| Wylie | e-texts produced with BDRC’s OCR application |
@རྒྱ་གར་སྐད་དུ། ཨརྱ་བཛྲ་སཱཏྤ་ལ་ན་མ་ཏན་ཏྲ་རཱ་ཛ།། ། བོད་སྐད་དུ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་རྒྱལ་པོ་ཞེས་བྱ་བ། ་བླ་མ་དང་འཇམ་པའི་དབྱངས་ལ་ཕྱག་འཚལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། གཙུག་ལག་ཁང་རྒྱལ་བུ་བྱེད་ཀྱི ་ཚལ།། མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་ཏེ། དགེ་སློང་གི་དགེ་འདུན་ཆེན་པོ་བརྒྱ་ཕྲག་བྱེད་དང་བཅུ་གསུམ་དང་། ལྷའི་ཚོ་གས་དང་། བྱང་ཆུབ་སེམས ་དཔའི་དགེ་འདུན་དང་ཐབས་གཅིག་ཏུ་བཞུགས་པ་ལ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་དཔའི་དྲི་མ་མེད་པའི་བློ་གྲོས་དང་། བྱང་ཆུབ་སེམས་དཔའ་བསམ་གྱི་མི ་ཁྱབ་པའི་བློ་གློས་དང་། བློ་གྲོས་འཕེལ་བ་དང་། འཇིག་རྟེན་གསུམ་རྣམ་པར་གནོན་པའི་བློ་གྲོས་དང་། ན་མཁའི་མཛོད་དང་། ཀུན་དུ་བཟང་པོ་དང་། འཇམ་དཔལ་གཞོན ་ནུར་གྱུར་པ་དང་། བྱང་ཆུབ་སེམས་དཔའ་སྲེད་མེད་ཀྱི་བུ་དང་། མི་ཐུབ་སྲེད་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་སྤྱན་རས་གཟིགས་དབང་ཕྱུག་དང་། དེ་དག ་ལ་སོགས་པ་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུ་དྲུག་དང་། ཉན་ཐོས་ཀྱི་དགེ་འདུན་ལ་འདི་ལྟ་སྟེ། རབ་འབྱོར་དང་། ཀ་ཏྱའི་བུ་དང་། འོད་བསྲུང་དང་། ལྟེང་རྒྱས་འོད་སྲུང ་དང་། མེའུ་འགལ་གྱི་བུ་དང་། མེའུ་འགལ་གྱི་བུ་ཆེན་པོ་དང་། གླང་པོའི་མཆོད་རྟེན་དང་། ཤ་ར་དྭ་ཏིའི་བུ་དང་། དེ་དག་ལ་སོགས་པ་ཉན་ཐོས་སྟོང་ཕྲག་ཉི་ཤུ་རྩ ་བརྒྱད་ཀྱིས། བཅོམ་ལྡན་འདས་ལ་ཡོངསུ་བསྐོར་ཅིང་མདུན་དུ་བདར་ཏེ་བཞུགས་སོ།། གཞན་ཡང་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ་ན་མཁའ་ལྡིང་དང་། མི་འམ་ཅི་དང་། ཅིའི་སྐྱེས་བུ་དང་། ལྟོ་འཕྱེ་ཆེན་པོ་རྣམས་ཀྱང་འཁོར་འདུས་པ་དེའི་ནང་དུ། ཆོས་ཉན་པའི་ཕྱིར་ལྷགསོ།། དེ་ནས་དེའི་ཚེ་བཅོམ ་ལྡན་འདས་ཀྱིས། འཁོར་གྱི་དཀྱིལ་འཁོར་དེར་བྱང་ཆུབ་སེམས་དཔའ་དྲི་མེད་པའི་བློ་གྲོས་ལ་ཀའ་བསྩལ་པ། དྲི་མ་མེད་པའི་བློ་གྲོས་ཁྱོད་ཀྱིས། ཤར་ཕྱོགས་ཀྱི་སྣང ་བ་ཆེན་པོ་འདི་མཐོང་ངམ། དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་སྙན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས། བུས་མོ་གཡས་པའི་ལྷ་ང་ས་ལ ་བཙུགས་ཏེ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ། སྤྱི་བོས་ཕྱག་འཚལ་ཏེ། མངོན་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་མཐོང ་ས་ལོ#ལེགསོ།། ཤར་ཕྱོགས་ཀྱི་སྣང་བ་ཤིན་ཏུ་ཆེན་པོ་ཡོངསུ་འཕྲོ་འདི་འཚལ་ལགས་ན། བཅོམ་ལྡན་འདས་འདི་ལྟ་བུའི་སྣང་བ་འདི་ཅི ་དེ་ནས་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ཀྱི་སླར་ཡང་། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་འོད་ཆེན་པོ་འདི་སུས་གྱིས་པ ་བཀའ་བསྩལ་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱི་ཅུང་བཞེད་པར་བཅས་པས། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་ལ་འདི ་སྐད་ཅེས་བཀའ་བསྐུལ་ཏོ།། དྲི་མ་མེད་པའི་བློ་གྲོས་འདིར་བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དགའ་བ་དང་ཚིམ། པ་རང་གི་རིག་པའི་ཚོགས་ཀྱིས་ཡོངསུ་བསྐོར་ཞིང ་གཞན་ཡང་ལྷ་མ་ཡིན་དང་། སྲིན་པོ་དང་། དྲི་ཟ་དང་། འབྱུང་པོ།། སྟོང་ཕྲག་རྣམས་ཀྱིས་ཡོངསུ་བསྐོར་ཅིང་། མདུན་དུ་བདར་ཏེ་འཁོར་གྱི་དཀྱིལ་འཁོར་འདིར་འོངས་པར ་འདོད་པའི་སྣང་བ་ཡིན།། དེ་ནས་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལག་ན་རྡོ་རྗེ་དེ་ཉིད་དུ་འཁོར་འདུས་པའི་དཀྱིལ་འཁོར་དེར་བྱིན་པར་གྱུར་ཏོ།། བྱིན་ནས ་ཀྱང་བཅོམ་ལྡན་འདས་ཀྱིས་ཞབས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་ལན་གསུམ་དུ་གསྐོར་བ་བྱས་ནས་ཕྱོགས་གཅིག་དུ་འཁོད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་ཕྱོགས་གཅིག་ཏུ་འཁོད་པར་མཁྱེན་བཞིན་དུ་དགྱེས་ཤིང་རངས་པས་ཡོངསུ་དྲིས་པ། ལུག་ན་རྡོ་རྗེ་གལ་ཏེ་ངའི་ཐད་དུ་ཅུང་ཟད་གླེང་བར་འདོད་ན་བྱང་ཆུབ་སེམས་དཔའ་ཆེན་པོ ་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་བརྩོན་པས་གདོན་མི་ཟ་བར་རྟོགས་པར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང་། བྱང་ཆུབ་སེམས་ལག ་ན་རྡོ་རྗེས་སླར་ཡང་བཅོམ་ལྡན་འདས་ལ་བལྟས་ནས། དེ་ནས་ཡང་འཁོར་གྱི་དཀྱིལ་འཁོར་ཐམས་ཅད་ལ་རྣམ་པར་བལྟས་ནས་ངོ་ཕབ་ཏེ། ཅང་མི་སྨྲས་པར་འཁོད་པར་གྱུར ་དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ཅང་མི་སྨྲ་བར་འཁོད་པར་གཟིགས་ནས་འདི་སྐད་ཅེས་བཀའ་བསྩལ་ཏོ།། རིག་པའི་རྒྱལ་པོ་དཔག་ཏུ་མེད་པའི་སྟོབས་ཀྱིས་པ ་རོལ་གནོན་པའི་རྡོ་རྗེ་འཛིན་པ་ཆེན་པོ་འཁོར་ཐམས་ཅད་སྤྲོ་བའི་སེམས་སུ་གྱུར་པས་ཅད་མི་སྨྲས་པར་འཁོད་པས་སྨོས་ཤིག་སྨོས་ཤིག། དེ་སྐད་ཅེས་བཀའ་སྩལ་བ་དང་། ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་བདག་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་ཞེས་བྱ་བས་ཉེ་བར་པོས་སྟེ། ལྷ་མ ་ཡིན་གྱི་འཁོར་ཆེན་པོས་ཡོངསུ་བསྐོར་ནས་རང་གི་གནས་སུ་མཆིསོ།། བཅོམ་ལྡན་འདས་གནས་དེར་བདག་གིས་སྔོན་མ་འཚལ་བའི་ཁང་པ་དང་། སྟོང་དང་། རྟ་བབས། ཡང ་ཐོག་དང་། བྱི་ར་དང་། མཚོ་དང་། མཆེའུ་དང་། རྫིང་དང་། ཁྲོན་པ་དང་། སྒོ་དང་། སྒོ་གསང་རྣམས་མཐོང་ལགསོ།། བཅོམ་ལྡན་འདས་བདག་གིས་ཏིང་ངེ་འཛིན་གྱི་ཁྱད་པར་གང ་གང་གིས་ཀྱང་སྟོན་མ་འཚལ་ཏེ། བདག་གིས་དེའི་རྣམ་པར་རྣལ་འབྱོར་པས་བསམས་གཏན་མཆོག་ལ་མཉམ་པར་བཞག་ལགསོ།། དེར་ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས ་རྡོས་། བདག་ལ་བཅོམ་བཅོམ་ལྡན་འདས་གཞལ་དུ་མེད་ཅིང་བསམ་གྱི་མི་ཁྱབ་པའི་རྫུ་འཕྲུལ་དང་སྟོབས་དང་རྣམས་པར་རོལ་པས་ན་མཁའ་ཁྱབ་པ ་སྐུ་མངའ་བ་འཇིག་གསུམ་ལས་རྣམས་རྒྱལ་བའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཅིའི་ཕྱིར་བསམ་གཏན་ལ་མཉན་པར་འཇོག་པར་འགྱུར། བཅོམ་ལྡན་འདས་བདག ་གནས་ཁང་ན་ཉམ་མི་དགའ་བ་ཅུང་ཟད་ཀྱང་མ་མཆིས་ན། གང་གི་དོན་དུ་བསམ་གཏན་ལ་མཉམ་པར་འཇོག་པ་ལེགས་པར་བཀའ་བསྩལ་དུ་གསོལ་ཞེས་མཆིའོ།། དེ ་དེ་ནས་ལྷ་མ་ཡིན་གྱི་དབང་པོ་དེས་སྒྱུ་མ་ཐམས་ཅད་དང་། འཁྲུལ་འཁོར་དང་། སྒོ་གླེགས་ལ་སོགས་པ་གླེང་ལེགསོ།། བཅོམ་ལྡན་འདས་བདག་གིས་དེ་ཟིལ་གྱི་གནན་བཱི ་ཕྱིརརི་སྣང་བ་ཆེན་པོ་འཛིན་པའི་རྡོ་རྗེ་ཁྲོ་བོ་ཆེན་པོ་རྡོ་རྗེ་ས་འོག་ཅེས་བགྱི་བ་འཁྲུལ་འཁོར་ཐམས་ཅད་ཀྱི་བླ་མའི་བླ་མར་གྱུར་པ། འཁྲུལ་འཁོར་བརྒྱ་རྩ་བརྒྱད་པོ་ཐམས་ཅད་འཇོམ ་བར་བྱེད་པ། ཉེ་བར་ཞི་བར་བྱེད་པ། ལྟུང་བར་བྱེད་པ། ངེས་པར་འཇོམས་པར་བྱེད་པ་བཤད་ལགསོ།། བཅོམ་ལྡན་འདས་ཀྱིས་འདི་རྗེ་སུ་མཁྱེན་ནོ།། བདག་གིས་དགའ་བའི་བཞིན ་གྱིས་བཤད་པ་དང་། སྐྱེ་བོ་མང་པོ་ལ་ཕན་པ་དང་། བདེ་བར་འགྱུར་བ་བཅོམ་ལྡན་འདས་ཕྱི་མའི་ཚེ་ཕྱིའི་མའི་དུ་ལྔ་བརྒྱ་ཐ་མ་ལ་སེམས་ཅན་སྐྱབས་མེད་པ་རྣམས་ཞི་བ་དང་། ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་འཁྲུལ་འཁོར་བརྒྱ་རྩ་བརྒྱད་པོ་ཐམས་ཅད་འཇོམས་པའི་རྡོ་རྗེས་འོག་ཅེས་བྱ་བ་འཁྲུལ་འཁོར་ཐམས་ཅད་ཀྱི་བླ་མའི་བླ ་མ་བདག་གིས་བཤད་པར་བགྱིའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལགས་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ།། ལག་ན་རྡོ་རྗེས་སྨྲས་པ་འདི་སྲོག་ཆགས་རྣམས་ཀྱིས་བསྒྲུབ ་པར་དཀའོ།། ལག་ན་རྡོ་རྗེས་གསོལ་བ་བཅོམ་ལྡན་འདས་བརྗོད་པ་འདི་བསྒྲུབ་པར་བཀའ་བ་མ་ལགས་ཀྱིས་བཅོམ་ལྡན་འདས་ཀྱིས་རྗེསུ་གནང་བ་མཛད་དུ་གསོལ། བདེ་བར་གཤེག། ་བས་རྗེསུ་གནང་བ་མཛད་དུ་གསོལ།། བཅོམ་ལྡན་འདས་བདག་གིས་བསྒྲུབ་པར་བཀའ་བ་བརྗོད་པར་མི་བགྱིའོ།། ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱི་འཁྲུལ་འཁོར་བདེ་བླག་ཏུ ་བསྒྲུབ་པར་བྱེད་པ་དེ་དག་གིས་རྗེ་སུ་དྲན་པ་བཤད་པར་བགྱི་ལགས་ན། བཅོམ་ལྡན་འདས་ཀྱིས་དེ་བདག་ལ་རྗེསུ་གནང་བ་མཛད་དུ་གསོལ། དེ་སྐད་ཅེས་གསོལ་བ་དང་། བ ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་བསྩོལ་ཏོ།། ངས་རྗེ་སུ་གནང་གིས་ཁྱོད་ཀྱིས་རྗེསུ་ཤོག་ཅིག། ལག་ན་རྡོ་རྗེ་སྐྱེ་བོ་མང་པོ་ལ་ཕན་པ་དང་། སྐྱ་བ་མང་བ་ལ ་ཕན་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། ཐབས་ལ་མཁས་པས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཡོངསུ་རྫོགས་པར་བྱ་བའི་ཕྱིར་འཁྲུལ་འཁོར་གྱི་བླ་མ་རྟོག་པ་དང་བཅས་པའི ་གསང་བ་ཆེན་པོ་སྟོན་ཅིག། དེ་ནས་ལག་ན་རྡོ་རྗེ་བཅོམ་ལྡན་འདས་ཀྱིས་རྗེ་སུ་གནང་ནས་ཅ་ཅོའི་སྒྲ་ཡང་དང་ཡང་དུ་བྱུང་ནས་རྡོ་རྗེ་གྱེན་དུ་གསོར་ཞིང་འབར་བའི་ཕྲེང་བ་ཅན་ཞེས ་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། རྡོ་རྗེ་ས་འོག་གི་གསང་སྔགས་སྨྲས་པ། ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཤུན་ཌ་བཛྲ་བཱ་ན་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨོཾ་ཧྲི་བ ་རྔོས་། #ཧི་བཛྲ་བ་ཏུ་ལ་ཧཱ་ན་མ་ཐ་བ་ཏྲ་ཡ་མ་ཙར་མ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ།། དེ་ནས་རྡོ་རྗེ་ཁྲོ་བོ་ཆེན་པོས་ཀུན་ནས་འོད་ཟེར་གྱིས་སྣང་བ་བྱ། ་ས་ཆེན་པོ་འདི་རྣམ་པ་དྲུག་དུ་གཡོས་སོ།། ལྷ་མ་ཡིན་དང་ལྷ་མ་ཡིན་གྱི་བུ་མོ་རྣམས་རྡོ་རྗེ་ཁྲོ་བོས་བྲི་ཟིར་བས་སྐྱབས་མེད་པར་གྱུར་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་དོང་ངོ་།། ་དོང་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཞབས་ལ་བཏུགས་ནས་འདི་སྐད་ཅེས་སྨྲ་ཞིང་འདུད་པར་བྱེད་དོ།། བཅོམ་ལྡན་འདས་བདག་བསྲུང་དུ་གསོལ། བདེ་བར་གཤེགས་པ་ཡོངསུ ་བསྐྱང་དུ་གསོལ། རྡོ་རྗེ་ཁྲོ་བོས་བདག་ཅག་ཡོངསུ་གཟིར་ཏོ།། བཅོམ་ལྡན་འདས་རྡོ་རྗེ་ཁྲོ་བོ་འདི་བཤད་པས་བདག་ཅག་གི་ཁང་པ་རྣམས་ཀྱི་འཁྲུལ་འཁོར་རྣམས་མེད་པར་གྱུར།། ་སྒོ་གཏན་རྣམས་མེད་པར་གྱུར། སྒོ་རྣམས་གྲོལ་བར་གྱུར་ཏོ།། བཅོམ་ལྡན་འདས་མ་བྱང་བའི་སེམས་ཅན་རྣམས་ཀྱང་བྱུང་བར་གྱུར་ཏོ།། བཅོལ་ལྡན་འདས་འདིར་ཇི་ལྟར ་གནས་པར་གྱི་བཀའ་བསྩལ་དུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། གྲོགས་པོ་དག་མ་འཇིགས་ཤིག། ལག་ན་རྡོ་རྗེའི་དམ་ཚིག་ལ་གནོས་ཅིང་། དེ་ལྟར་ན ་བདེ་བ་ལ་གནས་པར་འགྱུརརོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་གཟིགས་ཏེ་འདི་སྐད་ཅེས་བཀའ་བསྩལ་ཏོ།། ལག་ན་རྡོ་རྗེ་ལྷ་མ་ཡིན་གྱི་དབང་པོ་ལ་སོགས་པ་ལ ་རྨད་དུ་བྱུང་བའི་དམ་ཚིག་སྟོན་ལ་བདེ་བར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་བ་དང་། ཕྱག་ན་རྡོ་རྗེ་ལྷ་མ་ཡིན་དང་། ལྷ་མ་ཡིན་གྱི་ཆུང་མ་དག་ལ ་བཀའ་བསྩལ་པ། འདིར་ཐོགས་མར་རྡོ་རྗེ་ས་འོག་གི་ཁྲོ་བོ་ཆེན་པོའི་ས་འོག་གི་དཀྱིལ་འཁོར་གྱི་དམ་ཚིག་ལ་གང་འཇུག་པ་དེ་དག་འདིར་འཁྲུལ་འཁོར་ཆེན་པོའི་བླ་མའི་རྩ ་སྨན་དང་། ཕྱེ་མ་དང་། རྩ་བ་དང་། སྦར་སྨན་དང་། གྲུབ་པའི་རྫས་དང་། དངུལ་ཆུ་དང་། བཅུད་ལེན་དང་། གཞོན་ནུ་པ་དང་། ལྷ་ཡིན་གྱི་བུ་ག་དང་། སྒོར་འཇུག་པ ་དང་འཁྲུལ་འཁོར་ཐམས་ཅད་འཇོམས་པ་དང་། སྐམས་པར་བྱེད་པ་དེ་དག་ནི་འཇུག་ངོགས་བདེ་བར་འགྱུར་རོ།། གཞན་དུ་ན་དེ་དག་འགྲུབ་པར་མི་འགྱུར་བ་དེའི་ཕྱིར་ས ་འོག་གི་དཀྱིལ་འཁོར་དུ་འཇུག་པར་བྱའོ།། ལྷ་མ་ཡིན་རྣམས་ལ་བཀའ་བསྩལ་པ། བུ་གར་འཇུག་པ་ནུས་པ་དང་། བྱ་བའི་རྒྱུད་ཀྱི་ཁམས་དང་། གསེར་འགྱུར་དང་། དུག ་སྨན་དང་། ས་འོག་དང་། ཞིང་གི་དངོས་གྲུབ་དག་རང་ཉིད་ཀྱི་ཁང་པར་འཇུག་པ་ལྷར་རྡོ་རྗེ་ཡི་བྱེ་བྲག་གྲུག་པར་འགྱུར་རོ་ཞེས་ང་སྨྲའོ།། གཞན་དུ་ན་དཀྱིལ་འཁོར་མ་ཐོབ་ན ་ཉམས་པར་འགྱུརརོ།། རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་ཆེན་པོ་འདིའི་རང་ཉིད་ཀྱི་རྟོག་པ་དང་། རྒྱུན་གཞན་དུ་གསུངས་པའི་བསྒྲུབ་བའི་ཐབས་རྣམ་པ་སྣ་ཚོགས་ཀྱི་བྱ་བ་མི་བྱ་ལ།། ་རྟོག་པ་གཞན་གྱི་ཆོ་ག་འདོད་པས་བསྒྲུབ་པར་མི་བྱའོ།། དེ་སྐད་ཅེས་བཀའ་བསྩལ་བ་དང་། ལྷ་མ་ཡིན་དང་ལྷ་མ་ཡིན་གྱི་དབང་པོ་དགལ་ཞིང་རངས་ཏེ་རབ་ཏུ་ཚིམ་པ ་དང་། མགུ་བ་སྐྱེས་ནས་རང་ཉིད་ཀྱིས་ཕྱག་ན་རྡོ་རྗེའི་དཀྱིལ་འཁོར་མཐོང་ནས་ངེས་པར་བྱུང་བར་བྱས་ཏེ། བཅོམ་ལྡན་འདས་ཐམས་ཅད་ཀྱི་བྲན་དུ་གྱུར་ཏོ།། དེ་ནས། ་རྡོས་འོ། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས་ལྷའི་མིག་གིས་འཁོར་གྱི་དཀྱིལ་འཁོར་ལ་རྣམས་པར ་བསྐས་ནས། དམ་ཚིག་གི་དཀྱིལ་འཁོར་བཀའ་བསྩལ་པ། གྲོང་ངམ་གྲོང་ཁྱེར་གྱི་སའི་ཕྱོགས་པར་བརྟགས་ནས་དབང་ལྡན་གྱི་ཕྱོགས་ནས་བརྩམས་ཏེ། རྡོ་དང་། གསེག ་མ་དང་། རུས་པ་དོར་ནས། རྒྱུ་སྐར་དགེ་བ་ལ་རྗེསུ་མཐུན་པའི་ཚོན་རྩི་ལྔའི་ཕྱེ་མས་དཀྱིལ་འཁོར་གྲུ་གཞི་ཁྲུ་བཞི་པ་མདོད་པ་དྲུག་པ་ཅན་ཡང་དག་པར་བྲི་བར་བྱའོ།། ་སྒོ་དང་སྒོའི་འཚམས་རྣམསུ་རྡོ་རྗེ་དང་ཡུང་ཀར་བཞག་པར་བྱའོ།། ཤར་ཕྱོགས་ཀྱི་ཆར་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ།། བྱང་དུ་འཇིག་རྟེན་དབང་ཕྱུག། ལྷོར་རྡོ་རྗེ ་འཆང་། ནུབ་དུ་ཆུང་མ་དང་བཅས་པའི་ཁྱུ་མཆོག་གི་རྒྱལ་མཚན་ཅན་ནོ།། དབང་ལྡན་དུ་དྲི་མ་མིང་བའི་བློ་གློས་ལག་པར་རྔ་ཡབ་འཛིན་པའོ།། མེར་སྙིང་པོའོ།། ལུས་ངན་དུ ་རྗེསུ་སྤྱོད་པའོ།། རླུང་དུ་ལས་ཐམས་ཅད་པའོ།། དབུས་སུ་རྡོ་རྗེ་ས་འོག་ལག་པར་རྡོ་རྗེ་དང་དགྲ་སྟ་འཛིན་པ་བྲི་བར་བྱའོ།། སྙིང་པོ་དང་རྗེསུ་སྤྱོད་པ་ལ་དབྱུག་གུ་དང་ཐོབ་བྲི་བར་བྱའོ།། ་ལས་ཐམས་ཅད་པ་ལ་རྡོ་རྗེའོ།། ཤར་གྱི་སྒོར་སྨན་ཐམས་ཅད་དང་རྒྱན་ཐམས་ཅད་དང་། དངུལ་ཆུ་དང་། བཅུད་ལེན་དང་། ལྷ་མ་ཡིན་གྱི་བུ་མོ་དང་། གྲུབ་པའི་རྫས་པ ་སོགས་པ་དང་། མིག་སྨན་དང་། ལྡོང་རོས་དང་། རལ་གྲི་དང་། རིན་པོ་ཆེ་སྔོན་དུ་འགྲོ་བ་བཞག་པར་བྱའོ།། ལྷའི་སྒོ་ལྷ་མ་ཡིན་བརྒྱད་ནི། སྤོབས་ཅན་དང་། སྟོབས ་གཞན་ལེན་དང་། ་ཅན་གྱི་བུ་དང་། བདེ་མཆོག་དང་། ཐག་བཟང་རིས་དང་། བདེ་ལྡན་དང་། དུས་ཀྱི་མུ་ཁྱུད་དང་། དབྱིག་ཟའོ།། ནུབ་ཀྱི་སྒོར་འཁྲུལ་འཁོར་བརྒྱ་རྩ་བརྒྱད་བཞག་པར ་བྱའོ།། དེའང་བརྒྱད་རྣམ་པ་དང་བཅས་པ་བྲི་སྟེ། སྲད་བུ་དང་། གྲི་བགུག་དང་། རཱ་སེང་གེ་དང་། ལུག་དང་། མདའ་དང་བཅས་པའི་གཞུ་དང་། ཆུ་རྒྱན་དང་། ་བྱབྱང་མེ་ད་དང ་སྦྱིན་དང་། འདོ་པི་དང་། བདག་ཉིད་ཀྱི་འཁྲུལ་འཁོར་རྣམ་སོ།། བྱང་ཀྱི་སྒོར་བུ་ག་བརྒྱད་རྣམས་དང་བཅས་པ་བྲི་སྟེ། དེ་ལ་ལུག་གི་རྣམ་པ་དང་། ཆུ་སྲིན་གྱི་རྣམ་པ་དང་། ་གླང་པོའི་གདོང་གི་རྣམ་པ་དང་། ལྷོ་འབྱེའི་རྣམ་པ་དང་། བྱི་བའི་རྣམ་པ་དང་། མིའི་གདོང་གི་རྣམ་པ་དང་། དཀྱིལ་འཁོར་གྱི་རྣམ་པ་དང་། མ་བྱས་པའི་གདོང་གི ་རྣམ་པའོ།། སྟེགས་བུའི་ཆམས་རྣམསུ་སྒོ་བྲལ་བཞི་བྲི་བར་བྱའོ།། མེའི་ཕྱོགསུ་མེའི་ཐབ་ཁུང་ངོ་།། བདེན་བྲལ་དུ་བདུག་སྤོས་ཀྱི་ཐབ་ཁུང་ངོ་།། རླུང་གི་འཚམས་རྣམ ་ཆུའི་ཐབས་ཁུང་ངོ་།། དབང་ལྡན་དུ་རུས་སྦལ་བཞག་པར་བྱའོ།། དེ་ནས་དྲི་ཐམས་ཅད་དང་། བདུག་པ་ཐམས་ཅད་དང་། འབྱུང་པོ་ཐམས་ཅད་པའི་གཏོར་མ་དང་། ་མཆོད་པ་སྦྱིན་པར་བྱའོ།། དེ་ནས་སྐྱེས་བུ་དཔའོ་དག་གིས་དྲི་ཞིམ་པོས་ཡན་ལག་བྱུག་ལ་ཤིན་དུ་ཕྲ་བའི་རས་ཀྱིས་གདོང་གཡོགས་ཏེ་བསྲུང་བྱས་ལ་འཁྲུལ་འཁོར ་གྱི་བླ་མའི་བྱ་བ་བྱས་པ་འཇུག་པར་བྱའོ།། སྤྱན་དྲང་བ་དང་གཤེགསུ་གསོལ་བ་ལ་སོགས་པའི་གོ་ནས་སོ།། འདིར་རྡུལ་མཚོན་གྱིས་བྲི་བའི་དཀྱིལ་འཁོར་བསྟན ་བར་བྱའོ།། དེ་ལྟ་བུའི་དཀྱིལ་འཁོར་མཐོང་བའི་སྐྱེས་བུ་དཔའ་བོ་དེ་ལ་བླ་མས་རྗེསུ་གནང་བ་བྱིན་ལ་དམ་ཚིག་ཤེས་པས་འཁྲུལ ་འཁོར་གྱི་བླ་མའི་ཕྱག་རྒྱ་འམ། ལྷ་མ་ཡིན་གྱི་ཕྱག་རྒྱ་བཅིངས་པས་དབང་དུ་བྱེད་པར་འགྱུརརོ།། ལྷ་མ་ཡིན་གྱི་ཆུང་མ་དང་ཁྱིམ་རྣམསུ་འཇུག་པར་འགྱུརརོ།། གཞན་ལེན་གྱིས ་བྱས་པའི་འཁྲུལ་འཁོར་ཐམས་ཅད་ལས་ཁྱད་པར་དུ་འཕགས་པའི་རྫས་རྣམས་དབང་དུ་འགྱུར་རོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་རྡོ་རྗེ་ས་འོག་གི་དམ་ཚིག་གི་དཀྱིལ ་འཁོར་གྱི་ལེའུ་སྟེ་དང་པོའོ།། །། དེ་ནས་གཞན་ཡང་ཕྱག་རྒྱ་དང་སྔགསུ་གྱུར་པ་ནི་སོར་མོ་ཕན་ཚུར་དུ་བྱས་ལ། མཐེ་བོ་སྦྲུལ་མགོའི་རྣམ་པ་ལྟར་བྱས་པ་ནི་དེ ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་སྔགས་ནི་ཛི་ན་ཛཾ་ཀ། གཉེན་གྱི་ཕྱོགས་པད་མའི་རིགས་ཀྱི་སྙིང་པོའི་ཕྱག་རྒྱ་དང་སྔགས་ནི་ཨ་རོ་ལི། ལྷོ་ཕྱོགསུ་རང་ན་དྷིཀ། ་བྱེད་ཕྱོགས་སུ་པདྨ་དྷྲྀ་ཀ། རྡོ་རྗེའི་རིགས་ཀྱི་སྙིང་པོའི་ཕྱག་རྒྱ་དང་སྔགས་ནི་བཛྲ་དྷྲྀ་ཀ། མཐེ་ཆུང་དང་། མིང་མེད་སྦྱར་ལ་རྩེ་ཅིག་ཏུ་བྱས་པ་ལ་སྡིག་འཛུབ་གཞག ་བ་ནི་རྡོ་རྗེ་ས་འོག་གི་རྩ་བའི་ཕྱག་རྒྱའོ། སྔགས་ནི་ན་མོ་རན་ཏྲ་ཡཱ་ཡ། ན་མ་ཤྩན་ཌ་བཛྲ་པཱ་ནུ་གྷེ། ཨོཾ་ཧྲིཿབོ་ཧྲྀ་བཛྲ་སཱ་ཏཱ་ལ་ཧཱ་ན་མ་ཐ་བཉྫ་པྲ་ཏ་པ་ཡ་མ ་ཀྭ་སེ་ན་པ་ཁཱ་ཎ། ་རམ་བཛྲ་ཀྲོ་དྷ་ཧཱུཾ་ཕཊ། ཙ་བའི་སྔགས་དང་ཕྱག་རྒྱ་ལུས་ཐམས་ཅད་བྱིན་གྱིས་བརླབ་པོ།། ཕྱག་འཚལ་བའི་ཐིལ་མོ་ལས་མིང་མེད་གྱི་རྩེ་མོ་སྦྱར་ལ་མཐེ་ཆུང་སྦས་ཏེ་གུང ་མོ་དང་མཐེ་བོ་རྩེ་སྦྱར་ལ་གཡོན་པའི་འཛུབ་མོ་ཕྱི་ནས་བཀུག་སྟེ། གཡས་པའི་འཛུབ་མོ་རྡོ་རྗེའི་རྣམ་པ་ལྷར་བཀུམ་པ་ནི་རྡོ་རྗེ་དགྲ་སྟའི་ཕྱག་རྒྱ་བོ།། གཡས་པའི ་ལག་པ་དང་གཡོན་པའི་ལག་པ་མཉམ་པར་བཞག་མཐེ་བོ་དང་འཛུབ་མོ་སྦྱར་ཏེ་གཡས་པའི་མཐེ་བོས་སོར་མོ་གསུམ་གྱི་སེན་མོ་བཀབ་ལ་མཉམ་པར་འཛུབ་མོ ་གཡོན་པའི་མཐེ་བོའི་རྩ་བར་སྦྱར་བ་ནི་ཞགས་པའི་ཕྱག་རྒྱའོ།། ལག་པ་གཡོན་པ་ལའོ།། ཨོཾ་བི་དྷརྟྟི་ཧཱུཾ་ཕཊ་སྭཱ་ཧཱ། སཱིང་ཁར་རོ།། ཨོཾ་བཛྲ་པྲ་ཏ་ལ་ཧཱུཾ་ཕཊ། སྤུ ་དོར་རོ།། ཨོཾ་ཧཿབཛྲ་ཧཱུཾ་ཕཊ། སྤྱི་གཙུག་གོ། ཨོཾ་ཧྲིཿབན་དྷ་བྷན་དྷ་སྭཱ་ཧཱ། གོ་ཆའོ།། ཨོཾ་བཛྲ་བཛྲ་ས་ཧཱ་ཤྲི་ཤི་ར་བཻ་ཛ་ལི་ཧ་མ་ན་བྷཉྫ་སུ་དྲཱ་ཊ་ཡུ་ཧཱུཾ་ཕཊ། འཚ ་འཚམས་བཅིངས་པའི་སྔག་སོ།། འདི་དག་དང་རྩ་བའི་ཕྱག་རྒྱ་སྦྱར་བར་བྱའོ།། ལག་མཐིལ་མཉམ་བོར་བྱས་ཏེ་མཐེ་བོང་དང་མཐེ་ཆུང་སྦྱར་ལ་སོར་མོ་ལྷག་མ་རྣམས་རྡོ ་རྡེའི་མཚན་ཉིད་དུ་བྱས་པའི་ནི་ལས་ཐམས་ཅད་པ་ས་གསུམ་གྱི་ཕྱག་རྒྱའོ།། སྔགས་ནི། ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཤཱཎ་ཊ་བཛྲ་པ་ན་མེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ་རི་མི་རི་བྷི་ར་རི་ནི་སྭཱ་ཧཱ། སོར་མོ་སྦྱར་བར་བྱའོ།། སོར་མོ་ཕན་ཚུན་སྦྱར་ལ་ཁུ་ཚུར་དུ་བྱས་ཏེ་གུང་མོ་བརྐྱང་ལ་སྦྱར་དེའི་ཕྱི་རོལ་དུ་འཛུབ་མོ་ཅུང་ཟད་བསྐུམས་ལ་མཐེ ་བོང་གཉིས་དབུས་བཞག་པ་ནི་དབང་ཕྱུང་ཆེན་པོའི་ཕྱག་རྒྱའོ།། སྔགས་ནི། ན་མ་ས་མན་ཏ་བྷཱུ་དྷ་ན~ཾ་ཧུ་ཏྲ་ཡ་སྭཱ་ཧཱ། དབང་ཕྱུག་ཆེན་པོའི་ཕྱག་རྒྱ་དེ་ཉིད་ལས་འཛུབ་མོ་བརྐྱང ་བ་འདི་ནི་ལྔ་སོ་ཆུ་ལོན་གྱི་ཕྱག་རྒྱའོ།། སྔགས་ནི་ནམ་ས་མན་ད་བྷུ་དྷ་ན~ཾ་ཨུ་མ་ཡེ་ས་ཧཱ། ཐལ་མོ་ཕྱེ་ལས་མཐེ་ཆུང་རྩེ་མོ་ལ་སྦྱར་ལ་དེ། ་རྒྱང་དུ་སྲིན་ལག་སྦྱར་ནས་དེའི་ཚིགས་གསུམ་པར་གུང་མོ་གཉིས་སྦྱར་ལ་དེའི་ཚིགས་དང་པོར་འཛུབ་མོ་བརྐྱང་སྦྱར་བ་ནི་ལྷ་མ་ཡིན་ཐམས་ཅད་དབང་བསྐུར་བའི་ཕྱག ་རྒྱའོ།། གཉིས་ཀ་ཡང་རྡོ་རྗེ་མཚན་ཉིད་གཅིག་དུ་སྦྱར་བར་བྱའོ།། ལྷ་མ་ཡིན་ཐམས་ཅད་ཀྱི་འཁྲུལ་འཁོར་འཇོས་ཤིང་འབྱེད་པའི་ཕྱག་རྒྱ་ནི་འདིར་སོར་མོ་རྣམ་པར ་བཟློག་ལ་རུས་སྔགས་ཀྱི་རྣམ་པར་བྱ་བ་ནི་རུས་སྦལ་གྱི་ཕྱག་རྒྱའོ།། སྤྱི་བོར་གཞག་པ་ནི་ལྷ་མ་ཡིན་ཐམས་ཅད་དབང་བསྐུར་བའི་ཕྱག་རྒྱའོ།། ལག་པ་གཡོན་པ་འོག་ཏུ ་གཞག་ལ་དེའི་སྟེང་དུ་བཞག་ལ་དེའི་སྟེང་དུ་ལག་པ་གཡས་པ་སྦྱར་ལ་མཐེ་བོང་སོ་སོར་བྱ་བ་འདི་ནི་རུས་སྦལ་དབང་བསྐུར་བའི་ཕྱག་རྒྱའོ།། ལག་པ་གཡོན་པ་རྡོ་རྗེའི་ཚུལ ་དུ་བཞག་པ། ལག་པ་གཡས་པ་རྡོ་རྗེ་ཐུར་དུ་བཞག་ལ་ཐད་ཀར་སྦྱར་བར་བྱས་པ་འདི་ནི་རུས་སྦལ་གྱི་ཕྱག་རྒྱ་གཞན་ནོ།། བླ་འོག་གི་ལག་པ་རྣམ་པར་བཟློག་ལ་སྙིང་། ཁར་སོད ་མོ་གྱེན་དུ་བྱས་པ་མཐེ་བོ་མཉམ་པར་གཞིངས་པ་ནི་རུ་སྦལ་གྱི་ཕྱག་རྒྱའོ།། རྡོ་རྗེས་འོག་གི་འཛུབ་མོའི་སྟེང་དུ་མཁམ་པ་གཞིབས་པ་ནི་རྡོ་རྗེས་འོག་གི་ཕྱག་རྒྱའོ།། ཁུ་ཚུར། ་བྱས་པའི་འཛུབ་མོ་བརྐྱང་ལ་གུང་མོ་དང་སྲིན་ལག་གི་སྟེང་དུ་མཐེ་བོང་སྦྱར་བ་ནི་དབྱུག་གུའི་ཕྱག་རྒྱའོ།། དེ་ཉིད་ལས་མཐེ་བོ་འཛུབ་མོའི་རྩ་བར་སྦྱར་བ་ནི་ཐོ་བའི་ཕྱག་རྒྱའོ།། ་ཁུ་ཚུར་དུ་བྱས་ལ་གུང་མོ་དང་མཐེ་བོང་མཉམ་པར་སྦྱར་བ་ནི། བྱ་རོག་མཐུའི་ཕྱག་རྒྱའོ།། ལག་པ་གཡོན་པ་རྡོ་རྗེའི་ཚུལ་དུ་བྱས་ལ་སྙིང་ཁའི་ཕྱོགསུ་སྦར་ལ་ལག་པ་གཡས་པ ་རྡོ་རྗེ་སྦེང་ཁའི་ཕྱོགསུ་སྔར་ལ་ལག་པ་གཡས་པ་རྡོ་རྗེ་དུ་བྱར་ནས་རྐང་པ་བསྐྱང་བསྐུམ་དུ་གནས་པ་ནི་རྡོ་རྗེ་སྨོད་པའི་ཕྱག་རྒྱའོ།། ལག་པ་གཡོན་པ་རྡོ་རྗེ་རྩེ་གཅིག་པ་སྙིང་ཁའི ་ཕྱོགསུ་བཞག་ལ། ལག་པ་གཡས་པའི་སོར་མོ་གསུམ་གྱིས་རྒྱས་བཏབ་ནས་བརྐྱང་བསྐུམ་དུ་གནས་པ་འདི་ནི་རྡོ་རྗེ་གཞན་ལ་སྨད་པའི་ཕྱག་རྒྱའོ།། སྔག་ནི། ཨོཾ་བི་བྷིནྡྷ་བི་བྷིནྡྷ ་ཧཱུཾ་ཕཊ། འཕགས་པ་རྡོ་རྗེ་ས་འོག་གྲི་རྒྱུད་ཅི་སྙེད་པ་ལས་སྔགས་དང་ཕྱག་རྒྱའི་ལེའུ་སྟེ་གཉིས་པའོ།། །། གང་གི་ཚེ་སྐྱེས་བུ་དཔའ་བོ་དཔལ་གྱིས་སྐོར་འཇུག་པར ་འདོད་པར་གྱུར་ན། དེས་རྡོ་རྗེ་ཁྲོ་བོའི་བསྙེན་པ་སྔོན་དུ་བྱས་ལ་ཕྱིས་འཇུག་པར་བྱའོ།། དེ་ལ་སྔོན་དུ་བསྙེན་པ་ན་འབུམ་ཕྲག་བརྒྱད་སྲོང་མོ་ཟ་ཞིང་སྨྲ་བ་བཅད་ལ། སེམས་ཅན་ཐམས་ཅད ་པ་བྱམས་པའི་སེམས་དང་། དེ་བཞིན་གཤེགས་པ་རྒོད་པ་ལ་དགའ་རྟེན་ཅིང་འབྲེལ་བར་འགྱུར་བའི་སྙིང་པོའོ།། མཆོད་རྟེན་བྱས་ལ། དེའི་མདུན་དུ་རི་བོ་འམ། ཆུ་བོ་འདུས་པའོ།། ་ཤིང་གཅིག་པའི། བགླང་གི་ལྷས་སམ། བས་མཐའ་མ། མཆོད་རྟེན་གང་ཡང་རུང་བའི་གནས་བྱང་ཆུབ་ཀྱི་སེམས་རྗེསུ་དྲན་པས་དེ་བཞིན་གཤེགས་པ་ཐམས་ཅད་ལ་གསོལ ་བ་བཏབ་ནས་སྡིགས་པ་བཤགས་ཏེ། བླ་ན་མེད་པར་བསྔོས་ལ་དམ་པའི་ཆོས་བསྟོན་ཏེ་རྗེསུ་དྲན་པར་བྱས་ལ། མཆོད་རྟེན་གྱི་ལས་ལ་རྗེསུ་གནས་ནས་ལུས་དང་སྲོག་ལ་དགའ་བོ་དོར། ་ཏེ། དུས་གསུམ་དུ་ཕྱག་རྒྱ་དང་། དབང་བསྐུར་ཞིང་དུས་གསུམ་དུ་ཁྲུས་བྱས་ལ། དེ་ལྟ་བུའི་ཚུལ་གྱི་བསྙེན་པ་བྱའོ།། གང་དག་མི་ལམའོ།། ་མངོན་སུམ་མཚན་མ་མཐོང་ན། རེ་ཤིག་མི་འཇུག་སྟེ།། དེའང་རྨི་ལམ་ནི་གླང་པོ་ཆེ་ཆེན་པོ་ཟིལ་གྱིས་གནས་པ་འམ། གཟིར་བ་འམ། བྲོས་པ་འམ། འགྱེལ་བ་འམ།། ་གང་དག་ཤི་བ་དེ་ལྟ་བུ་མཐོང་ནས་འཇུག་པར་བྱའོ།། ཡང་ན་མངོན་སུམ་སྡེ་སྒོ་འཕར་གྱི་མཚམས་བཅོམ་པ་འམ། རྡོ་ཆེན་པོ་ལྒང་བའི། ཁྲོས་ནས་གཟའ་ཆེན་པོ ་འགུགས་པ་ལམ། གདུག་པ་རྣམས་དང་། གཏུམ་པོ་དང་འཇིགས་བྱེད་དང་། ཀླུ་དང་གླང་པོ་ཆེ་ཆེན་པོ་དང་། སེང་གེ་དང་། སྟག་དང་། མ་ཧེ་དང་། དགུའི་དབུས ་ཕྱིན་ཡང་བལྟ་དཀའ་བར་འགྱུར་བ་དང་། དེ་དག་ཐམས་ཅད་བྱམས་པའི་སེམས་སུ་གྱུར་ན་དེ་ནས་འཇུག་པར་བྱའོ།། ལྷ་ཐམས་ཅད་མངག་གཞུག་དུ་འགྱུར་རོ།། འདི ་ནི་ཁྲོ་བོའི་རྒྱལ་པོ་རྡོ་རྗེས་འོག་གི་སྔོན་དུ་བསྙེན་པའི་ཆོ་གའི་ལེའུ་སྟེ་གསུམ་པའོ།། །། བུ་གའི་མཚན་ཉིད་ཤེས་བྱ་བ། ཆུ་འབབ་གང་དག་རྩེ་མོ་མེད། ་སའི་སྒྲ་ནི་སྒྲོགས་པ་དང་། ལྟོ་འཕྱེའི་གནས་ཁང་ཇི་ལྟ་བར། རྡོ་རྗེ་ས་འོག་མཚན་ཉིད་ནི། མཁས་པ་ཡིས་ནི་མཚོན་པ་བྱ། རྣམ་པ་གང་གི་ཚུལ་གྱིས་ནི། བུ་ག་རྣམ ་སུ་བརྗོད་པ་ཡི། འཇུག་པ་ན་ནི་དོག་གྱུར་ལ། བུ་ག་དེར་ནི་ཕྱིན་པ་ནི། ཀུན་ནས་ས་གཞི་མཉམ་པ་ནི། དཔལ་གྱི་སྒོར་ནི་རྣམ་པར་བསྟན། གླ་རྩི་མཆོག་གི་དྲི་ལྡན་ཞིང་།། ་འཁྲིལ་ཤིང་ལྕུག་མས་ཁྱབ་པ་དང་། དྲི་སྣམ་ལྡན་པའི་ཁ་དོག་ཅན། དཔལ་གྱི་སྒོར་ནི་དེ་བཤདོ། དྲི་དང་ལྡན་ཞིང་ངོས་བརླན་པ། དྲོ་བ་ཉིད་ནི་འཁྲུགས་འགྱུར་བ། ཤུགས ་བ་ཙམ་གྱིས་ཡང་དང་ཡང་།། འཁྲུག་པ་ཉིད་དུ་འགྱུར་བ་ནི། དཔལ་གྱི་སྒོར་ནི་དེ་ཤེས་བྱ། དེ་ན་དངུལ་ཆུ་ཡོད་པར་བསྟན། བུ་ག་ཡི་ནི་སྒོར་ཞུགས་པས། དེའི་སེམས་ནི ་འདོད་ལྡན་འགྱུར། ཁྲོ་བའི་སེམས་སུ་གྱུར་པ་ན། བུ་གར་མཛེས་མ་གནས་པ་ཡིན། འཇིགས་པ་མེད་ཅིང་ང་རྒྱལ་དང་། རློམ་པའི་སེམས་དང་ལྡན་པ་ཡིས། དེར་ནི ་ཞུགས་བས་ཚིམ་འགྱུར་ན། བུ་གར་དཀར་རྫས་ལྡན་པས་ཁྱབ། བུ་ག་དག་ནི་གང་དག་དུ། ཚུལ་མེད་ང་རྒྱལ་ཅན་ཁོ་བ། བརྩོན་མེད་སེར་སྣ་དང་ལྡན་ཞིང་། བན་ཚུན་དུ་ནི ་སྨོད་བྱེད་པ་འམ། ཡང་ན་བུ་གའི་སྒོ་ན་ནི། སྲིན་བུ་རྣམས་ནི་རྟེན་གྱུར་པ། དེར་ནི་ལྟོ་འཕྱེ་ཤེས་བྱ་སྟེ། དུག་དེར་ནི་རྙེད་དཀའ་བོ།། གང་དག་དཀར་པོའི་བྱ་བ་ནི། བུག་སྒོར ་མང་དག་གནས་མཐོང་ན། དེ་ན་བུད་མེད་སྟོང་ཕྲག་གནས། གསེར་ནི་རྣམ་པ་དུ་མ་གནས། ནོར་བུ་མུ་ཏིག་བྱི་རུ་དང་། རིན་ཆེན་རྣམས་པ་སྣ་ཚོགས་དང་། བཅུད་ལེན་དུ་མའི ་རྫས་རྣམས་ནི། བུ་ག་མཆོག་དེར་གནས་པ་ཡིན། བུ་ག་གང་གི་སྔོ་ལ་ནི། རྐང་གདུབ་སྨ་ནི་གྲག་གྱུར་ན། བུ་ག་དེ་ནི་རིན་ཆེན་དང་། བུད་མེད་སྟོང་ཕྲག་དེ་ན་གནས། ་བུ་ག་གང་གི་སྒོ་ན་ནི། ཚད་བྱེའུ་གང་བྱེད་གནས་གྱུར་ན། བུ་ག་དེ་ནི་འབྲས་མེད་ཤེས། དེར་ནི་བློ་ལྡན་འཇུག་མི་བྱ། གང་གི་ནང་ན་རྐང་གཉིས་ནི། ཡང་དག་བརྟེན་པར ་མཐོང་གྱུར་ན། དེར་ནི་རབ་ཏུ་སྤྲོ་བ་ཡིས། མཁས་པ་ཡིས་ནི་འཇུག་པར་བྱ། མི་གང་འཐུངས་པས་མཆི་མེད་པའི། མཆོག་གི་བཅུད ་ལེན་དེ་ན་གནས། གང་དག་བུ་གའི་སྒོ་ལ་ན། གླང་པོ་ཡང་དག་བརྟེན་མཐོང་ནས། མཐོང་ནས་མ་མཐོང་གྱུར་ན་ནི། བུ་ག་དེས་ནི་ལས་ཀུན་བྱེད། གང་དག་བུ་ག་དེར་འཇུག་པའི། ་ལྟོ་འབྱེའི་དབང་ཕྱུག་རྣམ་མཐོང་ན། དཔའ་བོས་དེར་ནི་འཇུག་མི་བྱ། དེ་མ་ཐག་ཏུ་སྲོག་འཕྲོག་བྱེད། བུ་གའི་དྲུབ་ན་འཇིགས་བྱེད་པའི།། ཅེ་སྤྱང་མོ་ཡི་སྒྲ་གྲག་ན ་དེར་ནི་བག་མེད་མ་བྱ་སྟེ། འཁོར་དང་བཅས་པ་སྐྲག་པར་འགྱུར། གང་ན་ཁྲུང་ཁྲུད་སྒྲོགས་པ། བུ་གའི་ནང་ན་གནས་འགྱུར་བ། བུ་ག་དེ་ནི་ཀུན་གྱིས་གང་། འདོད་པ ་རྣམས་ཀྱིས་རྣམ་པར་བརྒྱན། གང་དག་བུ་གའི་སྒོར་རྟེན་པའི། ཉ་ནི་ཡང་དག་མཐོང་གྱུར་ན། དེར་ནི་བརྩོན་པས་འཇུག་པར་བྱ། བུད་མེད་སྟོང་གི་བདག་པོར་འགྱུར།། ་བུད་མེད་གཞོན་ནུ་བུམ་པའི་ལག། བུ་གའི་སྒོར་ནི་ཡང་དག་མཐོང་། གདོན་མི་ཟ་བར་བུ་གའི་ལས། དེར་ནི་འགྲུབ་པར་ཤེས་པར་བྱ། བུ་གའི་ལས་ལ་འཇུག་པ་ན།། ་སྒྲ་སྐད་ཆེན་པོ་བྱུང་གྱུར་ན། བུ་ག་དེ་ནི་མཐའ་མེད་ཤྱེ། དེར་ནི་གྲུབ་པར་རྗེསུ་བསྟན། བུ་གས་ནི་གོ་རུ་ཡང་།། བྱི་བ་ཀ་ཀ་རུ་དཀར་པོ།། གང་དག་ལྷན་ཅིག་གནས་མཐོང་ན། ་དུ་ག་དེ་ནི་ལས་ཀུན་བྱེད།། བུ་ག་སྒོ་རུ་ཁྱད་པར་དུ།། དེར་ནི་རས་ཀྱི་བྱུང་ན།། བུ་མོ་རྣམས་ནི་སྟོང་ཕྲག་དག། དགུ་དང་བདུན་བརྒྱ་རྣམས་དང་ནི། བཅུད་ཀྱི་ལེན་དང་གསེར་དང ་ནི། རིནི་ཆེན་རྣམ་པ་སྣ་ཚོགས་གནས། གང་དུ་བཞུགས་པའི་འབྱུང་འགྱུར་བ། ཀ་ར་བི་རའི་ཏོག་རྒྱས།། དེ་ན་དངུལ་ཆུ་གནས་པ་ན།། མཁས་པ་ཡིས་ནི་བླང་བར་བྱ།། དུག ་གང་ན་སྐེ་མོང་ནི།། གནས་པར་མཐོང་ན་བུ་ག་དེ།། འཁྲུལ་འཁོར་མེད་པར་ཤེས་བྱས་ལ།། དེར་ནི་བརྟག་སྤང་མི་བྱའོ།། དུད་མེད་དག་ནི་གཙིག། བརྒྱ་ཕྲག་དག་ནི་བཅུ ་གཉིས་ནི།། པད་མའི་སྙིང་པོ་ལྔར་འཛམ་ཞིང་།། རྟག་ཏུ་རོལ་པས་སྤྱོད་པར་བྱེད།། ཐམས་ཅད་ཀྱང་ནི་ཚུལ་གཅིག་ཅིང་།། ཀུན་གྱིས་མཐོང་ན་དགའ་བའོ།། དེ་ལ་རིན་ཆེན ་དུ་མ་དང་།། གོས་དག་དང་ནི་བརྒྱན་དག་ད། བཅུད་ཀྱི་ལན་གྱི་གཙོ་བོ་དང་།། རྣམ་པ་སྣ་ཚོགས་མཛེས་པའོ།། དེ་ནས་ལྡོང་རོས་དག་དང་ནི།། མིག་སྨན་དང་ནི་དངུལ་ཆུ ་དང་།། མཛེས་པའི་མཚོན་ཆ་སྣ་ཚོགས་རྣམས།། བུ་གའི་གྲོང་གི་མཆོག་ནའོ།། བུ་ག་དེ་ཡི་ནང་འགྲམ་ན། དུ་བ་འཐུལ་བ་མཐོང་གྱུར་ན། གསེར་ནི་རྣམ་པ་མང་པོ ་དང་། དེར་ནི་དངུལ་ཆུར་ཤེས་པར་བྱ། བུ་ག་དེ་ཡི་ལོགས་ལ་ནི།། ཚངས་པ་ཁ་དོག་སྣ་ཚོགས་པ་འམ། རང་བཞིན་དཀར་པོ་རྟེན་གྱུར་ན། བུ་ག་དེའང་ལས་ཀུན་བྱེད། ་དབུས་ནས་འཆི་མ་འཛག་པའི།། བྱ་རོག་འཐོན་པ་གང་ཡིན་པ།། དེ་ནི་བཟའ་བ་སྣ་ཚོགས་པའི།། བུ་ག་རུ་ནི་རྣམ་པར་བསྟན། གང་ན་མ་ཧེ་མཐོང་བ་ན། ཁྱད་པར་དུ་ནི ་སྦྱིན་གྱི་མདོག། བུ་ག་དེར་ནི་འབད་པ་ཡིས།། མཁས་པ་ཡིས་ནི་འཇུག་པར་བྱ། མ་མྱོས་པ་དང་ལྡན་ཅིག་ཏུ།། ལག་ན་རལ་གྲི་རྒྱུན་ཏུ་ནི། བུ་ག་དེར་ནི་དོར་བ ་བྱ།། ཐམས་ཅད་དུ་ནི་བྱང་གི་ཆར།། ཟབ་མོ་སྤྲིན་མདོག་འདྲ་བའི།། དངུལ་ཆུ་དེར་ནི་ཤེས་པར་བྱ།། གང་ན་མེ་ཏོག་དྲི་ཡོད་ཅིང་། ཁྱད་པར ་བར་དུ་ནི་སྤང་སྤོས་དྲི།། བུ་ག་དེའི་ནང་ན་ནི།། བུད་མེད་གནས་པར་རྣམ་པར་བསྟན།། འཇུག་པ་པོ་ནི་ཁྱད་པར་ད།། དེ་ནི་ཐེ་ཚོམ་མི་བྱའོ།། དེ་ནས་རབ་རྣམ་ལྔ་དང་།། ་རྒྱལ་པོའི་སྒོ་དང་རྟ་བབས་དང་།། གསེར་གྱི་རང་བཞིན་ཀ་བ་ནི།། བུད་མེད་རིན་ཆེན་རྣམས་ཀྱི་སྤྲས།། བཅུད་ལེན་རྣམས་དང་རཱིན་རྣམས།། གདོན་མི་ཟ་བར་དེ་ན་གནས།། བུ་ག ་སྒོ་རུ་ཁྱད་པར་དུ།། གང་ན་པད་མའི་དྲི་ཡོད་པ།། གཞན་ལེན་དུ་གར་དེར་ཤེས་བྱ།། འདོད་པ་ཀུན་གྱིས་རྣམ་པར་བརྒྱན།། བརྟུལ་ཞུགས་ཅན་གྱི་དེར་འཇུག་གོ།། བརྟུལ་ཞུགས ་མེད་པས་རྣམ་ཡང་མིན།། དེ་ན་རྣམ་པ་དུ་མ་གནས།། གང་འདོད་དེ་ནི་བརྟག་པར་བྱ། བབུ་གའི་སྒོ་རུ་ཁྱད་པར་དུ།། གང་ན་སྦྲང་རྩིའི་དྲི་ཡོད་ན།། བུ་གའི་ལོག་ནི་ཐམས་ཅད་ལ། ་དེ་ན་བུང་བ་ཡོད་པ་སྟེ།། དེ་ལ་ཐེ་ཚོམ་མི་བྱའོ།། དེ་ན་གནས་པའི་བུད་པ་སོགས།། རིགས་པ་འཛིན་པ་ཁྱད་པར་དུ།། སྔགས་གྲུབ་པ་ལ་རྩེད་མི་འགྱུར།། བུ་གའི་སྒོ་ནི་ཐམས ་ཅད་དུ། གང་ན་སའི་དྲི་ཡོད་པ།། ས་ལ་རི་ནི་ཆེན་ཇི་སྙེད་པ།། རྒྱ་མཚོ་ཡང་ནི་ཁྱད་པར་དུའོ།། ལྷ་མ་ཡིན་རྣམས་ཀུན་གྱི་ཀྱང་།། མིའི་གཙོ་བོ་རྣམ་ཀྱི་དང་། གནོད་སྦྱིན ་ནི་རྣམས་ཀྱིའང་།། བུ་གུའི་མཆོག་དེར་ཐམས་ཅད་གནས།། རིག་པ་འཛིན་པས་དེར་ཞུགས་པས། འདོད་པ་ཐམས་ཅད་ཐོབ་པར་འགྱུར།། དུ་གའི་ནང་ན་ལུག་གི་དྲི།། ་གདཱ་ཡོད་ན་གྷ་དེ།། འཁྲུལ་འཁོར་མེད་པར་ཤེས་པར་བྱ།། འདོད་པ་ཀུན་གྱིས་རྣམ་པར་བརྒྱན། ཆུ་སྐྱར་དང་ནི་ཆུ་སྐྱར་མོ།། མཉམ་དུ་སྤྲོད་ཙང་ལྷན་ཅིག་དུ།། བུ་གའི་ནང ་ན་གནས་ན་ནི། བུ་གེའི་འཁྲུལ་འཁོར་མེད།། དེ་ནས་དངུལ་ཆུ་གཅིག་ཡོད།། དེ་ནི་བུ་གའི་དམ་པའོ།། བུ་ག་དག་ནི་བརྐོས་པ་ན།། གང་དུ་ལུག་ཀོང་མཐོང་བ་ན། བུ་ག་དེ ་ནི་རིན་ཆེན་གང་།། མཁས་པ་ཡིས་ནི་འཇུག་པར་བྱ།། ཞུགས་པ་ཙ་ན་མཐོང་འགྱུར་བ།། དཀྱུ་སུ་དཔའ་ཚད་ཕྱེད་པ་ཡི།། དེ་ན་ཐང་ནི་ལེགས་པར་ཡོད།། འཛམ་བུ་ཆུ་བ ་འདྲ་བའི་འོད།། དེར་ནི་མིའི་འབྲས་ཐོབ་སྟེ།། ལོ་ནི་ཁྲི་ཕྲག་བརྒྱར་མཚོའོ།། གང་ན་མི་མོ་སྒྲོན་མའི་ལག། བུ་གའི་ནང་ན་གནས་པ་ན།། འདི་ནི་དེ་ཡི་བུ་གར་ཤེས། ་གདོན་མི་ཟ་བར་དངུལ་ཆུས་གང་།། བུ་གའི་སྒོ་རུ་ཁྱད་པར་དུ།། གང་ན་ཤ་རའི་དྲི་ཡོད་ན། སྲིན་པོ་རྣམས་ཀྱི་བུ་གར་ཤེས།། བློ་དང་ལྡན་པས་དེར་མི་འཇུག། བུ་གའི་དྲུག་ན ་གར་བྱེད་པའི།། རྨ་བྱ་མཐོང་ན་བུ་ག་དེ།། འཁྲུལ་འཁོར་མེད་པར་ཤེས་པར་བྱ།། འདོད་པ་ཀུན་གྱིས་རྣམ་པར་བརྒྱན།། བུ་གའི་སྒོ་རུ་ཁྱད་པར་དུ། གང་ན་ཁྲག་ནི་མཐོང་བ་ན། ་གཅིག་པུ་ཉི་དུ་དེར་འཇུག་སྟེ།། རང་གི་ཁྱིམ་བཞིན་འཇིགས་པ་མེད།། གང་ན་ཞིའི་དྲི་ཡོད་ཅིང་།། ཁྱད་དུ་ཡང་ཞག་དྲི་ཡོད།། དེ་དང་དེར་ནི་བརྩོན་པ་ཡིས།། མཁས་པ་ཡིས ་ནི་འཇུག་པར་བྱ།། ཞུགས་པས་ཆུ་རྒྱུན་མཐོང་གྱུར་ན།། འདོད་པ་ཀུན་གྱི་འབྲས་བུ་སྟེར།། དེའི་འགྲམ་དུ་བཟའ་ལྡན་པའི།། ཁང་པ་རབ་དུ་སྤྱང་གྱུར་པ།། ལྷ་ཁང་དང་ནི ་། ང་དང་ཤིང་ཁང་ལ།། བ་དན་རྣམས་ཀྱིས་མངོན་པར་སྤྲས། དེ་ན་རིན་ཆེན་བཟང་པོ་དང་།། དགའ་མ་འདྲ་བའི་བུད་མེད་དང་།། དེ་ན ་དངུལ་ཆུ་མང་ཡོད་པར།། ཐམས་ཅད་དུ་ནི་ཐེ་ཚོམ་མེད།། དུ་ག་གང་དག་བརྐོས་པ་ན། ཁྲག་གི་ཆར་བ་བབ་གྱུར་ན།། དེར་ནི་འཇུག་པར་མི་བྱ་སྟེ།། དེ་མ་ཐག་ཏུ་འཕྲོག་བྱེད ་བུ་ག་བརྟགས་ཤིང་སྤྱད་པ་ན།། གང་ན་མུན་ཡོངས་གྱུར་ན།། དེར་ནི་འཇིགས་པ་མེད་པར་འཇུག། བུ་ག་དེ་ནི་རང་ཁྱིམ་མཚུངས།། བུ་གའི་སྒོ་རུ་ཁྱད་པར་དུ།། གང་ན་རས་ཀྱི ་དྲི་ཡོད་པ།། དེ་ན་རིན་ཆེན་དུ་མ་དང་།། དངུལ་ཆུ་ལྡོང་རོས་དེ་བཞིན་དུ།། མིག་སྨད་བཟང་པོ་རྣམས་དང་ནི།། རིན་ཆེན་རྣམས་ཀྱི་བརྒྱན་དག་ནི།། དུ་མ་རྣམ་པ་སྣ་ཚོགས ་དང་།། གསེར་ནི་རྣམ་པ་དུ་མ་ཡོད།། བུ་ག་ནང་ནི་གང་དག་ན།། སྒྲོན་མའི་དྲི་མ་ཡོད་པ་ན།། དེ་རུ་ཡང་ནི་འཇུག་པར་བྱ།། འདོད་པ་ཐམས་ཅད་ཐོབ་པར་གྱུར།། བུ་ག ་ཡི་ནི་འགྲམ་ལོགས་ན། གང་ན་གདག་པ་གནས་གྱུར་ན། དེ་ནི་ཤ་ཟ་གནས་ཡིན་ཞིང་།། འདབ་བཟང་གནས་པར་གདོན་མི་ཟ།། གང་ན་ཧ་ཧའི་སྒྲ་སྒྲོགས་པ།། དབང ་ལྡན་གྱི་ནི་ཕྱོགས་ལ་བརྟེན།། བུ་ག་དེ་ནི་འཇིགས་ཤེས་བྱ།། དེ་བས་མྱུར་བར་འབྲོས་པར་བྱ།། གང་ན་སྒྲ་དག་གིས་གང་བར། ཤར་གྱི་ཕྱོགས་པ་ཡང་དག་བརྟེན།། དེར ་དེར་ནི་འབད་པར་བྱས་ནས་ནི།། བུ་ག་དེ་ཡང་ལས་ཀུན་བྱེད།། བུ་ག་དེ་ཡི་ཐོན་འཁོར་དུ།། གང་ན་རྡོ་རྗེའི་ཆེར་འབབ་ན།། དེར་ནི་དངུལ་ཆུར་ཤེས་བྱ་སྟེ།། སེམས་ཅན་ཐམས ་ཅད་གྲུབ་པར་བྱེད།། བུ་ག་དེ་ཡི་ཐོན་འཁོར་དུ། མེ་རྟོག་དྲི་ལྡན་བུག་དེ།། འཁྲུལ་འཁོར་མེད་པར་ཤེས་པས་བྱ།། འདོད་པ་ཐམས་ཅད་བསྒྲུབ་པར་བྱེད།། དུག་དེ་ནང་ན་ནི།། ་གང་ན་རྒྱལ་བའི་སྒྲ་ཡོད་པ།། བུ་ག་འཁྲུལ་འཁོར་མེད་ཤེས་བྱ།། དེར་ནི་མཁས་པས་འཇུག་པར་བྱ།། བུ་ག་ཡི་ནི་ཐོན་འཁོར་དུ།། གང་ན་ཁྱུང་མཆོག་མཐོང་བ་ན།། དེར་ཡང ་དཔའ་བོས་འཇུག་པར་བྱ།། བུ་ག་དེ་ཡི་རིན་ཆེན་གང་།། གང་ན་སྐྱེས་བུ་གཅེར་བུ་ནི།། ནག་པོ་ཤ་ཁྱིམ་ཆེན་པོ་དག། མཐོང་ནས་ཡང་ནི་མི་འཐོང་ན།། བུ་ག་དེ་ཡང་ལས ་ཀུན་བྱེད།། གང་ན་དགེ་སྦྱོང་གཅེར་བུ་དང་།། སྤྱི་གཅེར་དང་ནི་སྣ་རིང་འམ།། གང་དག་དུ་ནི་ཁྱི་མཐོང་ན།། དེང་ནི་གྲུབ་པར་བསྟན་པའོ།། བུ་ག་གང་གི་ཐོན་འཁོར་དུ།། ་རྔ་མོ་ཡི་ནི་དྲི་ཡོད་ན། བུ་ག་དེ་ཡི་ལམ་གྱི་རྒྱུས།། དཔག་ཚད་བརྒྱ་རུ་ཤེས་པར་བྱ།། གང་ན་རྩེ་གསུམ་མཚན་ཉིད་ནི།། ཐམས་ཅད་དུ་ནི་མཐོང་བ་ན།། མི་རྣམས་ཀྱིས་ནི ་ཁྱད་པར་དུ། བུ་ག་དེར་འཇུག་ནུས་མ་ཡིན།། གང་དུ་མེ་ཏོག་དྲིས་བརྒྱན་པའི།། བྲམ་ཟེ་མཐོང་ན་དུ་ག་དེ།། འཁྲུལ་འཁོར་མེད་པར་ཤེས་བྱ་སྟེ། འདོད་པ་ཀུན་གྱི་འབྲས། ་བུ་འགྲུབ། བུ་གའི་སྒོ་རུ་ཡང་དག་བསྟེན།། གང་ན་དཀར་པོའི་སྦྲུལ་ཡོད་ན།། དེར་ཡོད་བརྩོན་པར་བྱས་ན་སུ།། མཁས་པ་ཡི་ནི་འཇུག་པར་བྱ།། བུ་ག་སྒོ་ཡི་ཐོན ་འཁོར་ནི།། གང་དུ་དོན་ནི་མཐོང་བ་ན།། བུ་ག་འཁྲུལ་འཁོར་མེད་ཤེས་བྱ།། འདོད་པ་ཀུན་གྱི་དོན་གྲུབ་བྱེད།། བུ་གའི་ལས་ནི་བྱེད་པ་ན།། གང་དུ་པག་ནི་མཐོང་གྱུར་ན།། ་བུ་ག་འཁྲུལ་འཁོར་མེད་ཤེས་བྱ།། གདོན་མི་ཟ་བ་རིན་ཆེན་གང་།། བུ་ཀའི་སྒོ་ཡི་ཐོན་འཁོར་ནི།། གང་ན་ཆུ་ཡི་དྲི་ཡོད་པ།། དེར ་ནི་དངུལ་ཆུར་ཤེས་བྱ་སྟེ།། སེམས་ཅན་ཀུན་ལ་ཕན་པར་བྱེད།། བུ་ག་དེ་ཡི་ནི་ཐོན་འཁོར་ནི།། གང་ལ་འདུག་པའི་དྲི་ཡོད་པ།། བུ་ག་འཁྲུལ་འཁོར་མེད་ཤེས་བྱ།། གདོན ་མི་ཟ་བར་རིན་ཆེན་གང་།། བུ་གའི་སྒོ་ལ་གནས་པ་ཡི།། གང་ན་བུར་ཆང་དྲི་ཡོད་པ།། བུད་མེད་རིནི་གཟུགས་མཛེས་དང་།། བཟའ་དང་བཏུང་བར་ཤེས་པར་བྱ།། བུ་ག ་ཡི་ནི་ཐོན་འཁོར་ན། གང་ན་ར་ཡི་དྲི་ཡོད་པ།། དེར་ཡང་དཔའ་བོས་འཇུག་བྱ་སྟེ།། འགའ་ཞིག་དང་ནི་འཇུག་མ་ཡིན།། མ་མྱོས་པར་ནི་ཞུགས་ནས།། དེར་ནི་ཇི་ལྟར་འདོད་པས ་བསྡང་།། དད་ལྡན་གཅིང་ཞིང་མཁས་པ་དང་།། བྱ་བ་བྱས་པས་ཁྱད་པར་དུ།། དཀོན་མཆོག་གསུམ་ལ་ཕྱག་བྱའོ།། དེ་བཞིན་རིག་པའི་བདག་པོ་དང་།། རིག་བའི་རྒྱལ་པོ ་ལྷ་མོ་དང་། རིག་པའི་ཚོགས་ལའང་ཁྱད་པར་དུ། ཨོཾ་བ་ར་བཛྲ་ཧཱུཾ། འཕགས་པ་རྡོ་རྗེ་ས་འོག་གི་སྙིང་པོའོ།། ལས་ཐམས་ཅད་པའི་ཉེ་བའི་དབང་པོའི་དེ་ཉིད་དོ།། །། ་ཨོཾ་ཧྲིཿཧཱུཾ་ཕཊ་ཨོཾ་བི་བྷནྡྷ་བི་བྷནྡྷ་ཧཱུཾ་ཕཊ།། འདིས་སྒོ་དང་འཁྲུལ་འཁོར་གྱི་ཕྱོགས་སཾ།། མཆོད་པའི་དུས་བསྲུང་བར་བྱའོ།། འདི་ནི་རྡོ་རྗེ་ས་འོག་གི་རྒྱུད་ལས་དུ་གའི ་མཚན་ཉིང་མཚོན་པའི་ལེའུ་སྟེ་བཞི་པའོ།། །། སྔགས་པས་དཔལ་གྱི་གོར་འཇུག་པར་འདོད་ན། དེས་བརྗོད་པ་དང་སྦྱང་བ་བྱས་ལ་འཇུག་པར་བྱའོ།། དེ་ལ་བརྗོད། ་བ་ནི་གང་། སྦྱང་བ་ནི་གང་ཞེས། དེ་ལ་ཐོག་མརས་སྙིང་པ་དང་། ཆུ་དང་སྨན་གྱིས་ལས་ཉེ་བར་བྱུག་ལ། ཀུ་མུ་ཧ་དང་། ཨུད་པ་ལ་དང་། རུ་རྷ་དང་། རིན་གུན་ཌི་དང་། ་སྔོས་རོས་མཉམ་པར་སྦྱར་བའི་སྨན་གྱི་དམ་པ་འདིས་སྲིན་པོ་འདོམས་པ་དང་། དུག་འཇོམས་ཤིང་གཞོན་ནུ་རྣམས་སྐྱེད་འཕེལ་བ་དང་།། མཆོད་སྦྱིན་གྱིས་བགེགས་སེལ ་བ་དང་། ཚངས་པའི་སྲིན་པོ་བསྲུང་བ་དང་། དྲག་པོ་དང་། སྐྱེ་མ་བྱེད་ཀྱིས་བཟུང་བ་དང་། གང་དག་ལུས་སྲུལ་པོས་བཟུང་བ་དང་། བུད་མེད་མངལ་ཉམས་པ་རྣམས་ཀྱི ་ཉེར་གནས་ལ་བྱུགས་པས་བཟང་པོར་འགྱུར་བ་དང་། དེ་དག་གིས་ཡན་ལག་བྱུགས་པ་གང་ཡིན་པས་ནི། དུག་ཧ་ལ་ཡང་འཐུང་བར་བྱེད་དོ།། དེ་དག་གིས་འདིས་ཡན ་ལག་ལ་བྱུགས་ནས་ཞུགས་པས་སྒོ་གྲོལ་བར་འགྱུར་རོ།། དེ་དག་ནི་བརྗོད་པའོ།། སྦྱོར་བ་ཡང་མ་ཏུ་ལུང་ཀ་དང་། ཀ་ར་ཉྫ་དང་། ན་གྲོ་དྷའི་ཡལ་ག་ལ་སོགས་པའི་ཤིང་རྣམ ་ཀྱིས་བུ་གའི་སྒོ་བཀག་ལ་མཚམས་མེད་པར་བྱས་ཏེ། སྒོ་འབར་གྱིས་ཀུན་ནས་བསྒྲིབས་ལ་མེ་སྦར་བར་བྱའོ།། གང་དག་ནང་ན་གནས་པའི་མེ་རབ་དུ་ཞི་བ་ནི་སྦྱོར་བའོ།། ་དེ་ནས་སྐྱེས་བུ་དཔའ་བོས་པ་སེར་སྐྱའི་ལྕི་བ་ས་ལ་མ་ལྷུང་བས་དཀྱིལ་འཁོར་ཞི་བར་བྱུགས་ལ་བུ་གའི་སྒོར་མཆོད་པ་དང་གཏོར་མའི་ཆོ་ག་བྱ་སྟེ། ཨ་བེ་མརྒའི་ཡམ་ཤིང ་ལ་མེ་རབ་ཏུ་སྦར་ལ། ཨ་བ་མརྒའི་འབྲས་བུ་དང་། མར་དང་སྦྲང་རྩི་བཏག་ཏེ། བསྲེག་ལུག་བརྒྱ་རྩ་བརྒྱད་ཁྲོ་བོ་འཁྲུལ་འཁོར་གྱི་ཐ་མ་དབུལ་བར་བྱའོ།། འདིས་འཁྲུལ ་དུ་། འཁོར་ཐམས་ཅད་ལྷང་དང་བརླག་པར་འགྱུར་རོ།། དེ་ནས་རའི་ལྤགས་པའི་རལ་གུ་གྱོན་ལ་ཉི་མ་ཤར་བ་ན་འཁོར་དང་བཅས་པ་ཐམས ་ཅད་སྨན་གྱིས་ལུས་བྱུག་ཏེ། བྱ་བ་བྱས་པ་གྲོགས་བཟང་བ་དང་འཇུག་པར་བྱའོ།། ཤིང་མངར་དང་། ཀྲོ་བོ་དྷི་ར་དཀར་པོ་དང་། ཀཪྵ་ཀ་བླུགས་པའི་ཡུང་བ་གཉིས་ཀྱིས ་སྦྲུལ་གྱི་དཔའ་བ་འཇོམས་པ་དང་། མངོན་པར་འདོད་པའི་དོན་བསྒྲུབ་པ་དང་།། སྐྱེས་བུ་གཞོན་ནུ་བསྲུང་བ་དང་། བུད་མེད་སྐལ་བ་བཟང་པོར་བྱེད་པ་དང་། འདོད་པའི ་གདུང་བ་ཐམས་ཅད་སེལ་བ་དང་། རྩོད་པ་ཞི་བར་བྱེད་པ་དང་། སའི་བདག་པོ་རྒྱས་པ་སྟེར་བ་དང་། དགྲ་ཐམས་ཅད་རྟག་ཏུ་འཇོམས་པ་དང་། གི་མ་ཤར་བ་ན་དབང ་དུ་བྱེད་པར་བརྗོད།། འདིར་དེ་དག་གིས་ལུས་ལ་བྱུགས་ལ། རའི་ལྤགས་པའི་རལ་གུ་གྱོན་ཏེ། ཆུ་གྲི་བཟུང་ལ་མུན་པའི་ཕྱིར་སྒྲོན་མ་ཤལ་མ་ལའི་དོག་པ་ལས་སྤོང་བུ་བྱས ་ཏེ་འཁྲུལ་འཁོར་གྱི་བླ་མ་ལན་ཉི་ཤུ་རྩ་གཅིག་ཡོངསུ་བཟླས་ལ་རབ་ཏུ་སྦར་ཏེ། བྱི་བའི་རྣམ་པ་ཡིན་ན་བྱི་བའི་ཞག་དང་། ཆུ་སྲིན་གྱི་ཞག་སྔ་མ་བཞིན་ནོ།། ཇི་ལྟར་གླང ་བོའི་གདོང་གི་རྣམ་པ་ཡིན་ན་སྔ་མ་བཞིན་དུ་གླང་པོའི་ཞག་གིསོ།། ཇི་ལྟར་ལྟོས་འབྱེའི་རྣམ་པ་ཡིན་ན་སྔ་མ་བཞིན་དུ་ལྟོས་འཕྱེའི་ཞག་གིསོ།། མིའི་གདོང་གིས་རྣམ་པ ་ཡིན་ན་ནི་མིའི་ཞག་གིས་ཤལ་མ་ལའི་དོག་པའི་གདོང་བུ་སྟེང་དུ་གཞག་ལ་མུན་པའི་ཕྱོགསུ་བཟུང་བར་བྱ། གང་གི་གདོང་གི་རྣམ་པར་འདུག་པ་དེའི་ཞག་གིས་བསྐས་ལ ་འཕྲུལ་གྱི་བླ་མ་ཉི་ཤུ་རྩ་གཅིག་བཟླས་པ་མེ་སྦར་རོ།། མུན་པ་མུན་ནག་ཐམས་ཅད་འཇོམས་པར་འགྱུརརོ། འཇུག་པ་ན་ལྷན་ཅིག་པ་རྣམས་ལ་ཡང་ཉེ་བར་བྱུག་གོ།། ་ཧ་ཀ་རའི་མེ་ཏོག་དང་། རུ་རྟ་དང་། སྤང་སྤོས་དང་། སུ་ག་སྨེལ་དང་། ཨུད་བ་ལ་ཝ་ཏི་དང་། སིང་གྲི་དང་། བྱ་གྲི་དང་། ན་མ་སྐ་རི་དང་། ཨ་ནན་ཧ་དང་། ཛ་ཡན་ཧི་དང་། ་རྨ་བྱའི་བཅུག་ཕུད་དང་། དུང་གི་མེ་ཏོག་སྡེ་དེ་དག་གི་ཕྱེ་མས་སྒྱུ་མ་ཐམས་ཅད་འཇོམས་པ་དང་། འབྱེད་པ་དང་། བསྲེག་པར་བྱེད་དོ།། ཆུ་དང་སྤྲིན་དང་། དེ་བཞིན ་དུ་བཅུད་དང་། བཅུད་ལེན་དང་། རྔའི་ཁང་བུ་དང་། དུག་གི་གདུག་པ་དང་། བད་མའི་མཚོན་དང་། ལྷ་མ་ཡིན་བུ་མོ་འགུགས་པ་དང་། དབང་དུ་བྱེད་པ་དང་།། ་བུད་མེད་འབེབས་པ་དང་། བུད་མེད་འབེབས་པ་དང་། དེ་དག་གི་གནས་རྣམས་མས། གཞན་དུ་ཡང་སྐྱེས་བུ་དཔའ་བོས་འཁྲུལ་འཁོར་གྱི་བླ་མ་ཉི་ཤུ་གཅིག་བཟླས་ལ ་བསྣུན་པར་བྱའོ།། ཆུར་འཇུག་པ་དང་། དག་གི་དུ་བ་དང་། དུག་གི་རླུང་ལ་རང་གི་རྐང་མཐིལ་དང་། སྤྱི་གཙུག་གི་བར་དུ་ཡོངསུ་བྱུགས་ལ་འཇུག། དེ་དག་ཐམས་ཅད ་ལས་བསྲུང་བར་བྱས་པར་འགྱུརརོ། འཇུག་པ་ན་འཁྲུལ་འཁོར་གྱི་བླ་མ་བཟླའོ།། བཟླས་ཤིང་འཇུག་པར་བྱའོ།། རྡོ་རྗེ་འཛིན་པའི་གཟི་བརྗིད་ལྟ་བུར་ཐམས་ཅད་ཀྱིས ་ཚུགས་པར་མི་ནུས་སྟེ། རང་གི་ཁྱིམ་དང་ཁྱིམ་དུ་འཇུག་པ་པའི་བཞི་ནོ།། རའི་འོ་མ་དང་ཀ་ར་ལྷན་གཅིག་དུ་བཛྲ་ཧན་དུ་ལ་དང་བསྔགས་ལ་ཁྲོ་བོ་ལན་ཉི་ཤུ་རྩ་གཅིག ་བཟླས་ཏེ་ཟོས་ལ་འཇུགོ། གང་གི་ཚེ་ལྷ་ཆེན་པོ་ཁང་པའི་ལྷ་བཤོས་ཡོད་པ་ལས་ཕྱོགས་ཏེ། གཡས་ཕྱོགས་ནས་བསྐོར་ལ་འཁྲུལ ་འཁོར་གྱི་བླ་མ་བཟློས་ཤིང་འཇུག་པར་བྱའོ།། ཞུགས་པ་དང་རྔའི་དབྱུག་གུ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ལ་བརྡུང་བར་བྱའོ།། གང་གི་ཚེ་རྔའི་སྒྲ་སྒྲགས་པ་ལ་བུད ་མེད་ཀྱི་ཚོགས་མ་འོངས་ན་དེ་ནས་ལྷ་ཆེན་པོའི་ལྷའི་ས་ལ་བསྟད་ལ་འཁྲུལ་འཁོར་གྱི་བླ་མ་བཟློའོ།། དེ་སྐད་ཅིག་ལ་བུད་མེད་ཀྱི་ཚོགས་ཐམས་ཅད་དུ་འོངས་ཏེ། མཆོད ་ཡོན་བསྒྲེངས་ནས་སྐྱེས་བུ་དཔའ་བོ་རྣམས་འཇུག་པར་བྱེད།། ཞུགས་པ་དང་ཇི་སྲིད་མཚོའི་བར་དུ་བཞུགས་ཤིང་ཤིག་ཅེས་འཕྲིན་ཡིད་གདས་པར་བྱེད་དོ།། དཀོན ་མཆོག་གསུམ་དང་འཕགས་པ་ཕྱག་ན་རྡོ་རྗེ་རྟག་ཏུ་རྗེསུ་དྲན་པས་བཟླས་པར་བྱའོ།། འདི་ལྟར་བུད་མེད་ཀྱི་དབུ་སུ་ཉི་མ་དང་ཟླ་བ་དང་། སྐར་མ་གནས་ཀྱི་བར་དུ་བརྗོད།། ་ཇི་སྲིད་འགྲོ་བར་འདོད་ན་དེས་སྨན་གྱིས་བསྐུ་བ་བྱུགས་ལ། དངུལ་ཆུ་དང་། བཅུད་ལེན་དང་། གྲུབ་པའི་རྫས་གང་འདོད་པ་དེ་བཟུང་བར་བྱའོ།། གཞུའི་འཁྲུལ ་འཁོར་ལས་བྱོལ་ལ་ཡངས་ཀར་ལན་བདུན་བཟླས་ལ་བསྣུན་པར་བྱའོ།། དེ་ལྷ་ན་ཡང་མི་ལྒང་ན་དེ་ནས་འཁྲུལ་འཁོར་དེ་ལ་ལྷོའི་རྩ་ནས་བསྣུན་པར་བྱའོ།། དེ་ནས ་ལྷུང་ངོ་།། ཐོགས་མར་འཁོར་རྣམས་སྔོན་དུ་བཏང་ལ་བདག་ཉིད་ཕྱི་ནས་འཇུག་པར་བྱའོ།། མར་མེའི་མཆོད་སྡོང་ལ་སྦྱིན་ལ་སྲེག་གི་ཐབ་ནས་མེ་སྦར་ལ་འཇུག་གོ།། ་ཁྲོན་པ་རྣམས་སུ་འཁྲུལ་འཁོར་གྱི་བླ་མ་སྟོང་ཕྲག་བརྒྱད་བཟླས་པས་སྒོ་འབྱུང་ངོ་།། ཁྲོན་པ་དེ་ན་ཡང་ཧ་ལའི་ཤིང་སྦྲུལ་གྱི་རྣམ་པར་སྣང་བ་ལ་དྲི་མ་མེད་པའི་སྨིག་སྨན་དང་། ་རྒྱས་སྤོས་དང་། རུ་རྟ་དང་། བཱ་ལཱ་དང་། སྤང་སྤོས་དང་། ལྡོང་རོས་དང་། འགི་ཝང་རྣམས་མཉམ་བོར་སྐར་མ་རྒྱལ་ལ་སྦྱར་བའི་རིལ་བུ་བྱས་ལ་སྨན་གྱི་མཆོག་དུག ་འཇོམས་པ་དེ་ཤེས་རབ་ཅན་གྱིས་བསྣུན་པར་བྱའོ།། དེ་ནས་ཧ་ལེའི་ཤིང་ཉིད་དུ་འགྱུར་རོ། འདི་ནི་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེས་བཀའ་བསྩལ་ཏོ།། འཕགས་པ་ཕྱག་ན ་རྡོ་རྗེས་བཀའ་བསྐུལ་བའི་འཁྲུལ་འཁོར་འབའ་ཞིག་པའི་ལེའུ་སྟེ་ལྔ་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པའི་སྤྱོད་ཡུལ་གྱི་གནས་ན། ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང་། ཐབས་གཅིག་དུ་བཞུགསོ།། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་བསྩལ་པ། ་ལག་ན་རྡོ་རྗེ་ཇི་ལྟར་ལྷ་མ་ཡ་ནི་ཐམས་ཅད་ཀྱི་དྲེགས་པ་གཞོམ་པ་དང་། དམ་ཚིག་ལ་གནས་པར་བྱ་བའི་ཕྱིར་རྡོ་རྗེ་ཁྲོ་བོའི་དམ་ཚིག་འདི་སྒྲོགས་ཤིག། དེ་ནས་ལག་ན་རྡོ་རྗེ་སྟན ་ལས་ལངས་ཏེ། བླ་གྲོས་ཕྲག་པ་གཅིག་ལ་བཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ལ་བཏུད་ནས་ཐལ་མོ་སྦྱར་ཏེ་ཕྱག་བྱས་ནས་རྡོ་རྗེ་ཁྲོ་བོས ་སྨྲས་སོ།། སྨྲས་པ་ཙམ་གྱིས་རྡོ་རྗེ་ཁྲོ་བོའི་རྒྱལ་པོ་མེ་ལྕེ་གཅིག་དུ་འབར་ཏེ། འཇིག་རྟེན་གསུམ་བཀང་ནས་སྒྲ་ཆེན་པོ་ཕྱུའོ།། དེ་ནས་དེ་ལྟ་བུའི་མཚན་མ་ཆེན་པོ་དེས་ལྷ་མ་ཡིན ་འཁོར་དང་ལས་པ་སེམས་ཅ་ཙྪ་དང་རྣམ ་ཡིན་རྣམས་གཡུལ་འགྱེད་པར་གྱུར་ཏོ་སྙམ་དུ་སེམས་ཏེ། ལྷ་མ་ཡིན་རྣམས་ལ་ཐག་ཟངས་རིག་དང་། སྟོབས་ཅན་དང་། རྣམ་པར་སྣང ་བྱེད་དང་། རབ་བ་དེ་དང་། བདེ་མཆོག་དང་། དས་ཀྱིས་མུ་ཁྱུག་དང་། དབྱིག་ཟ་དང་། རུ་སྦལ་ལ་སོགས་པ་འཁོར་དང་བཅས་པ་དང་། གཞན་ཡང་འགྲོད་དགའ་ཆེན་པོ་དང་།། ། ་གློག་གི་ལྕེ་དང་། སྒྲ་ཅན་དང་། སྣང་བའི་ཕྲེང་ཅན་དང་། འཕྲོག་བྱེད་སེར་སྐྱ་ལ་སོགས་པ་དང་། ཡིད་དགས་དང་། ལྷ་མ་ཡིན་གྱི་རྗེསུ་སྤྱོད་པ་དཔུང་དང་བཅས་པ་གཞོན་པ ་དང་བཅས་པ་འདས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་ལྷགསོ།། ལྷ་རྣམས་ཀྱང་དེ་ལྟ་བུའི་མཚན་མ་ཆེན་པོ་དེ་མཐོང་ནས་ལྷའི་ཚོགས་གཞན་རྣམས་དང་རང་རང་གི་རྣམ ་བར་རྟོག་པ་ཇི་ལྟ་བ་དེ་ལྟར་ལྷ་རྣམས་ཀྱི་དབང་པོ་ལ་སྨྲས་ཞིང་བཅོམ་ལྡན་འདས་ག་ལ་བ་དེར་ལྷགས་ཏེ་ཐལ་མོ་སྦྱར་ནས་ཕྱོག་གཅིག་འཁོད་དོ།། དེ་ནས་བཅོམ་ལྡན་འདས ་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་བསྩལ་པ།། ལག་ན་རྡོ་རྗེ་གང་འདིར་དུས་ལ་བབ་པར་ཤེས་ན་དེང་འདིར་ས་འོག་གི་དབང་བསྐུར་བ་རྔ་མ་གྱི་སྒྲ་དབྱངས་ཞེས ་བྱ་བས་བྱིན་གྱིས་བརློབས་ཤིག། སྐྱེ་བོ་མང་པོ་ལ་ཕན་པ་དང་དོན་དང་བདེ་བར་འགྱུར་རོ།། བཅོམ་ལྡན་འདས་བདག་གིས་ཐེག་པ་ཆེན་པོ་ལ་དང་བ་དང་ལྡན་པའི་རིགས་ཀྱི་བུའི ་དོན་དུ་དམ་ཚིག་བསྟན་པས་བྱིན་གྱིས་བརླངས་ལགས་ཀྱིས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་བྱིན་གྱིས ་བརླབ་དུ་གསོལ།། དེ་བཞིན་གཤེགས་པ་གཞན་གྱིས་ཀྱང་བྱིན་གྱིས་བརླབས་ལག་སོ།། དེ་བདག་གིས་ཀྱང་ཀྱིས་བརླབ་པར་བགྱིའོ།། དབང་ལྡན་གྱིས་ཕྱོགས་སུ་སྡད་ལ ་གནས་མཆོག་དེར་འགལ་དུ་མ་དང་། རྡོ་བ་དོར་ཏེ། འཁྲུལ་འཁོར་དང་ཤིང་སྡོངས་སྤངས་ལ། གཞན་ཡང་གསང་གཏོར་དང་། ལྷའི་མཆོད་སྦྱིན་དང་། དཀྱིལ་འཁོར་དང་།། ་དབང་བསྐུར་བ་བྱས་པ་དང་། བགེགས་དང་ལོག་འདྲེན་དང་། གནོད་སྦྱིན་མཆོད་པས་བྱས་པ་དང་། དགེ་འདུན་དབང་བསྐུར་བའི་གནས་རྣམས་དོར་ལ། དེར་ཡང་ཆུ་སྣམ ་པ་དང་། མཚོ་དང་། མཆེའུ་དང་རི་བོ་དང་། སྣུམ་པའི་ཕྱོགས་མཚོན་པར་བྱས་ལ་དེ་རྣམས་སུ་སྔོན་བཞིན་དུ་བྱི་དོར་དང་ཡོངསུ་སྦྱངས་པར་བྱས་ཏེ། ཚོན་སྣ་ལྔས་གྲུ་བཞི་པ ་སྒོ་བ་ཞི་བའི་རི་མོ་བྲི་ས་ལ་དཀྱིལ་འཁོར་གྱི་དབུས་ཆ་བརྒྱན་པར་བྱས་ཏེ། ཡུངས་ཀར་དཀར་པོས་བྱིན་གྱིས་བརླབས་པའི་རྡོ་རྗེ་གྲུ་བཞིར་གཞག་པར་བྱའོ།། དེའི་དབུས་སུ ་སངས་རྒྱས་བཅོམ་ལྡན་འདས་བྲི་བར་བྱའོ།། བཅོམ་ལྡན་འདས་ཀྱིས་གཡས་ཀྱི་དྲུང་དུ་འཕགས་པ་ཕྱག་ན་རྡོ་རྗེ་འབར་བའི་ཕྱག་ཅན་བཞག་པར་བྱའོ།། དེའི་དུང་དུ་ཁྲོ་བོ ་རྒྱ་ལེ་པོ་རྡོ་རྗེས་འོག་དགྲ་སྟའི་ཕྱག་ཅན་གཞག་པར་བྱའོ།། བཅོམ་ལྡན་འདས་ཀྱི་གཡོན་དྲུང་དུ་བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་རྔ་ཡབ་ཀྱི་ཕྱག་ཅན་གཞག ་པར་བྱའོ།། བཅོམ་ལྡན་འདས་ཀྱི་མདུན་དུ་ལྷ་ཆེན་ཆུང་མ་དང་བཅས་པ་བྱར་བྱའོ།། དེའི་མདུན་དུ་ཁྱུང་མཆོག་ཁ་འོག་དུ་ལྟ་བ་ནག་པོའི་གོས་ཅན་གཞགོ། ཤར་གྱི་སྒོར ་སྨན་ཐམས་ཅད་གཞག་པར་བྱ་སྟེ། ཨེ་ར་བ་ཧི་དང་། མེ་ཥ་བ་ཏི་དང་། ཛྱོ་ཏི་དྲང་། བེ་ག་བ་ཏི་དང་། སུ་རྱ་བ་ཧི་དང་། ཨ་ཛ་གན་དྷ་དང་། ་ཡཀྵ་ཀ་ཙ་སྟེ། སྨན་ཆེན་པོ་འདི་བརྒྱད་གཞག་པར་བྱའོ།། དེའི་གཟུགས་ནི་སེང་གེ་དང་། ཁྱུ་མཆོག་དང་། བྱ་རྒོད་དང་། རུས་སྦལ་དང་། སྦལ་བ་དང་། རྩངས་པ་དང་། ་མེ་འབར་བ་དང་། དངུལ་ཆུ་རྣམས་གནས་རྣམསུ་གོ་རིམས་བཞིན་དུ་བྲི་བར་བྱའོ།། སྨན་རྣམས་དངུལ་ཆུ་དང་། བཅུད་ལེན་དང་། རིགས་ཀྱི་བུད་མེད་ཀྱི་དབྱིབས་བཞག ་བར་བྱའོ།། བརྒྱན་རྣམས་དང་། གྲུབ་པའི་རྫས་རྣམས་དང་། ལྡོང་རོས་དང་། མིག་སྨན་དང་། འགི་ཝང་དང་། བུམ་པ་བཟང་པོ་དང་། རྐང་དབྱུག་དང་། མཆོད་ཕྱིར ་ཐོགས་དང་། འཁོར་ལོ་དང་། རལ་གྲི་དང་། དབྱུག་ག་དང་། རྩེ་གསུམ་དང་ཞགས་པ་ལ་སོགས་པ་བྲི་བར་བྱའོ།། དེའི་ལྷོའི་སྒོར་ལྷ་མ་ཡིན་བརྒྱད་བྲི་སྟེ། སྟོབས ་ཅན་དང་། སྟོབས་ཅན་གྱི་བུ་དང་། བདེ་མཆོག་དང་། དུས་ཀྱི་མུ་ཁྱུད་དང་། ཐགས་བཟངས་རིས་དང་། རང་བདེ་དང་། གཞན་ལེན་དང་། དབྱི་གཟེའོ། ནུབ་ཀྱི ་སྒོར་འཁྲུལ་འཁོར་སུམ་བཅུ་ལྷག་པའི་སྟོང་བཞག་པར་བྱའོ།། དེ་ལ་འཁྲུལ་འཁོར་ཆེན་པོ་བརྒྱད་རྣམ་པ་དང་བཅས་པ་བཞག་པར་བྱ་སྟེ། དེ་ལ་སྲང་བུ་དང་། གྲི་གུག ་དང་། གཞིའི་འཁྲུལ་འཁོར་དང་། འབང་འཛིན་པའི་ལག་པ་དང་། འོག་དུ་ལྷའི་ཚུལ་དང་། གཞིའི་འཁྲུལ་འཁོར་ལྔ་ལྷ་བ་བྲི་བར་བྱའོ།། དེ་ནས་སེང་གེ་དང་། ་ལུག་དང་། ཆུ་སྲིན་དང་། གླང་པོ་དང་། ལྟོས་འཕྱེའི་རྣམ་པ་དང་། དཀྱིལ་འཁོར་གྱི་རྣམ་པ་དང་། མ་བྱས་པའི་གདོང་དང་། དཔལ་གྱི་སྒོ་འདི་བརྒྱད་རྣམས་པ་དང ་བཅས་པ་བྲི་བར་བྱའོ།། གདོང་གི་འཁྲུལ་འཁོར་མཆུ་བཙུམས་པ་བྲི་བར་བྱའོ།། ལུག་གི་སྤྱི་བོར་ཕུར་བའི་འཁྲུལ་འཁོར་བྲི་བར་བྱའོ།། མདའ་དང་བཅས་པའི་གཞུ ་དང་། ཆུ་རྒྱུན་གྱི་ལྟེ་བར་ཕུར་བུ་བཞག་པར་བྱའོ།། སྤྲིན་དང་འདོ་ལ་གྲུ་བཞི་པ་དང་། སྐོར་བའི་འཁྲུལ་འཁོར་བྲིའོ།། གཞིད་དང་། འོད་འཕྲོ་རྣམ་པ་བྲི་བར་བྱའོ།། དེ་འང ་གོ་རིམས་བཞིན་དུ་རྣམ་པ་དང་བཅས་པའི་འཁྲུལ་འཁོར་ལ་ཕུར་བུས་བསྣུན་པ་བྲི་བར་བྱའོ།། དེ་ནས་བྱང་གི་སྒོར་བུ་ག་རྣམ་པ་དང་བཅས་པ་བྲི་བར་བྱ་སྟེ། སེང་གེ་དང ་ལུག་དང་། ཆུ་སྲིན་དང་། གླང་པོ་ཆེའི་གདོང་དང་། ལྟོས་འཕྱེའི་གདོང་དང་། བ་གླང་གི་གདོང་དང་། འཁོ་དཀྱིལ་འཁོར་དང་། མ་བྱས་པའི་གདོང་གི་རྣམ་པ་སྟེ། དཔལ ་ཀྱི་སྒོ་བརྒྱད་ཕུར་བུས་བསྣུན་པའི་རྣམ་པ་དང་བཅས་པ་བྲི་བར་བྱའོ།། དེའི་དབུས་སུ་ཆུ་རྒྱུན་དབྱུག་གུ་དང་བཅས་པ་བྲི་བར་བྱའོ།། གྲ་བཞིར་སྒྲོ་བྲལ་བཞི་བྲི་བར་བྱའོ།། ་མེར་མེའི་ཐབ་ཁུང་ངོ་།། བདེན་བྲལ་དུ་དུ་བའི་ཐབ་ཁུང་ངོ་།། རླུང་དུ་ཆུའི་ཐབས་ཁུང་ངོ་།། དབང་ལྡན་དུ་སྤྲུལ་བཞག་པར་བྱའོ།། དེ་ནས་དཀར་པོ་ཕྲ་བ་དྲི་ཞིམ་པའི ་གདུགས་པཞི་དང་། དབྱིག་དང་བཅས་པའི་ནང་བུས་བྱིན་གྱིས་བརླངས་ལ་ཤིན་ཏུ་དྲིརྣམ་པའི་གཙང་མས་ཡིའི་སུ་དཀང་བའི་བུམ་པ་རྩ་བ་ནག་ཟེ་མེད་ཙ་འདྲི་ཞིམ་པོས ་རྡོས། ཡངསུ་བཀང་བའི་བུམ་པ་རྩ་བ་ནག་པ་མེད་དྲི་ཞིང་པས་ཡོངསུ་བྱུགས་པ་བཞག་གོ། བྱིའི་དཀྱིལ་འཁོར་གྱི་ཕྱོགས་གྲཝ་བཞི ་བའི་ཤར་གྱི་སྒོར་གནས་གཅིག་ཏུ་ལྷ་མ་ཡིན་གྱི་དབང་པོ་ཆེན་པོ་སྤོབས་ཅན་དང་། བགྲོད་དཀའ་ཆེན་པོ་བྲི་བར་བྱའོ།། དེའི་སྒོར་རྣམ་པར་སྣང་བྱེད་དང་། ་ཧ་རི་ཏིའི་བི་ཀ་ལ་ཞེས་བྱ་བར་བྲི་བར་བྱའོ།། དེའི་ནུབ་ཀྱི་སྒོར་སྣང་བའི་ཕྲེང་བ་ཅན་དང་། རྔ་བོ་ཆེ་སྟེ་ལྷ་མ་ཡིན་གྱི་དབང་པོ་དེ་དག་བྲི་བར་བྱའོ།། དེ་ནས་མཆོད་པ་ཤ་མེད ་པའི་ལྷ་བཤོས་བཞི་བྱ་སྟེ། གཅིག་ནི་སངས་རྒྱས་བཅོམ་ལྡན་འདས་ལའོ།། གཉིས་པ་ནི་དྲི་མ་མེད་པའི་བློ་གྲོས་ལའོ།། གསུམ་པ་ནི་རྡོ་རྗེ་འཛིན་པ་ལའོ།། བཞི ་བ་ནི་ཁྲོ་བོའི་རྒྱལ་པོ་ལའོ།། ལྔ་པ་ནི་ལྷ་ཆེན་པོ་ལའོ།། དེ་ནས་ཇི་ལྟར་འབྱོར་པས་ལྷ་མ་ཡིན་གྱི་དབང་པོ་རྣམས་ཀྱི་གཏོར་མ་དང་། འབྱུང་པོ་ཐམས་ཅད་པའི་གཏོར ་མ་སྦྱིན་པར་བྱའོ།། དེ་ནས་དྲི་ཐམས་ཅད་དང་། མེ་ཏོག་དང་། ཕྱེ་མ་ལ་སོགས་པའི་ལྷ་བཤོས་སྦྱིན་ནོ།། དེ་ནས་ལྷ་འཆིང་བར་བྱེད་པའི་སྔགས་ནི། ཨོཾ་བཛྲ་གརྦྷེ་བཛྲ ་གནྡྷཾ་ཕཊ་ཧ་དྲི་ཪྵི་ནི་སྭཱ་ཧཱ། དེ་ནས་འཚམས་བཞི་རུ་ལག་པ་ཕྱག་རྒྱས་བྱིན་གྱིས་བརླབས་པའི་ལོག་འདྲེན་བཅིང་བར་བྱའོ།། དེའི་སྔགས་ནི། ན་མཿས་མན་ཏ་བཛྲ་ནཾ། ་ཨོཾ་བཛྲ་བ་ལ་ཡེ་སྭཱ་ཧཱ། ཞེས་ལན་གསུམ་དུ་བརྗོད།། རྡོ་རྗེ་ལྕགས་སྒྲོག་གིས་བཅིང་བ་དང་དགུག་པར་བྱའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས ་དང་ལྷ་ཐམས་ཅད་བེ་ཏོག་གིས་དགུག་པར་བྱ། ན་མཿཏྲཻ་ཡང་དྷི་ཀཱ་ནཾ། སརྦ་ཏ་ཐཱ་ག་ཧ་ནཾ། ཨ་ན་ལ་བྷ་ཀཱ་ན~ཾ་ན་མ་བ་སཧཱ། དེ་ནས་སྐྱེས་བུ་དཔའ་བོ་སྔགས་འདིས ་བསྲུང་བར་བྱ་སྟེ། ཨོཾ་དུརྦ་རེ་ཛ་ལ་ཛ་ན་མོ་བཛྲ་སྭ་ག་ར་ཡེ་སཱ་ཧཱ། འདི་བསྲུངས་ནས་རས་དཀར་པོ་ཕྲ་བ་དྲི་ཞིམ་པོས་གདོང་གཡོགས་ཧེ་འཁྲུལ་འཁོར་གྱི་བླ་མ་བཟླས ་ལ་སྐྱེས་བུ་དཔའ་བསོ་ཆོས་ཀྱི་གྲ་ལྷ་བུས་ཤིང་ལྷམ་བསྐོན་ཏེ། ལག་པ་གཡས་པ་རུ་སྦལ་གྱིས་ཕྱག་རྒྱའམ། ལྷ་མ་ལ་ནི་ཕྱག་རྒྱ་བཅིངས་ལ། རྩ་བ་ནག་པོ་མེད ་བའི་བུམ་པ་ལོ་མ་བཟང་པོ་དང་ལྡན་ཞིང་ཆུས་ཤར་གྱི་སྒོར་འཁྲུལ་འཁོར་གྱི་བླ་མ་བཟློས་ཤིང་དབང་བསྐུར་བར་བྱའོ།། དེ་ལྟར་དབང་བསྐུར་བ་དེའི་རྗེས་སུ་ལག་པ་རྡོ་རྗེའི ་ཕྱག་རྒྱས་མེ་ཏོག་དོར་རོ།། མེ་ཏོག་གང་ལ་ལྷུང་བ་དེའི་རིགས་འགྲུབ་པའོ།། དེ་ནས་གདོང་བཅིངས་པ་བཀྲོལ་ལ་དབང་བསྐུར་བ་ལ་སྐྱེས་བུ་དཔའ་བོས་དཀྱིལ་འཁོར་བསྟན་པར ་བྱའོ།། ལྷ་མ་ཡིན་གྱི་དབང་པོ་རྣམས་གནས་དང་། མཚོན་ཆ་དང་། དངུལ་ཆུ་དང་། བཅུ་ད་ལེན་དང་། བུད་མེད་ཀྱི་ཚོགས་དང་། གྲུབ་པའི་རྫས་དང་། དེ་དག་གི་དཀྱིལ་འཁོར ་མཐོང་ན་ལྷ་དང་ལྷ་མ་ཡིན་གྱི་དམ་ཚིག་གི་ཆོག་སུ་འགྲོ་བར་འགྱུར་རོ།། སྔོན་དུ་བསྟན་པ་མ་བྱས་ཀྱང་འཁྲུལ་འཁོར་འཇིག་པར་འགྱུར་རོ།། དེ་དག་གིས་ཉེ་བར་མི་རྩེད་དོ།། ་ལྷ་མ་ཡིན་ཐམས་ཅད་ཀྱི་ཁང་པ་དང་། དངུལ་ཆུ་དང་། བཅུད་ལེན་དང་། བུད་མེད་དང་། མཚོན་ཆ་དང་། བརྒྱན་དང་སྒྱུ་མ་ལ་སོགས་པའི་འཁྲུལ་འཁོར་རྣམས་པ་སྣ་ཚོགས ་རྡོ་ས་པ་དེས་དབང་དུ་འགྱུར་རོ།། སྒྱུ་མས་སྤྲུལ་པ་འམ། ལྷ་མ་ཡིན་གྱི་སྤྲུལ་པ་རྣམས་མ། གཞན་ཡང་དྲང་སྲོངས་དང་། གྲུབ་པས་རབ་ཏུ ་སྦར་བའི་འཁྲུལ་འཁོར་ལ་སོགས་པ་སྣང་བ་དང་དབང་དུ་བྱེད་ནུས་པར་འགྱུར་རོ།། གང་དག་དཔལ་གྱི་སྒོར་འཇུག་པར་འདོད་ན་སྔོན་དུ་རྡོ་རྗེ་ཁྲོ་བོ་བཟླས་ལ་དཔལ་གྱི་སྒོར་བརྗོད་པ་དང་། ་སྦྱོང་བས་བསྲེག་པ་ལ་སོགས་པ་བྱས་ཏེ། བ་སེར་སྐྱའི་ལྕི་བས་དཀྱིལ་འཁོར་བྱུགས་ལ་གཏོར་མའི་ཆོ་ག་བྱས་ནས་ཁའི་རྣམ་པའི་ཐབ་ཁུང་གི་སྟེང་དུ་ཨ་བ་མརྒའི་ཡམ་ཤིང ་ལ་མེ་སྦ་ར་ལ། ཨ་བ་མརྒའི་འབྲས་བུ་སྟོང་ཕྲག་བརྒྱད་སྦྱིན་བསྲེག་བྱའོ།། དེས་འཁྲུལ་འཁོར་ཐམས་ཅད་ལྡང་བར་འགྱུར་རོ།། དེས་ནས་རའི་ལྤགས་པའི་རལ་གུ་གྱོན་ལ་ག་དུ ་མཚོན་ཆ་ཐོགས་ཧེ་མར་མེའི་མཆོད་སྡོང་བ་གླང་གི་རྫ་མའི་ལྤགས་པ་བཅིངས་ལ། ཤལ་མ་ལིའི་དོག་པས་བཀང་སྟེ་ཛོ་ཧི་སྨྲ་ཏིའི་འབྲུ་མར་ལ་སྔགས་འདིས་མེ་སྦ་རོ།། ཨོཾ ་དྲུ་བི་དཱ་བི་པྲ་ཛ་ལི་ནི་སྭཱཧཱ། ཡང་ན་བུ་ག་གང་གི་རྣམ་པར་གྱུར་པ་དེའི་ཞག་སྔགས་འདིས་མེ་སྦར་ཏེ། འཁྲུལ་འཁོར་གྱི་བླ་མ་བཟླའོ།། མུན་པ་མུན་ནག་ཐམས་ཅད་འཇོམ ་བར་འགྱུརརོ།། བདག་དང་ལྷན་ཅིག་སྤྱོད་པ་ཐམས་ཅད་སྨན་གྱིས་ལུས་བྱུགོ། སྨན་ནི་འདི་དག་ཏེ། རྒྱ་སྤོས་དང་། གུར་གུམ་དང་། རུ་རྟ་དང་། སྤང་སྤོས་དང་། མུ་ལི་ཀ་དང་། ་དྷན་དྷ་ཨུད་པ་ལ་དང་། སིང་གྲི་དང་། བྱ་གྲི་དང་། ནམ་སྐ་རི་དང་། ཨ་ནན་ཏ་དང་། ཛ་ཡན་ཏི་དང་། རྨ་བྱའི་གཙུག་ཕུད་དག་སྟེ། འདི་རྣམས་ནི་ཕྱེ་མ་སྒྲ་ཐམས་ཅད་འཇོམ ་བར་བྱེད་པ་ཞེས་བྱ་བ་སྟེ་ཆུའི་ཁྲུལ་འཁོར་དང་། སྤྲིན་དང་། དངུལ་ཆུ་དང་། བཅུད་ལེན་དང་། བུ་ད་མེད་ཀྱི་དབུསུ་འཇུག་པ་དང་། ལྷ་མ་ཡིན་གྱི་བུ་མོ་འགུགས་པ་ན་ཆོ་ག། ་པྲ་མོ་བྱས་ཏེ། འཁྲུལ་འཁོར་གྱི་བླ་མས་ཟླས་ནས་དེའི་རྐང་པ་ལེགས་པར་བྱུགས་པས་སྦྱིན་ལ་སོགས་པའི་འཁྲུལ་འཁོར་ཐམས་ཅད་འབྱུང་བར་འགྱུར་རོ།། དེར་འཇུག་པ་ན་སྔོན ་དུ་བཛྲ་ཏན་དྷ་ལི་སྤགས་ལ་ཀ་ར་དང་ལྷན་ཅིག་དུ་ཟོས་ལ་འཇུག་གོ། ལྷའི་ཁང་པའི་བཤོས་མི་བཟེའོ།། ལྷའི་གྲོང་ལ་གཡས་ཕྱོགས་ནས་བསྐོར་ལ་འགྲོའོ།། རྔའི་ཁང་པར ་འཇུག་གོ། རྔའི་འོག་དུ་རུ་སྦལ་གྱི་ཕྱག་རྒྱ་བྲིའོ།། དབྱུག་གུ་འཁྲུལ་གྱི་བླ་མ་བརྒྱ་རྩ་བརྐྱང་བཟླས་ཏེ་རྐང་པ་གཡོན་པས་མནན་ལ་ཁྲོ་བོའི་རྒྱལ་པོ་བཟློས་ཤིང་བརྡུང་དོ།། ་འཇུག་པའི་སྔོན་དུ་མཆོད་ཡོན་དང་། ཞབས་བསིལ་དང་། འཐོར་འཐུང་བཟུང་ནས་མ་འོངས་ན་ཐམས་ཅད་དེར་འཆིས་པར་འགྱུརརོ།། ཅི་ནས་ཀྱང་འོངས་པར་འགྱུར་རོ།། འདི ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཉིད་ཀྱིས་གསུངསོ།། ཡང་ན་ཕྱག་རྒྱའི་སྟེང་དུ་རྐང་བས་རྐང་བ་མནན་ལ་ཁ་བྱང་དུ་ཕྱོགས་ཏེ། ཕྱག་རྒྱ་བཅིངས་ལ་ཅུང་ཟད་ཅིག་བཟླའོ།། ་རྐང་འོག་གི་ནང་ན་གནས་པ་ཐམས་ཅད་དང་། ལྷ་མ་ཡིན་གྱི་བུ་མོ་ངེས་པར་འོང་བར་འགྱུར་རོ།། ཇི་ལྟར་འདོད་པའི་དངུལ་ཆུ་དང་། བཅུད་ལེན་དང་། གྲུབ་པའི་རྫས་རྣམས ་སྟེ་རོ།། དེ་ནས་ཇི་ལྟར་འདོད་པས་དུས་དེ་སྲིད་དུ་དེ་རྣམས་དང་ལྷན་ཅིག་དུ་གནསོ།། དེ་ནས་འོང་བར་འདོད་ན་སེམས་ཅན་ལ་ཕན་པར་བྱེད་པའི་རྫས་མ་རྫེས་པ་ཇི་ལྟར་འདོད་པ་ལ ་བཟུང་ལ་གང་འདོད་པ་དེར་གདོན་མི་ཟ་བར་འདོད་པར་བྱའོ།། དེ་ནས་འཁྲུལ་འཁོར་གྱི་དབྱིབས་ཀྱི་རྣམ་པ་སེམས་ལ་བྲིས་ལ་ལྷ་མ་ཡིན ་གྱི་ཕྱག་རྒྱ་འམ། གཞན་གྱི་ཕྱག་རྒྱ་བཅིངས་ལ་བཟླའོ།། དེའི་སྐ་ཅིག་ལ་སྣང་བ་ཆེན་པོ་བྱུང་ནས་སྒོ་གྲོལ་བར་འགྱུརརོ།། དཔག་ཏུ་མེད་པའི་སྤོབས་ཀྱི་ཕ་རོལ་མནོན་པར་འགྱུརརོ།། ་ཡིད་ལྷར་གྱོགས་པ་དང་། ཇི་ལྟར་འདོད་པའི་རྒྱལ་པོ་གདུལ་དཀའ་བ་འདུལ་བར་འགྱུར་ཞེས་བཅོ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་བསྩལ་ཏོ།། རྡོ་རྗེ་རྔ་བོ་ཆེས་འོག་གི ་དཀྱིལ་འཁོར་ཞེས་བྱ་བ་དོན་ཡོད་པ་ལྷ་མ་ཡིན་གྱི་ཙོ་བོ་སྐྱེས་བུ་དཔའ་བོ་རྣམས་དབང་བསྐུར་བ་འདི་ལས་གཞན་པ་མེད་དོ།། རྡོ་རྗེ་རྔ་བོ་ཆེས་འོག་གི་ཕྱག་རྒྱ་དང་དཀྱིལ་འཁོར ་ཞེས་བྱ་བ་ལས་དོན་ཡོད་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་རྡོ་རྗེ་ས་འོག་ལས་གསུངས་པའི་དབང་བསྐུར་རབ་བཤད་བྱ། ་དེ་ནས་རུས་སྦལ་ཕྱག་རྒྱ་བཞག། ཡུངས་ཀར་ཀར་པོའི་སྟེང་དུའོ།། མཆོད་པའི་ཆོ་ག་བྱས་ནས་སུ། ཕྲ་བའི་རས་ཀྱི་བརྒྱན་པ་ཡིན། བུམ་པ་རྩ་བ་མག་ནག་པ། རིན་ཆེན ་རིན་ཆེན་སྨན་གྱིས་ཡོངས་བཀང་ལ། གཏོར་མ་གཡས་བསྐོར་བྱིན་ནས་སུ། ཕྱག་རྒྱའི་སྟེང་དུ་བཞག་པར་བྱ། སྔོན་དུ་བཤད་པའི་ཆོ་ག་ཡིས། དཀྱིལ་འཁོར་བྱིན་གྱིས ་བརླབས་པར་བྱ། ལྷ་དག་སྤྱན་དྲང་བྱས་ནས་སུ། ཇི་ལྟར་རིགས་པའི་མཆོད་པ་བྱ། བྱང་ཆུབ་སེམས་ནི་བསྐྱེད་ནས་སུ། སྡིག་པ་ཡང་ནི་བཤགས་པར་བྱ། དེ་ནས་རྡོའི ་ཕྱག་རྒྱ་བཅིང་། གསང་བའི་དཀྱིལ་འཁོར་ཕྱི་རོལ་ཏུ། གྲུབ་པའི་རྡོ་རྗེའི་ཆུ་ཡི་སུ། དེ་ནས་དབང་བསྐུར་བ་ནི་བྱ། ཇི་ལྟ་བའི་དབང་བསྐུར་ལ། དེ་ལྟར་བུའི་བུམ་པ ་དགོད། གང་གི་དཀྱིལ་འཁོར་ཆོ་ག་ལ། ཕྱག་རྒྱ་གཏོར་མའི་ཆོ་གར་བཤད། དབང་བསྐུར་ཕྱིར་ནི་འདད་པ་ཡིས། ཕྱག་རྒྱ་བཅིངས་ལ་གནས་པར་བྱ། སྔོན་དུ ་བསྙེན་པ་བྱས་ནས་སུ། དངུལ་ཆུའི་བྱ་བ་སྤངས་པར་བྱ། མདོ་སྡེའི་རྗེས་འབྲང་ཆོ་ག་ཡིས། མཆོད་རྟེན་གྱི་ནི་ལས་བྱའོ།། གྲོགས་རྣམས་ཀུན་དང་རྣམ་གྲོལ་ཏེ། ་སློངས་མོ་ཟ་ཞིང་མཉམ་བཞག་པས། མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། ཕྱག་ན་རྡོ་རྗེ་བྱིན་གྱིས་བརློབ། འཕགས་པ་རྡོ་རྗེ་ས་འོག་གི་བསྒྲུབ་པར་བྱེད་པའི་ལེའུ་སྟེ ་བདུན་པའོ།། །། དེ་ནས་འདིར་བཅོམ་ལྡན་འདས་འཇིག་རྟེན་གསུམ་གྱིས་ཞབས་ལ་རྗེད་པ། ཁྲོ་བོ་ཆེན་པོ་རྡོ་རྗེ་ས་འོག་གི ་བྲིས་སྐྲའི་ཆོ་ག་བརྗོད་པར་བྱའོ།། གཞོན་ནུ་མས་བཀའ་བའི་སྲིད་བུ་གླང་གི་ཆུས་བས་ཏེ། ཡན་ལག་བརྒྱད་པའི་གསོ་སྦྱོང་ལ་གནས་པའི་ཐགས་མཁན་གྱིས་བརྟག ་པར་བྱའོ།། རས་སུ་གྱུར་པ་དང་སྔགས་པའི་ཁྲུ་དོ་བའི་སྲིད་ལ་ཞེང་དུ་ཁྲུ་གང་དང་སོར་བརྒྱད་པ་ལ། རི་མོ་མཁན་ཡན་ལག་བརྒྱད་པའི་གསོ་སྦྱོང་དང་ལྡན་པ་ལ་བསྲུབ་པ ་བྱས་ཏེ། མཆོད་ཡོན་ཕུ་ལ་ལ། བཅོམ་ལྡན་འདས་ཨུད་བ་ལ་སྔོན་པོའི་ཁ་དོག་ཅན། ཁྲོ་བོ་སྤྱན་དམར་པོ།། ཡ་སོས་མ་མཆུ་མནན་པ། གནས་གསུམ་གཡོ་བ། ཁྲོ་གཉེར ་ཛེ་སགདུབུ་དང་། སྐ་རགས་དང་། རྐང་གདུབ་དང་། དཔུང་བརྒྱན་དང་། རིན་པོ་ཆེའི་དྲོད་ཕན་གྱིས་སྤྲས་པའི་རལ་བའི་ཐོར་ཚུགས་ཅན། ་མི་མགོ་རློན་པའི་ཕྲེང་བས་བརྒྱན་པའི་མཆོད་ཕྱིར་ཐོགས་འཆང་བ། གདུ་བུ་དང་། འཁྲིལ་པས་རྣ་བ་བརྒྱན་པ། རལ་པའི་ཐོར་ཚུགས་ཀྱི་སྟེང་དུ་པད་མའི་དཀྱིལ་བཀྲུང་གིས ་བཞུགས་པ། ཆོས་འཆའི་ཚུལ་ཅན། བཅོམ་ལྡན་འདས་མི་ཁྲུགས་བྲིས་པར་བྱའོ།། ལག་པ་གཡས་པར་རབ་ཏུ་འབར་བའི་རྡོ་རྗེའོ།། གཉིས་པར་ལྷག་ཀྱིའོ།། ་གཡོན་པར་བད་མའི་མཛོད་ཀྱི་ནང་དུ་ཡིད་བཞིན་གྱི་ནོར་བུས་གང་བ་འཛིན་པའོ།། གཡོན་པའི་གཉིས་པ་ལྷ་མ་ཡ་ནི་སྡིགས་པའི་འཛུབ་མོའོ།། རྒྱ་མཚོ་ཆེན་པོའི་ནང་དུ ་ཡིད་བཞིན་གྱི་ནོར་བུས་གང་བ་འཛིན་པའོ།། གཡོན་པའི་གཉིས་པ་ལྷ་མ་ཡིན་སྡིགས་པའི་འཛུབ་མོའོ།། རྒྱ་མཚོ་ཆེན་པོའི་ནང་དུ་བད་མ་ཆེན་པོའི་སྟེང་ན་བཞུགས ་བ། འདྲན་ཟླ་དང་བྲལ་བ་ཅིག་པུའོ།། གཡས་པའི་འོག་ཏུ་སྒྲུབ་བྱེད་པད་མའི་སྟེང་དུ་པུས་མོ་གཙུགས་པ་པད་མའི་སྡོང་བུས་བརྒྱན་པའི་ལག་པའོ།། གཉིས་པ ་ཕྱག་འཚལ་བའི་ལག་པ་ཅན་བྲི་བར་བྱའོ།། །། དེ་ནས་སྔར་བཤད་པའི་གནསུ་རྗེས་མཐུན་པའི་རབ་ཏུ་གནས་པ་དང་། མཆོད་པ་བྱས་ལ་རིང་སྲེལ་ཅན་གྱི་མཆོད་རྟེན ་གྱི་མདུན་དུ་འབུམ་ཕྲག་བཅུ་བཟླས་པར་བྱའོ།། དེ་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། དཔལ་གྱི་སྒོར་བྲིས་སྐུ་བཞག་པར་བྱའོ།། ཇི་ལྟར་འདོད་པར་རོ་དཔལ་དང་ལྡན ་བས་པ་གླང་གི་ལྤགས་པའི་སྟན་ལ་གོས་དམར་པོ་གྱོན་ཏེ། དུག་དང་ཁྲག་བསྲེས་ལ་མིའི་རུས་པའི་ལག་པས་བཅས་ཤིང་བརྒྱ་ཕྲག་བརྒྱད་བསྲེག་བླུགས་བྱའོ།། བུ་གའི་འཁྲུལ ་འཁོར་ཐམས་ཅད་འཇོམས་པར་འགྱུརརོ།། བཅོམ་པ་དང་། དངུལ་ཆུ་དང་། བཅུད་ལེན་དང་། བུད་མེད་ཀྱི་གྲོང་དུ་འཇུག་པར་འགྱུརརོ།། འཁྲུལ་འཁོར་རྣམས་བཀའ་བཞིན་དུ ་བསྒྲུབ་པར་འགྱུར་རོ།། ཕྱག་རྒྱས་ལྷ་ཐམས་ཅད་འགགས་པར་བྱེད། འདི་ལྟ་བུས་གང་ཇི་ལྟར་སེམས་པའི་བསམ་པ་དང་། གང་ཇི་ལྟར་སེམས་དཔའི་ལས་དང་། གང་ཇི ་གྷར་སེམས་དཔའི་ཆོ་ག་ཐམས་ཅད་བཀའ་བཞིན་དུ་བྱེད་པར་འགྱུར་རོ།། བསྒོ་བ་ལྡན་པར་འགྱུར་རོ།། གང་ཞིག་ཀླུའི་རྒྱལ་པོ་བྲིས་ནས་དེའི་མདུན་དུ་བྲིས་སྐྲ་བསྐམ་སྟེ། ་རྐང་པ་གཡོན་པས་མནན་ལ། སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། ཀླུའི་རྒྱལ་པོ་དེ་འོངས་ནས་ཅི་བགྱི་ཞེས་སྨྲ་བར་འགྱུར་རོ།། དེས་སྨྲས་པ། ངའི་བཀའ་བཞིན་དུ་བགྱི་ཤིག ་ཅེས་བརྗོད།། དེས་ཅི་བསྒོ་བ་ཉན་པར་འགྱུར་རོ།། ཀླུ་ཐམས་ཅད་ཀྱི་ཁང་པ་རྣམ་སུ་འཇུག་པར་འགྱུར་རོ།། དེ་དག་ལ་འདི་དག་ཐམས་ཅད་གྱིས་ཤིག་ཅེས་བཀའ་བསྒོ་བ་ཉན ་དེ་བཞིན་དུ་ལུས་ངན་རྣམས་དང་། གནོད་སྦྱིན་རྣམས་དང་། འབྱུང་པོ་རྣམས་དང་། སྲིན་པོ་རྣམས་དང་། བྱར་འདེབས་ཀྱི་གསྦྱིན་མོ་ལ་སོགས་པ་ཐམས་ཅད་བཀའ་བཞིན ་བྱེད་པ་འགྱུརརོ།། ཅི་བསྒོ་བ་ཞན་ནོ།། གྲོག་མཁར་བདུན་གྱི་རྩེ་མོའི་ས་སྡུས་ཏེ། དེ་ལས་ན་མཁའ་ལྡིང་བྱས་ལ་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་དྲུང་དུ་བྲིས་སྐུ་བཀྲམ་སྟེ། དགོན་པ ་འམ་གཞན་གང་ཡང་རུང་བར་དེའི་སྟེང་དུ་བསྡུད་ལ། སྟོང་ཕྲག་བརྒྱ་བཟླའོ།། དེའི་སྟེང་དུ་འགྲོའོ།། སྲེད་མེད་ཀྱི་བུ་ཆེན་པོའི་སྟོབས ་སུ་འགྱུར་རོ།། སྤྲུལ་པ་ཆེན་པོ་བྱེད་དོ།། ཐམས་ཅད་གྲུབ་པས་རིག་པ་འཛིན་པ་རྣམས་ཀྱི་འཁོར་ལོས་བསྒྱུར་བར་འགྱུར་རོ།། ལས་ཐམས་ཅད་པ་ལྟ་བུར་ཆེ་དཔག་ཏུ་མེད་པ་དང ་འཆི་བ་ལ་དབང་ཐོབ་པ་དང་། འདོད་ན་སངས་རྒྱས་ཀྱི་ཞིང་རྣམསུ་སྐྱེ་བ་དང་། དེ་ནས་ཡང་ཤི་འཕོས་ནས་ཏི་ངེ་འཛིན་གྱི་སྟོབས་ཀྱིས་བྱང་ཆུབ་སེམས་དཔའ་དགེ་བའི་བཤེས ་གཞེས་གྱིས་རྗེ་སུ་འཛིན་པར་འགྱུར་རོ།། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ཀྱི་སྤྲིན་ཆེན་པོ་འབེབས་པར་བྱེད་ཅིང་རྐང་འོག་ཐམས་ཅད་ཀྱི་ནང་དུ་རིག་པ་དང་། སྤོད་པ་དང་།། ་རིན་པོ་ཆེའི་འབྱུང་ཁུངས་ཐམས་ཅད་ཀྱི་གཙོ་བོ་དང་། མཆོག་སྟེར་བ་དང་། འཁོར་འཛིན་པ་ལྔར་གཅིག་དུ་དཔའ་བའི་རྒྱལ་པོ་ཆེན་པོར་འགྱུརརོ།། འདི་ནི་བཅོམ་ལྡན་འདྲ ་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་ཐམས་ཅད་བསྒྲུབ་པར་བྱེད་པའི་ལེའུ་སྟེ་བརྒྱད་པའོ།། ། ་དེ་ནས་ལྷ་མ་ཡིན་ཐམས་ཅད་ཀྱིས་མཆོད་པ་མཆོག་ཏུ་གསང་བའི་བྲིས་སྐྲ་བཤད་པར་བྱའོ།། གཞོན་ནུ་མས་བཀལ་བའི་ཁ་ཚར་མ་བཅད་ཅིང་སྐྲ་མེད་པའི་རས་ལ་རི་མོ ་མཁན་གསོ་སྦྱོང་དང་། ལྡན་པས་ཁ་དོག་མ་འདྲེས་པ་སྣོད་གསར་བར་བཞག་ལ། ཁ་དོག་དམར་པོ་ཕྱག་བཞི་པ། སྦྲུལ་གྱི་སྐ་རགས་ཀྱི་བརྒྱན་པ།། སྦྲུལ་གྱི་མཆེད་ཕྱིར། ་ཐོགས་པ་ཅན། སྤྲིན་གསར་པ་ལྟ་བུ་མཐུ་སྦྱར་བ། དཔྲལ་བར་ཁྲོ་གཉེར་བསྡུས་པ། རྡོ་རྗེ་དང་བཅས་པའི་མགོ་བོའི་ཕྲེང་བ་ཅན། གཡས་པ་དགྲ་སྠ་དང་། ཡང་རྡོ་རྗེའོ།། ་གཡོན་པ་སྡིགས་འཛུབ་ཀྱི་དཔལ་གྱི་སྒོའི་བུ་ག་གསལ་བར་བྱེད་པ། ག་ཡིན་པའི་གཉིས་པར་ལྟོས་འགྲོ་ཆེན་པོ་བསྐྱིལ་བའི་ཞག་པ་འཆང་པོའོ།། འོག་དུ་གཟིགས་པ། ་ཞལ་མཆེ་བརྩིགས་པ། དྲག་པོའི་གཟུགས་ཅན་མ་མོས་གྱུར་པས་བྲི་བར་བྱའོ།། རྣམ་པར་བྲལ་བའམ། སྟོང་པའི་ཕྱོགས་མེ་ཏོག་དང་འབྲས་བུ་ལྡན་པ་འམ། བུ་གའི ་སྒོར་འབུམ་ཕྲག་དྲུག་བཟླའོ། དེའི་སྔོན་དུ་ཇི་ལྟར་བྲིས་སྐུ་དེ་གདུག་པ་ཅན་འགའ་ཡིས་མ་མཐོང་བ་དེ་ལྟར་བྱའོ།། དེ་ནས་རྡོ་རྗེས་བསྣུན་པའི་ཤིང་གིས་ས་བསྲེགས་ལ་ཕྱོགས ་དེར་ཡུངས་ཀར་དཀར་པོ་ལ་རྡོ་རྗེ་ཁྲོ་བོས་ཡོངསུ་སྔགས་ཏེ་བཏབས་པར་བྱའོ།། དེ་ལས་སྐྱེས་པའི་ས་བོན་དེ་བཟུང་བར་བྱའོ།། དེ་ནས་རྡོ་རྗེ་བསྣན་པའི་ཤིང་ལ་མེ་སྦར་ཏེ་རྡོ་རྗེ ་འི་རྣམ་པའི་ཐབ་ཁུར་དུ་ཡུངས་ཀར་དེ་དང་། ཙན་དན་དམར་པོ་བསྲེས་ལ་སྟོང་ཕྲག་བརྒྱད་བསྲེགས་བླུགས་པར་བྱའོ།། ཉི་མ་བཞི་པ་ལ་ལྷ་མ་ཡིན་གྱི་གྲོང་ན་གནས་པའི་བུད་མེད ་ལས་དྲི་བ་དང་ལྡན་པས་ངེས་པར་འོངས་ནས་སྟོན་པར་འགྱུར་རོ།། དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་མི་བྱའོ།། དེ་རྣམས་དང་སྨྲ་བ་རེ་མི་བྱའོ།། ཞིམ་ལྔ་པ་བསྲེག་བླུགས་བྱས ་པའི་མཐར་འཁྲུལ་འཁོར་ཐམས་ཅད་ལ་དུ་བ་འབྱུང་བ་འགྱུར་རོ།། དེ་ནས་བུད་མེད་དེ་དག་འོངས་དེ་སྐྱེས་བུ་དཔའ་བོ་བྱོན་པར་ཞུ་ཞེས་སྨྲ་བར་འགྱུར་རོ།། དེར་ཡང་འཇུག་པར་མི་བྱའོ།། ་རྡོས་@བསྲེག་བླུགས་བྱས་པ་དང་ཉི་མ་དྲུག་པ་ལ་ཁང་པ་ཐམས་ཅད་ལ་དུ་ཐུལ་བར་འགྱུར་རོ། འཁྲུལ་འཁོར་གྱི་གནས་སུ་ཀི་ཊི་ཀི་ཊ་ཞེས་སྒྲོགས ་བར་འགྱུར་རོ།། དེ་ནས་བུད་མེད་དེ་རྣམས་མིག་མཆི་མས་གང་བཞིན་དུ་གྲུབ་པའི་རྫས་དང་། རིན་པོ་ཆེ་ཐམས་ཅད་བཟུང་ནས་འོང་བར་འགྱུརརོ།། རང་གི་ཕྱག་རྒྱ་བསྟན་པ ་བླང་བར་བྱའོ།། གལ་ཏེ་མི་འདོད་ན་ཡང་མི་བདུན་པ་ལ་སྦྱིན་བསྲེག་བྱའོ།། གང་སྔོན་དུ་ཞུགས་པ་དེ་ཐམས་ཅད་འཆིང་བར་འགྱུར་རོ།། འཁྲུལ་འཁོར་ཐམས་ཅད་ལྒང་བ་དང ་འཇོམས་པར་འགྱུརརོ།། ཆོ་ངེས་འདེབས་ཤིང་ངེས་པར་འོང་བར་འགྱུར་རོ།། དེ་དག་ལ་མི་འཇིགས་པ་བྱིན་ལ་ཕྱི་ནས་འཇུག་པར་བྱའོ།། འཕགས་པ་རྡོ་རྗེ་ས་འོག་གེ་རྒྱུད་ལས ་ལྷ་མ་ཡིན་གྱི་བུ་མོ་ལ་དྲག་ཤུལ་སྤྱོད་པའི་ལེའུ་སྟེ་དགུ་པའོ།། །། དེ་ནས་གཞན་ཡང་རིམ་པར་ཕྱེ་བར་གྱུར་པ་ནི་བཅོམ་ལྡན་འདས་དེ་ཉིད་རྣམ་པར ་འགྱུར་སྟག་གི་ལྤགས་པའི་ཤམ་ཐབས་ཅན། ཕྱག་བཞི་པ། ལྷ་མ་ཡན་ཆེན་པོ་གཞ་ལེན་གྱི་མགོ་ལ་ཕྱག་གཉིས་ཀྱིས་རྡོ་རྗེས་བསྣན་ནས་གསོད་པར་མཛད་དོ།། ཕྱག་གཡ ་བར་ཆུ་སྲིན་གྱི་མཆེ་བའི་རྣམ་པའི་སོར་མོའི་རྩེ་མོ་ལྕགས་ཀྱུས་མེ་ཏོག་འདོད་པ་ལྟར་བསྣུན་པའོ།། གཡོན་པ་སྡིག་འཇུབ་མཛད་པའོ།། དེའི་འདུན་དུ་རྡོ་རྗེས་བསྣུན་པའི་ཤིང ་ལ་མེ་རབ་ཏུ་སྦར་ལ། མེ་ཏོག་དང་འབྲས་བུ་ལྡན་པར་རྡོ་རྗེ་རྩེ་མོ་དྲུག་པ། ཉི་མ་གཅིག་དུ་ཕཊ་ཀྱི་ཡེ་ཤེ་དང་ལྡན་པར་བསྲེག་པར་བྱའོ།། དེ་བསྲེགས་པས་ལྷ་མ་ཡིན་ཐམས་ཅད ་ཀྱི་རིགས་ཀྱི་བུད་མེད་ཆོ་ངེས་འདེབས་ཤིང་། སྐྱབས་མེད་པར་འོང་བར་འགྱུརརོ།། དེ་རྣམས་དང་ལྷན་ཅིག་ཏུ་འཇུག་པར་འགྱུར་རོ།། དེ་ནས་ལྷ་མ་ཡིན་གཡོན་ཕྱོགས་པ་ཞེས ་འཇིག་རྟེན་དུ་གྲགས་པའི་རྣམ་པ་སྤྲ་ཚིལ་དང་། ཚ་བ་གསུམ་དང་ལུགས་ཕྱེ་བསྲེག་པ་ལས་གཟུགས་བརྙན་བྱ་ལ། རྡོ་རྗེས་བསྣུན་པ་ལ་མེ་སྦར་ཏེ། རྡོ་རྗེས་སྤྲིང་དཀར ་གཟེར་ལ་ཇི་སྲིད་ལངས་ཀྱི་བར་དེ་སྲིད་དུ་བསྲོག་པར་བྱའོ།། གལ་ཏེ་མི་ལྡང་ན་རྡོ་རྗེའི་རྣམ་པའི་ཐབས་ཁུང་དུ་ཤིང་དེ་ཉིད་ལ་མེ་སྦར་ལ་དུམ་བུར་གཏུབས་ཏེ་སྦྱིན་བསྲེག་བྱའོ།། ་འཁྲུལ་འཁོར་ཐམས་ཅད་ལ་འདུ་བ་དེར་རེག་པ་ཙམ་གྱི་ལྟུང་སྟེ། སླར་འབྱུང་བའི་མཐུ་མེད་པར་འགྱུརརོ།། གསང་བ་ཆེན་པོ་འདི་དཀྱིལཱ་མཐོང་བ་དང་། ཆོ་ག་མི་ཤེས་པ་དང་། ་ལས་ཀྱི་བསྒྲིབ་པ་མ་སྦྱངས་པ་དང་། དམ་ཚིག་མེད་པ་ལ་སྦྱིན་པར་མི་བྱའོ།། བསོད་ནམས་བྱས་པ་དང་། བུ་གའི་འཁྲུལ་འཁོར་འཇོམས་པ་དང་། སྤྲོས་པའི་སེམས་དང་ལྡན ་པ་དང་། ཁ་ན་མ་ཐོ་བ་མེད་པའི་ཡིད་དང་། ཕ་དང་མ་ལ་གས་པ་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དང་། དེ་བཞིན་གཤེགས་པ་ལ་བསམ་པ་མི་ཕྱེད་པ་དག་ལ་སྦྱིན་པར་བྱའོ།། ། ་འཕགས་པ་རྡོ་རྗེས་འོག་གི་རྒྱུད་ལས་ལྷ་མ་ཡིན་གྱི་དབང་པོ་གཙུག་ཏུ་བྲི་བའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་གཞན་ཡང་རིམ་པར་བྱེ་བར་གྱུར་པ་ནི་ས་ཡང ་ཙའི་དབུསུ་ཡུངས་ཀར་སྐྱ་བོས་སྟོང་ཟག་བརྒྱད་སྲེག་བླུགས་བྱའོ།། དེ་ནས་བུད་མེད་རྣམས་འོངས་པར་འགྱུརརོ།། ལ་བ་ཡོངསུ་བཟུང་ནས་འཇུག་པར་བྱེད།། ཡང་ན་གང་འདོད ་དོས། བ་དེ་སྟེར་རོ།། འབུམ་བྲག་ཉི་ཤུ་རྩ་གཅིག་བཟླས་པས་རི་བོ་དང་བསྲེགས་མ་པ་སྣ་ཚོགས་པ་རྣམ་པར་འཇོམས་པར་བྱེད་དོ།། འདི ་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་རྡོ་རྗེ་ཉིད་ཁའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་འདིར་རྟོག་པ ་གཞན་ཡང་བཤད་པར་བྱ་སྟེ། ལོ་མ་དང་། ནས་ཀྱི་བཟའ་བ་དང་། སློངས་མོའི་ཟས་ཟ་ཞིང་སྔར་བཤད་པའི་ཚུལ་གྱིས་འབུམ་ཕྲག་གསུམ་བཟླས་པར་བྱའོ།། བཟླས ་པ་ཡོངསུ་རྫོགས་པ་དང་རྡོ་རྗེས་བསྣུན་པའི་ཤིང་རྡོ་རྗེ་ཁྲོ་བོ་མཚན་གང་ཁྲོ་གཉེར་བ་སྲེར་ཞིང་མཆུ་བསྡམས་པ་འཇིགས་པར་བྱེད་པ། རྡོ་རྗེ་འཕྱར་བའི་ལག་པ་ཅན། གཡོན ་གཡོན་པའི་འཛུབ་མོ་སྡིགས་འཛུབ་བྱས་པ། དེ་ནས་བཟླ་བ་ཆེར་བཟའ་བཟུང་ནས་མཐོང་བ་དུར་ཁྲོད་ཙན་དན་དམར་པོའི་སྙན་ནམ། ཆུའི་འགྲམ་གྱི་འཇིམ་པ་ལ་བཞུགས་པར ་བྱའོ།། དེ་ལ་རྒྱ་ཆེན་པོའི་མཆོད་པ་བྱས་ནས་དེའི་མདུན་དུ་རྡོ་རྗེས་བསྣུན་པའི་ཤིང་ལ་སོར་དྲུག་པའི་རྡོ་རྗེ་རྩེ་མོ་ལྔ་པ་བྱས་ཏེ་དྲི་དང་། མེ་ཏོག་གི་མཆོད་ལ་ཇི་ལྟར་འབྱོར་པའི ་མཆོད་པ་དང་། གཏོར་མ་བྱས་ཏེ་ཨ་ཤྲ་ཐའི་འདབ་མ་བཞིའི་སྟེང་དུ་བཞག་ལ། ལོ་མ་གསུམ་གྱིས་དགབ་པར་བྱའོ།། ལག་པ་གཡོན་པའི་འཐིལ་དུར་ཁྲོད་ཀྱི་སོལ་བས་རྡོ་རྗེ ་བྲིས་ལ་ལག་པ་དེས་དཀའ་སྟེ། དེ་ཉིད་ཇི་སྲིད་མི་འགུལ་བ་དེ་སྲིད་ཀྱི་བར་དུ་བཟླས་པས་དེ་ནས་འགྲུབ་པར་འགྱུར་རོ།། རྡོ་རྗེ་དེ་ཉིད་ལག་པར་བཟུང་བས་བུ་ག་ཐམས་ཅད་ཀྱི ་འཁྲུལ་འཁོར་འཇོམས་པར་བྱེད། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་བསྩལ་ཏོ།། དེ་ནས་བུད་མེད་རྣམས་ཕྱི་རོལ་དུ་དགུག་པར་འདོད་ན་དཔལ་གྱི་བུ་གའི་སྒོམ ་རྡོ་རྗེ་ཁྲོ་བོ་དེ་ཉིད་བཞག་ལ་དུ་ཁྲོད་ཀྱི་ཤིང་ལ་མེ་སྦར་ཏེ། རྡོ་རྗེ་ལག་པ་གཡོན་པར་བཟུང་ལ་གཡས་པ་མ་ཡིན་པའི་ལག་པས་ཡུངས་ཀར་སྐྱ་བོ་རྣམས་སྟོང་ཕྲག་བརྒྱད་དུ ་སྦྱིན་བསྲེག་བྱའོ།། དེ་ནས་བུད་མེད་རྣམས་འོང་བར་འགྱུརརོ།། ལག་པ་ནས་བཟུང་སྟེ་འཇུག་པར་བྱའོ།། ཡང་ན་གང་འདོད་པ་དེ་སྟེར་བར་འགྱུར་རོ།། འབུམ་ཕྲག་ཉི་ཤུ་རྩ ་གཅིག་ཏུ་བཟླས་པས་རི་མོ་ཁྲང་པོ་རྣམ་པ་སྣ་ཚོགས་འཇོམས་པར་འགྱུར་རོ།། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་སྩལ་ཏོ།། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས ་རྡོ་རྗེ་བསྒྲུབ་པར་བྱེད་པའི་ལེའུ་སྟེ་བཅུ་གཉིས་པའོ།། !། སྨན་འདི་བསྒྲུབ་པ་པོས་ཅིན་ཀྱང་བསྒྲུབ་པར་བྱའོ།། བགེགས་རྣམས་དང་ལོག་པར་འདྲེན་པ་མེད་པར་བྱེད་དོ།། ཟླ་བ་ཤར ་བ་དང་། དབང་པོ་ལག་པ་དང་། སྲིད་གྲི་དང་། བྱ་གྲི་དང་། ལག་པ་བཞི་པ་དང་། བྷ་ར་ཧ་ཀརྣི་ཀ་དང་། ག་ཛ་ཀ་དང་། ར་ཙ་ནི་དང་། རུ་རྟ་དང་། གུར་གུམ་དང་། དུག་གི་ཕྱེ་མ ་རྣམས་གྲང་པོའི་གཅིན་གྱིས་སྦྲུས་ལ་ཇི་ལྟར་འདོད་པའི་རི་ལུ་བྱའོ།། དྲི་དང་། མེ་ཏོག་དང་། གཏོར་མ་དང་། འདུག་པ་རྣམས་གནས་རྣམས་བཞག་ལ། ཆུ་ཆགས་པ་དང་། ་དྲི་མ་འདོར་བ་ན་རས་ཀྱི་བཅིང་བར་བྱའོ།། དྲི་དང་མེ་ཏོག་ལ་སོགས་པ་རྣམས་ཀྱི་མཆོད་པར་བྱའོ།། གཞན་དུ་ན་ལོག་པར་འདྲེན་པ་རྣམས་ཞུག་ཏེ་མ་རུང་བར་བྱེད་པར་འགྱུརརོ།། ་བཤད་མ་ཐག་པའི་སྨན་གྱིས་ལོག་པར་འདྲེན་པ་ལ་སོགས་པ་ཐམས་ཅད་རྣམ་པར་ཉམས་ནས་པར་ཚུན་བལྟ་ཞིང་འདི་སྐད་ཅེས། འདི ་ཇི་སྲིད་སྨན་ཡོད་པ་དེ་སྲིད་འགྲོ་བར་མི་བྱའོ།། ཞེས་སྨྲ་ཞིང་ཕྱོགས་དང་ཉེ་བའི་ཕྱོགས་དང་ཉེ་བའི་ཕྱོགས་རྣམས་སུ་འབྱོར་པར་འགྱུར་རོ།། དཔག་ཚད་གཅིག་གི་ཁོངསུ་བགེགས ་ལྡང་བར་མི་འགྱུརརོ།། ལས་ཐམས་ཅད་ཀྱང་འགྲུབ་པར་འགྱུརརོ། གང་ཡང་རིག་པ་འཛིན་པས་དུས་གསུམ་དུ་ཉེ་བར་འབྱུགས་ན་དེ་ལ་འགའ་ཞིག་ཀྱང་འཇུག་པར་མི་ནུས་སོ།། ་བཱ་ལ་ཀ་དང་། ས་རི་བ་དང་། ལོ་དྲ་མ་དང་། ལང་ག་ལི་དང་། སྒོག་པ་དང་། བྱི་བའི་སྤུ་རྣམས་དང་། སྦྱར་བའི་བདུག་པ་འབད་པ་བྱས་ན་བུ་གའི་སྒོར་འགྲོ་བ་ན་ཐིགས་པ་ཞི་བར ་བྱེད་དོ།། ཨུད་པ་ལ་སྔོན་པོ་དང་། དྲི་ཞིམ་པོའི་མར་དང་། རུ་རྟ་དང་། ས་ར་བི་དང་། ཅན་དན་དང་། བོ་ལོ་ཀ་དང་། བ་གླང་གི་གཅིན་གྱིས་སྨྲས་པའི་སྨད་གྱིས་དག་འཇོམས་པར་བྱེད ་ཅིང་དཔལ་གྱི་སྒོའི་དྲང་ཤེར་ལས་སྐྱེས་པ་འཇོམས་པར་བྱེད། ཆུ་ཤིང་དང་། ཐ་སྐད་དང་། བཎྜ་དང་། ཀོཥྚ་དང་། ཨུ་དྲབ་པར་དང་། བ་ལ་དང་། ཨ་ཤྭ་གྷན་དྷ་དང་། ཤུ་དག ་དང་། གེ་རི་ཀ་རྣི་ཀ་དཀར་པོ་སྟེ་འདི་རྣམས་སྦྱར་བར་ཐས་ཅད་ཀྱི་གཉིད་དང་། འཁྲུལ་འཁོར་དང་། མུན་པ་འཇོམས་པར་བྱེད།། ཤི་ངྒ་ཨན་ཛ་བའི་ས་བོན་དང་། ཨུད་པ་ལ ་དང་། ནག་གེ་སར་དང་། གཔུར་རྣམས་ཆ་མཉམ་པོར་སྦྱར་བའི་མིག་སྨན་གྱིས་གཉིད་མེད་པར་བྱེད་དོ།། ཀ་ར་དང་། རྟའི་ཁ་མཆུ་དང་། ནག་གེ་སར་དང་། བ་རི་སས་མག ་སྨན་བྱས་ལ་ཁྲོ་བོ་བཟླས་པས་གཉིད་ཀྱི་འཁྲུལ་འཁོར་བཟློག་པར་བྱེད།། རྨ་བའི་གཙུག་བུད་དང་མཁམ་པོར་བྱོར་ལ། ན་ལེ་ཤམ་དཀར་པོ་དང་བཏགས་ཏེ་ལན་བདུན་བདུད ་བཟླས་པས་རྩོད་པ་བཟློག་པར་བྱེད། སེམས་རྣམ་པར་གཡེང་བ་མེད་པ་དང་། རྩེ་བ་དང་ལྡན་པ་དང་། ཆོས་ཤེས་པ་དང་། རིང་དུ་མཐོང་བ་གང་གིས་ཁྱིམ་དུ་ཆོ་ག་དང་ལྡན་པ ་སྨན་བཞི་ནས་ཁྲོ་བོ་རྡོ་རྗེ་ས་འོག་ལ་མཆོག་ཏུ་གུས་པར་གྱུར་ན། དེས་རྐད་འག་གི་དཔལ་གྱི་སྒོ་འགྲུབ་པར་འགྱུར་ཏེ། འདི་ལ་ཐེ་ཚོམ་མེད་དོ།། ཡ་དའི་མེ་ཏོག་དང་། རྒྱ་སྲན ་གྱི་བྱེ་མ་དང་། ཡུངས་ཀར་དང་། བཱི་ལ་དང་། ཨིང་གུ་རྣམས་སྲང་རེ་རེ་སི་ཏ་དང་། ལན་ཅིག་བསྲེས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པས་བཀྲེས་པའི་འཁྲུལ་འཁོར་བཟློག་པར ་བྱེད་དོ།། ཨ་བ་མ་རྒའི་དོན་དང་བི་ཛ་ཨ་ཀཱའི་ཨུ་དུམ་བ་རའི་དྲིལ་བུ་ལ་ལན་བདུན་བཟླས་ན་བསྒྲེས་པ་སེལ་བར་བྱེདའོ།། གླང་པོའི་རྣ་བའི་བ་ལ་ཤའི་ཁུ་བ་བླངས་ལ་རྡོ་རྗེའི་སྡོད་སྐྱེས་དང ་རྡོ་རྗེའི་འོ་མ་དང་མཉམ་པོས་སྦྱར་ལ། ཏིལ་མར་དང་བསྐོལ་ཏེ་སྤྲིན་རྣམས་ཐམས་ཅད་ལ་མར་འུ་མཆོག་དེས་བྱུག་པར་བྱའོ།། རྡོ་རྗེ་ལྗོན་པའི་ཁྲག་དང་ནི། དེ་བཞིན་རྡོ་རྗེ་སྡོང་བུ ་བཅུད། ས་བ་ལའི་བཅུད་དང་སྦྱར་གསེར་གྱི་མར་མེ་དང་བཙོ་བར་བྱ།། ཐོག་མར་དེ་དག་བཅངས་ན་སུ། མཁས་ཡིས་ནི་འདང་བས་བསྡང་།། འབྲུ་མར་གྱིས་ནི་ལུས་བྱུགས་ནས ་སྤྲིན་གྱི་སྟེང་ནས་འགྲོ་བར་བྱ། ཨིང་གུ་བི་ལའི་མར་ཁུ་དང་། ཁ་བ་ལི་ནི་ནས་དག་ནི། རྟ་ཡི་དྲི་དང་མཉམ་བསྲེས་ནས། རྟ་ཡི་གཅིན་དང་བསྐོལ་བར་བྱ། འདི་དག་གིས་ནི་ལུས ་བྱུགས་ནས། སྤྲིན་གྱིས་གོས་པར་མི་འགྱུ་རོ།། འཕགས་པ་རྡོ་རྗེས་འོག་གི་རྒྱུད་ལས་སྨན་དང་ཅིའི་ལེའུ་སྡེ་བཅུ་གསུམ་པའོ།། ། ་དེ་ནས་སེང་གེའི་ལྷ་སྟངས་ཀྱིས་བུ་གར་འཇུག་པར་བྱའོ།། མཁས་པས་མཚན་པ་མཚོན་པར་བྱ་སྟེ། དཔལ་གྱི་སྒོར་རྐང་བཞི་པ་དང་། དངུལ་ཆུ་དང་། བཅུད་ལེན་དང་། བུད་མེད ་དང་། གྲུབ་པའི་རྫས་ཀྱིས་ཡང་དག་པར་བྱ་བ་དང་། བུ་ག་གང་དག་ཤང་ཤོང་ཅན་ལ་ལ་རྡོ་བས་ཁྱབ་པ་ནི། དེ་ནི་རང་རོད་ཅན་ཞེས་བྱ། ས་ནི་འབར་བས་ཆུ་སྐྱེམས་ཤིང་། ཕ་རོལ ་བཤད་པའི་དྲིན་པ་ཞིང་། ཀེང་རུས་ཀྱི་ནི་རུས་པས་བྱ་བ། གདུག་པའི་རྡོང་དག་གིས་དང་། དེ་ནི་རང་རོད་ཅན་བསྟན། འགའ་ཞིག་འཇིམས་པ་དག་གིས་ཁྱབ། ལ་ལ་རྡོ་དང་ཆུ ་ཡིས་ཁྱད། དྲི་མི་ཞིམ་པའི་མངང་། རང་རོད་འཇིགས་པ་ཉིད་དུ་འགྱུར། གཤང་དང་ལྡན་ལྗིན་དྲི་མནས་ཞིང་། ཁ་ཅིག་ན་ནི་སྦྲུལ་གྱི་དྲི། ལྤག་པ་དང་ནི་བྱ་ཡིས་ཁྱབ། དེ་ནི་ངེས ་པར་ལྕེ་སྤང་གནས། ཡང་ན་རྡོ་རྗེ་ས་འགོ་ལས་བསྟན་པ་ཇི་ལྟ་བུའི་རྣམ་པའི་སྒོ་མཁན་པས་ཕྱི་རོལ་ཏུ་བརྟགས་ནས་འཇུག་པར་བྱའོ།། ཡོ་བྱད་ཐམས་ཅད་ལྡན་པས། ཁྲོ་བོའི་དམ ་བ་ལེགས་པར་བཟླས། དཔུང་བསྐུར་བས་ནི་དབང་དུ་སྐར་ལ། བློ་དང་ལྡན་པས་བསྲུང་བར་བྱ། འདིའི་ཚུལ་གྱིས་བློ་ཡིས། ས་འོག་མཐོ་རིས་དཔལ་གྱི་སྒོ།། དེར་ནི་སོམ་ཉི་མེད ་བས་འཇུགས། དེ་ཡིས་འདོད་འབྲས་ཐོབ་པར་འགྱུར། དགའ་བོ་དེ་ཡིས་ཆེར་སྤྲོ་བས། གཏོང་དང་རྩེ་ལྡན་གཙང་བ་དང་། དྲེགས་མེད་མངོན་པའི་ང་རྒྱལ་བྲལ། འཇིགས་བྲལ ་བྲལ་ཁྱད་པར་འཕགས་པའི་ཡོད། མེ་འོད་དང་ནི་ལྷས་ཆེན་པོ།། མཐོང་ནས་ཟུང་རྔུ་མེད་པའི་སེམས། རྡོ་རྗེ་ལྟ་བུར་བསྟན་པ་ཡིས། སྒྲུབ་པ་དཀའ་བའང་བསྒྲུབ་པར་བྱ། ་འབགས་པས་རྡོ་རྗེ་ས་འོག་གི་རྒྱུད་ལས་འཁྲུལ་འཁོར་བརྟག་པའི་ལེའུ་སྡེ་བཅུ་བཞི་པའོ།། །། དེ་ནས་གཞན་ཡང་དཔལ་གྱི་སྒོར་འཇུག་པའི ་རིམ་པར་བྱེ་བར་གྱུར་པ་ནི། འཁྲུལ་འཁོར་གྱི་ནི་དྲུང་འགྲོ་བ། ཤན་དུ་མྱུར་དང་བུལ་མིན་པར། རྐང་པ་འཇོམས་ཅིང་འབད་པ་ཡིས། ཀུན་ནས་འཁྲུལ་འཁོར་བལྟ་བར་བྱ། ་གང་ཚེ་འཁྲུལ་འཁོར་གཡོ་བ་དང་། འགུལ་བ་དང་ནི་ལྡེག་པ་འམ། ཡང་ན་མཚོན་ཆ་ཐོགས་པ་སྟེ། མདའ་དང་ཤ་ག་ཏི་དབྱུག་དག་དང་། རལ་གྲི་འཁོར་ལོ་མཚོན་ཆ ་ཡིས། འཁྲུལ་འཁོར་གྱིས་ནི་གང་མཐོང་ཞིང་། གྲི་གུག་སྤུ་གྲིའི་སོ་དགྲ་དང་། དེ་བཞིན་ལུག་ལ་སོགས་འགྲོ་བ། དེ་ལྷའི་རྣམ་པ་མཐོང་ན་ནི། ཕྱོག་རྒྱ་ལེགས་པར ་བཅིང་བར་བྱ། ཡུངས་ཀར་སྐྱ་བོ་ཉིད་དམ་ནི། ཐལ་བ་ལ་ཡང་ཁྲོས་པ་ཡིས། ཁྲོ་བོ་ལན་བདུན་བཟླས་ནས་སུ། འཁྲུལ་འཁོར་ལ་ནི་མཁས་པས་བསྣུན། གདོན་མི ་ཟ་བར་དེ་ལྟུང་ངོ་།། ལྷའི་ཁང་པར་འཇུག་པར་བྱ། གང་དག་ལྕེ་ཆེན་པོར་གྱུར་པ། དེར་ནི་ཡིད་དག་གཏོར་མ་མཐོ། ཇི་ལྟར་བསྒྲེས་ཀྱང་མི་བཟའོ།། དེ་ཉིད་དུ་ནི ་ངེས་མཐོང་བ། སྐ་ཅིག་ཙམ་ཡང་མི་འགུལ་ཞིང་། དེ་ཚེ་ནི་མི་སྨྲ་སྟེ། ལྷ་མིན་སྤོང་གས་རྒྱས་བཞབ་པ། དེ་མཐོང་ནས་ནི་རུ་སྦལ་གྱིས། རྒྱ་ལྡན་ལན ་བདུན་བཟླས་པས་གཡོ།། དེ་ནི་རང་བཞིན་དང་བ་ཡིས། གས་དང་བཅས་པས་ཕྱག་འཚལ་ཏེ། ལེགས་པར་བྱོན་ཏམ ་དཔའ་བོ་རྣམས། ཅི་བདེ་བར་ཡང་འཇུག་པར་མཛོད། གུས་པའི་ཆོ་གའི་སྦྱོར་བ་རྣམས། རིན་ཆེན་རྣམ་པ་དུ་མ་དང་། དངུལ་དང་ནི་བདུད་ལེན་དང་། ནོར་བུ ་རྣམས་དང་བུད་མེད་དང་། གཞན་ཡང་ནང་ན་གང་བ་ཡི། རལ་གྲི་དང་ནི་མཚོན་ཆ་རྣམས། དེ་དག་གི་ནི་ལག་པ་ནས། བཟུང་ནས་ཇི་ལྟར་བདེ་བར་སྟོན། ཕྱག ་ན་རྡོ་རྗེའི་བྱིན་བརླབས་ཀྱིས། དེར་ནི་ཇི་ལྟར་འདོད་པ་བྱ། དེར་ནི་ཇི་ཙམ་སྡོད་ཀྱི་བར། ལྷ་མིན་བུ་མོ་རྣམས་དང་རྩེ། དེ་ནས་ཀྱིས་བསྟན་ལམ་ནས་ནི། ཅི་བདེ ་བར་ནི་ངེས་པར་འདོད། ལྷ་མིན་གྲོང་དུ་བདེ་བར་འགྲོ། ཇི་ལྟར་བདེ་བར་སླར་ཡང་འོ།། གང་དག་དེར་ནི་སྔོན་སོང་བ། རྡོ་རྗེས་འོག་གིས་གཟིར་བས། གལ ་ཏེ་འོངས་པར་མ་གྱུར་ན། དེར་ནི་རྨོངས་ནས་འཆི་བར་འགྱུར། དེ་ནས་སྔོན་རྒྱུ་ཞགས་རྣམས་ལ། བློ་གྲོས་ལྡན་པས་གཟིར་མི་བྱ། འཕགས་པ་རྡོ་རྗེ་ས་འོག་གི ་རྒྱུད་ལས་དཔལ་གྱི་སྒོར་འཇུག་པའི་ལེའུ་སྟེ་བཅཝོ་ལྔ་པའོ།། ། དེ་ནས་དཔལ་གྱི་སྒོའི་རྟོགས་པར་བརྗོད་པའི་རིམ་པར་བྱེ་བར་གྱུར་པ་ནི།། ་དཔལ་གྱི་སྒོའི་ཕྱིར་གནས་པ་ཡིས། མཚན་ཉིད་མཐོང་ནས་ཤེས་པ་ཡིས། སྨྲ་སྤངས་སློང་བ་ཟ་བ་དང་། འཁྲུལ་པ་མེད་པའི་སེམས་ལྡན་པས། བློ་གྲོས་ཅན་གྱིས ་འབུམ་ཟག་གསུམ། དཔལ་གྱི་སྒོ་ལ་བསྟན་བཟླས། འབུམ་ཕྲག་དང་པོ་བཟླས་པ་ཡིས། འཁྲུལ་འཁོར་རྣམས་ནི་ལྒང་བར་འགྱུར། གཉིས་པ་ཡིས་ནི་ས་གཡོ་ཞིང་། ་དུ་བ་ཆེན་པོ་འཁྲུག་པར་གྱུར། གསུམ་པ་ཡིས་ནི་དྲོ་ལྡན་པའི། རྒྱན་དང་སྐྱེ་རགས་གྲོལ་བ་ཡིས། ལྷ་མིན་བུ་མོ་ངེས་པར་འོང་། ཁྲོ་བོ་མེ་ཡིས་བསྲོས་པ་ནི། བསྐལ་པ ་མེ་སྙམ་སེམས་པ་ཡི། ཅ་ཅོ་འདོན་ཞིང་རྣམ་པར་འཕྲོས། དེར་ནི་ཞི་བར་བྱ་དོན་དུ། ཙན་དན་ལྡན་མར་སྦྱིན་བསྲེག་གིས། དེ་ཡི་ལུས་ནི་རྣལ་མར་གནས། བསམ་པ ་ཐག་པ་ནས་འདུད་པར་འགྱུར། དཔལ་གྱི་སྒོ་དེར་ནོར་རྣམས་དང་། རལ་གྲི་སྡོང་རོས་མིག་ལ་སོགས། དངུལ་ཆུ་བཅུད་ལེན་བཟང་པོ་དང་། བུད་མེད་སྟོང་ཕྲག་བརྒྱ ་རྣམས་གནས། བདག་གི་བདག་པོ་ཁྱོད་ཀྱིས་མཛོད། མཐོ་རིས་ས་འོག་བཟང་པོ་སྟེ། གལ་ཏེ་དེར་ནི་མི་འཇུག་ནའང་། ཇི་ལྟར་བཞེས་པ་དེ་བཞིན་མཛོད། རལ་གྲི་གྲུབ ་བའི་མིག་སྨན་སོགས། དེ་ཡི་མདུན་དུ་བཞག་ནས་ཀྱི། རྡོ་རྗེ་ཁྲོ་བོས་གཟིར་བས་ན། ཡིད་ལ་གཅགས་བཞིན་སྟེར་བར་འགྱུར། ཇི་ལྟར་འདོད་པ་དེ་བཟུང་སྟེ། དེ་ནི ་བཏང་བ་ཉིད་དུ་བྱ། དེར་ནི་དཀྱིལ་འཁོར་བསྡུས་བྱས་ཏེ། ལྷ་དག་གཉིས་པར་བྱས་ནས་སུ། ཁྲོ་བོ་དེ་ཡང་གཤེགསུ་གསོལ། བརྒྱ་རྩ་བ་ཟླས་ཅིང་བདེར་འགྲོ། གོ་ཆ ་ཆེན་པོ་གྱོན་པ་ཡིས། བློ་དང་ལྡན་པས་དབང་བླངས་ཏེ། སེར་སྣ་ཁྲོ་དང་འགྱོད་པ་དང་། ཕྲག་དོགས་ལ་སོགས་དོར་ནས་སུ། རྟག་ཏུ་སྤྲོ་བར་འགྱུར་བ་ཡིས། བྱ་བ་བྱས ་ནས་ལེགས་པར་འགྲུབ། འདི་ནི་བཅོམ་ལྡན་འདས་རྡོར་འཛིན་གསུངས། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་དཔལ་གྱི ་སྒོར་དྲག་ཤལ་སྤྱོད་པའི་ལེའུ་སྟེ།། བཅུ་དྲག་པའོ།། དེ་ནས་མཚན་ཉིད་གཞན་གྱིས་རིམ་པར་ཕྱེ་བར་གྱུར་པ་ནི། སྔོན་དུ་འབུམ་ཕྲག ་གསུམ་བཟླས་ལ། དེ་ནས་བུ་གའི་སྒོར་ལུས་དྲི་ཞིམ་པོས་བྱུགས་ཏེ། འོ་མ་དང་ནས་ཟན་ཟ་ཞིང་འབུམ་ཕྲག་བཟླའོ།། དེ་ནས་བུ་གའི་འཁྲུལ་འཁོར་ཐམས་ཅད ་འཇོམ་པར་འགྱུར་རོ།། དེ་ནས་ཐེ་ཚོམ་མེད་པར་གྱུར་པའི་ཡིད་ཀྱིས། སྒོ་དྲུད་དུ་སྲེག་བླུགས་བརྒྱ་རྩ་བརྒྱད་བྱས་ལ་འཇུག་པར་བྱ་སྟེ་རང་གི་ཁྱིམ་བཞིན་ནོ།། ལྷ་མ ་ཡིན་གྱི་དབང་པོ་གཞན་ལེན་གྱིས་བསྒྲགས་པའི་གསང་བ་ཆེན་པོ།། བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་ཐམས་ཅད་ཀྱི་ཕྱིར། ས་འོག་གི་གསང་བའི ་ཆེན་པོའི་དཔལ་གྱི་སྒོ་བཀའ་སྩལ་བ་རྡོ་རྗེ་འཁོར་ལོ་དེ་བཞིན་དུ། རྩེ་གསུམ་ཀུ་མུ་ད་པད་མ་དང་། བཀྲ་ཤིས་དང་ནི་དུང་གིང་དང་། ཆུ་སྲིན་དུ་ནི་མཚོན་པར་བྱ། རྡོ་རྗེས ་གནོད་སྦྱིན་རྣམསུ་འགྲོ།། འཁོར་ལོས་སྲིན་པོ་རྣམས་འགྲོ་སྟེ།། ཀླུ་ཡི་ཁང་པར་རྩེ་གསུམ་གྱིས།། ལམ་པོ་ཆེར་ནི་པདྨས་འགྲོ།། བཀྲ་ཤིས་ཁྱིམ་མཛོད་ཁྱིམ ་དོང་།། དུང་གིས་སྐྱེ་བུ་དཔའ་བོའི་ཁྱིམ། ཆུ་སྲིན་གྱིས་ནི་བུད་མེད་ཁྱིམ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས། མཚན་ཉིད་ཀྱི་ལེའུ་སྟེ་བཅུ་བདུན་པའོ།། ། ་དེ་ནས་རིགས་པ་འཛིན་པའི་རྣལ་འབྱོར་གྱི་རིམ་པར་བྱེ་བར་གྱུར་པ་ནི།། མུན་པ་ལས་ནི་འདས་པ་དང་།། གང་ཆེ་སྒྲོན་མ་གསལ་གྱུར་པ།། དེ་ནི ་འཁྲུལ་འཁོར་གནས་ཤེས་བྱ།། གནས་དེར་བློ་ལྡན་འགྲོ་མི་བྱ།། གནས་འཁྲུལ་འཁོར་བཞོམ་པར་བྱ་བའི་ཕྱིར། རྡོ་རྗེ་འབྱར་བར་སྤར་བར་བྱ།། རྐང་པ་གཡས་པ ་བརྡེག་ནས་སུ།། གཡོན་པའི་སྟེང་དུ་སྦྱར་བར་བྱ།། ལྟེ་བའི་གནས་སུ་ཁུ་ཚུར་གྱིས།། གར་གྱི་སྦྱོར་བས་བསྐོར་བར་བྱ།། ལག་པ་གཡས་པ་བསྒྲེང་ན་སུ།། ་གཡོན་པ་ལ་ནི་བསྣུན་པར་བྱ།། སྟེང་དུ་ལག་པ་འོག་ཏུ་ལྟ།། བྱི་རུ་འདི་ཡིས་བསྣུན་པར་བྱ།། ཡུངས་ཀར་དང་ནི་ཐལ་བ་ཡིས།། བསྣུན་པས་ས་ནི་གཡོར་འགྱུར་ཏེ།། འཁྲུལ ་འཁོར་ལྷོད་པ་ཉིད་དེ་འགྱུར།། སྔར་ཡང་དེ་ཡིས་བསྣུན་པ་ཡིས།། གདོན་མི་ཟ་བར་ལྷུང་བར་འགྱུར།། རྐང་པ་མཉམ་པར་གནས་བྱས་ནས། ལག་པ་གཡོན་པ་སྲིད ་ཥར་བཞག།། གནས་དེ་བྱི་རུ་གར་བྱས་ཏེ།། གང་ཡང་རུང་བས་བསྣུན་པར་བྱ།། ཧཱུཾ་དང་ལྡན་པའི་ཁྲོ་བོ་ཡིས། ར་བཤད་དང་།། གང་ཡང་དག་ག་རླུང་འབྱུང་བ།། བྱེ་མར ་གྱུར་ནས་ས་ལ་ལྷུང་།། རྡོ་རྗེ་འཕྱར་བའི་ཆོ་ག་ཡིས། ས་ལ་ལྡང་བའི་འཁྲུལ་འཁོར་རྣམས།། སླན་ཆད་དེར་ནི་འབྱུང་མི་འགྱུར།། འཁྲུལ་འཁོར་མེད་པའི་བུ་གར་ཤེས།། ་ན་མཁའ་འཁྲུལ་འཁོར་གང་བཤད་དང་། གང་ཡང་དུག་གི་རླུང་འབྱུང་བ། དེ་ཡང་ཆོ་ག་འདི་ཡི་སུ། མཐོང་བ་ཙམ་གྱིས་ལྟུང་བར་འགྱུར། དམ་ཚིག་ཤེས་པའི་བློ་ལྡན་དེས། ་ཡང་ན་ལཱུ་ཡི་གནས་མཐོང་ན། འབྱར་བའི་ཕྱག་རྒྱས་ལེགས་བསྣན་ཞིང་།། བསྐོར་ཞིང་རབ་ཏུ་འབེན་པ་ཡིས།། འབྱུང་པོ་རྣམས་ནི ་དགུག་པར་བྱ།། དེ་བཞིན་དམ་ཚིག་ཉིད་ཀྱང་བསྟན།། སྒྲུབ་པ་དབང་བསྐུར་ལྡན་པ་དང་།། ལས་ཀྱི་ཆོ་ག་མཐོང་བ་ཡིས།། དེ་ཉིད་འདི་ནི་བསྟན་པར།། གཞན་དུ་ན་ནི་འཆི ་ངར་འགྱུར།། དཔའ་གྱི་སྒོ་ཡི་སྨན་རྣམས་དང་།། དངུལ་ཆུ་གྲུབ་པའི་མིག་སྨན་སོགས།། དེ་བཞིན་འད་མེད་རྣམས་དང་།། དེ་ཉིད་དུ་ནི་མི་སྣང་འགྱུར།། གཏེར་དང་གསེར་འགྱུར། ་ལྟ་བུའི་སྒོར།། དབང་དུ་བྱེད་པ་འམ་དེ་བཞིན་དུ།། དབང་བསྐུར་མེདེ་པའི་བློ་ལྡན་ཀྱིས།། མཐོང་ཡང་ཐོད་པར་མི་འགྱུར་རོ།། ལྷ་མ་ཡིན་གྱི་ཆོ་ག་དང་།། རྡོ་རྗེ་ས་འོག་དཀྱིལ ་འཁོར་དུ།། ཇི་ལྟར་ཞུགས་པར་འགྱུར་བ་ཡིས།། དཀྱིལ་འཁོར་བསྲུང་བ་བྱས་ནས་སུ།། བླ་མ་ལ་ནི་ཡོན་ཕུལ་ཏེ།། དྲི་དང་མེ་ཏོག་མཆོད་པ་བྱ།། རྡོ་རྗེ་ཆུ་ཡིས་ཆུས་བཀང ་བཀང་ནས།། ཕྲ་བའི་རལ་ཀྱིས་མགྲིན་བཅིངས་པའི། བུམ་པ་ལྡན་པའི་གཞན་དག་གིས།། མཚན་ཞིད་དེ་ལས་དབང་བསྐུར་བྱ།། དེ་ནས་རུ་སྦལ་ཕྱག་རྒྱ་ཅིངས།། བྱིན ་བརླབས་ཕྱག་རྒྱའམ་དེ་བཞིན་དུ།། ལྷ་མ་ནི་ཕྱག་རྒྱས་རྗེས་གནང་ནི།། བླ་མས་བྱིན་པས་དོན་ཀུན་འགྲུབ།། ལྷ་མིན་རྣམས་དང་འཁྲུལ་འཁོར་རྣམས།། སྒྱུ་མ་ཡིས་ནི ་བརྒྱན་པ་རྣམས།། འབྱེད་དང་རབ་དུ་བྱེད་པ་ཡིན།། རིགས་པ་འཛིན་པ་དེ་ཡིས་འགྲུབ།། འཁྲུལ་འཁོར་གྱིས་མིན་དག་གིས་མིན།། ཆུ་ཡིན་ས་མིན་མེད་ཀྱང་མིན། ་གླང་པོ་སོགས་མིན་ལྟོས་འབྱེས་མིན།། དེ་ལ་འཁྲུལ་འཁོར་བཞིས་ཀྱང་མན།། རལ་གྲི་དབྱུག་གུ་མུ་བར་ཌ།། ཆུ་བོ་ཨན་ཛ་ག་སྦྲུལ་མིན། གཞན་ཡང་འཁྲུལ་འཁོར་སྣ ་ཚོགས་པ།། གསང་བའི་འཚམས་ནི་རྟེན་ཀྱང་།། དབང་བསྐུར་ཚིགས་དག་གིས་ནི།། བྱིན་བརླབས་དེ་ལ་བསྣུན་མི་འགྱུར།། དེ་ཡི་མཐུ་ཡིས་ཅུང་ཟད་ཅིང་།། བཟླས། ་བ་འཁྲུལ་འཁོར་ཐམས་ཅད་འཇོམས།། དེ་ནི་རིག་པ་འཛིན་པ་ཡིས། རིག་པ་ཀྱིས་བྱིན་གྱིས་བརླབས་པར་འགྱུར།། དེས་ནས་འབད་པ་ཐམས་ཅད་ཀྱིས།། དབང་སྐུར་བ་ནི ་སྦྱར་བར་བྱ།། དེན་ཀུན་གྲུབ་པ་ཐོབ་འགྱུར་ཞིང་། དེ་ལ་ལྷས་ཀྱང་བྱིན་གྱིས་བརློབ།། དམན་པ་བྱ་བ་དོར་བར་བྱ།། སྔོན་སྤྱོད་ཀྱི་ནི་ལས་ཀྱང་སྤང་། འབེབས་དང་དབང་དུ ་བྱ་བ་དང་། གདོན་གྱི་ལས་ཀྱང་དོར་བར་བྱ། བློ་དང་ལྡན་པས་རྒྱུན་དུས་བཟླས།། ཉོན་མོངས་བྲལ་བའི་སྙོམས་འཇུག་གིས། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས ་རིགས་པ་འཛིན་པའི་ལེའུ་སྟེ་བཅཝོ་བརྒྱད་པའོ།། །། ནས་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་ས་འོག་གིས་བྱིན་གྱིས་བརླབས་པ།། མཆོག་ཏུ་གསང་བའི་དཀྱིལ་འཁོར ་བཤད་པར་བྱའོ།། དབང་ལྡན་གྱི་ཕྱོགས་སུ་བསྡུས་ཏེ་འཁོར་ལ།། གྲོང་ཁྱེར་གྱི་ཕྱོགས་ཀྱི་མཐར།། རྡོ་དང་།། རུས་པ་དང་། གསེག་མ་དང་། དམན་པའི་སོལ་བ་དང་། ་ཐལ་བ་དང་། གྱོ་མོ་དང་། སོ་བག་དང་། གནོད་སྤྲིན་ལ་བཅུགས་པའི་ཤིང་དང་། འགལ་དུམ་རྙིང་བ་དང་། ཆུ་འཛག་པ་དང་། ཁམ་པོར་གྱི་ཕུང་པོ་དོར་ཏེ། བཀྲ་ཤིས་ཀྱི་ཉིན ་@བར་བསྲུང་བ་བྱས་ལ། ཁ་དོག་ལྔས་ཁྲུ་བཞི་པ། གྲུ་བཞི་པ། སྒོའི་མཚམ་སུ་སྒོ་ཁང་དང་། དཀྱིལ་འཁོར་དབུས་ཐུབ་པོར་གནས་པ་གནས ་གཡས་བཀོར་དུ་བྱའོ།། ཕྱོགས་བྲལ་གྱི་འཚམ་སུ་ཟླུམ་པོ་མ་ཡིན་པའི་དཀྱི་བླ་འཁོར་རོ།། ཆེར་བརྟགས་ཏེ་རི་མོ་རྡོ་རྗེས་བྱིན་གྱིས་བརླབ་བོ།། གོ་རིམས་བཞིན་དུ་ལྷ་མ་ཡིན་གྱི ་རྒྱལ་པོ་རྣམས་ཀྱི་གནས་རྒྱ་མཚོ་ཆེན་པོ་བྲི་བར་བྱའོ།། བློ་གྲོས་དང་ལྡན་པས་དཔལ་གྱི་སྒོ་བྲི་བར་བྱའོ།། རིན་པོ་ཆེ་རྣམས་ལ་མཚན་ཉིད་དང་ལྡན་པ་དང་། དཀྱིལ་འཁོར་གྱི་གནས ་དང་། སྨན་དང་། དངུལ་ཆུ་དང་། བཅུད་ལེན་དང་། གྲུབ་པའི་རྫས་དང་། ཉེ་བར་སྤྱོད་པ་དང་། གཏོར་མ་དང་། བུམ་པ་གང་བ་སྟེ། དེ་རྣམས་ཀྱིས་གནས་རྣམས་ཐིག་གིས ་གདབ་པར་བྱའོ།། དེ་ནས་དཀྱིལ་འཁོར་གྱི་དབུ་སུ་སངས་རྒྱས་བཅོམ་ལྡན་འདས་བཞག་པར་བྱའོ།། དེའི་གཡས་སུ་ལག་ན་རྡོ་རྗེའོ།། དེ་དང་ཉེ་བར་ཁྲོ་བ་རྡོ་རྗེ་ས་འོག་ལག ་པར་རྡོ་རྗེ་དང་དགྲ་སྟ་ཅན་བཞག་པར་བྱའོ།། བཅོམ་ལྡན་འདས་ཀྱི་གཡོན་གྱི་དྲུང་དུ། བྱང་ཆུབ་སེམས་དཔའ་དྲི་མ་མེད་པའི་བློ་གྲོས་རྔ་ཡབ་འཛིན་པ་བཞག་པར་བྱའོ།། དེ་ནས ་རྡོ་རྗེ་འཛིན་པའི་འོག་ཏུ་ཆུང་མ་དང་བཅས་པའི་དབང་ཕྱུག་གི་མདུན་དུ་ཁྱུ་མཆོག་དང་ལྡན་པ་བཞག་པར་བྱའོ།། དེ་ནས་ཤར་གྱི་སྒོར་འབར་མ་དང་པོ་ལ། སྨན་ཐམས་ཅད་དང་།། ་དངུལ་ཆུ་དང་། བཅུད་ལེན་དང་། རྒྱན་དང་། གཞོན་ནུ་མ་ལ་སོགས་པ་བཞག་པར་བྱའོ།། དེ་ནས་ལྷའི་སྒོར་ལྷ་མ་ཡིན་བརྒྱད་བཞག་པར་བྱ་སྟེ། སྟོབས་ཅན་གྱི་བུ་དང་། བདེ་མཆོག ་ཅན་དང་། ་དང་། གཞན་ལེན་དང་། དུས་ཀྱི་བུ་ཁྱུད་དང་། ཐགས་བཟངས་རིས་དང་། རབ་སེམས་དང་། དབྱིག་ཟའོ།། དེ་ནས་ནུབ་ཀྱི་སྒོར་འཁྲུལ་འཁོར་སྟོང་སུམ་བཅུ་བཞག་པར་བྱ་སྟེ།། ་དེ་ལ་འཁྲུལ་འཁོར་བརྒྱད་རྣམས་པ་དང་བཅས་པའི་བྲིའོ།། སྲད་བུ་དང་། གྲི་གུག་དང་། བུད་མེད་དང་། སེང་གེ་དང་། ལུག་དང་། མདའ་དང་བཅས་པའི་གཞུ་དང་། ཆུ་རྒྱུན་དང ་སྦྱིན་དང་། གཉིད་ཀྱི་འཁོར་རྣམས།། དེ་ནས་བྱང་གི་སྒོའི་འབར་མར་བུ་ག་བརྒྱད་རྣམ་པ་དང་བཅས་པ་བྲི་བར་བྱ་སྟེ། ལུ་གི་གདོང་དང་། ཆུ་སྲིན་གྱི་གདོང་དང་། གླང་པོ་ཆེའི ་གདོང་དང་། ལྟོ་བྱེའི་གདོང་དང་། བྱི་བའི་དངོང་དང་། སྐྱེས་བུའི་གདོད་དང་། དཀྱིལ་འཁོར་རྣམས་པ་དང་། མ་བྱས་པའི་གདོས་གི་རྣམ་པ་རྣམསོ།། དེ་ནས་འཚམས་རྡོ་རྗེས་བྱིན ་གྱིས་བརླབས་པའི་འོག་ཏུ་སྒོ་བྲལ་བཞི་བཞག་པར་བྱའོ།། མེའི་འཚམ་སུ་མེའི་ཐབ་ཁུང་ངོ་།། རླུང་དུ་ཆུའི་ཐབས་ཁུང་ངོ་།། བདེན་བྲལ་དུ་གདུག་སྤོས་ཀྱི་ཐབས་ཁུང་པོ།། དབང ་ལྡན་དུ་སྦྲུལ་གྱི་རྣམ་པ་བཞག་པར་བྱའོ།། དེ་ནས་དེ་རྣམས་སྤྱན་དྲངས་ལ། རྡོ་རྗེ་ཁྲོ་བོ་འབེབས་པ་ཆེན་པོས་བྱིན་གྱིས་བརླབ་པར་བྱའོ།། བུམ་པ་རྩ་བ་ནག་པ་མེད་པ་བཞི་ལྡན ་བ་ལྔ་དང་། སྨན་ལྔ་དང་། རིན་པོ་ཆེ་ལྔ་དང་ལྡན་པ་ལ། རས་ཕྲ་བ། སྐུ་མེད་པས་མགུལ་བ་བཅིངས་ཏེ། འཚམས་བཞི་པོ་རྣམས་སུ་རྡོ་རྗེ་བྱིན་གྱིས་བརླབས་པ་ལ། ཡུངས ་དཀར་གྱིས་བྱིན་གྱིས་བརླབས་ཏེ་བཞག་པར་བྱའོ།། དེ་ནས་རྡོ་རྗེའི་ཆུ་དང་། ཕྱག་རྒྱས་བྱིན་གྱིས་བརླབས་པའི་མེ་ཏོག་དང་། མར་མེ་དང་། དྲི་དང་། ལྷ་ཤོས་ལོ་སོགས་པ ་འདུག་པ་དང་། ་དབུལ་བར་བྱའོ།། དེ་ནས་སྣ་ཚོགས་པའི་རོ་དང་། འབྲས་བུ་དང་། འབྲས་ཀྱི་རྒྱལ་པོ་འབྲས་བུ་དང་ལེགས་པར་སྦྱར་བ། ཆང་དང་ཤ་མད། ་མེད་པའི་ལྷ་བཤོས་དང་། གཏོར་མ་ཡིད་དུ་འོང་བ་དམ་པ་བརྒྱ་ཆེན་པོས་འབྱུང་པོ་ཐམས་ཅད་ལ་ཕྱོགས་དང་འཕྱོགས་འཚམས་རྣམས་སུ་བྱིན་ལ་ཉེ་རེག་བྱའོ།། ཆོ་ག་བཞིན ་དུ་ཕྱག་རྒྱ་དང་དཀྱིལ་འཁོར་གྱི་བྱ་བ་བྱས་ལ། ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ་པ་རྡོ་རྗེས་འོག་རྗེསུ་དྲན་པས་བཟླས་པར་བྱའོ།། སྐྱེས་བུ་དཔའ་བོས་བྱིན་གྱིས་བརླབས་པའི ་དོན་གྱིས་ཕྱིར། ལྷ་མ་ཡིན་གྱི་ཕྱག་རྒྱའི་འོག་ཏུ་སོན་པར་རྐང་འཐིལ་ནས་སྤྱི་གཙུག་གི་བར་དུ་ཆོ་གས་བྱིན་གྱིས་བརླབས་པོ། ཇི་ལྟར་མི་འབབ་ན། དེ་ནས་དྲི་བཟང་པོ་དང་། ་བདུག་སྤོས་ཀྱིས་བདུགས་ལ། རས་དཀར་པོ་བྲ་བས་གདོང་གཡོས་ཏེ། ལག་པ་རྡོ་རྗེ་ཐལ་མོའི་ཕྱག་རྒྱ་བཅས་ལ་ལས་ཀྱི་གྲུ་ལ་ལག་པ་གཉིས་བཞག་སྟེ་ཡོན་ཕུལ། རྣ་བ་དམ ་ཚིག་གིས་བྱིན་གྱིས་བརླབས་པས་སངས་རྒྱས་དང་། ཆོས་དང་། དགེ་འདུན་དང་། བྱང་ཆུབ་སེམས་དཔའི་རིགས་རྣམས་ཀྱིས་དམ་ཚིག་ཕྱེ་བ་རྣམས་དང་། དམ་ཚིག་མཚུང ་བར་འགྱུརརོ། འདི་ལྟ་བུའི་དམ་ཚིག་ཐོས་ནས་མེ་ཏོགདོར་བར་བྱའོ།། གང་གི་སྟེང་དུ་ལྷུང་བ་དེའི་ལྷའི་རིགས་སོ།། ཐོག་མར་ཕྱག་རྒྱ་བཅིངས་པས་བྱིན་གྱིས་བརླབས ་ནས་དེ་ལ་ཡོན་འབུལ་བར་བྱའོ།། དེ་ནས་རྡོ་རྗེ་ཞགས་པའི་ཕྱག་རྒྱས་དཀྱིལ་འཁོར་སྡུས་ཏེ། ཆོ་ག་བཞིན་དུ་ཕྱག་རྒྱ་དང་། སྔགས་ལྷ་རྣམས་གཤེགས་སུ་གསོལ་བར་བྱའོ།། ་དེ་ནས་དཀྱིལ་འཁོར་མཐོང་ནས་དམ་ཚིག་དམ་པས་བྱིན་གྱིས་བརླབས་པ་དང་། གསང་སྔགས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་དང་། ལེགས་པར་བགྲོད་པ་དངོས ་གྲུབ་ཐོབ་པ་དང་། བདུལ་རྣམས་ལ་རབ་ཏུ་སྦྱོ་རཱ་དང་། རྒྱུད་རྣམས་ཀྱི་འགོགས་པ་དང་། སྨོན་པ་དང་། བྱེད་པ་དང་། བསྐྱོད་པ་དང་། བུར་བསྣན་པ་དང་། འབྱེད་པ་དང་། ་རྒྱུད་ཐམས་ཅད་ཀྱི་དོན་ཐོབ་པ་དང་། སྒྲོགས་པ་དང་། དཔྱོད་པ་དང་། ཟློས་པ་དང་། བསྒོམ་པ་དང་། རྣལ་འབྱོར་དུ་བྱེད་པ་དང་། གདུག་པ་ཐམས་ཅད་ལ་དྲག་ཤུལ་སྤྲོད་པ ་དང་། གཞོན་ནུ་མ་རྣམས་དང་། འཁྲུལ་འཁོར་རྣམས་འབྱེད་པ་དང་། གཅོད་པ་དང་། བསྒྲུབ་པ་དང་། རྣམ་པ་ཐམས་ཅདདུ་དོན་ཐ~ཾད་གྲུབ་པ་རྙེད་པ་འདི་བཅོམ་ལྡན ་འདས་རྡོ་རྗེ་འཛིན་པས་བཀའ་བསྩལ་ཏོ།། འཕགས་པ་རྡོ་རྗེས་འོག་གི་རྒྱུད་ལས་གྲུབ་པའི་དཀྱིལ་འཁོར་གྱི་བྱ་བ་འོག་གི་རྡོ་རྗེ་དཔའོ་གཅིག་པའི་ལེའུ་སྟེ་བཅུ་དག་པའོ། ་དེ་ནས་གཞན་ཡང་ལས་རྒྱས་པའི་རིམ་པར་བྱེ་བ་ནི་རྡོ་རྗེས་བསྣུན་པའི་ཤིང་ལས་རྡོ་རྗེ་བྱས་ལ་འབུམ་ཕྲག་གསུམ་བཟླ་བར་བྱའོ།། དེ་ནས་ཟླ་བ་ཉེ་བ་ལ་མཆོད་པ་བྱ་སྟེ།། ་ལག་མཐིལ་དུ་བཟུང་ཇི་སྲིད་ཅི་ཊིརྠི་ཊི་ཞེས་སྒྲོགས་ཀྱི་བར་དུ་བཟླ་བར་བྱའོ།། དེ་ནས་འགྲུབ་པར་འགྱུར་རོ།། འཁྲུལ་འཁོར་ཐམས་ཅད་འཇོམས་པར་འགྱུར་རོ།། བསྲེག ་བར་འགྱུར་རོ།། དེ་ནས་བུད་མེད་རྣམས་མཆོད་ཡོན་བཟུང་ནས་འོང་བར་འགྱུར་རོ།། དེ་ནས་འཁྲུལ་འཁོར་མེད་པར་འཇུག་པར་བྱེད་དོ།། གང་འདོད་པའི་རྫས་དེ་ལ ་སྟེར་རོ།། བཅོམ་ལྡན་འདས་ལྷའི་ལྷ་ཡིས་ཕྱག་བྱས་ཤིང་མཆོད་པ་རིག་པའི་རྒྱལ་པོ་ཆེན་པོའི་བདག་པོ་དཔལ་དང་ལྡན་པའི་ཁྲོ་བོའི ་རྒྱལ་པོ་འདི་མ་བསྒྲུབས་ཀྱང་ལས་རྣམས་བྱེད་པར་འགྱུར་རོ།། ལྷ་མ་ཡིན་གྱི་བུ་མོ་ལ་དམིགས་ཏེ། བུ་གའི་སྒོར་སྟོང་ཕྲག་བརྒྱ་བཟླས་པར་བྱའོ།། ལྷ་མ་ཡིན་གྱི་བུ་མོ ་བསྐྱོད་པར་འགྱུརརོ།། ནད་མི་བཟད་པས་བཟུང་ནས་སྟོང་ཕྲག་བརྒྱ་པོ་ཡོངས་རྫོགས་པར་འོང་བར་འགྱུར། གལ་ཧེ་མ་འོདོན་དག་དང་བསྲེས་པ་ལ་ཡུངས་ཀར་སྐྱ་བོས ་སྦར་བའི་བསྲེག་བླུག་སྟོང་ཕྲག་བརྒྱད་སེང་ལྡེང་སོལ་བ་ལ་བྱའོ།། འོང་བར་འགྱུར་རོ།། གལ་ཧེ་མི་འོང་ན་ཀ་ར་བིའི་མེ་ཏོག་དམར་པོས་བསྲེག་བླུགས་སྟོང་བྲག་བརྒྱད ་བྱའོ།། དེ་ནས་རྡོ་རྗེས་བསྣུན་པས་ཅི་ནས་ཀྱང་འོང་བར་འགྱུར་རོ།། དེ་ནས་སྐྱེས་བུ་དཔའ་བོའི་ལག་པ་ནས་བཟུང་ནས་འཇུག་པར་བྱེད་དོ།། རྡོ་རྗེ་ལག་པར་བཅངས་ལ་འཇུག ་བར་བྱའོ།། ཡང་ན་རྡོ་རྗེས་བསྣུན་པའི་ཤིང་ལ་འཁོར་ལོ་བྱས་ལ་དུར་ཁྲོད་དུ་ནི་མ་པའི་སོལ་བ་ལ་ཚ་བའི་མར་ཁུ་དང་བསྲེག་ཏེ། སྭཱ་ཧཱའི་ཡི་གེ་དང་ལྡན་པས་སྟོང་ཕྲག ་བརྒྱད་བསྲེག་བླུགས་བྱའོ།། དེ་ཉིད་དུ་འགྲུབ་བར་འགྱུརརོ།། དུག་དང་། ཁྲག་དང་། ཡུངས་ཀར་སྐྱ་བོ་བསྲེག་ཏེ། སྟོང་ཕྲག་བརྒྱད་བསྲེགས་ལུགས་བྱས་པས་བུ་གའི ་སྒོ་འབྱེད་པར་འགྱུརརོ། དེ་ནས་བུ་གའི་སྒོར་བགླང་གི་ལྕི་བས་དཀྱིལ་འཁོར་ཞི་བར་བྱུག་པ་སྟོང་དུ་དྲིས་བྱུགས་ཏེ། དེ་ནས་རྡོ་རྗེ་དེས་དེའི་སྟེང་དུ་རྡོ་རྗེ་བྲི་བར་བྱའོ།། དེ་ནས་རྡོ། ་རྗེ་དེ་ལག་པ་གཡས་པར་བཟུང་ལ་ཡུངས་ཀར་ལ་ཅུང་ཟད་ཅིག་སྔགས་ཏེ། སྟོང་ཕྲག་བརྒྱད་བསྲེག་བླུགས་བྱའོ།། ཅི་བདེ་བར་རྫས་བཟུང་ནས་འོངས་པར་འགྱུར་རོ།། དེ ་བཟུང་བར་བྱའོ།། གལ་ཏེ་མི་འདོད་ན་དེ་རྣམ་དང་ལྷན་ཅིག་ཏུ་འཇུག་པར་བྱའོ།། ཡང་ན་གཏེར་འདོན་པར་འདོད་པར་ལྕགས་ལས་པའི་ཕུར་བུ་བཞི་ལ་ལན་ཉི་ཤ་རྩ་གཅིག ་བཟླས་ཏེ། ཕྱོགས་བཞིར་བཏབ་ལ་གསང་སྡུག་བཟླས་པར་བྱའོ།། དེ་ནས་དེར་གཏེར་འབྱུང་བར་འགྱུརརོ། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་པ་བཀའ་བསྩལ་ཏོ། ་ན་མོ་ར་ད་ན་ཏྲ་ཡ་ཡཱ། ན་ས་ཤྩ་ཎ་ཌ་བཛྲ་བཱ་ན་ཡེ། མ་ཧ་ཡཀྵ་སེ་ན་བཱ་ཏ་ཡེ། ཨོཾ་བཛྲ་བཛྲི་ཎི། བཛྲོད་ཏ་རེ། བཛྲ་བི་ཛ་ཡེ། བཛྲ་པ་རི་ཛི་ཏི། བཛྲ་བ་ཏྲ་ལི་ནི། ཧཱུཾ་ཕཊ་ཧཱུཾ་ཕཊ ་སྭཱ་ཧཱ།། །། རྡོ་རྗེ་བསྣུན་པའི་ཤིང་ལ་སོར་བརྒྱད་པའི་རྡོ་རྗེ་ཙེ་གཅིག་བྱས་ཏེ། ཅན་དན་དམར་པོ་ལས་བྱིས་པའི་རྡོ་རྗེའི་རྣམ་པ་སོར་བཅུ་དྲུག་པའི་སྟན་བྱས་ལ་དེའི་སྟེང ་དུ་རྡོ་རྗེ་བཞག་ལ་གསོ་སྦྱོང་དང་ལྡན་པས་ཐམས་ཅད་ལ་ཅན་དན་གྱི་རང་བཞིན་དུ་བྱས་ཏེ། དཔལ་གྱི་སྒོར་བཞག་པར་བྱའོ།། ལོ་མ་དང་། ནས་ཟན་དང་། སློང་བ་ཟ་ཞིང ་འབུམ་ཕྲག་གསུམ་བཟླས་པར་བྱའོ།། དེ་ནས་འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུརརོ།། དེ་རྣམས་རང་ཉིད་འོངས་ནས་འཇུག་པར་བྱེད། གལ་ཏེ་དེ་རྣམས་མ་འོངས ་ནལན་གཞན་ཡང་བཤད་པར་བྱ་སྟེ། ཡུངས་ཀར་སྐྱ་བོ་དང་། དུག་དང་། ཁྲག་སྲེས་པས་སྟོང་ཟག་བརྒྱད་བཟུང་ལ་རེ་རེ་ལ་ཡོངསུ་བཟླས་ཏེ། རྡོ་རྗེ་ལ་བསྣུན་པས་དེ་ནས ་འོངས་ཏེ། ལག་ནས་བཟུང་ནས་འཇུག་པར་བྱེད་དོ།། སྐྱེས་བུ་དཔའ་བོས་ལས་སུ་གྱུར་པ་གཞན་ཡང་དུག་དང་ཁྲག་བསྲེས་པས་སྟོང ་ཕྲག་བརྒྱད་བསྲེག་བླུགས་བྱས་པས་དེ་ནས་འོང་བར་འགྱུ་རོ། རྡོ་རྗེ་བཟུང་ལ་འཇུག་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་བསྩལ་ཏོ།། དེ་ནས་ལ་གཞན་ཡང ་བཤད་པར་བྱ་སྟེ། ལོ་ལ་སོགས་པ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ལ་མི་སྨྲ་བའི་བརྟུལ་ཞུགས་ཀྱིས་འབུམ་བཟླས་པར་བྱའོ།། དེ་ནས་རྡོ་རྗེས་བསྣུན་པའི་ཤིང་ལ་ཐེ་བོ་ཙམ་གྱི ་རྡོ་རྗེ་ཆ་ཤས་བཅུ་དྲུག་བརྩེ་མོ་གསུམ་བྱས་ཏེ། ཙན་དན་དམར་པོའི་ཁྲི་ལ་རྡོ་རྗེ་དེ་བཞག་པར་བྱའོ།། མེ་ཏོག་དམར་པོ་དང་། དྲི་ལ་སོགས་པ་རྣམས་ཀྱིས་མཆོད་དེ། གཏོར་མ ་བྱིན་ལ་ཉིན་མཚན་དུ་གསོ་སྦྱོང་དང་ལྡན་པས་ཀ་ར་བི་རིའི་མེ་ཏོག་གིས་རྡོ་རྗེ་ལ་བརྒྱད་བརྒྱར་བསྣུན་པར་བྱའོ།། དེ་ནས་རྣམ་པ་གསུམ་འགྲུབ་པར་འགྱུརརོ།། རྡོ་རྗེ་ལ་རྩི་ཊི་ཅི ་ཟི་འབྱུང་བ་དང་བུ་གར་དུ་བའི་སྡོང་དུ་འབྲང་བ་དང་། གཞོན་ནུ་མ་རྣམས་འོངས་པར་འགྱུར་རོ།། གང་གིས་ཆེ་ཞུགས་ཤིང་ཅེས་སྨྲས་ན། དེ་ནས་འཇུག་པའི་དུས་སུ་ཉིན་མཚན ་དུ་གསོ་བྱུང་ལ་གནས་པས་ལྟས་བརྟགས་པར་བྱའོ།། གང་གིས་ཚེ་རྡོ་རྗེ་ལ་ཅི་ཊི་ཙི་ཊི་ཞེས་སྒྲོགས་ན་འཁྲུལ་འཁོར་ཐམས་ཅད་འབྱེད་པ་ཡིན་ནོ།། གང་གི་ཚེ་དུ་བ་འབྱུང ་ངར་མངོན་ན་དེ་ནས་འཁྲུལ་འཁོར་ཐམས་ཅད་འཇིག་པ་ཡིན་ནོ།། དེ་ནས་རང་གི་འང་བ་བཞིན་དུ་འཇུག་པར་བྱའོ།། གང་འདོད་པའི་རྫས་དེས་སྟེར་བར་འགྱུརརོ།། གལ་ཏེ་མི ་འདོད་ན་བུ་གའི་སྒོ་དེ་ཉིད་དུ་ཨརྒའི་ཡང་ཤིང་ངན། སེང་ལྡེང་གི་ཡི་ཤིང་ལ་མེ་རབ་ཏུ་སྦར་ཏེ། ཡུངས་ཀར་སྐྱ་བོ་རྣམས་དང་རང་གི་ཁྲག་བསྲེས་ལ་སྟོང་ཕྲག་བརྒྱད ་བསྲེས་ཐུགས་བྱའོ།། དེ་ནས་གཞོན་ནུ་མ་རྣམ་རྣམས་འོངས་། འོངས་ནས་ཀྱང་ལག་ནས་བརྡུང་ཏེ་འཇུག་པར་བྱེདདོ།། ཇི་ལྟར་འདོད་པའི་རྫས་རྣམས་སྟེར་རོ།། ག ་དུན་དྲང་ཟེད་དེ་རྣམས་འཆི་བར་འགྱུ་རོ། ཚོན་སྣ་ལྔའི་སྲེས་བུས་དཀྱིལ་འཁོར་གདབ་པར་བྱའོ།། རྡོ་རྗེ་ས་འོག་གིས་རྒྱུད་ལས་རྒྱས་པའི་ལེའུ་སྟེ་ཉི་ཤུ་པའོ།། ་དེ་ནས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དེས་འོག་ཆེན་པོའི་ཆོ་གར་གྱུར་པ་ནི་གཞོན་ནུ་མས་བཀལ་བའི་སྲང་བུ་ལས་བ་གྲང་གི་གཅིན་གྱིས་བཀྲུས་ཏེ། གསོ་སྦྱོང་དང་ལྡན ་བའི་ཐགས་མཁན་གྱིས་ནག་པོའི་ཕྱོགས་ཀྱི་བཅུ་བཞི་པའམ། བརྒྱད་པར་འམ། ཡང་ན་ཀ་ལ་རྣམ་པར་བྲལ་བའི་ཕྱོགསུ་དེ་བཞིན་གཤེགས་པ་ལ་གསོལ་བ་བཏབ་ཏེ། དྲི་དང ་མེ་ཏོག་དང་། བདུག་པ་ལགས་པ་རྣམས་ཀྱིས་མཆོད་ལ། རྒྱ་ཆེན་པོའི་གཏོར་མ་དང་། བདེ་བར་གཤེགས་པའི་ཐོ་གང་ལས་ལྷག་པ་ཇི་ཙམ་འདོད་པའི་ཚད་ཀྱིས ་བྲིས་སྐྲ་འཚམས་པར་བྱས་ལ། དེ་ལ་རིན་ཆེན་དང་། སྨན་དང་། འབྲུས་བྱིན་གྱིས་བརླབས་པའི་བུམ་པས་མཆོད་ཡོན་སྦྲེངས་ལ་གཏོར་མ་དང་ལྷ་བཤོས་རྒྱ་ཆེན་པོ་བྱས ་། ཇི་ལྟར་འབྱོར་པའི་དགེ་སློང་ལ་གྱ་ནོམ་པའི་བྱས་ཚིམས་པར་བྱས་ནས། ཇི་ལྟར་འདོད་པའི་དངོས་གྲུབ་ཏུ་སྨོན་ཏེ། ཡན་ལག་བརྒྱང་བའི་གསོ་སྦྱོང་དང་ལྡན ་ལྟ་བཤོས་བྱས་ཏེ། ་བའི་རི་བོ་མཁན་ལ་བསྲུང་བ་བྱས་ལ་དཔའ་ངོས་རིན་ཐང་ངེས་པར་མི་བཟུང་བར་ཡོན་བྱིན་ཏེ། ཁ་དོག་མ་འདྲེས་པས ་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་དཔའ་བོ་གཅིག་པ་རྡོ་རྗེ་ས་འོག་ཆེན་པོ་བྲི་བར་བྱའོ།། དྭེ་དུ་རྱ་སྡོང་པོ་དང་། སྤྲིན་ཆེན་པོ་འདྲ་བ། སྦྲུལ་གྱིས་མཆོད་བྱིར་ཐོགས་འཆང་བ། ་ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་སྐ་རགས་བྱས་པ། དགའ་བོ་དང་སྟོབས་ཀྱི་རྒྱུས་རྣ་བརྒྱན་པ། ཨ་ཤི་བི་ཤས་ལག་པ་དང་རྐང་པ་བརྒྱན་པོ། སྟག་གི་ལྤགས་པའི་ཤམ་ཐངས ་ཅན། སྤྱན་གསུམ་པ་འཇིགས་བྱེད་ཆེན་པོ་ཊ་ཊས་བཤད་པ། མཆེ་བ་བརྩིགས་ཤིང་འབར་བས་འཁྲུགས་པ། ཐམས་ཅད་རབ་ཏུ་འབར་བའི་འོད་ཀྱི་ཚོགས་ཅན། ་ཕྱག་བཞི་པ། ཕྱག་གཡས་པར་འོད་ཟེར་ཆེན་པོའི་དཀྱིལ་འཁོར་ཅན་གྱི་རྡོ་རྗེ་གསུམ་པའོ།། གཞན་པར་ཆུ་སྲིན་གྱི་གདོང་གི་རྣམ་པའི་ལྗགས་རྒྱུའི་སོར་མོས་མེ་ཏོག་གི ་སྡོང་དུ་ལྟར་འགུགས་པའོ།། གཡོན་པར་ལྟོ་འཕྱེ་ཆེན་པོ་བསྐྱིལ་བའི་ཞགས་པའོ།། གཉིས་པའི་འོག་ཏུ་སོན་པར་བགེགས་རྣམས་དང་། ལྷ་མ་ཡིན་རྣམས་དང་།། ་ཀླུ་དང་། གནོད་སྦྱིན་ལ་སོགས་པ་རྣམས་སྡིགས་པའོ།། འོག་ཏུ་རྒྱ་མཚོ་ཆེན་པོ་བྲི་བར་བྱའོ།། དེའི་དབུས་སུ་རི་བོ་ཆེན་པོའི་སྟེང་དུ་བད་མ་ཆེན་པོ་ལ་བཞུགས་པ་ནི ་བཅོམ་ལྡན་འདས་སོ།། རྒྱ་མཚོ་ཆེན་པོའི་དེའི་ནང་དུ་ལུས་བྱེད་ནུབ་པའི་འོག་ཏུ་བལྟ་བའི་ལྷ་མ་ཡིན་ཆེན་པོ་བརྒྱད་བྲི་བར་བྱའོ།། བཅོམ་ལྡན་འདས་ཀྱི་སྟེང་དུ་འོད་ཀྱི ་དཀྱིལ་འཁོར་གྱི་དྲུང་དུ་པད་མའི་གདན་ལ་བཞུགས་པ་དང་། ཁྲོ་བོ་གདན་ལ་བཞུགས་པའི་སྟེང་དུ་ཕྱག་བརྐྱང་ནས་ཁྲོ་བོ་ཆེན་པོ་དབུགས་འབྱིན་པར་མཛད་པ་དེ་བཞིན ་གཤེགས་པའི་སྐུ་འོད་དཔག་ཏུ་མེད་པ་དང་། མི་བསྐྱོད་པ་དག་བྲི་བར་བྱའོ།། དེ་ལྟ་བུའི་བྲིས་སྐུ་ཡོངསུ་རྫོགས་པ་དང་། རིག་པ་འཛིན་པ་གཅིག་པུས་མི་སྨྲ་བ་དང་། ་གྲོགས་བཟང་པོ་དང་བཅས་ཏེ། རི་བོ་འམ། སྒྲ་མེད་པའི་བུག་རྙིང་པ་འམ། ཤིང་གཅིག་པའི་གནས་ཇི་ལྟར་རྙེད་པར་ལོ་མ་དང་། འབྲས་བུ་དང་། འོ་མ་དང་། ་སློང་བ་ཟ་ཞིང་སྡིག་པ་བཤགས་ལ་བསོད་ནམས་ལ་རྗེས་ཡིད་རང་བ་དང་། ཚེས་ལ་དགའ་བྲིས་སྐ་རབ་ཏུ་གནས་པ་བྱ་སྟེ། འབུམ་ཐག་བཅུ་བཟླའོ།། ཆོ་ག་འདི་ཧཱུཾ ་ཞེས་བརྗོད་པས་རི་རབ་ཀྱང་བྱེ་མར་བརློབ་ཅིང་རྒྱ་མཚོ་ཆེན་ཡང་སྐེམས་སོ།། ལྷའི་གནས་རྣམས་ལྡང་བར་བྱེད་དོ།། དེ་ལྟ་བུམ་སྔོན་དུ་བསྙེན་པ་བྱས་ཏེ། དཔལ་གྱི ་གོར་བྲིས་སྐུ་བཞག་པ་སྟོང་ཟག་བཅུ་བཟླའོ།། གང་དེའི་གེ་བར་གནས་པ་རྣམས་དེར་འོང་ངོ་།། ཐམས་ཅད་ལ་བཀའ་བ་སྒོ་ངར་བྱ། དངུལ་ཆུ་དང་བཅུད་ལེན་དང་།། ་མིག་སྨན་དང་། གྲུབ་པའི་རྫས་ལ་སོགས་པ་སྟེར་རོ།། སྒོ་འབྱེད་པར་འགྱུརརོ།། སྤྲིན་ཐམས་ཅད་ཀྱིས་གོས་པར་མི་འགྱུརརོ།། སྒྲ་མེད་པར་བྱེད་བྱེད། ཆུ་དྲན ་སྐེམས་པར་འགྱུརརོ།། འཁྲུལ་འཁོར་ཐམས་ཅད་ལྟུང་བར་འགྱུར་རོ།། སྡིག་པ་ཐམས་ཅད་བྲལ་བར་འགྱུརརོ།། མར་དང་འདྲས་ཡོས་ཀྱིས་སྦྱིན་བསྲེག་གིས་ཞི་བར ་བྱེད་དོ།། མར་དང་འོ་མའི་སྦྱིན་བསྲེག་གིས་སྟོབས་འཕེལ་བར་བྱེད།། མར་དང་ཏན་དུ་ལེའི་སྤྲིན་བསྲེག་གིས་ནད་ཆེན་བ་ཞི་པར ་བྱེད་དོ།། དུག་དང་ཁྲག་གི་སྦྱིན་བསྲེག་གིས་ལོག་པར་འདྲེན་པ་རྣམ་པ་རྣམས་བསོད་པར་བྱེད་དོ།། ནིམ་པའི་ལོ་མའི་སྤྲིན་བསྲེག་གིས་སྐོང་བར་བྱེད་དོ།། བྱི ་བའི་སྤུ་དང་རང་གིས་ཁྲག་བསྲེག་པའི་སྦྱིན་བསྲེག་གིས་ལྷ་མ་ཡིན་ཆེན་པོའི་བུ་མོ་འགུགས་པར་བྱེད།། སྒྲེ་མོའི་སྤུའི་སྤྲིན་སྲེག་གིས་ཀླུ་རྣམས་འགུགས་པར ་བྱེད།། འདི་ཆོ་གས་རྟོགས་པ་གཞན་དུ་བཤད་པ་ཐམས་ཅད་ཀྱང་འགྲུབ་པར་འགྱུར་རོ།། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ་བསྩལ་ཏེ། འབག ་བ་རྡོ་རྗེ་ས་འོག་གི་རྒྱུད་ལས་བསྒྲུབ་པར་བྱེད་པའི་ལེའུ་སྟེ་ཉི་ཤུ་གཅིག་པའོ།། །། དེ་ནས་འཁྲུལ་འཁོར་འཇོམས་པར་བྱེད་པ་རྒྱལ་བའི་རིམ ་པར་བྱེ་བར་འགྱུར་བ་ནི། སེང་གེ་དང་། སྟག་དང་། གླང་པོའི་དབང་པོ་དང་། རྟ་དང་། ཁྱུ་མཆོག་དང་། ལུག་དང་། བ་སེ་རུ་དང་། དོམ་དང་། སྤྲེའུ་དང་། མཧེ ་རི་དགས་ཏེ་འཁྲུལ་འཁོར་བཅུ་གཅིག་སྤྲུལ་པ་ལེགས་པར་བྱིངས་པས། ས་འོག་གི་སྒོ་གཏན་གྱི་འཁྲུལ་འཁོར་བསྡམས་པ་ལ་ཁུ་ཚུར་འཕྱར་ངས་བསྣུན་པར་བྱའོ།། ་རྡོ་རྗེས་བསྣུན་པ་ལྷར་འཇིག་པར་འགྱུརརོ།། འུག་པ་བྱ་རོག་དང་། ཁྭ་དང་པོ་མ་བརྒྱང་བ་དང་། མཁའ་ལྡིང་བཞད་དང་གཙུག་ཕུད་ཅན། འཁོར་འདི་དག་རང ་གྲགས་པ། ས་ཆེན་པོ་ལ་སྡིགས་པ་ཡིས། ཐེ་ཚོམ་མེད་པར་བསྣུན་པར་བྱ། རལ་གྲི་མུ་པ་ཏཎ་ཌི་སྒོ་གླེགས། འཁོར་ལོའི་སྤྲུལ་དང་དབྱུག་གུ་དང་། ་སྐྱེ་དུ་གཞུ་ཡི་ལག་པ་དང་། སྤུ་གྲི་ཞགས་པ་འཛིན་པ་ལ། མདའ་ཚེ་ནི་བློ་གྲོས་ལྡན་པས་བསྣུན། རླུང་གི་འཁྲུལ་འཁོར་མེ་འཁྲུལ་འཁོར། བཀྲེས་དང ་གཉིས་དང་འདར་བ་དང་། མགོ་ནོད་དང་ནི་མིག་ནད་པ། འཁོར་ལོའི་གུར་གྱིས་བསྣུན་པར་བྱ། བཞི་པའི་འོད་ལི་ཆུ་བོའི་རྒྱུན། དུག་གི་རླུང་དང་མུན་ནག་དང་། ་ཆུ་སྲིན་དུ་སཱལ་བྱི་བ་དང་། སྦལ་པ་སྡིག་པ་དེ་བཞིན་དུ། ཀ་ཀ་རུ་ཡིས་གཅོད་པ་དང་། རྫ་རྔ་བརྡུང་བའི་སྐྱེས་བུ་ཡིས། རྡོ་རྗེ་ཇིགས་པས་བསྣམས་པར་བྱ། ་གར་གྱི་སྦྱོར་བའི་ཉིད་ཀྱིས་གཞན་ཡང་འཁྲུལ་འཁོར་དུ་མ་ནི། རླུང་དང་མེ་རུ་རམ་གྲགས་པ། ས་དང་ཆུ་ཡིས་ཟུག་རྔ་དང་། ན་མཁའ་དུག་དང་ལྷན་ཅིག་པ། ་ཐམས་ཅད་རྐང་འོག་རྡོ་རྗེ་ཡིས། གར་གྱི་སྦྱོར་བས་བསྣུན་པར་བྱ།། རྡོ་རྗེ་སྡིགས་པའི་སྦྱོར་བ་ཡིས། རྡོ་རྗེ་ཁུ་ཚུར་གྱིས་ནི་བསྣུན། བསྣུན་པས་འཁྲུལ ་འཁོར་ཐམས་ཅད་ནི། གདོན་མི་ཟ་བར་ལྟུང་བར་འགྱུར། ཉི་མ་དང་ནི་རྡོར་འཛིན་ཡང་། དཔལ་ལྡན་གྱིས་བསྣུན་གཡོ་འགྱུར་ན། བལ་བའི་འཁྲུལ་འཁོར ་སྨོད་ཅི་དགོས། ལྷ་མིན་བུ་མོ་རྙེད་དཀའ་མིན། རལ་གྲི་འཁོར་ལོ་དབྱུག་གུ་སོགས། འ་རོ་ཡི་ཛ་ག་ར་དང་། རགསང་འཛིན་ཡང་། དཔལ་ལྡན་གྱིས ་བསྣུན་གཡོ་འགྱུར་ན། ཕལ་པའི་འཁྲུལ་འཁོར་སྤོད་ཅི་དགོས། ལཱ་མིན་བུ་མོ་རྙེད་དཀའ་མིན། རལ་གྲི་འཁོར་ལོ་དདབྱུག་གུ་སོགས ་འདོ་ལི་ཨ་ཛ་ག་ར་དང་། གསང་བའི་མཚམས་ཀྱི་སྒོ་གྲགས་དང་། བུང་བའི་ཕྲེང་བ་དེ་བཞིན་དུ། དྲག་པོའི་སྒོ་དང་གང་རྒྱད་ཆེ། ཚར་གཅོད་པ་རུ་གང་གྱུར་པ། ཕྱི ་རོལ་དུ་ནི་ཆོག་དེས། ཇི་ལྟར་འཇོམས་པ་དེ་བཞིན་བསྣུན། ཁྲོས་པས་ཆེ་བས་མཆུ་ནན་ཏེ། ས་འོག་འཟླས་དྲ་བོར་བྱ། ཁྲོན་པར་འཇུག་པའི་འཁྲུལ་འཁོར་བཤད།། ་དཔལ་གྱི་སྒོ་ནི་གང་ཆེ་མཐོང་།། བཟང་ཡང་མཚན་ཉིད་ཉམས་པ་དང་། སྲ་བའི་འཚམས་དང་སྦས་པ་དང་། རི་མོ་ཡིས་ནི་ཡོངས་བྲིས་པ། དེ་ལ་ས་གའི་ཆོ་ག་ཡིས།། ་ལག་པ་སྟེང་དུ་བྱས་ནསུ། རྡོལ་བརྒྱད་བརྒྱ་བཟླས་ནས་ཀྱང་། འཚམས་ལ་དྲག་ཏུརྟག་པར་བྱ། བསྣུན་པ་ཙམ་གྱིས་འཁྲུལ་འཁོར་དེ།། གདོན་མི་ཟ་བར་མཐོང་བར ་འགྱུར། བྱ་རོག་པ་ཆུ་དང་དབྱུག་གུ་དང་།། ཐོ་བ་འཆིང་བ་འང་དེ་བཞིན་ཏེ། རུ་སྦལ་ཕྱག་རྒྱའི་ཆོ་ག་ཡིས། གཡས་ལས་གཞན་པས་རེག་པར་བྱ།། བུར་བུ་བཅིང་བ ་བྱས་ན་སུ།། བྱ་རོག་མ་ཆུ་ལ་གཟེར་བར་བྱ།། གཡོན་བརྐྱང་བའམ་མཉམ་པ་ཡིས།། གཡས་པ་ཡིས་དེ་བསྐོར་རོ། འཁྲུལ་འཁོར་གྱིས་ནི་མཚམས་རྙེད་འགྱུར།། ་དེ་ནི་བྱུར་བས་གདོན་པར་བྱ།། དེ་ནས་པུས་མོ་གཡས་བསྐུམས་ཏེ།། རྐང་པ་གཡོན་པ་བརྐྱང་བར་བྱ།། ཐོ་བས་ཕུར་བུ་ལ་བསྣུན་པས།། འཚམས་ཀྱི་འཁྲུལ་འཁོར་བསྐྱེང ་བར་འགྱུར།། རྡོ་རྗེ་ཁྲོ་བོ་དེ་མ་ཐག། གསང་སྔགས་བྷྲེ་ས?་གདོན་པར་བྱ།། དེ་ནི་དུ་བ་འབྱུང་བ་ན།། རླུང་གི་དཀྱིལ་འཁོར་གྱིས་བྱས་ཡིན།། གེ་སར་རྒྱས་སྤོས་རུ ་དང་། བུ་ནར་ན་བ་ཁྱབ་འཇུག་གནོན།། དེ་དག་རྣམས་ལས་བདུག་པ་བྱ།། རླུང་གི་འཁོར་ལོ་བཟློག་པར་འགྱུར།། འདི་ནི་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བཀའ ་བསྩལ་ཏོ། འཕགས་པ་རྡོ་རྗེ་ས་འོག་གི་རྒྱུད་ལས་འཁྲུལ་འཁོར་འཇོམས་པ་རྒྱལ་བ་ཞེས་བྱ་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། ་དེ་ནས་རྡོ་རྗེ་ཁྲོ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་གཏོ།། བཅོམ་ལྡན་འདས་ཉིད་ཀྱིས་རྣམ་པ་རྒྱལ་བའི་རྡོ་རྗེའི་རྒྱུད་ཆེན་པོ་བཀའ་བསྔལ་ལགས་ན།། ་བདག་ཀྱང་རིག་པ་འཛིན་པ་རྣམས་པ་སྨན་པའི་སླད་དུ་བཤད་པས་བཅོམ་ལྡན་འདས་ལ་ཞུའོ།། བཅོམ་ལྡན་འདས་རིགས་པ་འཛིན་པ་ཇི་ལྟར་གནས་པར་བགྱི། ཇི་ལྟར ་རིག་པ་བསྒྲུབ་པར་བགྱི། དེ་སྐད་ཅེས་གསོལ་བ་དང་།། བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་གསང་བའི་བདག་པོ་རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་རྡོ་རྗེ་ཁྲོ་བོ་ཁྱོད་ཀྱི་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་རིག་པ་འཛིན་པ་འགྲུབ་པའི་རྒྱུ་དྲིས་པ་ལེགས་སོ་ལེགས་སོ།། རིགས་པ ་འཛིན་པས་ཇི་ལྟར་རིགས་པ་བསྒྲུབ་པ་རྡོ་རྗེ་ཁྲོ་བོ་གོན་ཅིག། རྣས་པ་ན་བ་ཅིག་མཅངས། ལ་བརྒྱད་བརྒྱས་ཡོངསུ་བཟླས་ལ་ཕྱོགས་བཞིར་གཏོར་ཏེ། ཇི་སྲིད་གཉིད་མ ་བྱུང་བ་དེ་སྲིད་ཀྱི་བར་དུ་བཟླས་པར་བྱའོ།། ངེས་པར་བསྲུང་བར་འགྱུར་རོ།། ངེས་པར་བསྲུང་བར་འགྱུར་རོ།། དེ་ནས་ཐེ་ཚོམ་མེད་པར་སླར་ཡང་སྔར་བཤད་པའི་ཆོ་ག ་བཞིན་དུ་གསང་སྔགས་ཆེན་པོ་འབུམ་ཕྲག་གསུམ་དང་། སྟོང་ཕྲག་བརྒྱད་བཟླས་པར་བྱའོ།། དེ་ནས་སྦྱིན་བསྲེགས་གི་ཆོ་ག་ནི་མངོན་སྤྱོད་ལ་སྟེགས་བུ་གྲུ་གསུམ་པ ་བྱའོ།། རྒྱས་པ་ལ་གྲུ་བཞི་པའོ།། ཞི་བ་ལ་ཟླུམ་པོའོ།། བསྒྲུབ་པ་ཆེན་པོ་ལ་པད་མའི་རྣམ་པའོ།། དབང་དུ་བྱ་བ་ལ་ལྕགས་ཀྱུའི་རྣམས་པའོ།། རིག་པ་དང་ལྷན་ཅིག་ཏུ ་དྲི་ཞིམ་པོའི་མེ་ཏོག་དང་ཡམ་ཤིང་བསྲེག་པར་བྱའོ།། མངོན་སྤྱོད་ལ་དུར་ཁྲོད་ཀྱི་ཤིང་ལ་ཚ་བ་གསུམ་མ་དང་། སྐྱེ་ཆེ་དང་། ཡུངས་ཀར་དང་། ལན་ཆ་དང་། ཐལ་བ་དང་། ་བྲ་ལ་སོགས་པ་ཡིས་ཁྲོ་བོ་ལ་བསྲེག་བླུགས་བྱའོ།། ཞི་བ་ལ་སྨན་གྱི་ལྗོན་པའི་ཡམ་ཤིང་བྱའོ།། རྒྱས་ལྔ་འོ་མ་ཅན་གྱི་ཡམ་ཤིང་གི་སྣ་སོ།། དཱི་དཀར་པོ་སོ།། རྒྱས་པ་ལ ་ཞི་བ་ལ་མེ་དོ་ག ་མེ་ཏོག་དང་། དྲི་སེར་པོས་སོ།། མངོན་སྤྱོད་ལ་མེ་ཏོག་དང་། དྲི་དམར་པོས་སོ།། དཀོར་མཆོག་གསུབ་ལ་ཕྱོགས་འཚལ་བ་དང་ལྡན་པའི་སྔགས་ཀྱིས་ཐུན་གསུམ་དུ ་ལས་བྱའོ།། བསྒྲུབ་པ་ཆེན་པོ་ལ་དཀོན་མཆོག་གསུམ་ལ་ཕྱག་འཚལ་བ་དང་ལྡན་པས་ལས་བྱའོ།། ཞི་བ་ལ་དཀྱིལ་བཀྲུང་གིས་སོ།། རྒྱས་པ་ལ་ཅོག་བུས་སོ།། མངོན ་སྤྱོད་ལ་རྐང་པས་རྐང་པ་མནན་པས་སོ།། ཟས་མི་ཟ་བར་བསྲེག་བླུགས་བྱའོ།། བསྒྲུབ་པ་ཆེན་པོ་དང་། ཞི་བ་ལ་ཧཱུཾ་གི་ཡི་གེ་བཟླའོ།། མངོན་སྤྱོད་ལ་ཕཊ་ཀྱི་ཡི་གེའོ།། ་ཞི་བ་ལ་སྲོག་ཀྱི་ཐུན་ལའོ།། རྒྱས་པ་ལ་སྔ་དྲོའི་ཐུན་ལའོ།། མངོན་སྤྱོད་ཉི་མ་གུང་དམ་ནས་གང་གི་དུས་སུ་ཁ་ལྟོ་བ་ལྷས་ཏེ་ལས་བྱའོ།། བསྒྲུབ་པ་ཆེན་པོ་དང་། ་ཞི་བ་ལ་ཁ་ཤར་དུ་ཕྱོགས་པས་སོ།། རྒྱས་པ་ལ་བྱང་ཕྱོགས་པས་སོ།། དབང་དུ་བྱ་བ་ལ་བྱང་དུ་ཕྱོགས་པསོ།། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་ལྷ་ལ་མཆོད་པ ་བྱས་ཏེ། རྒྱས་པའི་ལས་བྱའོ།། དུར་ཁྲོད་དང་རྟགས་གཅིག་པད་དབང་དུ་བྱ་བ་ལ་མངོན་སྤྱོད་དོ།། ཞི་བ་ལ་སོགས་པ་ལ་མེ་སྦར་ཏེ་བྱའོ།། གང་གི་ཚེ་དེར་མེ་བཟང་པོར་གྱུར ་ན། དེ་ནས་འགྲུང་བར་འགྱུརརོ།། ཐོག་མ་ཁོ་ནར་སྔགས་ཀྱི་ལྷ་སྤྱན་དྲངས་ཏེ། ཕྱིས་བཅིངས་པར་བྱའོ།། ཐོག་མར་དེ་ལྟར་མ་བྱས་ན་རིག་པ་འགྲུབ་པར་མི་འགྱུརརོ།། སྤྱན ་དྲངས་ནས་དྲིའི་ཆུས་གང་བའི་སྣོད་དུ་མེ་ཏོག་དཀར་པོ་དང་ལྡན་པ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱོགས་ཏེ། གསང་སྔགས་བརྒྱ་བགྲང་བར་བྱའོ།། བསྒྲུབ་པ ་ཆེན་ཆེན་པོ་འབྱུང་བའི་མཚན་མ་རྣམས་འབྱུང་སྟེ། བློ་བུང་དུ་དུང་གི་སྒྲ་འམ། འབྲུག་གི་སྒྲ་ཐོས་པ་དང་དྲི་ཞིམ་པོ་བྱུང་ན་བྱུང་ན་དེ་ན་རིག་པའི་ལྷ་འོངས་པར་ཤེས་པར་བྱའོ།། ་@གལ་ཏེ་མ་འོངས་ན་བཅོམ་ལྡན་འདས་སྤྱད་དང་ལྷན་ཅིག་པ་ལ་སྔར་བཞིན་དུ་མཆོད་ཡོན་བཟུང་སྟེ། བརྒྱད་བརྒྱ་བཟླའོ།། འོང་བར་འགྱུར། ་བྱོན་པ་དང་དཀྱིལ་འཁོར་བཅིང་བ་དང་ཕྱོགས་བཅིངས་ལ་གཏོར་མ་དང་། ལྦ་བཤོས་དབུལ་བར་བྱའོ།། དེ་ནས་མིག་སྨན་དང་ལྡོང་རོས་ལ་སོགས་པ་རྣམས་བསྒྲུབ་པར་བྱའོ།། ་སྔོན་དུ་སྦྱངས་ཏེ་ཕྱིས་བསྒྲུབ་པར་བྱའོ།། སྲིག་སྨན་པ་དང་། ལྡོང་རོས་ལ་སོགས་པ་རྣམས་པཉིན་མཚན་དུའོ་བས་བྲན་ཞིང་བཞག་གོ།། དེ་ནས་བཏོན་ལ་ཇི་ལྟར་ནུས་པས ་དགེ་འདུན་ལ་དགའ་སྔོན་བྱེའོ། སྐར་མ་རྒྱལ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་མཆོད་པས་མཆོད་ལ་རས་དཀར་པོ་པ་ཉམས་པས་གཡོགས་ཏེ།། བསོད ་ནམས་དེ་ལ་རེ་ཤིག་དང་པོར་རིག་པ་འཛིན་པས་བསླབ་པའི་གནས་ལྔ་ཡོངསུ་བཟུང་ལ་བཟུང་ལ་བྱང་ཆུབ་ཀྱི་སེམས་བསྐྱེད་དེ། བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ ་བ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་ལ་གནས་པ་དེའི་རིག་པ་འཛིན་པའི་འདུལ་བ་ངས་བཤད་པར་བྱའོ།། དང་པོར་རེ་ཤིག་བཟླས་པའི་ཕྲེང་བ་ཡོངསུ་བཟུང་སྟེ། ནོར་བུ་དང་།། ་མུ་ཡིས་འཚོང་དང་། དྲག་པོའི་རི་ལུ་དང་། ཅན་དན་དབང་པོ་དང་། རྡོ་རྗེའི་མིག་རྣམས་ལས་དྲག་པའི་མིག་ཁྱད་པར་དུ་འབགས་པས་དེ་རྒྱུ་བའི་སྔང་སུ་གྱུར་པ་ནི།། །། ན་མོ་བཛྲ ་བ་ནུ་ཡེ། ཨོཾ་ཀི་རི་ཀི་རི་རོ་དྲི་ཎི་སྭཱ་ཧཱ།། སྔགས་འདིས་ཕྲེང་ངང་རྒྱུ་བར་བྱའོ།། དེ་ནས་རློབ་དཔོན་ལ་གནང་བ་ནོད་དེ། སློབ་དཔོན་ལ་བུལ་དུ་བྱུང་བའི་ཡོན་ཕུལ་ལ་སྔག ་བཟླས་པར་བྱའོ།། དེ་ལྟ་དྲའི་བྱ་བ་དང་ལྡན་པས་སྔགས་བསྒྲུབས་པས་ངེས་པར་འགྱུར་རོ།། བགེགས་རྣམས་ཀྱིས་བར་དུ་བཅོད་པར་མི་ནུས་འགྱུར་རོ།། དཀྱིལ་འཁོར ་དུ་མ་ཞུགས་ནི་ཚིག་ཙམ་ཡང་སྦྱིན་པར་མི་བྱ་ན།། སྔགས་འགྲུབ་པ་ལྷ་ཅི་སྨོས། དེ་ལྟ་བུའི་ཡོན་ཏན་དང་ལྡན་པ་ལ་སྔགས་འགྲུབ་པ་གསང་བ་བཤད་པར་བྱའོ།། ་རིག་པ་འཛིན་པས་ཞི་བ་དང་། རྒྱས་པ་དང་། མངོན་སྤོང་དང་། དབང་དུ་བྱ་བ་དང་། གསོད་པ་དང་། བསྐྲད་པ་རྣམས་བསྒྲུབ་པའི་དོན་དུ་གནས་ཡོངསསུ་བཟུང་བར་བྱའོ།། ་དེ་ལ་རེ་ཤིག་གནས་སུ་གྱུར་པ་ནི་རིའི་རྩེ་མོ་དང་། ཤིང་གཅིག་པ་དང་། དུར་ཁྲོད་དང་། རིང་བསྲེལ་ཅན་གྱིས་མཆོད་རྟེན་རྣམས་སུ་བུམ་པ་རྩ་བ་ནག་པོ་མེད་པར་ནོར་བུ་དང ་འབྲུ་དང་། སྨན་ཐམས་ཅད་ཀྱིས་ཡོངསུ་བཀང་ལ། བཅོམ་ལྡན་འདས་ཀྱི་འདུན་དུ་བརྒྱད་བརྒྱ་བཟླའོ།། ཨོཾ་ཨ་མྲི་ཏེ་ཧཱུཾ་ཕཊ། འཁྲུལ་འཁོར་གནས་སུ་སྔགས་འདིས་བཟླ ་བར་བྱའོ།། དེ་ནས་སའི་ཕྱོགས་སུ་དུམ་པ་ལ་ཁྲོ་བོས་བསྔགས་ཏེ། ཐམས་ཅད་ལ་བསར་གཏོར་བྱའོ།། ཆུའི་རྒྱུན་མ་ཆད་པས་ཐམས་ཅད་ལ་བསོང་བར་བྱའོ།། དུག་དང་། ་ཁྲག་དང་། ཡུངས་ཀར་བསྲེས་པས་ཨ་རྒའི་ཤིང་ལ་མེ་སྦར་ལ་སྟོང་དྲག་བརྒྱད་བསྲེགས་ལ་འདི་སྐད་ཅེས་ཁོ་བོས་གནས་འདི་ཡོངས་སུ་བཟུང་ངོ་ཞེས་བརྗོད་པར་བྱའོ།། ་དེ་ནས་རིག་པ་འཛིན་པ་དེའི་རིག་པ་རྣམས་དང་། གཞན་ཡང་གླགས་ལྔ་བ་འཇུག་པའི་གོ་སྐབས་རྙེད་པར་མི་འགྱུར་རོ།། ཇི་ལྟར་འདོད་པར་སེམས་པ་བསྒྲུབ་པར་བྱའོ།། ་ཆོ་ག་གར་བསྒྲུབ་ན། དེ་ནས་རིག་པ་འཛིན་པས་ང་གླང་གི་འོ་མ་དང་། ནས་དང་ལོ་མ་དང་། སློང་བ་ཟ་ཞིང་དེ་བཞིན་གཤེགས ་བ་ལ་ཕྱོགས་པས་འབུམ་བྲག་གཅིག་བརྔས་པར་བྱའོ།། སྔགས་ཀྱི་མཐར་གསོལ་པ་གདབ་པར་བྱ་སྟེ། གང་གི་ཆེ་བཅོམ་ལྡན་འདས་བདག་གིས་བསླབ་པ ་བ་ལ་ཕྱགས་པས་འབུམ་ཕྲག་གཅིག་བཟླས་པར་བྱའོ།། སྔགས་ཀྱི་མཐར་གསལ་བ་གདབ་པ། འདི་གདོན་མི་ཟ་བར་འགྲུབ་པར་འགྱུར་བ་དེ་བདག་ལ་བཀའི་བསྩལ ་དུ་གསོལ་ཞེས་བརྗོད་ལ། དེ་ནས་རྗེ་བཙུན་སངས་རྒྱས་ཀྱི་མདུན་དུ་ནག་པོའི་བརྐྱང་བའི་ཉིན་མཚན་གསོ་སྦྱོང་དང་ལྡན་པས་དགོངས་ཀའི་དུས་སུ་ཇི་ལྟར་ནུས་པས་མཆོད ་བ་བྱས་ཏེ། ཀུ་ཤའི་ཆུན་པོའི་སྟེང་དུ་བསྡད་ལ་དེ་བཞིན་གཤེགས་པ་ལ་མངོན་དུ་ཕྱོགས་ཧེ་རིགས་པ་ཁོར་མོར་ཇི་སྲིད་གཉིས་མ་བྱང་བ་དེ་སྲིད་བཟླ་བར་བྱའོ།། ་དེ་ནས་དེར་ཀུ་ཤ་སྡོམ་པ་ལ་ཉལ་ཏེ། གཉིད་ཀྱི་མཚན་མོའི་ཐུན་ཆོད་ཕྱི་མ་ལ་ལྷ་དེ་ཉིད་གྲུབ་པ་ལ་ཡང་དཀའ་སྩོལ་བར་འགྱུརརོ།། གལ་ཏེ་མི་གསུང་ན་ཉི་མ་ཕྱི་མ་ལ་དེ ་བཞིན་དུ་མཆོད་པའི་ཚོགས་བཅོམ་ལྡན་འདས་སྤྱན་དང་ལྷན་ཅིག་པ་མཆོད་ཏེ། སྣ་མ་མོ་ཏོགས་མཆོད་ལ་བརྟགས་པར་བྱའོ།། བརྟགས་པ་ན་སྔོན་གྱི་མཚན་མ་བྱུང་ན ་ལས་འགྲུབ་པར་ཤེས་པར་བྱའོ།། མཚན་མ་གཞན་ཡང་སིལ་སྙན་གྱི་སྒྲ་དང་། དུང་གི་སྒྲ་དང་རྒྱལ་བའི་བྱུང་ན་སིལ་སྙན་གྱི་སྒྲས་རིག་པ་འཛིན་པ་ཆེན་པོར་འགྲུབ ་པར་འགྱུར་རོ།། རྒྱལ་བའི་སྒྲས་མཁའ་ལ་འགྲོ་བ་འགྲུབ་པར་འགྱུར་རོ།། དུང་གི་སྒྲས་དབང་དུ་བྱེད་པ་འགྲུབ་པར་འགྱུར་རོ།། རྫས་བཏགས་ཏེ་མིང་མེད་ཀྱིས་རིལ ་བུ་ལྔ་བྱའོ།། རས་མ་ཉམས་པའི་སྟེང་དུ་བཞག་སྟེ་སྒྲིབ་མ་ལ་སྐམ་པར་བྱའོ།། དེ་ནས་ཨ་ཤྭང་ཐའི་གླི་སྟེང་དུ་བཞག་ནས་བདུན་དུ་ལྷག་པར་གནས་པར་བྱའོ།། དེ་ནས ་ཐོག་མ་བསྒྲུབ་པའི་ཉིན་མོའི་སྔ་དྲོའི་ཚེ་ཡོངས་སུ་ལྒང་བས་བསྣུན་པ་ལ་ལན་སྟོང་ཕྲག་གཅིག་བསྔགས་ཏེ། དེ་ནས་ཕྱེ་མ་རེག་བསྒྲུབ་པ་ལ་འཇུག་པར་བྱ་སྟེ། ཨ ་ཤྭང་ཐའི་ལོ་མ་བཞི་གཡས་བསྐོར་བཞག་དུ་སྟེ་གསུམ་གྱིས་དགོ་བོ།། ཨ་ཤྭད་ཐའི་ལོ་མ་རྣམས་འདི་ལྟ་བའི་གནས་ནས་བླང་བར་བྱ་སྟེ། ལྗོན་ཤིང་གཞན་གྱི་གྲིབ་མས ་མ་ཕོག་པ་དང་། ལྷའི་ཁང་པས་མ་ཕོག་པ་དང་། དར་ཁྲོད་དུ་སྐྱེས་པ་རྣམས་ཀྱི་ཨ་ཤྭད་ཐའི་ལོ་མ་ཡོང་མ་ཡོངས་སུ་བཟུང་བར་མི་བྱའོ།། དེ་དག་ལས་གཞན་གནས ་བསྔགས་པའི་ཨ་ཤད་ཐའི་ཤིང་གི་ལོ་མ་རྩེ་མོ་དཀར་པོ་རྣམས་ཀྱི་སྟེང་དུ་གྲུབ་པའི་རྫས་ཆ་གསུམ་དུ་བྱས་ཏེ། བླ་མ་དང་བདག་ཉིད་ལྷན་ཅིག་པ་རྣམས་ཀྱིའོ། རྡོ་རྗེ་དང་། ་འཁོར་ལོ་དང་། རལ་གྲི་རྣམས་སུ་བློས་བརྟགས་ནས་དེ་དག་ཐུན་ཆོད་ལྔར་ཡོངསུ་སྐམས་ཏེ། དེ་ནས་བ་གླང་གི་ལྕི་བའི་ཚོགས་དབུས་བཅུག་ལ་ཞག་ཉི་ཤ་རྩ་གཅིག་ཏུ ་བཞག་གོ།། དེ་ནས་བཙོན་ཏེ་བའི་ལྔས་བཀྲུས་ལ་དེ་ཉིད་དུ་ཞག་བདུན་ལྷག་པར་བྱས་ཏེ། ཡོངསུ་ལྷུང་བས་བསྣུན་པ་ལ་སྟོང་ཕྲག་བརྒྱད་ཡོངསུ་བཟླས་ལ་དེ་ནས་སྒྲུབ་པ་འཇུག།། ་མིག་སྨན་དེ་དང་། རུརྟ་དང་། རྒྱ་སྤོས་དང་ལོ་མ་དྲ་རྣམས་བསྲེས་ལ་བཅོམ་ལྡན་འདས་སྤྱན་མའི་སྙིང་པོ་སྟོང་ཕྲག་བརྒྱད་མངོན་པར་སྔགས་ཏེ།། ་ཏེ། བསྒྲུབ་པའི་དུས་སུ་མི་ལ་བྱུག་པས་གཉིད་མི་འབྱུང་ངོ་།། གཞན་ཡང་སྨད་དུ་གྱུར་པ་ནི་ཨ་བ་མ་དཀར་བའི་རྩ་བ་དང་། ཤུ་དག་སྐྱ་བོ་དང་། རྒྱ་སྤོས་དང་། གཱི་ཝང་དང་། ་གུར་གུམ་དང་། ཅན་དན་དཀར་པོ་དང་། ཐོག་མར་རིང་སྲེལ་ཅན་གྱི་མཆོད་རྟེན་འདུན་དུ་ཞག་གསུམ་དུ་སྤང་བར་བྱ་སྟེ། རྡོ་རྗེ་གོ་ཆའི་སྔགས་སྟོང་ཕྲག་བརྒྱད་མངོན་པར ་སྔགསོ།། དེ་ནས་བསྒྲུབ་པའི་དུས་སུ་བ་གླང་གི་གཅིང་དང་བཏགས་ཏེ་ལུས་ལ་ཡོངས་སུ་བསྐུས་ནས་བསྒྲུབ་པ་ལ་འཇུག་གོ། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། རིག ་བ་འཇིག་པ་དང་། ལོག་འདྲེན་ཐམས་ཅད་ཀྱིས་རྐྱང་ནས་འོད་དང་ལྡན་པའི་མེའི་ཕུང་པོ་ལྟར་འབར་བར་མཐོང་ཏེ། མཐོང་ནས་ཕྱག་འཚལ་བར་འགྱུརརོ། འཇིགས་རྟེན ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱི་རིགས་རྣམས་མཚུངས་པར་འགྲུབ་པར་འགྱུར་རོ།། གང་གི་ཚེ་རིག་པ་འཛིན་པས་རྫས་གྲུབ་པར་གྱུར་ན། དེ་ནས་སྔོན ་བཞིན་བཅོམ་ལྡན་འདས་སྤྱན་མའི་སྔགས་ཀྱིས་མེ་ཏོག་དཀར་པོ་ལ་བརྒྱད་བརྒྱ་བཟླས་ལ་རྫས་ཀྱི་དབུས་སུ་བཅུག་པས་རྫས་བརྟན་པས་འགྱུར་རོ།། གཞན་དུ་ན་དངོས ་གྲུབ་འབྲོ་བྷར་འགྱུརརོ།། གལ་རིག་པ་འཛིན་པས་གསང་སྔགས་གྲུབ་པར་མ་གྱུར་ན་རིག་པ་འཛིན་པ་དེས་འདི་ལྟར་བྱ་སྟེ། རྒྱ་མཚོ་ཆེན་པོར་འབབ་པའི་ཆུའི་འགྲམ་དུ ་རྟེན་ཅིང་འབྲེལ་བར་འབྱུང་བའི་སྙིང་པོ་ཅན་གྱི་མཆོད་རྟེན་ཁྲུ་གང་བ་བརྒྱད་བརྒྱ་བྱས་ལ་མཆོས་རྟེན་རེ་རེ་ལ་ཇི་ལྟར་ནུས་པའི་དྲི་དང་། མེ་ཏོག་དང་། འདུག་སྤོས་བུ ་ཏེ། དུས་གསུམ་དུ་བྱང་ཆུབ་སེམས་བསྐྱེད་ལ་སྡིག་པ་བཤགས་ཏེ་རེ་རེའི་མདུན་དུ་སྟོང་ཕྲག་བརྒྱད་བརྒྱ་བཟླའི། ལ་ལ་ཏེ་མཚན་མ་བྱུང་ན་ཆོ་ག་འདིས་མཆོད་རྟེན་སྟོང ་བྲག་གཅིག་བྱས་ཏེ། དེའི་ནུབ་ཕྱོགས་མ་ཡིན་པའི་མཆོད་རྟེན་འབར་ན་ལས་ཀྱི་སྒྲིང་བ་ཟད་པར་ཤེས་པར་བྱའོ།། དེ་ནས་གང་ཅི་བསྒྲུང་བ་དེ་ཐམས་ཅད་འགྲུབ ་བར་འགྱུརརོ།། བསྒྲུབ་པ་ཆེན་པོ་བརྩམས་ནས་ལས་གཞན་དཔའ་བ་དང་། གསོད་པ་ལ་སོགས་པ་མི་བྱའོ།། གལ་ཏེ་བྱས་ན་རིག་པ་འགྲུབ་པར་མི་འགྱུར་རོ།། ་ལོང་བ་དང་། སྒུར་པོ་དང་། རླིག་རླུགས་དང་། འོན་པ་དང་། སེན་མོ་ངན་པ་དང་། ཤ་བཀྲ་ཅན་དང་། ལུས་ཞ་བ་དང་། སྲོག་ནག་པ་རྣམས་ཀྱིས་བསྒྲུབ ་པ་ཆེན་པོ་འགྲུབ་པར་མི་འགྱུར་རོ།། གཞན་གཟླ་ལ་སོགས་པ་འགྱུར་བར་འགྱུར་རོ།། མི་གང་སངས་རྒྱས་དང་ཆོས་ལ་དད་པ་དང་འདུད་པ་དང་ལྡན་པ་དང་སེན་པ ་ཟངས་ཀྱི་མདོག་ཅན་ལྡན་པ་དང་། ཕ་མ་ལ་གུས་པ་དང་། བླ་མ་ལ་སྲི་ཞུ་ཆེ་བ་དེས་ཐམས་ཅད་འགྲུབ་པར་འགྱུར་རོ།། རིག་པ་འཛིན་པས་སྔགས་བསྒྲུབ་པ་སྔོན་བཞིན ་སྒྲུབ་པ་དང་ལྡན་ན་ཆེའི་དུས་བྱས་ཀྱང་གང་འདོད་པ་སེམས་ཤིང་ཤི་བས་ཙམ་གྱིས་དེ་དང་དེར་སྐྱེ་བར་འགྱུར་ཏེ། རིགས་པ་འཛིན་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་འམ། ་ཡང་ན་རིག་པ་འཛིན་པའི་རིགས་སམ། དབང་ཕྱུག་ཆེན་པོའི་རིགས་བསམ། གདོལ་པའི་རིག་པ་འཛིན་པའི་རིགས་དེ ་ལྟ་བུའི་རིམ་པ་གང་འདོད་པའི་བསམ་པས་སྔགས་བསྒྲངས་པས་དེ་ལྟ་བུའི་རིགས་སུ་འགྲུབ་པར་འགྱུར་རོ།། གྲུབ་པ་ཆེན་པོ་ལ་འབད་པའི་རིགས་པ་འཛིན་པས་རྡོ་རྗེ ་དང་། འཁོར་ལོ་དང་། རྩེ་གསུམ་དང་། དབྱུག་གུ་དང་། ཞགས་པ་དང་། མདུང་ཐུང་དང་། དབྱུག་ཐོ་དང་། པད་མ་དང་། དུང་དང་། ལྕགས་ཀྱུ་དང་། ་སྤྱི་བླུགས་ལ་སོགས་པ་རྣམས་ལ་རྐང་པས་བརྫི་བར་མི་བྱའོ།། ས་ལ་བྲིས་པ་ལ་ཡང་དེ་བཞིན་དུ་བྱའོ།། འདི་ལྟར་རྡོ་རྗེ་འཆང་བའི་རྡོ་རྗེ་དང་། ཁྱབ་འཇུག་གི་འཁོར ་ལོ་དང་། ལྷ་ཆེན་པོའི་རྩེ་གསུམ་དང་། གཤིན་རྗེའི་དབྱུག་ག་དང་། ཆུ་ལྷའི་ཞགས་པ་དང་། གཞོན་ནུའི་མ་དང་ཐུང་དང་། སྟོབས་ལྷའི་དབྱུག་ཏོ་དང་། བྱང་ཆུབ ་སེམས་དཔའ་རྣམས་ཀྱི་པད་མ་དང་། རྡོ་རྗེ་ལྕགས་ཀྱུའི་ལྕགས་དང་། ཚངས་པའི་སྤྱི་ཐུགས་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་གང་ཐོབ་པར་འདོད་པ་བདག་ཉིད ་ཀྱིས་རྡོ་རྗེ་ལ་སོགས་པ་དེ་དང་དེ་དག་ཕྱག་རྒྱ་ཆེན་པོའི་རྐང་པས་རྫི་བར་མི་བྱའོ།། གང་གི་ཚེ་རིག་པ་འཛིན་པའི་གསང་སྔགས་བསྒྲུབ་པ་ན་རིག་པའི་ལྷའི་དངོས་གྲུབ་མི ་སྟེར་ན་དེས་ལས་འདིས་རིག་པ་མཉེས་པར་བྱའོ།། དྲི་ཐམས་ཅད་ཀྱིས་རིག་པའི་གཟུགས་བརྙེན་བྱ་ལ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་ཞབས་ཀྱི་དྲུང་དུ ་བཞག་སྟེ། ཞག་གསུམ་དུ་བསྤང་བར་གནས་ལ་ནག་པོའི་བརྒྱད་པའམ། ནག་པོའི་བཅུ་བཞི་ལ་སྤྱན་དང་ལྷན་ཅིག་པའི་རིག་སྔགས་ཀྱིས་སྣ་མའི་མེ་ཏོག་སྟོང ་ཟག་བརྒྱད་དེའི་གཟུགས་བརླན་གྱི་སྙིང་ཁར་བརྡེག་པར་བྱ་ཞིང་། མར་ནག་དང་མར་བསྲེགས་པས་སྟོང་ཕྲག་བརྒྱད་བསྲེག་བླུག་བྱས་ལ། དེ་ཉིད་དུ་འཁོད་དེ་ཇི ་ལྟར་ནུས་པའི་མཆོད་པ་དང་། གཏོར་མའི་ཆོ་ག་བྱའོ།། དེ་ནས་རིག་པ་འཛིན་པ་དེ་རངས་པས་གཉིད་ལོག་པ་དང་། སྟོན་པར་འགྱུར་བ་འམ། རྗེས་སུ་གདམས་པ། ་བ་སྟོན་པར་འགྱུར་རོ།། གལ་ཏེ་མ་འོངས་ན་ཉི་མ་ཕྱི་མ་ལ་དེ་བཞིན་དུ་གཏོར་མའི་ཆོ་ག་བྱས་ཏེ། རྡོ་རྗེ་ཁྲོ་བོ་དང་ལྷན་ཅིག་དུ་སྟོང་ཕྲག་བརྒྱད་བཟླའོ།། དེ་ནས ་རིག་པའི་ལྷ་དེ་ཉིད་ཁྲོ་བོ་དང་ལྷན་ཅིག་རྨི་ལམ་དུ་མཐོང་ནས། ཆང་བ་དང་། ལྷག་པ་དང་། ཕྱི་མོ་དམན་པ་དང་། ཡི་གེ་གཞན་དུ་གྱུར་པ་ཡང་སྟོན་པར་འགྱུརརོ།། ་གལ་ཏེ་ཡོངསུ་རྫོགས་པར་གྱུར་ན། དེ་ནས་དངོས་གྲུབ་སྟེར་བར་འགྱུར་རོ།། བསྒྲུབ་པ་དང་པོ་ལ་ལས་འདི་མི་བྱ་ལ་ཇི་སྲིད་ལན་བདུན་པ་གྲུབ་ན་དེ་ནས་ལས་འདི་བྱའོ།། ་དེ་ནས་རྫས་སྒྲུབ་པའི་དུས་སུ་གྱུར་ན་དེའི་མཐར་སྲོད་དམ། ནམ་གུང་དང་། ཉི་མ་ཤར་བ་ན། རིག་པ་ནི་འཛིན་པ་ནི་རྨི་ལམ་ལྦ་བུར་གསང་སྔགས་གང་འདོད་པ་ཡིད ་ལ་སེམས་ཤིང་བཟླ་བར་བྱའོ།། གཞན་དུ་ན་ལོག་པར་འདྲེན་པ་རྣམས་ཞུགས་པར་གྱུར་ན་དེ་རིག་པའི་ལྷ་མངོན་དུ་མི་འགྱུར་རོ།། གཞན་གྱི་གོས་ལ་རེག་པར་མི ་བྱ་ཞིང་བགོ་གསུམ་བྱས་ཏེ། གཅིག་གྱོན་ལ་ཁྲུས་བྱའོ།། གཉིས་པས་བཟླས་པར་བྱའོ།། གསུམ་པས་མཚན་མ་གྱོན་པར ་བྱའོ།། དཀྱིལ་དཀྲུང་གིས་གནས་ཏེ། རིག་པའི་ལྷའི་མཚན་མ་མཐོང་ནས་ཧིལ་དང་། མར་བསྲེས་པའི་བསྲེག་བླུགས་བྱའོ།། རིགས་པའི་སྟོབས་འཕེལ་བར ་འགྱུར་རོ།། ཏིལ་མེད་ན་ངན་དུ་ལུ་དང་། སྲན་མ་མ་ཤ་དང་། མུད་ག་རྣམས་ཀྱིས་བྱའོ།། ཉ་དང་ཤ་དང་། ཆུང་བཏུང་བར་མི་བྱའོ།། ཉེས་པ་དེས་ལོག་པར་འདྲེན་པ་རྣམ ་ཀྱིས་ཟིལ་གྱིས་གནོན་པར་འགྱུར་རོ།། རྟག་ཏུ་སངས་རྒྱས་དང་། ཆོས་དང་། དགེ་འདུན་ལ་སྤེན་བཀུར་བ་དང་ལྡན་པས་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པར་བྱའོ།། ་དམ་ཚིག་ཤེས་པར་གྱུར་པས་འདི་ལྟར་བྱས་ན་རིང་པོར་མི་ཐོགས་པར་འགྲུབ་པར་འགྱུར་རོ།། རིག་པ་འཛིན་པས་སྔར་བཤད་པ་བྱའོ།། རྟག་ཏུ་ལྷ་ཐམས་ཅད་ལ་བདག ་བ་དང་། ལྦ་བཤོས་ཀྱིས་འབྲས་ཆན་རང་གི་ལག་གི་ལ་ག་གི་དབུལ་བར་བྱའོ།། བཟློས་པ་ན་ཁར་དུ་ཕྱོགས་ཏེ། བྲི་སྐྲ་བྲིས་པའི་མངོན་དུ་བཟླས་པར་བྱའོ།། བྲིས་སྐ ་ཚང་ཆེན་པོ་ཁྲུ་བཅུ་པའི་རས་ལའོ།། དེའི་ཕྱེད་དང་། ཕྱེད་ལ་འབྲིང་དང་། ཐ་མར་འགྱུར་རོ། སྐབས་འདིར་རིགས་པ་འཛིན་པས་སྔར་བཤད་པ་རྣམས་བྱའོ།། ་གལ་ཏེ་བརྒྱ་ལ་རྫས་སམ། གོས་སམ། རྒྱན་སྟེར་ན། དེ་གཟུང་བར་མི་བྱ་སྟེ། འབྲས་བུ་ཙམ་གཟུང་ན་ཡང་གསང་སྔགས་འགྲུབ་པར་མི་འགྱུར་རོ།། ཆུ་ཉུང་ངུས ་དཀྲུ་བར་མི་བྱ་ཞིང་རྐང་པས་མེ་ལ་རེག་པར་མི་དྱ་ལ། སེར་མོ་ས་ལ་རི་མེ་དྲི་བར་མི་བྱ་ཞིང་། ལྒའི་ཁང་པའི་གྲིབ་མལ་འགྲོམ་པར་མི་བྱ་ཞིང་། འདི་ལྟ་བུའི་ཡོན་ཏན་དང ་ལྡན་ཞིང་དེ་དག་དོར་བའི་སྔགས་པས་མྱུར་ད་རིག་སྔགས་འགྲུབ་པར་འགྱུར་རོ།། འཕགས་པ་རྡོ་རྗེས་འོག་རྒྱུད་ལས་རིག་སྔགས་ཀྱིས་འདལ་བ་ཞེས་བྱ་བ་རྡོ་རྗེ་ཁྲོས་བེས ་ཡོངསུ་ཞུགས་པའི་ལེའུ་སྟེ་ཉི་ཤུ་གསུམ་པའོ།། །། དེ་རུ་འདད་པས་འཇུག་པ་ན། ཁང་བཟང་དམ་པ་རྙེད་པ་ཡིས། བསྟན་བརྩོས་ལས ་ནི་དེ་བཞིན་པའི།། ཕྱོགས་ཀྱི་ཆ་ནི་རང་བཤད་བྱ།། ཤར་ན་ནྱ་གྲོ་དྷ་ཡི་ཤིང་།། དབང་ལྡན་དུ་ནི་པ་ལ་ཀྐ།། ལྷོ་རུ་ཡང་ནི་ཨ་ཤད་ཐ། ནུང་དུ་དེ་བཞིན་པ་ལ་ཀྐ།། བྱང་དུ་ལྗོན ་ཤིང་མ་དུ་ག།། གནས་རྣམས་སུ་ནི་གདོན་མི་ཟ།། གང་དག་ཏུ་ནི་ཤིང་མེད་ན།། དེ་ལ་ཡང་ནི་མཚན་བཟང་པོ།། ཤར་ན་གཞན་པའི་ལུས་གཅིག་ཏེ།། ལྷོ་རུ་ཡང ་ནི་བཞི་རུ་འགྱུར།། ནུབ་དུ་གསུམ་དུ་བསྟན་པ་ཏེ།། བྱང་དུ་གཉི་སུ་བསྒྲགས་པའོ།། མཛེས་པའི་དུ་མོ་རྟགས་ཏུ་གནས།། གྲུབ་པའི་རྫས་དང་དངུལ་ཆུ་ནི།། ལྷོའི་བྱང ་ན་རྟག་ཏུ་ཡང་།། དངུལ་ཆུ་རུ་ནི་ཤེས་པར་བྱ།། དབང་ལྡན་དུ་ཡང་དངུལ་ཆུ་སྟེ།། དབང་པོར་རྫས་ནི་དེ་བཞིན་ནོ།། ཆུ་ལྷར་རྟག་ཏུ་རྫས་བཟང་པོ།། གྲུབ་པའི་རྫས ་ནི་བླ་ན་མེད།། བདེན་བྲལ་དུ་ནི་རལ་གྲིར་འགྱུར།། གཤིན་རྗེ་དེ་བཞིན་མིག་སྨན་ཉིད།། རླུང་གོས་ཕྱོགསུ་རྟག་གནས་པ།། ཡིད་བཞིན་ནོར་དུ་ཞེས་བྱའོ།། ་བྱ། ལྷ་ཡིད་ཀྱི་ནི་མདུན་དུ་ཡང་།། འབབ་སྲེག་ཅན་གྱི་རྫིང་བུར་བསྟན། ཁང་བཟང་དེའི་ནང་ན་ཡང་།། གྲུབ་པའི་རྫས་ལ་ཐེ་ཚོམ ་མེད། ལྷོའི་སྒོ་རུ་མངོན་ཕྱོགས་པ།། དེ་ན་རྫས་རྣམས་ཐམས་ཅད་དེ།། ལྷའི་ཁང་པར་རྣམ་པར་བསྟན།། དབང་པོའི་ཕྱོགསུ་མངོན་མཆོག་པ།། དེ་ནས་རྫས ་རྣམས་ཀུན་བསྡུས་པའོ།། བྱང་དུ་ཕྱོགས་ཏེ་ལེགས་གནས་པ།། བྲིས་སྐུ་བཀབ་པའི་རྫས་སུ་བཤད།། ནུབ་དུ་ཕྱོགས་ཏེ་ལེགས་གནས་པ།། དེ་ན་ཡང་ནི ་སྒྲིབས་ཏེ་གནས། རིགས་སྔགས་བཀགས་པས་འགྲུབ་འགྱུར་སྟེ།། འཇིག་རྟེན་གསུམ་ཤེས་བླ་ན་མེད། རིན་ཆེན་རྣམ་པ་སྣ་ཚོགས་པའི།། ལྷ་ཡི་གནས ་སུ་རྣམ་པར་བསྟན།། ཤར་ནས་ཤར་དུ་མངོན་བྱོག་པའི།། འཁྲུལ་དུ་ཡང་ནི་རྣམས་པར་བཤད།། ལྷོ་རུ་མངོན་པར་ཕྱོགས་ནས་པ། ལྷོ་ཡི་ཕྱོགས་ཀྱིས་རྣམ ་པར་བསྟན། ནུབ་གྱིས་ཕྱོགས་སུ་མངོན་ཕྱོགས་པ།། ནུབ་ཀྱི་ཕྱོགས་པར་རྣམ་པར་བསྟན།། འདི་ཡིས་བྱང་དུ་བཤད་པ་དང་།། དབང་ལྡན་གྱི་ཡང་དེ་བཞིན་ནོ།། ། ་ཕྱོགས་རྣམས་ཀྱི་ཡང་མཚན་ཉིད་ནི།། བསྟན་པ་འདི་ལ་ཐེ་ཚོམ་མེད།། འདི་ལྟར་ཤེས་པའི་མཁས་པ་ཡིས།། ཕྱོགས་ཀྱི་འཁྲུལ་འཁོར་མཚོན་པར་བྱ།། སྔོན ་བཞིན་ལེགས་པར་ཤེས་པ་ཡིས།། རྫས་རྣམས་ཀྱང་ནི་བློ་ལྡན་གྱིས། དེ་འདྲའི་ཕྱོགསུ་འཁོད་ནས་ནི།། དེའི་ལམ་ནི་ལྟ་བར་བྱ།། གཉིས་པ་ཡི་ནི་ལམ་གྱུར་པ།། ་འཁྲུལ་འཁོར་མེད་པས་བརྟག་མི་དགོས།། གསུམ་དུ་ཡང་ནི་ཤེས་བྱ་སྟེ།། བཞི་པ་ཡང་ནི་མཚུངས་པའོ།། ལམ་ནི་རྣམས་པ་བཞིར་བཤད་པས།། འདོད ་ལྡན་ལ་ནི་འབྲས་བུ་སྟེར།། དང་པོ་རུ་ནི་མི་སྤྱད་པར།། བཟའ་བར་བྱ་བ་མ་ཡིན་ནོ།། གཉིས་པ་རུ་ནི་བཟའ་བར་བྱ།། གསུམ་པ་ལ་ཡང་དེ་བཞིན་ནོ།། བཞི ་པར་ཡང་ནི་བཟའ་བར་བྱ།། དེ་དག་འཁྲུལ་འཁོར་མེད་པར་བསྟན།། ཕྱོགས་ཀྱི་ཆ་ནི་ཐམས་ཅད་དུ།། ཡོངསུ་གང་བར་ཤེས་པར་བྱ།། ཕྱི་མ་ཡི་ནི་ཆོ་ག་ཡིས།། ་ཚོང་འདུས་ཟེར་འབྲུ་རྒྱུ་བའོ།། འཕགས་པ་རྡོ་རྗེས་འོག་གི་རྒྱུད་ལས་ཕྱོགས་ཀྱི་མཚན་ཉིད་ཀྱི་ལེའུ་ཏེ་ཉི་ཤུ་བཞི་པའོ།། །། འཕགས་པ་རྡོ་རྗེ་ས་འོག ་ཅེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་རྫོགས་སྷོ།། །། ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། དེ་ནས་ལྷ་མ་ཡིན་གྱི་དབང་པོ་བཞིན་ལེན་གྱིས ་སླར་ཡང་བཅོམ་ལྡན་འདས་དཔའ་རྡོ་རྗེ་འཛིན་པའི་མགོན་པོ་ལ་གུས་པས་ཕྱག་འཚལ་ནས་ཐལ་མོ་སྦྱར་ཏེ་གསོལ་པ།། སྦྱོར་བ་བདྨ་གཉིས་པོ་འདི་རྣམས་གང་ལ ་འབྱུང་བ་དང་།། དུ་ཀ་ཐམས་ཅད་ཀྱི་འཁྲུལ་འཁོར་ནམ་མེད་པར་འགྱུར་བ་ལགས། བཅོམ་ལྡན་འདས་ཀྱི་བཀའ་བསྩལ་པ། དེ་དེ་བཞིན་ཏེ། དབྱར་ཟླ་ཐ་ཆུངས་ཀྱི་ནག ་བོའི་བཅུ་བཞི་ལ་གཟའ་ཕུར་བུའི་གི་མ་དང་། སྐར་མ་རྒྱལ་འཇོམ་པ་ལ་ངེས་པར་བུ་གའི་སྒོ་འབྱེད་པར་འགྱུར་རོ།། སྟོན་ཟླ་ཐ་ཆུངས་ཀྱི་གནས་སྟོང་ལ་བུར་བུའི ་། མ་དང་། རྒྱུ་སྐར་ས་རི་འཛེམ་པ་ལ་ངེས་པར་བུ་གའི་སྒོ་གྲོལ་བར་འགྱུར་རོ།། གཞོན་ནུ་མ་རང་ཉིད་འོངས་ནས་འཇུག་པར་བྱེད་དོ།། ་སྟོན་ཟླ་ཐ་ཆུངས་ཀྱི་ཉ་ལ་ཕུར་བུའི་ཧི་མ་དང་། སྐར་མ་བྲ་གེ་འཛེམ་པ་ལ་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་མེད་པར་འགྱུར་རོ།། དགུན་ཟླའི་འབྲིང་པོའི་བཅུ་བཞི་ལ ་ཕུར་བུའི་ཉི་མ་དང་། སྐར་མ་རྒྱལ་འཇོམ་པ་ལ་འཁྲུལ་འཁོར་ཐམས་ཅད་གྲོལ་བར་འགྱུར་རོ།། དགུན་ཟླ་ཐ་ཆུངས་ཀྱི་ནག་པོའི་བཅུ་བཞི་ལ་ཕུར་བུ་དང་། སྐར་ས་གྲོ་ཞུན ་ལ་བུ་ག་ཐམས་ཅད་ཀྱི་འཁྲུལ་འཁོར་མེད་པར་འགྱུར་རོ།། དགུན་ཟླ་ཐ་ཆུངས་ཀྱི་དཀར་པོའི་བཅུ་བཞི་ལ་བུར་བུའི་ཉི་མ་དང་། སྐམ་རྒྱལ་འཇོམ་པ་ལ་འཁོར་མ་ལུས་པ ་གྲོལ་བར་འགྱུ་རོ། སྟོན་ཟླ་ར་བའི་ནག་པོའི་ཆེས་བརྒྱད་ལ་ཕུར་བུའི་ཉིན་བར་དང་། ཀར་མ་ནམ་གྲུ་འཇོམ་པ་ན་བུ་གི་སྒོ་ཐམས་ཅད་གྲོལ་བར་འགྱུར་རོ།། དབྱར་ཟླ ་འབྲིང་པོའི་ནག་པོའི་བཅུ་བཞི་ལ་བུར་བུའི་ཉིན་པར་དང་། སྐར་མ་རྒྱལ་ལམ་ནམ་གྲུ་འཇོམ་པ་ལ་བུ་ག་ཐམས་ཅད་ངེས་པར་གྲོལ་བར་འགྱུར་རོ།། གྲོང་གི་མི་འཁོར་དང ་བཅས་པ་ལ་ཐམས་ཅད་འཇུག་པར་བྱའོ།། སྟོན་ཟླ་ར་བའི་ནག་པོའི་བཅུ་བཞི་ལ་ཕུར་བུའི་ཉིན་པར་དང་། སྐར་མ་བལ་གུ་ནི་འཛེམ་པ་ནི་ངེས་པར་བུ་གའི་སྒོ་གྲོལ ་བར་འགྱུར་རོ།། ལྷ་མ་ཡིན་གྱི་དབང་པོ་གཞན་ལེན་གྱིས་རྗེ་བཙུན་འཕགས་པ་ཕྱག་ན་རྡོ་རྗེ་རབ་ཏུ་དགེས་པའི་དོན་དུ་ས་འོག་གི་གསང་བ་ཆེན་པོ་སྨྲས་པའོ།། སྔགས ་དང་སྦྱིན་སྲེག་རྣམ་པར་སྤང་ངོ་།། ས་འོག་གི་གསང་བ་ཆེན་པོའི་ཡོང་སུ་རྫོགས་སྷོ།། །། འཕགས་པ་ཕྱག་ན་རྡོ་རྗེའི་རྒྱུད་ཀྱི་རྒྱལ ་པོ་ཆེན་པོ་རྡོ་རྗེས་འོག་ཅེས་བྱ་བ་ཇི་སྙེད་པ་ཡོངསུ་རྫོགས་སྷོ།། རྒྱ་གར་གྱི་བན་ཏི་ཏ་བརྡའ་སྤོད་པ་ཆེན་པོ་བདེ་བར་གཤེགས་པའི་དཔལ་ཞེས་བྱ་བ་དང་། ་སྒྲ་བསྒྱུར་གྱི་མཁས་པའི་སྒྲའི་གཙུག་ལག་ལམ་རྨོངས་པ། གསང་སྔགས་འཛིན་པ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས་དཔལ་ས་སྐྱའི་དབེན་གནས་དམ་པར ་བསྒྱུར།། ། ལྷ་མིན་དབང་པོའི་སྒོ་གླེགས་འཇོམས་བྱེད་པ།། གསུངས་རབ་དམ་པ་དཔལ་ལྡན་ཀུན་དགའི་རྒྱལ་མཚན་གྱིས་བསྒྱུར་འདི་ལ་སྒྲ་ཉམས་པ། ་གང་ལགས་དེ་ལ་མཁས་རྣམས་བཟོད་པར་མཛོད། ས་འོག་འཁྲུལ་འཁོར་བདེ་ལེགས་རིན་ཆེན་གཏེར། གསང་སྔགས་རྡོ་རྗེ་འཛིན་པ་དམ་པའི་དཀའ། གང་ཅན ་འགྲོ་ལ་ཕན་པའི་བློ་གྲོས་ཀྱིས།། བསྒྱུར་བའི་བསོད་ནམས་འཛིན་བཅས་རྣམས་ལ་བྱིན།། དགེའོ།། བཀྲ་ཤ་སི།། ་