CLOSE WINDOW

F508: 'phags pa spyan ras gzigs dbang phyug gi pad ma yid bzhin gyi 'khor los sgyur ba zhes bya ba'i gzungs
Wyliee-texts produced with BDRC’s OCR application

མངོན་པར་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡུམ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། @#། འཕགས་པ ་སྤྱན་རས་གཟིགས་དབང་ཕྱུག་གི་པད་མོ་ཡིད་བཞིན་གྱི་འཁོར་ལོས་སྒྱུར་བ་ཞེས་བྱ་བའི་གཟུངས།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། ་དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་འདི་སྐད་ཅེས ་གསོལ་ཏོ།། བཅོམ་ལྡན་འདས་རིག་སྔགས་ཀྱི་ཆོ་ག་རྒྱས་པའི་དཀྱིལ་འཁོར་ཆེན་པོའི་པད་མའི་རྩེ་མེའི་གསང་སྔགས་ཀྱི་རྒྱུད་འདི་ལ་བདག་གི་སྙིང་པོ་དམ་ཚིག་གི་བྱིན་གྱི་བརླབས ་གསང་བ་གཞན་གྱིས་མི་ཚུགས་པ། སྤྱན་རས་གཟིགས་ཀྱི་པད་མ་ཡིད་བཞིན་གྱི་ནོར་བུའི་འཁོར་ལོས་བསྒྱུར་བ་ཞེས་བྱ་བའི་གཟུངས། འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་གིས་སྙིང་པོ་འགྲུབ་པའི་མཆོག་མཆིས་ཏེ། བཅོམ་ལྡན་འདས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དེ་ན་གྲུབ་པའི་མཆོག་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བརྗོད་པར ་འཆལ་ན་དེའི་སླད་དུ་བཅོམ་ལྡན་འདས་བདག་གི་རིག་སྔགས་འཆང་ཐམས་ཅད་ཀྱི་རིན་པོ་ཆེའི་ཆར་ཆེན་པོ་རྣམས་བྱིན་གྱི་བརླབས་དུ་གསོལ།། འོན་ཀྱང་དཔག་རྒྱུ་ཙམ་གྱི་ཤིང་ཆེན ་པོ་ལྟ་བུ་དང་། ཡིད་བཞིན་གྱི་ནོར་བུ་ལྟར་སེམས་ཅན་ཐམས་ཅད་ཀྱི་བསམ་པ་ཡོངས་སུ་རྫོགས་པར་བགྱིད་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། སྤྱན་རས ་གཟིགས་དབང་ཕྱུག་ངས་བྱིན་གྱིས་བརླབས་ཟིན་གྱིས། སྤྱན་རས་གཟིགས་དབང་ཕྱུག་གིས་པད་མའི་ཡིད་བཞིན་གྱི་ནོར་བུའི་འཁོར་ལོ་བསྒྱུར་བའི་སྙིང་པོ་གཞན་གྱིས་མི་ཐུབ་པ ་བསམ་པ་དང་། རེ་བ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའི་མངོན་དུ་ཤོད་ཅིང་། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང ་ཕྱུག་གིས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བྱ་བྱས་ནས།། བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། གཞིན ་མཛུམ་ཞིང་མདངས་བྱུང་བའི་མིག་དང་ལྡན་པས་སྙིང་རྗེ་ཆེན་པོའི་རིག་སྔགས་ཀྱི་རྒྱལ་མེའི་སྙིང་པོ་སྨྲས་པ། ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨརྱ་ཨ་བ་ལོ་ཀི་ཏེ་ཤ་ར་ཡ། བོ་དྷི་ས་དྷ་ཡ། ་མ་ཧཱ་ས་ཧཱ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཏད་ཡཱ་ཐཱ། ཨོཾ་ཙཀྲ་བརྟི། ཙིན་ཏཱ་མ་ནི། མ་ཧཱ་པད་མེ་རུ་རུ་ཏཱི་བྷཱུ་ཛ་ལ། ཨ་ཀ་ར་ཤ་ཡ་ཧཱུཾ་ཕཊ་སྭཱ་ཧཱ། རྩ་བའི་སྔགས་སོ།། ཨོཾ་པད་མ ་ཙིན་ཏ་མ་ཎི་ཛྭ་ལ་ཧཱུཾ། སྙིང་པོའོ། ཨོཾ་བ་ར་དྷ་པད་མེ་ཧཱུཾ། ཉེ་བའི་སྙིང་པོའོ།། དེ་ནས་འཁོར་ལོ་བསྒྱུར་བ་ཆེན་པོའི་གཟུངས་ཆེན་པོ་བཤད་མ་ཐག་ཏུ་ས་ཆེན་པོ་འདི་རྣམ་པ་དྲུག་ཏུ ་གཡོས་སོ།། ལྷའི་གནས་ཐམས་ཅད་ཀྱང་རབ་ཏུ་གཡོས་སོ།། ཀླུའི་གནས་ཐམས་ཅད་ཀྱང་ཤིག་ཤིག་བྱེད་པར་འགྱུར་རོ།། གནོད་སྦྱིན་དང་། དྲི་ཟ་དང་། ལྷ་མ་ཡིན་དང་། ནམ ་མཁའ་ལྡིང་དང་། མི་འམ་ཅི་དང་། ལྷོ་ཚེ་ཆེན་པོའི་གནས་ཐམས་ཅད་ཀྱང་འགུལ་ལོ་ཏོ།། བདུད་དང་མ་རུང་བ་ཐམས་ཅད། བགེགས་དང་ལོག་པར་འདྲེན་པ་རྣམས་ཀྱང་སྔགས ་སོ།། བདུད་ཀྱི་གནས་ཐམས་ཅད་ཀྱང་ཀུན་ཏུ་འབར་བར་འགྱུར་རོ།། སེམས་ཅན་མ་རུང་བ་རྣམས་དང་། ཀླུ་མ་རུང་བ་རྣམས་དང་། གསང་བ་པ་མ་རུངས་པ་རྣམས་དང་། སྲིན ་མོ་དྲག་ཤུལ་ཅན་དེ་དག་ནི་ཁབ་ཕུབ་དུ་བསྒྱེལ་ལོ།། སེམས་ཅན་དམྱལ་བ་ཐམས་ཅད་ཀྱང་རྣམ་པར་ཞིག་ཅིང་རལ་ཏེ། རྨེག་མེད་པར་གྱུར་ཏོ།། དམྱལ་བ་པའི་སེམས་ཅན་དེ་དག ་@ཀྱང་ཡོངས་སུ་ཐར་ནས། མཐོ་རིས་ཀྱི་འཇིག་རྟེན་དོང་སྟེ། བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷའི་མཆོད་པའི་སྤྲིན་སྣ་ཚོགས་ཀྱི་ཆར་བབ་བོ།། ལྷ ་མེ་ཏོག་དང་། བདུག་པ་དང་། གོས་ཀྱི་རྒྱན་དང་། སྤོས་དང་། ཕྲེང་བ་དང་། བྱུག་པ་སྣ་ཚོགས་ཀྱི་ཆར་རབ་ཏུ་བབས་སོ།། ནམ་མཁའ་ལ་ཡང་ལྷའི་རོལ་སྒྲ་གྲགས་པར་གྱུར་ཏེ། བཅོམ ་ལྡན་འདས་ལ་མཆོད་པའི་ལས་བྱེད་དོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པའི་གསུང་ཀ་ལ་པིང་ཀའི་སྐད་ལྟར་གདངས་སྙན་ཅིང་ཟབ་པས། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། སྤྱན་རས་གཟིགས་དབང་ཕྱུག་ལེགས་སོ་ལེགས་སོ།། རིག་སྔགས་ཀྱི་རྒྱལ་པོ་བཤད ་པ་འདི་ནི་མཆོག་ཏུ་བཀོད་པ་དང་། མཆོག་ཏུ་དམ་པ་སྦྱིན་པར་བྱེད་པ་ཡིན་གྱིས། སེམས་ཅན་པོ་ཡི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཆོ་གར་བྱ་བ་རྒྱས་པར་ཤོད་ཅིག། དེ་ནས་བྱང་ཆུབ ་སེམས་དཔའ་སེམས་དཔའ་ཆེན་པོ་སྲན་རས་གཟིགས་དབང་ཕྱུག་གིས་ཆོ་གར་བྱ་བཤད་པ། བཅོམ་ལྡན་འདས་རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང ་མ་འམ། དགེ་བསྙེན་ནམ། དགེ་སྙེན་མ་འམ། སུ་ཡང་རུང་བ་འབྲས་བུ་མོད་ལ་ཐོབ་པར་འཚལ་བས། ཡིད་བཞིན་གྱི་ནོར་བུའི་ཕྱག་རྒྱ་ལ་མངོན་པར་བརྩོན་པར་བགྱིའོ།། ཆེས ་གྲངས་རྒྱུ་སྐར་སྦྱར་མི་འཚལ།། བསླང་བའི་ཆོ་ག་བགྱི་མི་འཚལ།། ཁྲུས་དང་གོས་གསར་བགོ་མི་འཚལ།། དེ་བཞིན་བསྒྲུབ་པའི་ཆོ་ག་མེད།། བཀླགས་པ་ཉིད་ཀྱིས་འགྲུབ་འགྱུར ་ཏེ།། བཟླས་བརྗོད་ཙམ་གྱིས་ཐེ་ཚོམ་མེད།། ལས་ནི་སྟོང་དང་དེ་བཞིན་དུ།། ལས་ནི་བརྒྱ་ཡང་བགྱིད་འགྱུར་ཏེ།། ཡིད་བཞིན་ནོར་བུ་ལྟ་བུ་ཡི།། རིག་སྔགས་མཚུངས ་པ་འགའ་མ་མཆིས།། སྔོན་གྱི་སྒྲིབ་པ་བསགས་པ་དང་།། སྔོན་གྱི་སྡིག་པ་ཟད་འགྱུར་ཏེ།། དེ་ཕྱིར་བཟླས་བརྗོད་བྱས་ཙམ་གྱིས།། དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར།། ་བཏོན་པ་ཙམ་གྱིས་མནར་མེད་པར།། མཆི་བ་ཡི་ནི་སྡིག་པ་རྣམས།། འཕྲལ་དུ་རྣམ་པར་དག་པར་འགྱུར།། མཚམས་མེད་པའི་སྡིག་པ་དང་།། སྒྲིབ་པ་ཡོངས་སུ་བྱང་ཞིང ་གཏན་ནས་ཟད་པར་འགྱུར།། ཐམས་ཅད་མ་ལུས་པར་ཟད་པར་འགྱུར།། ནད་ཐམས་ཅད་ལས་ཐར་བར་འགྱུར་ལགས་སོ།། བཏོན་པ་ཙམ་གྱིས་རིམས་ཞག་གཅིག་པ་དང་།། ་ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི་པ་དང་། རླུང་ལས་གྱུར་པ་དང་། མཁྲིས་པ་ལས་གྱུར་པ་དང་། བད་ཀན་ལས་གྱུར་པ་དང་། འདུས་པ་ལས་གྱུར་པ་དང་། ་རྟག་པའི་རིམས་དང་། རིམས་ལྡང་དུབ་པ་དང་། མཚན་མེའི་རིམས་དང་། ཉིན་མོའི་རིམས་ཐམས་ཅད་ལ་ཡོངས་སུ་ཐར་བར་འགྱུར། མདའ་དུག་དང་། སྦར་དུག་དང་། བྱང ་སྡེམས་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ།། གཞན་ཡང་འབྲས་དང་། ཕོལ་མིག་དང་། ལྷོག་པ་དང་། རྐང་ཤུ་དང་གཡན་པ་དང་། མཛེ་དང་། ཤ་བཀྲ་དང་། རླུང ་ནད་དག་གིས་མི་ཚུགས་པར་འགྱུར་ལགས་སོ།། གཞན་ཡང་ནམས་ཀྱང་སོ་ན་བ་དང་། མིག་ན་བ་དང་། ཁ་ན་བ་དང་། ཡན་ལག་ན་བ་དང་། ཉིང་ལག་ན་བ་དང་། ལྟོན་པ་དང་། ་ཀླད་པ་ན་བ་དང་། གཞོག་ཕྱེད་ན་བས་མི་ཚུགས་པར་འགྱུར།། ལུས་ལ་གདོན་གྱིས་མི་ཚུགས་པར་འགྱུར། གནོད་སྦྱིན་དང་། སྲིན་པོ་དང་། ་འབྱུང་པོ་དང་། ཤ་ཟ་དང་། མཁའ་འགྲོ་མ་འདོད་བསྒྲར་བསྒྱུར་བའི་གཟུགས་ཅན་དང་། བགེགས་དང་ལོག་འདྲེན་དང་། བདུད་ཀྱི་རིགས་ཀྱིས་ནམས་ཀྱང་བཀླགས་རྙེད་པར་མི་འགྱུར། ་ལུས་ལ་མང་དུག་དང་མཚོན་དང་མེ་དང་ཆུ་དང་། རླུང་དང་། ལྕེ་འབབ་པས་མི་ཚུགས་པར་འགྱུར་རོ།། རྐུན་པོའི་འཇིགས་པ་དང་། ཆོམ་རྐུན་གྱི་འཇིགས་པ་དང་། རྒྱལ་པོའི་འཇིགས ་པ་དང་། ཕ་རོལ་གྱི་དམག་ཚོགས་ཀྱིས་འཇིགས་པ་དང་། ཕྱིར་རྒོལ་བས་འཇིགས་པ་དང་། མི་མཛའ་བས་འཇིགས་པ་དང་། དགྲའི་འཇིགས་པ་མི་འབྱུང་། དུས་མ་ཡིན་པའི ་མཆི་བས་འཇིགས་པ་མི་འབྱུང་། རྨི་ལམ་ངན་པ་རྨིས་པར་མི་འགྱུར། སྡིག་པའི་འཇིགས་པ་དང་། སྦྲུལ་གདུག་པའི་འཇིགས་པ་དང་། སྲེད་མེད་ཀྱིས་འཇིགས་པ་མི་འབྱུང་། ་གཅན་ཟན་ཁྲོ་བོའི་འཇིགས་པ་མི་འབྱུང་།། འཐབ་མོ་ཐམས་ཅད་ལས་རྒྱལ་བར་འགྱུར། འཐབ་མོ་དང་། འཐབ་པ་དང་། རྩོད་པ་དང་། འགྱེད་པ་ཐམས་ཅད་ལ་ལན་ཐེབས ་བར་འགྱུར། ཐམས་ཅད་དུ་རྒྱལ་བར་འགྱུར་ཏེ། དེ་དག་ནི་བཏོན་པ་ཙམ་གྱིས་འགྲུབ་ཅིང་། བཏོན་པའི་མོད་ལ་དོན་རྣམས་འགྲུབ་པར་འགྱུར་ལགས་སོ།། དེ་ནས་ལན་རྒྱ་རྩ་བརྒྱད ་བཟླས་བརྗོད་བྱས་པ་ཙམ་གྱིས། དེ་ཉིད་ཀྱི་ཉིན་མོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་མངོན་གསུམ་དུ་སྟོན་པར་བགྱིད། དབུགས་འབྱིན་པར་བགྱིད། དངོས་གྲུབ ་མཆོག་སྩོལ་བར་ལགས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱང་སྐྲ་སྟོན། དེ་བཞིན་གཤེགས་པ་འོད་དཔག་མེད་ཀྱང་སྐུ་སྟོན། བདེ་བ་ཅན་གྱི་འཇིག་རྟེན་གྱི་ཁམས ་ལེགས་པར་རྒྱན་པ་དང་། གཞལ་མེད་ཁང་མཐའ་དག་ཀྱང་། མཐོང་བར་འགྱུར། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་གནས་པའི་བྱང་ཆུབ་སེམས་དཔའ་སོ་སོའི་འཁོར་གྱི ་དཀྱིལ་འཁོར་འདུས་པ་རྣམས་ཀྱང་མཐོང་བར་འགྱུར། འཕགས་པ་སྤྱན་རས་གཟིགས་ཀྱི་གནས་གཞལ་མེད་ཁང་དང་། རི་བོ་པོ་ཊ་ལ་མཐོང་བར་འགྱུར། ལུས་ཡོངས་སུ ་དག་པར་འགྱུར། རྒྱལ་ཁམས་ཐམས་ཅད་དུ་བཀུར་བར་འགྱུར་ལགས་སོ།། འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བར་འགྱུར། སྒྲིབ་པ་དང་། སྡིག་པ་ཐམས་ཅད་རྣམ ་པར་དག་པར་འགྱུར། འཆི་བའི་ཚེ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མངོན་གསུམ་དུ་མཐོང་བར་འགྱུར་རོ།། གང་དང་གང་དུ་སྐྱེས་པ་དེ་དང་དེར་རྒྱན་ཐམས་ཅད་ཀྱིས་བརྒྱན ་ཏེ་པད་མ་ལས་བརྫུས་ཏེ་སྐྱེ་བར་འགྱུར། ཚེ་རབས་ཅུང་དུ་ཚེ་རབས་དྲན་པར་འགྱུར་རོ།། ནམ་ཀྱང་ངན་སོང་དུ་སྐྱེ་བར་མི་འགྱུར། སངས་རྒྱས་ཀྱི་གོ་འཕངས་ཐོབ་པར་འགྱུར། ་བཏོན་པ་ཙམ་གྱི་སྡིག་པ་དང་། སྒྲིབ་པ་རྣམས་ཟད་པ་དང་། བདེ་བར་གཤེགས་པའི་ལམ་རྣམ་པར་དག་པར་འགྱུར་ལགས་སོ།། སེམས་ཅན་ཀུན་ལ་ཕན་བྱེད་པ།། མཁས་པ ་རྣམས་ལ་བདེ་སྦྱིན་པ།། རྟག་ཏུ་ནོར་དང་འབྲུ་འཕེལ་པ། དབང་ཕྱུག་ཕུན་སུམ་ཚོགས་བྱེད་པ། སྟོབས་ནི་འཕེལ་བྱེད་དགེ་བ་ཡིན། གསང་བ་འདི་ནི་རབ་ཏུ་གསང་།། ཇི་སྟེ་དངོས་གྲུབ ་#མཆོག་འདོད་ན།། ཤེས་རབ་ཅན་གྱིས་བདག་གིས་གསང་། ཨུ་ལ་ཅིས་ཀྱང་ཡིད་མི་བརྟེན།། ཡིད་བཞིན་ནོར་བུའི་ཕྱག་རྒྱ་ཆེ།། བཟླས་པས་འགྲུ ་པ་བླ་ན་མེད།། ཟས་ནི་འཆལ་རུང་མ་འཚལ་རུང་བ། དེ་ལ་ནོངས་པ་ཅི་མ་མཆིས། གཙང་རུང་དེ་བཞིན་གཙང་རུང་།། དེ་ལ་ནོངས་པ་ཅི་མ་མཆིས།། བཟླས་བརྗོད་ལས་ནི་རྟག་ཏུ་བགྱི།། འཇིག ་རྟེན་མགོན་པོའི་གཟུགས་ཀྱི་སྐུ། ཡང་དང་ཡང་དུ་དྲན་པར་བགྱི།། རྟག་ཏུ་ཡིད་ལ་བསྒོམ་བཞིན་དུ། ཡིད་བཞིན་ནོར་བུ་རྟག་ཏུ་བཟླ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཡིད ་