CLOSE WINDOW

F504: 'jig rten dbang phyug gi rtog pa
Wyliee-texts produced with BDRC’s OCR application

རྫོགས་སྷོ།། ། པན་ཊི་ཏ་དྷརྨ་ཤྲི་མི་ཏྲ་དང་། ལོ་ཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། རྒྱ་གར་སྐད་དུ།། ལོ་ཀཽ་ཤ་ར་ཀཱ་ལ་པ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་རྟོག ་པ།། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ།། སངས་རྒྱས་ལ་ཕྱག་འཚལ་ལོ།། ཆོས་ལ་ཕྱག་འཚལ་ལོ།། དགེ་འདུན་ལ་ཕྱག་འཚལ་ལོ།། ་འཇིག་རྟེན་མགོན་པོས་རྟོག་པ་ནི།། མདོར་སྔས་འདིར་ནི་བཤད་པར་བྱ།། སངས་རྒྱས་ཐམས་ཅད་རྒྱུད་ཆེན་པོ།། འདོད་པའི་དོན་ཀུན་རབ་སྟེར་བྱའོ།། དང་པོར་རེ་ཤིག་རིགས་པ་འཛིན་པས།། ་@གཙང་ཞིང་དབེན་པའི་གནས་སུ།། ཧཱུཾ་གིས་དག་པར་བྱས་ནས་ཉེ་བར་འདུག་ཅིང་།། པད་མའི་ཕྱག་རྒྱ་བཅིངས་ལ།། ཨུ་ཤུ་ནྱཱ་ཏ་ཛྙཱ་ན་བཛྲ་ས་བྷ་བ་ཨང་མཀོ་ཧཾ།། ཞེས ་བརྗོད་ལ་ཐམས་ཅད་སྟོང་པའི་རྣམ་པར་བསམ་པར་བྱའོ།། དེའི་རྗེས་སུ་ཨོཾ་ཙིད་ཏ་པྲ་དོ་དྷ་ཀ་རི་མི།། དེ་ལྟར་བརྗོད་ལ། སྣ་ཚོགས་པའི་པད་མ་འདབ་མ་བརྒྱད་པ་བསྒོམས་ན། པད་མའི་སྟེང་དུ ་། ཟླ་བའི་དཀྱིལ་འཁོར་བསམ་པར་བྱའོ།། ཟླ་བའི་སྟེང་དུ་ཧྲི། སྔགས་ཡོངས་སུ་གྱུར་པ་ལས།། བདག་ཉིད་འཇིག་རྟེན་དབང་ཕྱུག་དུ་བསྒོམ་པར་བྱས་སྟེ། སེམས་དཔའི་དཀྱིལ་མོ་དཀྲུང་གིས ་བཞུགས་པ།། ཕྱག་གཉིས་པ་མདོག་དམར་པོ།། མཚན་ཉིད་གོས་དཀར་མོ་དོ་ལ་འཁྱུད་པ་པད་མ་དམར་པོ་ཁ་འབྱེད་པའི་གར་གྱི་ཚུལ་ཅན་ཁབ་ཀྱི་ཕྱག་རྒྱ་ཁ་འབྱེད་པར་བསྒོམས་ལ། འདི་བརྗོད ་པར་བྱ་སྟེ།། ཇི་ལྟར་པད་མ་དམར་པོ་ནི། འདོད་ཆགས་སྐྱོན་གྱིས་གོས་ཤིང་།། དེ་བཞིན་སྣ་ཚོགས་བག་ཆགས་སྐྱོན།། ཁམས་གསུམ་གསུམ་རྣམ་པར་དག་པ་ཡི།། དབུ་རྒྱན་ལ་འོད་དཔག ་མེད་བསྒོམས་པར་བྱའོ།། དེ་ནས་འདི་བརྗོད་པར་བྱ་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝ་ཀ་ཙི་ཏ་བཛྲ་སྭ་བྷ་བ་ཨད་མ་ཀོ་ཧཱཾ།། དེ་ལྟར་བསྒོམ་ནས་བརྒྱན་དུ་ལྷ་མོ་རྣམས་བསམ་མོ།། ཨོཾ་བཱི་ལེ་ཀྱི་ནི ་ཨ་ཝ་ལོ་ཀ་ཡ་ས་ཧཱུཾ།། ཤར་གྱི་འདབ་མ་ལ་ནི་རྣམ་པར་གཟིགས་མ། ཞེས་བྱ་བའི་ལྷ་མོ་པད་མ་དམར་མོ་བསྣམས་པའོ།། ཨོཾ་ཏ་རེ་དུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ལྕེའི་འདབ་མ་ལ་བཅོམ་ལྡན་འདས ་མ་སྒྲོལ་མ་པ་ཡ་ཤའི་འདབ་མ་ལྟ་བུ་ཡི་པད་མ་བསྣམས་པའོ།། ཨོཾ་བྷུ་རི་ཎི་མ་ཧཱ་ཙཀྲ་ཝར་ཏི་ནི་ཧཱུཾ། ནུབ་ཀྱི་འདབ་མ་ལ་བྷཱ་རི་ཎི་ཞེས་བྱ་བའི་ལྷ་མོ་ཨུད་དཔལ་ལ་སྔོན་པོ་ལྟ་བུའི་པད་མ་ཕྱག་ན ་བསྣམས་པའོ།། ཨོཾ་བྷི་ཀུ་དྷི། ཏིརཱ་ཏུ་ཌ་ཏ་མ་ཧཱུ~ཾ།། བྱང་གི་འདབ་མ་ལ་ཁྲོ་ག་ཉེར་བྱ་བའི་ལྷ་མོ་པད་མ་སེར་པོ་བསྣམས་པའོ།། ཨོཾ་མ་ཧཱ་སྲི་ཡེ་མ་ཎི་པད་མེ་ཧཱུཾ། འདི་ནི་པད་མའི་མགོ་ཅན་ཏེ། ་ཤར་ཕྱོགས་ཀྱི་མཚམས་སུ་བཙོང་ལྟ་བུ་པད་མ་བསྣམས་པའོ།། ཨོཾ་བཛྲ་པད་མ་ཤ་རི་བ་ར་བད་མེ་ཧཱུཾ། ལྷོ་ཕྱོགས་ཀྱི་མཚམས་སུ་པད་མ་དཀར་པོ་བསྣམས་པའོ།། ཨོཾ་བྷི་ཤ་པད་མེ་ཧཱུཾ། འ ་ནི་སྣ་ཚོགས་ཀྱི་པད་མ་སྟེ། ནུབ་ཕྱོགས་ཀྱི་མཚམས་སུ་པད་མ་ནག་པོ་བསྣམས་པའོ།། ཨོཾ་བི་ཤ་བག་ཏྲེ་ཧཱུཾ། འདི་ནི་སྣ་ཚོགས་ཀྱི་ཞལ་ཅན་ཏེ། བྱང་ཕྱོགས་ཀྱི་མཚམས་སུ་སྣ་ཚོགས་པད་མ ་བསྣམས་པའོ།། ཨོཾ་ཧྲི་པད་མ་ནར་ཏི་ཤ་ར་ཧཱུཾ།། ཟེ་འབྲུ་ཡི་དབུས་སུ་འདོད་ཆགས་ཆེན་པོའི་བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་གོ།། དེ་ལྟར་གང་བསྒོམ་པ་དང་ལྡན་ཞིང་ཏིང་ངེ ་འཛིན་ལ་གོམས་པར་བྱེད་ན། དངོས་གྲུབ་བརྟན་པོར་འགྱུར་རོ།། དེ་ཡིས་སངས་རྒྱས་ཉིད་དང་འདོད་པའི་ལོངས་སྤྱོད་ཐམས་ཅད་སྟེར་རོ།། སངས་རྒྱས་ཕ་རོལ་བྱིན་འགྲུབ་ཅིང་། གཟུངས་དང་ས། ་ཡང་དེ་བཞིན་ནོ།། འཇིག་རྟེན་ཀུན་གྱི་བདེ་སྟོན་ནི།། སོ་སོར་རང་ཉིད་རྗེས་སུ་བསྒྲུབ།། སངས་རྒྱས་ཉིད་དང་བྱང་སེམས་ཉིད།། རང་རྒྱལ་ཉིད་ཀྱང་དེ་བཞིན་ནོ།། ཡིད་འོངས་སངས་རྒྱས་གོ ་འཕང་ཉིད།། སྤྱད་མི་གོམས་པར་འགྲུབ་པར་འགྱུར།། བྱང་ཆུབ་སེམས་དང་ག་བུར་བཅས།། ཅན་ཏན་དམར་དང་སྦྱར་བྱས་ཏེ།། རྡོ་རྗེ་ཆུ་དང་ཡང་དག་ལྡན།། སངས་རྒྱས་ཀུན་གྱི་བཅུད་ལེན ་ཡིན།། སྦྱོར་བ་བཟང་པོ་འདི་ཡིས་ནི།། བཅུད་ཀྱི་ལེན་ནི་བདེ་བར་ཡང་།། འགྲུབ་འགྱུར་འཇིག་རྟེན་མགོན་པོའོ།། གཞོན་ཞིང་ནད་མེད་དམ་བདེ་ཞིང་།། ཚེ་དང་སྟོབས་དང་བརྩོན་འགྲུས ་འགྲུས་དང་།། སྐལ་བཟང་ཡེ་ཤེས་བླ་ན་མེད།། སྐྱེ་བ་འདི་ལ་འགྲུབ་པའོ།། མ་ལུས་ལུས་པ་མེད་པར་འགྲུག། དབང་དང་དགུ་དང་བྱེ་བ་དང་།། གསད་དང་བསྐྲད ་པ་ལ་སོགས་པ།། རེངས་དང་ཕུར་བུས་གདབ་ཉིད་དང་།། ནམ་མཁའ་འགྲོ་བ་དེ་བཞིན་ནོ།། ས་བཅུའི་དབང་ཕྱུག་ཐོབ་འགྱུར་ཞིང་།། དེ་ཕྱིར་ཏིང་འཛིན་ལྡན་པ་ཡི།། རྡོ་རྗེའི་དམ་ཚིག་དེ་ཡིས། ་ནི།། རིག་པ་དང་ནི་བཅོས་པའི་མཆོག། འཇིག་རྟེན་མགོན་པོ་འགྲུབ་པར་འགྱུར། ཨོཾ་ཧྲི་པད་མ་ན་ར་ཤ་ར་ཧཱུཾ། རྩ་བའི་སྔགས་འདི་བརྒྱ་རྩ་བརྒྱད་བཟླས་ན།། ཉིན་མོ་དང་ནུབ་མོ་བྱས་པའི་སྡིག ་པ་ཉམས་པར་འགྱུར་རོ།། ཡང་ལྔ་བརྒྱ་བཟླས་བརྗོད་བྱས་ན་ནད་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། ཡང་ན་སྟོང་བཟླས་བརྗོད་བྱས་ན་དུས་མ་ཡིན་པར་མཆི་བ་མེད་པར་འགྱུར་རོ།། ཡང་ན་སྟོང ་ཕྲག་གཉིས་བཟླས་བརྗོད་བྱས་ན་ཐམས་ཅད་ཀྱིས་མཆོད་པའི་འོས་སུ་འགྱུར་རོ།། གཞན་ཡང་སྟོང་ཕྲག་གསུམ་བཟླས་བརྗོད་བྱས་ན། སྐལ་པ་བཟང་བ་དང་ག་ཡང་རབ་ཏུ་འཕེལ་བར་འགྱུར་རོ།། ་གཞན་ཡང་སྟོང་ཕྲག་བཞི་བཟླས་བརྗོད་བྱས་ན་དབུལ་བ་མེད་པར་འགྱུར་རོ།། སྟོང་ཕྲག་ལྔ་བཟླས་བརྗོད་བྱས་ན་དགྲ་ཕུང་བར་འགྱུར་རོ།། སྟོང་ཕྲག་དྲུག་བཟླས་བརྗོད་བྱས་ན་དགྲ་ཐམས་ཅད ་མེད་པར་འགྱུར་རོ།། སྟོང་ཕྲག་བདུན་བཟླས་བརྗོད་བྱས་ན་བདུད་བཞི་ལས་མཆོག་ཏུ་རྒྱལ་བར་འགྱུར་རོ།། སྟོང་ཕྲག་བརྒྱང་བཟླས་བརྗོད་བྱས་ན་རིགས་འཛིན་འགྲུབ་པར་འགྱུར་རོ།། ་སྟོང་ཕྲག་དགུ་བཟླས་བརྗོད་བྱས་ན། གནོད་སྦྱིན་འགྲུབ་པར་འགྱུར་རོ།། ཁྲི་ཆོ་གཅིག་བཟླས་བརྗོད་བྱས་ན། ལྷ་དང་ཀླུང་དང་། མིའི་བུ་མོ་རྣམས་འགྲུབ་པར་འགྱུར་རོ།། སྟོང ་ཕྲག་ཉི་ཤུ་བཟླས་བརྗོད་བྱས་ན་བར་སྣང་ལས་འགྲོ་བའི་རྣལ་འབྱོར་མ་རྣམས་འགྲུབ་པར་འགྱུར་རོ།། སྟོང་ཕྲག་གསུམ་ཅུ་བཟླས་བརྗོད་བྱས་ན་བསམ་པ་ཐམས་ཅད་ཡོངས་སུ ་རྫོགས་པར་འགྱུར་རོ།། སྟོང་ཕྲག་བཞི་བཅུ་བཟླས་བརྗོད་བྱས་ན་ནམ་མཁའ་ལ་སྤྱོད་པའི་རིག་པ་འཛིན་པར་འགྱུར་རོ།། སྟོང་ཕྲག་ལྔ་བཅུ་བཟླས་བརྗོད་བྱས་ན་རལ་གྲི་ཡི་རིག་པ ་འཛིན་པར་འགྱུར་རོ།། སྟོང་ཕྲག་དྲུག་ཅུ་བཟླས་བརྗོད་བྱས་ན་གྲུབ་པའི་རིག་པ་འཛིན་པར་འགྱུར་རོ།། སྟོང་ཕྲག་བདུན་ཅུ་བཟླས་བརྗོད་བྱས་ན་ས་གསུམ་གྱི་བདག་པོར་འགྱུར་རོ།། ་སྟོང་ཕྲག་བརྒྱ་ཅུ་བཟླས་བརྗོད་བྱས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་རོ།། འབུམ་ཕྲག་ཅིག་བཟླས་བརྗོད་བྱས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་རོ།། འབུམ ་ཕྲག་ཅིག་བཟླས་བརྗོད་བྱས་ན་བྱང་ཆུབ་སེམས་དཔའ་ཉིད་དུ་འགྱུར་རོ།། འབུམ་ཕྲག་བཅུ་བཟླས་བརྗོད་བྱས་ན་རང་དགའ་བའི་གཟུགས་སུ་འགྱུར་རོ།། བཞི་ཆ་དང་བཅས་པའི ་འབུམ་ཕྲག་ཟླས་བརྗོད་ན་སངས་རྒྱས་ཉིད་དུ་འགྱུར་རོ།། བྱེ་བ་ཕྲག་གཅིག་བཟླས་བརྗེད་བྱས་ན་ཐམས་ཅད་རྗེས་སུ་འཛིན་པར་བྱེད་པའི་ནུས་པ་ཅན་སྤན་རས་གཟིགས་དབང ་ཕྱུག་ལྟ་བུར་འགྱུར་ཞིང་ལུས་དང་ངག་དང་ཡིད་བྱིན་གྱིས་བརླངས་སོ།། འདི་ནི་བཅོམ་ལྡན་འདས་གསུང་རྡོ་རྗེས་གསུངས་པའོ།། ཨོཾ་པྲ་ཎ་དྷ་ར་བ་སི་ནཻ་བ་ར་དེ་ཧཱུཾ། འདི་ནི་གོས ་དཀར་མེའི་སྔགས་ཏེ་ལན་གཅིག་བརྗོད་པས་སྡིག་པའི་རིགས་ཚོགས་བསྲེག་པར་བྱེད་དོ།། ནུབ་བདུན་གྱི་ནང་རོལ་དུ་རྒྱལ་པོའི་བློན་པོ་དང་བཅས་པ་དང་འདུན་ན་འདོན་དང་། སྐྱེ ་འགྲོའི་ཚོགས་དང་བཙུར་མེའི་འཁོར་དང་བཅས་པ་དབང་དུ་འགྱུར་རོ།། བཟླས་པ་ཙམ་གྱིས་ཕུན་སུམ་ཚོགས་པ་ཐམས་ཅད ་ཀྱིས་སྐལ་པ་དང་ལྡན་པར་འགྱུར་རོ།། དེ་ལྟ་བུའི་རིམ་པས་འབུམ་ཕྲག་གཅིག་བཟླས་བརྗོད་བྱས་ན། གང་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་ནུས་པ་མཉམ ་བར་འགྱུར་རོ།། དངོས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ་པར་འགྱུར་རོ།། ཨོཾ་པི་ལེ་ཀྱི་ནི་ཨ་ཝ་ལོ་ཀི་ཡཻ་སྭཱ་ཧཱ།། འདི་ཡི་སྦྱོར་བ་ནི་སྟོང་ཕྲག་བཅུ ་བཟླས་བརྗོད་བྱས་ན། མེ་ལོང་དང་འཐེང་ཆེན་དང་ནམ་མཁའ་ལ་སོགས་པ་ལ་གསལ་པོར་ཕྲ་ཕབ་པ་འགྲུབ་པར་འགྱུར་རོ།། གང་སྔོན་བྱུང་བ་དང་། ད་ལྟར་དང་ཕྱིས ་འོང་བ་དེ་བསྟོན་པར་བྱེད་དོ།། ཡང་ན་སོ་ཤིང་ལ་ལན་ཉི་ཤུ་རྩ་གཅིག་མངོན་པར་སྔགས་པར་བྱས་ལ་ནུབ་མོ་ཉལ་བའི་དུས་སོ་ཤིང་འཆོས་ནས་མི་སྨྲ་བར་ཉལ་ན། དགོས ་བ་གང་ཡིན་པ་དེ་རྨི་ལམ་དུ་སྟོན་པར་བྱེད་དོ།། དེའང་འཁྲུལ་པ་མེད་པར་སྟོན་ཏོ།། ཨི་ཏཱ་རེ་ཏུཏ་ཏཱ་རེ་སྭཱ་ཧཱ།། བཅོམ་ལྡན་འདས་མ་སྒྲོལ་མ་འདི་འབུམ་ཕྲག་གཅིག་བཟླས་བརྗོད ་བྱས་ན། འཇིག་རྟེན་གསུམ་འགྲུབ་པར་འགྱུར་རོ།། ལྷའི་བུ་མོ་དང་། ཀླུའི་མོ་དང་། མི་འམ་ཅིའི་བུ་མོ་དང་། གནོད་སྦྱིན་གྱི་བུ་མོ་དང་། མེའི་བུ་མོ་སྟེ་འདི་རྣམས་ཀྱི་ནང་ནས་གང་འདོད ་བ་དེ་ཆོས་འབྱུང་དུ་གུར་གུམ་དང་རྒྱ་སྐྱེགས་དང་། རང་འབྱུང་གི་མེ་ཏོག་དང་། བྱང་ཆུབ་ཀྱི་སེམས་དང་། ཡང་དག་པར་ལྡན་པས་རྩིབ་དྲུག་པ་ཤིན་ཏུ་རྣོ་བའི་འཁོར་ལོ་དམར་པོ།། ་འཁོར་བཞིན་པ་རྣམ་པར་བྲིས་པ་བསམ་ལ། ཆོས་འབྱུང་འདི་བསྒྲུབ་པ་པོས་རི་སུལ་དུ་གྲིས་གསང་བའི་གནས་སུ་བིར་བྱས་ན། དེའང་མོས་ཤིང་བསྒྲུབ་པའི་སྟེང་དུ་ལྟུང ་བའི་རྣམ་པར་བསམས་པར་བྱའོ།། དེ་བཀུག་ལ་རང་ལ་གུས་ཤིང་ནོར་དང་བཅས་པ་དབང་དུ་འགྱུར་བར་བལྟའོ་ཞེས་བྱའོ།། ཡང་ན་ལྷ་དང་ཀླུ་དང་ལྷ་མ་ཡིན་དང་མི་འམ་ཅི ་དང་། རིག་པ་འཛིན་པ་དང་། གནོད་སྦྱིན་དང་འཁོར་ལོ་རྒྱུར་བ་དང་། བློན་པོ་དང་། སྐྱེས་བུ་འམ་གང་འདོད་པ་དེ་དམར་པོར་རྣམ་པར་བསམས་ལ། དེའི་སྙིང་ཁར་རྡོ་རྗེ་ལྷག ་ཀྱུས་འདི་འབར་བའི་ཕྲེང་བ་འཁྲུགས་པའི་ལྕགས་ཀྱུས་འབིགས་བཞིན་པ་དང་། ཞགས་པས་སྐྱེ་བ་ནས་བཅིངས་པ་ལ་འགུགས་བཞིན་པ་དང་། འདོད་པས་མྱོས་པར ་གྱུར་པའི་བར་དུ་གསལ་པོར་བསམ་པར་བྱའོ།། བདག་ཉིད་ནོར་དང་བཅས་པ་ལ་འགུགས་ཤིང་དབང་དུ་འགྱུར་རོ།། ཞེས་བྱའོ།། ཨོཾ་བྷ་རུ་ཎི་ཡ་ཧཱ་ཙཀྲ་མ་རི་དྷི་ནི་ཧཱུཾ། འདི་ཡི་སྦྱོར ་བ་ནི་དྲི་ཆེན་དང་། དྲི་ཆུ་ལ་སོགས་པས་དཀྱིལ་བྱས་ལ་ཇི་ལྟར་རྙེད་པའི་མེ་གྷོ་མཉམ་པར་མཆོད་ལ། དེ་ན་གནས་པའི་བསྒྲུབ་པ་པོས་གླིང་འམ་གླིང་གཞན་དང་། གྲོང་ཁྱེར་དང་། ་གྲོང་དང་། ཡུལ་ལཁོར་གྱི་རྒྱལ་པོ་གསམ་དང་བཟླས་པར་བྱའོ།། དེམས་བདན་པ་ཉིད་དུ་བྱུང་ནང་ལོངས་སྤྱོད་ནས་པད་བ་ཅན་གྱི། ་རྟེན་གྱི་ཁམས་སུ་སྐྱེ་བ་ཐོབ་པར་འགྱུར་རོ།། ཨོཾ་བྷི་ཀུ་ཏྲི་ཊ་ཊེ་རུ་ཊ་མ་ཊ་ཧཱུཾ།། ལྷ་མོ་ཁྲོ་ག་ཉེར་ཅན་ཞེས་བྱ་བ་འདི་ནི་སྒྲའི་རྐང་རྗེས་ཀྱི་རྡུལ་བླངས་ལ་དུག་དང་ཆ་བ་དང་། ཆ་དང་། སྐྱེ ་ཆ་དང་། ཁྲག་དང་། ཆུ་བོའི་འགྲམ་གཉིས་ཀྱིས་དེང་དྲི་ཆེན་རྡོ་རྗེ་ཡི་ཆུས་བསྔལ་ལ་གཟུགས་བརྙན་བྱས་སྟེ། མིའི་རུས་པའི་རང་བཞིན་གྱིས་ཕུར་བུས་ཚེགས་དང་། གནང ་ཀུན་ལ་བཏབ་ན་ཐོང་པ་ཁ་སྦྱར་བའི་ནང་དུ་བཞག་ཏེ། དུར་ཁྲོད་ཀྱི་མེ་ལ་གདུང་བར་བྱའོ།། ཞག་བདུན་དུ་སྦྱོར་བ་བྱས་ན་འཆི་བར་འགྱུར་རོ།། གལ་ཏེ་སེམས་ལ་སྡིག་པ་མེད་པར ་གྱུར་ན། ཞག་ཉི་ཤུ་རྩ་གཅིག་ན་སངས་རྒྱས་ཀྱང་འཆི་བར་འགྱུར་རོ།། ཨོཾ་མ་ཧཱ་ས་ཡེ་མ་ཎི་པད་མེ་ཧཱུཾ། ལྷ་མོ་འདི་ལ་དྲི་དང་མེ་ཏོག་དང་། མར་མེ་དང་། བསོད་སྙོམས་ཀྱི་ཟས ་ཀྱིས་སོ་སོར་མཆོད་ལ་བཟླས་པ་བྱས་ན་ཐམས་ཅད་བསྲུང་བར་འགྱུར་རོ།། ཡུལ་ཕྱོགས་ཀྱི་བརྩོད་པ་ལས་རྒྱལ་བར་འགྱུར་རོ།། སྤྱན་རས་གཟིགས་དབང་ཕྱུག་དང་མཉམ་པར་འགྱུར ་རོ།། ནོར་ཆེན་པོ་བདག་པོར་འགྱུར་རོ།། ཡང་ན་པང་མོ་སྟོང་ཕྲག་བཅུ་སྦྱིན་བསྲེག་བྱས་ན་རྒྱལ་པོར་འགྱུར་རོ།། ཨོཾ་བཛྲ་པད་མེ་ཤེ་རི་པང་མེ་ཧཱུཾ། རྡོ་རྗེ་བང་མེའི་དབང་ཕྱུག་ཡང་ཡིད ་ཀྱིས་བཟླས་པ་བྱས་ན་དབང་དགུག་པ་ལ་སོགས་པ་བྱེད་དོ།། ལན་བདུན་མངོན་པར་བསྔགས་ཏེ་གཙུག་ཕུང་འདུད་ན་རང་བསྲུང་ཞིང་རིམས་དཔེ། ལྐོག་ནང། ནད་ཐམས་ཅད་དང་། མཆོ ་དང་། མེ་དང་། རྐུན་པོ་དང་། སེང་གེ་དང་། གླང་པོ་ཆེན་དང་། སྦྲུལ་དང་། འཆིང་བ་དང་། རྒྱ་ཆེ་དང་། ཤ་ཟའི་ནད་སྟོང་ཕྲག་གཅིག་བཟླས་པས་ཞི་བར་འགྱུར་རོ།། ལན་གཅིག ་ལས་ཀྱི་བརྗེད་བྱེད་ཀྱི་གདོན་དང་། ཟ་བྱེད་དང་སྐྱུགས་པ་དང་། དྲི་བར་དཀའ་བ་དང་། འགོན་པར་དགའ་བའི་གདུགས་པ་ཅན་གྱི་སེམས་ཅན་ཐམས་ཅད་ཉམས་པར་བྱེད་དོ།། ་འབུམ་ཕྲག་གཅིག་ཟླས་པ་ན་ལུས་འཕེལ་ཞིང་སྐལ་བ་བཟང་བ་དང་། ལུས་གཞོན་ཞིང་ནད་མེད་པར་བྱེད་ཅིང་དུས་མ་ཡིན་པའི་འཆི་བ་ཉམས་པར་བྱེད་དོ།། ཡང་ན་ཀླུ་ཐབ་ཁུང་དུ ་བྲིས་ལ་དེར་སྐྱེ་ཆེ་དང་། དུག་དང་ཆའི་སྦྱིན་བསྲེག་བྱ་ཞིང་ཀླུའི་མིང་དང་སྤེལ་བས་འབུམ་ཕྲག་གཅིག་སྦྱིན་བསྲེག་བྱས་ན། ཆར་ཆེན་པོ་ཕབ་ནས་མུ་གེ་མེད་པར་བྱེད་དོ།། ཨོཾ་བེ་ཤ་རེ་བད་མེ ་ཧྲིཿསྣ་ཚོགས་པད་མ་འདི་ནི་རྨོངས་པ་དང་། རེངས་པ་དང་། གནས་པ་དང་། ཕུར་བུས་བཏབ་པ་དང་། གཞན་གྱི་ནོར་འཕྲོག་པ་དང་། ཕུར་བུ་དང་། མིག་འཕྲུལ་དང་། ངོ་མཚར་དང ་མི་མཐོང་བར་བྱེད་པ་དང་། ཕུག་དུ་འཇུག་པ་དང་། ནམ་མཁའ་ལ་འགྲོ་བ་དང་། ལྕབས་སྒྲོག་བཅད་པ་དང་། རིང་པོར་གདུག་པ་གང་དང་གང་ཡིན་རྒྱུད་ལས་བསྟན་པ་དང་། རྒྱུད་གཞན ་དང་ཡང་དག་པར་ལྡན་པའི་ལས་ཐམས་ཅད་བྱེད་དོ།། ལུས་དང་ངག་དང་ཡིད་གསུམ་གྱི་དངོས་གྲུབ་སྟེར་རོ།། བཅོམ་ལྡན། འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་འགྲུབ ་ཅིང་། གང་འདོད་པའི་ལས་ཐམས་ཅད་ནི་འགྲུབ་པར་འགྱུར་རོ།། ཞེས་བྱའོ།། ཨོཾ་བི་ཤ་ཧཱུ~ཾ། སྣ་ཚོགས་རྡོ་རྗེ་ཞེས་སྤྱོང་པའི་ལྷ་མོ་འདིས་ནི་ངག་གི་དངོས་གྲུབ་སྟེར་རོ།། ཚིགས ་བཅད་མཁན་དུ་བྱེད་ཅིང་གཞན་གྱི་ངག་རེངས་པར་བྱེད་དོ།། རང་ཉིད་བསྲུང་བ་དང་། གཞན་ཡང་བསྲུང་བར་འགྱུར་རོ།། རང་བསྐལ་པ་བཟང་པོའི ་ཞིང་། གཞན་ཡང་སྐལ་པ་བཟང་པོའི་རང་དོན་དང་གཞན་དོན་བྱེད་དོ།། ཇི་ལྟར་འདིར་ནི་འཕགས་པ་སྤན་རས་གཟིགས་དབང་ཕྱུག་སེམས་ཅན་གྱི་དོན་ལ་སྤྲོ་ཞིང་བརྩོན་པ་དེ་བཞིན་དུ། ་འདིར་བཅོམ་ལྡན་འདས་ཀྱིས། དམྱལ་བ་དང་ཡི་དགས་དང་། བྱོལ་སོང་གི་སྐྱེ་གནས་སུ་གཏོགས་པའི་སེམས་ཅན་རྣམས་སྒྲོལ་བར་བྱེད་དོ།། བདེ་བར་གཤེགས་པའི་བསྟན་པ ་ལ་དད་པ་རྣམས་ལྷ་མེ་ཉིད་ཀྱིས་གསུང་ངོ་།། ཞེས་མི་སྐྱོད་པ་ཐུགས་ཀྱི་རྡོ་རྗེ་དེ་བཞིན་གཤེགས་པར་གསུངས་སོ།། དེ་ལྟར་རྟོགས་པའི་རྒྱལ་པོ་བསྡུས་པར་རབ་ཏུ་སྟོན་ཏོ།། ་སེམས་བརྟན་རྟོག་པ་མེད་པ་ཡི།། བློ་དང་ལྡན་པ་གྲུབ་པར་འགྱུར།། གཞན་ཞིག་སྤྱོད་ལམ་སྟོན་པའོ།། སངས་རྒྱས་ཀུན་རྒྱུད་ཅི་ལྟ་བར་དེ་ལྟར་འདིར་ནི་བསྟན་བྱས་ན།། དེ་ནས ་རྟོགས་པའི་གོ་འཕངས་འགྲུབ།། ཇི་ལྟར་འདོད་པར་གནས་བྱེད་ཅིང་།། ཀུན་ལ་ལོངས་སྤོང་ཀུན་བྱེད་ལྟར།། ཇི་ལྟར་འདོད་པའི་སྙིང་རྗེ་བྱེད།། ཇི་ལྟར་འདོད་པའི་སྤད་པ་ཡིན།། ་འདུག་པ་འམ་ནི་ལངས་ཀྱང་རུང་།། ཆགས་པའམ་ན་གང་དང་དེ།། བརྒོད་པ་འམ་ནི་བརྗོད་པ་འམ།། གང་དེ་ཅི་བཞིན་དེ་བཞིན་ནོ།། དཀྱིལ་འཁོར་དུ་ནི་མ་ཞུགས་པའམ། སྒྲིབ ་བ་ཀུན་དང་ལྡན་པ་ཡང་།། རང་མོས་ལྷའི་རྣལ་འབྱོར་བདག། བསོད་ནམས་ཆུང་བས་འགྲུབ་པར་འགྱུར།། འདི་ཡིས་ཐམས་ཅད་སངས་རྒྱས་ཉིད།། ཐམས་ཅད་ལས་པ ་ཉིད་དང་ནི།། སྐྱེ་བ་འདི་ལས་འགྲུབ་པར་འགྱུར།། ཡང་གསུངས་པ། རྣལ་འབྱོར་དག་ནི་གཟུགས་བརྙན་གྱི།། བཅོས་པའི་སྐུ་ལ་འགྱུར་བ་སྦྱིན།། བྱང་ཆུབ་སེམས་ཆེན་ལ་བནོན ་ན།། རྣལ་འབྱོར་དག་ནི་ད་ལྟར་ཡིན།། ཁྲག་ཆེན་པོ་དང་ག་པུར་བཅས།། ཙན་དན་དམར་པོ་བསྲེས་པ་ནི།། ཚོགས་ཀྱི་ནང་དུ་ཞུགས་པ་ན།། ཀུན་ལས་མཆོག་གྱུར་བཅུད་ལེན ་ནི།། སྦྱོར་བཟང་པོ་འདི་ཡིས་ནི།། བཅུད་ཀྱི་ལེན་ནི་སླ་བ་རུ།། དཔལ་དར་སེམས་པ་ཆེ་བཟང་བ།། ནད་མེད་བདེ་བ་བཟང་པོ་ཐོའོ།། གྲུབ་པ་མཚན་ཉིད་ཇི་ལྟར་གསུངས།། སངས ་རྒྱས་ཕ་རོལ་ཕྱིན་པ་དང་།། གཟུངས་དང་ཡང་དག་དེ་བཞིན་འགྲུབ།། བདེ་སྟོང་ཐམས་ཅད་ཐོབ་འགྱུར་ཅིང་།། རང་ཉིད་སོ་སོར་རྗེས་སུ་འགྲུབ།། སངས་རྒྱས་ཐམས་ཅད་མཉམ ་སྔོར་ལས།། སངས་རྒྱས་ཐམས་ཅད་རབ་ཏུ་འགྲུབ།། སངས་རྒྱས་ཐམས་ཅད་དངོས་ཉིད་ཀྱང་།། སངས་རྒྱས་ཀུན་ནི་རབ་འགྲུབ་འགྱུར།། གཞན་ཡང་རྣལ་འབྱོར་གྱི་སྤྱོད་པ་བྱེད ་པོར་འདོད་པ་ཡི།། སེམས་ཡོངས་སུ་དག་པར་བྱེད་ན།། དེའི་ཚེ་ཐོང་སྐྲའི་བསྒྲུབ་པ་བཤད་དེ།། བསྙེན་གནས་དང་ལྡན་ཞིང་བསྐང་བར་གནས་པའི་ལྷ་བཟོའ་ཚོན་སྣ་མ་འདྲེས ་བ་གསར་པ་དེ་ཡང་རང་རང་གིས་ཀུན་ཏུ་ཁྲུ་ཟུ་རེའི་ཚད་ཀྱིས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྲིས་པར་བྱས་ཏེ། སྣ་ཚོགས་ཀྱི་པད་མ་འདབ་མ་བརྒྱད ་ཀྱི་ཟེ་འབྲུ་ཡི་དཀྱིལ་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ། བཅོམ་ལྡན་འདས་མདོག་དམར་བོར། མི་བསྐྱོད་པའི་དབུ་རྒྱན་ཅན་ཞལ་གསུམ་ཕྱག་དྲུག་པ་ཞལ་གྱི་གཙོ་བོ་ནི་དམར ་བ་སྟེ། འདོད་ཆགས་ཆེན་པོ་ཉིད་ཀྱི་ཕྱིར་རོ།། གཡས་པ་གནག་པ་སྟེ། ཞེ་སྡང་ཆེན་པོ་ཉིད་ཀྱི་ཕྱིར་རོ།། གཡོན་པ་དཀར་བ་སྟེ་གཏི་མུག་ཉིད ་ཀྱི་ཕྱིར་རོ།། ཕྱག་དྲུག་བྱའོ།། གཡོན་པའི་ཕྱག་གཅིག་གིས་དཀར་མེའི་མགྲིན་པ་ནས་འཁྱུད་པ་དང་། པད་མ་དམར་པོ་བསྣམས་པ་དང་། གཡོན་པ་ཉིད་ཀྱིས་མེ་ཏོག་གིས་གཞུ ་བསྣམས་པའོ།། གཡས་པ་གསུམ་དུ་ཁབ་ཀྱི་ཕྱག་རྒྱས་བར་མ་ཁ་འབྱེད་པ་དང་། མེ་ཏོག་གི་མདའ་དང་། ལྕགས་ཀྱུ་བསྣམས་པའོ།། སེམས་དཔའི་དཀྱིལ་མོ་ཀྲུངས་གྱིས ་གནས་པར་བྱའོ།། ཤར་ཕྱོགས་ཀྱི་འདབ་མ་ལ་རྣམ་པར་གཟིགས་པ་མདོག་དཀར་བ། པད་མ་དམར་པོ་དང་། རྡོ་རྗེའི་ཕྱག་རྒྱ་ཅན་དང་། ལྷོ་ཕྱོགས་ཀྱི་འདབ་མ་ལ་ལྷ་མོ་སྒྲོལ་མ ་ལྗང་ཁུ། རྒྱ་སྐྱེགས་ཀྱི་ཤིང་གི་ལོ་མ་དང་། རིན་པོ་ཆེ་ཕྱག་ན་བསྣམས་པའོ།། ནུབ་ཕྱོགས་ཀྱི་འདབ་མ་ལ་བྷ་རི་སེར་མོ།། ཨུད་པ་ལ་འཁོར་ལོ་བ་རྣམས་པའོ།། བྱང་ཕྱོགས་ཀྱི ་འདབ་མ་ལ་ཁྲོ་གཉེར་ཅན་པད་མ་དམར་སེར་ལྟ་བུ་པད་མ་སེར་པོ།། རལ་གྲི་ཕྱག་ན་བསྣམས་པའོ།། ཤར་གྱི་འཚམས་སུ་པད་མའི་གོས་ཅན་མ་གསེར་ལྟ་བུའི་མདོག་ཅན་བཅོད ་ལྟ་བུའི་པད་མ་བསྣམས་པའོ།། ལྷོ་ཕྱོགས་ཀྱི་འཚམས་སུ་རྡོ་རྗེ་པད་མ་དབང་ཕྱུག་མན་མཁའི་མདོག་ཅན་དཀར་མོ།། པད་མ་དང་ཤེལ་ཕྲེང་བསྣམས་པའོ།། ནུབ་ཕྱོགས་མཚམ ་སུ་སྣ་ཚོགས་ཀྱི་པད་མ་སྟོན་ཀའི། ཟླ་བ་ལྟ་བུ་དཀར་སེར་གྱི་མདོག། པད་མ་ནག་པོ་དང་པོ་ཏི་བསྣམས་པའོ།། བྱང་ཕྱོགས་ཀྱི་འཚམས་སུ་སྣ་ཚོགས་རྡོ་རྗེ་མ་སྣ་ཚོགས་ཀྱི་མདོག ་ཅན་དུ་བྱས་པ། སྣ་ཚོགས་ཀྱི་རྡོ་རྗེ་དང་། སྣ་ཚོགས་ཀྱི་པད་མ་བསྣམས་པའོ།། དེ་ལྟར་པད་མ་དཀར་པོ་བྲིས་ལ་སྐྱེ་མོ་ལ་སོགས་པ་རྣམས་ནི་འཚམས་སུའོ།། ཛཿཧཱུཾ ་ཧོ་ཡི་ཡི་གེ་ལས་ཡང་དག་པར་བྱུང་བའི་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒོ་དང་། དྲིལ་བུ་རྣམས་ནི་ཤར་ལ་སོགས་པའི་ཕྱོགས་རྣམས་སུའོ།། ཡང་ཐང་སྐུ་གཞན ་བརྗོད་པར་བྱ། སྟོན་ཀའི་ཟླ་བ་ལྟ་བུར་དཀར་སེར་གྱི་བཅོམ་ལྡན་འདས་གཡས་ན་སྐད་པ་དང་། དབྱུག་པ་དང་། རྩེ་གསུམ་དང་། མཆོད་སྦྱིན་གྱི་ཕྱག་རྒྱ་རྒན། གཡོན་པ་ན་བད ་མ་དང་། རིལ་བ་སྤྱི་བླུགས་དང་། ཞག་པ་དང་། ཐམས་ཅད་མཁྱེན་པའི་དམ་ཚིག་གི་པོ་ཏི་བསྣམས་པའི་ཕྱག་ཅན་སྟག་གི་ལྤགས་པའི་ཤམས་ཐབས་འཆང་བ། སྦྲུལ་མཆོད ་ཕྱིར་ཐོགས་པ་རལ་པོའི་ཅོད་པན་ལས་འོད་དཔག་མེད་བཞེངས་པ་འམ། དཀྱིལ་དཀྲུངས་ཕྱེད་ལ་གནས་པ་དབུ་རྒྱན་དུ་བྱས་པའི། དེའི་གཡས་ཕྱོགས་ཀྱི་ཆུར་བསྒྲུབ་པ་པོའི ་མཆོད་ཡོན་གྱི་སྣོད། བདུན་སྤོས་ཀྱི་སྣོད་ལག་པས་གཟུང་བར་བྱའོ།། གཞན་ཡང་བཅོམ་ལྡན་འདས་ཕྱག་གཉིས་པ། རི་པོ་ཏ་ལ་གྲོ་འཛིན་ལ་གནས་ཤིང་། སེང་གེའི ་ཁྲི་ལ་བཞུགས་པ། གཡོན་པ་ལ་གནས་ཤིང་། གཡས་པ་པད་མའི་སྟེང་གི་གདན་སྟེངས་སུ་བཞུགས་པའི་ཕྱག་རེ་རེན་ཕྲེང་བ་བསྣམས་པར་སེམས་པ་པོས་ཕྲེང་བའི་འོག་ཏུ ་འདྲེན་པ་ཡི། ཚུལ་འདི་བསམ་པར་བྱས་ན། སེམས་དབང་པོ་ལྟ་བུར་གནས་པ་ཞེས་བྱའོ།། ཆོ་ག་བཞིན་ཡང་བཅོམ་བླངས་དཀར་ནིང་དམར་བ་ཕྱག་བཅུ་པ། རཾ་དང་སེང་གེའི ་@#གདན་ལ་པང་མའི་སྟེང་དུ་དཀྱིལ་དཀྲུངས་བྱེད་པས་བཞུགས་པ།། གཡས་པ་ན་ཕྲེང་བ་བསྡམས་པའོ།། སང་ན་དང་གླང་པོ་ཆེ་དང་། ་མེ་དང་སྦྲུལ་གྱིས་འཇིགས་པ་རྣམས་ལས་སྒྲོལ་བའི་ཕྱག་ཅན་གྱི་གཡོན་པ་ན། པད་མ་དམར་པོའི་སྡོང་བུ་གཉིས་པའི་སྟེང་ན་བོ་ཏི་སྟེ། རྐུན་མ་དང་། ལྕགས་སྒྲོག་བཅིངས་པ ་དང་། མཚན་དང་ཐོག་ཆེན་པོ་དང་། ཤ་ཟས་ཟ་བ་རྣམས་སྒྲོལ་བའི་ཆ་བྱད་ཅན་ནོ།། གནས་དེ་བརྒྱད་དུ་བསྒྲུབ་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་ཡན་ལག་ཐམས་ཅད་ཡོངས ་སུ་རྫོགས་པ་སྔོན་བཞིན་དུ་ལུངས་པ་འམ། གདུག་པ་བསམ་པར་བྱའོ།། གཞན་ཡང་རྡོ་རྗེ་སྒོ་དཔོན་དབུལ་རྡོ་རྗེ་སློབ་དཔོན་དགྱེས་གྱུར་པ། ཐམས་ཅད་རབ་སྤྲིན་དབུལ་བར་བྱ། ་འཇིག་རྟེན་དབང་ཕྱུག་གི་རྟོག་པ་རྫོགས་སྷོ།། ། 6། རྒྱ་གར་སྐད་དུ། ཨརྱ་ཨ་མོ་གྷ་བཱ་ཤ་ག་ལ་བ་རཱ་ཛ་བྷི་དྷི་ན་མ། བོད་སྐད་དུ། འཕགས་པ་དོན ་