| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ། བོ་དྷི་མཎྜ་ཨ་ལ་མ་ཀ་ར་ན་མ་དྷ་ར་ནི་ཨུ་པ་ཙ་ཡཱ། བོད་སྐད་དུ། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་འབུམ་ཅེས་བྱ་བའི་གཟུངས་ཀྱི ་ཆོ་ག། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་བ་ར་ན་སེར་འཁོར་གྱི་འཁྱམས་ནང་ཡངས ་པ་ན། དགེ་སློང་ལྔ་བརྒྱ་ཙམ་གྱི་དགེ་སློང་གི་དགེ་འདུན་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། རང་གིས ་དོན་རྗེས་སུ་ཐོབ་པ། སྲིད་པར་ཀུན་ཏུ་སྦྱོར་བ། ཡོངསུ་ཟད་པ་ཤ་སྟག་དང་། བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་ཐབས་གཅིག་ཏུ་བཞུགས་སོ།། དེ་ནས་བཅོམ ་ལྡན་འདས་ཆེས་བཅཝོ་ལྔ་ལ་ཟླ་བ་ཉ་བའི་ཚེ། ཆོས་ཀྱི་འབྲེལ་བའི་གཏམ་གྱི་སླད་དུ་བཞུགས་པ་དང་། སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་དག ་འདུས་པར་གྱུར་ཏེ། བྲམ་ཟེ་དང་། རྒྱལ་རིགས་དང་། སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་དང་། གཅེར་བུ་པ་དང་། གཞན་མུ་སྟེགས་ཅན་རྒྱས་པ་དང་། བྱེ་བྲག་པ་དང་། ་རྣམ་པར་འབྱེད་པ་པ་དང་། དུར་ཁྲོད་པ་དང་། ཕྱག་དར་ཁྲོད་པ་དང་། བ་ལང་གི་བསྐུལ་ཞུགས་ཅན་དང་། རི་བྲག་ན་བརྟུལ་ཞུགས་ཅན་དང་། རི་བྲག་ན་བརྟུལ ་བཞུགས་སྤྱོད་པ་དེ་དག་ཐམས་ཅད་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། མི་འམ་ཅི་དང་། ལྷོ་འཕྱེ ་ཆེན་པོ་དང་། མི་དང་། མི་མ་ཡིན་པ་མང་པོས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་བཞིན་དུ་འདུས་ཏེ། བཅོམ་ལྡན་འདས་ལས་མི་འཇིགས་པར་ཞུས་པའི ་ལན་མཉན་པར་འདོད་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད་དོ།། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཡང ་འཁོར་སུམ་བཅུ་རྩ་གསུམ་པའི་ལྷའི་དབང་པོ་བརྒྱ་སྟོང་དག་གིས་ཡོངསུ་བསྐོར་བ་དང་། མི་འཇེད་ཀྱི་བདག་པོ་ཚངས་པ་ཡང་། ཚངས་རིས་ཀྱི་ལྷའི་བུ་བརྒྱ་སྟོང་དང ་ལྷན་ཅིག་ཏུ་ལྷགས་སོ།། ཉི་མ་དང་། ཟླ་བ་དང་། ནོར་བུ་བཟང་པོའི་བུ་དང་། གང་བ་བཟང་པོ་དང་། སྟོབས་ཀྱི་ལྷ་དང་། ལྷ་ཆེན་པོ་དང་། སྲེད་མེད་ཀྱི་བུ་བ་དང་། ་གཤིན་རྗེ་དང་། ཆུ་ལྷ་དང་། ལུང་ངན་དང་། རྒྱལ་པོ་ཆེན་པོ་བཞི་དག་དང་། དཔལ་དང་ཚིག་ལྡན་མ་དང་། དུང་ཅན་དང་། མེ་ཏོག་གིས་ཅན་དང་། འཕྲོ་མ་བུ ་ལྔ་བརྒྱ་འཁོར་དང་བཅས་པ་དང་། རྒྱ་མཚོ་དང་། དགའ་བོ་དང་། ཉེ་དགའ་བོ་ཀླུའི་རྒྱལ་པོ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བདར་བ་དེ་དག་ཀུན་ཀྱང ་འདུས་ཏེ་འཁོད་དོ།། འཁོར་ན་མཁའ་ལྡིང་གི་དབང་པོ་དང་། མི་འམ་ཅིའི་དབང་པོ་དང་། ལྟོ་འཕྱེ་ཆེན་པོ་དབང་པོ་ཕལ་པོ་ཆེས་ཡོས་སུ་བསྐོར་ཅིང་མདུན་ཏུ་བདར ་བ་དེ་དག་ཐམས་ཅད་ཀྱིས་ཀྱང་བཅོམ་ལྡན་འདས་ལ་ཡོངས་སུ་བསྐོར་ཏེ་མཆོད་པ་མངོན་པར་འདུ་བྱས་ནས། ཆོས་མཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར ་འཁོད་དོ།། ཡང་དེའི་ཚེ་འཁོར་མང་པོ་དེ་ན། བྲམ་ཟེ་ཆེན་པོ་ཁྱབ་འཇུག་བྱིན་ཞེས་བྱ་བ། གྲོང་ཁྱེར་དམར་བུ་ཅན་ན་གནས་པ། ཕྱུག་པ་ནོར་མང་བ། ་ལོངས་སྤྱོད་ཆེ་བ་རྣམ་ཐོས་ཀྱི་བུ་དང་འདྲན་པ། མཁས་པ་བཟོ་བ། གསལ་བ་ཡིད་གཞུངས་པ། དགེ་བའི་དོན་ལ་བརྩོན་པ། དད་པ་ཅན་དང་། བསམ ་པ་དགེ་བ། འདི་ལྟ་སྟེ། དཀོན་མཆོག་གསུམ་སྐྱབས་སུ་སོང་བའི་དགེ་བསྙེན་དམ་པ་ཞིག་འདུག་པ་དེ་བུ་མེད་པར་གྱུར་ནས། དེ་ཉིན་མཚན་དུ་འདི་སྙམ་དུ ་སེམས་ཏེ། བདག་གིས་ཁྱིམ་ནས་བུ་བྱུང་བ་མེད་དེ།། གཞན་ཡང་བྲམ་ཟེ་རྣམས་ཀྱི་རང་བཞིན་ནི་འདི་ལྟ་བུ་ཡིན་ཏེ། རིགས་ཀྱི་བུ་ས་བོན་མེད་པར་བྱེད། རིགས ་པ་དེའི་ཕྱིར་འགྲོ་བ་རྣམས་རིགས་ཀྱི་ས་བོན་མེད་པར་སེམས་པར་བྱེད་དོ་སྙམ་དུ་སེམས་སོ།། ཡང་བྲམ་ཟེ་ཆེན་པོ་ཁྱབ་འཇུག་བྱིན་འདི་སྙམ་དུ། བཅོམ་ལྡན་འདས ་ནི་བདག་གིས་ཕ་ཡིན། བདག་ནི་བཅོམ་ལྡན་འདས་ཀྱི་སྲས་ཡིན། དམ་པའི་ཆོས་ནི་བདག་གི་མ་ཡིན། འཕགས་པའི་དགེ་འདུན་ནི་བདག་གིས་ཕུ་ནུ་ཡིན་པ།། ་འཇིག་རྟེན་འདི་དང་གཞན་དུ་ཡང་བདག་གིས་སྐྱེ་བ་ཤིན་ཏུ་ཤེས་པ་ཡིན་ནོ།། གཞན་ཡང་བདག་གིས་ཆོས་གང་ཞིག་གནས་པར་བྱ་བ། བཅོམ་ལྡན་འདས ་ལ་ཞུ་བར་བྱ་ཞིང་ཆོས་གཅིག་པོ་གང་གིས་དགེ་བའི་རྩ་བ་ཐམས་ཅད་ཐུན་མོངས་དུ་བྱ་བ་དང་། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས ་པར་འཚང་རྒྱ་བ་དང་། བདག་རྟག་ཏུ་དཀོན་མཆོག་གསུམ་དང་ཐུན་མོང་དུ་འགྱུར་བ་དང་། བདག་གིས་ཁྱིམ་ན་བུ་བཙའ་བར་འགྱུར་བ་དེ་དག་ཇི་ལྟར་བསྒྲུབ ་པར་བྱ་བ། བཅོམ་ལྡན་འདས་ལ་ཡོངསུ་ཞུ་བར་བྱའོ་སྙམ་དུ་སེམས་སོ།། དེ་ནས་བྲམ་ཟེ་ཆེན་པོ་ཁྱབ་འཇུག་བྱིན ་གྲོང་ཁྱེར་དམར་བུ་ཅན་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོག་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི ་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་ན་ཆོས་གཅིག་གིས་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་ཅིང་། འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང ་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བ་དང་། དཀོན་མཆོག་གསུམ་དང་ཐུན་མོང་དུ་འགྱུར་བར་སྔོ་ཐོག། བཅོམ་ལྡན་འདས་ཇི་ལྟར་ན་བདག་གིས་བུ་བརྙེད་པར ་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ཀྱི་ཞུ་བ་ལེགས་པར་ཞུས་པ་ལེགས་སོ་ལེགས་སོ།། བྲམ་ཟེ་ཆེན་པོ་ཁྱོད་ཀྱི་ཞུ་བའི ་གཞི་བཟང་པོ་ཞུས་པ་ཡང་ལེགས་སོ།། དེ་ལྟ་བས་ན་ངས་ཅི་ཙམ་དུ་ཡོངསུ་སྒྲུབ་པ་ལེགས་པར་རབ་ཏུ་ཡིད་ལ་ཟུང་ཤིག་དང་། ངས་ཁྱོད་ལ་བཤད་དོ།། བྲམ་ཟེ་ཆེན་པོ། ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས་གང་གིས། ཁྱོད་དགེ་བའི་རྩ་བ་ཐམས་ཅད་བསྐྱེད་པར་འགྱུར་བ་དང་། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར ་འགྱུར་བ་ཡོད་དེ། བྲམ་ཟེ་ཆེན་པོ་སྔོན་བྱུང་གྲོང་ཁྱེར་དམར་བུ་ཅན་གྱི་ཤར་སྐེའི་ཕྱོགས་ཤིག་ན། ལྷ་མ་ཡིན་གྱི་གནས་ཞེས་བྱ་བའི་སྐྱེད་མོས་ཚལ་ཞིག་ཡོད་དེ། ་སྐྱེད་མོས་ཚ་ལ་དེའི་ནང་ན་སྲིན་མོ་མེ་ཏོག་གིས་ལྷ་མ་ཡིན་ཞེས་བྱ་བ་དྲག་པོ་གཟུ་ལུམ་ཅན། མདངས་འཕྲོག་མ། དཔག་ཚད་སྟོང་དུ་ཡང་སྐྱེས་པ་དང་། བུད་མེད་དང་། ་ཁྱེའུ་དང་། བུ་མོ་དག་གིས་མདངས་འཕྲོག་པར་བྱེད་པ་ཞིག་གནས་པ་དང་། གྲོང་ཁྱེར་དམར་བུ་ཅན་པའི་སྐྱེ་བོའི་ཚོགས་སྐྲག་ཅིང་མི་དགའ་ནས། བདག་ཅག་གིས ་ཐབས་ཅི་ཞིག་བྱ་ཞེས་བརྗོད་པར་བྱེད་དོ།། དེ་ནས་གྲོང་ཁྱེར་དམར་བུ་ཅན་གྱི་སྐྱེ་བོ་རྣམས་ཀྱི་ནང་ནས་རྒན་རབས་ཞིག་གིས། སྐྱེ་བོ་དག་ཅིག་ཉོན་ཅིག། ཁོ་བོས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་རབ་ཏུ་མཛེས་པའི་ཏོག་ཅེས་བྱ་བ་འཇིག་རྟེན་དུ་བྱུང་བར་ཐོས་ཀྱིས། ་བཅོམ་ལྡན་འདས་དེའི་ཐད་དུ་དེང་ལ་ཡོངསུ་ཞུས་ཤིག་དང་། བཅོམ་ལྡན་འདས་དེས་སྐྱོབ་པར་འགྱུར་རོ།། དེ་ནས་སྐྱེ་བོའི་ཚོགས་དེ་དག་གིས་མི་རྒན་པོའོ་དེ་ལ། ་བཅོམ་ལྡན་འདས་དེ་ག་ལ་བཞུགས་ཞེས་དྲིས་པ་དང་། ཡུལ་ལྔ་ལེན་ན་བཞུགས་སོ་ཞེས་སྨྲས་པ་དང་། དེ་ནས་སྐྱེ་བོའི་ཚོགས་དེ་དག་འདི་སྙམ་དུ་ཐབས་ཅི་ཞིག་བྱ། ་ཞེས་སྨྲས་པ་དང་། མི་རྒན་པོ་དེ་ན་རེ། ཀྱེ་མེ་རྣམས་དེང་ལ་ཕྱོགས་གཙང་མར་འཇིམ་པ་དང་བ་ལང་གི་ལྕི་བས་དཀྱིལ་འཁོར་བྲིས་ལ། སྒོ་བཞི་ཤིན་ཏུ་རྣམ་པར་ཕྱེ ་ནས་མེ་ཏོག་སྣ་ཚོགས་དག་བཀྲམ། བུམ་པ་གང་བ་བཞི་ཡང་བཞག། པོས་ཕོར་བཞི་དང་། ལྷ་བཤོས་ཀྱིས་བུམ་པ་བཞི་ཡང་བཞག། ཕྱོགས ་བཞིར་མར་མེའི་སྡོང་བུ་ཡང་བཞག་གསེར་བྱང་ཆུབ་བཀང་ལ་སྟེང་དུ་ཆེམས་ཤིང་ཡང་བཞག་ནས། སང་གདུགས ་ཆོད་ལ་སྤྱན་འདྲེན་ཏོ་ཞེས་གསོལ་བ་ཐོབ་ཤིག་དང་། བཅོམ་ལྡན་འདས་དེ་ནི་འདས་པ་དང་། མ་འོངས་དང་། ད་ལྟར་བྱུང་བ་མཁྱེན་པ་ཡིན་ལ། བཅོམ་ལྡན་འདས ་དེ་ནི་སེམས་ཅན་རྣམས་སྲིད་པའི་རྒྱ་མཚོ་ལས་བསྒྲལ་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་མ་ལས་བསྒྲལ ་བར་བཞེད་ཅིང་བརྩོན་པ་ཡིན་པས། བཅོམ་ལྡན་འདས་དེ་ཕྱི་དེ་ཉིན་པར་འཁོར་མང་པོ་དང་། རྫུ་འཕྲུལ་ཆེན་པོས་གྲོང་ཁྱེར་དམར་བུ་ཅན་འདིར་བྱོན་པར་འགྱུར་རོ།། ་དེ་ནས་གྲོང་ཁྱེར་དམར་བུ་ཅན་གྱི་སྐྱེ་བོའི་ཚོགས་དེ་དག་ཅིག་ཏུ་འདུས་ནས། ས་ཕྱོགས་མཐོན་པོ་ཞིག་ཏུ་དོང་སྟེ་གནས་གཙང་མར་འཇིམ་པ་ལ་བ་ལང་གི་ལྕི་བ ་དང་ལྡན་པས་དཀྱིལ་འཁོར་བྱས་ནས། མེ་ཏོག་སྣ་ཚོགས་ནི་བཀྲམ། བུམ་པ་གང་བས་བརྒྱན། ལྷ་བཤོས་ཀྱི་བུམ་པ་ནི་བཞག། བདུག་པ་མང་པོས ་ནི་བདུགས། ཕྱོགས་བཞིར་མར་མེའི་སྡོང་པོ་བཞིག་ནས་མར་མེ་ནི་སྦར། རོལ་མོ་ན་སྒྲ་ཆེན་པོ་ནི་བསྒྲགས། དཀྱིལ་འཁོར་གྱི་དབུས་སུ་གསེར་བྱ་ནུས ་བཀང་བ་རིན་པོ་ཆེས་སྤྲས་པ། སྟེང་དུ་ཚེམས་ཤིང་བཞག་པ་ནས། ཅ་ཅོ་དང་གཞའི་སྒྲ་ཆེན་པོ་འདོན་ཅིང་ལན་གསུམ་གྱི་བར་དུ། དེ་བཞིན་གཤེག ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས། འོད་རབ་ཏུ་མཛེས་པའི་ཏོག་ལ་ཕྱག་འཚལ་ལོ་ཕྱག་འཚལ་ལོ།། ཐུབ་པ་སེམས ་ཅན་ཀུན་ལ་བྱམས་མཛད་པ། བཅོམ་ལྡན་འདས་དེ་ལ་ནི་གུས་ཕྱག་འཚལ་ལོ།། ངོ་མཚར་སླད་དུ་བྱུང་བའི་ཆོས་ཉིད་ཅེན། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག། ་འཚལ་ལོ།། འགྲོ་བ་ཉམས་ཐག་འདི་དག་སྐྱབ་ཏུ་གསོལ། སང་གིས་གདུགས་ཆོད་ལ་ནི་སྤུན་འདྲེན་གྱིས། ཐུབ་པ་བཅོམ་ལྡན་གཤེགས་པར་མཛད་དུ་གསོལ།། ། ་བཅོམ་ལྡན་སེམས་ཅན་ཐམས་ཅད་དབུགས་ཕྱུང་སྟེ། མགོན་དང་སྐྱབས་དང་དཔུང་གཉེན་མཛད་ནས་ནི། ཕོངས་གྱུར་མི་ཟད་འདི་ལས་བསྒྲལ་དུ་གསོལ། ་ཞེས་ཆེད་དུ་བརྗོད་པ་ཆད་དུ་བརྗོད་དོ།། དེ་ནས་སྐྱེ་བོ་རྣམས་ཀྱི་གཅིག་ཅར་དུ་ཚིག་དུ་བརྗོད་པ་ཙམ་གྱིས། ས་ཕྱོགས་དེ་རྣམ་པ་དྲུག་ཏུ་གཡོས། བྱའི་ནུ་དེ་ཡང ་དཀྱིལ་འཁོར་གྱི་དབུས་སུ་བོ་ནས། རྫིང་ཆེན་པོ་ཆུ་བཟང་པོ་དྲི་དང་ལྡན་པ། ཡིད་དུ་འོང་བ། ཚིམ་པར་བྱེད་པ། རོ་ཞེམ་པ། ཧ་ཅང་ཡང་མི་གྲང་། ཧ་ཅང་ཡང ་མི་དྲོ་བས་གང་བ། མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་དཀར་པོས་ཁྱེབས་པ། གསེར་གྱི་བྱེ་མ་བརྡལ་བ། འབབ་སྟེགས ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས། ལན་ཀན་གྱི་ཀུན་ཏུ་བརྒྱན་པ་ཞིག་ཏུ་རེད་དེ། ཚེམས་ཞིང་དེ་ཡང་རིན་པོ་ཆེ་སྣ་བདུན་གྱིས་ལྗོན་ཤིང་འཕང ་སུ་དཔག་ཚད་དྲུག་པ། རྒྱར་ནི་དཔག་ཚད་བརྒྱད་པ། རིན་པོ་ཆེ་སྣ་བདུན་གྱི་རྩ་བ་དང་། སྡོང་པོ་དང་། ཡལ་ག་དང་། ་ལོ་མ་དང་། མེ་ཏོག་དང་། འདབ་མ་དང་། འབྲས་བུ་ཅན་ཞིག་ཏུ་རེད་དོ།། ས་ཕྱོགས་དེ་ཡང་རྒྱར་ནི་དཔག་ཚད་བཅུ་གཉིས། ཞིང་དུ་ནི་འཁོར་གྱི་འཁྱབས་ཆེན་པོ ་ཙམ་དུ་ཐག་གྲུ་ཡངས་པར་ཀུན་ཏུ་གནས་ཤིང་དགའ་དགའ་ལྟ་བུ། ཤིན་ཏུ་མཛེས་པ་ཞིག་ཏུ་གྱུར་ནས། མེ་ཏོག་སྐམ་ལས་སྐྱེས་པ་དང་། ཆུ་ལས་སྐྱེས་པ་སྣ ་ཚོགས་ཀྱང་འཁྲུངས། བྱ་སྣ་ཚོགས་ངང་པ་དང་། བཞད་དང་། ནེ་ཙེ་དང་། རི་སྐེགས་དང་། རྨ་བྱ་དང་། ཤང་ཤང་ཏིའུ་དང་། དྲར་བ་དང་། ཀ་རན་ད་དང་། ་འཇི་བ་དང་། ཀུན་ལ་དང་། གཞན་ཡང་བྱ་རྣམ་པ་སྣ་ཚོགས་གསེར་གྱི་མཆུ་དང་། གསེར་གྱི་མགོ་དང་། རིན་པོ་ཆེ་སྣ་བདུན་གྱི་འདབ་མ་ཅན་དག་ཀྱང་སྒྲ་སྒྲོགས ་བར་གྱུར་ཏོ།། མེ་ཏོག་ཏ་མ་ལ་དང་། པ་ཏ་ལ་དང་། མྱ་ངན་འཆང་དང་། ཨ་ཏི་མུག་ཀུ་ཀ་དང་། པ་རི་ཤ་ཀ་དང་། ཀ་ཏམ་པ་དང་། མཐོན་ཀ་དང་། མཐོན ་ཀ་ཆེན་པོ་དང་། འབྲ་གོ་དང་། ཏར་ནི་དང་། ཙཾ་ལན་དུ་ཀ་དང་། ཡུ་ཏི་ཀ་དང་། སེན་དུ་བ་ག་ལ་སོགས་པ་མེ་ཏོག་གི་ཤིང་སྣ་ཚོགས་ཀྱང་བརྒྱན་པར་གྱུར་ཏོ།། ་བཅོམ་ལྡན་འདས་འོད་རབ་ཏུ་མཛེས་པའི་ཏོག་གི་བྱིན་གྱིས་བརླབས་དང་། སྔོན་གྱི་སྨོན་ལམ་གྱི་ཁྱབ་པར་དང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས ་འདིའི་མཐུས། ཆོ་འཕྲུལ་ཆེན་པོ་དེ་ལྟ་བུ་དག་བྱུང་བར་གྱུར་ཏོ།། དེ་ནས་གྲོང་ཁྱེར་དམར་བུ་ཅན་གྱི་སྐྱེ་བོའི་ཚོགས་དེ་དག་ཐམས་ཅད་ཡ་མཚན་དུ་གྱུར་ནས། ་འཕྲལ་ཆེན་པོ་ངོ་མཚར་ཤིན་ཏུ་ཆེ་བ་ཡང་སྣང་ཞིང་། སྔ་ལྟས་ཞིག་ཀྱང་བྱུང་བར་གྱུར་པ་འདི་ལྟ་བུ་སུའི་མཐུ། འདི་སུའི་རྣམ་པར་འཕྲུལ་པ་ཡིན་ཞིག་གུ། འཇམ ་བུའི་གླིང་དུ་འོད་ཆེན་པོ་སྣང་བ་དང་། ཡོན་ཏན་གྱི་ཁྱད་པར་ཆེན་པོ་བྱུང་བ་དང་། ཐུན་མོང་གི་མཚན་མ་ཆེན་པོ་བྱུང་བ་ལས་ན། འཇིག་རྟེན་དུ་དོན་ཆེན་པོ་ཞིག་གོར ་མ་ཆག་གོ་ཞེས་བརྗོད་པར་བྱེད་དོ།། དེ་ནས་སྐྱེ་བོའི་ཚོགས་དེ་དག་འདི་སྐད་དུ། ཀྱེ་ཁྱེད་ཅག་དེང་ལ་བཅོམ་ལྡན་འདས་གདུགས་ཆོད་ལ་སྤྱན་དྲང་བའི་ཕྱིར། ་བཟའ་བ་དང་། བཅའ་བ་དང་། མྱང་བ་མང་པོ་དག་སྟ་གོན་གྱིས་ཤིག་ཅེས་འཛེར་ཏོ།། དེ་ནས་སྐྱེ་བོའི་ཚོགས་དེ་དག་རིངས་པ་རིངས་པར་རང་རང་གི་གནས་སུ ་དོང་སྟེ། དེ་ཉིད་ཀྱི་ནུབ་མོ་བཟའ་བ་དང་། བཏུང་བ་མང་པོ་ཐམས་ཅད་བསྩོགས་ཏེ། རང་རང་གི་སྲང་དིང་བླ་རེ་དང་། མེ་ཏོག་དང་། བདུག་དང་། སྤོས་དང་། ་ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། སྡུད་པ་དང་། ཕེག་རྡོབ་ཐོགས་ཏེ་ལམ་ཀར་འདུག་ནས། འཁོར་ཕལ་ཆེ་དང་། ་བཀོད་པ་ཆེན་པོས་བཅོམ་ལྡན་འདས་གཤེགས་པར་སྡོད་ཅིང་འཁོད་དོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རབ་ཏུ་མཛེས་པའི་ཏོག་འཁོར་མང ་པོ་དང་། ཡུལ་ལྔ་ལེན་ན་སེམས་ཅན་རྣམས་བརྟུལ་ཏེ་ཆོས་སྟོན་པའི་འདུ་ཤེས་པ་ཆེན་པོ་དེར། བཅོམ་ལྡན ་འདས་ཀྱི་སྤྱན་སྔར། རིན་པོ་ཆེ་བདུན་ལས་བྱས་པའི་བྱང་ཆུས་བཀའ་བ་ཞིག་དང་། ཚེམས་ཤིང་ཞིག་བྱུང་བར་གྱུར་ནས་སྤྱན་སྔ་ན་འདུག་གོ། བཅོམ་ལྡན ་འདས་ཀྱིས་ཀྱང་འཛུམ་པ་དང་བཅས་ཏེ་མཁྱེན་བཞིན་དུ་སྤྱད་པས། ཕྱག་མཚན་མདོག་བཟང་པོ་བརྒྱ་སྟོང་གི་བརྒྱན་ཅིང་། མེ་ཏོག་གིས་ཕྲེང་བ་བརྒྱ་སྟོང་གིས་བརྒྱན ་བ་བཀང་ཏེ། བྱ་དེ་ཡང་བཞེས། ཚེམས་ཤིང་དེ་ཡང་བཞེས་ནས་ཅང་མི་གསུང་བར་སྣང་བ་མཛད་དོ།། དེ་ནས་འཁོར་མང་པོ་དེ་དག་ངོ་མཚར་དུ་གྱུར་ནས། བཅོམ ་ལྡན་འདས་སྤྱན་འདྲེན་པ་འདི་ག་ལས་འོངས་སྙམ་མོ།། དེ་ནས་འཁོར་དེ་ན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཤིན་ཏུ་རྣམ་དག་ཅེས་བྱ་བ་ཞིག་འདུག ་བ་དེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ལྷགས་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་མཛད་ཏེ། བཅོམ་ལྡན ་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྤྱན་འདྲེན་པའི་ལྔ་ལྟས་བྱ་ཆུབ་ཀྱི་གང་བ་བྱུང་བ་འདི་ག་ལས་མཆིས་པ་ལགས། བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ། སྤྱན་འདྲེན་གྱིས་བྱ་ཆུས་བཀང་བ་འདི་ནི། གྲོང་ཁྱེར་ཆེན་པོ་དམར་བུ་ཅན་ནས་འོངས་ཀྱིས་བློ་གྲོས་ཤིན་ཏུ་རྣམ་དག་ཁྱོད་སོང་ལ་ཚུལ་ཞིང་བྲིམས ་ཤིག། གང་གིས་གྲོང་ཁྱེར་དམར་བུ་ཅན་དུ་འགྲོ་འདོད་པ་དེ། སང་ནང་པར་རྫུ་འཕྲུལ་གྱི་མཐུ་ཆེན་པོས་གྲོང་ཁྱེར་དམར་བུ་ཅན་དུ་འདོང་ངོ་།། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་བློ་གྲོས་རྣམ་དག་བཅོམ་ལྡན་འདས་ཀྱིས་གསུང་ཐོས་ཏེ། རིངས་པ་རིངས་པར་སོང་སྟེ་ཚུལ་ཤིང་བྲིམས་ཤིང་ཉན་ཐོས་རྣམས་དང་། བྱང་ཆུབ ་སེམས་དཔའ་རྣམས་ལས། གང་ཞིག་རྫུ་འཕྲུལ་གྱི་ཁྱབ་པར་སྟོན་པར་སྤྱོད་པ་དེ། ཚུལ་ཤིང་བཞེས་ཤིག་དང་། སང་གདུགས་ཆོད་ལ་བྱོན་འདྲེན་གྱིས། གྲོང་ཁྱེར ་དམར་བུ་ཅན་དུ་གཤེགས་པར་བགྱིའོ་ཞེས་སྨྲ་བར་བྱེད་དོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་བློ་གྲོས་རྣམ་དག་གིས་ཚུལ་ཤིང་བྲིམས་ནས། བཅོམ་ལྡན ་འདས་ལ་གཤེགས་པར་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་ལ་ནང་པར་གྱིས་དུས་ཀྱི་ཆེ་ན་བཟའ་རྣམས་ཏེ། བཀོད་པ་ཆེན་པོ་དང་། འཁོར་མང་པོ་དང་། ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པའི་བྱིན་བརླབས་ཆེན་པོས་ན་མཁའ་གཤེགས་བཞིན་དུ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ་ནམ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་མང་པོ་རྔ་དང་གླུ་དབྱངས་ལེན་པ་ཕལ་པོ་ཆེས་མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། ་བྱུག་པ་དང་། ན་བཟའ་དང་། ཞལ་ཟས་དང་། མཆོད་པ་སྣ་ཚོགས་པ་རྣམས་ཀྱིས་ན་མཁའི་ངོས་ནས་བཅོམ་ལྡན་འདས་ལ་མཆོད་པ་བྱེད་ཅིང་། དེ་བཞིན ་གཤེགས་པའི་རྫུ་འཕྲུལ་གྱིས་མཐུས། སྐད་ཅིག་ཙམ་གྱིས་གྲོང་ཁྱེར་ཆེན་པོ་དམར་བུ་ཅན་དུ། འཁོར་གྱི་འཁྱམས ་ཐག་གྲུ་ཆེན་པོ་ག་ལ་བའི་ས་ཕྱོགས་དེར་བྱོན་ཏེ། ན་མཁའི་ངོས་ནས་བབས་ནས་འཁོར་གྱིས་འཁྱམས་དེར་གཤེགས་ཏེ། བཅོམ་ལྡན་འདས་སེང་གེའི་ཁྲི་ལ ་བཞུགས་པ་དང་། སྐྱེ་བོའི་ཚོགས་མང་པོ་དག་གིས། བཅོམ་ལྡན་འདས་ལ་མཆོད་པ་མངོན་པར་འདུ་བྱ་བ་ཆེན་པོས་མཆོད། འཁོར་བྱང་ཆུབ་སེམས་དཔའི་ཚོགས ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་མང་པོ་དེ་དག་ལ་ཡང་མཆོད་ནས། གདུགས་ཆོད་ལ་བབས་པར་རིག ་བ་དང་། བཅོམ་ལྡན་འདས་ལ་གདུག་ཆོད་བཟའ་བ་དང་། བཅའ་བ་དང་། མྱང་བ་མང་པོ་དག་གི་འབྲིམས་པར་བྱེད་དོ།། བཅོམ་ལྡན་འདས་འཁོར་དང་བཅས ་བ་ཡང་དག་པར་ཚོམས་པར་བྱས། ཅི་བདེར་བསྣམས་ནས་ལྷུང་བཟེད་བཞག། ཕྱག་བཅབས་པ་དང་ན་བཟའ་སྣ་ཚོགས་གསོལ། མཆོད་པ་མངོན་པར་འདུ་བྱ ་བ་ཆེན་པོས་མཆོད། འཁོར་མང་པོ་དེ་དག་ལ་ཡང་མཆོད་གནས་ལན་གསུམ་བསྐོར་བ་བྱས་ཏེ། དེ་ཉིད་ཀྱི་སྤྱན་སྔར་འཁོད་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་གྲོང་ཁྱེར་དམར་བུ་ཅན་འདིའི་ཤར་སྒོའི་ཕྱོགས་ཤིག་ན། ལྷ་མ་ཡིན་གྱི་ནག་ཚལ་ཞེས་བྱ་བའི་སྐྱེད་མོས་ཚལ་ཞིག་གིས་ནང་ན། སྲོན་མོ་མེ་ཏོག་ལྔ ་མ་ཡིན་ཞེས་བགྱི་བ། དྲག་མོ། གཟུ་ལུམས་ཅན། གཏུམ་མོ།། སྐྱེས་པ་དང་། བུད་མེད་དང་། ཁྱེའུ་དང་། བུ་མོ་ལ་གླགས་བལྟ་མདངས་འཕྲོག་པ། ་འཆེ་བར་བགྱིད་པ། གདུགས་མཚན་རྟག་ཏུ་རྣམ་པར་ཆེ་བའི་རྣམ་པ་ལ་བརྩོན་པ་ཞིག་ལགས་ན། དེའི་སླད་དུ་བཅོམ་ལྡན་འདས་ཀྱི་ཟློག་ཏུ་གསོལ། དེ་ནས ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་འོད་རབ་ཏུ་མཛེས་པའི་ཏོག་གིས། སྐྱེ་བོའི་ཚོགས་མང་པོ་དེ་དག་དབུགས་ཕྱུང་སྟེ་ཅང་མི་གསུང་བར་གནང་བར་མཛད ་ནས་ཞལ་འཛུམ་པ་སྟན་ཏོ།། བཅོམ་ལྡན་འདས་ཀྱིས་ཞལ་འཛུམ་པ་བསྟན་པ་དེས། ཞལ་གྱི་སྒོ་ནས་འོད་ཟེར་ཁ་དོག་སྣ་ཚོགས་པ་དག་འཐོན་ཏེ། འོད་ཟེར ་གྱི་སྣང་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱང་སྣང་བར་མཛད། ལྷ་མ་ཡིན་གྱི་ནག་ཚལ་ཡང་སྣང་བར་བྱས། སྲིན་མོ་མེ་ཏོག་ལྷ་མ་ཡིན ་ཅེས་བྱ་བ། འཁོར་བརྒྱ་སྟོང་ཅན་གྱིས་གནས་ཐམས་ཅད་ཀྱང་སྣང་བར་བྱས་ནས། གནས་ཐམས་ཅད་འབར་བ་གཅིག་ཏུ་གྱུར་པ་དང་། ལྷ་མ་ཡིན་ཐམས་ཅད ་ཀློང་ཀློང་པོར་གྱུར་ནས། རྒྱུ་རབ་ཏུ་རྒྱུད་ཀུན་ཏུ་རྒྱུ་ཅིང་ཕྱོགས་བཞིར་འབྱེར་བར་བྱེད། ཕྱོགས་དང་ཕྱོགས་འཚམས་སུ་རྒྱུད་ཉམས་ཐག་པའི་ང་རོས། བདག ་ཅག་སུ་སྐྱབས་སུ་བསྒྲུབ། སུ་ཞིག་ལ་ནི་སྐྱབས་སུ་འགྲོ་བར་འགྱུར། ཞེས་འདོད་འབོད་དོ།། དེ་ནས་གྲོང་ཁྱེར་དེའི་ལྷ་ཞིག་གིས། དེ་བཞིན་གཤེགས ་པ་འོད་རབ་ཏུ་མཛེས་པའི་ཏོག་དེ་ལ་སྐྱབས་སུ་དེང་ཤིག་དང་། དེ་ནས་ཁྱེད་ཅག་འཆ་བར་འགྱུར་རོ་ཞེས་སྨྲས་སོ།། ་དེ་ནས་སྲིན་མོ་མེ་ཏོག་ལྷ་མ་ཡིན་ཞེས་བྱ་བ་དེ་འཁོར་བརྒྱ་སྟོང་དང་རིངས་པར། བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱིན་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ ་བཏུགས་ནས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་ལ་སྒྲུབ་ཏུ་གསོལ། བདེ་བར་གཤེགས་པ ་སྐྱབ་ཏུ་གསོལ། བཅོམ་ལྡན་འདས་བདག་སླན་ཆད་སེམས་ཅན་རྣམས་ལ་འཆེ་བ་ཡང་མི་བགྱིད། གནོད་པར་ཡང་མི་བགྱིད་ལགས་སོ།། དེ་ནས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་འོད་རབ་ཏུ་མཛེས། ཀློག་གིས་སྲིན་མོ་ལ་ཅང་མི་སྲུང་བར་གནང་བ་མཛད་དོ།། བྱང་ཆུབ་ཀྱི་སྙིང་པོ་རྣམ་པར་འཕྲུལ་པའི་སྙིང་པོས་བྱིན་གྱིས ་བརླབས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། ཕྱོགས་བཅུའི་སངས་རྒྱས་ཀྱི་ས་ཞིང་ཐམས ་ཅད་སྣང་བར་གྱུར། སངས་རྒྱས་བཅོམ་ལྡན་འདས་དེ་དག་ཀྱང་སྣང་ཞིང་། འཁོར་དང་བཅས་པ་ཆོས་སྟོན་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས་དེ་ཡང་བཤད ་བར་བརྩམས་པ་དང་། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས་ལེགས་སོ།། ཞེས་བྱ་བ་བྱིན་ཏེ། དེ་བཞིན ་གཤེགས་པ་འོད་རབ་ཏུ་མཛེས་པའི་ཏོག་ལ་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་ཁྱོད་ཀྱིས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱའི་གཟུངས་ཀྱི་རྟོག་པའི་རྒྱལ་པོ ་བཤད་པ་དང་། སྲིན་མོ་མེ་ཏོག་ལྷ་མ་ཡིན་འཁོར་དང་བཅས་ཏེ་བཏུལ་ཏེ། དགེ་བ་བཅུའི་ལས་ཀྱི་ལམ་ལ་བཀོད་པ་དང་། སྐྱེ་བོ་དེ་དག་ཕྱིར་མི་ལྡོག་པའི་ལམ་ལ ་བཀོད་ཅིང་དགེ་བའི་ལམ་ལ་བཞུག་པ་ནི་ལེགས་པར་སྩལ་ཏོ།། དེའི་ཚེ་ས་བཞི་ཆེན་པོ་ཡང་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་གནས་པར་གྱུར་ཏོ།། རིན་པོ་ཆེ་སྣ ་བདུན་གྱི་ཆར་ཡང་ཕབ་སྟེ། འཛམ་བུའི་གླིང་དུ་འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པར་གྱུར་ཏོ།། བྲམ་ཟེ་ཆེན་པོ། དེའི་དུས་ཀྱི་ཆ ་ཆེ་རབས་བདུན་དུ་བྲམ་ཟེ་ཆེན་པོ་གཞོན་ནུར་གྱུར་ཏོ།། དེ་འོག་ཏུ་ངས་གཟུངས་འདི་ཐོས་ཏེ། ཕྱིས་སངས་རྒྱས་ཀྱིས་བསྟན་པ་ལ་དད་པ་ཐོབ་སྟེ། བླ་ན་མེད་པ་ཡང ་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་པོ།། ཡང་བྲམ་ཆེན་པོ།། དེའི་ཚེ་དེའི་དུས་ན་སྲིན་མོ་མེ་ཏོག་ལྷ་མ་ཡིན་ཞེས་བྱ་བ་དེ་གཞན་ཞིག ་ཡིན་སྙམ་དུ་སོམ་གཉིས་མ་ཡིད་ཉིད་ཟ་ན་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ཁྱོད་ཉིད་སྲིན་མོ་མེ་ཏོག་ལྷ་མ་ཡིན་ཞེས་བྱ་བ་དེར་གྱུར་ཏོ།། ཡང་དེའི་ཚེ་དེའི་དུས་ན། ་གྲོང་ཁྱེར་དམར་བུ་ཅན་ཞེས་བྱ་བར་སྐྱེ་བོའི་ཚོགས་དེ་དག་གཞན་ཞིག་ཡིན་སྙམ་དུ་སོམ་ཉི་འམ་ཡིད་གཉིས་ཟ་ན་དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། ་དེ་དག་ཉིད་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ན་མཁའ་ལྡིང་དང་། ལྟོ་འཕྱེ་ཆེན་པོའི ་འཁོར་འདུས་པ་འདི་ཡིན་ནོ།། ཡང་བྲམ་ཟེ་ཆེན་པོ་དེའི་དུས་ན། སྲིན་མོ་མེ་ཏོག་ལྷ་མ་ཡིན་གྱིས་འཁོར་བརྒྱ་སྟོང་དེ་དག་གཞན་ཞིག་ཡིན་ནོ་སྙམ་དུ་སོམ་ཉི་འམ་ཡིད ་ཟ་ན། དེ་ལྟར་མི་ལྟའོ།། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཉིད་འདུས་པ་འདིར་བྲམ་ཟེ་དང་། རྒྱལ་རིགས་དང་། སྤྱོད་པ་ཅན་དང་། ཀུན་ཏུ་རྒྱུ་བ་དང་། གཅེར་བུ་པ་དང་། ་རྒྱས་པ་དང་། བྱེ་བྲག་པ་དང་། རྣམ་པར་འབྱེད་པ་དང་། དུར་ཁྲོད་པ་དང་། ཕྱག་དར་ཁྲོད་དང་། རི་བྲག་ན་བརྟུལ་ཞུགས་སྤྱོད་པ་ལྷགས་པ་འདི་དག་ཡིན་ནོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པས་སྔོན་གྱི་གཏམ་འདི་བཀའ་སྩལ་ནས། ཅང་མི་གསུང་བར་བཞུགས་སོ།། དེ་ནས་འདུས་པ་ཆེན་པོ་དེ་དག་གིས ་སྔོན་གྱི་གཏམ་དེ་ཐོས་ནས་ཡ་མཚན་དུ་གྱུར་ཏོ།། མེ་ཏོག་དང་། བདུགས་དང་། བྱུག་པ་དང་། ཕྱེ་མ་དང་། ན་བཟའ་དང་། གདུགས་དང་། ་རྒྱལ་མཚན་དང་། བྲ་བྲེ་དག་ཐོགས་ནས། བཅོམ་ལྡན་འདས་ག་ལ་བ་དེར་དང་སྟེ། བཅོམ་ལྡན་འདས་ལ་མཆོད་པར་འདུ་བྱ་བས་མཆོད་ནས། ལན་གསུམ ་བསྐོར་བྱས་ནས། བཅོམ་ལྡན་འདས་ཀྱིས་ཞབས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བགྱི་བའི ་གཟུངས་བཤད་དུ་གསོལ། བདེ་བར་གཤེགས་པ་རིག་པའི་རྒྱལ་པོ་གང་གིས་ན། སེམས་ཅན་རྣམས་ལ་སྣང་བ་བགྱི་བར་འགྱུར་བ་དང་། སླད་མིའི་ཚེ་སླད་མའི ་དུས་ན། སེམས་ཅན་རྣམས་ཀྱི་རེ་བ་ཡོངས་སུ་བཀང་བར་འགྱུར་བ་འདི་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་མང་པོ་ལ་ཅང་མི་གསུང་བར་སྣང ་བ་མཛད་ནས། འཛུམ་པ་བསྟན་མ་ཐག་ཏུ་འོད་ཟེར་ཁ་དོག་སྣ་ཚོགས་དག་ཐོན་ཏེ། འོད་ཟེར་གྱི་སྣང་བ་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་སྣང་བར ་མཛད་དེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཏོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ། དེ་དག་གིས་ཆོས་བསྟན་པའི་གསུང་གི་ཐ་སྙེད་ཀྱང་དྲག་གོ།། ་ས་འདི་ལ་ཡང་རིན་པོ་ཆེ་སྣ་བདུན་གྱི་ཤིང་ལྗོན་པ་སྣ་ཚོགས་ཀྱང་སྐྱེ། མེ་ཏོག་སྣ་ཚོགས་ནི་བཀྲམ། འཇམ་བུའི་ཤིང་ལྗོན་པ་སྣ་ཚོགས་ཀྱིས་བརྒྱན་ནས། ་འཛམ་བུའི་གླིང་དུ་རྣམ་པར་འཕྲུལ་པའི་བྱིན་གྱིས་བརླབས་བཟང་པོ་དགའ་དགའ་ལྟ་བུ་ཤིན་དུ་མཛེས་པ་དག་སྡང་ངོ་།། དེ་ནས་འཇམ་པལ་གཞོན་ནུར་གྱུར་པ། ་ཆོ་འཕྲུལ་ཆེན་པོ་དེ་ཡང་མཐོང་། བཅོམ་ལྡན་འདས་ཀྱིས་འཛུམ་པ་བསྟན་པའི་ཡང་མཐོང་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། ་བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ག་ལ་བ་དེར་ལོགས་སུ་ཐལ་སོ་སྦྱར་བ ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ ་བའི་གཟུངས་ཀྱི་རྟོག་པའི་རྒྱལ་པོ་བཤད་དུ་གསོལ། བདེ་བར་གཤེགས་པ་སེམས་ཅན་རྣམས་ལ་སྨན་པའི་དོན་དང་། ཡོངས་སུ་བསྐྱངས་པར་མཛོད་ཅིག་དང་། ་དེས་སེམས་ཅན་རྣམས་དགེ་བའི་རྩ་བ་ཡོངས་སུ་བསྐྲུན་ཡོངས་སུ་རྫོགས་པར་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པས། འཇམ་དཔལ་གཞོན་ནུར ་གྱུར་པས་གསོལ་བ་བཏབ་པར་མཁྱེན་ནས། སངས་རྒྱས་ཀྱིས་རྣམ་པར་གཟིགས་པའི་སྙིང་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། བཅོམ་ལྡན ་འདས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། སྐད་ཅིག་ཐང་ཅིག་དེ་ཉིད་ལ། ཕྱོགས་བཅུའི་སངས་རྒྱས་ཀྱིས་ཞིང་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས ་ཐམས་ཅད་མདའ་རྒྱང་གང་ཙམ་གྱི་ཐད་ན་སྣང་ངོ་།། སངས་རྒྱས་བཅོམ་ལྡན་འདས་གང་གཱའི་ཀླུང་བརྒྱ་སྟོང་ཕྲག་བྱེ་བ་དགུ་བཅུ་སྙེད་གཤེགས་ནས། སངས་རྒྱས ་བཅོམ་ལྡན་འདས་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལེགས་སོ་ཞེས་བོས་ནས། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལེགས་སོ་ལེགས ་སོ།། ཁྱོད་ཀྱི་གཟུངས་ཆེན་པོ་རྟོགས་པའི་རྒྱལ་པོ།། སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་བཤད་བྱིན ་གྱིས་བརླབས། རྗེས་སུ་ཡི་རང་བར་མཛད་པ་འདི་བཤད་པར་བཞེད་པ་ནི་ལེགས་པར་གསུངས་ཏེ། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས ་ཀྱི་རྣམ་གྲངས་རྟོག་པའི་ཆོ་ག་ཆེན་པོ་ཡངས་པ་བཤད་དུ་གསོལ། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པས་ལྷུང་བཟེད་བླངས་ཏེ། དེ་བཞིན་གཤེགས་པ་ལས་ཁྲུང ་པའི་ཆོས་ཀྱི་རིང་བསྲེལ་གྱིས་བཀང་ནས། བཅོམ་ལྡན་འདས་ལ་ཕུལ་ལོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཕྱག་འགསེར་གྱི་མདོག ་ཅན་བརྐྱང་ཏེ། འཛམ་དཔལ་གཞོན་ནུར་གྱུར་པ་ལས་ལྷུང་བཟེད་བཞེས་ནས་ན་མཁའ་ལ་འཕངས་སོ།། ལྷུང་བཟེད་དེ་འཕངས་མ་ཐག་ཏུ་ན་མཁའ་ཁེབས་ནས། ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་ལ་ཆོས་ཀྱི་རིང་སྲེལ་ལ་དེ་བཞིན་གཤེགས་པའི་སྐུ་ཤ་སྟག། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་བཞུགས ་བྱར་གྱུར་ཏོ།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་བྱ་བས་བོས་ཏེ། བཅོམ་ལྡན་འདས་དེ་བཞིན ་གཤེགས་པ་ཤཱཀྱ་ཐུབ་པ་ལེགས་སོ་ལེགས་སོ།། དེ་བཞིན་གཤེགས་པའི་སྐུ་དེ་དག་རེ་རེའི་སྤྱན་མདའ་ན་ཡང་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་བཞུགས་ལ། ་འཁོར་འདུས་པ་ཆེན་པོ་ཐམས་ཅད་ན་ཡང་། འཇམ་དཔལ་གཞོན་ནུར་གྱུར་པས་འདི་སྐད་དུ། ལྷུང་བཟེད་ཆོས་ཀྱི་རིང་བསྲེལ་གྱི་སྐུ་གདུང་གིས་བཀང་བ་འབུལ ་བར་བྱེད་པ་འཇིག་རྟེན་དུ་རྫུ་འཕྲུལ་གྱི་ཆོ་འཕྲལ་ཆེན་པོ་བྱུང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ལག་ན་རྡོ་རྗེས། འཇ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་གཞོན་ནུར་གྱུར་པ། ཤིན་ཏུ་ཡ་མཚན་ཆེ་བའི་ཆོ་འཕྲུལ་འདི ་ལྟ་བུ་ཡང་སྣང་། དེ་བཞིན་གཤེགས་པའི་སྐུ་མང་པོ་འདུས་པའི་རྣམ་པར་འཕྲུལ་པ་ཡང་སྣང་ན། འདི་ཅིའི་སྔ་ལྟས་ཞིག། རྒྱུ་ནི་གང་། རྐྱེན་ནི་གང་། དེ་བཞིན ་གཤེགས་པའི་སྐུ་མང་པོ་འདུས་པར་སྣང་བ་འདི་སུའི་མཐུ་ཡིན། འཇམ་དཔལ་གྱིས་སྨྲས་པ། ལག་ན་རྡོ་རྗེ་ཆོ་འཕྲུལ་གྱི་སྔ་ལྟས་འདི་ཇི་ལྟར་མི་ཤེས། ལག་ན ་རྡོ་རྗེས་སྨྲས་པ། འཇམ་དཔལ་ཁོ་བོས་ནི་ཆོ་འཕྲུལ་ཆེན་པོ་དང་། དེ་བཞིན་གཤེགས་པ་མང་པོ་འདུས་པ་མཐོང་བ་འམ། ཐོས་པ་འམ། ཤེས་པ་ཡང ་མེད་དེ། འཇམ་དཔལ་མཐུ་འདི་ནི་སྔོན་མ་མཐོས་པ་ཞིག་གོ། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་གསོར་ཞིང་། བཅོམ་ལྡན ་འདས་ལ་ལན་གསུམ་བསྐོར་བ་བྱས་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཅི་ཞིག་གསུང་བར་བཞེད། ཆོ་འཕྲུལ་ཆེན་པོའི ་ལྟས་ཤིག་འཇིག་རྟེན་དུ་བྱུང་བ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་ཡུད་ཙམ་སྡོད་ཅིག་དང་། དེའུ་རེ་ཁྱོད་ཀྱི་མངོན་སུམ་དུ་སྣང་བར ་འགྱུར་རོ།། དེ་ནས་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ཉིད་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་རིན་པོ་ཆེ་སྣ་བདུན་གྱི་མཆོད་སྡོང་འཕང་དུ་དཔག་ཚད་བདུན་སྟོང་ལ། རྒྱར ་དཔག་ཚད་ལྔ་སྟོང་པ། བཟང་བ་དགའ་དགའ་ལྟར་འདུག་པ། ཤིན་ཏུ་མཛེས་པ། ལེགས་པར་རྣམ་པར་ཕྱེ་དང་། འཚེར་བ། འབར་བ། དར་དང་འཕྲེང་བ ་བཟང་པོས་མཛེས་པར་བྱས་པ། དྲིལ་བུ་ག་ཡེར་ཀའི་དྲ་བས་བརྒྱུས་པ། གསེར་གྱི་དྲིལ་བུ་སྤྱད་པ། མེ་ཏོག་གི་འཕྲེང་བ་སྣ་ཚོགས་ཀྱི་མཛེས་པར་བྱས་ཞིག ་ས་བརྡོལ་ཏེ་བྱུང་ངོ་།། ལྷའི་བུ་བརྒྱ་སྟོང་བྱེ་བ་ཁྲག་དུ་མ་ན་མཁའི་ངོས་ལ་རྫུ་འཕྲུལ་གྱིས་སོང་སྟེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་སྡེ་དེ་ལ་མཆོད་པ་བྱེད་པར ་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེའི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་ཁྱོད་སོང ་ལ་མཆོད་སྡོང་གི་དབུས་ཀྱི་སྒོ་ཕྱེ་ཞིག། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེས་ཐོར་གཙུག་འབར་བ་བྱས། ཅོད་པན་འབར་བ ་མགོ་ལ་བཅིངས། རྡོ་རྗེ་འབར་བ་ལག་ན་ཐོགས། གདོང་བརྒྱུར། ཁྲོས་པའི་གཟུགས་བྱས་ནས་མཆོད་སྡོང་དེའི་དྲུང་དུ་སོང་སྟེ། ལག་པ་བརྐྱང་ནས ་དེའི་སྒོ་ཕྱེའོ།། སྒོ་དེ་ཕྱེ་བ་དང་། མཆོད་སྡོང་གི་ནང་ན་སེང་གེའི་ཁྲི་འཛམ་བུ་ཆུ་བོའི་གསེར་ལས་བྱས་པ། རིན་པོ་ཆེ་སྣ་བདུན་གྱིས་སྤྲས་པ། ཤིང ་། བལ་ལྟར་འཇམ་པའི། གོས་སྣ་ཚོགས་བཏིང་བ་ཞིག་པ་ཤམས་ཏེ། དེའི་སྟེང་ན་དེ་བཞིན་གཤེགས་པ་དགྲ ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞལ་ཆེན་པོ་སྤྱི་གཙུག་འོད་ཟེར་གཏོང་བའི་ཏོག་ཅེས་བྱ་བ་བཞུགས་ནས། ཏིང་ངེ་འཛིན་ཇི་ལྟར་བ་བཞིན་དུ་སྙོམ ་པར་བཞུགས་པར་སྣང་ངོ་།། དེ་བཞིན་གཤེགས་པ་ཞལ་ཆེན་པོ་སྤྱི་གཙུག་འོད་ཟེར་གཏོར་བའི་ཏོག་ཅན་གྱིས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས། ཤཱཀྱ་ཐུབ་པ་ལ་ལེགས་སོ་ཞེས་བོས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཀྱ་ཐུབ་པ་འཇིག་རྟེན་དུ་ཆོ་འབྲལ ་བྱུང་བར་གྱུར་པ་དང་། དེ་བཞིན་གཤེགས་པའི་འདུས་པའི་གདའ་བ་ལེགས་སོ་ལེགས་སོ།། བདག་གིས་ཀྱང་སྔོན་འདས་པ་དང་། ཆོ་འཕྲུལ་འདི་ལྟ་བུ་བསྟོན་ཏོ།། ། ་སྔོན་གྱི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་དེ་བཞིན་གཤེགས་པ་མང་པོ་འདུས་པ་དང་། ཆོ་འཕྲུལ ་ཆེན་པོ་འདི་ལྟ་བུ་བསྟན་ཏོ།། དེ་ལྟ་བས་ན་ལེགས་སོ་ལེགས་སོ།། བཅོམ་ལྡན་འདས་བྱང་ཆུབ་ཀྱི་སྙིང་པོའི་རྒྱུན་ཅེས་བྱ་བའི་གཟུངས་ཀྱི་རྟོགས་པའི ་རྒྱལ་པོ་བཤད་པ་མཛོད་ཅིག་དང་སྨན་པ་ཆེན་པོ་བགྱིས་པར་འགྱུར་ཏེ། སྐྱེ་བོ་མང་པོ་ལ་སྨན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུག ་བརྩེ་བར་འགྱུར་ལགས་སོ།། དེ་ནས་དེ་བཞིན་གཤེགས་པའི་སྐུའི་རྣམ་པར་འཕྲུལ་པ་འདི་དང་། དེ་བཞིན་གཤེགས་པ་འདུས་པ་དང་། མཆོད་སྡོང་གདའ་བ་འདི ་ཡང་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱིས་གཟུངས་འདི་ཉིད་ཀྱི་མཐུས་ཆོ་འཕྲུལ་གདའ་སྟེ། འདི་ཉིད་ཀྱི་བྱིན་གྱིས་བརླབས་ཀྱི་སྔ་ལྟས་སུ་གདའ་བ་ལགས་སོ།། བཅོམ ་ལྡན་འདས་དེ་ལྟ་བས་ན། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བགྱི་བའི་གཟུངས་ཀྱི་རྟོགས་པའི་རྒྱལ་པོ་བཤད་དུ་གསོལ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་ཤཱཀྱ་ཐུབ་པས། དེ་བཞིན་གཤེགས་པས་ཞལ་ཆེན་པོ་སྤྱི་གཙུགས་འོད་ཟེར་གཏོར་བའི་ཏོག་ཅན་གྱི་དགོད་པ་ནས། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་གཟུངས་བཀའ ་སྲུ་ལ་ཏོ།། ། ན་མོ་བྷ་ག་ཝ་ཏེ། བི་པུ་ལ་བ་ཏ་ན། ཀན་ཙ་ནོད་ཀྵི་བ་ཏ། པྲ་བྷ་བ་ཀེ་ཏུ་མུར་དྷ་ཡེ། ན་མོ་བྷ་ག་ཝ་ཏེ། ཤཀྱ་མུ་ནེ་ཡེ། ཏ་ཐཱ་ག་ཏ་ཡ། ་ཨ་ར་ཧ་ཏེ་སཾ་མྱག་སཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བོ་དྷོ་བོ་དྷི། སརྦ་ཏ་ཐཱ་ག་ཏ་གོ་ཙ་ར་དྷ། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། མ་ཧཱ་བོ་དྷི་ཙིཏུ་དྷ་རེ། ཙུ་ལུ་ཙུ་ལུ། ་ཤ་ཏ་རཤྨི་སཉྩ་དི་ཏི། སརྦ་ཏ་ཐཱ་ག་ཏོ་ཨ་བྷི་ཥེ་ཀ་ཏ། གུ་ནེ་གུ་ནེ་ན་མ་ཏེ། སརྦ་བུདྡྷ་ཀུ་ཤཱི་བྷེ་བ་བྷ་སེ། མི་ལི་མེ་ལི། ག་གཱ་ན་ཏ་ལེ། སརྦ་ཏ་ཐཱ་ག་ཏཱ ་ཨ་དྷིཥྛི་ཏེ་ན། བ་ཏ་ལ། ཤ་མ་ཤ་མ། པྲ་ཤ་མ་པྲ་ཤཾ། སརྦ་པ་བཱ་པྲ་ཤ་མ་ནེ། སརྦ་པ་བི་ཤོ་དྷ་ནེ། ཧུ་ལུ་ཧུ་ལུ། མཧ་བོ་དྷི་མརྒ་སཾ་པྲ་སྠི་ཏེ། ་སརྦ་ཏ་ཐཱ་ག་ཏེ་སུ་པྲ་ཏི་ཤྨ་ཏེ་ཤུ་དྷེ་སྭཱ་ཧཱ།། དེ་ནས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས་རྟོག ་བའི་རྒྱལ་པོ་འདི་བཤད་པ་ཙམ་གྱིས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལེགས་སོ་ཞེས་བྱ་བ་བྱིན་པ་བྱིན་ཏེ། དེ་བཞིན་གཤེགས་པའི་སྐུ་མང་པོ ་དེ་དག་གིས་ཀྱང་ལེགས་སོ་ཞེས་བྱ་བ་བྱིན་ཏོ།། དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ལེགས་སོ།། བཅོམ་ལྡན་འདས་ཁྱོད་ཀྱི་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་གཟུ ་ཀྱིས་རྒྱལ་པོ་བཤད་པ་ནི་ལེགས་པར་གསུངས་པའོ།། དེའི་ཚེ་ས་འདི་ཡང་རྣམ་པ་དྲུག་ཏུ་གཡོས་སོ།། མེ་ཏོག་གི་ཆར་ཆེན་པོ་ཡང་རབ་ཏུ་བབ་པར་གྱུར་ཏོ།། སྤོས ་ཀྱི་ཆར་ཆེན་པོ་དང་། གོས་དང་། རྒྱན་གྱི་ཆར་ཆེན་པོ་དང་། གསེར་གྱི་ཆར་ཆེན་པོ་དང་། གསེར་གྱི་སྐུད་པ་དང་། མུ་ཏིག་གི་རྐུན་པོ་དང་། གདུ་བུ་དང་། དབུ ་རྒྱན་དང་། རྒྱན་འཕྱང་བ་དང་། སེ་མོ་དོའི་ཆར་དག་ཀྱང་བབ་པར་གྱུར་ཏོ།། ལྷའི་བུ་རྣམས་ཀྱང་ན་མཁའ་ལས་རྔ་དང་། ཕེག་དག་རྡོབ་ཅིང་ཀུ་ཙེ་དང་ག་ཤིའི་སྒྲ་ཆེན་པོ ་ཕྱུང་ནས། མེ་ཏོག་ཨུད་པ་ལ་དང་། པདྨ་དང་། པདྨ་དཀར་པོ་དང་། མན་དྷ་ར་བ་དང་། མན་དྷ་ར་བ་ཆེན་པོ་དང་། མདོག་མཛེས་དང་། མདོག་མཛེས་ཆེན ་པེ་དང་། མན་ཛུ་ཤ་ཀ་དང་། མན་ཛུ་ཤ་ཀ་ཆེན་པོ་དང་། པ་རུ་ཀ་དང་། ཙམ་པ་ཀ་དང་། དྲི་ཞིམ་པོ་ལྡན་པ་ལ་སོགས་པའི་ཆར་འབེབས་ཤིང་བཅོམ་ལྡན ་འདས་ལ་མཆོད་པའི་ལས་བྱ་བར་མངོན་པར་བརྩོན་པར་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས་འཁོར་གྱི་དཀྱིལ་འཁོར་གྱི་ནང་ནས། ཁ་ཅིག་གིས་ནི་དགྲ་བཅོམ་པ་ཉིད་མངོན ་སུམ་དུ་བྱས། ཁ་ཅིག་གིས་ནི་རང་བྱང་ཆུབ། ཁ་ཅིག་གིས་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ། ཁ་གཅིག་གིས་ནི་ཕྱིར་མི་འོང་བའི་འབྲས་བུ། ཁ་ཅིག་ནི་རྒྱུན་ཏུ ་ཞུགས་པའི་འབྲས་བུ་ཐོབ་པོ། ཁ་ཅིག་གིས་ནི་བྱང་ཆུབ་ཏུ་སེམས་བསྐྱེད། ཁ་ཅིག་གིས་ནི་ཕྱིར་མི་ལྡོག་པའི་ས་ཐོབ། ཁ་ཅིག་གིས་ནི་བླ་ན་མེད་པ་ཡང་དག་པར་རྫོ ་པའི་བྱང་ཆུབ་ཏུ་ལུང་བསྟན། ཁ་ཅིག་གིས་ནི་ལྷར་སྐྱེ་བ་ཐོབ། སེམས་ཅན་གང་དག་དམྱལ་བར་སྐྱེས་པ་དེ་དག་ནི་དམྱལ་བ་རྣམས་ནས་ཡོངས་སུ་ཐར། གང་དག ་གཤིན་རྗེའི་འཇིག་རྟེན་དུ་སྐྱེས་པ་རྣམས་དང་། གང་དག་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་རྣམས་དང་། གང་དག་ཡི་དགས་ཀྱི་ནང་དུ་སྐྱེས་པ་དེ་དག་ཀྱང་། ་ཡི་དགས་ཀྱི་སྐྱེ་གནས་ལས་ཡོངས་སུ་ཐར་ཏེ། དེ་དག་ཐམས་ཅད་བདེ་འགྲོའི་ལམ་ལ་བཀོད་པར་གྱུར་ཏོ།། འཛམ་བུའི་གླིང་དུ་ཡང་རྫུ་འཕྲུལ་གྱི་ཆོ་འཕྲུལ་ཆེན ་པོ་བྱུང་བར་གྱུར་ཏོ།། བདེ་བ་དང་། ཡིད་བདེ་བ་དང་། འབྱོར་པ་དང་། བརྒྱས་པ་ཆེན་པོ་དང་། ལོ་ལེགས་པ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ་མིས་གང་བར་གྱུར་ནས། དེ་དག་ཐམས་ཅད་བདེ་བར་ཚིམ་པར་གྱུར་ཏོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ ་དེར་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུང ་ཀྱི་རྟོག་པའི་རྒྱལ་པོ་འདི་ཤིན་ཏུ་རྙེད་པར་དཀའ་ལགས་ན། བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དགེ་སྙེན་ནམ། དགེ་སྙེན་མ་འམ། རིགས་ཀྱི་བུ། ་འམ། རིགས་ཀྱི་བུ་མོ་གང་ཞིག་གཟུངས་འདི་འཛིན་པར་འགྱུར། ཀློག་པར་བགྱིད། ཀུན་ཆུབ་པར་བགྱིད། ཚུལ་བཞིན་དུ་ཡིད་ལ་བགྱིད་ན། དེའི་བསོད་ནམས་ཀྱི ་བུང་པོ་ཇི་ཙམ་ཞིག་སྐྱེ་བར་གྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ།། ལག་ན་རྡོ ་རྗེ་ཁྱོད་ཀྱི་ཡོངས་སུ་ཞུས་པ་ནི། ལེགས་པར་ཡོངས་སུ་ཞུས་སོ།། ཡ་ལག་ན་རྡོ་རྗེ་ཁྱོད་སོང་ལ། འཇམ་དཔལ་གཞོན་ནུར་གྱུར་པ་ཡོངས་སུ་དྲིས་ཤིག་དང་། ་འདི་དེས་སྟོན་པར་འགྱུར་རོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེས་འཇམ་དཔལ་གཞོན་ནུར་གྱུར་པ་ག་ལ་བ་དེར་སོང་ནས། ལན་གསུམ་བསྐོར་བ་བྱས ་ཏེ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་འདི་སྐད་ཅེས་སྨྲས་སོ།། འཇམ་དཔལ་གཞོན་ནུར་གྱུར་པ་གང་ཞིག། བྱང་ཆུབ་ཀྱི་སྙིང་པོའི་རྒྱུན་ཅེས་བྱ་བའི་གཟུངས་འདི ་གང་གིས་འཛིན་པར་བྱེད། ཀློག་པར་བྱེད། ཀུན་ཆུབ་པར་བྱེད། ཚུལ་བཞིན་ཡིད་ལ་བྱེད་ན། དེའི་བསོད་ནམས་ཀྱི་ཕུང་པོ་ཆེ་བ་ཇི་སྙེད་ཙམ་ཞིག་སྐྱེ་བར་འགྱུར། ་འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ལག་ན་རྡོ་རྗེ་བསོན་ཅིག་དང་། དོན་དེ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཁྱོད་ལ་དཔེ་བསྟེན་ཏོ།། ལག་ན་རྡོ་རྗེ་གང་གི་སྟོང ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱིས་ཕྱོགས་སམ། རི་ཁྲོད་ཀྱང་རུང་། ས་ཕྱོགས་དེ་ཐམས་ཅད་སྐྲའི་རྩེ་མོ་ཙམ་དུ་ཤེས་པ་དང་། ལུག་གི་སྤུ་ཉག ་མ་ཅིག་ཙམ་གྱི་རེག་པར་བྱེད་ན་ཡང་། གང་ན་དེ་བཞིན་གཤེགས་པའི་རིང་བསྲེལ་གྱི་སྐུ་གདུང་མི་བཞུགས་པའི་གནས་ཀྱི་ས་ཕྱོགས་དེ་ནི་རྡུལ་ཕྲ་རབ་ཙམ་ཡང་མ ་མཐོང་ཞིང་། ན་མཁའ་ལ་ཡང་། གང་ན་དེ་བཞིན་གཤེགས་པའི་སྐུ་གདུང་གི་རིང་བསྲེལ་དང་། ཆོས་ཀྱི་རིང་བསྲེལ་ཡུང་འབྲུ་ཙམ་གྱིས་མ་གང་བ་ནི་སྐྲའི་རྩེ་མོའི ་གཟུགས་ཙམ་ཡང་མེད་ལ། སེམས་ཅན་མཐུ་ཆེན་པོ་དང་། རྫུ་འཕྲུལ་ཆེན་པོ་གང་ཞིག་གིས། དེ་བཞིན་གཤེགས་པའི་རིང་བསྲེལ་ཐམས་ཅད་ཀྱང་བགྲང་བར་བྱེད། ་འཇལ་བར་བྱེད། དཔྱོད་པར་བྱེད། འཛམ་བུའི་གླིང་འདི་གང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་རྣམས་ཀྱང་བགྲང་བར་འཇལ་བར་བྱེད་ན། ལག་ན་རྡོ་རྗེ་ཅི་སེམས་ཅན་དེ་དག ་མཁས་པའི་རང་བཞིན་ཅན་ཡིན་ནམ་སྙམ་དུ་རིག་པར་བྱ་འམ། ལག་ན་རྡོ་རྗེས་སྨྲས་པ། འཇམ་དཔལ་དེ་ནི་ཤིན་ཏུ་ཡ་མཚན་ཆེ་བ་དང་། དཀོན་པ་ཡིན་ནོ་སྙམ ་དུ་རིག་པར་བྱའོ།། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས་པ། ལག་ན་རྡོ་རྗེ་གསོན་ཅིག། དེ་ཐམས་ཅད་བགྲང་བ་དང་། གཞལ་བ་དང་། དཔྱད་པར་ནུས ་མོད་ཀྱིས་ལག་ན་རྡོ་རྗེ་རིང་བསྲེལ་གང་དག་ཡིན་པ་དང་། རྡུལ་ཕྲ་རབ་གང་དག་ཡིན་པ་དེ་སྙེད་ཀྱིས་སངས་རྒྱས་བཅོམ་ལྡན ་འདས་སུ་གྱུར་ལ། དེ་དག་ཐམས་ཅད་ཀྱི་བསྐལ་པ་འམ། བསྐལ་པ་བརྒྱ་འམ། སྟོང་དུ་གཟུངས་ཀྱི་རྟོག་པའི་རྒྱལ་པོ་འདིའི་བསོད་ནམས་ཀྱི་ཕུང་པོ་བརྗོད་དུ་ཟིན་ཀྱང་། ་བརྗོད་པ་འམ། དཔེས་མཚོན་པར་མི་སྤྱོད་དེ། ལག་ན་རྡོ་རྗེ་དེ་ལྟར་ན་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་གཟུངས་འདི་མཐུ་ཆེ་བ་ཡིན་པས། བཀླག་པ་དང་། བརྗོད་པ ་དང་། ཀུན་ཆུབ་པར་བྱེད་ན། བསོད་ནམས་ཀྱི་ཕུང་པོ་ཆེན་པོ་སྐྱེ་བར་འགྱུར་རོ།། དེ་ནས་འཁོར་མང་པོ་འདུས་པ་དེ་ན། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། ་དྲི་ཟ་དང་། ལྷ་མ་ཡིན་དང་། མི་འམ་ཅི་དང་། ལྟོ་འཕྱེ་ཆེན་པོ་ལ་སོགས་པ་སེམས་ཅན་དེ་དག་གིས་འཇམ་དཔལ་གཞོན་ནུར་གྱུར་པས་བསྟན་པ་འདི་ཐོས་ནས ་དེ་དག་ཐམས་ཅད་ཀྱིས་ཕྱིར་མི་ལྡོག་པའི་ས་འདི་ལྟ་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པ་ཐོབ་ནས། ལན་གསུམ་དེ་བཞིན ་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་ལོ།། བཅོམ་ལྡན་འདས་དེ་བཞིན་གཤེགས ་པ་སྨད་དུ་བྱུང་བའི་མངོན་པར་ཤེས་པ་ཅན་དེ་ལ་ཕྱག་འཚལ་ལོ།། ཕྱག་འཚལ་ལོ།། དེ་བཞིན་ག་ཤེས་པ་རྨད་དུ་བྱུང་བའི་ཕྲིན་ལས་མཛད་དེ་ལ་ཕྱག་འཚལ་ལོ།། ་ཕྱག་འཚལ་ལོ།། ཞེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་པར་བྱེད་དོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ། འཇམ་དཔལ་གཞོན་ནུར་གྱུར་པས་སྨྲས ་པ། ལག་ན་རྡོ་རྗེ་དོན་གྱི་དབང་འདི་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཡོངས་སུ་ཞུས་ཤིག་དང་། དོན་འདི་ནི ་དེ་བཞིན་གཤེགས་པས་མཁྱེན་ཏོ།། དེ་ནས་གནོད་སྤྲིན་གྱི་བདག་པོ་ཆེན་པོ་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས། བཅོམ་ལྡན་འདས་ལ་ལན ་གསུམ་བསྐོར་བ་བྱས་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཇི་ལྟར་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་གཟུངས་ལས་དགེ་བའི་རྩ་བ ་བསྐྱེད་པར་བགྱི་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་གཟུངས་འདི་ལས་དགེ་བའི་རྩ་བ་བསྐྱེད་པ་ཉོན་ཅིག། རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་དགེ་བའི་རྩ་བ་བསྐྱེད་པར་འདོད་ཅིང་། བྱང་ཆུབ་ཀྱི་ལམ་ཡོངས་སུ་རྫོགས་པར་འདོད་པའི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ ་དད་པ་ཅན་དེས། བསམ་པ་དགེ་བ་གཟུངས་འདི་ལེགས་པར་བཟུང་ནས་དགེ་བའི་རྩ་བ་བསྐྱེད་པར་བྱ་སྟེ། ལག་ན་རྡོ་རྗེ་དད་པ་ཅན་གྱི་རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་འམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙོན་མ་གང་། གཙང་མས་གོས་གཙང་མ་བགོས་པ། ཁྲུས་ལེགས་པར་བྱས་པ། ་བའི་རྣམ་ལྔ་བསྟེན་པ་དེས། འཇིམ་པ་དང་བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་པ་བྱས་ལ། ཇི་ལྟར་འབྱོར་པའི་མེ་ཏོག ་བཀྲམ་ཞིང་། སྤོས་དང་བདུག་པས་བདུགས་ནས་བཅོམ་ལྡན་འདས་ཀྱིས་བསིལ་བར་བྱའོ།། ཆུ་དེ་ལ་ཡང་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས་ཀྱིས་ལན་བདུན ་བཟླས་བརྗོད་བྱའོ།། དེའི་འོག་ཏུ་ཅན་དཀར་པོས་བྱུག་པར་བྱའོ།། གུར་གུམ་གྱི་མཆོད་པར་བྱ་ཞིང་ཅི་འབྱོར་པས་མཆོད་པར་བྱའོ།། བསྐོར་བ་ཡང་བྱའོ།། བཅོམ་ལྡན ་འདས་ཀྱིས་སྤྱན་སྔར་གཟུངས་ཀྱི་རྒྱལ་པོ་འདི་ཡང་ལན་ཅིག་དྲན་པར་བྱའོ།། མར་མེ་གཅིག་ཀྱང་སྦར་བར་བྱའོ།། ལག་ན་རྡོ་རྗེ་དེའི་དགེ་བའི་རྩ་བ་སྐྱེ་བོ་ཉོན་ཅིག་དང་། ་བཤད་པར་བྱའོ།། དཔེ་ཡང་བསྟན་པར་བྱའོ།། ལག་ན་རྡོ་རྗེ་གང་ཞིག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་གའི་ཀླུའི་རྒྱལ་པོ་ཆེན་པོར་གྱུར་ནས། ་ཆར་པའི་རྒྱུན་གཅིག་གིས་ཟིམ་བུའི་ཕྲ་མོ་འབེབས་པར་བྱེད་ལ་སྐྱེས་བུ་མཐུ་ཆེན་པོ་དང་ལྡན་པ་གང་ཞིག་གིས། ཟིམ་བུ་དང་ཆར་གྱི་རྒྱུན་དེ་དག་བགྲང་བར་བྱེད། ་དཔེར་ཡང་བྱེད་ལ། བགྲང་བ་དེས་ཟིམ་བུ་ཐམས་ཅད་བགྲངས། གཞལ་བསྡོམས་ནས་དེ་སྐད་ཀྱི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ། རིགས་ཀྱི་བུ་འམ། ་རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་སྙེན་མ་དེས་མཆོད་པ་བྱས། མཉེས་པར་བྱས་ནས། ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་མཆོད་པ་བྱས། བཀུར་སྟི་བྱས་པའི་དགེ་བའི་རྩ་བ་སྐྱེ་བ་ནི། རེ་ཤིག་བསོད ་ནམས་ཀྱི་ཕུང་པོ་འདི་ཙམ་ཞིག་སྐྱེ་བར་འགྱུར་རོ་ཞེས། བསྐལ་པ་འམ། བསྐལ་པ་གཅིག་ལས་ལྷག་པ་ཞིག་ལ་བསྙམ་པར་ནུས་ཀྱི། འདི་ནི་དེ་བཞིན་གཤེགས ་བ་ཐམས་ཅད་ཀྱི་ཚད་བཟུང་བར་མི་ནུས་སོ།། ལག་ན་རྡོ་རྗེ་གཉིས་པ་ཡང་དགེ་བའི་རྩ་བ་མི་ཉུང་བ་ཞིག་སྐྱེ་བར་འགྱུར་ཏེ། ལག་ན་རྡོ་རྗེ་གང་གིས་དགེ་བའི་རྩ་བ་སྐྱེ ་བར་འགྱུར་བ། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས། གྲོ་ག་འམ། རས་སམ། གང་ཡང་རུང་བ་འགའ་ཞིག་ལ་བྲིས་ལ། མཆོད་རྟེན་གྱི་ལས ་བྱས་ལ་མཆོད་རྟེན་གྱི་དབུས་སུ་བཅུག་ན། དེས་ནི་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེས་མཆོད་རྟེན་གྱིས་ལས་འབུམ་བྱས་པར་འགྱུར་ཞིང་། ལག་ན་རྡོ་རྗེ་དེ ་སྙེད་ཀྱི་དགེ་བའི་རྩ་བ་མང་པོ་སྐྱེ་བར་འགྱུར་རོ།། ལག་ན་རྡོ་རྗེ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་མ ་གང་ཞིག་གིས་མདོ་དང་རྟོག་པ་ཐམས་ཅད་རྫོགས་པར་བྱེད་འདོད་པས། ལམ་གྱི་གཞི་མདོ་འམ། རི་དྲུང་ངམ། ཆུ་འགྲམ་མམ། གྲོང་ཁྱེར་གྱི་སྒོ་འམ། ་ལམ་པོ་ཆེར་མཆོད་རྟེན་ལེགས་པར་བྱས་ཏེ། མཆོད་རྟེན་དེའི་དབུས་སུ་གཟུངས་འདིའི་ཕྱག་རྒྱ་ཡང་འཇུག་ཏེ་སྲོག་ཤིང་ཡང་འཛུགས་པར་བྱེད་ན། ་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དེའི་མཆོད་རྟེན་ནི། དཔེ་གོང་མ་རྡུལ་ཕྲ་རབ་དང་། དེ་བཞིན་གཤེགས ་པའི་རིང་བསྲེལ་གྱི་སྐུ་གདུང་དང་བཅས་པའི་མཆོད་རྟེན་ཅེས་བྱ། སངས་རྒྱས་ཀྱི་སྙིང་པོའི་མཆོད་རྟེན་ཅེས་བྱ། དེ་བཞིན་གཤེགས་པའི་སྙིང་པོའི་མཆོད་རྟེན་ཅེས ་བྱའོ།། ཞེས་དེ་བཞིན་གཤེགས་པས་ལུང་བསྟན་ཏོ།། ལག་ན་རྗེ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ཞིག། དེ་བཞིན་གཤེགས་པས་ལུང་བསྟན་པའི་མཆོད ་རྟེན་ལ་མེ་ཏོག་གམ། བདུག་པ་འམ། འདུད་པས་ཕྱག་འཚལ་བ་འམ། ཐལ་མོ་སྦྱར་བར་བྱེད་ཅིང་ལན་ཅིག་ཙམ་ཡང་བསྐོར་བ་བྱེད་ན། རིགས་ཀྱི་བུ་འམ་རིགས ་ཀྱི་བུ་མོ་དེ་ལ་དགེ་བའི་རྩ་བ་སྔ་མ་ཇི་ཙམ་དེ་སྙེད་སྐྱེ་བར་འགྱུར་རོ།། སྡིག་པ་ཐམས་ཅད་དང་བྲལ་བར་འགྱུར་རོ།། དམྱལ་བ་དང་། ཡི་དགས་དང་། དུད་འགྲོའི ་སྐྱེ་གནས་ལས་ཡོངས་སུ་ཐར་བར་འགྱུར་རོ།། ཕྱིར་མི་ལྡོག་པ་རྣམ་པར་བཀོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ།། ལུས་ཤིན་ཏུ་རྣམ་པར་དག་པར ་འགྱུར་རོ།། བྱང་ཆུབ་ཀྱི་སྙིང་པོའི་མཐར་ཐུག་གི་བར་དགེ་བའི་རྩ་བ་མི་ཟད་པར་འགྱུར་རོ།། ཕྱིན་ཆད་མའི་མངལ་དུ་སྐྱེ་བར་མི་འགྱུར་རོ།། ལག་ན་རྡོ་རྗེ་དེ་ལྟར་ན། ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་གཟུངས་ནི་རྙེད་པར་དཀའ་བ་ཡིན་ནོ།། ལག་ན་རྡོ་རྗེ་གང་ཞིག་དེ་བཞིན་གཤེགས་པའི་གཟུགས་བརྙན་འཇིམ་པ་ལས་བྱས་པ་འམ། ་རི་མོར་བྲིས་པ་འམ། ཤིང་ལས་བྱས་པ་འམ། སྤོས་ལས་བྱས་པ་འམ། ར་གན་ལས་བྱས་པ་འམ། ཟངས་ལས་བྱས་པ་འམ། ལྕགས་གསུམ་ལས་བྱས ་པ་འམ། དངུལ་ལས་བྱས་པ་འམ། གསེར་ལས་བྱས་པ་འམ། གོས་ལས་བྱས་པ་ཞིག་བྱེད་ལ། དེ་བཞིན་གཤེགས་པའི་སྐུ་དེའི་ནང་དུ། གཟུངས་ཀྱི་ཆོས་ཀྱི ་རྣམ་གྲངས་འདི་ཡང་ཐམས་ཅད་རྫོགས་པར་བྲིས་ལ་བཅུག་ནས། མཆོད་པ་མངོན་པར་འདུ་བྱ་བ་བྱེད་ཅིང་ཕྱག་འཚལ་ན། ལག་ན་རྡོ་རྗེ་དགེ་སློང་ངམ། དགེ་སློང་མ ་འམ། དེའི་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་བཞིན་གཤེགས་པས་མཛད་པ་དང་། དེ་བཞིན་གཤེགས་པས་བསྒྲགས་པར་ཡང་འགྱུར་རོ།། དེ ་བཞིན་གཤེགས་པས་བཤད་པ་དང་། སངས་རྒྱས་ཀྱི་སྤྱན་རྣམ་པར་གཟིགས་པ་དང་། དེ་བཞིན་གཤེགས་པའི་སྐུ་སྙེད་དང་། རྒྱ་མཚོ་ཆེན་པོའི་ཆུའི་ཐིག ་པའི་གྲངས་དང་མཉམ་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པར་འགྱུར་རོ།། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ ་འམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ཞིག་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་ལ་མཆོད་པ་དང་བཀུར་སྟི་བྱེད་ན། དེ་བཞིན་གཤེགས་པ་ཐམས ་ཅད་མཉེས་པར་བྱས། གུས་པར་བྱས། བླ་མར་བྱས་པར་འགྱུར་ཏེ། བསོད་ནམས་ཀྱི་ཕུང་པོ་དེ་སྙེད་སྐྱེ་བར་འགྱུར་རོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན ་ཆེན་པོ་ལག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་ཀྱི་རྟོག་པའི ་རྒྱལ་པོ་འདི་ནི་མཐུ་ཆེ་བ། ཕན་ཡོན་ཆེ་བ་ལགས་སོ།། བཅོམ་ལྡན་འདས་གཟུངས་འདིའི་མིང་བརྗོད་པ་ཙམ་གྱིས་དགེ་བའི་རྩ་བ་མང་པོ་སྐྱེ་བར་འགྱུར་རོ།། བསོད་ནམས ་ཀྱི་ཕུང་པོ་ཆེན་པོ་དང་ལྡན་པར་འགྱུར་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལག་ན་རྡོ་རྗེ་དགེ ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་འམ། རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། བསོད་ནམས་ཀྱི་ཕུང་པོ ་ཡོངས་སུ་རྫོགས་པར་འདོད་ཅིང་། འདས་པ་དང་། མ་བྱོན་པ་དང་། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་གང་དག་ཡིན་པ་དེ་དག་ཐམས་ཅད་ལ་མཆོད་པར ་འདོད་པ་དེས། གཟུངས་ཀྱི་རྟོགས་པའི་རྒྱལ་པོའི་མདོ་འདི་ཐམས་ཅད་རང་གི་ལག་ནས་གླེགས་བམ་དུ་བྲིས་པར་བྱ། ཟ་མ་ཏོག་བྱས་ཏེ་དེའི་ནང་དུ་གཞུག་པར་བྱ། ་ཉིན་གཅིག་བཞིན་དུ་མཆོད་པ་བྱ། བསྟོད་པ་བྱ། བསྐོར་བ་བྱ་སྟེ། དེ་ལྟར་ན་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མ་འམ། དག ་བསྙེན་ནམ། དགེ་སྙེན་མས། འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་གང་དག་ཡིན་པ་དེ་དག་ཐམས་ཅད་ལ་མཆོད་པར་འགྱུརརོ།། ་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པར་འགྱུར། སེམས་ཅན་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབ་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས ་ལུང་སྟོན་པར་འགྱུར། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབུགས་འབྱིན་པར་འགྱུར་ཏེ། སེམས་ཅན་དེ་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར་བྱའོ།། དེ་ནས་ཡང ་བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་ལ་འདི་སྐད་ཅེས་བཀའ ་སྩལ་ཏོ།། ཀྱེ་རྒྱལ་བའི་སྲས་དག་ཕྱི་མའི་དུས་ན། གཟུངས་ཀྱི་མདོ་རྟོག་པའི་རྒྱལ་པོ་ནུབ་པར་མི་འགྱུར་བར་རྗེས་སུ་བཏད་ཀྱིས། སེམས་ཅན་འདི་དག་ཀྱང་བསྲུང་བ། ་དང་། ཡོངསུ་བསྐྱབ་པ་གྱིས་ལ། རང་རང་གི་བསྲུང་བ་དང་། སྦ་བ་དང་། གསང་སྔགས་དང་། ཕྱག་རྒྱ་དག་བྱིན་ཅིག། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་པ ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་གིས་བཅོམ་ལྡན་འདས་ཀྱིས་ཞབས་ལ་བཏུགས་ནས། བཅོམ་ལྡན་འདས་ལ ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་གཟུངས་ཀྱི་མདོ་རྟོག་པའི་རྒྱལ་པོ་འདིས་བདག་ཅག་ལ་ཕན་ཐོགས་ལགས་ཏེ། དམ་པའི་ཆོས་གཟུངས་ཀྱི་རྟོག ་བའི་རྒྱལ་པོ་འདི་འཛིན་པར་བགྱིད་པའི་སྐྱེས་བུ་དམ་པ་དེ་ཡང་ཡོངས་སུ་བསྐྱང་བ་དང་། ཡོ་བྱད་ཐམས་ཅད་ཀྱི་མི་བྲེལ་བར་འཆལ་བར་བགྱི། ཕྱག་རྒྱ་དང་། ་གསང་སྔགས་ཐམས་ཅད་ཀྱང་བསྐུལ་བར་བགྱི། བྱང་ཆུབ་ཀྱི་སྙིང་པོར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྲུང་བར་ཡང ་འཚལ་ལོ།། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་གཞོན་ནུར་གྱུར་པ་དང་། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་རྣམས་ལ ་ལེགས་སོ་ཞེས་བྱ་བ་གནང་སྟེ། ཀྱེ་རིགས་ཀྱི་བུ་ལེགས་སོ་ལེགས་སོ།། བདེ་བར་གཤེགས་པ་བཅོམ་ལྡན་འདས་ཀྱིས་ཐུགས་སུ་ཆུད་དེ་བཀའ་སྩལ་ནས། ་སྟོན་པས་གཞན་ཡང་འདི་སྐད་ཅེས་གསུངས་སོ།། དེ་ནས་འདི་ཆོ་ག་ལས་ཐམས་ཅད་བྱེད་པ་དགེ་བ་བསྒྲུབ་བླ་བ། སྡིག་པ་ཐམས་ཅད་རྣམ་པར་འཇིག་པར་བྱེད་པ ་བཤད་པར་བྱའོ།། གཙང་མས་གཙང་མའི་གོས་བགོས་ཏེ། ལེགས་བཀྲུས་བཟླས་བརྗོད་བྱེད་པ་ནི། གང་དང་གང་དུ་སྦྱོར་བ་ཡི། ལས་ནི་འབྲས་བུ་ཡོད་པར ་བྱེད། དེ་ལན་བརྒྱ་རྩ་བརྒྱད་བཟླས་བརྗོད་བྱས་ན། སང་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་མཐོང་བར་འགྱུར་རོ།། ཚེ་ལོ་བརྒྱ་ཐུབ་པར་འགྱུར། ་ནད་ཐམས་ཅད་དང་བྲལ་བར་འགྱུར། དེ་ལ་ལྷ་ཐམས་ཅད་ཀྱང་རྟག་ཏུ་བསྲུང་བ་དང་། བསྐྱབ་པ་དང་། སྦེད་པར་བྱེད་པར་འགྱུར། གནོད་སྦྱིན་གྱི་སྡེ་དཔོན ་ལག་ན་རྡོ་རྗེ་དང་། རྒྱལ་པོ་ཆེན་པོ་བཞི་དག་ཀྱང་རྟག་ཏུ་རྒྱུན་མི་ཆད་པར་རྗེས་སུ་འབྲང་བར་འགྱུར། ཡིད་ལ་རེ་བ་ཐམས་ཅན་ཡོངས་སུ་རྫོགས་པར་འགྱུར། ་ཤི་པོས་ནས་ཀྱང་མངོན་པར་དགའ་བའི་འཇིག་རྟེན་གྱི་ཁམས་སུ་སྐྱེ་བར་འགྱུར། ཕྱིན་ཆད་མིའི་མངལ་དུ་སྐྱེ་བར་མི་འགྱུར། རྟག་ཏུ་ཚེ་རབ་ཐམས་ཅད་དྲན་པར་འགྱུར ་རྟག་ཏུ་པད་མའི་སྙིང་པོ་ལ་རྫུས་ཏེ་སྐྱེ་བར་འགྱུར་རོ།། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ན་དམྱལ་བ་ཐམས་ཅད་ལས་ཐར་པར་འགྱུར། སྡིག་པ་ཐམས ་ཅད་རྣམ་པར་འཇིག་པར་འགྱུར། ཕྱིན་ཆད་ནམ་ཡང་ངན་སོང་དུ་འགྲོ་བར་མི་འགྱུར། དགྲ་ཐམས་ཅད་ཀྱི་མི་ཐུབ་པར་འགྱུར། ལན་བདུན་བརྗོད་པས་འཐབ་པ་དང ་བརྩོད་པ་དང་། འཐའ་མོ་དང་། འགྱེད་པ་དག་ལ་ལེན་ཐེབས་པར་འགྱུར། ཟླ་བ་ཉ་བའི་ཚེས་བཅོ་ལྔའི་ཉིན་ཞག་གཅིག་ཏུ་བསྙུང་བ་བྱས་ལ། གཙང་མས་གོས ་གཙང་མ་བགོས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་དཀྱིལ་མོ་དཀྲུང་དུ་འདུག་ལ། བཅོམ་ལྡན་འདས་ལ་མེ་ཏོག་དང་། བདག་པ་དང་། སྤོས ་དང་། མར་མེ་མཆོད་པ་བྱ་ཞིང་། བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས་འདི་ཡང་ལན་སྟོང་དེ་བརྗོད་པར་བྱའོ།། བཟླས་བརྗོད་སྟོང་ཚང་བ་དང་། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་ཕྱག་གསེར་གྱི་མདོག་ཅན་བསྐྱངས་ཏེ་སྤྱི་བོར་འཇོག་པར་མཛད། དབུགས་འབྱིན་པར་མཛད། ་ལེགས་སོ་ཞེས་བྱ་བ་ཡང་གསོལ་ཏེ། རིག་སྔགས་འཆང་ཆེན་པོ་ལེགས་སོ་ལེགས་སོ།། ཁྱོད་ཀྱི་ལེགས་པ་སྤང་བ་བྱས་སོ།། སྐྱེས་བུ་ཆེན་པོ་ཁྱོད་ཀྱི ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས་གྲུབ་པོ།། རིག་སྔགས་འཛིན་ཆེན་པོ་ཁྱོད་ཀྱིས་བརྩོན་འགྲུས་ཤིན་ཏུ ་སྦྱངས་སོ།། འབད་པ་བྱས་སོ།། ཁྱོད་ཀྱི་དགེ་བའི་རྩ་བ་མང་པོ་ཡོངས་སུ་བཀང་གིས། ཁྱོད་སངས་རྒྱས་ཀྱིས་ཞིང་དུ་འགྲོ་འདོད་པ་དེར་སོང་ཤིག་དང་། བདག ་ཉིད་ཀྱི་ལུས་ཀྱང་རིག་སྔགས་འཛིན་གྱི་ལུས་འབར་ཅན་དུ་འགྱུར་རོ།། གསང་སྔགས་དང་། རྟོག་པ་དང་། ཐམས་ཅད་འགྲུབ་པར་འགྱུར། དམ་པའི་མཆོག་ཐམས ་ཅད་ཀྱང་ཅི་བདེར་སྤྱོད་པར་འགྱུར་རོ།། འདི་ནི་སྔོན་སྙན་པ་བྱས་པའི་བསྒྲུབ་པ་བྱས་པ་ཡིན་ཏེ། གལ་ཏེ་མཚམས་མེད་པ་ལྔ་བྱེད་པ་ཞིག་ཡིན་ན་ཡང་། དེས་བསྙད ་བ་བྱས་བཟླས་བརྗེད་གཅིག་གིས་འགྲུབ་པར་འགྱུར་རོ།། ཆེས་ཉི་ཤུ་དག་ལ་རིང་བསྲེལ་དང་བཅས་པའི་མཆོད་རྟེན་གྱི་དྲུང་དུ། ཉིན་ཞག་ཅིག་སྦྱང་བར་བྱས་ཏེ ་ཁྲུས་ལེགས་པར་བྱས། གོས་གཙང་མ་བགོས་ནས། ཟངས་ཀྱི་སྣོད་ཀྱི་ནང་དུ་ཉུང་ཀར་གྱིས་བཀང་ལ་ལན་སྟོང་དུ་བཟླས་བརྗོད་བྱའོ།། དེ་ནས་ཐམས་ཅད་དུ ་སྤྱད་པར་བྱ་སྟེ། ཀླུད་ཉང་ཀར་ཆད་པར་བླངས་ཏེ། ཀླུའི་གནས་སུ་གཏོར་ནས། ཀླུ་ཐམས་ཅད་དབང་དུ་འགྱུར་རོ།། ཀླུའི་གནས་སུ་འགྲོ་བ་ཡང་སྟེར་ཏེ། ་ཐམས་ཅད་རྐང་པ་ལ་བདུད་ཅིང་གང་དེ་བསྒོ་བ་དེ་ཉན་ཏོ།། ན་མཁའ་ལ་གཏོར་ན། གནམ་ལྕགས་ཅི་འབབ་པར་འགྱུར། འཚུལ་མ་མི་ལྡང་བར་འགྱུར་རོ།། ། ་ཕྱོགས་བཞིར་གཏོར་ན། ཀ་རླུང་དང་། ཆར་པ་དང་། སྦྲང་བུ་དང་། ཤ་སྦྲང་དང་། རི་སྐེགས་དང་། བྱེ་བ་དང་། གཅན་ཟན་གཏུམ་པ་ལ་སོགས་པ་ཐམས ་ཅད་བཀག་པར་འགྱུར་རོ།། མེ་ལ་གཏོར་ན་མེའི་དཔལ་ཞི་བར་འགྱུར་རོ།། ཆུ་ཀླུང་ཆེན་པོར་གཏོན་ན་བརྟན་པར་འགྱུར་རོ།། ཆུ་རྒྱུན་ཆེན་པོར་གཏོར་ན་ནུ་རྒྱུན ་ཆད་པར་འགྱུར་རོ།། འགྲོན་པོའི་ནང་དུ་གཏོར་ན། ཆོམ་རྐུན་དང་། གཡོན་ཅན་དང་། མི་རྒོད་ཀྱི་མཐོང་བར་མི་འགྱུར་ཞིང་ལམ་དྲག་པོར་འགྲོ་བར་འགྱུར་རོ།། ་རྒྱལ་པོའི་ཕོ་བྲང་གི་སྒོར་གཏོར་ན། རྒྱལ་པོ་དང་། བློན་པོ་དང་། བཙུན་མོ་དམ་པ་དབང་དུ་འགྱུར་རོ།། སྐྱེ་བོ་མང་པོའི་ནང་དུ་གཏོར་ན། མཆོད་གནས་ཆེན་པོར ་འགྱུར་རོ།། དམག་གི་ནང་ན་གཏོར་ན་ཐམས་ཅད་རེངས་པར་འགྱུར་རོ།། ཚོང་འདུས་ཀྱི་ནང་དུ་གཏོར་ན་ཐམས་ཅད་རེངས་པར་འགྱུར་རོ།། མི་སྣང་བར་འགྱུར་རོ།། ་ཞིང་ལ་གཏོར་ན། ཞིང་གི་སྲིན་བུ་མེད་པར་འགྱུར་རོ།། ཆར་མི་འབབ་པའི་ཆེ། ཀླུ་གནས་པའི་ཚེ་འུར་གཏོར་ན། ཆར་ཆེན་པོ་འབབ་པར་འགྱུར་རོ།། ཧ་ཅང ་ཆར་ཆེས་པའི་ཚེ་ན་ན་མཁའ་ལ་གཏོར་ན་ཆར་ཆད་པར་འགྱུར་རོ།། དགྲའི་ཁྱིམ་དུ་གཏོར་ན་བྱིས་དགྲ་མི་ལྡང་བར་འགྱུར་རོ།། གྲོང་ཁྱེར་གྱི་སྒོར་གཏོར་ན། ནང ་འགོ་བ་དང་། འཚེ་བ་ཐམས་ཅད་ཞི་བར་འགྱུར་རོ།། གནོད་སྤྲིན་དང་སྲིན་པོ་ལ་སོགས་པ་ཐམས་ཅད་འབྱེར་བར་འགྱུར་རོ།། གཡུལ་གྱི་ནང་དུ་གཏོར་ན ་ཐམས་ཅད་ངེས་པར་འགྱུར། རྒྱལ་བར་འགྱུར་རོ།། ཁར་བླུགས་ན་འཐབ་པ་དང་། བཅོད་པ་དང་། འགྱེད་པ་ཐམས ་ཅད་དུ་ལེན་ཐེབས་པར་འགྱུར་རོ།། ནད་ཐམས་ཅད་ལ་ཉུང་ཀར་གྱི་ཆུས་བཀྲུས་ན་ནད་མེད་པར་འགྱུར་རོ།། གདོན་ཐམས་ཅད་ལ་བུ་རམ་དང་བསྲེས་ཏེ་འདུག་ན། གདོན ་ཐམས་ཅད་ལས་ཐར་བར་འགྱུར་རོ།། བ་ལང་འཆི་བ་དང་། མི་འཆི་བ་དང་། ཁྱེའུ་དང་བུ་མོ་འཆི་བ་དང་། ལམ་གྱི་བཞི་མདོར་མར་དང་ཉུང་ཀར་གྱི་སྦྱིན་སྲེག་བྱས་ན། ་ནད་ཐམས་ཅད་ཞི་བར་འགྱུར་རོ།། རང་ལ་གཏོར་ན་མཆོག་གནས་ཆེན་པོར་འགྱུར་རོ།། མཆོད་རྟེན་དུ་གནས་པས་ཐམས་ཅད་དགའ་བར་འགྱུར་རོ།། ཟླ་བ་ཉེ་བའི་ཚེས ་བཅོཅཝོ་ལྔ་ལ། འཕགས་པ་འཇམ་དཔལ་གྱི་ཞབས་ལ་ནན་ཏེ། སྲོད་ནས་ནམ་ལངས་ཀྱི་བར་དུ་གུ་གུལ་གྱིས་བདུག་ཅིང་བཟླས་བརྗོད་བྱས་ན། ནམ་ལངས་པའི་ཚེ་དེ་ཉིད ་རང་གིས་གཟུགས་ཀྱི་མདུན་ནས་དམ་པ་ཐམས་ཅད་སྦྱིན་པར་བྱེད། ཡིད་ལ་རེ་བ་ཐམས་ཅད་ཡོངས་སུ་བསྐོང་བར་བྱེད་དོ།། འཕགས་པ་ལག་ན་རྡོ་རྗེའི་ཞབས་ལ ་གནན་ཏེ། ཉུང་ཀར་དང་། གུ་གུལ་དང་། མར་གྱི་བདུག་ཅིང་ལན་ཅིང་སྟོང་རྩ་བརྒྱད་དུ་བཟླས་བརྗོད་བྱས་ན། རང་གི་གཟུགས་ཀྱི་མདུན་ན་བཞུགས་ཤིང་རིག་སྔག ་རྟོགས་པ་དང་། མ་བྲལ་བར་ཐམས་ཅད་ཀྱི་གྲུབ་པ་ཐམས་ཅད་སྩལ་བར་མཛད། རེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་སྩལ་བར་མཛད། བུ་བཞིན་དུ་ཡོངསུ ་སྐྱོང་བ་མཛད་དོ།། ནོར་བུ་བཟང་པོའི་བུའི་རྐང་པ་མནན་ཏེ་ལན་སྡོང་ན་དུ་བཟླས་བརྗོད་བྱས་ན། ནོར་མང་པོ་གཏེར་བར་འགྱུར། རེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་གཏེར ་བར་འགྱུར་རོ།། བུའི་གཟུགས་ཀྱི་མདུན་ན་འདུག་ཅིང་གང་བསྒོ་བ་དེ་ཉན་པར་འགྱུརརོ།། རྣམ་ཐོས་ཀྱི་སྤྱི་བོར་མནན་ཏེ། ཨ་ཀ་རུས་བདུག་ཅིང་ལན་བརྒྱ་རྩ་གཉིས་བཟླས ་བརྗོད་བྱས་ན། ནོར་བུ་བཟང་པོའི་བུས་གཏེར་བ་བཞིན་གཏེར་བར་འགྱུར་རོ།། མཚོན་སྣ་ལྔས་གནོད་སྦྱིན་མོ་བྲིས་ཏེ་དེའི་མདན་ད་ས་ལའི་སྤོས་ཀྱིས་བདུག་ཅིང་། ་ལན་སྟོང་རྩ་ཉི་ཤུར་བཟླས་བརྗོད་བྱས་ན། མདུན་ན་འདུག་ཅིང་མངའ་གཞུག་པར་འགྱུར་ཏེ། གང་བསྒོ་བ་དེ་ཉན་ཅིང་ཇི་སྲིད་འཚོའི་བར་དུ་འདུག་པར་འགྱུར་རོ།། གཞན ་དག་གིས་ཀྱང་ལས་སྟོང་ཕྲག་དང་། དེ་བཞིན་དུ་ལས་བརྒྱ་ཕྲག་དག་བྱེད་ཅིང་། ཐམས་ཅད་དུ་དངོས་གྲུབ་ལ་སྦྱར་བར་བྱའོ།། དེ་ནས་རི་མོའི་སྐུ་གཟུགས་དམ་པ་དོན་ཐམས ་ཅད་སྒྲུབ་པར་བྱེད་པར་བྱའོ།། རས་ཁྲུ་བཞི་པ་ཁ་ཚར་མ་བཅད་པ་སྤྱོད་མེད་པ་ལ། རི་མོ་མཁན་གཙང་མ་གོས་པ་མྱང་བ་བྱས་པས། དབུས་སུ་དེ་བཞིན་གཤེགས་པ ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ། རིན་པོ་ཆེའི་ཤིང་ལྗོན་པའི་དྲུང་ན། སེང་གེའི་ཁྲེ་ལ་བཞུགས་པ་བྲིའོ།། དེའི་འོག་ཏུ་སངས་རྒྱས་ཀྱི ་སྐུ་གཟུགས་ཤེག་བྲིའོ།། བཅོམ་ལྡན་འདས་ནི་ཆོས་སྟོན་པར་མཛད་བྱ་བྲིའོ།། རིན་པོ་ཆེའི་ཤིང་ལྗོན་པ་དེའི་ལོ་མ་ནི་བྱང་ཆུབ་ཀྱི་ཤིང་ལྟ་བུར་བྱའོ།། གཡས་ལོགས་སུ ་འཕགས་པ་འཇམ་དཔལ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་མའི་སྟེང་དུ་པུས་མོ་བཙུགས་ནས་བཅོམ་ལྡན་འདས་ལ་ལྷང ་བཟེད་ཕུལ་བ་བྲིའོ།། གཡོན་ཕྱོགསུ་འཕགས་པ་ལག་ན་རྡོ་རྗེ་གདོང་གྱུར་པ། ཁྲོས་པའི་གཟུགས་སུ་འདུག་པ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། པད་མའི་སྟེང་དུ ་པུས་མོ་བཙུགས་ཏེ་རྡོ་རྗེ་གསོར་བར་བྱེད་ཅིང་། བཅོམ་ལྡན་འདས་ལྟ་བ་བྲི་བར་བྱའོ།། འཕགས་པ་འཇམ་དཔལ་གྱི་སྟེང་དུ། མཆོད་སྡོང་ཆུ་ཞེང་གབ་པ་ལན་ཀན་གྱིས ་རྒྱན་པ་བྲི་བར་བྱའོ།། མཆོད་སྡོང་གི་ནང་དུ་སངས་རྒྱས་བཅོམ་ལྡན་འདས་སེང་གེའི་ཁྲི་ལ་བཞུགས་ཤིང་དབུགས་འབྱིན་པར་མཛད་པ་བྲིའོ།། ལག་ན་རྡོ་རྗེའི་རྒྱབ ་ལོགསུ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གྱི་མདོ་ཟ་མ་ཏོག་གི་ནང་དུ་བཅུག་ནས། སེང་གེའི་ཁྲིའི་སྟེང་དུ་བཞག་པ་བྲིའོ།། དེའི་སྟེང་དུ་དེ་བཞིན་གཤེགས་པའི་སྐུ་བྲིའོ།། ་དེའི་འོག་ལོགས་སུ་རྡོ་རྗེ་ཕོ་ཉ་མོ་བག་བཞད་ལྷག་འདོན་པ་བྲིའོ།། མཆོད་སྡོང་གི་སྟེང་གི་འོག་ཏུ་ལྷ་མོ་དཔལ་བྲིའོ།། གནས་ཀྱི་ནང་དུ་རྒྱལ་པོ་ཆེན་པོ་བཞི་གོ་བགོས ་པ་ཁྲོས་པའི་གཟུགས་སུ་འདུག་པ་བྲིའོ།། དེའི་འོག་ལོགས་སུ་རིག་སྔགས་འཆང་བུས་མོ་བཙུགས་ནས། ལག་ན་པོས་ཕོར་ཐོག་ཏེ་ཕྲེང་བ་བགྲང་ཞིང་བཅོམ ་ལྡན་འདས་ལྦུ་བ་བྲིའོ།། གལ་ཏེ་མནར་མེད་པར་འགྲོ་བ་དང་། འཕགས་པ་ལ་བསྐུར་པ་འདེབས་པ་དང་། འཚམས་མེད་པ་ཞིག་བྱེད་པ་ཡིན་ན་ཡང་། ་རི་མོའི་སྐུ་འདི་མཐོང་བ་ཙམ་གྱིས་མོད་ལ་དེའི་ལས་ཐམས་ཅད་ཡོངས་སུ་བཏུགས་པར་འགྱུར་ཏེ། སེམས་ཅན་དེ་དག་ཐམས་ཅད་ནི་ཕྱིར་མི་ལྡོག་པ་ཡིན་པར་རིག་པར ་བྱས་ན། ལྷག་པར་བྱ་བ་མང་པོ་བྱས་པ་ལྷ་སྨོས་ཀྱང་ཅི་འཚལ། སེམས་ཅན་དེ་དག་ནི་དེ་བཞིན་གཤེགས་པ་དང་མཚུངས་པར་རིག་པར་བྱའོ།། ད་ནི་དཀྱིལ་འཁོར་གྱི ་ཆོ་ག་བཤད་པར་རིག་པར་བྱའོ།། གཙུག་ལག་ཁང་ངམ། དགོན་པ་འམ། ལྷའི་གནས་ཀྱང་རུང་བར། བ་ལང་གི་ལྕི་བ་འཇིམ་པ་སྲེས་པས་དཀྱིལ་འཁོར ་གྲུ་བཞི་པ། ཁོར་ཡུག་ཏུ་ཁྲུ་བཅུ་དྲུག་པ། ཤིན་ཏུ་བསྟན་པ། གནས་བཟང་པོ་འཚམས་པར་ལེགས་པར་བྱི་དོར་བྱས་པ་ཞིག། རི་མོ་མཁན་གཙང་མ་གོས ་གཙང་མ་བགོས་པ། ཚོན་སྔས་འཁོར་ཡུག་དུ་སྒོ་བཞི་པ། གྲུ་བཞི་ཆ་མཉམ་པར་བརྒྱན་པ་བྲིའོ།། གྲུ་བཞིར་རྒྱལ་པོ་ཆེན་པོ་བཞི་བྲིའོ།། དཀྱིལ་འཁོར་གྱི ་དབུས་སུ་སངས་རྒྱས་ཀྱི་སྐུ་གཟུགས་བཞག་གོ། སྒོ་སྒོར་ནོར་བུ་རིན་པོ་ཆེའི་ཤིང་ལྗོན་པ་ཤིན་ཏུ་མཛེས་པ་བྲིས་ལ། ཤར་སྒོར་ལྷ་མོ་དཔལ་ཆེན་མོ་བཞག་གོ།། ་ལྷོ་སྒོར་ཚིག་ལྡན་མ་བཞག་གོ།། ནུབ་སྒོར་དུང་ཆེན་མོ་བཞག་གོ། བྱང་སྒོར་མེ་ཏོག་ས་ཆེན་མ་སྟེ། འབྲས་ཡོས་དང་། ལུང་དཀར་སྲེས་པས་གཏོར་བར ་བྱའོ།། མེ་ཏོག་སྣ་ཚོགས་བཀྲམ་པར་བྱའོ།། སྤོས་སྣ་ཚོགས་ཀྱིས་གདུགས་པར་བྱ།། བུམ་པ་གང་བ་བཞི་དང་། དེ་བཞིན་དུ་ལྷ་བཤོས་ཀྱིས་གང་བཞི ་ཡང་བཞག་པར་བྱ། པོས་ཕོར་བཞི་ཡང་བཞག་པར་བྱ། སྣ་ཚོགས་རོ་དང་ལེགས་བཤམས་པའི། སྣ་ཚོགས ་གཏོར་མ་བཞག་པར་བྱ། མེ་ཏོག་ཕྲེང་ནི་སྣ་ཚོགས་བཞག། ལྷ་བཤོས་རྟག་ཏུ་དཀར་པོ་བྱ། སྐྲ་གཟུགས་ཤར་ཕྱོགས་ཞལ་བསྟན་ཏེ། ཕྱོགས་བཞིར་མར་མེ ་བཞག་པར་བྱ། རིགས་འཛིན་ཁ་ལྟས་ནུབ་ཕྱོགས་ནས། བཟླས་བརྗོད་ཀྱི་ནི་ལས་བྱའོ།། བསྲུང་བའི་ཆོ་ག་བཞིན་བྱས་ནས། ནུབ་ཀྱི་སྒོ་ནས་འཇུག་པར་བྱ། ཞུགས ་པ་ཙམ་གྱིས་མོད་ལ་ནི། སྡིག་པ་ཐམས་ཅད་རྣམ་པར་འཇིག། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར། བསོད་ནམས་ཐམས་ཅད་རབ་ཏུ་སྐྱེ། སངས་རྒྱས་དང ་ནི་བྱང་སེམས་མཐོང་། ངན་འགྲོ་ཀུན་ལས་གྲོལ་བར་འགྱུར། འབྱུང་པོ་ཀུན་གྱི་མི་ཐུབ་འགྱུར། ཉིན་མོ་དང་ནི་མཚན་མོ་ཡང་། ལྷ་རྣམས་ཅད་བསྲུང་བར་འགྱུར། ་རིག་སྔགས་འཛིན་པས་གྲོགས་པོ་དག། རྟག་ཏུ་བསྲུང་ཕྱིར་བསྟན་པར་འགྱུར། དཀྱིལ་འཁོར་དུ་ནི་རབ་ཞུགས་པའི། སེམས་ཅན་ཕྱིར་མི་ལྡོག་པར་འགྱུར། ་ཡང་འདིའི་གསང་སྔགས་ཀྱི་ལེའུ། རིག་སྔགས་འཆང་ཐམས་ཅད་ཀྱི་དོན་སྒྲུབ་པ་བཤད་པར་བྱའོ།། ཨོཾ་སརྦ་ཏ་ཐཱ་ག་ཏ། བྱཱ་ལོ་ཀི་ཏེ་ཛ་ཡ་སྭཱ་ཧཱ། དཀྱིལ ་འཁོར་བཅིངས་པའི་སྔགས་སོ།། ཨོཾ་ཛ་ཡེ་མ་རི་བི་ཛ་ཡེ་མ་རེ་སྭཱ་ཧཱ། གཏོང་བའི་གསང་སྔགས་སོ།། ཨོཾ་སརྦ་སན་དྷ་རེ་མི་ལེ་ཛ་ཡེ་སྭཱ་ཧཱ། སྤྱན་དྲངས་པའི ་སྔགས་སོ།། ཨོཾ་བུད་དྷ་ཀུ་སུ་མེ་སྭཱ་ཧཱ། མེ་ཏོག་གི་གསང་སྔགས་སོ།། ཨོཾ་ཛ་ཡ་གན་དྷེ་སྭཱ་ཧཱ། བདུག་པའི་གསང་སྔགས་སོ།། ཨོཾ་བི་ཛ་ཡ་གརྦེ་སྭཱ་ཧཱ། ་དབང་བསྐུར་བའི་གསང་སྔགས་སོ།། ཨོཾ་སརྦ་ཏ་ག་ཏ་ཛ་མེ་སྭཱ་ཧཱ། སྤྱི་གཙུག་བཅིང་བའི་སྔགས་སོ།། ཨོཾ་ཛ་ཡ་བྲིད་ཏེ་སྭཱ་ཧཱ། གོས་བགོ་བའི་གསང་སྔགས་སོ།། ་ཨོཾ་ཀུ་ལན་དྷ་རི་སྭཱ་ཧཱ། སློབ་མའི་གསང་སྔགས་སོ།། ཨོཾ་དྷ་རེ་དྷ་ར་མི་ལི་ཛ་ཡེ་སྭཱ་ཧཱ། སླར་གཤེགས་སུ་སྔགས་སོ།། ཨོཾ་སུ་སཾ་བཱ་ཛ་ཡེ་སྭཱ་ཧཱ། བགྲང་ཕྲེང་གི ་གསང་སྔགས་སོ།། ཨོཾ་སུན་དྷ་རི་ཛ་ཡེ་སྭཱ་ཧཱ། གདན་གྱི་སྔགས་སོ།། ཨོཾ་མུ་ནི་བྷ་རེ་ཛ་ཡེ་སྭཱ་ཧཱ། ལོག་འདྲེན་བཅིང་བའོ།། ཨོཾ་ཕྲ་བར་ཛ་ཡ་དཔ་དྷེ་སྭཱ་ཧཱ། དེ ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲང་བའི་སྔགས་སོ།། ཨོཾ་རཀྵ་ནི་ཛ་ཡེ་སྭཱ་ཧཱ། བདག་བསྲུང་བའི་གསང་སྔགས་སོ།། ཨོཾ་བི་ཛ་ཡ་དྷི་དྷི་བ་ན་ཡེ་སྭཱ་ཧཱ།། ་མར་མེའི་སྔགས་སོ།། ཨོཾ་ཨ་མ་ལེ་བ་ལེ་སྭཱ་ཧཱ། སྦྱིན་བསྲེག་གསང་སྔགས་སོ།། ཨོཾ་ས་མ་ཛ་ཡ་སིད་དྷེ་སྭཱ་ཧཱ།། དེ་བཞིན་གཤེགས་པ་ཐམས་ཅད་ལ ་གསོལ་བ་གདབ་པའི་སྔགས་སོ།། འདི་ནི་སྙིང་པོའི་ཆོ་ག་ཡིན་ཏེ། ལན་འབུམ་བཟླས་བརྗོད་བྱས་ན། རིག་སྔགས་འཆང་གིས་འཁོར་ལོས་བསྒྱུར་བ ་ཆེན་པོར་འགྱུར་རོ།། ལྡོང་རོས་ལན་འབུམ་བཟླས་བརྗོད་བྱས་ཏེ་མིག་ལ་བསྐུས་ན། ན་མཁའ་ལ་འགྲོ་བར་འགྱུར་རོ།། ཕུག་གནས་ཐམས་ཅད་སྒྲིབ་པ་མེད ་། པར་མཐོང་སྟེ། གང་དུ་འགྲོ་འདོད་པ་དེར་འཇུག་པར་འགྱུར་རོ།། ཚེ་བསྐལ་པར་ཐུབ་པར་འགྱུར་རོ།། སྨན་སེ་བུ་བི་རི་ལན ་འབུམ་བཟླས་བརྗོད་བྱས་ན་མི་སྣང་བར་འགྱུར་ཞིང་འབྱུང་པོའི་གནས་ཐམས་ཅད་སྒྲིབ་པ་མེད་པར་མཐོང་བར་འགྱུར་རོ།། ལེན་ཁྲི་བཟླས་བརྗོད་བྱས་པས་དེ་བཞིན་གཤེགས ་པ་ཐམས་ཅད་མཐོང་བར་འགྱུར་རོ།། འཇམ་དཔལ་གཞོན་ནུར་གྱུར་པའི་ལྷུང་བཟེད་བླངས་ཏེ་ལན་དྲུག་སྟོང་བཟླས་བརྗོད་བྱས་ལ། འོ་ཐུག་གིས་བཀང་ནས་འཇམ ་དཔལ་གྱི་ལག་ཏུ་གཏད་ན། སྐྱེ་བོ་སྟོང་གིས་ཟས་ཀྱང་ཟད་པར་མི་འགྱུར་རོ།། གཞན་ཡང་ཇི་ལྟར་ཤིན་ཏུ་འདོད་པའི་དོན་དག་འགྲུབ་པར་འགྱུར་རོ།། དེ་ནས་ཕྱག ་རྒྱ་བཤད་པར་བྱའོ།། ལག་པ་གཉིས་མཉམ་པར་བཞག་སྟེ། ལག་པ་གཡོན་པས་ལག་པ་གཡས་པ་གཟིར་བར་བྱ་ཞིང་། སྙིང་ཁར་བཞག་པར་བྱའོ།། འདི་ནི ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་ཕྱག་རྒྱ། སྡིག་ཐམས་ཅད་འཇིག་པར་བྱེད་པ་སྟེ། དབུགས་འབྱིན་བྱེད་དང་སངས་རྒྱས་ནི། ཀུན་ལ་གསོལ་བ་འདེབས་པ ་ཡིན། ཕྱག་རྒྱ་འདི་ནི་ལས་རྣམས་ཀུན། བྱེད་པས་བླ་མ་དམ་པ་ཡིན། ལག་གཡས་དབུགས་འབྱིན་ལྟ་བ་ཡི། ཕྱག་རྒྱ་འདི་ནི་ཐམས་ཅད་དུ། སངས་རྒྱས ་ཀུན་གྱིས་བྱིན་གྱིས་བརླབས། མཁས་པས་ལག་པ་གཡས་པ་ནི། ལྟེ་བའི་ཐད་ཀར་བཞག་ནས་སུ། གུང་མོ་ཡིས་གཟིར་བྱ་ཞིང་། འཛུམ་མོ་ཡི་ནི ་བསྡིགས་པར་བྱ། ཕྱག་རྒྱ་འདི་ནི་རྒྱ་ཆེ། ཀུན་ལ་བསྟན་པ་དེ་བཞིན་གཤེགས། ཐམས་ཅད་ཀྱིས་འདི་བྱིན་གྱིས་བརླབས། ཕྱག་རྒྱ་འདི་ནི་མཐོང་ཙམ་གྱིས། ་སྡིག་པ་ཀུན་ལས་རྣམ་པར་གྲོལ། ཕྱག་རྒྱ་བཅིངས་པ་ཙམ་གྱིས་ནི། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། འདི་ནི་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས ་བར་ཐེ་ཚོམ་མེད། དེ་ནས་འཇམ་དཔལ་གཞོན་ནུར་གྱུར་མས། རྟོག་པའི་རྒྱལ་པོ་འདི་ཡོངས་སུ་བསྲུང་བའི་ཕྱིར། གཟུངས་སྨྲས་པ། ན་མོ་མན་ཛུ་ཤྲི་ཡེ། ་ཀུ་མ་ར་བུད་དྷ་ཡ། ཏདྱ་ཐཱ། ཛ་ཡེ་བི་ཛ་ཡེ། ཛ་ཡ་ཤྲི་ཛུ་ཤྭཱ་སྭཱ་ཧཱ། སྒྲུབ་པའི་ཚེ་སྔགས་ལན་བདུན་འདི་རྗེས་སུ་དྲན་པར་བྱའོ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན ་ཆེན་པོ་ལག་ན་རྡོ་རྗེས་རིགས་པ་ཆེན་མོ་འདི་བསྲུང་བའི་ཕྱིར། གསང་སྔགས་སྨྲས་པ། ཏདྱ་ཐཱ། བཛྲ་མུ་དྲེ། ཧ་ན་ཧ་ན། པ་ཙ་པ་ཙ། བཛྲ་ཧཱཾ་སྭཱ་ཧཱ། ཡུང་ཀར ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ཕྱོགས་བཞིར་གཏོར་ན། མཚམས་ཆེན་པོ་བཅད་པར་འགྱུར་རོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་དག་གིས་རིག་སྔགས་འདི་སྨྲས་སོ།། ་ཏདྱ་ཐཱ། ཧ་ལི་མེ་ལི་མི། ས་ར་པྲ་ས་ར། བྷི་རི་བྷི་སྭཱ་ཧཱ། ཡུང་ཀར་ལན་བདུན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་བདག་ཉིད་ལ་དབང་བསྐུར་ན། འབྱུང་བ་དང་། ་གནོད་སྦྱིན་དང་། སྲིན་པོ་ལ་སོགས་པ་ཐམས་ཅད་འབྱེར་བར་འགྱུར་རོ།། འཕགས་པ་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་ཅེས་བྱ་བའི་གཟུངས་རྫོགསོ།། ། རྒྱ་གར་སྐདདུ། ་