་སུ་སྟོན་ཅིང་རང་མི ་སྒྲུབ་པ་ལ་གཟིགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་འདས་པའི་དུས་ན་ཡང་སྦོམ་དགའ་མོ་གཞན་ལ་རྗེས་སུ་སྟོན་ཅིང་རིང་མ་སྒྲུབ་པས་ཚུལ་མ་ཡིན་པས ་སྡུག་བསྔལ་དུ་གྱུར་པ་ཡིན་ཏེ། དགེ་སློང་མ་དག་སྔོན་བྱུང་བ་འདས་པའི་དེས་ན་ལམ་པོ་ཆེ་ཞིག་ནས་རི་སྐྱེགས་མོ་རབ་ཏུ་མང་པོ་རྒྱུས་པ་དང་། དེ་ན་རི་སྐྱེགས་མོ་ཞིག་ཡོད་པ། ་རི་སྐྱེགས་མོ་རྣམས་ལ། ཕུ་ནུ་མོ་དག་ཁྱེད་འཁྲིས་པའི་ནད་ཀྱིས་སྐྱེས་པར་གྱུར་དང་མི་རུང་གིས། ཁྱེད་ཅག་ཏིལ་ལམ་ཟ་ཤིག། ཅེས་རྗེས་སུ་བསྟན་ནས། དེ་རང་ཉིད་ཤིང་རྟ ་འོང་བའི་ལམ་ཀ་ན་ཏིལ་ཟ་ཟ་བ་ལས། ཤིང་རྟའི་འཁོར་ལོས་མགོ་བཅད་པར་གྱུར་ཏེ།། དེ་ནས་ལྷ་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ། གཞན་ལ་རྗེས་སུ་སྟོན་བྱེད ་ཅིང་། རང་ཉིད་སྒྲུབ་པར་མི་བྱེད་པ། བརྐམ་ཆགས་པའི་རང་བཞིན་ཅན། རི་སྐྱེགས་མོ་ནི་འཁོར་ལོས་བཅོམ། དགེ་སློང་དག་ཇི་སྙམ་དུ་སེམས། རི་སྐྱེགས་མོ་གང་ཡིན ་པ་དེ་ནི། སྦོམ་དགའ་མོ་འདི་ཡིན་ཏེ། དེ་ན་ཡང་འདི་གཞན་དག་ལ་རྗེས་སུ་སྟོན་ཅིང་། བདག་ཉིད་མི་བསྒྲུབ་པས། ཚུལ་བཞིན་མ་ཡིན་པས་སྡུག་བསྔལ་བར་གྱུར་ལ། ་དེ་ལྟར་ཡང་གཞན་དག་ལ་རྗེས་སུ་སྟོན་ཅིང་བདག་ཉིད་མི་བསྒྲུབ་པས། ཚུལ་བཞིན་མ་ཡིན་པས་སྡུག་བསྔལ་བར་གྱུར་ཏོ།། དེ་ལྟ་བས་ན་དགེ་སློང་མ་དག་འདི་ལྟར་བསླབ ་པར་བྱ་སྟེ། དགེ་སློང་དག་ཁྱེད་ཀྱིས་དེ་ལྟ་བུ་ལ་བསླབ་པར་བྱའོ།། ལྟུང་བྱེད་ཉི་ཤུ་པའི་དྲུག་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ ་མོ་ལ། ལྷན་ཅིག་གནས་པ་དང་། ཉེ་གནས་རྣམས་ཀྱིས་ལུང་བླངས་པ་དང་། དེས་འདི་སྐད་ཅེས་དེང་ལ་རེ་ཤིག་ཁོ་མོའི་སྣོད་དུ་ཆོས་ཤིག་བུ་རམ་དང་། སེ་འབྲུ་དག་ཉེས ་ཤིག་ཅེས་སྨྲས་ནས་དེ་ཕན་ཚུན་བསྐྱངས་ཏེ། དེ་དགེ་ལ་ལུང་མ་བྱིན་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཆོས་ལ་སེར་སྣ་མི་བྱེད་གྲང་དེས ་འདི་སྐད་ཅེས། ཀྱེ་བུ་ཟན་མའི་བུ་མོ་དག། ཁོ་མོ་དྲུག་སྡེ་རྣམས་ལ་ལུང་གི་ཆེད་དུ་སེའུ་འབྲུ་མཉེས་པས་ནི། ལག་པ་སེར་ཀ་བྱུང་། བཟོད་པ་གསོལ ་བས་ནི་མགོ་བྱ། པུས་མོ་བཙུགས་ནས་ལུང་གསོལ་བས་ནི་ལྕགས་ན། ཁོ་མོ་ཅིའི་ཕྱིར་སེར་སྣ་མི་བྱེད་ཅེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི ་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ ་གང་ཆོས་ལ་སེར་སྣ་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཆོས་ལ་སེར་སྣ་བྱེད་ན་ཞེས་བྱ་བ་ནི་ཆོས་ཤེས་བྱ་བ་ནི། སངས་རྒྱས་ཀྱིས་གསུངས ་པ་འམ། ཉན་ཐོས་ཀྱིས་སྨྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་ཙམ་ཅུང་ཟད་ཆོས་ལ་སེར་སྣ ་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། སེར་སྣ་ལྔའི་བར་སྡོམ་ནི།། གནས་དང་སྔགས་དང་ཁྱིམ་དང་ནི།། རྙེད་པ་ཉིད་དང་ཆོས་ལའོ།། ལྟུང་བྱེད་ཉི་ཤུ་པའི་བདུན ་བ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་རྣམས། ནེད་རྙེད་ནས་གཅིག་ཏུ་ཟོས་ནས། གཅིག་ཤོས་སུ་ཡང་ཟ་བར་བྱེད་དེ། ་དེ་ལྟར་སྤངས་པ་དང་། མ་སྤངས་པ་ཟ་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་གང་དགེ་སློང་མ་གང་ཟོས་ཏེ་སྤངས་ཟིན་ནས་བཅའ་བ་འཆོས་སམ་ཟོས་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་བཅུ་གཉིས་སྡེ་དག་གོ།། ཟོས་ཟིན་ནས་ཤེས་བྱ་བ་ནི། གནས་གཅིག་ཏུ་སྤངས་ནས་སྤྱོད་ལམ་བཤིག་པའོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ ་ལྔ་དང་བཟའ་བ་ལྔའོ།། འཆོས་སམ་ཟོས་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མིང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ ་སློང་མས་སྤངས་པ་ལ་སྤངས་པའི་འདུ་ཤེས་ཀྱིས་འཆོས་སམ་ཟོས་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་མ་སྤངས་པ་ལ་སྤངས ་པར་འདུ་ཤེས་ཀྱིས་འཆོས་སམ་ཟོས་ན་ཉེས་བྱས་སོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ཉེས་བྱས་སོ།། ལྟུང་བྱེད་ཉི་ཤུ་པའི་བརྒྱད་པ་རྫོགས་སྷོ།། ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྤོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ནས་བསོད་སྙོམས་ཀྱི་ཕྱིར་བྱུང་སྟེ། ཁྱིམ་བདག ་གཅིག་གི་ཁྱིམ་དུ་ཞགས་པ་དང་། ཁྱིམ་བདག་དེ་ཆུང་མ་བུ་ཐོན་བུ་བཙས་པས། རང་གི་ཁྱེའུ་བཀྲུ་བ་མ་ཤེས་སོ།། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ་མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྦས་སོ།། འཕགས་མ་བདག་གློ་བ་མི་དགའ་ལགས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ་ཅིའི་ཕྱིར་བདག་གི་ཁྱེའུ་སུས་ཀྱང་མ་བཀྲུས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར་མི་འཁྲུ། མ་འཚལ་ཏོ།། སྦོམ་དགའ་མོས ་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱོད་ཀྱང་ཁབ་བཞིན་དུ་ལས་སྣ་གཅིག་པ་ཡིན་ནམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་འདི་ལ་བྱ་བ་ཅུང་ཟད་མངའ་འམ། སྦོམ ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་ལས་ཀྱི་གནས་གང་ལ་མ་བྱེད་པ་ཅུང་ཟད་ཡོད་དམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དག ་བདག་གི་ཁྱེའུ་ཁྲུས་གྱིས་ལ་གསོལ་ཅིག། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུས་བསོད་སྙོམས་སྦྱིན་པར་འགྱུར། དེས་འདི་སྐད་ཅེས་སྨྲས ་སོ།། བདག་གིས་ཕྱི་བཞིན་འབྲང་བའི་དགེ་སློང་མ་དང་། བདག་གིས་མཁན་མོ་དང་། ཁང་སྐྱོང་མ་ལ་དབུལ་ལོ།། དེ་ནས་སྦོམ་དགའ་མོས་ལྷུང་བཟེད ་བཞག་གོས་དག་བརྗེས་ནས་ཁྱེའུ་བླངས་ཏེ། ཡུད་ཙམ་ཞིག་བསྐྱོད་ནས། དེའི་འོག་ཏུ་འདག་རྫས་དག་གིས་བཀྲུས་དྲིལ་ཏེ། དེ་ནས་ཆུ་དྲོན་གྱིས་བཀྲུས། མིག་ཏུ་མིག ་སྨན་གྲུགས། ས་ཞག་གིས་ཐིག་ལེ་བྲིས། སྒྲའི་བྱི་དོར་བྱས་སྦྲང་རྩི་དང་མར་གསར་གྱིས་བསྒོས་ནས། ཁུལ་ཞོར་བཅུག་སྟེ། བསྐལ་ནས། འདི་སྐད་ཅེས་ཁྱོད་ཀྱིས་འདི ་བཞིན་དུ་ཉི་མ་རེ་རེ་ཞིང་ཁྲུས་བྱོས་ཤིག་ཅེས་བསྒོ་ནས། དེས་བསོད་སྙོམས་ཀྱིས་ཁུར་བསླང་སྟེ། དབྱར་ཁང་དུ་སོང་ངོ་།། དེ་ནས་ཁྱོད་དེ་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ་བཟང་མོ་ཁྱེད་ཀྱིས་དེ་རིང་ཁྱེའུ་ཁྲུས་བྱས་པ་ལེགས་སོ།། འོར་ཆེའོ།། ཞེས་བྱ་བ་ནས་སྦོམ་དགའ་མོས་བཀྲུས་སོ་ཞེས་བྱ་བ་དང་། བསོད་སྙོམས་རབ་ཏུ་མང་པོ་ཕུལ་ལོ།། ་ཞེས་བྱ་བའི་བར་རོ།། དེ་ནས་དུས་གཞན་ཞིག་ན་སྐྱེ་དགུའི་བདག་མོ་ཆེན་གོའུ་ཏ་མི་སྔ་དྲོ་ཤམ་ཐབས་བགོས་ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཁྱིམ་བདག་གི་ཁྱིམ ་དེར་བསོད་སྙོམས་ཀྱི་ཕྱིར་ཞུགས་ནས་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི ་ཁྱེའུ་ཁྲུས་ཀྱིས་ལ་སྩོལ་ཅིག། དེ་ནས་སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་སྨྲས་སོ།། པུ་ནུ་མོ་ཁོ་མོས་བྱང་ཆུབ་སེམས་དཔའ་བཀྲུས་ཏེ། དེ་ལས་ཁྱེའུ་གཞན་ནི ་མ་བཀྲུས་སོ།། ཕུ་ནུ་མོ་ཁྱོད་དགེ་སློང་མ་ཚུལ་ཁྲིམས་དང་ལྡན་པ་ལ་མཆིང་སྩོལ་པ། ཕྱིར་ཡང་བྲན་མོར་གྱུར་པ་ལ་སོགས་སམ། དེ་ལྟ་མོད་ཀྱི་ཕུན་མོ་ཁྱོད་ཀྱིས་འདི ་ལྟར་དགེ་སློང་མ་ཁྱེའུ་འཁྲུ་འམ་ག་ལས་མཐོང་ངམ་ཐོས། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྦོམ་དགའ་མོས་བཀྲུས་སོ།། སྐྱེ་དགུའི་བདག་མོ་ཆེན་མོས ་འདི་སྐད་ཅེས་དེ་ཁོ་ནས་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་བུ་ལེན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ་བུ་ཞེས་བྱ་བ་ནི་བུ་ཆུང་ངོ་།། ལེན་ན་ཞེས་བྱ་བ་ནི་རྩེ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཡང་རུང་བུ་ལེན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་པའི་ཚིགས་སུ་བཅད་པ་རྫོགས་སྷོ།། སྡོམ་ནི་ཁྲུས་རས་དག་ནི་བྱ་བ ་དང་།། གོས་དག་བཀྲུ་བར་བྱ་བ་དང་།། སྣམ་སྦྱར་དག་ནི་བརྗེ་བ་དང་།། དགེ་ཚུལ་ཆོས་གོས་སྦྱིན་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ ་དག་ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དང་ལྷན་ཅིག་སྒྲེན་མོར་བྱུང་ནས། ཁྲུས་བྱེད་པ་དང་། དེ་ནས་སྦོམ་དགའ་མོས་ཁོ་མོ་རྨོངས་ཀྱི་ཚོགས་ཤིན་ཏུ་གནག་ལ་ལེགས ་པར་འཁྱིལ་པ་དཔེར་ན་སྲན་མ་ཤིའི་འབྲས་བུ་ལྟར་འདག་པ་ལ་ལྟོས། ཞེས་སྟོན་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏེ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་རྗེས་སུ་གནང་སྟེ་དགེ་སློང་མས་ཁྲུས་རས་བཅང་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས ་ཀྱིས་འཁྲུས་རས་བཅང་བར་བྱའོ།། ཞེས་བཀའ་སྩལ་པ། དེའི་ཚེ། སྦོམ་དགའ་བོ་མི་ཐོགས་པ་དང་དོན་ཉུང་བའི་དགེ་སློང་མ་དག་སྤོང་པར་བྱེད་པའི་སྐབས་དེ། ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང ་ཁྲུས་རས་མེད་པར་ཁྲུས་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྲུས་རས་ཞེས་བྱ་བ་ནི་ཁྲུས་ཀྱི་རས་ཏེ། དེ་མེད་པར་རོ།། ཁྲུས་བྱེད་ན་ཞེས་བྱ་བ་ལ། ་ཁྲུས་ནི་གཉིས་ཏེ། འཇུག་པའི་ཁྲུས་དང་དབང་བསྐུར་བའི་ཁྲུས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ་དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཙམ་ཅུང་ཟད་ཁྲུས་གཉིས་བྱེད་ན་ཁྲུས་ཀྱི་ཁྲུས་རས་མི་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཅིག་པའི་དང་པོ་རྫོགས་སྷོ།། ། གླེང་གཞི ་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་མི་གཙང་བས་གོས་པའི་གོས་དག་གཙོ་བླག་མཁན་ལ་འཁུར་བཅུག་པ་དང་། བྲམ་ཟེ་དང་ཁྱིམ་བདག་དག་བདག་གི་གོས་དག ་ཀྱང་འདིས་ན་མི་གཙང་བར་འགྱུར་རོ།། ཞེས་ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་གཙོ་བླག་མཁན་ལ་གོས་འཁྲུར་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ ་བ་ནི་སྦོམ་དགའ་མོའོ།། གཙོ་བླག་མཁན་ཞེས་བྱ་བ་ནི། ཁྱིམ་པ་མོའོ།། གོས་ཤེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། འཁྲུར་འཇུག་ན་ཞེས་བྱ་བ་ནི་བཀྲུ་བཤལ ་བྱེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་མི་གཙང་བས་གོས་པའི་གོས ་འཁྲུར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་དོ་ཉི་ཤུ་གཅིག་པའི་གཉིས་པ་རྫོགས་སྷོ།། ། དགེ་སློང་མའི་འདུལ་བ། ་རྣམ་པར་འབྱེད་པ།། བམ་པོ་ཉི་ཤུ་དྲུག་པ།། གླེང་གཞི་ནི་མཉན་ཡོད་ནའོ།། བུད་མེད ་ནི་བརྗེད་ངེས་པ་ཡིན་པས་དགེ་སློང་མ་རྣམས་ཀྱིས་ཆོས་གོས་བྱིན་གྱིས་བརླབས་པ་བརྗེད་ནས་དེ་དག་གིས་བདག་ཅག་གི་གང་དག་ནི་བྱིན་གྱིས་བརླབས། གང་དག་ནི་བྱིན་གྱིས ་མ་བརླབས་པ་མ་ཤེས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན་དེང ་ཕྱིན་ཆད། དགེ་སློང་མ་རྣམས་ཀྱིས་ཚེས་བཅོ་ལྔ་བཅོ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབས་པ་ཉམས་སུ་མྱོང་བར་བྱའོ།། དེ་ནས་སྦོམ་དགའ་མོས་ཚེས་བཅོ་ལྔ་བཅོ་ལྔ་ཞིང ་ཆོས་གོས་བྱིན་གྱིས་བརླབས་པ་ཉམས་སུ་མྱོང་བར་མི་བྱེད་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཁྱོད་ཅིའི་ཕྱིར་ཚེས་བཅོ་ལྔ་ཞིང་ཆོས་གོས་བརླབས་པ ་ཉམས་སུ་མྱོང་བར་མི་བྱེད་ན་དེས་འདི་སྐད་ཅེས་ཁོ་མོས་སྡེ་སྣོད་གསུམ་དྲན་ན། ཅིའི་ཕྱིར་ཁོ་མོས་ཆོས་གོས་བྱིན་གྱིས་བརླབ་པ་མི་དྲན་ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང ་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ཟླ་བ་བྱེད་ཅིང་ཆོས་གོས་བྱིན་གྱིས་བརླབས་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཟླ་བ་ཕྱེད་ཅེས་བྱ་བ། ་ནི་ཟླ་བ་བྱེད་ཅིང་ངོ་།། ཆོས་གོས་ཤེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། བྱིན་གྱིས་བརླབས་པ་ཞེས་བྱ་བ་ནི། བྱིན་གྱིས་བརླབ་པར་བྱ་བ་དྲན་པར་བྱ་བའོ།། ཉམས་སུ་མྱོང ་བར་མི་བྱེད་ན་ཞེས་བྱ་བ་ནི་སྟོན་པའི་བསླབ་པ་ཉམས་སུ་མྱོང་བར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི ་ཙམ་ཅུང་ཟད་བཅཝོ་ལྔ་བཅཝོ་ལྔ་ཞིང་ཆོས་གོས་བྱིན་གྱིས་བརླབས་པར་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཅིག་པའི་གསུམ་པ་རྫོགས ་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་སྦོམ་དགའ་མོས། གར་མཁན་མོ་ལས་སླར་བཅའ་བ་བླངས་ཏེ། ཆོས་གོས་བྱིན་པ་དང་། དེ་བགོས་ནས ་གར་བྱས་ཏེ། དེ་ཉིད་དུ་དྲུག་སྡེ་དག་སུན་ཕྱུང་ངོ་།། དེ་ནས་དྲུག་སྡེ་རྣམས་ཀྱིས་ཐོས་ནས། སྦོམ་དགའ་མོའི་དྲུབ་དུ་སོང་སྟེ། སྦོམ་དགའ་མོ་དང་གཏུགས་ནས་སྣང་བར ་བརྡེགས་སོ།། དེ་ཡང་མིག་ཕུགས་སྐྲངས་ཤིང་དབྱར་ཁང་དུ་སོང་བ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་སུས་བརྡེགས་དེས་འདི་སྐད་ཅེས་སྨྲས་སོ།། ་ཁོ་མོ་མིང་པོ་དག་གིས་བརྡེགས་ཀྱིས་མི་དགར་མ་བྱེད་ཅིག། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཅིའི་ཕྱིར། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དོན་ཉུང་བའི་དགེ་སློང ་མ་དག་སྤོང་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ་མོ་ལ་དགེ་སློང་གི་ཆོས་གོས་བྱིན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པ་མོ་ཞེས ་བྱ་བ་ནི་ཁྱིམ་ན་གནས་པའོ།། དགེ་སྦྱོང་གི་ཆོས་གོས་ཤེས་བྱ་བ་ནི་དུར་སྨྲིག་གོ། སྦྱིན་ན་ཞེས་བྱ་བ་ནི་གཏོང་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སྦྱོང་གི་ཆོས་གོས་ཁྱིམ་པ་མོ་ལ་བྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཅིག་པའི ་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ནི། སྐྱེ་གབ་ཚོགས་ཀྱི་སྐྱེ་གབ་དང་།། བཀྲེན་པ་ཡི་རང་འཇུག་པ་དང་།། སྲབ་ཀྱང་དབྱུང་བར་བྱ་བ ་དང་།། གོས་དག་བགོ་བར་བྱ་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བུད་མེད་ནི་སྔོན་གྱི་ལས་ཀྱིས་འཕངས་པའི་ཤུགས་ཡོད་པས། དགེ་སློང་མ་རྣམས ་ཟླ་བ་ངོ་རེ་རེ་ཞིང་ཟླ་མཚན་འཛག་པར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེ་གབཅང་བར་བྱའོ།། གངྒ་ཚེ་བཅོམ་ལྡན་འདས་ཀྱིས་སྐྱེ་གང་བཅང་བར་བྱ ་ཞེས་གསུངས་པ་དེའི་ཚེ། དེ་དག་ཐོགས་ཤིང་རྒྱུ་བ་ན་ལྟུང་བར་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐད་བུས་གདམས་པར་བྱའོ།། ཡང་སྦོམ་དགའ ་མི་ཐོགས་པས། དེ་བྱིན་པ་ལ་ཁྲག་འཛག་ཅིང་བསོད་སྙོམས་ལ་སོང་བ། བྲམ་ཟེ་དང་ཁྱིམ་བདག་རྣམས་ཀྱིས་མཐོང་ནས་དྲིས་པ། འཕགས་མ་བྱིན་པ་ལ་ཁྲག་ལ ་པའོ་ནི་ཅི་ལགས། དེས་འདི་སྐད་ཅེས་མ་ལ་དྲིས་ཤིག། སྲིང་མོ་ལ་དྲིས་ཤིག་བུ་མོ་ལ་དྲིས་ཤིག་ཅེས་སྨྲས་པ་ན། དེ་བདག་ཅག་གི་ཁྱིམ་ཐམས་ཅད་ཀྱང་གཅོག་པར་འགྱུར་རོ།། ་ཞེས་བྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད། སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་བུ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་སྨེ་གབ་མི་འཆང་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྡེ ་གབ་ཅེས་བྱ་བ་ནི་བུད་མེད་ཀྱི་མི་བདེ་བ་དག་པ་པའོ།། མི་འཆང་ན་ཞེས་བྱ་བ་ནི་རང་ཀྱིར་མི་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྒེ་གབ་མི་འཆང་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཉིས་པའི་དང་པོ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་འཕྲེང་ལྡན་མས། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སྒེ་གཔ་རྗེས་སུ་གནང་ངོ་ཞེས་ཐོས་ནས། དེ་འདི་སྙམ་དུ། ཀྵེ་མའོ།། ་བདག་གིས་དགེ་སློང་མའི་དགེ་འདུན་ཐམས་ཅད་ལ་སླེ་གབ་དབུལ་ལོ།། སྙམ་དུ་བསམས་སོ།། དེ་ནས་སྦོམ་དགའ་མོ་བཙུན་མོ་འཕྲེང་ལྡན་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ་བཙུན་མོ་འཕྲེང་ལྡན་མཀ། འདི་སྐད་ཅེས་སྨྲས་སོ།། བཙུན་མོ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་སྡེ་གབ་རྗེས་སུ་གནང་ངོ་།། དེ་ནས་བཙུན་མོ ་འཕྲེང་ལྡན་མས། ནང་མི་ལ་བསྒོ་བ་དང་། དེ་དག་གིས་གོས་སྣ་ཚོགས་ཀྱི་སྒྲོམ་དག་མདུན་དུ་བཞག་གོ། དེ་ནས་བཙུན་མོ་འཕྲེང་ལྡན་མས། སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། ་འཕགས་མ་གོས་འདི་དགེ་སློང་མའི་ཚོགས་ཐམས་ཅད་ལ་སྨེ་གབ་ཏུ་རིམས་ཤིག། དེ་ནས་སྦོམ་དགའ་མོས་གོས་དེ་དག་ཐམས་ཅད་རང་གིར་བྱས་པ་དང་། དགེ་སློང་མ་གཞན་ཞིག་བཙུན ་མོ་འཕྲེང་ལྡན་མ་གང་ན་བ་དེར་སོང་སྟེ་ཕྱིན་ནས། བཙུན་མོ་འཕྲེང་མི་ལ་འདི་སྐད་ཅེས་སྨྲས་སོ།། བཙུན་མོ་བདག་ལ་ཡང་སླེ་གབ་སྩོལ་ཅིག། དེ་ནས་བཙུན་མོ་འཕྲེང་ལྡན་མས་དགེ ་སློང་མ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གིས་དགེ་སློང་མའི་ཚོགས་ཐམས་ཅད་ཀྱི་སྨེ་གབ་སྦོམ་དགའ་མོའི་ལག་ཏུ་གཏང་ལགས་སོ།། ཇི་ཙམ་ན་སྦོམ་དགའ་མོ་ལ ་བསླངས་པ་ལས་མ་བྱིན་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྨེ་གབ་ཅན་གྱི་ཚོགས་ཀྱི་སྨེ་གབ་གང་ཟག་རང་གིར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞིག་ཅེས་བྱ་བ་ནི་སྦོམ་དགའ་མོའོ།། ་སྨེ་གབ་ཅན་ཞེས་བྱ་བ་ནི་བུད་མེད་ན་བའོ།། ཚོགས་ཀྱི་སྨེ་གབ་ཅེས་བྱ་བ་ནི་དགེ་སློང་མའི་དགེ་འདུན་དང་ཐུན་མོང་པའོ།། གང་ཟག་ཅེས་བྱ་བ་ནི་གཅིག་པུའོ།། རང་གིར་བྱེད་ན་ཞེས་བྱ་བ ་ནི་བདག་གིར་རྣམ་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྲེག་པ་ཅན་གྱི་ཚོགས་ཀྱི་སྲེ་ག་པ་གང་ཟག་རང ་གིར་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཉིས་པའི་གཉིས་པ་རྫོགས་སྷོ། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་ཁྱིམ་བདག་ནད་པ་སྦྱོར ་མི་བཟོད་པ་ཞིག་ཡོད་དོ།། དེ་ནས་སྦོམ་དགའ་མོ་ཁྱིམ་བདག་དེ་གང་ན་བ་དེར་སོང་སྟེ་ཕྱིན་ནས། ཁྱིམ་བདག་ལ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་སྲ་བརྐྱང་གི་དུས་ལ་བབ་ཀྱིས ་སྲ་བརྐྱང་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་ནི་བྲོ་འཚལ་བ་ཞིག་སྟེ། ཅི་ཡང་མ་མཆིས་སོ།། དེ་ནས་སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས ་ཁྱོད་ལ་བསྟན་གྱིས། བཞིན་བཟངས་ཚོང་ཁང་ནས་སྦྱིན་པོ་ལོང་ལ་ཕྱིས་སྦྱིན་པོ་བྱིན་ཅིག། དེ་ནས་སྦོམ་དགའ་མོས་ཉམས་ཆུང་ངུ་སྲ་བརྐྱང་ལ་རྗེས་སུ་ཡི་རང་བ་བྱེད་བཅུག་ནས ་བླངས་ཏེ་དབྱར་ཁང་དུ་སོང་ངོ་།། དེ་ནས་ཁྱིམ་བདག་དེ་དུས་གཞན་ཞིག་ན། ཚོང་བ་དེས་བཟུང་ནས། ཀ་ཤ་པ་ནི་དག་མ་བྱིན་གྱི་བར་དུ་གར་ཡང་མ་འགྲོ་ཤིག་ཅེས་བཟུང་ངོ་དེ་ནས ་ནེ་ཟླ་དག་གིས་ཁྱིམ་བདག་དེ་ལ་སྨྲས་པ། གནས་འདི་ན་ཅི་བྱེད། དེས་འདི་སྐད་ཅེས་བུ་ལོན་པ་དག་གིས་བཟུང་ངོ་།། ཞེས་སྨྲས་སོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཅི ་ཕྱིར་བུ་ལོན་པ་དག་གིས་བཟུང་། དེས་སྐབས་དེ་རྒྱས་པར་སྨྲས་པ་དང་། དེ་དག་འདི་སྐད་ཅེས་ཤག་ཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་དང་ཚངས་པའི་ཚུལ་ནི་ཚིག ་པ་ཡིན་ཏེ། གང་གི་ཕྱིར་ནད་པ་ལ་ཡང་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་གོ་ཞེས་ཁ་ཟེར་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཉམས་ཆུང་ངུ་སྲ་བརྐྱང་དབུལ་དུ་འཇུག་གམ་རྗེས་སུ་ཡི་རང་བར ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཉམ་ཆུ་ངུ་ཞེས་བྱ་བ་ནི་ནད་པའོ།། སྲ་བརྐྱང་དབུལ་དུ་འཇུག་གམ་ཞེས་བྱ་བ་ནི་དགེ་འདུན་གྱི་ཆོས་གོས་སོ།། ་རྗེས་སུ་ཡི་རང་བར་བྱེད་དུ་འཇུག་ན་ཞེས་བྱ་བ་ནི་སྐྱིན་པོ་ལེན་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ ་ཅུང་ཟད་ཉམ་ཆུ་ངུ་ལ་སྲ་བརྐྱང་རྗེས་སུ་ཡི་རང་བྱེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གཉིས་པའི་གསུམ་པ་རྫོགས་སྷོ།། ། གླེང་གཞི་ནི ་མཉན་ཡོད་ནའོ།། དེ་ནས་གནས་སུ་སྲ་བརྐྱང་བཏིང་བ་ལས། དགེ་སློང་མ་ཆོམ་རྐུན་པར་གཏོགས་པ་རབ་ཏུ་མང་པོ་དག་ལྷགས་ཏེ་དེ་དག་འདི་སྐད་ཅེས། གལ་ཏེ་བཅོམ ་ལྡན་འདས་ཀྱིས་རྗེ་སུ་གནང་ན་སྲ་བརྐྱང་འབྱུང་བར་བྱའོ་ཞེས་སྨྲས་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ ་གནང་སྟེ་སྲ་བརྐྱང་དབྱུང་བར་བྱའོ།། བཅོམ་ལྡན་འདས་ཀྱིས་གསུངས་པ་མ་ཤེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་ལ་བཤམ་པ་བྱས་ཏེ། ་ཞེས་བྱ་བ་ནས། དྲིས་པའི་ལན་གྱིས་དགེ་སློང་མ་རྣམས་ལ་ཡང་དག་པར་བསྒོ་ལ། དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་བྱས་ཏེ་ལས་བྱའོ།། ལས་ནི་འདི་ལྟར་བྱ་སྟེ། ་འཕགས་མའི་དགེ་འདུན་ཕུ་ནུ་མོ་དག་བདག་ལ་གསན་དུ་གསོལ་གནས་འདིར་དགེ་སློང་མ་ཆོམ་རྐུན་པར་གཏོགས་པ་རབ་ཏུ་མང་པོ་དག་མཆིས་ལགས་ན། གལ་ཏེ་འཕགས་མའི ་དགེ་འདུན་གྱི་དུས་ལ་བབ་ཅིང་བཟོད་ན་འཕགས་མིའི་དགེ་འདུན་གྱིས་གནང་བར་མཛོད་ཅིག་དང་། འདི་ལྟར་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་ཆོམ་རྐུན་པར་གཏོགས་པ ་རབ་ཏུ་མང་པོའི་སླད་དུ་སྲ་བརྐྱང་དབྱུང་བར་མཛད་དོ།། འདི་ནི་གསོལ་བའོ།། དེ་བཞིན་ལས་ཀྱང་རྒྱས་པར་བརྗོད་པར་བྱའོ།། དེ་ནས་སྦོམ་དགའ་མོ་སྲ་བརྐྱང་འབྱིན་པ་ཉམ ་སུ་མྱོང་བར་མི་བྱེད་པ་ནས་དགེ་སློང་མ་རྣམས་ཀྱིས་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྲ་བརྐྱང་འབྱིན་པ་འམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ། སྲ་བརྐྱང་འབྱིན་པ་ཞེས་བྱ་བ ་ནི་དགེ་འདུན་གྱི་ཆོས་གོས་སོ།། འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཞེས་བྱ་བ་ནི་མཐུན་པ་མི་སྦྱིན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི ་ལྟར་འགྱུར་ཞེ་ན། དགེ་སློང་མ་ཇི་ཙམ་ཅུང་ཟད་དགེ་འདུན་དང་ལྷན་ཅིག་སྲ་བརྐྱང་འབྱིན་པ་ཉམས་སུ་མྱོང་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི ་@ཤུ་གཉིས་པའི་བཞི་པ་རྫོགས་སྷོ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྐུ་བརྒྱད་བྱུང་ནས། ་དེར་གོས་ཀྱི་རྙེད་པ་གང་ཡིན་པ་དེ་བགོ་བར་བྱའོ།། ཞེས་གསུངས་པ་དང་། དེ་ནས་སྒྲོམ་དགའ་བོ་གྲོས་ཀྱིས་རྙེད་པ་བགེང་བ་ཉམས་སུ་མྱོང་བར་མི་བྱེད་པའི་སྐབས་དེ། ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང ་དགེ་སློང་མ་གང་སྲ་བརྐྱང་གྱི་རྙེད་པས་འགྱེད་པ་ཉམས་སུ་མྱོང་བར་མི་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྲ་བརྐྱང་གི་རྙེད་པ་འགྱེད་པ ་ཞེས་བྱ་བ་ནི། གོས་འགྱེད་པའོ་ཉམས་སུ་མྱོང་བར་མི་བྱེད་ན་ཞེས་བྱ་བ་ནི་མི་འད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གོས་ཀྱི་རྙེད་པ་འགྱེད་པ་ཉམས་སུ་མྱོང་བར་མི་བྱེད་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ལེན་འདོད་པ་ཉིད་མ་ཡིན་ན ་ལྟུང་བ་མེད་དེ། ལྟུང་བྱེད་ཉི་ཤུ་གཉིས་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། སྡོམ་ནི། ཚུར་ཤོག་ཉེ་བར་ནི་བྱ་དང་།། བཅོལ་ནས་འགྲོ་བར ་བྱ་བ་དང་།། རིག་པ་མི་གླང་མི་བཞུག་དང་།། ཁ་ཟས་གཅོང་བར་མི་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་དགེ་སློང་མ་རྣམས་ཀྱི་ལྷན་ཅིག་གནས་པ་དང ་ཉེ་གནས་དག་ཕན་ཚུན་འཐབ་པ་ན། སྦོམ་དགའ་མོས་དེ་ལ་རྐྱེན་དག་ཉེ་བར་བསྒྲུབས་པས་དེས་ན་འཐབ་མོ་ཆེ་ཐང་དུ་བྱུང་ནས། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས ་འཕགས་མ་ཚུར་སྤྱོན། འཐབ་མོ་ཆེ་ཉེ་བར་ཞི་བར་བགྱིའོ།། ཞེས་སྨྲས་པ་དང་། སྦོམ་དགའ་མོས་འདི་སྐད་ཅེས་མགོས་མགོ་ཅིའི་ཕྱིར་མ་འཚལ། རེ་ཤིག་ཁོ་མོ་ནི ་འཐབ་མོ་བྱེད་ཀྱི། ཉེ་བར་ཞི་བར་མི་བྱེད་དོ་ཞེས་སྨྲས་པ་ནི། དོན་ཉུང་བའི་དགེ་སློང་མ་སྤོང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོ ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཟབ་མོ་ཉེ་བར་ཞི་བར་བྱ་བའི་མཐུ་ཡོད་པར་གྱུར་ལ་ཉེ་བར་ཞི་བར་མི་བྱེད ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། མཐུ་ཡོད་པར་གྱུར་ལ་ཞེས་བྱ་བ་ནི་མཐུ་དང་ལྡན་པའོ།། འཐབ་མོ་ཞེས་བྱ་བ་ནི་ཚང་འདྲུ་བའོ།། ཉེ་བར་ཞི་བཾ་ཞེས ་བྱ་བ་ནི་རབ་ཏུ་ཞི་བའོ།། ཉེ་བར་ཞི་བར་མི་བྱེད་ན་ཞེས་བྱ་བ་ནི་མི་ཟློག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས ་ཇི་ཙམ་ཅུང་ཟད་འཐབ་མོ་དང་འཚང་འདྲུ་བ་ཉེ་བར་ཞི་བར་བྱ་བར་ནུས་ཤིང་མཐུ་ཡོད་པར་གྱུར་ལ། ཉེ་བར་ཞི་བར་མི་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང ་ཁྱེད་ཉི་ཤུ་གསུམ་པའི་དང་པོ་རྫོགས་སྟེ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་དབྱར་ཁང་སྒོ་བཅད་ནས། ལྡེ་མིག་ཁྱེར་ཏེ་ལྗོངས་ཞིང་སོ ་བ་ལས། དབྱར་ཁང་དེར་མི་ཤོར་ཏེ། དགེ་སློང་མ་རྣམས་ཀྱིས་གསད་པར་འདོད་ན་སྒོ་དབྱེར་ལྡེ་མིག་མ་རྙེད་ནས། མེས་ཚིག་པར་གྱུར་པ་དེའི་ཚེ། དོན ་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི། ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དབྱར་ཁང་མ་བཅོལ་བར་ལྗོངས་རྒྱུ་ཞིང་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དབྱར་ཁང་ཞེས་བྱ་བ་ནི་གཙུག་ལག ་ཁང་ངོ་།། མ་བཅོལ་བར་ཞེས་བྱ་བ་ནི་དགེ་སློང་མ་རྣམས་ལ་ལྡེ་མིག་མ་བཏང་བར་རོ།། ལྗོངས་རྒྱུ་ཞིང་འགྲོ་ན་ཞེས་བྱ་བ་ནི་ཞེས་བྱ་བ་ནི་མཚམས་ཀྱི་ཕྱི་རོལ་ཏུ་འགྲོ་ནའོ།། ལྟུང་བྱེད་དོ ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་མཚམས་ཀྱི་ནད་ལ་མཚམས་ཀྱི་ནང་དུ་འདུ་ཤེས་པས། དགེ་སློང་མ་རྣམས་ལ་ལྡེ་མིག་མ་བཏད་པར ་མཚམས་ཀྱི་ཕྱི་རོལ་ཏུ་བྱུང་ན་ལྟུང་བྱེད་དོ།། དེ་བཞིན་དུ་ཡིད་གཉིས་ཟ་ན་ལྟུང་བྱེད་དོ།། དགེ་སློང་མས་མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་ཤེས་པས། དགེ་སློང་མ་རྣམས་ལ ་ལྡེ་མིག་མ་བཏང་བར་མཚམས་ཀྱི་ཕྱི་རོལ་ཏུ་བྱུང་ན་ཉེས་བྱས་སོ།། ལྟུང་བྱེད་ཉི་ཤུ་གསུམ་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས ་སྦོམ་དགའ་མོ་ཆགས་པས་སྐྱེས་པ་འདོད་ནས། དེས་སྤོས་འཚོང་གི་ཁྱེའུ་ཞིག་གི་དྲུང་དུ་སོང་སྟེ་ཕྱིན་ནས། འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་རིག་པ་ཆུང་ཟད་ཀློག་གམ། ་དེས་འདི་སྐད་ཅེས་སྨྲས་སྟེ། ཀློག་གོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཟོན་ཅིག་དང་། ཀླག་གོ།། དེས་འདི་སྐད་ཅེས་སི་རི་པུ། པི་སི་རི་པུ་སི་རི་བྱི་སྭཱ་ཧཱ། ཞེས་སྤྲས ་སོ།། སྦོམ་དགའ་མོས་འདི་ཡང་དང་ཡང་དུ་བརྗོད་ཅིག་ཅེས་སྨྲས་པ་དང་། ཇི་ཙམ་ན་ཁྲོས་ནས་མགོ་རེག་མོ་ངན་པ་ཞེས་སྨོས་སོ།། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས་འདི་སྐད ་ཅེས་སྨྲས་སོ།། འདི་ལྟར་ཁྱོད་ཀྱིས་ཚིག་གཉིས་ཀྱང་མི་ཟིན་ན། ཇི་ལྟར་ཁྱོད་ཀྱིས་སྡེ་སྣོད་གསུམ་བཟུང་། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བརྗོད་པ་དང་། མོད་ལ་བཟུང ་ཟིན་མོད་ཀྱི་ཚིག་ཙམ་རང་གིར་བྱེད་དོ།། ཕྱི་བཞིན་འབྲང་བའི་དགེ་སློང་མས་འདི་སྐད་ཅེས། འཕགས་མ་ཁྱོད་འདོད་ཆགས་ཀྱིས་རབ་ཏུ་མེ་འབར་བ་ངོ་མཚར་ཏེ།། ཞེས་སྨྲས་པའི ་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་མ་གང་ཁྱིམ་པ་ལས་རིག་པ་ཀློག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པ་ལས་ཤེས་བྱ་བ་ནི་གནས་པ་ལས་སོ།། རིག་པ་ཞེས་བྱ་བ ་ནི་སེལ་བར་བྱེད་པའོ།། ཀློག་ན་ཞེས་བྱ་བ་ནི་ཀུན་ཆུབ་པར་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད ་ཁྱིམ་པ་ལས། རིག་པ་ཀློག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་གསུམ་པའི་གསུམ་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ ་དགའ་མོས་སྐྱེས་པ་ཞིག་རིག་པ་ཀློག་ཏུ་བཅུག་ནས། ཀྱེ་ནང་རྗེ། སི་རི་པུ། བི་སི་རི་བུ། སི་རི་བི། སི་རི་པུ་སྭཱ་ཧཱ། ཟུང་ཤིག་ཅེས་དེ་ལྟར་ལེན་གཉིས ་ལན་གསུམ་གྱི་བར་དུ་གཏོན་པ་དང་། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གིས་ཀུན་ཆུབ་པར་བཟུང་ལགས་སོ།། སྦོམ་དགའ་མོས་ཡང་དང་ཡང་དུ་ཟུང་ཤིག་ཅེས ་སྨྲས་པ་དང་། དེ་ནས་མི་དེ་ཁྲོས་ནས་འདི་སྐད་ཅེས་མགོ་རེག་མོ་ངན་པ་ཁྱོད་ཀྱང་མ་མཐོང་ཡང་བླ། རིག་པ་ཡང་མེད་དུ་ཟད་དོ་ཞེས་སྨྲས་པ་དང་། ཕྱི་བཞིན་འབྲང་བའི་དགེ་སྦྱོང་མས ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ཅིའི་ཕྱིར་དེ་ལྟར་བྱེད། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ཚིག་ཙམ་རང་གིར་བྱེད་དོ།། ཕྱི་བཞིན་འབྲང་བའི་དགེ་སློང་མས ་འདི་སྐད་ཅེས་འཕགས་མ་ཁྱོད་ཉོན་མོངས་པས་མགས་པ་ངོ་མཚར་ཆེའོ་ཞེས་སྨྲས་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྐྱེས་པ་ལ་རིག་པ་ཀློག་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ ་དགའ་མོའོ།། སྐྱེས་པ་ལ་ཞེས་བྱ་བ་ནི་མི་ལའོ།། རིམ་པ་ཞེས་བྱ་བ་ནི་རིག་པ་མ་ཡིན་པའི་སྒོར་གསུངས་པའོ།། ཀློག་ཏུ་འཇུག་ན་ཞེས་བྱ་བ་ནི་འཇུག་ནའོ།། ལུང་བྱེད ་དེ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ནོ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྐྱེས་པ་ལ་རིག་པ་ཀློག་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང ་བྱེད་ཉི་ཤུ་གསུམ་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསོད་སྙོམས་མང་དུ་རྙེད་པ་དང་། དེ་ལ་གསོད་པ་གང་ཡིན་པ་དེ། ་ནི་ཟོས། ཕྱེ་དང་འབྲས་ཆེན་ལ་སོགས་པ་ངན་པ་གང་ཡིན་པ་དེ་ན་བཙོངས་སོ།། དེ་ནས་དུས་གཞན་ཞིག་ན། སྦོམ་དགའ་མོས་དགོས་པ་འགའ་ཞིག་གི་ཕྱིར་ཕྱི་རོལ་ཏུ་སོང་བ་དང་། ཕྱེ ་ཉོ་བ་ཞིག་འོངས་ནས་དེ་སྐྱེ་དགུའི་བདག་མོ་ཆེན་མོའི་དྲུང་དུ་སོང་སྟེ་ཕྱིན་ནས། འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཛི་ག་ཕྱེ་དག་མངའ་འམ། སྐྱེ་དགུའི་བདག་མོ་ཆེན་མོས ་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཅི་ཁོ་མོ་ཕྱེའི་ཚོང་ཁང་གིས་བསྐོར་ཏམ། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་དགེ་སློང་མ་དག་ཕྱེ་འཚོང་ལགས་སོ།། ་དེས་འདི་སྐད་ཅེས་སྨྲས་སོ།། བཞིན་བཟངས་ཕྱེ་འཚོང་བའི་དགེ་སློང་མ་དེ་གང་ཡིན་པ། དེ་ནས་མི་དེས་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོ་ལགས་སོ།། སྐྱེ་དགུའི་བདག་མོ་ཆེན། ་མོ་གོའུ་ཏ་མིས། འདི་སྐད་ཅེས་དེ་ཁོ་ནས་ཁོ་མོ་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་།། ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན ་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་ཁ་ཟས་འཚོང་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁ་ཟས་འཚོང་ན་ཞེས་བྱ་བ་ནི་རིན་ལེན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང ་མས་ཇི་ཙམ་ཅུང་ཟད་ཁ་ཟས་འཚོང་ན་ཇི་སྲིད་དུ་རིན་རང་གིར་མ་བྱས་པ་དེ་སྲིད་དུ་ཉེས་བྱས་སོ།། རང་གིར་བྱས་ན་ལྟུང་བྱེད་དོ།། ལྟུང་བྱེད་ཉི་ཤུ་གསུམ་པའི ་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། །། སྡོམ་ནི། ཁྱིམ་གྱི་གོ་རེ་ལོང་མི་བྱ།། སྟན་ནི་སྐྱེད་དུ་མི་གཞུག་ཅིང་།། སྐུད་པའང་བཀལ་བར་མི་བྱ་སྟེ།། གདུགས་དང་མཆིལ ་ལྷམ་མི་བཅང་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཁྱིམ་བདག་གཅིག་གི་ཁྱིམ་དུ ་བསོད་སྙོམས་ལ་ཞུགས་ནས། དེ་ནས་ཁྱིམ་བདག་གི་ཆུང་མ་དེ་ལ་འདི་སྐད་ཅེས་སྨྲས་སོ།། མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས ་མ་བདག་གློབ་མི་དགའ་ལགས་སོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅི་དེ་རིང་ཁྱོད་ཀྱི་བེའུ་ཐམས་ཅད་འོ་མ་འཐུངས་སམ། དེས་འདི་སྐད་ཅེས་སྨྲས་སོ།། འཕགས ་མ་ཁྱིམ་གྱི་གོ་འི་ལོང་གི། རྔོ་མི་ཐོགས་ལགས་མོད། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱོད་ཀྱང་ཁབ་ཇི་ལྟ་བ་ལས། སྣ་གཅིག་པ་ཡིན་ནམ། ཁྱིམ ་བདག་གི་ཆུང་མས་ཀྱང་། འདི་སྐད་ཅེས་སྨྲས་སོ།། འཕགས་མ་ཁྱོད་ལ་བྱང་བ་མངའ་འམ། སྦོམ་དགའ་མོས་ཀྱང་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་། ་ལས་ཀྱི་གནས་གང་ལ་མ་བྱང་བ་གང་ཞིག་ཡིན། དེ་ནས་ཁྱིམ་བདག་གི་ཆུང་མ་དེས་སྦོམ་དགའ་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི་གོ་རེ་ལོང་མཛོད་ཅིག། ་དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོ་ལ་སུས་བསོད་སྙོམས་སྦྱིན་པར་འགྱུར། ཁྱིམ་བདག་གི་ཆུང་མས་འདི་སྐད་ཅེས་སྨྲས་ཏེ། ཞེས་བྱ་བ་ནས། ཁང་སྐྱོང་ལ་ཡང་དབུལ་ལོ།། ་ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོས། ལྷུང་བཟེད་མཐའ་གཅིག་ཏུ་གཞག་ནས་གོས་དག་བརྫེས་ཏེ། ཁྱིམ་དེ་ཐམས་ཅད་ཆག་ཆག་ལེགས་པར་བཏབ་ཕྱག་དར་ལེག ་པར་བྱས་ནས་བཞག་སྟེ། ཁྱིམ་དེ་ཐམས་ཅད་ཤིན་ཏུ། མཛེས་པར་བྱས་སོ།། དེ་ཡང་བསོད་སྙོམས་ཀྱི་ཁུར་བསླར་ནས་དབྱར་ཁང་དུ་སོང་ངོ་།། དེ་ནས་ཁྱིམ་བདག་དེས ་མཐོང་ནས་འདི་སྐད་ཅེས་སྨྲས་སོ།། བཟང་མོ་ཁྱོད་ཀྱིས་དེ་རིང་ཁྱིམ་གྱི་བྱི་དོར་གཙང་གཙང་ལྟར་བྱས་སོ།། དེས་འདི་སྐད་ཅེས་སྨྲས་ཏེ། འཕགས་མ་སྦོམ་དགའ་མོས ་བགྱིས་ཀྱི་བདག་གིས་མ་བགྱིས་སོ།། དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱིས་དེ་ལ་ཉི་མ་རེ་རེ་ཞིང་བསོད་སྙོམས་བྱིན་ཅིག་དང་། ཁྱོད་ཀྱི་ཁྱིམ་གྱི་གོ་རེ་ལོང་བྱེད་པར་འགྱུར། ་རོ།། དེ་ནས་དས་གཞན་ཞིག་ན། སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ་མི་ཁྱིམ་དེར་བསོད་སྙོམས་ལ་ཞུགས་པ་དང་། དེ་ནས་ཁྱིམ་བདག་གི་ཆུང་མ་དེས། སྐྱེ་དགུའི་བདག ་མོ་ཆེན་མོ་ལ་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་གི་ཁྱིམ་གྱི་གོ་རེ་ལོང་མཛད་དེ་སྩོལ། དེས་འདི་སྐད་ཅེས་སྨྲས་སོ།། པུ་ནུ་མོ་ཁོ་མོས་ཟས་གཙང་གི་ཁྱིམ་གྱི་གོ་རེ ་ལོང་ཡང་མ་བྱས་ན། ད་རབ་ཏུ་བྱུང་ནས་བྱ་འམ་དེ་ལྟ་མོད་ཀྱི། ཕུ་ནུ་མོ་ཁྱོད་ཚུལ་ཁྲིམས་དང་ལྡན་པ་ལ་མཆིད་སྩོལ་བ་ནི། བསོད་ནམས་མ་ཡིན་པ་མང་དུ་བསགས་ན། ་བྲན་མོར་འགྱུར་བའི་ས་བོན་སྐྱེད་དམ། གཞན་ཡང་ཁྱོད་ཀྱིས་རབ་ཏུ་བྱུང་བ། ཁྱིམ་གྱི་གོ་རེ་ལོང་བྱེད་པ་མཐོང་བ་འམ། ཐོས་པ་སུ་ཡོད། དེས ་འདི་སྐད་ཅེས་སྨྲས་སོ།། སྦོམ་དགའ་མོ་ལགས་སོ།། སྐྱེ་དགུའི་བདག་མོ་ཆེན་མོས་ཀྱང་། འདི་སྐད་ཅེས་དེ་ཁོ་ནས་བདག་ཅག་ལ་ཡང་གནས་སྐབས་འདི་བྱུང་ངོ་ཞེས ་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་ཁྱང་ཁྱིམ་གྱི་གོ་རེ་ལོང་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། སྦོམ་དགའ་མོའོ།། ཁྱིམ་གྱི་གོ་རེ་ལོང་ཞེས ་བྱ་བ་ནི་རང་གིས་ཁྱིམ་གྱི་བྱེད་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་གྱི་གོ་རེ་ལོང་བྱེད་ན་ཐམས ་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བཞི་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་དགེ་སློང་མ་རྣམས་ལ་ལུང ་ཀློག་དུ་འཇུག་པ་ན། དེ་ཕྱི་བཞིན་དགེ་སློང་མ་རྣམས་སྟན་སྐྱེད་དུ་བཅུག་ཅིང་འདི་སྐད་ཅེས་ཁྱེར་ལ་གནས་གགེ་མོ་ཞིག་ཏུ་ཐོང་ཤིག་ཅེས་བསྒོ་བར་བྱེད་པ་དང་། དགེ་སློང ་མ་རྣམས་ཀྱིས་ཁྱེད་དགེ་སློང་མ་རྣམས་སྟན་སྐྱེད་དུ་བཅུག་ཅིང་ཉམས་སུ་མྱོང་བར་བྱེད་པའི་བསོད་ནམས་མ་ཡིན་པ་མང་དུ་སྐྱེད་དོ་ཞེས་སྡོད་པར་བྱེད་པའི་སྐབས་དེ། དགེ ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང ་དགེ་སློང་མ་གང་དགེ་སློང་མ་རྣམས་ལས་སྟན་སྐྱེད་པ་ཉམས་སུ་མྱོང་བར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦྲེམ་དགའ་མོའོ།། དགེ་སློང་མ་རྣམས་ཤེས་བྱ ་བ་ནི། ཆོས་འདི་པའོ།། ལས་ཤེས་བྱ་བ་ནི་ལས་སོ།། སྟན་ཞེས་བྱ་བ་ནི་ཁྲེའུ་དག་གོ།། སྟན་སྐྱེད་དུ་བཅུག་ཅིང་ཞེས་བྱ་བ་ནི་ཕྱི་བཞིན་ཁྱེར་དུ་བཅུག་ཅིང་ངོ་།། ་ཉམས་སུ་མྱོང་བར་བྱེད་ཞེས་བྱ་བ་ནི་རང་གིར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང ་ཟད་དགེ་སློང་མ་རྣམས་ལས་སྟན་སྐྱེད་པ་ཉམས་སུ་མྱོང་བར་བྱེད་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་རྒས་བསྦྱོར་མི་བཟོད་པ་འམ། ནད་པ་ཞིག་ཆོས ་འཆད་པ་ཡིན་ན་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་བཞི་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོས་སྔ་དྲོ་ཤམ ་ཐབས་བགོས། ལྷུང་བཟེད་དང་། ཆོས་གོས་བླངས་ཏེ། ཁྱིམ་བདག་གཅིག་གིས་ཁྱིམ་དུ་བསོད་སྙོམས་ལ་ཞགས་ནས། ཁྱིམ་བདག་གི་ཆུང་མ། དེ་ལ་འདི་སྐད་ཅེ་སྨྲས་སོ།། ་མཚན་བཟངས་མ་བསོད་སྙོམས་བྱིན་ཅིག། དེས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་བདག་སྐུད་པ་འཁལ་པོས་གློབ་བྲེལ་ལོ།། གཙུག་དགའ་མོས་འདི་སྐད་ཅེས་སྨྲས་ཏེ། ་ཁྱོད་སོང་ལ་བསོད་སྙོམས་ཁྱེར་ཏེ་ཤོག་ཤིག་དང་། ཁོ་མོས་བཀལ་ལོ་ཞེས་བསོད་སྙོམས་ཀྱི་ཕྱིར་བཀལ་ཏོ།། དེ་ནས་དུས་གཞན་ཞིག་ན། སྐྱེ་དགུའི་བང ་མོ་ཁྱིམ་དེར་བསོད་སྙོམས་ལ་ཞུགས་ཏེ། འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་བསོད་སྙོམས་བྱིན་ཅིག། ཁྱིམ་བདག་གི་ཆུང་མས་འདི་སྐད་ཅེས་སྨྲས་སོ།། འཕགས་མ་སྐད ་ཅིག་ཅིག་ཁོལ་མཛོད་ཅིག་དང་། དེའི་བར་དུ་བསོད་སྙོམས་འཚལ་ཏེ་མཆིའོ།། སྐྱེ་དགུའི་བདག་མོ་ཆེན་མོས་འདི་སྐད་ཅེས་སོ།། ཕུ་ནུ་མོ་ཁོ་མོ་ཁྱིམ་པར་གྱུར་པ་ན། ཡང་འཇ ་མ་མྱོང་ན། ད་རབ་ཏུ་བྱུང་ནས་འཁལ་ལམ་དེ་ལྟ་མོད་ཀྱི་ཞེས་བྱ་བ་དང་། བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཡང ་སྐུད་པ་འཁལ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། སྐུད་པ་ཞེས་བྱ་བ་ནི་བདུན་པོ་གང་ཡང་རུང་བའོ།། འཁལ་ན་ཞེས་བྱ་བ་ནི་ཕུད་བུར ་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སྐུད་པ་འཁལ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར ་རོ།། གལ་ཏེ་སོ་སོའི་གནས་དབེན་པར་ཤུར་བུ་དང་། ལྕག་ཕོད་དང་། རྒྱ་ཆང་གི་ཕྱིར་ནི་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་བཞི་པའི་གསུམ་པ་རྫོགས་སྷོ། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུག་དགའ་མོ་མཆིལ་ལྷམ་བགོས། འདུགས་ཐོགས་ཏེ། བསོད་སྙོམས་ལ་རྒྱུ་བ་ན། དེ་སྐྱེ་བོ་མང་པོ་རྒོད་ཅིང་བྲམ་ཟེ་དང་། ་ཁྱིམ་བདག་རྣམས་འཆའ་བའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར ་བར་ད་མཛད་དེ། ཡང་དགེ་སློང་མ་གང་གདུགས་དང་། མཆིལ་ལྷམ་ཐོགས་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི། གཙུག་དགའ་མོའོ།། གདགས་ཤེས་བྱ་བ་ནི་ཚ ་བའི་སྐྱབས་སོ།། མཆིལ་ལམ་ཞེས་བྱ་བ་ནི་ལྷམ་མོ།། ཐོགས་ན་ཞེས་བྱ་བ་ནི་བདག་ཉིད་དོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར། ་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད། གདུགས་དང་མཆིལ་ལྷམ་ཐོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། དབྱར་ཁང་དུ་གནས་མལ་བསྲུང་བའི་ཕྱིར་མཆིལ་ལྷམ ་འཆང་བ་ལ་ནི་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་བཞི་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། སྡོམ་ནི། དཔུང་པར་ཕོལ་མིག་བྱུང་བ་དང་།། སྨད་འཚོང ་མའི་དགེ་སློང་དང་།། དགེ་སློང་མ་དང་དགེ་སློང་མ།། དགེ་ཚུལ་མ་ཡིས་མཉེ་མི་བྱ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོའི་དཔུང་བར་ཕོལ་མིག་བྱུང་ནས། ་དེ་སྨན་པས་བཅིངས་ཏེ་དེ་ལྟར་བཅིངས་ཟིན་པ་དང་། དེའི་འོག་ཏུ་འདི་སྐད་ཅེས་བཞིན་བཟངས་བཅིང་བ་ཧ་ཅང་དམ་ཆེས་སོ་ཞེས་སྨྲས་སོ།། ལྷོད་པར་བྱས་པ་ལས། ཧ་ཅང་ལྷོད ་ཆེས་སོ་ཞེས་དེ་ལྟར་འཆིང་དུ་འཇུག་ཅིང་འགྲོལ་དུ་འཇུག་པ་དང་། དེ་ནས་སྨན་པ་དེས་འདི་སྐད་ཅེས་སྨྲས་སོ།། ཁྱོད་འོན་ཀྱང་མ་མཐོང་ཡང་བློ། ཕོ་ལ་མིག་ཀྱང་མ་སོས་སུ་ཟད་མོད ་ཅེས་སྨྲས་སོ།། སོང་ངོ་།། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་ཅིའི་ཕྱིར་ཁྱོད་དེ་ལྟར་བྱེད་དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་དམ་པ་དང་། ་ལྷོད་པ་ཤེས་མོད་ཀྱི། རེག་པ་ཙམ་རང་གིར་བྱའོ།། དེ་དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས། གང་གི་ཕྱིར་གནས་སྐབས་དེར་ཡང་ཁྱོད་འདོད་ཆགས་ཀྱི་བློ་སྐྱེས་ན། ཁྱོད ་ཤིང་སྐམ་ཇི་ལྟ་བ་བཞིན་དུ་འདོད་ཆགས་ཀྱིས་རབ་ཏུ་མེ་འབར་བ་ངོ་མཚར་ཆེའོ།། ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས ་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་དཔུང་པར་ཕོལ་མིག་བྱུང་བ་སྐྱེས་པ་ཡང་དང་ཡང་དུ ་འཆིང་ཤིང་འགྲོལ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། དཔུང་པར་ཕོལ་མིག་བྱུང་བ་ཞེས་བྱ་བ་ནི་རྨ་ཞིག་གོ། ཡང་དང་ཡང་ཞེས་བྱ། ་བ་ནི་ལན་དུ་མར་རོ།། སྐྱེས་པས་འཆིང་ཞིང་འགྲོལ་དུ་འཇུག་ན་ཞེས་བྱ་བ་ནི་ཁྱིམ་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་རྨ་བྱུང་བ་སྐྱེས་པ་འཆིང་དུ་འཇུག་གམ་འགྲོལ་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་རྨ་ཉིད་ཡིན་ཏེ། བུ་འམ། མིང་པོ ་འམ། པའི་དྲན་པ་གཞག་སྟེ་འཆིང་ན་ལྟུང་བ་མེད་དོ།། ལྟུང་བྱེད་ཉི་ཤུ་ལྔ་པོའི་དང་པོ་རྫོགས་སྷོ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ ་མོས་བུད་མེད་སྨད་འཚོང་མ་ཞིག་རབ་ཏུ་ཕྱུང་ངོ་།། དེ་ནས་གཡོན་ཅན་དང་། ནལ་ཕྲུག་དང་། བརྒྱན་པོ་དག་སྨད་འཚོང་མ་དེ་ཚོལ་བ་ན། དེ་དག་གིས་སྦོམ་དགའ་མོས་རབ་ཏུ་ཕྱུང་། ་ངོ་ཞེས་ཐོས་ནས། དེ་དག་གི་བློ་སྐྱེས་པ། དེ་ནི་ལེགས་ཞིག་བྱས་ཀྱིས་བདག་ཅག་གིས་དེའི་ཟན་དང་། གོས་སྦྱིན་མི་བགོས་ཏེ། དེ་ལྟ་མོད་ཀྱི། དགའ་དགུར་ནི་སྤྱད་པར ་བྱའོ་སྙམ་ནས། དེ་དག་གནས་དེར་དོང་ཞིང་ཆ་མ་ཡིན་པའི་ཚིག་དག་འབྱིན་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་ཤེས་བཞིན་དུ་བུད ་མེད་སྨད་འཚོང་མ་རབ་ཏུ་འབྱིན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཤེས་བཞིན་དུ་ཞེས་བྱ་བ་ནི་རང་གིས་སམ། གཞན་གྱིས་སྤྲས་པར་གྱུར་པའོ།། ། ་བུད་མེད་སྨད་འཚོང་མ་ཞེས་བྱ་བ་ཀྱིས་སྤྱད་པར་བྱའོ།། རབ་ཏུ་འབྱིན་ན་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི ་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་བུད་མེད་སྨད་འཚོང་མ་རབ་ཏུ་འབྱིན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ཡུལ་གཞན་དུ་བཀར་ནས་རབ་ཏུ་འབྱིན་ན ་ལྟུང་བྱེད་དོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་གཉིས་པ་རྫོགས་སྷོ།། གླེང་གཞི་ནི་མཉེན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་རང་ལ་དགེ་སློང་མ་དག་མཉེད ་དུ་བཅུག་པ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དུར་ཁྲོད་བསྟེན་པ་འདི་གཉིས་ཏེ་ཅི་ཞིག་བྱ། དེས་འདི་སྐད་ཅེས་ལྤགས་པའི་མདོག། ་འདི་འཚེར་ཞིང་གསལ་བར་བྱས་པ་དང་། རྒྱན་པོ་པ་དང་ནལ། ཕྲུག་རྣམས་ཀྱི་སྙིང་འགས་པར་འགྱུར་རོ།། ཞེས་བྱ་བའི་བར་དུ་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས ་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང ་ལ་དགེ་སློང་མ་དག་མ་ཉིད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདི་པའོ།། རང་ལ་མཉིད་དུ ་འཇུག་ན་ཞེས་བྱ་བ་ནི་ལུས་མ་ཉིད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་ཙམ་ཅུང ་ཟད་རང་ལ་མཉེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་གསུམ་པ་རྫོགས་སྷོ།། གླེང་གཞི་ནི ་མཉན་ཡོད་ནའོ།། དེ་ནས་སྡོམ་དགའ་མོས་བསམས་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དག་གིས་མཉེ་བར་མི་བྱའོ་ཞེས་གསུངས་པས། ་མ་ལ་བདག་གིས་དེ་དགེ་སློང་མ་མཉེད་དུ་གཞུག་གོ་སྙམ་ནས། དེས་རང་ལ་དགེ་སློང་མཉིད་དུ་བཅུག་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད ་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ།། ་ཡང་དགེ་སློང་མ་གང་དགེ་སློང་མ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དགེ་སློང་མ་ཞེས་བྱ་བ་ནི་ཆོས་འདུལ་བ་འདི་ལ་དགེ ་སློང་མར་འགྱུར་བའི་བསླབ་པ་ལ་སློབ་པར་འགྱུར་རོ།། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉེད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ་དགེ་སློང་མ་མཉེད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར ་རོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གཞོན་ནུ་མ་ལ་ཡང ་རྒྱས་པར་བརྗོད་པར་བྱ་སྟེ། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་ལ་གཞོན་ནུ་མ་མཉེད་དུ་འཇུག་ན་ལྟུང ་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གཞོན་ནུ་མ་ཞེས་བྱ་བ་ནི་དགེ་ཚུལ་པའོ།། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི་ལུས་མཉིད་དུ་འཇུག ་ནལ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ། དགེ་ཚུལ་མ་མོ་ཉིད་དུ ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་ལྔ་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ་སྡོམ་ནི། ཁྱིམ་པ་མོ་ཡང་མཉེར་མི་གཞག། ཀུན་རྒྱུ་དུ་མོ་འང་དེ་བཞིན་ནོ།། དྲི་དང་ཏིལ་གྱི་ཚིགས་མ་དང་།། གནིག་པའི་རྫས་ཀྱི་སའི་བྱི་བའོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ། བཅོམ་ལྡན་འདས་ཀྱིས། གཞོན་ནུ་མའི་བར་གྱིས་མཉིད་དུ་གཞུག་པ་བཀག་གིས། ་མ་ལ་བདག་གིས་ཁྱིམ་པ་མོ་མཉིད་དུ་གཞུག་གོ་སྙམ་ནས། དེས་ཁྱིམ་པ་མོ་མཉིད་དུ་འཇུག་པ་དང་ཞེས་བྱ་བ་ནས་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན ་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་ད་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པ ་མོ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པ་མོ་ཞེས་བྱ་བ་ནི་ཁྱིམ་ན་གནས་པའོ།། མཉེད་དུ་འཇུག་ན་ཞེས ་བྱ་བ་ནི། སྐུ་མཉིད་དུ་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་པ་མོ་མཉེ ་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། གལ་ཏེ་ནད་པ་སྦྱོར་མ་བཟོད་པ་འམ། མའམ་བུ་འམ། བུ་མོ་འམ། མིང་པོས་མཉེད་ན་ལྟུང་བ་མེད་དོ།། ལྷུང ་བྱེད་ཉི་ཤུ་དྲུག་པའི་དང་པོ་རྫོགས་སྷོ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་ཀུན་ཏུ་རྒྱུ་མོ་ལ་ཡང་རྒྱས་པར་བརྗོད་པར་བྱ་སྟེ། ཤེས་བྱ་བ་ནས ་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རང་ལ་ཀུན་ཏུ་རྒྱུ་མོ་མཉེད་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ ་མོའོ།། ཀུན་ཏུ་རྒྱུ་མོ་ཞེས་བྱ་བ་ནི། གྲངས་ཅན་གྱི་བྱུང་བའོ།། རང་ལ་མཉེད་དུ་འཇུག་ན་ཞེས་བྱ་བ་ནི། ལུས་པ་ཉིད་དུ་འཇུག་ནའོ།། ་ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་རང་ལ་ཀུན་ཏུ་རྒྱུ་མོ་མཉིད་དུ་འཇུག་ན་ཐམས་ཅད ་ད་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་དྲུག་པའི་གཉིས་པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ ་ནས་སྦོམ་དགའ་མོས་དྲིས་སྐུད་པར་བྱེད་པ་དང་དགེ་སློང་མ་རྣམས་ཀྱིས་སྨྲས་པ། འཕགས་མ་འདི་ཅི་བྱ་དེས་འདི་སྐད་ཅེས་སྨྲས་སོ།། ལུས་དྲི་ཞིམ་པར ་བྱའོ།། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། རང་བཞིན་གྱིས་དྲི་མ་ཞིམ་པའི་ལུས་འདི་ཁྱོད་སུའི་ཆེད་དུ་དྲི་ཞིམ་པར་བྱེད་ཅེས་བྱ་བ་ནས་འདོད་ཆགས་ཅན ་གྱིས་མཐོང་ན་འདོད་ཆགས་ཀྱིས་གས་པར་འགྱུར་རོ།། ཞེས་བྱ་བའི་བར་དུ་སྨྲས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དྲིས་སྐུད་ན་ལྟུང་བྱེད་དོ།། ་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དྲིས་སྐད་ན་ཞེས་བྱ་བ་ནི་ཙན་དན་དང་། དུ་རུ་སྐ་ལ་སོགས་ཏེ། དྲི་ཞིང་པོས་སོ།། སྐད་ན་ཞེས་བྱ་བ་ནི་རང་ངམ་གཞན་སྐད་དུ་འཇུག་ནའོ།། ལྟུང་བྱེད ་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དྲིས་སྐད་དམ་སྐུད་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི ་ཤུ་དྲུག་པའི་གསུམ་པ་རྫོགས་སྷོ།། །། གླེང་བཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དྲིས་སྐད་པ་བཀག་པ་དང་། ཞེས་བྱ་བ་ནས་དེ་བཞིན་དུ་ཏིལ ་གྱི་ཚིགས་མས་འཕྱི་བ་ལ་བརྗོད་པར་བྱ་སྟེ། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཏིལ་གྱི་ཚིགས་མས་ཕྱིར་འཇུག་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགར་མོའོ།། ཏིལ་གྱི་ཚིགས་མས་འཕྱི་བར་བྱེད་ན་ཞེས་བྱ་བ་ནི་ཏིལ་མར་ཕྱུང་བའི་ཚིགས་མས་ལུས་འཕྱིར་འཇུག་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི ་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཏིལ་གྱི་ཚིགས་མས་འཕྱིར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ ་དྲུག་པའི་བཞི་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་གནིག་པའི་རྫས་ཀྱིས་ལུས་དྲི་མ་འཕྱི་བ་ན་དེ་ཉིད་ཉེས་དམིག་སུ་གྱུར་ནས། ་དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ། ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གཅིག་པའི་རྫས་ཀྱིས་འཕྱིར་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ་གནིག་པའི་རྫས་ཤེས་བྱ་བ་ནི་ལུས་ཀྱི་དྲི་མ་འཕྱི་ཞིང་གནིག་པར་བྱེད་པའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གཅིག་པའི་རྫས་ཀྱིས ་འཕྱིར་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུརརོ།། ལྟུང་བྱེད་ཉི་ཤུ་དྲུག་པའི་ཚིག་སུ་བཅད་པའི་སྡོམ་རྫོགས་སྷོ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། ་། བམ་པོ་ཉི་ཤུ་བདུན་པའོ།། ། སྡོམ་ནི། སྐབས་པ་ཕྱེ་བར་འདྲི་བ་དང་། ཁྱིམ་པའི་རྒྱན་ནི་ཐོགས་པ་དང་། སྤེལ་ཅིང་ཁྲུས་ནི་བྱེད་པ། ་དང་། གར་དང་ཀླུང་དང་རོལ་མོ་མནི། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོ་གཙུག་ལག་ཁང་དུ་སོང་ནས། དགེ་སློང་ལ་སྐབས་མ་ཕྱེ་བར་དྲིས་པ་དང་། དགེ་སློང་དེས ་དྲི་བ་དེ་དགྲོལ་བར་མ་ནུས་ནས། ཞུམ་ཞུམ་པོར་གྱུར་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་དགེ་སློང་ལ་སྐབས་མ་ཕྱེ་བར་འདྲི་བ་འདྲིན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྤོས་དགའ་མོའོ།། ་དགེ་སློང་ལ་ཞེས་བྱ་བ་ནི་འཁོར་གྱི་གཙོ་བོ་ལའོ།། སྐབས་མ་ཕྱེ་བར་ཞེས་བྱ་བ་ནི་གསོལ་བར་བྱས་པར་རོ།། དྲི་བ་འདྲིན་ཞེས་བྱ་བ་ནི་སངས་རྒྱས་ཀྱིས། ་གསུངས་པ་འམ། ཉན་ཐོས་ཀྱིས་སྨྲས་པའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་དགེ་སློང་ལ་སྐབས ་དེ་མ་ཕྱེ་བར་དྲི་བ་འདྲིན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་དང་པོ་རྫོགས་སྷོ།། །། གླེང་གཞི་ནི་མཉེན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་སྔ ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་བླངས་ཏེ། ཕྱུག་པོ་གཞིག་གི་ཁྱིམ་དུ་བསོད་སྙོམས་ལ་ཞུགས་པ་དང་། དེ་དག་ལུས་ཀྱིས་རྒྱན་གྱི་སྣོད་སྒྲོག་མ་དག་ཏུ་རྒྱན ་རྣམས་བཞུགས་ནས་སྐྲའི་བྱི་དོར་བྱེད་པ་ཡིན་པས། དེ་ནས་སྦོམ་དགའ་མོས། མགུལ་གདུབ་དང་། གདུ་བུ་རྒྱན་ཆན་དང་། དཔྱང་རྒྱན་ལ་སོགས་པ་མཐོང་ནས་བླངས་ཏེ ་ཐོགས་པ་དང་། བུད་མེད་དེ་དག་གིས་སྨྲས་པ། འཕགས་མ་འདི་ཅི་མཛད། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོའི་ལུས་རྒྱན་ཀྱིས་མཛེས་སམ། ཅི་ལྟ་ཡོད། དེ་དག་གིས ་སྨྲས་པ། འགྲོ་རེག་ཚུལ་གཞན་དུ་ཁས་བླངས་པས། ཁྱོད་ལ་མཛེས་སུ་ཅི་ཡོད་ཅེས་བུད་མེད་དེ་དག་དེ་ལྟར་ཁ་ཟེར་བར་བྱེད་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ཁྱིམ་པའི ་རྒྱན་ཐོགས་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཁྱིམ་པའི་རྒྱན་ཅེས་བྱ་བ་ནི་མགུལ་གདུབ་དང་། གདུ་བུ་རྒྱན་ཅན། དཔུང་རྒྱན་ལ་སོགས་པའོ།། ཐོགས ་ན་ཞེས་བྱ་བ་ནི་རྒྱན་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཁྱིམ་པའི་རྒྱན་ཐོགས་ན་ཐམ ་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་གཉིས་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་མཉན་ཡོད་ཀྱི་བྲམ་ཟེ ་དང་། ཁྱིམ་བདག་གི་ཆུང་མ་རབ་ཏུ་མང་པོ་དང་། ལག་པ་སྦྲེལ་ནས་འབབ་ཆུ་ཨ་ཛི་ར་བ་ཏིར་ལུས་ཁྲུས་བྱེད་པ་ན། དེ་དག་གཅིག་ལ་གཅིག་འཛུབ་མོས་འཛུགས་ཤིང ་དེ་དག་དགའ་བར་བྱེད། དགའ་བར་བྱེད་དུ་འཇུག། རྩེ་བར་བྱེད། རྩེར་འཇུག་པར་བྱེད་ཅིང་། རྒོད་པ་དང་། འཕྱར་གཡེང་དང་ལུས་ཀྱི་རྩ་བ་རལ་བྱེད་པ་ཉེ་བར་སྟོན་པར ་བྱེད་པ་ན། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་ལག་པ་སྤེལ་ནས་ཁྲུས་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། ལག ་བ་སྦྲེལ་ནས་ཞེས་བྱ་བ་ནི་ལག་པ་སྦྲེལ་ཏེའོ།། ཁྲུས་བྱེད་ན་ཞེས་བྱ་བ་ལ་ཁྲུས་ནི་གཉིས་ཏེ། དབང་བསྐུར་བའི་ཁྲུས་དང་། འཇུག་པའི་ཁྲུས་ལ་དོན་འདི་ལ་ནི་འཇུག་པའི། ་ཁྲུས་ལ་བྱ་བར་དགོངས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཅི་ཙམ་ཅུང་ཟད་འཇུག ་པའི་ཁྲུས་ལ་ལག་པ་སྦྲེལ་ནས་ལུས་ཁྲུས་བྱེད་ན་ཐམས་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་གསུམ་པ་རྫོགས་སྷོ།། གླེང་གཞི་ནི་མཉན་ཡོད་ནའོ།། ་དེའི་ཚེ་མཉན་ཡོད་ན་དགའ་སྡེའི་ཚོགས་གཉིས་པོ་གཅིག་ནི་རྒྱལ་རིགས་ཀྱི་དགའ་སྡེའོ།། གཅིག་ཤོས་ནི་བྲམ་ཟེའི་དགའ་སྡེའོ།། དེ་ལ་རྒྱལ་རིགས་ཀྱིས་དགའ་སྡེ་ནི་གཡུལ ་ལ་བྱང་བ་ཡིན་ནོ།། བྲམ་ཟེའི་དགའ་སྡེ་ནི་གར་ལ་བྱང་བ་ཡིན་ནོ།། གང་གི་ཚེ་དགའ་སྡེའི་ཚོགས་གཉིས་ལས་གཡུལ་འགེང་པས། འགྲན་པ་དེའི་ཚེ་ནི་རྒྱལ་རིགས་ཀྱི ་དགའ་སྡེ་རྒྱལ་བར་འགྱུར་ལ། གང་གི་ཚེ་གང་གྱི་ཚེ་ནི་བྲམ་ཟེའི་དགའ་སྡེ་རྒྱལ་བར་འགྱུར་རོ།། དེ་ནས་རྒྱལ་རིགས་ཀྱི་དགའ་སྡེ་རྣམས་འདི་སྙམ་དུ་སེམས་ཏེ། བདག ་ཅག་གིས་སུ་ཞིག་ལ་གར་བསླབ་སྙམ་པ་ལས། དེ་དག་འདི་སྙམ་དུ་སེམས་ཏེ། འཕགས་མ་སྦོམ་དགའ་མོ་འདི་ནི་ཤཱག་ཀྱའི་རིགས་ལས་རབ་ཏུ་བྱུང་བ་བཟོའི་གནས ་ཐམས་ཅད་དང་། ལས་ཀྱི་གནས་ཐམས་ཅད་ལ་བྱང་བ་ཡིན་ནོ་སྙམ་དུ་བསམས་ནས། སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། སྦོམ་དགའ་མོ་ལ་འདི་སྐད་ཅེས ་སྨྲས་སོ།། འཕགས་མ་ཁྱོད་གང་ལ་བྱང་བ་ཅུང་ཟད་མདའ་འམ། དེས་འདི་སྐད་ཅེས་སྨྲས་སོ།། ཁོ་མོས་བཟོའི་གནས་དང་ལས་ཀྱི་གནས་གང་ལ་མ་བྱང་བ་དེ་གང་ཞིག ་ཡོད། དེ་དག་གིས་འདི་སྐད་ཅེས་སྨྲ་སོ།། རེ་ཤིག་བདག་ཅག་གིས་སླར་བཅའ་བའི་དོན་གྱིས་བདག་ཅག་ལ་གར་སློབས་ཤིག་དེས་སྨྲས་པ། འདི་ལྟར་ལག་པ་སྒྱུར་ཅིག། ་འདི་སྐད་མརྐེད་པསྒྱུར་ཅིག། འདི་ལྟར་རྐང་པ་ཞོག་ཤིག་ཅེས་བྱ་བ་ནས། རྒྱལ་རིགས་ཀྱི་དགའ་སྡེ་རྣམས་གར་སློབ་དུ་བཅུག་གོ་ཞེས་བྱ་བའི་བར་རོ།། དེ་ནས་རྒྱལ་རིགས ་ཀྱི་དགའ་སྡེ་དེ་དག་གིས། བྲམ་ཟེའི་དགའ་སྡེ་རྣམས་གར་གྱིས་ཕམ་པར་བྱས་སོ།། དེ་ནས་བྲམ་ཟེའི་དགའ་སྡེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཁྱེད་ཅག་ལ་སུས ་བསླབས་དེ་དག་གིས་འདི་སྐད་སྦོམ་དགའ་མོས་སོ།། ཞེས་སྨྲས་པ་ན། དེ་དག་ཤཱཀྱའི་སྲས་ཀྱི་དགེ་སྦྱོང་རྣམས་ཀྱི་དགེ་སྦྱོང་གི་ཚུལ་དང་ཚངས་པའི་ཚུལ་ནི། ཚིག་པ་ཡིན་ཏེ། ་གང་གི་ཕྱིར་འདི་ལྟར་གར་ཡང་སློབ་དུ་འཇུག་གོ་ཞེས་སློང་བར་བྱེད། ཕྱར་ཀ་གཏོང་བར་བྱེད། ཁ་ཟེར་བར་བྱེད་པའི་སྐབས་དེ་དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ། ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གར་སློབ་དུ་འཇུག་ན་ལྟུང་བྱེད་དོ།། ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གར་ཞེས་བྱ་བ་ནི་ལག་པ་དང་རྐང་པ་སྒྱུར་བའོ།། སློབ་དུ་འཇུག་ན་ཞེས་བྱ་བ་ནི་སྟོན་པར་བྱེད་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང ་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གར་སློབ་དུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་བཞི ་དུ། པ་རྫོགས་སྷོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་གར་སློབ་དུ་བཞུགས་པར་མི་བྱའོ།། ཞེས་དགག་པ་མཛད་པ་དང་། ་དེའི་འོག་ཏུ་སྦོམ་དགའ་མོ་དགའ་སྡེའི་དྲུང་དུ་སོང་ནས་གར་སྟོན་པར་བྱེད་དོ།། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གར་སྟོན་ན ་ལྟུང་བྱེད་དོ།། ཡང་གར་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། དེ་བཞིན་དུ་གར་སྟོན་ན་ཞེས་བྱ་བ་ནི་ཉེ་བར་སྟོན་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི ་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གར་སྟོན་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་ལྔ་པ་རྫོགས་སྷོ།། ་། གླེང་བཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གར་ལ་བལྟར་འགྲོ་བའི་བར་དུ་བྱ་སྟེ། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གར་ལ ་བལྟར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། གར་ལ་བལྟར་འགྲོ་ན་ཞེས་བྱ་བ་ནི་ལྟད་མོདདོ་འདོད་དེ་འགྲོ་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གར་ལ་བལྟར་འགྲོ་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན་པའི་དྲུག ་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་དགའ་སྡེ་གཉིས་ལས་གླེངས་ནས། དེ་ནས་བྲམ་ཟེའི་དགའ་སྡེ་རྣམས་གླུའི་ཆེད་དུ་སྦོམ་དགའ་མོ་གང ་ན་བ་དེར་དོང་སྟེ་ཞེས་བྱ་བ་ནས། འཕགས་མ་བདག་ཅག་ལ་གླུ་སློབས་ཤིག་བྱ་བའི་བར་རོ།། དེས་ཡང་དྲུག་ལྡན་དང་ཞེས་བྱ་བ་ནས། ཤེས་གསལ་ཞེས་བྱ་བ་དང་། ཀའི་ཤི་ཀེ ་ཞེས་བྱ་བ་དང་། ས་འཛིན་པ་དག་གི་བར་དེ་ལྟ་བུ་རོལ་མེའི་དབྱངས་བདུན་རྒྱས་པར་བསླབས་པ་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་གང་གླུ་སློང་དུ་འདུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའི། གླུ་ཞེས་བྱ་བ་ནི་ཁར་འབྱིན་པའོ།། སློབ་དུ་འཇུག་ན་ཞེས་བྱ་བ་ནི་སྟོན་པར་བྱེད་ནའོ།། ལྟུང་བྱེད་དོ ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་གླུ་སློབ་དུ་འཇུག་ན་ཐམས་ཅད་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བདུན ་པའི་བདུན་པ་རྫོགས་སྷོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གླུ་སྟོན་པ་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གླུ་སྟོན་ན ་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། ལྟུང་བྱེད་ཉི་ཤུ་བདུན་པའི་བརྒྱད་པའོ།། ་གླང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་གྲུ་ལ་བལྟར་འགྲོ་བ་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་གླུ་ལ་ལྟར་འགྲོ་ན་ལྟུང་བྱེད། ་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བུ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། ལྟུང་བྱེད་ཉི་ཤུ་བདུན་པའི་དགུ་པའོ།། ། གླིང ་གཞི་ནི་མཉན་ཡོད་ནའོ།། ཞེས་བྱ་བ་ནས་རྒྱལ་རིགས་ཀྱི་དགའ་སྡེ་དག་རོལ་མོའི་ཆེད་དུ་སྦོམ་དགའ་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས། འདི་སྐད ་ཅེས་སྨྲས་སོ།། འཕགས་མ་བདག་ཅག་ལ་རོལ་མོ་དགེ་སློབས་ཤིག། དེས་པི་བང་དང་། གླེང་བུ་དང་། རྫ་རྔ་དང་། པི་བང་རྒྱུད་ཅིག་པ་དང་། འབབ་བྷི་ས་ཀེ་དང་། ་ལྕགས་ཀྱི་སིལ་ཀྲོལ་དང་། ཤིན་ཏུ་དབྱངས་སྙན་ལ་སོགས་པ་དབྱངས་བདུན་པོ་དག་བསླབས་ནས་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ ་གང་རོལ་མོ་སློབ་དུ་འཇུག་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སློངབ་དུ་འཇུག་ན་ཞེས་བྱ་བ་ནི་འདོད་པའི་ཡོན་ཏན་དང་ལྡན་པའི་སྒྲ་ལའོ།། ལྷུང ་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་དང་རོལ་མོ་སློབ་ཏུ་འཇུག་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ་ལྟུང་བྱེད་ཉི་ཤུ་བདུན་པའི་བཅུ་པའོ།། །། གླེང་བཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་རོལ་མོ་སྟོན་པ་ཞེས་བྱ་བ་ནས་བསླབ་བཅའ་བའི་བར་དུ་མཇེད། ་ཡང་དགེ་སློང་མ་གང་རོལ་མོ་སྟོན་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་ནི་གོང་མ་ཇི་ལྟ་བ་དེ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། ་ལྟུང་བྱེད་ཉི་ཤུ་བདུན་པའི་བཅུ་གཅིག་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་རོལ་མོ་ལ་ལྟར་འགྲོ་བ་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད། ་ཡང་དགེ་སློང་མ་གང་རོལ་མོ་ལ་ལྟར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་ནི། གོང་མ་ཇི་ལྟ་བ་དེ་བཞིན་དུ་རྗེསུ་འཐུན་པར ་བྱའོ།། ལྟུང་བྱེད་ཉི་ཤུ་བདུན་པའི་ཚིགས་སུ་བཅད་པའི་སྡོམ་རྫོགས་སྷོ།། ། སྡོམ་ནི། དགེ་སློང་བཅས་པའི་གནས་དག་ནས། འབའ་ཤིག་བཤང་པར་འགྲོ ་མི་བྱ། པུ་ཤེལ་ཙི་དང་སོ་མངས་དང་། རྩ་ཐུམ་སྐྲ་བརྙན་བཅད་མི་བྱ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་གཙུག་དགའ་མོས་སྐྱེས་པ་ཞིག་ལ་འདི་སྐད་ཅེས། ་ཚུར་ཤོག་འདི་དང་འདི་དག་བྱའོ།། ཞེས་སྨྲས་ཏེ། ཇི་ཙམ་ན་དབྱར་ཁང་དུ་ཤོག་ཤིག་པའི་བརྡ་བྱསོ།། དེ་ནས་སྐྱེས་པ་དེ་ནུབ་མོ་དབྱར་ཁང་དུ་འོངས་པ་དང་། དེས་དེ ་ཆབ་ཁུང་སར་བཞག་ནས་བྱ་བ་མང་པོ་དང་བསྒྲུབ་པ་མང་པོ་གང་ཡིན་པ་དེ་དག་བྱས་ནས། ཆབ་ཁུང་སར་སོང་སྟེ་སོན་ནས། སྐྱེས་པ་དེ་ལ་འདི་སྐད་ཅེས་སྨྲས་སོ།། ། ་གནས་འདི་ནི་མི་བཙང་གིས་གནས་གཞན་དུ་འདོང་ངོ་།། དེས་འདི་སྐད་ཅེས་སྨྲས་སོ།། གང་དུ་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ཁྱོད་ཀྱི་ཁྱིམ་དུའོ།། ་དེ་ནས་སྐྱེས་པ་དེས་འདི་སྐད་ཅེས་སྨྲས་སོ།། ཇི་ལྟར་འདོད་གཙུག་དགའ་མོས་འདི་སྐད་ཅེས་སྨྲས་ཏེ། ཀྱེ་རེ་ཤིག་ཁོ་མོའི་ཕྲག་པ་ལ་ཞོན་ཅིག། ཅེས་དེས་སྐྱེས་པ ་དེ་ཕྲག་པ་ལ་གཞོན་པ་དང་། འདི་སྙམ་དུ་སེམས་ཏེ། བདག་དགེ་སློང་མ་རྣམས་ཀྱི་སྣ་ལ་འགྲོ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི། ཚུལ་ཁྲིམས་ཙམ་གྱི་ཡིན་ན། ་གལ་ཏེ་བདག་དགེ་སློང་མའི་དངོས་པོ་ཞིག་པར་གྱུར་ན། བདག་གིས་ཚིག་ཙམ་དང་སྨྲ་བར་ག་ལ་ནུས་ཏེ་ཇི་སྐད་དུ། གཙང་མས་འཇིག་རྟེན་ཟིལ་གནོན་ཏེ། ་བརྩོག་པས་འཇིག་རྟེན་ཟིལ་མི་གནོན་ཅེས་ཟེར་བ་ལྟ་བུའོ་སྙམ་དུ་བསམས་ནས། གཙུག་དགའ་མོས་ཁྲོས་ཏེ། འཕགས་མ་ཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲས་པ་དང་། སྐྱེས་པ་དེས། ་ཕྲག་པ་ལས་ས་ལ་མཆོངས་ཏེ། འདི་སྐད་ཅེས་འགོ་རེག་མོ་ངན་པ་རང་གིས་བརྡ་བྱས་ལ། འདི་སྐད་ཅེས་ཆོམ་རྐུན་པས་ཁྲིད་དོ་ཞེས་སྨྲ་འམ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད ་དེ། ཡང་དགེ་སློང་མ་གང་གཅིག་པུ་ཆབ་ཁུང་སར་འགྲོ་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་གཙུག་དགའ་མོའོ།། གཅིག་པུ་ཞེས་བྱ་བ་ནི་གཉིས་པ་ཤོས་མེད་པར་རོ།། ་ཆབ་ཁུང་སར་འགྲོ་ན་ཞེས་བྱ་བ་ནི་བཤད་པའི་སར་རོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་ཅིག་པུ ་ཆག་ཁུང་སར་འགྲོ་ན། ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བརྒྱད་པའི་དང་བའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག། ་བུ་ཤེལ་ཙིས་སྐྲ་འཆོས་ཤིང་མཉམ་པར་འཆད་པ་ན། དགེ་སློང་མ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཕུ་ནུ་མོ་དགའ་འདི་ཅི་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ་སྒྲ་མ་འཛིངས་པར་བསྐྱེད་མོད། དགེ་སློང་མ་རྣམས་ཀྱིས། འདི་སྐད་ཅེས་ཁྱེད་ཅག་དེ་ལྟར་བྱེད་པ་ནི་སྐུ་མ་ཡིན་གྱི་ཉོན་མོངས་པ་སྐྱེད་དོ་ཞེས་སྨྲས་པའི་སྐབས་དེ། དགེ་སློང་མ། ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང ་པུ་ཤེལ་ཙིས་སྐྲ་བྱི་དོར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། པུ་ཤེལ་ཙིས་ཞེས་བྱ་བ་ནི་པའི་ར་ནའི་རྩ་བས་སོ།། སྐྲའི་བྱི་དོར་བྱེད་ན་ཞེས ་བྱ་བ་ནི་མགོ་སྐྲ་འཆོས་ནའོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་པུ་ཤེལ་ཅེས་སྐྲའི་བྱི་དོར་བྱེད་ན ་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བརྒྱད་པའི་གཉིས་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་པུ་ཤེལ་ཙིས་སྐྲའི་བྱི་དོར་མི་བྱའོ།། ་ཤེས་དགག་པ་མཛད་པ་དེའི་ཚེ། སོ་མངས་ཀྱིས་བྱི་དོར་བྱེད་པ་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སོ་མངས་ཀྱིས་བྱི་དོར་བྱེད་ན ་ལྟུང་བྱེད་དེ། ཡང་གང་ཞེས་བྱ་བ་ནི། བཅུ་གཉིས་སྡེ་དག་གོ།། སོ་མངས་ཀྱིས་ཤེས་བྱ་བ་ནི་སོ་མངས་ཀྱིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར ་འགྱུར་ཞེ་ན། ཞེས་བྱ་བའི་བར་གོང་ནས་འབྱུང་བ་བཞིན་ནོ།། ལྟུང་བྱེད་ཉི་ཤུ་བརྒྱད་པའི་གསུམ་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། ཡང་རྩའི་ཐུམ་པོས་སྐྲའི་བྱི་དོར་བྱེད ་པ་དང་། ཞེས་བྱ་བའི་བར་གྱི་སྐབས་དེ་བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་རྩའི་ཐུམ་པོས་སྐྲའི་བྱི་དོར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། རྩའི་ཐུམ་པོས་ཞེས་བྱ་བ ་ནི་སྡོང་བུ་བཤིབས་པས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཞེས་བྱ་བའི་བར་གོང་ནས་བྱུང་བ་བཞིན་ནོ།། ལྟུང་བྱེད་ཉི་ཤུ ་བརྒྱད་པའི་བཞི་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། ཡང་སོ་མངས་རྩའི་ཐུམ་པོས་སྐྲའི་བྱི་དོར་བྱེད་པའི་བར་བྱ་སྟེ། ཞེས་བྱ་བ་ནས་བསླབ་པ་བཅའ ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སོ་མངས་དང་རྩའི་ཐུམ་པོས་སྐྲའི་བྱི་དོར་བྱེད་ན་ལྟུང་བྱེད་དོ།། ཡང་གང་ཞེས་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། སོ་མངས་དང་རྩའི ་ཐུམ་པོས་ཞེས་བྱ་བ་ནི་གཉིས་སོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ཞེས་བྱ་བའི་བར་གོང་ནས་འབྱུང་བ་བཞིན་ནོ།། ལྟུང་བྱེད ་ཉི་ཤུ་བརྒྱད་པའི་ལྔ་པའོ།། །། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་སྦོམ་དགའ་མོས་བསམས་པ་བདག་གིས་བྱས་སོ་ཅོག་ཐམས་ཅད་ནི་ཕུལ་ཕྱིན་པར་བྱས་ཀྱིས་མ་ལ ་རི་ཤིག་བདག་གིས་སྒྲ་བརྙན་ཡང་ཐོགས་པར་བྱའོ་སྙམ་དུ་བསམས་ནས། རོལ་མོ་མཁན་གྱི་རྒྱན་དང་། རོལ་མོ་མཁན་གྱི་གོས་དང་། རོལ་མོ་མཁན་གྱི་ལྷམ་ཟུང་ཅིག ་བརྙས། གར་མཁན་ཞིག་ལས་སྒྲ་བརྙས་ཏེ། དེ་ནས་སྦོམ་དགའ་མོས་རྒྱན་ཐམས་ཅད་བགོས་ནས། སྤྲད་འཚོང་མའི་རྟགས་བཙུགས་ཏེ། གཅིས་གཅིག་ཏུ་བསྡང་བ་དང་། ་དེ་ནས་སྐྱེས་པ་ཞིག་འོངས་ནས་དེས་དྲིས་པ། ཉི་མ་གཅིག་གླ་ཇི་ཙམ། དེས་འདི་སྐད་ཅེས་སྨྲས་ཏེ་ཀར་ཤ་པ་ནི་ལྔ་བརྒྱའོ།། སྐྱེས་པ་དེས་འདི་སྐད་ཅེས་སྨྲསོ།། ཧ་ཅང་མང ་ཆེས་སོ།། དེས་འདི་སྐད་ཅེས། རེ་ཤིག་གཟུགས་བཟང་བ་ལ་ལྟོས་ཤིག། གང་གི་ཚེ་བྱེད་ཚུལ་དག་མཐོང་ནས་མགུ་བར་གྱུར་ན། ལྷག་པར་གཞལ་དགོས་པའི་གནས་འདི ་ཡོད་ཞེས་སྨྲས་པ་དང་། དེ་ནས་སྐྱེས་པ་དེས་ཀར་ཤ་པ་ནི་ལྔ་བརྒྱ་བྱིན་ནོ།། དེས་སྨྲས་པ། ནང་དུ་ཞགས་ཤིག། དེ་ནས་སྦོམ་དགའ་མོས་བསམས་པ། བདག་དགེ་སློང་མའི ་སྣ་ལ་འགྲོ་བ་གང་ཅི་ཡང་རུང་བ་དེ་ཐམས་ཅད་ནི་ཚུལ་ཁྲིམས་དང་བརྟུལ་ཞགས་ཙམ་གྱིས་ཡིན་ན། གལ་ཏེ་བདག་དགེ་སློང་མའི་དངོས་པོ་ཞིག་ན་ཚུལ་ཁྲིམས་རལ་བ་ཡིན་ནོ་ཞེས ་བྱ་བ་ནས། སྣོད་ཆགས་པ་ཇི་ལྟ་བ་བཞིན་དུ་བདག་ལ་སུ་ཞིག་གི་འདྲི་བར་འགྱུར་སྙམ་དུ་བསམས་ནས། སྦོམ་དགའ་མོས་རོལ་མོ་མཁན་གྱི་རྒྱན་ཕུད་ནས་བྲོས་སོ།། སྐྱེས་པ་དེས ་ཀྱང་འཁྲིགས་ནས། སྡོམ་དགའ་མོ་གངན་བ་དེར་བརྒྱུགས་ཏེ། དེས་སྒྲ་བརྙན་ནས་བཟུང་བ་དང་། སྒྲ་བརྙན་ནས་སྒྲ་བརྙན་དེ་ཡང་། སྐྱེས་པའི་ལག་ཏུ་འོངས་ནས། འདི ་སྐད་ཅེས་མགོ་རེག་མོ་ངན་པ་ཞེས་སྨྲས་སོ།། དེ་ནས་སྦོམ་དགའ་མོས་སྐྱེས་པ་ལ་འདི་སྐད་ཅེས་སྨྲས་སོ།། བུ་ཟན་མོའི་བུ། རྒྱལ་པོ་གསལ་རྒྱལ་གྱིས། དགེ་སློང་མ་རྣམས། ་བཙུན་མོའི་ཐབས་སུ་གནང་བར་ཁྱོད་ཀྱིས་མི་ཤེས་སས། གལ་ཏེ་ཁོ་མོ་ལ་ལག་པས་རེག་པར་གྱུར་ན། ལག་པ་འཐིག་མའི་དྲུང་དུ་གཅོད་དུ་གཞུག་གོ།། དེས ་འདི་སྐད་ཅེས་མགོ་རེག་མོ་ངན་མོ་ཁྱོད་འདྲ་གནང་བ་ནི་མ་ཡིན་ཏེ། གནང་བ་ནི་སྐྱེ་དགུའི་བདག་མོ་ཆེན་མོ་དང་། གོའུ་ཏ་མི་སྐེམ་མོ་དང་། ཨུད་པ་ལའི་མདོག་དང་། ཆོས་སྦྱིན་དང་། བཟང ་ལྡན་མ་དང་། སེར་སྐྱ་མོ་དག་ཡིན་གྱི། མགོ་རེག་མོ་ཁྱོད་འདྲ་བ་ནི་མ་ཡིན་ནོ།། ཞེས་སྨྲས་པ་དང་། དོན་ཉུང་བའི་དགེ་སློང་མ་དག་སྨོད་པར་བྱེད་སྐབས་དེ་བཅོམ་ལྡན་འདས་ལ ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་། ཞེས་བྱ་བ་ནས་བསླབ་པ་བཙའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་སྒྲ་བརྙན་ཐོགས་ན་ལྟུང་བྱེད་དེ། ཡང་གང ་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། སྒྲ་བརྙན་ཐོགས་ན་ཞེས་བྱ་བ་ནི་གར་མཁན་གྱི་སྒྲ་བརྙན་ནོ།། ལྟུང་བྱེད་དོ་ཞེས་བྱ་བ་ནི་གོང་མ་བཞིན་ནོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། ་དགེ་སློང་མས་ཇི་ཙམ་ཅུང་ཟད་སྒྲ་བརྙན་ཐོགས་ན་ཐམས་ཅད་དུ་ལྟུང་བྱེད་དུ་འགྱུར་རོ།། ལྟུང་བྱེད་ཉི་ཤུ་བརྒྱད་པའི་ཚིགསུ་བཅད་པའི་སྡོམ་རྫོགས་སྷོ།། །། དགེ་སློང་མའི ་འདུལ་བ་རྣམ་པར་འབྱེད་པ་ལས་ལྟུང་བྱེད་རྣམས་རྫོགས་སྷོ།། །། དེ་ནི་སོ་སོ་བཤགས་པར་བྱ་བ་རྣམས་སྨྲ་བར་བྱ་སྟེ། དེ་ལ་སོ་སོར་བཤགས་པར་བྱ་བ་རྣམས་ཀྱི་སྡོམ་གྱི་ཚིག ་སུ་བཅད་པ་ནི་འདི་ཡིན་ཏེ།། སྡོམ་ལ། འོ་མ་ཞོ་དང་མར་དང་ནི། ཞུན་པར་འབྲུ་མར་ཧྭགས་དག་དང་། སྱཱད་ཅི་ཉ་ཤ་ཤ་དག་དང་། ཤ་སྐབ་སློབ་པ་བསྐོས་པའོ།། ་། གླེང་གཞི་ནི་མཉན་ཡོད་ནའོ།། དེའི་ཚེ་བཅུ་གཉིས་སྡེ་དག་བུད་མེད་ཀྱི་བརྐམ་ཆགས་ཀྱིས་གཞན་གྱི་ཁྱིམ་དག་ནས་འོ་ཏ་མ་བསླངས་ཤིང་ལོངས་སྤྱོད་པར་བྱེད་དོ།། དེ་དག། ་འོ་མ་ཚོལ་བའི་རྒྱུས་ལུང་ནོད་པ་དང་ཀློག་པ་དང་། ཁ་ཏོན་དང་། རྣལ་འབྱོར་དང་། ཡིད་ལ་བྱེད་པ་དང་། ནང་གི་སེམས་ཀྱི་ཞི་གནས་ཤོར་བ་དང་། ཞེས་བྱ་བ་ནས། དོན་ཉུང ་བའི་དགེ་སློང་མ་དག་སྨོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླང་བར་མི་བྱའོ།། ཕྱིས་ཉོ ་བར་བྱེད་པ་ན་ཉེས་པ་དེ་ཉིད་དུ་གྱུར་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོ་བར་མི་བྱའོ།། ཉེ་དུ་དག་ལས་སློང་པ་ན་ཉེས་དམིགས་དེ་ཉིད་དུ་གྱུར་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླང་བར་མི་བྱའོ།། ཇི་ཙམ་ན་དགེ་སློང་མ་ནད་པ་ཞིག་ཡོད་པ་དེ་ལ། སྨན་པས་འོ་མ་བསྟེན་ཅིག་ཅེས་བསྟན་པ་དང་། དེས ་འདི་སྐད་ཅེས་སྨྲས་སོ།། གཞིན་བཟངས་ཁོ་མོ་ཤི་ཟིན་ནོ།། སྨན་པས་སྨྲས་པ། ཅིའི་ཕྱིར། དེས་འདི་སྐད་ཅེས་སྨྲས་སོ།། བཅོམ་ལྡན་འདས་ཀྱིས་བཀག་པས་སོ།། ་སྨན་པས་སྨྲས་པ། ཁྱོད་ཀྱི་སྟོན་པ་ཐུགས་རྗེས་སུ་གནང་བར་འགྱུར་རོ་ཞེས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང་། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། སྨན་པས་བསྟན་ན། ནད་ཀྱི་སྨན་དུ་ལོངས་སྤྱོང་བར་བྱའོ།། དེ་ནས་སྦོམ་དགའ་མོ་ན་ཡང་རུང་མིན་ཡང་རུང་། གཞན་གྱི་ཁྱིམ་དག་ནས་འོ་མ་བསླངས ་ནས་ལོངས་སྤྱོད་པར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས། བསླབ་པ་བཅའ། ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་བར་རང་གི་དོན་དུ་ཁྱིམ་དག་ཏུ་འོ་མ་བླངས་ནས་འཆའ་མ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས། དགེ་སློང་མ ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ།། ཞེས་སོ་སོར་བཤགས་པར་བྱ་སྟེ། ཆོས་འདི་ནི ་སོ་སོར་བཤགས་པར་བྱའོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། རང་གི་དོན་དུ་ཞེས་བྱ་བ་ནི་རང་གི་ལུས་ཀྱིའོ།། མིན་པར་ཞེས་བྱ་བ་ན་ནད་ཀྱིས་མ་ཐེབས་པར་རོ།། ་ཁྱིམ་བདག་དུ་ཞེས་བྱ་བ་ནི་བྲམ་ཟེ་དང་ཁྱིམ་བདག་གི་ཁྱིམ་དག་དུའོ།། འོ་མ་ཞེས་བྱ་བ་ལ། འོ་མ་ནི་ལྟ་སྟེ། བའི་འོ་མ་དང་། མ་ཧེའི་འོ་མ་དང་། རྔ་མོའི་འོ་མ་དང་། ་རའི་འོ་མ་དང་། ལྔ་པ་ནི་ལུག་གི་འོ་མའོ།། བསླངས་ནས་ཞེས་བྱ་བ་ནི་གསོལ་བ་བཏབ་ནས་སོ།། འཆའ་འམ་ཟ་ན་ཞེས་བྱ་བ་ནི། ལྐོག་མར་ཁམ་གྱིས་མིད ་པའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི་གང་ཡིན་པའི་དགེ་སློང་མ་དེསོ།། དབྱར་ཁང་དུ་སོང་དུ་ནས་ཞེས་བྱ་བ་ནི་གཙུག་ལག་ཁང་དུའོ།། དགེ་སློང་མ་རྣམས་ལ་ཞེས་བྱ ་བ་ནི་ཆོས་འདི་པ་དག་ལའོ།། སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་འཐོལ་བར་བྱའོ།། འཕགས་མ་སྨད་པའི་གནས་ཞེས་བྱ་བ་ནི། དགེ་སློང་མས་དེ་བྱ་བ་མ ་ཡིན་པའོ།། མི་རིགས་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའོ།། སོ་སོར་བཤེགས་པར་བྱ་བ་བྱང་གིས་ཆོས་དེ་སོ་སོར་ཆགས་སོ་ཞེས་བྱ་བ་ནི་ངེས་པར་འཐོལ ་བའོ།། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བ་ནི་གདོན་མི་ཟ་བར་འཐོལ་བར་བྱའོ།། དེ་ལ་ལྟུང་བ་ཇི་ལྟར་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་འོ་མ ་སློང་ན་ཐམས་ཅད་དུ་ཉེས་བྱས་སུ་འགྱུར་རོ།། ཐོབ་ན་ཉེས་བྱས་སོ།། ལོངས་སྤྱད་ན་སོ་སོར་བཤགས་པར་འགྱུར་རོ།། ལས་དང་པོ་པ་སྨོས་པ་དང་སེམས་འཁྲུགས་པ ་དང་། ཚོར་བས་ཉེན་པ་ལ་ལྟུང་བ་མེད་དོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་སོ་སོར་བཤགས་པར་བྱ་བ་དང་པོའོ།། ། ་གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་དགེ་སློང་མ་རྣམས་ལ་འོ་མ་དགག་པ་མཛད་པ་དང་། དེ་ནས་ཞོ་སློང་བ་དང་ཞེས་བྱ་བ་ནས་བསླབ་པ ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་བར་རང་གི་དོན་དུ་ཁྱིམ་དག་དུ་ཞོ་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས། ་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ ་སྟེ་འདི་ནི་སོ་སོར་བཤགས་པར་བྱའི་ཆོས་ཡིན་ནོ་ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན ་བར་བྱ་སྟེ། དེར་འོ་མ་ལྔ་ཞེས་འབྱུང་བ་ནི་འདིར་ཞོ་ལྔ་ཞེས་རྒྱས་པར་བརྗོད་པར་བྱའོ།། སོ་སོར་བཤགས་པར་བྱ་བ་གཉིས། ་བའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་བཞིན་དུ་མར་གསར་སློང་བ་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ་ཡང་དགེ་སློང་བ་གང་མི་ན་བར་རང་གི་དོན་ཏུ་ཁྱིམ་དག་ཏུ་མར་གསར་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱད་ཁང་དུ་སོང་ནས། དགེ་སློང་མ ་རྣམས་ལ་འཕགས་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི ་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཞེས་བྱ་བ་ནས་མར་གསར་ནི་ལྔའོ་ཞེས་བྱ་བའི་བར་རོ།། ་ལྟུང་བའི་རིམ་པ་ལྷག་མིན་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་གསུམ་པའོ།། ། གླེང ་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཞུན་པར་སྤོང་བ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་པར ་རང་གི་དོན་དུ་ཁྱིམ་དག་དུ་ཞུན་མར་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས། དགེ་སློང་མ་རྣམས་ལ་འཕགས ་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་ངེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས ་བར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཞེས་བྱ་བ་ནས་ཞུན་མར་ཞེས་བྱ་བ་ནི་མར་ལྔའོ་ཞེས་བྱ་བའི་བར་རོ།། ་ལྟུང་བའི་རིམ་པ་ལྷག་མ་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་མཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་བཞི་པའོ།། ་གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཏིལ་མར་སློང་བ་དང་ཞེས་བྱ་བ་ནས། བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ ་སློང་མ་གང་མི་ན་བར་རང་གི་དོན་ཏུ་ཁྱིམ་དག་དུ་ཏིལ་མརབསླངས་ནས་འཆའ་འམ་ཟ་ན་དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས། དགེ་སློང་མ ་རྣམས་ལ་འཕགས་མའི་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས ་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཞེས་བྱ ་བ་ནི་ས་ཏི་ལ་མར་ཞེས་བྱ་བ་ནི། ཏིལ་འབྲུའི་སྙིང་བུའོ།། ཞེས་བྱ་བའི་བར་རོ།། ལྟུང ་འ། @#པའི་རིམ་པ་ལྷག་མ་བཞིན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་ལྔ་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། ་དེ་ནས་བུ་རམ་གྱི་ལྦུ་བུ་སློང་བ་དང་། ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིནི་པར་རང་གི་དོན་དུ་ཁྱིམ་བདག་དུ་བུ་རམ་གྱི་སྦུ་བུ་བསླངས་ནས་འཆའ་འམ ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས་དགེ་སློང་མ་རྣམས་ལ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་སོར་བཤགས་པར ་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མེའོ།། ཞེས་བྱ་བ་ནས་བུ་རམ་ལྦུ་པ་ཞེས་བྱ་བ་ནི་བུ་རམ་གྱིའོ།། ཞེས་བྱ་བའི་བར་རོ།། ་ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་དྲུག་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ ་ནས་སྦྲང་རྩི་སློང་བ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ།། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་དུ་སྦྲང་རྩི་བསླངས་ནས་འཆའ་འམ་ཟ་ན། དགེ་སློང་མ ་དེས་དབྱར་ཁང་དུ་སོང་ནས། དགེ་སློང་མ་རྣམས་ལ་འཕགས་མ་སྤུང་བའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས ་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མེའོ།། ཞེས་བྱ་བ་ནིས་སྦྲང་རྩི་ཞེས་བྱ་བ་ནི་སྦྲང་བུའིའོ།། ཞེས་བྱ་བའི་བར་རོ།། ལྟུང་བའི་རིམ་པ་གཞན་ནི་གོང་མ ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་བདུན་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཉེ་ཤ་དགེ་སློང་བ་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བཞི ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་རང་གི་དོན་དུ་ཁྱིམ་དག་དུ་ཉ་ཤ་བསླངས་ནས་འཆའ་འམ་ཟན། དགེ་སློང་མ་ངེས་དབྱར་ཁང་དུ་སོང་ནས། དགེ་སློང་མ་རྣམས་ལ ་འཕགས་མ་སྨད་པའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས། ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་བ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི ་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའི་ཞེས་བྱ་བ་ནས་ཉག་ཤེས་བྱ་བ་ནི་ཆུར་རྒྱུབ་ལ་སོགས་པའི་འཞེས་བྱ་བའི་བར་རོ།། སྲུང་བའི་རིམ་པ་གཞན་ནི་གོང་མའི་སྐ་བ་བཞིན་ས ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་བརྒྱད་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཤ་སློང་བ་དང་ཞེས་བྱ་བ་ནས་བསྲབ་པ་བཅའ་བའི ་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མིན་པར་རང་གི་དེན་དུ་ཁྱིམ་ག་དུ་ག་བསངས་ནས་འཆའ་འམ་བན།། དགེ་སློང་མདེས་དབྱ་ཁང་དུ་སོང་ནས།། དགེ་སློང་མ་རྣམས་ལ། ་འཕགས་མ་སྤང་བའི་གནས་མི་རིགས་པ་སོ་སོར་བཤགས་པར་བྱ་འབྱུང་གིས་ཆོས་དེ་སོ་སོར་འཆགས་སོ།། ཞེས་སོ་སོར་བཤགས་པར་བྱ་སྟེ།། འདི་ནི་སོ་སོར་བཤགས་པར་བྱ་བའི ་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ་ཞེས་བྱ་བ་ནས། ཤ་ཞེས་བྱ་བའི་ཕྱུགས་ལ་སོགས་པའི་འོཞེས་བྱ་བའི་བར་རོ་ལྟུང་བའི་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ ་@#འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་དགུ་པའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་ཤ་སྐམ་པོ་སྤོང་བ་དང་ཞེས ་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། ཡང་དགེ་སློང་མ་གང་མི་ན་བར་རང་གི་དོན་ཏུ་ཁྱིམ་དག་ཏུ་ཤ་སྐམ་བསླངས་ནས་འཆའ་འམ་ཟན། དགེ་སློང་མ་ངེས་དབྱར་ཁང་དུ ་སོང་ནས། དགེ་སློང་མ་རྣམས་ལ་འཕགས་མ་སྤང་བའི་གནས་མི་རིག་པ་སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས།། སོ་སོར་བཤགས་པར་བྱ་སྟེ། ་འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས་བྱ་བ་ནི་སྦོམ་དགའ་མོའོ།། ཞེས་བྱ་བ་ནས། ཤ་སྐམ་ཞེས་བྱ་བ་ནི་ཤ་སྐམས་པའི་ཞེས་བྱ་བའི་བར་རོ།། ལྟུང་བའི ་རིམ་པ་གཞན་ནི་གོང་མ་ཇི་ལྟ་བ་བཞིན་དུ་རྗེས་སུ་འཐུན་པར་བྱའོ།། སོ་སོར་བཤགས་པར་བྱ་བ་བཅུ་པའོ།། ། གླེང་གཞི་ནི་མཉན་ཡོད་ནའོ།། གང་གི་ཚེ་སྡེ་དཔོན་སེང ་གེས་བདེན་པ་རྣམས་མཐོང་བ་དང་། ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ནས། དགེ་འདུན་གྱིས་བསླབ་པའི་སྡོམ་པ་བྱིན་པ་དང་ཞེས་བྱ་བའི་བར་རོ།། དེ་ནས ་བཅུ་གཉིས་སྡེ་དག་ཁྱིམ་དེར་ཞུགས་ནས་བསོད་སྙོམས་བླངས་པ་དང་།། དེ་ནས་དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་བཅོམ་ལྡན་འདས་ཀྱིས་ཁྱིམ་དེར་བསྐུ ་པའི་སྡོམ་པར་མ་བྱིན་ནམ།། དེ་དག་གིས་འདི་སྐད་ཅེས་དགེ་སློང་མ་རྣམས་ལ་བྱིན་གྱི།། དགེ་སློང་མ་རྣམས་ལ་ནི་ཡིན་ནོ་ཞེས་སྨྲས་པ་ན། དོན་ཉུང་བའི་དགེ་སློང་མ་དག ་སློང་བར་བྱེད་པའི་སྐབས་དེ། བཅོམ་ལྡན་འདས་ལ་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱུང་བ་འདི་དང་ཞེས་བྱ་བ་ནས་བསླབ་པ་བཅའ་བའི་བར་དུ་མཛད་དེ། དགེ་སློང ་མ་དག་དགེ་འདུན་གྱི་བསླབ་པ་བཅས་པ་ཡིན་ཏེ། ཡཱ་དགེ་སློང་མ་གང་སློབ་པ་གྲགས་པའི་ཁྱིམ་བསླབ་པའི་སྡོམ་པ་བཅས་པ་དེ་ལྟ་བུ་དག་ཏུ་སྔར་མ་པོས་བཞིན་དུ་སོང་ནས་རང་གི ་ལག་གིས་བཅའ་བ་དང་། བཟའ་བ་བླངས་ཏེ། འཆའ་འམ་ཟ་ན། དགེ་སློང་མ་དེས་དབྱར་ཁང་དུ་སོང་ནས། དགེ་སློང་མ་རྣམས་ལ་འཕགས་མ་སྤད་པའི་གནས་མི་རིག ་པ། སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ་སོར་འཆགས་སོ་ཞེས་སོ་སོར་བཤགས་པར་བྱ་སྟེ། འདི་ནི་སོ་སོར་བཤགས་པར་བྱ་བའི་ཆོས་ཡིན་ནོ།། ཡང་གང་ཞེས ་བྱ་བ་ནི་བཅུ་གཉིས་སྡེ་དག་གོ།། དགེ་འདུན་གྱི་ཞེས་བྱ་བ་ནི། དེ་བཞིན་གཤེགས་པའི་ཉན་ཐོས་ཀྱིས་དགེ་འདུན་གྱིའོ།། སློབ་པར་གྲགས་པའི་ཁྱིམ་གང་དག་ཡིན་པ་ཞེས་བྱ་བ ་ནི་བདེན་པ་མཐོང་བ་དག་གོ།། བསླབ་པའི་སྡོམ་པ་བཅས་པ་ཞེས་བྱ་བ་ནི་གསོལ་བ་དང་གཉིས་ཀྱི་ལསོ།། སྔར་མ་བོས་བཞིན་དུ་ཞེས་བྱ་བ་ནི་མགྲོན་དུ་མ་གཉེར་བར་རོ།། སོང ་སྟེ་ཞེས་བྱ་བ་ནི་སོང་ནས་སོ།། རང་གི་ལག་གིས་ཞེས་བྱ་བ་ནི་བདག་ཉིད་ཀྱིས་སོ།། བཅའ་བ་དང་བཟའ་བ་ཞེས་བྱ་བ་ནི་བཅའ་བ་ལྔ་དང་བཟའ་བ་ལྔའོ།། བླངས་ཏེ་འཆར་འ ་ཟ་ན་ཞེས་བྱ་བ་ནི་ལྐོག་མར་ཁམ་གྱིས་མེད་པའོ།། དགེ་སློང་མ་དེས་ཞེས་བྱ་བ་ནི་གང་ཡིན་པའི་དགེ་སློང་མ་དེས་སོ།། དབྱར་ཁང་དུ་ཞེས་བྱ་བ་ནི་གཙུག་ལག་ཁང་དུའོ།། ་འདགེ་སློང་མ་རྣམས་ལ་ལ་ཞེས་བྱ་བ་ནི་ཆོས་འདི་པ་དག་ལའོ།། སོ་སོར་བཤགས་པར་བྱའོ་ཞེས་བྱ་བ་ནི་འཐོལ་བར་བྱའོ།། འཕགས་མ ་སྤང་བའི་གནས་ཞེས་བྱ་བ་ནི། དགེ་སློང་མས་དེ་བྱ་བ་མ་ཡིན་པའོ།། མི་རིགས་པ་ཞེས་བྱ་བ་ནི་ཆགས་པར་འགྱུར་བའོ།། སོ་སོར་བཤགས་པར་བྱ་བ་བྱུང་གིས་ཆོས་དེ་སོ ་སོར་འཆགས་སོ་ཞེས་བྱ་བ་ནི་ངེས་པར་འཐོལ་བའོ།། ཆོས་འདི་ནི་སོ་སོར་བཤགས་པར་བྱ་བ་ཡིན་ནོ་ཞེས་བྱ་བ་ནི་གདོན་མི་ཟ་བར་འཐོལ་བར་བྱ་བའོ།། དེའི་ལྟུང་བར་ཅི་ལྟར ་འགྱུར་ཞེ་ན། དགེ་སློང་མས་ཇི་ཙམ་ཅུང་ཟད་སློབ་པར་གྲགས་པའི་ཁྱིམ་བསླབ་པའི་སྡོམ་པ་བཅས་པ་དག་དུ་སྔར་མ་པོས་བཞིན་དུ་ཞེས་བྱ་བ་ནས།། འཆོས་སམ་ཟོས་ན ་ཐམས་ཅད་དུ་སོ་སོར་བཤགས་པར་བྱ་བར་འགྱུར་རོ།། ཞེས་བྱ་བའི་བར་རོ།། གལ་ཏེ་ཐོག་མ་ཉིད་ནས་བོས་པའམ།། བསླབ་པའི་སྡོམ་པ་བག་ཡོངས་སུ་གནང ་བར་བྱིན་པ་ལ་ནི་ལྟུང་བ་མེད་དོ།། སོ་སོར་བཤགས་པར་བྱ་བ་བཅུ་གཅིག་པ་རྫོགས་སྷོ།། །། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས།། སོ་སོར་གཤེགས ་པར་བྱ་བ་རྣམས་རྫོགས་སྔོ།། །། ད་ནི་བསླབ་པ་རྣམས་སྨྲ་བར་བྱ་སྟེ།། དེ་ལ་བསླབ་པ་རྣམས་ཀྱི་སྡོམ་ཀྱི་ཚིགསུ་བཅད་པ་ནི་འདི་ཡིན་ཏེ། སྡོམ་ལ།། ཆོས་གོས་ལེགས་བགོ་མགོ་མི ་གཡོག། མཆོད་དང་ལུས་ནི་བསྒྱུར་བ་དང་། འདུག་པ་དང་ནི་རྐང་པ་དག། ཚོགས་སུ་ཡང་དག་སྡུས་པ་ཡིན།། སངས་རྒྱས་བཅོམ་ལྡན་འདས་སྒྲ་ཅན་གྱི་དྲང་སྲོང་ཀུན་འཇི་ཀའི ་འདུག་གནས་ན་བཞགས་སོ།། དེ་ནས་སྐྱེ་དགུའི་བདག་མེ་ཆེན་མོ་གོའུ་ཏ་མི་ཤཱཀྱ་མོ་སྐྲ་བྲེགས་ཤིང་གོས་ངུར་སྨྲིག་བགོས་པ་ལྔ་བརྒྱ་ཙམ་དང་ལྷན་ཅིག་སྒྲ་གཅན་གང་ན་བ་དེར་རྒྱུ་ཞིང ་དོང་སྟེ། རིམ་གྱིས་རྒྱུ་ཞིང་དོང་བ་ན།། སྒྲ་གཅན་གྱི་དྲང་སོང་ཀུན་འཛི་ཀའི་འདུག་གནས་སུ་ལྷགས་སོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་སྐྱེ་དགུའི་བདག་མོ་ཆེན་མོ་གོའུ་ཏ ་མི་ལ་བརྟེན་ནས། ཆོས་འདུལ་བ་འདི་ལ་དགེ་སློང་མ་རྣམས་རབ་ཏུ་འབྱུང་བ་དང་བསྙེན་པར་རྫོགས་པ་རྗེས་སུ་གནང་བར་མཛད་པ་དེའི་ཚེ།། དེ་དག་བདག་ཅག་གིས་ཇི་ལྟར ་ཆོས་གོས་དག་བགོ་བར་ཞེས་མ་ཤེས་པའི་སྐབས་དེ། དགེ་སློང་མ་རྣམས་ཀྱིས་དགེ་སློང་དག་ལ་སྨྲས་པ་དང་། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཧ་ཅང་རྩེངས་པ་མ་ཡིན་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་ཟླུམ་པོར་བགོ་བར་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས། ཆོས ་གོས་དེ་ལྟར་བགོ་བར་བྱའོ་ཞེས་གསུངས་པ་དེའི་ཚེ།། སྐྱེ་དགུའི་བདག་མེ་ཆེན་མོ་ལས་སོགས་ཏེ་རང་བཞིན་དུ་གནས་པའི་དགེ་སློང་མ་དེ་རྣམས་ཀྱིས་ཆོས་གོས་དང་ཤམ་ཐབས་བགོས ་སོ།། དེ་ནས་དུས་གཞན་ཞིག་ན་དགེ་སློང་མ་བཅུ་གཉིས་སྡེ་དག་ཤམ་ཐབས་ཧ་ཅང་རྩེངས་པར་གྱོན་པ་དང་།། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཁྱོད་ཅག་ཅིའི་ཕྱིར ་ཤམ་ཐབས་ཧ་ཅང་ཅིངས་པར་གྱོན།། དེ་དག་གིས་འདི་སྐད་ཅེས།། ཁོ་མོ་ཅག་ཁྱིམ་པ་ན་འདི་ལྟར་གོམས་སོ།། ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩ ་འདུལ@#ཆོས་གོས་དང་ཤམ་ཐབས་ཧ་ཅང་རྩེངས་པར་བགོ་བར་མི་བྱའོ།། དེ་བཞིན་དུ་ཤམ་ཐབས་ཧ་ཅང་འཇོལ་བར་ཡང་བགོ་བར་མི་བྱའོ།། ཞེས་དེ ་ལྟར་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་དག་ཤམ་ཐབས་གྱོན་པ་ན། གྲོ་དག་དུ་ལྟེབས་པར་བྱེད་ནས། དེ་དག་ལ་དགེ་སློང་མརྣམས་ཀྱིས་སྨྲས་པ། ཁྱེད་ཅག་ཅིའི ་ཕྱིར་ཤམ་ཐབས་གྱོན་པ་ན། གློ་ག་དུ་ལྡོབས་པར་བྱེད། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། ཁྱིམ་པ་མོདག་འདི་ལྟར་གྱོན་ནོ།། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་ཅི་ཁྱིམ་པ་པོ་ཡི ་ནམཿཞེས་སྨྲས་པའི་སྐབས་དེ།། དགེ་སློང་མ་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤམ་ཐབས་ཧ་ཅང་རྩེ་ངས་པ་མ་ཡིན ་པ་དང་། ཧ་ཅང་འཇོལ་བ་མ་ཡིན་པ་དང་། ཤམ་ཐབས་དང་ཆོས་གོས་ཟླུམ་པོར་བགོ་བར་བསླབ་པར་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག། ་ཆོས་གོས་གླང་པོ་ཆེའི་སྣ་ལྟར་གྱོན་པ་དང་། དེ་དག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་དག་ཁྱེད་ཅིའི་ཕྱིར་ཆོས་གོས་གོས་གླང་པོ་ཆེའི་སྣ་ལྟར་གྱོད། དེ་དག་གིས་འདི ་སྐད་ཅེས་ནོར་ཅན་དང་ཚོང་དཔོན་དང་དེད་དཔོན་དག་འདི་ལྟར་གྱོན་ནོ་ཞེས་སྨྲས་པ་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཆོས་གོས་དང་ཤམ་ཐབས་གླང་པོའི་སྣ ་ལྟར་མ་ཡིན་པ་དང་། ཏ་ལའི་ལོ་མ་ལྟར་བལྟབ་པ་མ་ཡིན་པ་དང་།། འབྲུའི་ཕུར་མ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི་གདེངས་ཀ་ལྟར་མ་ཡིན་པ་དང་། སྦྲུལ་མགོའི ་གདེངས་ཀ་དབུ་པོ་ལྟར་མ་ཡིན་པར་བགོ་བར་བྱའོ།། གླེང་གཞི་ནི་མཉན་ཡོད་ནའོ།། དེ་ནས་བཅུ་གཉིས་སྡེ་དག་ཕྲག་པ་ཕྱུང་ནས། ཁྱིམ་དག་དུ་འདོང་བ་ན།། དེ་དག་ལ་དགེ ་སྲོང་མ་རྣམས་ཀྱིས་སྨྲས་པ། བུ་ནུ་མོ་དག་ཁྱེད་ཅག་ཅིའི་ཕྱིར་ཕྲག་པ་ཕྱུང་ཞིང་འདོང་།། དེ་དག་གིས་འདི་སྐད་ཅེས་རེ་ཤིག་གཡོན་ཅན་དག་གིས་མཐོང་ན་དེ་དག་གི་སྙིང་འགས ་བར་འགྱུར་བར་བྱའོ་ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བསྡམས་པ་དང་ལེགས་པར་བགོས་པས་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ།། ཁྱིམ་དག ་དུ་འཇུག་པ་ན་སྒྲ་མཐོན་པོ་དང་སྒྲ་ཆེན་པོས་འདོང་བ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅོམ་སྦྱང་ཞིང་འཇུག་པར་བྱའོ།། དེ་ནས་ཕན་ཚུན་དུ་བལྟ་ཞིང་འདོང་བ་དང ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་མི་གཡེང་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ།། དེ་དག་མདུན་དུ་མི་བལྟ་བར་འདོང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ཤིན་ཏུ་བསྡམས་པ་དང་། ལེགས་པར་བགོས་པ་དང་། བཅོམ་བསྐྱངས་པ་དང་། མག་མི་གཡེང་ཞིང་གཉའ་ཤིང་ཙམ་དུ་བལྟ་བས་ཁྱིམ་གྱི་ནང་དུ་འཇུག་པ་དང ་འདུག་པར་བསླབ་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་མགོ་གཡོགས་ནས་འདོང་བ་ན་དེ་དག་ལ་ཁྱེད་ཅག་ཅའི་ཕྱིར་དེ་ལྟར་བྱེད་ཅིང་འདོང་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད ་ཅེས་སྨྲས་སོ།། ཁོ་མོ་ཅག་སྔོན་དྲ་མན་མར་གྱུར་པ་ན། ཁྱིམ་དག་ན་འདི་ལྟར་བྱེད་དོ།། དེ་རྣམས་ཀྱིས་འདི་སྐད་ཅེས་སྨྲས་སོ།། ཅི་ཁྱེད་ད་དུང་ཡང་དྲ་མ་དག་གི་མནའ་མ་ཡིན ་འནམ། དེ་དག་འདི་སྐད་ཅེས་མི་ཤེས་པ་གང་ཡིན་པ་དེ་སྤངས་པར་འགྱུར་ཞིང་། ཁྱེད་ཅག་ཀྱང་བསླབ་པ་ལ་བསླབས་པར་འགྱུར་རོ།། ཞེས་སྨྲས ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་གཡོགས་ཏེ་ཁྱིམ་གྱི་ནང་དུ་འདོང་བར་མི་བྱའོ།། དགེ་སློང་མའི་བྱ་རྣམ་པར་འབྱེད་པ།། ་བམ་པོ་ཉི་ཤུ་བརྒྱད་པ་སྟེ།། ཐ་མའོ།། །། དེ་ནས་བཅུ་གཉིས་སྡེ་དག་ལག་པ་གཉིས་ཀྱིས་ཤིང་བ་དཔུང་ཆད་བརྫེས་ནས་འདོང་བ་ན། དེ་རྣམས ་ཀྱིས་ཁྱེད་ཅག་ཅིའི་ཕྱིར་དེ་ལྟར་བྱེད་ཅིང་འདོང་ཞེས་དྲིས་པ་དང་། དེ་དག་གིས་འདི་སྐད་ཅེས་སྨྲས་སོ།། དྲ་མའི་མནའ་མ་དག་འདོད་ན་དེ་ལྟར་བྱེད་དོ།། དེ་རྣམས་ཀྱིས་འདི་སྐད ་ཅེས་སྨྲས་སོ།། ཅི་ཁྱེད་ཅག་དྲ་མའི་མནའ་མ་ཡིན་ནམ། བཅུ་གཉིས་སྡེ་དག་གིས་འདི་སྐད་ཅེས་མི་ཤེས་པ་གང་ཡིན་པ་དེ་སྤངས་པར་འགྱུར་ཞིང་། ཁྱེད་ཅག་ཀྱང་བསླ ་པ་ལ་བསླབས་པར་འགྱུར་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བརྫེ་བར་ཁྱིམ་དེར་འཇུག་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཇི་ལྟར་ཕྱུགས་རྫི ་དག་འདོང་བ་བཞིན་དུ་ཆོས་གོས་དག་འཕྲག་པ་ལ་གཟེར་ཏེ་འདོང་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་གཟེར་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ།། དེ་ནས ་བཅུ་གཉིས་སྡེ་དག་ཁྱེའུ་དག་བྱིས་པའི་གྲཝ་གང་དུ་འདི་ལྟར་འདོད་ཏོ་ཞེས་གཉའ་གོང་དུ་བསྣོལ་ཏེ་ཁྱིམ་གྱི་ནང་དུ་འགྲོའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་མཉའ་གོང་དུ་མི་སྣོལ་བར་ཁྱིམ་གྱི་ནང་དུ་འཇུག་པར་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཕྲག་པ་གཉི་ག་ལ་བཟར་ནས། ཁྱིམ་གྱི་ནང་འདོང་བ་ནས ་ཞེས་བྱ་བ་ནས། འདི་སྐད་ཅེས་གཡོག་དག་འགྲོ་བ་ལྟར་འདོང་ངོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མགོ་མི་གཡོག་པ་དང་། མི་རྫི་བ་དང་། ་མི་གཟེར་བ་དང་། མཉའ་གོང་དུ་མི་བསྣོལ་བ་དང་ཕྲག་པ་གཉི་ག་ལ་མི་གཟེར་བ་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ ་གཉིས་སྡེ་དག་གཡོག་ཅན་དག་ལ་འདི་ལྟར་འདོང་ངོ་ཞེས། ཁྱིམ་གྱི་ནང་དུ་གང་རྒྱངས་དག་བྱེད་ཅིང་འགྲོ་ཞེས་བྱ་བ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འགྲོ་བར་མི ་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་བཅོས་མ་དག་འདི་ལྟར་འདོང་ངོ་ཞེས། ཁྱིམ་གྱི་ནང་དུ་འགྲུམ་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག། རྐང་པའི་བྲང་བ་དྲས་པ་དག། འདི་ལྟར་འདོང་ཞེས་ཁྱིམ་གྱི་ནང་དུ་རྐང་པ་བྲང་བས་འཛུགས ་ཤིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་འབྱིགས་པ་དག་འདི་ལྟར ་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་འཕྱེ་ཞིང་འགྲོ་ཞེས་བྱ་བ་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག ་འདུལ@ནོར་ཅན་དང་། ཚོང་དཔོན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་བཀུར་བརྟན་ཅིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། མི་བགད་པ་དང་། མི་མཆོད་པ་དང་། བྲང་བས་མི་གཟུགས་པ་དང་། མི་འབྱེ་བ་དང་། བཀུར་མི་བརྟེན་པར་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ།། ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ནོར་གླང་པོ་དག་འདི་ལྟར་འགྲོའོ་ཞེས་ལུས་སྦྱར་ཞིང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལུས་སྦྱར ་ཞིང་ཁྱིམ་གྱི་ནང་དུ་འཇུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ནོར་ཅན་དང་ཚོང་དཔོན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་སྒྱོགས་ཀ་བྱེད ་ཅང་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་སྲོག་ཆགས། རྩངས་པ་དག་འདི་ལྟར ་འདོད་ཞེས་ཁྱིམ་གྱི་ནང་དུ་མགོ་བསྒྱུར་ཞིང་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། དེ་ལྟར་འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག ་གཡོན་ཅན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ལག་པ་སྦྲེལ་ཏེ་འགྲོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲོ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས ་བཅུ་གཉིས་སྡེ་དག་ཤེད་འཐུན་དག་འདི་ལྟར་འདོང་ངོ་ཞེས་ཁྱིམ་གྱི་ནང་དུ་ཕྲག་པ་སྨད་ཅིང་འགྲོ་ཞེས་བྱ་བ་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ལུས་མི་བསྒྱུར་བ་དང་། ལག ་པ་མི་དཀྱོག་པ་དང་། མགོ་མི་བསྒྱུར་བ་དང་། ལག་པ་མི་སྦྲེལ་བ་དང་། ཕྲག་པ་མི་སྤྲང་པར་ཁྱིམ་གྱི་ནང་དུ་འཇུག་པ་དང་། འདུག་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། ་དེ་ནས་བཅུ་གཉིས་སྡེ་དག་བྲམ་ཟེ་དང་ཁྱིམ་བདག་དག་གི་ཁྱིམ་དུ་མ་བགོ་བར་སྟན་དག་ལ་འདུག་པ་དང་། དེ་དག་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འདུག་པར་མི་བྱའོ།། གང་གི་ཚེ་བཅོམ་ལྡན་འདས་ཀྱིས་འཆར་ཀ་ལས་བརྟེན་ཏེ། སྟན་སོ་སོར་བརྟགས་ཏེ་འདུག་པར་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པ་དང་།། དེ་ནས ་ཡང་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་སྟན་ལ་མ་བརྟགས་པར་འདུག་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་འདུག་པར་མི་བྱའོ།། གང་གི་ཚེ་བཅོམ་ལྡན ་འདས་ཀྱིས། སེར་སྐྱའི་གཞིར་འཆར་ཀ་ལས་བརྟེན་ཏེ་ལུས་ཐམས་ཅད་ཀྱིས་མནན་ཏེ་འདུག་པར་མི་བྱའོ་ཞེས་བསླབ་པའི་གཞི་བཅའ་བ་མཛད་པ་དང་། དེ་ནས་བཅུ་གཉིས་སྡེ་དེ ་ངག་ཁྱིམ་གྱི་ནང་དུ་ལུས་ཐམས་ཅད་ཀྱི་ལྕིད་ཀྱིས་མནན་ཏེ་འདུག་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། དེ་ལྟར་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་གཡོན ་ཅན་དག་འདི་ལྟར་འདུག་གོ།། ཞེས་ཁང་པའི་ནང་དུ་རྐང་པ་བསྣོན་ནས་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར ་རོ། དེ་ནས་བཅུ་གཉིས་སྡེ་དག། ནོར་ཅན་དང་། ཚོང་དཔོན་དག་འདུག་གོ་ཞེས་ཁྱིམ་གྱི་ནང་དུ་བརླ་བསྣོལ་ཏེ། འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འ@#། ཁྱིམ་གྱི་ནང་དུ་མ་བགོ་བར་སྟན་ལ། འདུག་པར་མི་བྱ་བ་དང་། སོ་སོར་མ་བརྟགས་པ་མ་ཡིན་པ་དང་། ལུས་ཐམས་ཅད་ཀྱི་སྲིད་ཀྱིས་མི་གནན་པ་དང་། རྐང ་པ་མི་བསྣོལ་བ་དང་། བརླ་མི་བསྣོལ་བར་ཁྱིམ་གྱི་ནང་དུ་འདུག་པ་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་གར་ལ་བལྟ་བ་དག་འདི་ལྟར་འཁོད་དོ་ཞེས ་སྟན་གཅིག་ལ། དཀུ་དང་དཀུར་སྤྲད་ནས་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ ་གཉིས་སྡེ་དག་དང་སེམས་ཁོངས་སུ་ཆུང་བ་དག་འདི་ལྟར་འཁོད་དོ་ཞེས་ལོང་བུའི་སྟེང་དུ། ལོང་བུ་བཞག་སྟེ་འདུག་ཅེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་པཏའདུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག། རྐང་པ་བཀུག་སྟེ་འདུག་པ་དང་། དེ་ནས་བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དག་འོངས་ནས་རྐང་པ ་ལ་ཕྱག་བྱེད་པ་ན། དེ་དག་གིས་རྐང་པ་ཕྱེ་བ་དང་། དེ་དག་གི་མགོ་བོ་ས་ལ་ཐུག་ནས་སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་བཀུག་སྟེ། ་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་གྱི་ནང་དུ་རྐང་པ་གདུག་པ་དང་། བྲམ་ཟེ་དང་ཁྱིམ་བདག་གི་ཆུང་མ་དེ་དག་འོངས་ནས་རྐང་པ་ལ་ཕྱག་བྱས་པ་དང་། ་དེ་ནས་བཅུ་གཉིས་སྡེ་དག་གིས་དེ་དག་ལ་ནད་མེད་པར་གྱུར་ཅིག་ཅེས་བྱ་བའི་ཚིག་ཕྱེད་སྨྲས་ན། འདི་སྐད་ཅེས་ཅིའི་ཕྱིར་ནད་མེད་པར་གྱུར་ཅིག་ཅེས་རྫོགས་པར་མི་གསུང ་ཞེས་སྨྲས་པ་དང་། བཅུ་གཉིས་སྡེ་དག་གིས་འདི་སྐད་ཅེས་འདི་ལྟར་ཁྱེད་ཀྱི་རྐང་པ་ཡ་ཅིག་ལ་ཕྱག་བྱས་ཀྱིས། རྐང་པ་ཡ་ཅིག་ལ་ཡང་ཕྱག་བྱོས་ཤིག་དང་། བྱའོ།། ་ཞེས་སྨྲས་པ་དང་། སྤོང་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྐང་པ་གདངས་ཏེ་འདུག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་གྱི ་ནང་དུ་རྐང་པ་ཧ་ཅང་བཀུག་སྟེ་འདུག་པ་དང་། ཇི་ཙམ་ན་བྲམ་ཟེ་དང་། ཁྱིམ་བདག་གི་ཆུང་མ་དག། ཕྱག་བྱེད་པ་དང་། སྨོད་པར་བྱེད་པ་ནས། བཅོམ་ལྡན་འདས། ་ཀྱིས་བཀའ་སྩལ་པ། དཀུ་དང་དཀུར་མི་སྤྲད་པ་དང་། ལོང་བུའི་སྟེང་དུ་ལོང་བུ་མི་གཞག་པ་དང་། རྐང་པ་མི་དཀུག་པ་དང་། རྐང་པ་མི་གདང་བར་ཁྱིམ་གྱི་ནང ་དུ་འདུག་པར་བྱའོ།། སྡོམ་ལ།། ལེགས་པར་བླང་དང་མ་འོངས་དང་།། ཙུག་ཙུག་འབྲིའི་འབྱེད་པ་དང་། ལག་པ་དང་ནི་ཁ་ཟེར་དང་། མ་བཏིང་བ་དང་འགྲོང་སྟེ ་མན། སངས་རྒྱས་བཅོམ་ལྡན་འདས་ཡུལ་བྷ་ར་གའི་ཆུ་སྲིན་བྱིས་པ་བསོད་ཀྱི་རེ་འཛགས་སུ་རུང་གི་ཚལ་རི་དགས་ཀྱི་ནགས་ན་བཞུགས་སོ།། དེའི་ཚེ་རྒྱལ་བུ་རྟོགས ་ལྡན་གྱིས། ཆུ་སྲིན་བྱིས་པ་གསོད་ཀྱི་རི་ལ། ཁང་བཟངས་པདྨ་དཀར་པོ་སར་པ་ཅན་ཞེས་བྱ་བ་ཞིག་རྩིག་ཏུ་བཅུག་ནས། དེར་སངས་རྒྱས་བཅོམ་ལྡན་འདས། ་དགེ་སློང་དང་དགེ་སློང་མ་རྣམས་དང་ཐབས་གཅིག་སྤྱན་དྲངས་སོ།། དེ་ནས་རྒྱལ་བུ་གཞོན་རྟོགས་ལྡན་གྱི་འཁོར་ནི་མ་དང་པ་ཡིན་པས། དེ་དག་གིས་ཁ་ཟས་ཀྱིས་གོང ་འ@#། བུ་དྲག་དུ་བོར་བས། དགེ་སློང་མ་རྣམས་ཀྱི་ལག་པ་དང་། ལྷུང་བཟེད་གཅོག་པར་བྱེད་དོ།། དེ་ནས་ཡང་ཕྱོགས་གཅིག་ནི་བཅུག་གཉིས་སྡེ་ག ་འཁོད་པས། དེ་དག་གིས་གཅིག་འདི་སྐད་ཅེས་གཙུག་དགའ་མོ།། ཉེ་དགའ་མོ།། སྦོམ་དགའ་མོ།། བདག་ཅག་གིས་བུ་སོང་མོའི་བུ་འདི་དག་བསླབ་པ་བྱའོ།། ་ཞེས་སྨྲས་ནས་གང་གི་ཆེ་ཁ་ཟས་འོང་བདེའི་རི། ལྷུང་བཟེད་བཟེད་ནས་ཕྱིར་བགྱིད་པ་དང་། འབྲས་ཅན་དེ་དགས་ལ་བོ་བ་ན། དོན་ཉུང་བའི་དགེ་སློང་མ་དག་སྤོང ་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལེགས་པར་ཁ་ཟས་བླང་བར་བྱའོ།། དེ་བཞིན་དུ་ཁྱིམ་ཞིག་ཏུ་སྦྱིན་དྲངས་པ་དང་། ཞེས་བྱ་བའི་བར ་དུ་ཏེ། འབྲས་ཅན་དང་ཆོད་མ་ཇི་སྙེད་ཀྱིས་ལྷུང་བཟེད་ནས་ས་ལ་བོ་བདེ་སྙེད་བླངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མུ་དང་ཁང་ཆང་མ་ཡིན་པར་ལ ་ཟས་བླང་བར་བྱའོ།། མཉན་ཡོང་དུ་ཁྱིམ་བདག་གིས་ཞེས་བྱ་བ་ནས། ཁྱིམ་དུ་སྤྱན་དྲངས་སོ།། ཞེས་བྱ་བའི་བར་ཏེ། བཅུ་གཉིས་སྡེ་དག་ལ་འབྲས་ཅན་དང་། ་ཆོང་མ་མཉམ་པར་བྲིམས་པན། ལྷག་པར་སྤོང་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟད་ན་འབྲས་ཅན་དང་མཉམ་པར་བཟའ་བར་བྱའོ།། ་དེ་བཞིན་དུ་ཡང་ཁྱིམ་བདག་གཅིག་གི་ཁྱིམ་དུ་སྤྱན་དྲངས་པ་དང་། ཞེས་བྱ་བའི་བར་ཏེ། དེ་ནས་ཡང་འབྲས་ཅན་ནི་མངལ། ཚོང་མ་ནི་ཆེས་ཉུང་བ་དང་། དེ་དག ་འབྲས་ཅན་གྱིས་ཚོད་མ་བཀབ་ནས། ཡང་སློང་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲས་ཅན་གྱིས་ཚོད་མ་དགབ་པར་མི་བྱའོ།། དེ་བཞིན་དུ་གཞན ་ཡང་ཞེས་བྱ་བའི་བར་ཏེ། ཆོད་མ་ནི་མང་ལ། འབྲས་ཅན་ནི་ཆེས་ཉུང་བ་དང་། དེ་དག་མང་དུ་འདོད་པའི་ཕྱིར་ཚོད་མས་འབྲས་ཅན་བཀབ་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ལེགས་པར་ཁ་ཟས་བླང་ཏེ་བཟའ་བ་དང་། ཁང་ཆད་དུ་མ་ཡིན་པ་དང་། ཚོད་མ་དང་མཉམ་པ་དང་། མང་དུ་འདོད་པའི་ཕྱིར། འབྲས་ཅན་གྱིས་ཚོད་མ ་མི་དགབ་པ་དང་། ཆོད་མས་འབྲས་ཅན་མི་དགབ་པར་བསླབ་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་བཅའ་བ་རྣམས་མ་འོངས་པར་ལྷུང་བཟེད་པར་བྱེད་པ་ནས།། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། བཟེད་པར་མི་བྱའོ།། དེ་ནས་སྦོམ་དགའ་མེའི་མདུན་ན། གྲལ་གྱི་སྣ་ལ་དགེ་སློང་མ་རབ་ཏུ་ཕྱུང་བ་རྒན་མོ་ཞིག་ཁ་གདངས་ཏེ་འདུག་པ ་དང་། དེ་ནས་སྦོམ་དགའ་མོས་དེའི་ཁར་ལ་ཐུ་ཞིག་བཙངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་མ་བཟངས་པར་ཁ་གདང་བར་མི་བྱའོ།། དེ་ནས ་བཅུ་གཉིས་སྡེ་དག་ཁ་ཟས་ན། སྒྲ་འབྱིན་པར་བྱེད་པ་དང་། དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཀྱེ་ཕུ་ནུ་མོ་དག་དེ་ལྟར་བྱེད་པ་ཅི་ཐ་ཚིག། དེ་དག་གིས་འདི་སྐད་ཅེས་མི ་བརྗེད་ན་མི་རུང་ངོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་གྱིས་བཀའ་བ་དང་། བཅས་པས་སྨྲས་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ ་འདུལ། དག་འབྲས་ཅན་འབྲུ་བུ་གཉིས་སམ་གསུམ་ཞིག་ཁར་འཇུག་པ་དང་། ཞེས་བྱ་བ་ནས།། འདི་སྐད་ཅེས་ཡི་གར་མི་འོང་བ་ལ་འབྱིན་པ་དག། ་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁམ་ཧ་ཅང་ཆུང་མ་ཡིན་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག། ཁམ་ཧ་ཅང་ཆེ་བར་འཇུག ་པར་བྱེད་པ་དང་། ཞེས་བྱ་བ་ནས་འདི་སྐད་ཅེས་ལྟོགས་པར་དག་འདི་ལྟར་ཟའོ།། ཞེས་སྨྲས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བཅའ་བ་དང་བཟའ་བ ་མ་འོངས་པར་ལྷུང་བཟེད་བཟེད་པར་མི་བྱ་བ་དང་། ཁམ་མ་གཟས་པར་ཁ་གདང་བར་མི་བྱ་བ་དང་། ཁ་ཁམ་གྱིས་བཀང་བ་དང་བཅས་པས་སྨྲས་པར་མི་བྱ་བ་དང་། ཁམ ་ཧ་ཅང་ཆུང་བ་མ་ཡིན་པ་དང་། ཁམ་ཧ་ཅང་ཆེ་བ་མ་ཡིན་པར་ཁམ་རན་བྱ་བ་ལ་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁ་ཟས་ཙུག་ཙུག་བྱེད་ཅིང་ཟ་བ་ན ་བདག་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དེ་ལྟར་བྱེད་པ་ཅི་ཐ་ཚིག། དེ་དག་གིས་འདི་སྐད་ཅེས། བྱིས་པ་དག་ཟ་བ་འདི་ལྟར་བྱེད་དོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། ཅུག་ཙུག་མི་བྱ་བར་ཁ་ཟས་བཟའ་བར་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཧུ་དུ་བྱེད་ཅིང་ཁ་ཟས་ཟ་བ་ན་ཞེས་བྱ་བ་ནས་འདི་སྐད ་ཅེས། ནད་པ་ཡི་གར་མི་འོང་བ་དག་འདི་ལྟར་ཟའོ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བཟའ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ཁྱིམ ་བདག་གཅིག་གིས་ཁྱིམ་དུ་དགེ་སློང་མའི་དགེ་འདུན་འགྲོན་དུ་བོས་པ་ན། དེས་འབྲས་ཅན་ནི་མང་ལ་ཚོད་མ་ཉུང་ངུ་བྲིམས་པ་དང་། དེ་དག་རྒོད་པའི་བསམ་པས་བལྕག་བ་ལྕག་བྱེད། ་ཅིང་ཟ་བ་དང་། དེ་ནས་ཁྱིམ་དག་དེ་ཞུམ་ཞུམ་པོར་གྱུར་ནས་འདི་སྐད་ཅེས། འཕགས་མ་དག་འབྲས་ཅན་སྐམ་པར་བདག་གིས་འཚལ་མོད་ཀྱི་ཚོད་མའི་རྫེའུ་ཆགས་ལགས་སོ ་ཞེས་སྨྲས་པ་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བལྕག་ལུག་མི་བྱ་བར་ཁ་ཟས་བཟའ་བར་བྱའོ།། ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ཁྱིམ་བདག་གཅིག་གིས ་འགྲོན་དུ་བོས་པ་ན། ཁྱིམ་བདག་དེ་ཡང་དབུལ་པོ་ཞིག་ཡིན་པས། དེས་དགུན་ཁའི་དུས་ན་ཁ་ཟས་གྲང་མོ་དག་བྲིམས་པ་དང་། དེ་དག་རྒོད་པའི་བསམ་པས་ཕུ་ཕུ་ཞེས་བྱས་ཏེ་ཟ ་བར་བྱེད་དོ།། དེ་ནས་ཁྱིམ་བདག་དེ་ཞུམ་ཞུམ་པར་གྱུར་ནས། འདི་སྐད་ཅེས་འཕགས་མ་བདག་གིས་མཚལ་མོད་ཀྱི། བདག་གཞི་ངན་པས་ཅི་བགྱིར་ཡང་མ་མཆིས་སོ།། ་ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པུ་ཕུ་མི་བྱ་བར་ཁ་ཟས་བཟའ་བར་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ལྗོངས་རྒྱུ་ཞིང ་འདོད་པ་ན། ཞིང་པའི་ཁྱིམ་ཞིག་ཏུ་ཕྱིན་པ་དང་། དེ་དག་གིས་གནས་དེར། ཆོས་གོས་དག་སྦུགས་རྐང་པ་དང་ལག་པ་དག་བཀྲུས་ནས། ཟས་ཀྱི་བྱ་བ་ལ་ཞུགས་པ་དང་། ་དེ་ནས་ཁྱིམ་ཅིག་ཤོས་སུ་ཡང་། གཅེར་བུ་བ་དག་ལྷགས་ནས་ཅི་ཙམ་ན་དེ་དག་ཀྱང་ཟས་ཀྱི་བྱ་བ་ལ་ཞུགས་སོ།། དེ་ནས་བཅུ་གཉིས་སྡེ་ནོད་པའི་བསམ་པ་ཅན་དག་གིས། ་འདུལ་#ཁ་ཟས་ལ་རྫོགས་བྱེད་ཅེས་བྱ་བའི་མཆོད་རྟེན་བྱས་ནས། ལ་ཕུག་གི་སྲོག་ཤིང་བཙུགས་ཏེ། གཅེར་བུ་པ་དེ་དག་ལ་འདི་སྐད་ཅེས། འདི་ནི་ཁྱེད ་ཀྱི་སྟོན་པའི་མཆོད་རྟེན་ཡིན་ནོ་ཞེས་སྨྲས་ནས། དེ་ནས་མཆོད་རྟེན་དེ་ལས་ཁམ་གྱིས་བཅད་དེ་ཟ་སྐྲ་གཅིག་ཏུ་འདི་སྐད་ཅེས། རྫོགས་བྱེད་ཀྱི་མཆོད་རྟེན་ཞིག་གོ་ཞེས་སྨྲས ་བ་དང་། དེ་ནས་གཅེར་བུ་པ་དེ་དག་སྡུག་བསྔལ་ཞིང་ཡིད་མི་བདེ་བ་སྐྱེས་ནས། ངུ་ཞིང་འདི་སྐད་ཅེས། དེ་རིང་བདག་ཅག་གི་སྟོན་པ་དུས་ལས་འདས་པ་བལྟ་ཞེས་ཟེར་རོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཙུག་ཙུག་མི་བྱ་བ་དང་། ཧུ་ཧུ་མི་བྱ་བ་དང་། བལྕག་བ་ལྕག་མི་བྱ་བ་དང་། ཕུ་ཕུ་མི་བྱ་བ་དང་། མཆོད་རྟེན་འདྲ་བར་སྨྲས་ཏེ ་ཟས་བཟའ་བར་མི་བྱ་བར་བསླབ་པར་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་སྤང་ལེབ་ཀྱི་སྟེང་དུ་ཁ་ཟས་བཀྲམ་ནས། འབྲུ་རེ་ནས་བླངས་ཏེ་ཁར་འཇུག་པར་བྱེད་པ་ནས། དེ་དག་ལ ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། དེ་ལྟར་བྱེད་པ་ཅི་ཐ་ཚིག། དེ་དག་གིས་འདི་སྐད་ཅེས།། བྱ་གག་དག་གཏོར་མཐུན་འདི་ལྟར་བྱེད་དོ།། ཞེས་སྨྲས་པ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། ཟས་ལ་འབྲུ་རེ་ནས་གསལ་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁྱིམ་ཞིག་དུ་འགྲོན་དུ་བོས་ནས། དེས་དེ་དག་ལ ་ཁ་ཟས་ཕལ་པ་དག་བྲིམས་པ་དང་། དེ་དག་གིས་ཁ་ཟས་དེ་ཟས་དེ་ལ་བསྔགས་པ་དག་བརྗོད་དོ།། གཞན་གྱིས་ཡང་ཁ་ཟས་གསོད་པ་དག་བྲིམས་པ་ན་དེ་ལ་བསྐྱོན་དག ་བརྗོད་པ་དས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། ཟས་ལ་བསྔགས་པ་དང་སྐྱོན་གདགས་པར་མི་བར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་ཟས་ཀྱི་ཁམ་མ་ཁུར། ་བ་ནས་མཁུར་བར་སྦེད་སྦེད་ཅིང་ཟ་བ་ན་ཞེས་བྱ་བ་ནས་འདི་སྐད་ཅེས་ནད་པ་དག་འདི་ལྟར་ཟའོ།། ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་མཁུར་པ་སྒོ ་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཁམ་ཕྱེད་ཅིང་ལྕེའི་གྲུར་བཞག་སྟེ།། ཕན་ཚུན་དུ་སྟོན་ཅིང་སྤང་ཡང་མིང་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། ཁ་ཟས་ལ་ལྕེ་ཕྱིར་དབྱུང་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ཟས་ཁམ་སོས་བཅད་ནས་དེ་དག་ལས་ཁམ་གཅིག་ན་ཁར། གཉིས ་པ་ནི་ལག་པར།། གསུམ་པ་ནི་ལྷུང་བཟེད་དུ་འཇོག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲུ་རེ་ནས་གསལ་བར་མི་བྱ་བ་དང་། བསྔགས་པ་དང་། སྐྱོན ་མི་གདགས་པ་དང་། མཁུར་བར་མི་སྤོ་བ་དང་། ལྕེ་མི་དབྱུང་བ་དང་། ཁམ་འཕྲོ་མི་གཅད་པར་ཟས་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས ་སྡེ་དག་ཁ་ཟས་ཡོད་བཞིན་དུ་ལག་པ་ལ་ལྡེག་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་ལ་ལྡག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན ་དུ་ལྷུང་བཟེད་བྱོག་པར་བྱེད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་བྱོག་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་སྦོམ་དགའ་མོ་ཁ་ཟས་ཁར ་འདུལབཅུག་ནས་ལག་པ་སྤྲུག་པར་བྱེད་པ་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་སྤྲུག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ ་གཉིས་སྡེ་དག་ཁྱིམ་ཞིག་ཏུ་མགྲོན་དུ་བོས་པ་ན།། དེ་ནས་སྦོམ་དགའ་མོས། ཕྱེ་དག་བརྙེད་པ་དང་། ལྷུང་བཟེད་བསྐྱམས་ནས། འདི་སྐད་ཅེས་ཁོ་མེའི་ལྷུང་བཟེད་བླང ་བ་ཡིན་གྱིས་ལུགས་ཤིག། ལུགས་ཤིག་ཅེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ་ལྷུང་བཟེད་བསྐྱམ་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་ཡང ་ཁྱིམ་བདག་གཅིག་གིས་ཁྱིམ་དུ། དགེ་སློང་མའི་དགེ་འདུན་འགྲོན་དུ་བོས་ནས་དེས་བཅའ་བ་དང་། བཟའ་བ་གསོད་པར་རབ་ཏུ་མང་པོ་དག་སྟ་གོན་བྱསོ།། ཡང་བཅུ་གཉིས ་སྡེ་དག་གི་ནང་ན་དགེ་སློང་མ། རབ་ཏུ་བྱུང་བ་རྒན་མོ་ཞིག་འདུག་གོ། ཁྱིམ་བདག་དེས་ཀྱང་ཐོག་མར་དགེ་སློང་མའི་དགེ་འདུན་ལ་ཞན་མར་དང་། ཕྱེ་དག་བྲིམས་པ་ལས ་དེ་ནས་བཅུ་གཉིས་སྡེ་དག་གིས། ཕྱི་རབ་ཏུ་མང་དུ་བླངས་སོ།། ཁྱིམ་བདག་དེས་ཡང་གཡོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་བརྒྱད་རྒན་པའི་མཐའ་ནས་བྲིམས་པ་དང་། དེ་ནས ་རབ་ཏུ་བྱུང་བ་རྒན་མོ་དེ་རྒན་མིས་གང་ན་བ་དེ་ལོགས་སུ་བལྟ་བར་བྱེད་པ་ན། བཅུ་གཉིས་སྡེ་དག་གིས་ཡང་རྒན་མོ་རབ་ཏུ་བྱུང་བ་དེའི་མདུན་དུ། ཁ་ཟས་ཀྱིས་གོང་བུ་དག ་གཏོར་ནས་འདི་སྐད་ཅེས། རྒྱལ་པོ་ང་ལས་ནུལ་རིན་པོ་ཆེའི་ཆར་དགའ་བབ་བོ་ཞེས་དེ་སྐད་གྲག་ན། ཁྱོད་ཀྱང་བསོད་ནམས་དང་ལྡན་ནམ། ཁ་ཟས་ཀྱི་ཆར་བབ་ཅེས་སྨྲས་པ ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་མི་ལྡག་པ་དང་། ལྷུང་བཟེད་མི་འབྱོག་པ་དང་། ལག་པ་མི་སྡུག་པ་དང་། ལྷུང་བཟེད་མི་བསྐྱམ་པ་དང་། ་ལྷུང་བཟེད་ཀྱི་འདུ་ཤེས་ཀྱིས་ཟ་བཟའ་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་གྲལ་ཟླའི་དགེ་སློང་མ་རྣམས་ཀྱི་ལྷུང་བཟེད་ལ། བལྟས་ན ་འདིར་ནི་མང་དུ་བྲིམས་ལ། ཁོ་མོ་ཅག་ལ་ནི་ཉུང་ངུ་བྲིམས་སོ་ཞེས་ཁ་ཟེར་བར་བྱེད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་ཟེར་བར་འདོད་པས་དགེ་སློང་མ ་གྲལ་ཟླ་རྣམས་ཀྱི་ལྷུང་བཟེད་བལྟ་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་ལག་པ་ཁ་ཟས་ཀྱིས་འབགས་པས།། བྱ་མ་བུམ་ལེན་པ་ན། ་དེ་ཁ་ཟས་ཀྱི་འབགས་པས། སྦུ་བུ་དག་གིས་ཟི་ཟི་བཏོན་པ་དང་། ཁྱིམ་བདག་རྣམས་ཀྱིས་མཐོང་ནས་སྨོད་པར་བྱེད་པ་ནས།། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། ལག་པ་ཟས་ཀྱིས་འབིགས་པས་ཆུ་སྣརོན་ལ་གཟུང་བར་མི་བྱའོ།། ཞེས་བྱ་བའི་བ.རོ།། དེ་ནས་ཡང་ཁྱིམ་གཅིག་གིས་དགེ་སློང་མའི་དགེ་འདུན་མཐོན་དུ ་ཟོས་པ་དང་དེ་ནས་མདུན་མ་དང་། ལྟེ་དགའ་མེའི་བར་ན་དགེ་སློང་མ་སྣམ་སྦྱར་དམར་སེར་གྱོན་པ་ཞིག་འདུག་པ་དང་། དེས་དེ་ལ་ལྷུང་བཟེད་བཤལ་བའི་ཆུས་གཏོར་ནས། ་དེ་དག་འདི་སྐད་ཅེས། བཀྲེན་པ་ངན་པ་མོ་ཁྱོད་འབའ་ཤིག་ལ་སྣམ་སྔར་ཡོད་དམ། ཞེས་ཁ་ཟེར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་@#ཟས་ཀྱིས་འཕགས་པའི་ཆུས་གཏོར་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། གང་གི་ནི་ཆུ་སྲིན་བྱིས་པ་གསོད་ཀྱི་རིལ། ཁང་བཟངས ་དཀར་བཅོནལ་རྟེན་ནས། ཁྱི་གྱི་འང་དུབས་ཀྱིས་འཕགས་པའི་ཆུང་བ་བར་མི་བྱའོ་ཞེས་དགག་པ་མཛད་པ་ཁྱིམ་བདག་གཞན་ཞིག་ལ་རྟེནནས་རྗེས་སུ་གན་། ་ཁྱིམ་བདག་ཡོད་པ་ལ་དྲིས་ནས་དབོ་བར་བྱའོ།། དེ་ནས་ཡང་བཅུ་གཉིས་སྡེ་དག་གིས་མ་དྲིས་པར་ཁྱིམ་གྱི་ནང་དུ་དབོ་བར་བྱེད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་ཁྱིམ་བདག་ཡོད་པ་ལ་མ་དྲིས་པར་ཟས་དང་འབགས་པའི་ཆུ་ཁྱིམ་གྱི་ནང་དུ་དབོ་བར་མི་བྱའོ།། ཞེས་བྱ་བའི་བར་རོ།། མཉན་ཡོད་ན་བྲམ་ཟེ་ཞིག་གི་བུ་སེམས་འཁྲུགས ་ནས། དེ་མཉན་ཡོད་དུ་སོང་བ་ལས། དགེ་སློང་ཞིག་གི་ལྷུང་བཟེད་གྱི་ཆུས་རེག་པར་བྱས་པ་དང་། རང་གི་སེམས་སླར་བརྙེད་པར་གྱུར་ཏོ།། དེ་ནས་ཡང་བྲམ་ཟེ་ཞིག་གི་བུ ་སེམས་འཁྲུགས་པ་དང་། དེ་ནས་བྲམ་ཟེ་དེས་བྲམ་ཟེ་དེ་ལས་ཐོས་ནས། དེ་དགེ་སློང་མའི་དབྱར་ཁང་དུ་སོང་སྟེ། ཛི་ཙམ་ན་སྦོམ་དགའ་བོ་ལས་ལྷུང་བཟེད་ཀྱི་ཆུ་སྤངས་པ་དང་། ་ཞེས་བྱ་བ་ནས། དེས་དགེ་འདུན་གྱི་ཟས་ཀྱི་ལྷག་མས་ལྷུང་བཟེད་བཀང་ནས་བྱིན་པ་དང་། བྲམ་ཟེ་དེས་བདག་གི་བུ་ཤི་བ་ནི་སླའི། མནོལ་བའི་ནི་མི་བྱའོ་ཞེས་བྱས་ཏེ་མ་བླངས ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲལ་ཟླའི་དགེ་སློང་མ་རྣམས་ལ་ཁ་ཟེར་བར་འདོད་པས་བལྟ་བར་མི་བྱ་བ་དང་། ལག་པཟས་ཀྱི་འཕགས་པས་ཆུ་སྣང། ་མི་བཟུང་བ་དང་། ཟས་ཀྱི་འབགས་པའི་ཆུས་དགེ་སློང་མ་གྲལ་ཟླ་ལ་མི་གཏོར་བ་དང་། ཁྱིམ་བདག་ཡོད་པ་ལ་མ་དྲིས་པར་ཟས་དང་འབགས་པའི་ནང་དུ་མི་དབོ་བ། ལྷུང་བཟེད ་ཀྱི་ནང་དུ་ཟས་ཀྱི་ལྷག་མ་བླུགས་ཏེ་མི་དོར་བར་བསླབ་པར་བྱའོ།། ཞེས་བྱ་བའི་བ.རོ།། དེ་ནས་བཅུ་གཉིས་སྡེ་དག་འོག་གཞི་མེད་པའི་སར་ལྷུང་བཟེད་འཇོག་པར་བྱེད་པ་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཞག་པར་མི་བྱའོ།། དེ་ནས་བཅུ་གཉིས་སྡེ་དག་གིས་གཡང་སར་ལྷུང་བཟེད་བཞག་པ་དང་དེ་ནས་ལྷུང་བཟེད་ལྷུང་ནས་དུམ་བུར ་ཆག་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་གཡང་སར་བཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་འབབ་ཆུའི་འགྲམ་དུ་འཇོག་པར ་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབབ་ཆུའི་འགྲམ་དུ་བཞག་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། དགེ་ལམ་དཀར་འཇོག་པར་བྱེད་པ་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ཀར་བཞག་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་ལྷུང་བཟེང་བྱེད་མ་དང་བཅས་པའི་ལྕི་བས་རུང་བར་བྱེད་པ་ན། དེ་དག ་རིང་པོ་མ་ལོན་པར་སྐྱ་སྐྱ་བོར་གྱུར་པ་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འོག་གཞི་མ་བཏིང་བའི་ས་ལ་ལྷུང་བཟེད་བཞག་པར་མི་བྱ་བ་དང་། གཡང་སར ་མི་བཞག་པ་དང་། འབབ་ཆུའི་འགྲམ་དུ་མི་བཞག་པ་དང་། ལམ་ཀར་མི་བཞག་པ་དང་། བྱེ་མ་དང་བཅས་པའི་ལྕི་བས་ལྷུང་བཟེད་མི་ཕྱི་བར་བསླབ་པར་བྱའོ་ཞེས ་འདུལ@#བྱ་བའི་བར་རོ།། ཇི་ཙམ་ན་གཞོན་ནུ་མ་ཞིག་འགྲེང་སྟེ། ལྷུང་བཟེད་འཁྲུབ་དང་། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མ་འགྲེང་སྟེ ་ལྷུང་བཟེད་མ་འཁྲུ་ཤིག། དེས་འདི་སྐད་ཅེས་ཅིར་འགྱུར་ཞེས་སྦ་བ་ན། དེའི་ལྷུང་བཟེད་དེ་ལག་ནས་ལྷུང་ནས་ཆག་པ་དང་། དེ་ལ་འདི་སྐད་ཅེས་འདིར་འགྱུར་རོ་ཞེས ་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་ལྷུང་བཟེད་བཀྲུ་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་བསྐེམས་པར་བྱེད་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང་སྟེ་བསྐོ་བར་མི་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་འཕྱི་བར་བྱེད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འབྲེངས་ཏེ་འཕྱི་བར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷུང་བཟེད་ཀྱི་སྣོད་དུ་འཇུག་པར་བྱེད་པ་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འགྲེངས་ཏེ་ལྷུང་བཟེད ་ཀྱི་སྣོད་དུ་གཞུག་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལྷུང་བཟེད་ཀྱི་སྣོད་ནས་འབྱིན་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འགྲེང ་སྟེ་ལྷུང་བཟེད་བཀྲུ་བ་དང་། བསྐམ་པ་དང་། ཕྱི་བ་དང་། ལྷུང་བཟེད་ཀྱི་སྣོད་དུ་གཞུག་པ་དང་། དབྱུང་བར་མི་བྱ་བར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། སྡོམ་ལ ་འགྲེང་སྟེ་མ་ཡིནི་མགོ་གཡོགས་མིན། གླང་ཆེན་དོ་ཀར་ལག་ན་མིན། རྩ་དང་ཚུལ་བཤད་མི་བྱ།། ཤིང་ལ་མི་གང་ཙམ་མ་ཡིན།། དེ་ནས་བཅུ་གཉིས་སྡེ་དག་འབྲེང ་ནས་འདུག་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ནད་པ་དག་འོངས་པ་ནས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་འདུག་པ་དང་། ཉལ་བ་ལ་ཡང་འཆད་པར་བྱེད་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་བསྟན་དམའ་བ་ལ་འདུག་ནས། བསྟན་མཐོན་པོ་ལ་འདུག་པ་ལ ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་དག་གི་མདུན་དུ་འགྲོ་བ་ལ་དེའི ་ཕྱི་བཞིན་འབྲང་ཞིང་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལམ་ནས ་འགྲོ་བ་ལ། ལམ་གྱི་འགྲམ་ནས་འགྲོ་ཞིང་འཆད་པར་བྱེད་པ་ནས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་འགྲེང་ནས་མི་ན་བར་འདུག་པ་ལ་ཆོས་བཤད་པར་མི་བྱ་སྟེ། ་འདུག་པ་ལ་མ་ཡིན་པ་དང་། ཉལ་བ་ལ་ཡིན་པ་དང་། བསྟན་དམའ་བ་ལ་འདུག་པ་ལ་མ་ཡིན་པ་དང་། མདུན་དུ་འགྲོ་བ་ལ། དེ་ཕྱི་བཞིན་འབྲང་ཞིང་མ་ཡིན་པ་དང་། མིན ་བར་ལཾ་དུ་འགྲོ་བ་ལ། ལམ་གྱི་འགྲམ་ནས་འགྲོ་ཞིང་ཆོས་མི་བཤད་པར་བསླབ་པར་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་མགོ་གཡོས་པ་ལ། ཆོས་འམ ་འདུལ་ག་#། པར་བྱེད་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་མིག་ནད་ཅན་དག་འོངས་པ་ནས། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། མིག་ནག་ཅན་ལ་ཆོས་བཤད་པར་མི་བྱའོ་དེ་བཞིན་དུ་བརྗེས་པ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་ལས་ནི་དག་འོངས ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བར་རོ།། དེ་བཞིན་དུ་བཟར་བའི་བར་ལ་ཆོས་འཆད། བར་བྱེད་པ་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། མི་ན་བ་ལ་ཆོས་བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། རྟ་གང་བྱེད་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ ་སྩལ་པ། མིན་བ་ལ་ཆོས་བཤད་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། གཉའ་གོང་དུ་བསྣོལ་བའི་བར་དག་ལ་ཆོས་འཆང་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། བཤང་པར་མི་བྱའོ་ཞེས་བྱ་བའི་བར་རོ།། ཇི་ཙམ་ན་གཉའ་གོང་དུ་བསྣོལ་བའི་བར་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར ་མགོག་ཡོགས་པ་ལ་ཆོས་བཤང་བར་མི་བྱ་སྟེ། བརྫེས་པ་ལ་མ་ཡིན་པ་དང་། བཟར་བ་ལ་མ་ཡིན་པ་དང་། ཕྲག་པ་གཉི་ག་ལ་བཟར་བ་ལ་མ་ཡིན་པ་དང་། མིན་པར་ག ་གོང་དུ་བསྣོལ་བར་ལ་ཚེས་བཤད་པར་བསླབ་པར་བྱའོ།། ཞེས་བྱ་བའི་བར་རོ།། དེ་བཅུ་གཉིས་སྡེ་དག་གླང་པོ་ཆེ་ནོན་པ་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་གླང་པོ་ཆེ་ཞོན་པ་དག་གཡུལ་དུ་ཆས་ནས། དེ་དག་འདི་སྐད་ཅེས་སྨྲས་སོ།། འཕགས་མཆོས་བཤད་དུ ་གསོལ། དེ་དག་གིས་འདི་སྐད་སྨྲས་སོ།། བོབས་ཤིག་དང་ཆོས་བཤད་དོ།། དེ་དག་གིས་འདི་སྐད་ཅེས། བདག་ཅག་འགུམས་པར་བགྱིད་པ་ཕས་ཀྱི་རྒོལ་བ་དག་རྟིང ་ལ་ཐུགས་ལགས་སོ།། ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ནོ་ཞེས་བྱ་སྟེ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་རྟ་ཞོན ་བ་དང་། ཤིང་རྟར་ཞུགས་པ་ལ་ཡང་བརྗོད་པར་བྱའོ།། དེ་ནས་མི་ཕྲག་པ་དང་མགོ་ལ་ཞོན་ཞིང་འགྲོ་བ་ནས་ཆོས་བཤད་པར་མི་བྱ་བའི་བར་རོ།། ཇི་ཙམ་ན་ནད་པར་གྱུར ་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། ལྷམ་མཐོན་པོ་གྱོན་པའི་བར་དག་ལ་ཆོས་འཆད་པར་བྱེད་པ་ནས། བཅོམ་ལྡན ་འདས་ཀྱིས་བཀའ་སྩལ་པ། མི་ན་བར་གླང་པོ་ཆེ་ཞོན་པ་ལ་ཆོས་བཤད་པར་མི་བྱ་སྟེ། རྟ་ཞོན་པ་ལ་མ་ཡིན་པ་དང་། ཤིང་རྟར་ཞུགས་པ་ལ་མ་ཡིན་པ་དང་། མི་ལ་ཞོན་པ་ལ ་ཡིན་པ་དང་། མི་ན་བར་ལྷམ་མཐོན་པོ་གྱོན་པར་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་སྡེ་དག་སྐྲ་དོ་ཀེར་ཅན་ལ་ཆོས་འཆད་པར་བྱེད ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་མི་བྱའོ།། ཞེས་བྱ་བའི་བར་རོ།། རྒྱལ་པོ་འོངས་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་འ@#བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་མགོ་ཀྲིས་བདག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ་བཤད་པར་འབྱའོ་ཞེས་བྱ་བའི་བར་རོ།། ཇི་ཙ་བ་ན་བླན་པ་ཆེན་པོའབ་ནང་བ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ ་བའི་བར་རོ།། དེ་བཞིན་དུ་མགོ་ཕྲེད་བས་བཅིངས་པ་དག་འོངས་ནས་བཤད་པར་མི་བྱའོ།། ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། ནང་པ་ལ ་བར་བྱའོ་ནོས་བྱ་བའི་བར་རོ།། དེ་བཞིན་དུ་བགོ་བཙང་པན་གྱིས་བཅིངས་པདག་འོངས་ནས་བཤད་པར་མི་བྱའོ།། ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ ་ཚོང་དཔོནན་པ་ནང་པ་ལ་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་ཡང་འགྱོན་པ་དག་འོངས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར ་བྱའོ་ཞེས་བྱ་བ་བར་རོ།། ནང་བ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིན་པར་སྣ་ཀེར་ཅན་ལ་ཆོམ་པཤད་པར་མི་བྱེདསྟེ། མནད་ཀྲིས་པ ་པ་པ་ཡིན་པ་དང་། ན་ཕྲེང་བས་བཅིངས་པ་ལ་མ་ཡིན་པ་དང་། མན་ཅང་པན་གྱིས་བཅིངས་པ་པ་ཡིན་པ་དང་། ཡིན་པར་བྱོན་པ་ས་རྣམ་མི་བགང་པར ་བར་བྱའོ།། ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་དེ་དག་ལག་པ་ན་མཚོན་ཐོགས་པ་ལ་ཆོས་འཆང་བར་བྱེད་པ་ནས། བཤད་པར་མི་བྱའོ།། ཞེས་བྱ་བའི་བར་མོ ་ཇི་ཙམ་ན་གཡུལ་དུ་ཆས་པ་འམ་ནད་པར་གྱུར་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་གདུགས་ཐོགས་པའི ་བར་དག་འོངས་ནས། བཤད་པར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ལ་ཆོས་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལག ་ན་ཁར་བ་ཐོགས་པ་འོངས་ནས།། བཤད་པར་མི་བྱའོ་ཞེས་བྱ་བ་ནས། ཡང་ནད་པ་འམ་རྒས་པ་ཁར་བ་མེད་པར་འཚོ་བར་མི་ནུས་པ་ཞིག་ན་ཡིན་ན་ཞེས་བྱ་བ་ནས། བཅོམ་ལྡན་འདས ་ཀྱིས་བཀའ་སྩལ་པ། དེ་དག་ལ་ཆོས་བཤད་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་ལག་ན་རལ་གྲི་ཐོགས་པ་འོངས་ཞེས་བྱ་བ་ནས། བཤད་པར་བྱའོ་ཞེས་བྱ་བའི་བ་རོ།། ་གོང་མ་ཇི་ལྟ་བ་བཞིན་དུའོ།། དེ་བཞིན་དུ་གོ། ར་སྣ་ལྔ་གྱོན་པ་དག་འོངས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ལག་ན་མཚོན་མ་ཐོགས་པ་ལ་ཆོས ་བཤད་པར་མི་བྱ་སྟེ། ལགས་ན་གདུགས་ཐོགས་པ་ལ་མ་ཡིན་པ་དང་ལག་ན་ཁ་ར་བ་ཐོགས་པ་ལ་མ་ཡིན་པ་དང་། ལག་ན་རལ་ཁྲི་ཐོགས་པ་མ་ཡིན་པ་དང་། ལག་ན་དགྲ། ་ཆ་ཐོགས་པ་ལ་མ་ཡིན་པ། མི་ན་བར་གོ་ཆ་སྣ་ལྔ་གྱོན་པ་ལ་ཆོས་མི་བཤད་པར་བསླབ་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་ནས་བཅུ་གཉིས་བདེ་དག་འགྲེང་སྟེ་བཤང་གཅི ་བྱེད་པ་དང་། ཞེས་བྱ་བ་ནས་མི་བྱའོ་ཞེས་བྱ་བའི་བར་རོ།། ནད་པར་གྱུར་ཏེ་འདུག་མི་ནུས་པ་དང་། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པ་ཡིན་ན་རྗེས་སུ་གནང་ངོ་།། ་འདུགདེ་ནས་སློབ་དགའ་མོ་སེར་སྐྱའི་གཞིར་འོངས་པ་ན། རང་གི་ཀུན་དགའ་ར་བ་སྲུངས་པ་མཐོང་ནས།། འདི་སྐད་ཅེས་སྨྲས་སོ།། གང་ཚེ་ཁོ་མོ་རབ་ཏུ ་བྱུང་བར་འགྱུར་ན། ཁོ་མོ་ཁྱོད་ཀྱིས་ཅིར་འགྱུར། དེས་འདི་སྐད་སྨྲས་སོ།། ཇོ་མོར་འགྱུར་རོ།། སྦོམ་དགའ་མོས་འདི་སྐད་ཅེས་སྨྲས་སོ།། ད་ཁྱོད་ཅིའི་ཕྱིར་ཁོ་མོ་ལ་ཆོད་སྔོན ་དང་མེ་ཏོག་གི་ཁོ་བས་མི་སྟོབས། ཀུན་དགའི་ར་བའི་སྲུང་བས་ཀྱང་འདི་སྐད་ཅེས་སྨྲས་སོ།། དེའི་ཚེ་ཁྱོད་ཀྱིས་བདག་ལ་ཟས་དང་གོས་ཀྱི་མཁོ་བ་སྦྱར་བ་ན་ནི་ཁོ་བོས་ཀྱང་ཁྱོད་ལ་བསྙེན ་བཀུར་བྱས་སོ།། ད་ནི་ཁྱོད་རབ་ཏུ་བྱུང་ལ། ཁོ་བོ་ནི་ཁྱིམ་པ་ཡིན་ན་ཁྱོད་ལ་ཁོ་བོས་ཅི་ལྟར་བསྙེན་བཀུར་བྱ། དེ་ནས་སྦོམ་དགའ་མོས་བཀྲུ་སྨན་ཟོས་ནས། དེས་གྱོ་མོ་ཞིག ་གཞན་ན། བཤང་བ་དང་། གཅི་བ་ཕལ་པོ་ཆེ་བླུག་ནས། ཇི་ཙམ་ན་ངན་སྐྱུགས་ཀྱིས་བཀང་བའི་གྱོ་མོ་དང་ཕྱགས་མ་ཁྱེར་ཏེ། ཀུན་དགའ་ར་བར་སོང་ནས་རོད་སྟོན་དེ ་ཐམས་ཅད་དང་། མེ་ཏོག་གི་ཤིང་རྣམས་མི་གཙང་བས་གཏོར་ཏོ།། མིག་གཙང་བའི་དྲིས་དེར་ཝ་དང་ཁྱི་དག་གིས་བཅགས་སོ།། ཕྱི་དེ་ཉིན་པར་ཀུན་དགའ་ར་བ་སྲུང་བས། ་ཆོད་སྔོན་དུ་མཐོང་ནས་ཡིད་བདེ་བར་གྱུར་པ་དང་། སྦོམས་དགའ་མོས་འདི་སྐད་ཅེས་སྨྲསོ།། ཀུན་དགའ་རབ་སྲུང་བ་ཇི་ལྟར་ཁྱོད་ཀྱི་ཀུན་དགའ་ར་བ་དྲི་ཞིམ་པ་དང་། ཆོད ་སྔོན་མང་ངམ། དེས་འདི་སྐད་ཅེས་འཕགས་པ་འདི་ནི་ཁྱོད་ཀྱིས་བྱས་མོད། ཅེས་སྨྲས་པ་དང་། དེས་བགང་ནས་འདི་སྐད་ཅེས་ཁྱོད་དེ་ལྟར་བཅོས་སོ་ཞེས་སྨྲས་པ་ནས ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩ་སྔོན་པོ་ལ་བཤང་བ་དང་གཅི་བ་དོར་བར་མི་བྱའོ།། ཞེས་བྱ་བ་ནས་ནད་པ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ།། དེ་བཞིན ་དུ་མཆིལ་མ་འདོར་བར་བྱེད་པ་དང་དོར་བར་མི་བྱའོ་ཞེས་བྱ་བ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་པ་ཡིན་ནི་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ།། དེ་བཞིན ་དུ་སྣབས་ལ་ཡང་བརྗོད་པར་བྱའོ།། ཇི་ཙམ་ན་སྐྱུགས་པ་དང་རླུགས་པ་དང་། འདོར་བར་བྱེད་པ་ནས་བཤང་བ་དང་གཅི་བ་དང་། མཆིལ་མ་དང་བསྣབས་དང་སྐྱུགས་པ་དང་། ་རླུགས་པ་མི་འདོར་བར་བསླབས་པར་བྱའོ་ཞེས་བྱ་བའི་བར་རོ།། དེ་བཞིན་དུ་གོང་དུ་སེར་སྐྱའི་གཞིར་ཀུན་དགའ་ར་བའི་སྲུངས་མ་དང་། སྦོམ་དགའ་མོ་ཇི་ལྟ་བ་དེ་བཞིན་དུ། ་གཙོ་ལག་མཁན་ལ་ཡང་བརྗོད་པར་བྱ་སྟེ།། ཇི་ཙམ་ན་བཀྲུ་སྲན་ཟོས་ནས་ཞེས་བྱ་བ་ནས། མིག་གཙང་བས་བསུག་པར་གནོད་དང་། གོས་བཤལ་བའི་ཆུ་སྣོད་མ་རུང་བ ་བྱས་སོ།། དེ་ནས་བཙེ་ལག་མཁན་དེ། གོས་འཁྲུ་བ་ནས་གོས་དེ་མཚོན་ཁྲ་བོ་སྣ་ཚོགས་ཀྱི་མཚོན་གྱིས་བཀྲ་བ་དང་། མནམ་པ་མཐོང་ངོ་ཞེས་བྱ་བའི་བར་རོ།། དེ་ནས ་སློབ་དགའ་བོ་འོངས་ནས་འདི་སྐད་ཅེས་སྨྲས་སོ།། ཀྱེ་ནང་རྗེ་གོས་དག་ཅི་སྟེ་སྐྱ་བོར་འགྱུར། དེས་འདི་སྐད་ཅེས་འཕགས་མ་ཁྱོད་ཀྱིས་མ་བྱས་གྲང་ཞེས་བྱ་སྨྲས་པ་དང་། ་སྦོམ་དགའ་མོས་འདི་སྐད་ཅེས། ཁྱོད་དེ་ལྟར་བཅོས་སོ་ཞེས་སྨྲས་པ་ན། སྤོང་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུའི་ནང་དུ་གཤང་ལྕི་དོར ་@#བར་མི་བྱའོ་ཞེས་བྱ་བའི་བར་རོ།། ན་བདག་དེ་ཉིད་དུ་འདོར་བར་བྱེད་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་ངོ་།། ་དེ་བཞིན་དུ་འཆིལ་མ་དང་། བསྣ་བ་དང་། སྐྲག་པ་དང་། རླུགས་པར་ཞེས་བྱ་བ་ནས། ནད་པ་ཡིན་ན་རྗེས་སུ་གནང་ངོ་ཞེས་བྱ་བའི་བར་རོ།། གང་གི་ཚེ་བཅོམ ་ལྡན་འདས་ཀྱིས་མཉན་དུ་དགེ་སྐོས་ལས་བརྟེན་ནས། ཤིང་ལ་འཛེགས་པའི་བསླབ་པའི་གཞི་བཅའ་བ་མཛད་པར་དེའི་ཚེ། སྦོམ་དགའ་མོ་བྱ་བ་འགའ་ཞིག་གི ་ཕྱིར། ཤིང་མཁར་འཛེག་པ་ན། དེ་ལ་དགེ་སློང་མ་རྣམས་ཀྱིས་སྨྲས་པ། ཕུ་ནུ་མོ་བཅོམ་ལྡན་འདས་ཀྱིས་བསླབ་པའི་བཅའ་བ་མ་མཛད་དམ། དེས་འདི ་སྐད་ཅེས་དགེ་སློང་རྣམས་ལ་མཛད་ཀྱི། དགེ་མྱ་རྣམས་ལ་ནི་མ་ཡིན་ནོ།། ཞེས་སྨྲས་པ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ན་བར་ཆུའི ་ནང་དུ་གཤང་བ་དང་། གཅི་བ་དང་། མཆིལ་མ་དང་སྣབས་དང་། སྐྱུགས་པ་དང་། རླུགས་པ་དོར་བར་མི་བྱ་བ་དང་། གནོད་པ་བྱུང་བ་མ་ཏོགས་པར་ཤིང ་ལ་མི་གང་ལས་མཐོར་མི་འཛེག་པར་བྱའོ།། ཞེས་བྱ་བའི་བར་རོ།། བསློབ་པ་མང་པོ་རྫོགས་སྷོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད ་པ་ལས་བསླབ་པ་མང་པོ་རྫོགས་སྷོ།། །། དེ་ནི་བརྩོད་པ་ཞི་བར་བྱེད་པ་རྣམས་སྨྲ་བར་བྱ་སྟེ། སྡོམ་ལ། མངོན་སུམ་དང་ནི་དྲན་པ་དང་།། མ་མྱོས། ་འདུལ་དང་དེའི་ངོ་བོ།། ཚུལ་ཤིང་མང་པོ་ཐིམ་པ་དང་། ཁས་བླང་བ་དང་བཀྲམ་པའོ།། མངོན་སུམ་གྱིས་འདུལ་བར་འོངས་པ་ལ་ནི།། མངོན་སུམ་གྱིས། ་འདུལ་སྦྱིན་ནོ།། དྲན་པས་འདུལ་བར་འོས་པ་ལ་ནི།། དྲན་པས་འདུལ་བ་སྦྱིན་ནོ།། མ་མྱོས་པས་འདུལ་བར་འོས་པ་ལ་ནི། མ་མྱོས་པས་འདུལ་བ་སྦྱིན་ནོ།། ་དེའི་ངོ་བོ་ཉིད་ཚོལ་དུ་གཞག་པར་འོས་པ་ལ་ནི། དེའི་ངོ་བོ་ཉིད་ཚོལ་དུ་གཞག་པར་སྦྱིན་ནོ།། གང་ཚུལ་ཤིང་མང་པོ་བྲིམ་པར་འོས་པ་ལ་ནི། གང་ཚུལ་ཤིང་མང ་པ་བྲིམ་པ་སྦྱིན་ནོ།། ཁས་བླང་བར་འོས་པ་ལ་ནི། ཁས་བླང་བ་སྦྱིན་ནོ།། རྩེ་བཀྲམ་པ་ལྟ་བུར་འོས་པ་ལ་ནི་བརྩ་བཀྲམ་པ་ལྟ་བུ་སྦྱིན་ཏེ། རྩོད་པ་ཞི་བར ་བྱེད་པའི་ཆོས་བདུན་པོ་འདི་དག་གིས་བརྩོད་པ་བྱུང་བར་གྱུར་པ་རྣམས་ཆོས་དང་འདུལ་བ་དང་། སྟོན་པའི་བསྟན་པ་བཞིན་དུ་དུལ་བར་བྱ་ཞི་བར་བྱ་རྣམས་པར་ཞི་བར ་བྱ་བར་བསླབ་པར་བྱའོ།། རྩོད་པ་ཞི་བར་བྱ་བའི་ཆོས་བདུན་རྫོགས་སྷོ།། ། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ་ལས་རྩོད་པ་ཞི་བར ་བྱེད་པའི་ཆོས་བདུན་རྫོགས་སྷོ།། །། མཐའ་བརྒྱད་དགེ་འདུན་ལྷག་མ་ཉི་ཤུ་དང་།། དེ་བཞིན་སྤང་བ་སུམ་བཅུ་རྩ་གསུམ་དང་།། གཞན ་ཡང་ལྟུང་བྱེད་བརྒྱ་ནི་བརྒྱད་བཅུ་དང་། སོ་སོར་བཤག་པར་བྱ་བ་བཅུ་གཅིག་ནི།། བསླབ་པའི་གཞི་ནི་ཕྲེང་བ་ལྷག་པ་སྟེ།། ཞི་བར་བྱེད་པ་དགེ་སློང་མ་དང ་@#མཐུན། བཟོད་པ་བཀའ་ཐུབ་དམ་པ་བཟོད་པ་ནི། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུང་། ར། ་ཏུ་བྱུང་གཞེན་ལ་གནོད་པ་དང་། གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ།། མིག་ལྡན་པ་རོལ་གནོད་ཡོད་ན། ཉམ་ང་བ་དག་ཇི་བཞིན་དུ། ་མཁས་པས་མཚོ་བའི་འཇིག་རྟེན་འདིར། སྡིག་པ་དག་ནི་ཡོངས་སུ་སྤོང་། སྐུར་པ་མི་གདབ་གནོད་མི་བྱ། སོ་སོར་མཐར་པའང་བསྡམ་པར ་བྱས་ཟས་ཀྱི་ཚོད་ཀྱང་རིག་པར་བྱ། རབ་མཐའི་གནས་སུ་གནས་པར་བྱ། ལྷག་མའི་སེམས་ལ་ཡང་དག་སྦྱོར། འདི་ནི་སངས་རྒྱས་བསྟན་པ་ཡིན། ་ཇི་ལྟར་བུང་བ་མེ་ཏོག་ལས། ཁ་དོག་དྲི་ལ་མི་མནོད་པར། ཁུ་བཞིབས་ནས་འབུར་བ་ལྟར། དེ་བཞིན་ཐུབ་པ་གློང་དུ་རྒྱུ། བདག་གི་རིག་དང་མི ་རིགས་ལ། བརྟག་པར་བྱ་སྟེ་གཞན་རྣམས་ཀྱིས། མི་འཐུན་པ་དག་གཞན་རྣམས་ཀྱིས། བྱས་དང་མ་བྱས་རྣམས་ལ་མནི། ལྷག་པའི་སེམས ་ལ་ཕྱག་བྱ་སྟེ།། ཐུབ་པའི་ཐུབ་བཞི་རྣམས་ལ་བསླབ།། ཉེར་བཞི་རྟག་ཏུ་དྲན་ལྡན་པ།། སྐྱོབ་པ་མྱ་ངན་མེད་པ་ཡིན། སྦྱིན་པ་བསོད་ནམས་རབ ་ཏུ་འཕེལ།། ལེགས་བསྡམས་དགྲ་སོགས་མི་འགྱུར་རོ།། དགེ་དང་ལྡན་པས་སྡིག་པ་སྤོང་།། ཉོན་མོང་ཟད་པ་མྱ་ངན་འདའ། སྡིག་པ ་ཐམས་ཅད་མི་བྱ་སྟེ། དགེ་བ་ཕུན་སུམ་ཚོགས་པར་བྱ།། རང་གིས་སེམས་ནི་ཡོངས་སུ་གདུལ།། འདི་ནི་སངས་རྒྱས་བསྟན་པ་ཡིན།། ལུས ་ཀྱིས་སྡོམ་པ་ལེགས་པས་ཏེ།། ངག་གི་སྡོམ་པ་ལེགས་པ་ཡིན།། ཡིད་ཀྱིས་སྡོམ་པ་ལེགས་པ་སྟེ།། ཐམས་ཅད་དུ་ནི་སྡོམ་པ་ལེགས། ་ཀུན་ཏུ་བསྡམས་པའི་དགེ་སློང་ནི།། སྡུག་བསྔལ་ཀུན་ལ་རབ་ཏུ་དགྲོལ།། ངག་རྣམས་སྲུངས་ཞིང་ཡིད་ཀྱིས་རབ་བསྡམ་ཏེ།། ལུས་ཀྱིས ་མི་དགེ་བ་དག་བྱེད་ཅིང་། ཁ་ས་ལམ་གསུམ་པོ་འདི་དག་རབ་སྦྱང་ནས། དྲང་སྲོང་གསུངས་པའི་ལམ་འདི་ཐོབ་པར་འགྱུར། སངས་རྒྱས ་རྣམས་གཟིགས་གཙུག་གཏོར་ཐམས་ཅད་སྐྱོབ། འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་དང་། ཤཀྱ་ཐུབ་པ་གོ་ཏམ་ལྷའི་ལྷ།། མི་འདུལ ་ཁ་ལོ་བསྒྱུར་བ་བླ་ན་མེད།། འཇིག་རྟེན་མགོན་པོ་སྐྱོབ་པ་མཆོག། སངས་རྒྱས་དཔའ་བོ་བདུན་པོ་དག། གྲགས་ལྡན་རྣམས་ཀྱིས་སོ་སོར ་ཐར།། འདི་ནི་རབ་ཏུ་རྒྱས་པར་སྟོན།། འདི་ལ་སངས་རྒྱས་རྣམས་དང་གང་། སངས་རྒྱས་ཉན་ཐོས་རྣམས་ཀྱང་གུས། འདི་ལ་གུས་པར ་བཅས་གྱུར་པས།། འདུས་མ་བྱས་པ་ཐོབ་པར་གྱིས།། བརྩམ་པར་བྱ་ཞིང་འབྱུང་བར་བྱ།། སངས་རྒྱས་བསྟན་ལ་འཇུག་པར་བྱ།། འདམ་བུ ་བྱ། ཚལ་དུ་གླང་ཆེན་བཞིན། འཆི་བདག་བསྡེ་ནི། གཞོམ་པར་བྱ།། ་གང་ཞིག་རབ་ཏུ་ཡོད་པར། ཆོས་འདུལ་འདི་ལ་སྤྱོད་འགྱུར་པ། སྐྱེ་བའི་འཁོར་བ་རབ་སྤངས ་ནས། སྡུག་བསྔལ་ཐ་མར་བྱེད་པར་འགྱུར། དགེ་སློང་མའི་འདུལ་བ་རྣམ་པར་འབྱེད་པ། ་སོ་སོར་ཐར་པ་དང་བཅས་པ་རྫོགས་སྷོ།། ། ཁ་ཆེའི་མཁན་པོ་སརྦད། ཉ་བ་དང་། ་དར་མ་ཀ་ར་དང་། རྒྱ་གར་གྱི་མཁན་པོ་བིང་རྱ་ཀ་ར་ཕྲ་བ་དང་། ལོ་ཙ་བ་བན་དེ་དཔལ་གྱི་ལྷུན་པ ་བསྒྱུར། རྒྱ་གར་གྱི་མཁན་པོ་འདི་དྱ་ཀ་ར་པྲ་བྷ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་དཔལ་བརྩེགས ་ཀྱིས། ཞུས་ཏེ་གཏན་ལ་ཕབ་པ།། བཀྲ་ཤིས། དགེའོ།། མ་དྷ་ལཾ།།་