| Wylie | e-texts produced with BDRC’s OCR application |
རྫོགས་སོ།། རྒྱ་གར་གྱི་མཁན་པོ་དོན་ཡོད་རྡོ་རྗེ་དང་། བོད་ཀྱི་ལོཙཱ་བ་བ་རི་བས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ་ཨ་སྠི་ཏ་ཨུད་བྷ་ཝ་ན་མ་དྷ་ར་ནི། བོད་སྐད་དུ། བདུད་རྩི་འབྱུང་བ་ཞེས་བྱ་བའི་གཟུངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ།། ་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོ་ཁབ་ནི་བྱང་ཆུབ་ཀྱི་ཤིང་དྲུང་ན། འཁོར་རྣམ་པ་བཞི་དང་། ལྷ་དང་མི་རྣམས་ཀྱིས ་བསྐོར་ནས་བཞུགས་སོ།། དེ་ནས་འཁོར་དེའི་ནང་ནས་ཁྱིམ་བདག་བཟང་སྐྱོང་ཞེས་བྱ་བ། བཅོམ་ལྡན་འདས་འཁོར་རྣམ་པ་བཞི་དང་བཅས་པ་དང་། རིགས ་དྲུག་གིས་སེམས་ཅན་ཐམས་ཅད་ལ་སྤོས་དང་། སྨན་དང་། ཞལ་ཟས་ཀྱིས་མཆོད་པས་བརྒྱ་ཆེན་པོ་བཤམས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་བཟའ་བ་དང་། བཅའ་བ་དང་། བཏུང་བ་འདི་རྣམས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱིན་གྱིས་བརླབ་ཏུ་གསོལ། ཞེས་ཞུས། ་པ་དང་། དེ་ནས་བཅོམ་ལྡན་འདས་ཀྱིས་བདུད་རྩི་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། ཞལ་ཟས་ཀྱི་སྟེང་དུ། ཟླ་བའི་དཀྱིལ་འཁོར་གྱི་སྟེང ་དུ་རཾ་དཀར་པོ་ལས། ཆོས་ཐམས་ཅད་རྡུལ་དང་བྲལ་ལོ་ཞེས་བྱའི་སྒྲ་བྱུང་བར་གྱུར་ཏོ།། དེ་ནས་ཞལ་ཟས་ཀྱི་དྲི་མ་དག་པར་གྱུར་ཏོ།། ཡང་ཟླ་བའི་སྟེང་དུ ་ཨ་དཀར་པོར་གྱུར་ཅིང་ཞལ་ཟས་དེ་དག་ཐམས་ཅད་བདུད་རྩིར་གྱུར་ཏེ། ཡང་ཟླ་བའི་སྟེང་གི་ཨ་དེ་ཉིད་ལས། ་འོད་ཟེར་འཕྲོས་པས། ན་མཁའི་མཐའ་ཀླས་པའི་བར་དུ་ཁྱབ་པར་གྱུར་ཏོ།། ཡང་ཟླ་བའི་སྟེང་དུ་ཨོཾ་སེར་པོར་གྱུར་ཅིང་། ཨོཾ་ཞེས་པས་འཕགས་པ་དང་སེམས། ་ཅན་མཉེས་པར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་རྡོ་རྗེ་ཐལ་མོ་སྦྱར་བར་ལྟར་བྱས་ཁ་ཕུབ་སྟེ། གཟུང་འདི་གསུངས་སོ།། ཨོཾ་སརྦ་དྷརྨ་ཏ་བཛྲ་སིདྡྷི ་ཧཱུཾ་ཨཽ་ཨ་མྲི་ཏེ་ཧཱུཾ་ཕཊ། ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ།། བི་ཤྭ་མུ་ཁེ་བྷྱཿསརྦ་ཏད་ཁཾ་ཨུད་ག་ཏེ་སྥ་ར་ན་ཨི་མི་ག་གཱ་ཁཾ་སྭ་ཧཱ། ཨོཾ་ན་མཿསརྦ་ཏ་ཐཱ ་ག་ཏ། ཨ་ཝ་ལོ་ཀེ་ཏེ། ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ཨོཾ་རུ་རུ་སཱུ་རུ་ཛ་ལ་ཏེ་ཤཱ་སིངྒ་ལོ་ཙ་ནི་སརྦ་ཨརྠ་སཱ་བྷ་ནེ་སཱ་ཧཱ།། ཞེས་གསུངས་མ་ཐག་ཏུ་མཆོད་པ ་དང་ཞལ་ཟས་ཐམས་ཅད་ཀྱི་མཆོད་ནས་འཕགས་པ་ཐམས་ཅད་མཉེས་པ་དང་། སེམས་ཅན་ཐམས་ཅད་ཟང་ཟིང་གི་དགའ་བ་དང་བདེ་བས་ཚིམས་པར་གྱུར་ཏེ། ་དེ་ནས་ཁྱིམ་བདག་བཟང་སྐྱོང་གི་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་གསོལ་ཏོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད ་ཀྱི་མཐུ་དང་། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་མཐུ་དང་། བདག་གིས་བསམ་པ་རྣམ་པར་དག་པའི་མཐུས་འཕགས་པ་ཐམས་ཅད་ཕོ་བྲང་དང་། ་སེམས་ཅན་ཐམས་ཅད་ཀྱི་གནས་དང་། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ། ཆོས་དང་ཟང་ཟིང་གི་ལོངས་སྤྱོད་དཔག་ཏུ་མེད་པ། བསམ་གྱི་མི་ཁྱབ་བརྗོད་ཀྱི་མི་ལངས ་བ་འབྱུང་ཞིང་རྒྱས་པར་གྱུར་ཅིག། སངས་རྒྱས་ཀྱི་བདེན་པ་དང་། ཆོས་ཀྱི་བདེན་པ་དང་། དགེ་འདུན་གྱི་བདེན་པ་དང་། གསང་སྔགས་དང་། རིག་སྔགས་དང་། ་སྙིང་པོ་དང་། ཕྱག་རྒྱ་དང་། ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་དང་བདེན་པའི་མཐུས། ཕ་རོལ་ཏུ་ཕྱིན་པ་ལ་སོགས་པའི་ཆོས་ཀྱི་སྦྱིན་པ་དང་། ཟང་ཟིང་གི ་སྦྱིན་པ་འདིས་ལུས་དང་སེམས་མཉན་པ་དང་། ཚིམ་པ་དང་། དགའ་བར་གྱུར་ཅིག། དེ་ནས་བཅོམ་ལྡན་འདས་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་ནས། ཁྱིམ་བདག ་བཟང་སྐྱོང་ལགས་སོ་ལེགས་སོ།། དེའི་འཁོར་ལྷ་དང་། མི་དང་ལྷ་མ་ཡིན་ཐམས་ཅད་ཀྱིས་ཆོས་སྦྱིན་འདི་ལྟར་བྱའོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ ་སྩལ་ནས། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། ཁྱིམ་བདག་བཟང་སྐྱོང་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། ། ་བདུད་རྩི་འབྱུང་བའི་གཟུངས་རྫོགས་སོ།། ། སངས་རྒྱས་འཁོར་དང་བཅས་པའི་མཚན་བརྒྱ་རྩ་བརྒྱད་པ་གཟུངས་སྔགས་དང་བཅས་པ་ལས།། ་