CLOSE WINDOW

F539: tshogs kyi bdag po chen po'i rgyud ces bya ba
Wyliee-texts produced with BDRC’s OCR application

བྱ་བའི་ཆོས་ཀྱི་རྣམ་གྲངས། ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །། རྒྱ་གར་སྐད་དུ། མ་ཧཱ་གྷ་ན་པ་ཏི་ཏན་ཏྲ་ནཱ་མ། བོད་སྐད་དུ། ཚོགས ་ཀྱི་བདག་པོ་ཆེན་པོའི་རྒྱུད་ཅེས་བྱ་བ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། དེ་ནས་དཔལ་ལྡན་ཚོགས་བདག་ཆེ། ཕྱག་འཚལ་ཚོགས་བདག་དཔལ ་ལྡན་དགེས། གཟུགས་བརྙན་དཀྱིལ་འཁོར་གྲུ་བཞིར་བཞག། ཟླ་བ་དྲུག་ཏུ་མཆོད་པར་བྱ། ལྷ་ཡི་འཁོར་ལོས་བསྒྱུར་བ་དང་། ཚེ་རིང་བར་བགྱིད་བསྐལ་པར་མཉམ། ་ཚེ་རིང་བ་ཡི་མཆོག་ཏུ་འགྱུར། མི་ལ་སོགས་པ་དབང་དུ་འགྱུར། ལྷ་ཡི་བུ་ཡང་བྲན་བཞིན་དུ། བདག་གི་སྒོ་བ་ཉན་པར་འགྱུར། ཀླུ་ཡང་དེ་བཞིན་བསྒོ་བ་ཉན། ་བྲན་བཞིན་ལས་རྣམས་འབྱེད་པར་འགྱུར། ལྷ་ཡི་ལོངས་སྤྱོད་མངའ་རིས་ལས། འདོད་པའི་ལོངས་སྤྱོད་འབྱུང་བར་འགྱུར། དངོས་གྲུབ་གྲུབ་པའི་དབང་ཕྱུག་ཅན། ་གདུལ་བྱའི་དབང་གི་སྒོ་སྤྲུལ་ནས། ལྷ་ཆེན་ཚོགས་བདག་ཆེན་པོར་བྱ། དངོས་གྲུབ་དམ་པ་མཆོག་གྲུབ་ན། མཐུ་སྟོབས་ཕུན་སུམ་ཆོག་ལྡན་ཞིང་། ལོངས ་སྤྱོད་ཡིད་བཞིན་འཕེལ་བར་བྱེད། འཇིག་རྟེན་འཕེན་མཛད་ལྷ་ཡི་ལྔ། གང་གི་མཆོད་པའི་དངོས་གྲུབ་ཡིན། ལྷ་ཆེན་པོ ་ཚོགས་ཀྱི་བདག་པོའི་རྒྱུད་ལས། དངོས་གྲུབ་འབྱུང་བའི་ལེའུ་སྟེ་དང་པོའོ།། །། དེ་ནས་དབེན་པའི་གནས་སུ་ནི། དཀྱིལ་འཁོར་གྲུ་བཞི་པར་བྱས་ཏེ། ་བ་པི་ལྕི་བས་ལེགས་པར་བྱུགས། འཇམ་ཞིང་སྙོམས་ལ་དབུས་མཐོ་བ། དབུས་སུ་ཚོགས་བདག་སྐུ་གཟུགས་བཞག། མེ་ཏོག་དཀར་པོས་དེས་ལ་མཆོད། ་མེ་ཏོག་དཀར་པོས་ཚེམ་བུ་བཀོད། བདག་ཉིད་གཅེར་བུར་བྱས་ནས་ནི། ལོག་འདྲེན་གཟུགས་བྲིས་ཡང་དག་མཆོད། བ་ར་ཏ་ཀ་ཟླ་དྲུག། ཉིན་རེ་བཞིན་དུ་དུས ་གསུམ་དུ། གསང་སྔགས་བརྒྱ་རྩ་བརྒྱད་བཟླས་ན། ཡིད་ལ་རེ་བ་ཀུན་རྫོགས་བྱེད། བསམ་པ་ཐམས་ཅད་འགྲུབ་པར་འགྱུར། ཨོཾ་ནི་བཀྲ་ཤིས་དཔལ་དང་ལྡན། ་གསང་སྔགས་མགོ་ལ་བཞག་པར་བྱ། ཡིད་བཞིན་ནོར་བུ་ལྟ་བུ་ཡིས། དངོས་གྲུབ་སྟེར་བའི་ཡི་གེ་དང་། དེའི་འོག་གྲལ་ལ་བཞག་པར་བྱ། ཉི་མ་ལྟ་བུའི་ཡི་གེ ་ཡང་། དེའི་རྗེས་ལ་བསྒྲགས་པར་བྱ། དེ་བཞིན་གཤེགས་པའི་མཚན་དང་པོ། པི་གེའི་མཆོག་ནི་བླང་བར་བྱ། གསལ་བྱེད་ཡི་གེ་དྲང་པོ་ཡང་། ཀུན་གྱི་འཇུས་ལ ་བརྗོད་པར་བྱ། རིན་ཆེན་ཡི་གེ་སྭ་ཞེས་བྱ། ལས་ཀྱི་ཡི་གེ་ཧ་ཞེས་བྱ། དངོས་གྲུབ་འདོད་པས་གསངས་སྔགས་བཟླས། ལྷ་ཆེན་པོའི་དངོས་གྲུབ་འབྱུང་བའི ་རྒྱུད་ལས། ལྷའི་དངོས་གྲུབ་ཀྱི་གསངས་སྔགས་བསྟན་པའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཚོགས་ཀྱི་བདག་པོ་བཤད་པར་བྱ་སྟེ། ཚོགས་ཀྱི་བདག་པོ་སྐུ ་མདོག་དཀར་པོ་གླང་པོ་ཆེའི་མགོ་བོ་ཅན། མཆེ་བ་ཡ་ཙག་ཆག་པ། ཕྱག་ན་ལ་བུག་དང་། ལ་ཏུས་གང་བའི་སྣོད་བསྣམས་པ། བྱེ་བ་ལ་ཚབས་པ། རིན་པོ་ཆེས་སྐུ ་བརྒྱན་པ། ཟླ་བ་ཆེས་པའི་དབུ་བརྒྱན་ཅན། འོད་གསལ་བ། འོད་འཕྲོ་བ། མདོག་བཟང་བ། ཁ་དོག་བཟང་བ། གསུས་པ་ཆེ་བ། བརྒྱན་གྱི་སྤྲད་པའོ།། དངོས་གྲུབ ་འབྱུང་བའི་རྒྱུད་ལས། ཚོགས་ཀྱི་བདག་པོ་བསྟན་པའི་ལེའུ་སྟེ་གསུམ་པའོ།། ། དེ་ནས་སྐར་མ་རྒྱལ་གྱི་ཉིན་པར་མེ་ཏོག་དཀར་བའི་ཤིང་གི་རྩ་བ་བླངས ་ཏེ། ཚེགས་ཀྱི་བདག་པོའི་གཟུགས་བྱ་སྟེ། ཁ་དོགས་དཀར་པོ་གླང་པོ་ཆེའི་མགོ་ཅན། ཕྱག་གཡས་ན་ལ་ཕུག་དང་། གཡོན་ན་ནོར་བུ་རིན་པོ་ཆེའི་བསྣམས་པའོ།། ་ལྕགས་མས་དགྲ་སྟ་དང་། ཁ་ཊྭཱཾ་ཀ་རྣམ་པ། གསུས་པ་ཆེ་བ་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཟླ་བ་དང་བྱི་བའི་ཁྲི་ལ་ཞུགས་པ་མཁས་པས་བྱས་སོ།། དེ་དཀྱིལ་འཁོར ་གྱི་དབུས་སུ་བདག་ལ་ཞལ་མངོན་པར་ཕྱོགས་པས་བཞག་ལ། བདག་ཉིད་ལོག་འདྲེན་གྱིས་གཟུགས་ཀྱི་ཡང་དག་པར་མཆོད་དོ།། ཚོགས་ཀྱི་བདག་པོ་ཞལ་ཅིག་ཕྱག་བཞི ་བ་གྲུབ། དེ་ནས་དབང་ལྡན་གྱི་མཚམས་སུ། ཚོགས་ཀྱི་བདག་པོ་གླང་པོ་ཆེའི་མགོ་ཅན། བྱི་བ་ལ་ཆིབས་པ། མིག་གསུམ་པ། ཟླ་བ་ཕྱེད་པ་འཛིན་པ། ་གཡས་ན་ལ་པུག་དང་དགྲ་སྟ་འཛིན་ཅིང་། གཡོན་པ་དག་ན་ཏྲི་ཤཱ་ལ་དང་ཐོད་པ་འཛིན་པའོ།། ལག་པ་གཡོན་པ་ཁུ་ཚུར ་བཅངས་པ་ལས། འཛུམ་མོ་དང་གུང་མོ་བརྐྱང་ལ། འཛུབ་མོ་བཀུག་ལ་མགུང་མོའི་ཚིགས་སུ་གཟུགས་པར་བྱ་བ་ནི་ཚོགས་ཀྱི་བདག་པོའི་ཕྱག་རྒྱའོ།། ཚོགས་ཀྱི་བདག ་པོའི་ཕྱག་རྒྱ་བརྟན་པའི་ལེའུ་སྟེ་བཞི་པའོ།། ། དེ་ནས་བསང་སྔགས་བསྟན་པ་ནི། ཨོཾ་ནི་དཔལ་དང་མགོ་ལ་བཞག། དེ་ནས་ཡིད་བཞིན་ནོར་བུ་ནི། རིན་པོ་ཆེའི ་ཡི་གེ་བྲི། སྡེ་ཚན་གསལ་བྱེད་དང་པོ་ཡང་། དེ་ཡི་རྗེས་སུ་བྲི་བར་བྱ། དེ་བཞིན་གཤེགས་པའི་མཚན་དང་པོ།། དབྱང་ཡིག་བརྒྱད་པས་མཛེས་པར་བྱ། གསལ་བྱེད་དང་པེའི ་ཡི་གེ་ཡང་། བློ་ཡི་བླངས་ཏེ་ཡིད་ཀྱི་བྲི། སྡེ་ཚན་བཞི་པའི་གསུམ་པ་ལ། དང་པོའི་ལྔ་པས་སྦྱར་བར་བྱ། སྡེ་ཚན་བདུན་པའི་དང་པོ་ལ། གསུམ་པའི་དང་པོའི་འོག་ཏུ་སྦྱར། ་ཡིད་བཞིན་ནོར་བུའི་ཡི་གེ་ལ། བཞི་པའི་ལྔ་པ་ཟླ་ལ་བཞག། དབྱངས་ཡིག་གསུམ་པས་བརྒྱན་པར་བྱ། བཞི་པའི་བཞི་པ་དེ་ནས་བརྗོད། དངོས་གྲུབ་བསྒྲུབས་པའི ་ཡི་གེ་ནི། དེ་ཡི་རྗེས་ལ་བྲི་བར་བྱ། གསང་སྔགས་དྲག་པོའི་ཡི་གེ་ཡང་། ཀུན་གྱི་མཐར་ནི་བརྗོད་པར་བྱ། གསང་སྔགས་འདི་ཡིད་དངོས་གྲུབ་ནི། འཇིག་རྟེན ་དབང་ཕྱུག་ཉིད་ཀྱི་བྱིན། དགོས་པ་ཐམས་ཅད་སྒྲུབ་པའོ།། ཚོགས་བདག་ཆེན་པོའི་གསང་སྔགས་བསྟན་པའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་གཞན ་ཡང་གསུངས་པ་ནི། དངོས་གྲུབ་ཐམས་ཅད་སྒྲུབ་པ་ནི། མཚན་གྱི་གསང་སྔགས་ཞེས་བྱ་བ། དངོས་གྲུབ་འགྲུབ་པའི་སྙིང་པོ་ནི། དཔལ་ལྡན་དབྱངས་ཀྱི་ཡི་གེ་སྟེ། ་ཨོཾ་ཞེས་བྱ་བ་མགོ་ལ་བཞག། ཡིད་བཞིན་ནོར་བུའི་ཡི་གེ་ལ། ཉི་མིའི་ཡི་གེ་འོག་ཏུ་སྦས། དབྱངས་ཡིག་དྲག་པོ་འོག་ཏུ་སྦྱར། ཐིག་ལེ་དེས་ནི་བརྒྱན་པར་བྱའོ།། ་མཚན་གྱི་དང་པོའི་ཡི་གེ་ནི། དེ་ཡི་རྗེས་ལ་བརྗོད་པར་བྱ། བཞི་པའི་ལྔ་པ་དེ་ནས་པར། ལྔ་པའི་དང་པོ་བྲི་བར་བྱ། དེ་བཞིན་གཤེགས་པའི་མཚན་དང་པོ།། དེ་ཡིས ་རྗེས་ལ་བརྗོད་པར་བྱ། འབྱུང་བ་རླུང་གི་ཡི་གེ་ལ། དབྱངས་ཡིག་བརྒྱད་པས་བརྒྱན་པ་ནི། དེ་ཡིས་རྗེས་ལ་བྲི་བར་བྱ།། བཞི་པའི་ཡིག་འབྲུ་གཉིས་པོ་ཡང་། ་ཀུན་གྱི་མཐར་ནི་བརྗོད་པར་བྱ། མཚན་གྱི་གསང་སྔགས་ཞེས་བྱ་བ། འདོད་པ་ཐམས་ཅད་སྒྲུབ་བྱེད་ཡིན། མཚན་གྱི་གསང་སྔགས་བསྟན་པའི་ལེའུ་སྟེ་དྲུག་པའོ།། ་། དེ་ནས་ཡང་དག་བཤད་བྱ་བ། སྐར་མ་རྒྱལ་གྱི་ཉིན་པར་ནི། མེ་ཏོག་དཀར་པོའི་རྩ་བ་འམ། ཙན་དན་དཀར་པོ་དག་ལས་ནི། ་ཚོགས་ཀྱི་བདག་པོའི་སྐུ་གཟུགས་ནི། ཐེ་བོང་གི་ནི་ཚད་ཙམ་བྱ། གསུས་པོ་ཆེ་བ་ཕྱག་བཞི་པ། མཁས་པས་བྱས་ཏེ་ལེགས་པ་ནི། རིན་པོ་ཆེ་ཡི་སྣོད་དུ་བཞག། ་སྐར་ཆེན་མངོན་པར་གསལ་བའི་ཚེ། ནང་གི་ཆ་རིགས་སྐ་ཁྲུས་གསོལ། གཙང་ཞིང་དང་ལ་ཡིད་དུ་འོང་། དྲི་དང་ལྡན་པའི་བུམ་པ་འདིས། མེ་ཏོག་དཀར་པོ་དྲི་ཡི་ནི། ་འདག་འཚལ་ལྡན་པས་ཁྲུས་བྱའོ།། དེ་ནས་དེ་མ་ཐག་ཏུ་ནི། དཀྱིལ་འཁོར་དབུས་སུ་སྤྱན་དྲངས་ཏེ། མེ་ཏོག་དཀར ་པོ་དབུལ་བར་བྱ། ལ་བུག་ལ་དུར་བཅས་པ་ཡི། གཏོར་མ་ཆེན་པོ་དེ་ནས་དབུལ། སྤོས་དང་དྲི་དང་མར་མེ་དང་། ལྷ་བཤོས་དག་གིས་མཆོད་པར་བྱ། གསང ་སྔགས་འདིས་ལ་ཕུག་དང་། དེ་ནས་དུ་དང་། ཆུ་དང་ཕྱེ་དང་བཅས་པའི་དཀར་གསུམ་གྱི་གཏོར་མཚོགས་ཀྱི་བདག་པོ་ལ་དབུལ་ཏེ། སྤོས་དང་མེ་ཏོགས་ཀྱང་དེ་ལྟར་ཕུལ་ནས། ་དེའི་ཕྱིར་བགེགས་བྱེད་པར་མི་ནུས་སོ།། ཚེགས་ཀྱི་བདག་པོ་མཆོད་པའི་ལེའུ་སྟེ་བདུན་པའོ།། ། དེ་ནས་ལ་ཕུག་ཞེས་བྱ་བ། རོ་དང་ལྡན་པའི་ཉུང་མ་སྟེ། ་ཟས་རྣམས་ཀུན་གྱི་མཆོག་ཀྱང་ཡིན། རོ་མཆོག་བརྒྱད་དང་ལྡན་པ་ཡིན། ཁ་དང་སྐྱུར་དང་བསྐ་བ་དང་། དངར་དང་ཚྭ་དང་ལན་ཚེ་རོ།། བཞུན་དང་རོ་མཆོག་ཆེ་བ་ཡིན། ་ནད་ནི་བརྒྱད་ཀྱི་གཉེན་པོ་ཡིན། འཁྲིས་པ་བད་ཀན་འདུས་པ་དང་། ཁྲག་དང་ཆུ་སོར་མ་ཞུ་བ། རླུང་དང་རིམ་ནད་ཀུན་ལ་པན། འདི་འབྱུང་པོའི་ཁ་ཟས་ཏེ། ལྷ་རྣམས་ཀུན ་གྱིས་མཐུ་ཡང་སྩོལ། དངོས་གྲུབ་འགྲུབ་པའི་ཞལ་ཟས་ཡིན། ཚོགས་ཀྱི་བདག་པོ་མཆོག་པར་བྱ། ལ་དུ་ཞེས་བྱའི་ཞལ་ཟས་ནི། མངར་གསུམ་འབྲས་བུ་གསུམ་པ་དང་། ་དེ་བཞིན་ཞིམ་པའི་སྤོས་ཀྱི་བྲན། བག་ཟམ་གང་དུ་རིལ་བུ་པ། འོ་མ་མར་དུ་བཅོས་ལ་བྱ། ཚོགས་པའི་གཏོར་མ་ཆེན་པོ་དང་། མར་དང་ཁུར་བ་དཀར་གསུམ་དང་། ་མཐུན་པའི་ཞལ་ཟས་སྣ་ཚོགས་ཀྱིས། ཚོགས་ཀྱི་བདག་པོ་མཆོད་པར་བྱའོ།། དེ་ལྟར་ཚོགས་བདག་པོ་ལ་མཆོད་པ་ཕུལ་ནས། ཚོགས་ཀྱི་བདག་པོའི་སྐུ་གཟུགས་ལག་པ ་གཡས་པའི་འཐིལ་དུ་བཞུགས་ནས། སེམས་གཞན་དུ་མ་ཡེངས་པས་བཟླས་བརྗོད་འབུམ་བྱས་ན། རྣལ་འབྱོར་པ་བམ་པར་མི་འགྱུར་རོ།། མའི་ནང་ན་བསོད་ནམས་ཆུང་བ ་ཡིན་ན་ཡང་། བཟླས་བརྗོད་འབུམ་བྱས་ཏེ་ལ་ཕུག་ལ་སྔགས་ཀྱིས་བཏབས་ཏེ་ཚོགས་ཀྱི་བདག་པོ་ལ་མཆོད་ན། ཚེ་འདི་ཉིད་ལ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་དང་བསོད ་ནམས་མཉམ་པར་འགྱུར་རོ།། མེ་ཏོག་དཀར་པོས་མཆོད་ན་རྒྱལ་པོ་ལ་སོགས་པས་ཕམ་མི་འགྱུར་རོ།། རྒྱལ་པོ་དང་བློན་པོ་ལ་སོགས་པ་བདག་གི་དབང་དུ་འགྱུར་རོ།། ་དངོས་གྲུབ་སྒྲུབ་པའི་རྫས་བསྟན་པའི་ལེའུ་སྟེ་བརྒྱད་པའོ།། ། དེ་ནས་ག་གཞན་བཤད་བྱ། དངུལ་ཞེས་བྱ་བའི་རིན་ཆེན་ལས། ཚེགས་བདག་ཆེན ་པོའི་གཟུགས་བྱས་ཏེ། ཡིད་བཞིན་རོན་བུ་ལག་ན་ཐོགས། དཀྱིལ་འཁོར་ཆེན་པོ་གྲུ་གང་ཚད། རིན་ཆེན་མེ་ཏོགས་དཀར་པོ་བཀྲམ། གསང་སྔགས་འབུམ་དུ་བཟླས་པ་བྱས། ་ནད་དང་སྡུག་བསྔལ་ཞི་བར་བྱས། ཤེལ་དང་དངུལ་ལས་ཚོགས་སྐེ། མཁས་པས་ཇི་ལྟར་འབྱོར་པ་བྱ། སྡུག་བསྔལ་ཐམས་ཅད་སེལ་བར་འགྱུར། རིན་ཆེན་ཤེལ ་ལས་ཚོགས་བདག་སྐ། མཐེ་བོང་ཙམ་གྱི་ཚད་དུ་བྱ། པྲ་སེ་ན་ཞེས་བྱ་བའི་སྔགས། རིག་པ་འབུམ་དུ་བཟླས་བྱས་ཏེ། ཤེལ་གྱི་སྐྲ་དེ་ཁྲུས་བྱས་ནས།། ་སྐ་མ་རྒྱལ་གྱི་ཉན་པར་ནི། བདག་ཉིད་ཤར་དུ་ཁ་བལྟས་ཏེ། གོས་དཀར་གྱོན་ནས་ཁྲུས་བྱས་ཏེ། ཐལ་སྦྱར་ཡིད ་ཀྱི་གསོལ་བ་བཏབ། བདག་ལ་གནོད་པའི་བགེགས་གང་ཡིན། ཤེལ་གྱི་སྐྲ་དེ་མེ་ལོང་ལ། མེ་ལོང་གང་ལ་གསལ་བར་འགྱུར། ཡང་ན་སེ་ན་པྲ་ཞེས་པའི། ་རིགས་པའི་རྒྱལ་མོ་འབུམ་དུ་བཟླས། ཤེལ་གྱི་སྐྲ་དེ་མེ་ལོང་སྟེ། མི་གཡོ་མི་འགུལ་བར་ནི་བཞག། བདག་ཉིད་ཤར་བྱས་ཤར་དུ་ལྟ། རྩོ་ར་བ་དང་རྐུན་མེ་ནི། ་གང་ཡིན་མེ་ལོང་ནང་དུ་འབྱུང་། དེ་ཚེ་དེའི་དེ་ངོས་ཟིན། ཚོགས་བདག་ཤེལ་གྱི་སྐུ་དེ་ནི། མཆོད་ནས་རབ་གནས་ལེགས་བྱས་ནས། ནམ་ཀུ་རུ་ཞེས་བྱ་བ་ཡི། རིགས་པ ་འབུམ་དུ་བཟླས་བྱས་ནས། ནད་དང་སྡུག་བསྔལ་གྱིས་ཉེན་ལ། སྐྲ་དེ་བསྟན་པ་ཙམ་གྱིས་ནི། ནད་པ་རྣམས་ཀྱང་སོས་པར་འགྱུར། སྡུག་བསྔལ་ལས་ཀྱང་ཐར་པར ་འགྱུར། ཞི་བའི་ཆོ་ག་ཆེན་པོ་ཡིན། རིན་ཆེན་གསེར་ཞེས་བྱ་བ་ལས། ཚོགས་བདག་ཆེན་པོའི་སྐུ་བྱས་ཏེ། མཆོད་དང་བཟླས་བརྗོད་བརྩོན་བྱས་ནས། སྐྱེ་བ་འདི་དང ་ཕྱི་མ་ལ། རྟག་ཏུ་ཡོ་བྱད་འཕེལ་བར་འགྱུར། ནོར་གྱི་བདག་པོ་རྣམ་ཐོས་བུ། རྒྱལ་པོ་བཞིན་དུ་བསྙེན་བཀུར་བྱེད། དེས་ནས་དཔལ་ལྡན་ཚོགས་བདག་གི། སྐུ་གཟུགས ་དཀྱིལ་འཁོར་གྲུ་བཞིར་བཞག། བ་ར་ཏ་པའི་གསང་སྔགས་ནི། བཟླས་པ་འབུམ་དུ་བྱས་པ་ཡིས། ཚེ་འདི་ཉིད་ལ་དངོས་གྲུབ་ནི། ཅི་དང་ཅི་འདོད་སྦྱིན་པ་མཛད།། ་ལྷ་ཡི་རྒྱལ་པོའི་མངའ་ཟང་ནི། སྒྲུབ་པ་པོ་ལ་རྩོལ་བར་མཛད། ཤིན་ཏུ་ཐུགས་རྗེའི་བདག་ཉིད་ལས། དཔལ་ལྡན་ཚོགས་བདག་ཐུགས་རྗེ་ཆེ། ཐུག་རྗེ་ཆེན་པོས་དབུལ ་བ་བསྐྱོབས། ནོར་ལྷ་ཆེན་པོའི་བདག་ཉིད་འདི། དར་རམ་ར་ས་ལ་ལེགས་བྲིས་ཏེ། རྒྱལ་གྱི་ཉིན་པར་སྤྱན་ཕྱེ་ནས། གང་གི་ཁྱིམ་དུ་བཞུགས་པ་ཡི། ས་ཕྱོགས་དེ་ནི ་བཀྲ་ཤིས་འགྱུར། ཟངས་ལས་ཚོགས་བདག་ཆེན་པོའི་སྐུ། མཁས་པས་ལེགས་པར་བཟོ་བྱས་ནས། ཙན་དན་དམར་པོས་བྱུགས་པ་ཕི། མཎྜལ་སྟེང་དུ་ལེགས ་བར་བཞག། བན་ཏུ་ཀའི་མེ་ཏོག་དང་། པད་མ་རཱ་ག་རིན་ཆེན་དང་། མེ་ཏོག་དམར་པོ་ཀུན་གྱིས་མཆོད། བྷྲཱུ~ཾ་ཞེས་བྱ་བའི་རེག་པ་བཟླས། རྒྱལ་པོའི་བུ་མོ་དབང་དུ ་འགྱུར། ལྷ་མོ་ཀླུ་མོ་མི་མོ་དང་། མི་འམ་ཅིའི་བུ་མོ་དང་། བྲམ་ཟེའི་བུ་མོ་མཚན་ལྡན་པ། མཆོག་ཏུ་གཟུགས་བཟང་འགུགས་པར་འགྱུར། བྲན་མོའི་བཞིན་དུ་བསྒོ ་བ་ཉན། དེ་ལ་སོགས་པ་མཐའ་ཡས་མཆོག། སྐུ་གཟུགས་དག་ལ་བསྟེན་ཏེ་མཆོག། མཆོད་པ་ཙམ་གྱི་འབྱུང་བ་ཡིན། གཞན་ཡང་ཚོགས་བདག་ཆེན་པོའི་སྐུ། ་རིན་པོ་ཆེའི་རྒྱུ་ལས་བྱས། དཀྱིལ་འཁོར་སྟེང་དུ་བཞུགས་བྱས་ཏེ། རཏྣ་སིང་ཏི་ཞེས་བྱ་བའི། རིག་པ་འབུམ་དུ་བཟླས་པ་ཡིས། ས་འོག་གཏེར་རྣམས་སྟོན ་པར་བྱེད། ཅི་དགའ་བར་ཡང་སྤྱོད་པར་འགྱུར། ཚོགས་ཀྱི་བདག་པོའི་རྒྱུད་ལས། རྒྱལ་པོ་ལ་སོགས་པ་སྒྲུབ་པའི་ལེའུ་སྟེ་དགུ་པའོ།། ། ་དེ་ནས་དཔལ་ལྡན་ཚེགས་བདག་ཆེ། དྲག་པོ་ཆེན་པོ་དྲག་ཤུལ་ཅན། སངས་རྒྱས་ཐུགས་ལ་བྱོལ་སོང་དབུ། གླ་རྐྱེན་གཞུ་ནས ་ཞལ་བརྒྱན་པ། སྤྱན་གསུམ་ཆེ་བ་བཞི་དང་ལྡན། ཕྱག་བཞི་པ་ཞབས་གཉིས་ཀླུ་ཆེན་མནན། དང་པོ་མཆེ་བ་དཀར་པོ་འཛིན། དེ་འོག་གཞགས་པ་གཡོན་པ་ན། དགྲ ་ལྟ་ཁཱ་ཏྲི་རྩེ་གསུམ་འཛིན། འཐིང་ཁ་གསུས་པ་འབྱང་བའོ།། དེ་ལྟ་བུའི་ཚོགས་བདག་སྐུ། འཁར་བ་འམ་ཁྲོ་ཆུ་དག་ལ་བྱ། རྒྱལ་གྱི་ཉིན་པར་རབ་ཏུ་གནས། དེ་ནས ་སྒོམ་ཞིང་སྒྲུབ་པ་ཡི། དཀྱིལ་འཁོར་བྱ་བའི་ས་སྟེགས་ལ། ལེ་རྩེ་དགུ་ཡི་འཁོར་ལོ་བྲི། སྒོ་དང་མུ་ཁྱུད་ལྡན་པར་བྲི། དབུས་སུ་པད་མ་འདབ་བརྒྱད་ལ། ཚོགས་བདང ་ཆེན་པོ་སྒྲུབ་བྱ་མནན། ཟླ་བའི་གདན་ལ་ཡུམ་དང་ནི། གཉིས་སུ་མེད་པར་བཀོད་པར་བྱ། དེ་མིང་ལ་རྩེ་ཀ་ར་ཏེ། རྡོ་རྗེ་ཕག་མེའི་སྔོ་ཞེས་བྱ། དགྲ་སྟ་བན་དྷ་ལག་ན ་ཐོགས། ཁྲག་གིས་བཀང་བ་གཙེ་ལ་སྟོབས། ཤར་གྱི་ལེ་རྩེ་སེར་པོ་ལ་ཁམས། གསུམ་གྱི་བདག་པོ་སེར་པོ།། ཕུབ་དང་དགྲ་འཛིན་པའོ།། ལྷོ་ཕྱོགས་ལེ་རྩེ་སྔོན་པོ། ་གནོད་སྦྱིན་ཆེན་པོ་ཆུ་མ་ཧེའི་གདོང་ཅན། དབྱུགས་པ་དང་ཐོད་པ་འཛིན་པའོ།། ནུབ་ཀྱི་ལེ་རྩེ་དམར་པོ་ལ་གནོད་སྦྱིན་གྱི་བདག་པོ་སྤྲིན་གྱི་བདག་པོ་ཞེས་བྱ་བ། ཆུས་གང ་བའི་སྤྲིན་ཕུང་དང་། ཞགས་པ་འཛིན་པ་དཀར་པོའོ།། བྱང་ཕྱོགས་ཀྱི་ལེ་རྩེ་ལྗང་ཁྲ་ལ། གནོད་སྦྱིན་གྱི་བདག་པོ་ནོར་གནས་ཞེས་བྱ་བ། དབྱུག་ཏོ་དང་རིན་པོ་ཆེ ་རྫོགས་པ་སེར་པོའོ། བྱང་ཤར་གྱི་ལེ་ཙེ་དཀར་པོ་ལ། འབྱུང་པོའི་བདག་པོ་དཀར་པོ།། རྩེ་གས་པ་དང་སྔགས་འདྲ་བ་བས་ཤང་ཀྐོ་ལེ་རྩེ་དམང་པོ་ལ། ཡིད་དགས་པ་རྒྱལ ་བོ་དྲག་པོ་ཞེས་བྱ་བ་དགྲ་སྟ་དང་། མིའི་ཐོད་པ་བས་རིལ་ཐོགས་པ་ནག་པོའོ།། ལྷོ་ནུབ་ཀྱི་ལེ་རྩེ་ནག་པོ་ལ། སྤྲིན་གྱི་སྒྲོན་མ་ལག་ན་སྤྲིན་བུང་དང་། ཀློག་གི་འོད་དུ་བཅས ་བ་ལག་པ་གཉིས་ཀྱི་ཐོགས་པའོ།། ནུབ་བྱང་གི་ལེ་ཙེ་ནག་པོ་ལ། བགེགས་ཀྱི་བདག་པོ་ལོག་འདྲེན་སྣ་ཡོན་ཞེས་བྱ་བ། གླང་པོ་ཆེའི་སྣ་ཅན་རྩེ་གསུམ་དང་ཐོད་པ་སྐམ་པོའི་ནང་དུ ་ལ་ཕུག་དང་ཤས་བཀང་བ་ཐོགས་པའོ།། ལྷ་རྣམས་ལ་ཀླུའི་རྒྱལ་པོ་བརྒྱད་ཐལ་མོ་སྦྱར་ནས་བཀའ་ཉན་པ་ནི། ཀླུའི་རྒྱལ་པོ་ཨ་བ་ལ་དང་། བ་རུ་ན་དང་། དྲང་སྐྱོང་དང་། ་འཇོག་པོ་དང་། རིགས་ལྡན་དང་། མཐའ་ཡས་དང་། པད་མ་དང་། པད་མ་ཆེན་པོ་རྣམས་སོ།། ཤར་ཕྱོགས་ཀྱི་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་། ལྷོ་སྒོར་བག ་སྐྱེས་པོ།། ནུབ་སྒོར་བྱིན་མི་བཟང་། བྱང་སྒོར་རྣམ་ཐོས་སྲས། སྐུ་མདོག་དཀར་པོ་དང་། སྔོན་པོ་དང་། ལྗང་ཁྲ་རྣམས་རིམ་པར་ཤེས་པར་བྱའོ།། ལག་ན་ནོར་བུ་རིན ་པོ་ཆེ་རེ་རེ་དང་། རལ་གྲི་རེ་རེ་འཛིན་པའོ།། དེ་རྣམས་ཀྱི་ཆུང་མ་ནི་བྲི་མི་དགོས་སོ།། དེ་ལྟར་བྲིས་པའི་དཀྱིལ་འཁོར་དེའི་བྱང་ཤར་མཚམས་སུ་གསད་པའི་དཀྱིལ་འཁོར ་གྲུ་གསུམ་བྲུས་ལ་དེའི་ནང་དུ་དགྲ་གཟུགས་པྲ་ཚིལ་ལས་བྱས་ཏེ་རིང་བ་མདོག་ནག་པོ།། སྐྲ་སེར་བ། ལུས་ཏིལ་མར་གྱི་བྱུག་པ་བྱས་ཏེ། སྙིང་ཁར་མིང་དང་རུས ་བྲིས་ལ་བཞུག་གོ།། དེའི་སྐྱེ་ནས་རོའི་སྐྲ་ལས་ཐག་པ་བྱས་ཏེ་གདགས་པར་བྱའོ།། དེ་ལྟར་བྱས་ནས་གནོད་སྦྱིན་ཆེན་པོ ་ལ། ལ་དུ་དང་ལ་ཕུག་ཏུ་བྱས་པའི་གཏོར་མ་དང་། གནོད་སྦྱིན་ཆེན་པོ་བརྒྱད་ལ་ཉ་ཤ་དང་སྒོག་ཅོང་དུ་སྦྱར་བའི་གཏོར་མ་རེ་རེ་བཤམ། ཀླུ་ཆེན་བརྒྱད་ལ་གཏོར་མ་ཆེན་པོ ་གཅིག། རྒྱལ་པོ་ཆེན་པོ་ཆེན་བཞི་ལ་རེ་རེ་བྱའོ།། གལ་ཏེ་མ་འབྱོར་ན་གཏོར་མ་ཆེན་པོ་གཅིག་བྱའོ།། ལྷ་བཤོས་རེ་རེ་དབུལ་བར་བྱའོ།། གཞན་ཡང་དྲག་པོའི་རྫས ་ལླེ་སྤྱང་གི་ཐོད་པ་དང་། ཟིང་ནག་པོ་དང་། ཀྱེ་ཚེ་དང་། ཉུང་ཀར་ནག་པོ་བཞག་པར་བྱའོ།། ཚོགས་བདག་ཆེན་པོའི་དྲག་པོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་པའོ།། ་། དེ་ནས་གཞན་ཡང་བཤད་བྱ་བ། བསྒོམ་པའི་རིམ་པ་འདི་ལྟ་བུ། མ་བྱུང་འབྱུང་བར་མི་འགྱུར་བས། ཤིན་ཏུ་གསང་སྟེ ་སྒྲུབ་པར་བྱ། ཨ་ཡི་རང་བཞིན་སྟོང་པ་ལས། སྣང་བའི་རང་བཞིན་ཧཱུཾ་དང་ནི། ཡ་ཚེགས་བརྒྱད་པའི་ས་བོན་འབྱུང་། མིང་གི་སྔགས་ལས་རབ་ཏུ་སྐྱེས། ཁྲོ ་བོའི་སྤྲུལ་པས་སྟོང་གསུམ་གང་། འོད་ཟེར་འདུས་པའི་གཟུགས་ལ་འཛུད། ཚོགས་ཀྱི་བདག་པོ་ཆེན་པོ་སྟེ། འགྲོ་བའི་དོན་དུ་བཞེངས་པ་ནི། ཁྲོ་བོ་ཆེན་པོ་འཇིག ་པའི་གཟུགས། ཡུམ་དང་འཁོར་ཡང་རྫོགས་པར་བསྐྱེད། ཕུཿབརྒྱད་ཀླུ་བརྒྱད་སེམས་པའི་ཚུལ། རྒྱལ་པོ་སྡེ་བཞི་ཁྲོ་བོའི་ཚུལ་རཥཱ་ད་ནི་བྱེ་རུ་དང་། བཻ་དང ་ཁེ་རུའི་མིང་ལས་སྐྱེས། འོད་ཟེར་ཚུལ་གྱི་སྤྱན་དྲང་བ། ཛ་དང་ཛའི་འབྲོ་འདྲ་དང་། ཧཱ་དང་ཧཱུ~ཾ་གི་གསང་སྔགས་དང་། ལྕགས་ཀྱུའི་ཕྱག་རྒྱས་སྤྱན་དྲངས་ལ། ནུས་པ ་མཐུ་དང་ལྡན་པར་བྱ། མཆོད་དང་གཏོར་མ་བཏབ་པར་བྱ། བ་ལིང་གྲི་ཧྞ་གྲི་ཧ་ན། ཁ་ཁ་ཁཱ་ཧི་ཁཱ་ཧིའི་སྔགས། སྙིང་པོ་དག་དང་སྤེལ་བར་བྱ། བསྒོམ་པའི་རིམ་པའི་ལེའུ ་སྟེ་བཅུ་གཅིག་པའོ།། ། དེ་ནས་གསང་སྔགས་རྒྱལ་པོ་ནི། དབྱངས་དང་གསལ་བྱེད་ལས་བཏུ། ཨོཾ་ནི་སུམ་ཚོགས་པ་སྟེ། སྔགས་ཀྱི་མགོ་ལ ་བཞག་པར་བྱ། བཞི་པའི་སྔ་པ་དེ་རྗེས་བྲི། གསལ་བྱེད་ལྔ་པའི་ལྔ་པ་བཏུ། དང་པོའི་བཞི་པ་དེ་རྗེས་བྲིས། བཞི་པའི་ལྔ་པ་གྲལ་ལ་བཞག། ཡིད་བཞིན་ནོར་བུའི་ཡི་གེ་ཡང་། ་དེའི་རྗེས་སུ་བཞག་པར་བྱ། དེ་བཞིན་གཤེགས་པའི་མཚན་དང་པོ།། དེ་ཡི་རྗེས་སུ་བརྗོད་པར་བྱ། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན། འགུག་པའི་ཡི་གེ་ནི་དང་ནི། ་འབྱུང་བ་རླུང་གི་ཡི་གེ་ལ། དབྱངས་ཡིག་གཉིས་པ་སྦྱར་བ་ཡིས། རྒྱལ་བའི་རྒྱལ་པོ་ཞེས་བརྗོད་དོ།། ཡིན་བཞིན་ནོར་བུའི་ཡི་གེ་ལ། དབྱངས་ཡིད་གཉིས་པ་སྦྱར ་བར་བྱ། ཉི་མ་ཡི་ནི་ཡི་གེ་ལ། བཞི་པའི་ལྔ་པ་དེ་ནས་བྲིས། དེ་ལ་དབྱངས་ཡིག་བརྒྱད་པས་བརྒྱན། གཉིས་པ་བཞི་པའི་ཡི་གེ་ལ། དབྱངས་ཡིག་བཞི་པས་བརྒྱན ་བར་བྱ། ལྔ་པ་བཞི་པའི་ཡི་གེ་ལ། གསུམ་པའི་ལྔ་པས་སྦྱར་བར་བྱ། བཞི་པ་དང་པོའི་ཡི་གེ་ལ། དབྱངས་ཀྱི་བཞི་པས་བརྒྱན་པར་བྱ། འབྱུང་བ་རླུང་གི་ཡི་གེ་ཡང་། ་དེ་ཡི་འོག་ཏུ་སྦྱར་བར་བྱ། རིན་པོ་ཆེའི་ཡི་གེ་དང་། ལས་ཀྱི་ཡི་གེའི་ཐ་མར་བརྗོད། ཚོགས་བདག་ཆེན་པོའི་རྩ་བའི ་སྔགས། འདོད་པ་ཐམས་ཅད་སྒྲུབ་བྱེད་ཡིན། གནོད་སྦྱིན་བརྒྱད་ཀྱི་གསང་སྔགས་ནི། ཡ་ཞེས་བྱ་བ་ལ་སོགས་པ་དང་། བ་ཞེས་བྱ་བ་དང་། ཀྵ་ཞེས་བྱ་བ་ལ་སོགས་པ་དང་། ་བེ་ན་ཡ་ཀ་ཞེས་བྱ་བ་ལ་སོགས་པ་དང་། བེ་ཞེས་བྱ་བ་དང་། ར་ཞེས་བྱ་བ་དང་། ཏྲི་ཞེས་བྱ་བ་སྟེ་བརྒྱད་ལས། ཧཱི་དང་ཕཊ་ཀྱིས་མཐའ་རྟེན་པ་ནི། སྲོག་གིས་སྙིང ་པོའོ།། ཀླུ་ཡི་སྔགས་ནི་མིང་ལས་ཀྱིས། ཨོཾ་དང་ཕཊ་དང་ལྡན་པར་བྱ། རྒྱལ་པོའི་གསང་སྔགས་ནི། བེ་ཞེས་བྱ་བ་དང་བི་ཞེས་བྱ་བ་དང་། ང་ཞེས་བྱ་བ་དང་། བ་ཞེས ་བྱ་བའི་སྔགས་སུ་འགྱུར་རོ།། གནོད་སྦྱིན་ཆེན་པོ་རྣམས་ཀྱིས་གསང་སྔགས་ཀྱི་ལེའུ་སྟེ་བཅུ་གཉིས་པའོ།། ། བསྒྲུབ་བྱ་འགུགས་པའི་གསང་སྔགས ་ནི། ལ་དང་ཤ་དང་ཀ་དང་ལ། མ་དང་དྷ་དང་བྷ་དང་བྷེ། ཏྲི་དང་ར་དང་ཙ་དག་གིས། ཤ་ཏྲྀ་ནེ་ཛ་ནེ་ཛ། ཞེས་ལེན་གྲངས་མང་དུ་བཟླས་པར་བྱའོ།། གནོད་སྦྱིན་བརྒྱད ་ཀྱི་གསང་སྔགས་ཀྱི་དགྲ་བོའི་བླ་རྡོ་བགྲང་བར་བྱའོ།། སྔོན་དུ་ཨོཾ་ན་མ་ཀ་ཀ་པ་རི་སྟོང་བཟླས་པའི་རྟགས་ནི། ཏིལ་གྱི་ལིང་ཀ་འགྲུལ། དེ་ནས་བླ་རྡོ་བསྲག་པོར་བྱ། ་དེ་ནས་བླ་རྡོ་བསྲེག་པར་བྱ། དེ་ནས་བླ་རྡོ་མནན་པར་བྱ། རྦད་པའི་གསང་སྔགས་རྒྱལ་པོ་ནི། ཡ་དང་ཀཱ་དང་ཀ་ལ་དང་། མ་དང་ཧཱ་དང་བྷེ་ར་བྷེ། དེ་བ་ཡཀྵ་མ་མ་དང་། ་ན་ག་ན་ག་ཟུམ་རིལ་ཡཱ། དགྲ་བོ་ཆེ་གཾ་ཐུམ་རིལ་ཡ། ཡ་ཡ་ཅེས་ཀྱང་བསྐུལ་བར་བྱ། དེ་ནས་གསང་བའི་གསང་སྔགས་ནི། མ་དང་ཧ་དང་བྷེ་ར་བྷེ། ཡཀྵ་ལ་སོགས ་གོང་དང་མཐུན། དེ་རྗེས་འདི་སྐད་བརྗོད་པར་བྱ། ནག་ལན་ཤ་གཉིས་སོ།། རྫུན་ནྡན་ཏྲ་ས་ལ། ན་ག་ཡ་ཀཱ་མ་ར་ཡེ། ཧ་ན་ཚིན་དྷུ་རིམ་པ་གཉིས། བི་ན་ཡ་ཀ་ཛ~ཾ་བིན ་ཏ། ཨན་དྷ་ཀ་ར་དེ་ནས་བརྗོད། ཆེ་གེ་མ་ར་ཡ་ཞེས་པ། ཧཱུཾ་ཧཱུཾ་ཕཊ་ཕཊ་དྲག་པར་ལྡན། བསད་པའི་གསང་སྔགས་བསྟན་པའི་ལེའུ་སྟེ་བཅུ་གསུས་པའོ།། ་། དེ་ནས་ཡང་ནི་དྲག་པོའི་སྔགས། ཨོཾ་བྷི་ནཱ་བྷི་མ་བྷི། སརྦ་བྷརྱ་བ་ཤ་ཡ། ཧྲི་ཏ་བྷི་ཏ་ཡ། ཧཱཾ་ཙི་ཏུ་བ་ཏུ། ཏྲ་མ་རུ་ཏ་ཡ། ཧ་ན་ཧ་ན། ་གྲྀ་ཧྞ་གྲི་ཧཱ། པ་ཙ་བ་ཙ། བྷྲ་མ་བྷྲ་མ། བྷ་མ་ཡ་བྷྲ་མ་ཡ། ཧཱུཾ་ཧཱུཾ་ཕཊ་ཕཊ། འཁ་བ་འམ་ནི་ཟངས་དག་ལས། ལོག་འདྲེན་ཆེན་པོའི་སྐུ་གཟུགས་བྱ། དེ་ལ ་རབ་གནས་མཆོད་པ་བྱ། དགྲ་བོའི་གཟུགས་བརྙེན་འོག་ཏུ་གཞུགས། ཚོགས་ཀྱི་བདག་པོའི་གདན་དུ་བྱ། དགྲ་དེ་འཆི་བར་ཐེ་ཚོམ་མེད། ཡང་ནི་སྦྱོར་བའི་ལས ་རྣམས་ནི། དགོས་པ་ཆེན་པོ་འདི་གཟུངས་སོ།། ཚོགས་ཀྱི་བདག་པོའི་སྐ་ཙན་དན་ནམ། རིན་པོ་ཆེ་ལས་བྱས་པ་རབ་གནས་བྱས་མཆོད་པ་ཕུལ་ཏེ། སེར་བ་གཅོད ་པར་འདོད་ན། སེར་བའི་བདག་པོ་རླུང་ལྷ་དང་ཆུ་ལྷའི་གཟུགས་བྱས་ཏེ། སྤྲིན་དང་འབྲུག་གིས་གཟུགས་བྱས་ལ། ཚོགས་ཀྱི་བདག་པོའི་གདན་དུ་གནས་པར་བྱ ་བདག་ཉིད་ཀྱི་ཀྱང་མནན་པར་བསམས་ཏེ། ཧྲི་ཀ་ཙཀྲ་ཅེས་པ་ལ་སོགས་པའི་སྔགས་བཟླས་ན། སེར་བ་གཅོད་པར་འགྱུར་རོ།། ་ཉུངས་ཀར་ཕྱོགས་བཅུར་གཏོར་བར་བྱའོ།། སེར་བ་འབེབས་པར་འདོད་ན། ཆུ་དང་སྤྲིན་གྱི་དཀྱིལ་འཁོར་མངོན་པར་བྲིས་ཏེ། ཚེགས་བདག་ཆེན་པོ་འབྲུག་ལ་ཞེན ་པར་བསྒོམ་ཏེ། བདག་གིས་བཀའ་ཉན་པར་བསྒོམས་ཏེ། གསང་བའི་རྫས་སྔགས་བྱེ་ཟངས་ཕྱེ་གསེར་བྱེ་འབྲས་བྱེ་དང་གནས་ཀྱི་ཆུས་སྤྲས་ཏེ། ཇི་ཙམ་འདོད་པར ་དབྱིབས་ཆེ་ཆུང་བྱས་ཏེ། ཀུ་ཀུ་ཁྱི་གུའི་ཐོད་པའི་ནང་དུ་བླུགས་ཏེ་སྤྲིན་དགབ་པར་བྱའོ།། ཀུ་ཀུའི་ཐོད་པ་ལ་སྔགས་བྲི་བར་བྱའོ།། རིམ་པ་གསུམ་དུའོ།། རྟེན་གྱི་རྫས ་ཀྱང་བཞག་པར་བྱའོ།། རྩ་སྔགས་དང་། གསང་སྔགས་ཀྱི་བཞུགས་ལ་གདགས་པར་བྱའོ།། བྷྲཱུཾ་བྷཾ་བྷ་རི་ཤ་ལ་ཕྲེཾ་པྲོ་ཧྲི་ལ་ཧྲི་ལ་ཤར་ཤར་ཕེ་བ། ཞེས་བྱ་བ་ལ ་སོགས་པའི་གསང་སྔགས་འབུམ་ཕྲག་གཅིག་བཟླས་པ་དང་། ཀ་ཀའི་ཐོད་པའི་ནང་དུ་སེར་བ་སྔོན་ལ་བདུན་ནམ་བརྒྱད་འོང་ངོ་།། བྱུང་བ་དགྲའི་ཡུལ་དུ་བསྐྱལ་ཏེ། ་གསང་སྔགས་བཟློགས་ཏེ་བཟླས་པས་སེར་བ་ཆེན་པོ་འབབ་བོ།། གལ་ཏེ་མི་འབབ་ན་ཚོགས་བདག་ཆེན་པོའི་གཟུགས་དེ། དབུ་ཐུར་ལ་བསྟན། ཞབས་གྱེན་ལ་བསྟན ་ལ་སྔགས་བཟློག་ནས་བཟླས་པས། དགྲ་བེའི་ཡུལ་གྱི་ཞིང་དབུས་སུ་བཅུག་པ་ཙམ་གྱིས་སེར་བ་མོད་ལ་བབ་ཏེ་བྱ་ཀ་ལན་ཏ་ཀའི་སྒོང་ཙམ་འབབ་སྟེ། དམར་པོ་དབྱིབས ་ཤ་བའི་རླིག་འབྲས་ཙམ་ཡུན་རིང་དུ་འབབ་བོ།། ལོ་ཐོགས་འཇོམས་པའི་གསང་སྔགས་ནི་ཐཱ་ཞེས་པས་བྱའོ།། སྐུ་དང་ཀ་ཀའི་ཐོད་པས་བྱུང་བར་དུ། ཉི་མ་རེ་རེ་དབབ་པས ་དབྱུང་བར་བྱའོ།། ཚོགས་ཀྱི་བདག་པོའི་སྐུ་ལ་མཆོད་པ་དཔྲལ་བར་བྱའོ།། གསང་སྔགས་ཀྱང་མ་ནོར་བར་བཅིང་ངོ་།། རིན་པོ་ཆེའི་འཕྲེང་བ་ལ་བརྒྱ་རྩ་བརྒྱད་བཟླས་པར་བྱའོ།། ་སྐྲ་ཁྲུས་གསོལ་ལོ།། བདག་གིས་དཀྱིལ་འཁོར་དུ་བཞུགས་སུ་གསོལ་ལོ།། དེ་ལས་སོགས་པ་མཐའ་ཡས་ཚོགས། ཚོགས་ཀྱི་བདག་པོས་བྱེད་པ་ཡི། ཕྱག་འཚལ་དཔལ ་ལྡན་ཚེགས་བདག་ཆེ། ཕྱག་འཚལ་དཔལ་ལྡན་ཚོགས་བདག་དགེས། ཕྱག་འཚལ་དཔལ་ལྡན་ཞི་བ་ཆེ། ཕྱག་འཚལ་དཔལ་ལྡན་ཁྲོ་བོ་ཆེ། དངོས་གྲུབ་འབྱུང་བའི་རྒྱུད ་ལས། ཚོགས་ཀྱི་བདག་པོ་ལ་བསྟོད་པའི་ལེའུ་སྟེ་བཅཝ་བརྒྱད་པའོ།། །། ཚོགས་ཀྱི་བདག་པོའི་རྒྱུད་ལས། དངོས་གྲུབ་འབྱུང་བའི་རྒྱུད་ཅེས་བྱ་བ་རྫོགས་སོ།། ་རྒྱ་གར་གྱིས་མཁན་པོ་དེ་པོ་ཀ་ར་ཤྲེ་ཛྙཱ་ནས་འཇིག་རྟེན་གྱི་དངོས་གྲུབ་ཀྱི་ཆེད་དུ། རྒྱ་གར་གྱི་ཡུལ་ནས་བསྒྱུར་ནས། འབྲོང་སྟོན་པ་རྒྱལ་བའི ་འབྱུང་གནས་ལ་གནང་བ་ཡིན་ནོ།། རྒྱུད་འདིས་བསམ་པ་ཐམས་ཅད་འགྲུབ་ཅེས་གསུངས་སོ།། ། རྒྱ་གར་སྐད་དུ། ཨརྱ་ག་ན་པ་ཏི་ཧྲྀད་ཡ། ་