| Wylie | e-texts produced with BDRC’s OCR application |
འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲའི་གཟུངས་རྫོགས་སྷོ།། ། @#རྒྱ་གར་སྐད་དུ། པད་མི་ནི་མ་ཀུ་ཏ་ཏན་ཏྲ་ན་མ། བོད་སྐད་དུ། པད་མ་ཅོད་པན་གྱི་རྒྱུད་ཞེས་བྱ ་བ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཟོས་པའི་དུས་གཅིག་ན། བཅོམ་ལྡན་འདས་ལྷའི་གཞལ་མེད་ཁང་ན།། ལོངས་སྤྱོད་རྫོགས་པའི་སྐུར་སངས ་རྒྱས་ནས།། བྱང་ཆུབ་སེམས་དཔའ་འཁོར་དཔག་ཏུ་མེད་པ་དང་ཐབས་གཅིག་ཏུ་བཞུགས་སྟེ། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་སྒོ་ཀུན་ནས་འཕྲོ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས ་བར་ཞུགས་ཏེ། འོད་ཟེར་གྱིས་རྣམ་པར་སྣང་བར་མཛད་ནས། གང་ཆེན་མཚེའི་ཞིང་གི་རྡུལ་ལ་རེག་པས་རེག་མ་ཐག་ཏུ། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་གཉིས་ལ་མཆོད་ནས། འོད ་ཟེར་དེ་བཅོམ་ལྡན་འདས་ཀྱི་གཙུག་དུ་ནུབ་བོ།། ནུབ་མ་ཐག་ཏུ་ཐུགས་རྗེ་ཆེན་པོ་ཕྱག་སྟོང་སྤྱན་སྟོང་དང་ལྡན་པ་སྐུ་མདོག་གངས་རིའི་རྩེ་ལ་ཉི་མ་ཤར་བ་ལྟར་དཀར་བ།། ཞལ་བཅུ་གཅིག་གི་རྩ་བའི་ཞལ ་དཀར་པོ་སྟེང་གི་ཞལ་དབུས་སེར་བ་གཡས་ལྗང་ཁུ་གཡོན་དམར་པོ་སྟེངས་གི་དབུ་གསུམ་ནག་པོ།། བཅོམ་ལྡན་འདས་ཀྱི་དབུ་ནི་བྱུ་རུ་བཅད་པ་ལྟ་བུར་གྱུར་ཏེ། འཛུམ་པ་མཛད་ནས། ཐུགས་རྗེའི་བདག ་བོ་འཕགས་པ་སྤྱན་རས་གཟིགས་ཀྱིས་དབང་ཕྱུག་ལ་གཟིགས་པའོ།། དེ་ནས་བྱང་ཆུབ་སེམས་དཔའ་འབགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་ལ་གསོལ་པ། ་སྐྲ་དང་སྔགས་དང་ལས་རྣམས་དང་། ཁྱད་པར་ཆོག་བསྟན་པར་བགྱིས།། ཞེས་གསོལ་བ་བཏབ་ནས། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ ་ཞེས་བྱ་བ་སྦྱིན་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སྐྲའི་རྣམས་པ་ནི་འདི་ལྟ་སྟེ། ཐུགས་རྗེ་དག་པ་ཆུ་ཤེལ་སྟེ།། མཉམ་པར་བཞེངས་ནས་འགྲོ་དོན་མཛད།། ཆུ་ཤེལ་མདོག་འདྲ་ཞལ ་གསུམ་དཀར།། ལྗང་སྐུའི་མདོག་ཅན་ནག་པོ་ཆེ།། སེར་པོ་དེ་བཞིན་བཅོམ་ལྡན་དམར།། དྲང་སོང་རྟགས་སུ་རི་དགས་རྒྱན།། ཞི་བ་འཛུམ་དང་བཞད་པ་དང་། ཁྲོ་བའི་ཞལ་མངའ་སྤྱན་གསུམ་མཛེས། ་བཅུ་པ་སེམས་དཔའ་རྟག་ཅན་ཏེ།། བཅུ་གཅིག་བཅོམ་ལྡན་འདས་ཀྱི་བདག། ཡོན་ཏན་ནོར་བུ་མྲི་ཏིག་འཕྲེང་།། འདྲེན་ལས་སྣ་ཚོགས་སྨད་དཀྲིས་པ།། དང་པོའི་ཕྱག་ནི་ཐལ་སྦྱར་ཏེ།། གཡས་པ་རིན ་ཆེན་ཕྲེང་བ་འཛིན།། གཡོན་པ་དྲི་མེད་པད་མ་སྟེ།། གཡས་པ་མཆོག་སྦྱིན་མཛད་པ་སྟེ།། གཡོན་པ་རིལ་སྤྱི་བླུབས་ཏེ།། གཡས་པ་འཁོར་ལོ་རབ་ཏུ་འཛིན།། གཡོན་པ་ཡིད་ནི་མདའ་གཞུ་སྟེ།། ལྷག ་མ་མཆོག་སྤྲིན་སྤྱན་ལྡན་ནོ།། དེ་ནས་བཅོམ་ལྡན་འཛུམ་པ་མཛད་དེ།། ཅོད་པན་གཉིས་ནས་འོད་ཟེར་རབ་ཏུ་འཕྲོ་བ་དང་།། བཅོམ་ལྡན་འདས་ལ་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱི་བརླབས ་ལས་བྱུང་བའི་པད་མའི་སྟེང་དུ་རིགས་ལྔ་འབྱུང་བ་ནི་འདི་ལྟ་སྟེ།། རྣམ་པར་སྣང་མཛད་དང་། སྣང་བ་མཐའ་ཡས་དང་། དོན་ཡོད་གྲུབ་པ་དང་། མི་སྐྱོད་པའོ།། ཁང་བུ་རྩེགས་པའི་རིན་པོ་ཆེའི་ནང་། ་དུ་སེང་གེ་དང་།། རྟ་དང་རྨ་བྱ་དང་ནམ་མཁའ་ལྡིང་དང་།། གླང་པོ་ཆེའོ།། དེ་དག་ནི་ཅོད་པན་ལས་བྱུང་བའོ།། ཡུམ་ནི་སྐུ་མདོག་སྔོན་པོ་སྟེ།། པད་མ་ལས་བྱུང་པད་མའི་སྟེ། ཚད་མེད་བཞི ་སྟེ་ཕྱག་བཞི་མཛེས།། སེམས་དཔའི་རྒྱན་དང་ལྡན་པའོ།། མཉམ་པ་ཡི་ནི་དཀྱིལ་དཀྲུང་བཅས།། ཡབ་ནི་སྐུ་མདོག་སེར་པོ་སྟེ།། བང་ས་ལས་བྱུང་བར ་མའི་སྟེང་།། ཐལ་སྦྱར་ནོར་བུ་འགྲང་ཕྲེང་འཛིན།། རྒྱན་རྣམས་ཡོངས་སུ་འཛིན་པའོ།། ཡང་འོད་ཟེར་རབ་ཏུ་བཀྱེ་སྟེ།། ཟླ་བ་ཉི་མ་ལས་བྱུང་བའི།། ཉི་མི་འདོག་ཅན་ཉི་མི་ནི།། གཞོན་ནུ་ཨུད ་དཔལ་མཆོག་སྦྱིན་མཛད།། ཟླ་བ་ལས་སྐྱེས་ནམ་མཁའི་མཆོག་ཅུང་ཞིག་འཁྲོས་པ་རྡོ་རྗེ་ཅན།། དཀར་པོ་གངས་ལྟར་དཀར་བ་སྟེ།། ཟླ་ཉི་སྟེང་ན་པད་མ་འཛིན།། དྲག་པོ་གཉིས་དང་\ུ0f7f ་ཡིག་ལས། གཉིས་མེད་ཚུལ་གྱིས་འབྲས་བུ་རྫོགས།། ཧ་ཡ་གྲི་བ་ཁམས་གསུམ་སྡུད།། ཁྲོ་གཉེར་ཅན་གྱིས་འཕྲིན་ལས་མཛད།། གཤིན་རྗེ་གཤེད་པོ་གཏེར་འཛིན་ཅིང་།། ཁམས་གསུམ ་རྣམས་རྒྱལ་བདུད་སྡེ་འཇོམས།། འཁོར་ལོ་དཀར་པོ་དག་པ་སྟེ།། གྲུ་བཞི་སྒོ་བཞི་རྟ་བེབས་བཅས།། དང་པོ་དཀོན་མཆོག་རབ་དང་ཅིང་།། ཚད་མེད་བཞི་ནི་རབ་ཏུ་རྫོགས།། བྱང་ཆུབ་ཡན་ལག ་རྫོགས་པ་དང་།། ཆོས་དབྱིངས་རང་བཞིན་སྟོང་ཉིད་དོ།། གླེང་བཞི་དང་སྐུ་བསྟན་པའི་ལེའུ་སྟེ་དང་པོའོ།། ། དེ་ནས་སྔགས་བསྟན་པའི་ཕྱིར། བཅོམ་ལྡན་འདས་ཀྱིས ་རྣམ་པར་སྣང་མཛད་གངས་ཆེན་མཚེའི་ཞིང་ཐམས་ཅད་དུ་འོད་བཀྱེ་ནས། གཙུག་ཏོར་དུ་ནུབ་པར་གྱུར་ཏོ།། དེ་ནས་གསུངས་པ། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ། ཨོཾ་ན་མོ་རཏྣ་ཏྲ་ཡ་ཡཱ། ན་མོ་ཨརྱ་ཛྙཱ་ན་ས་ག་ར། ་བཻ་རོ་ཙ་ན་ཡཱ། བྷ་ཧ་རཱ་ཛ་ཡཱ། ཏ་ཐཱ་བ་ཏ་ཡ། ཨ་ར་ཧ་ཏེ། སཾ་མྱག་སཾ་བྷུད་དྷ་ཡ།། ན་མཿསརྦ་ཏ་ཐཱ་ག་ཏེ་བྷོ། ཨ་ར་ཧ་ཏེ་བྷེ། སཾ་མྱག་སཾ་བུད་དྷེ་བྷྱོ།། ན་མོ་ཨརྱ་ཨ་པ་ལོ་ཀི་ཏེ་ཤ་ར་ཡ། བོ་དྷ ་ས་ཏྭ་ཡ། མ་ཧཱ་སཏྭ་ཡེ། མ་ཧཱ་ཀ་ཊི་ནི་ཀ་ཡ། ཏདྱ་ཊ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨཱིནྡེནྡེ། ཙ་ལེ་ཙ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མ་པ་རེ། ཨི་ལི་མི་ལི། ཙི་ཊི་ཛྭ་ལ་མ་ཧཱ་མ། ་པ་ན་ཡེ་སྭཱ་ཧཱ། སྔགས་འདི་རྣམས་འདོན་པར་བྱེད་པའི་རིགས་ཀྱི་བུ་འམ།། བུ་མོས་ལན་གཅིག་བརྗོད་དམ།། དྲན་ཞིང་ཡིད་ལ་བྱས་སམ། ལུས་ལ་བཅངས་ན། མཚམས་མེད་པ་ལྔ་དང་དེ་དང ་ཉེ་བ་དང་སྡིག་པའི་ལས་བྱང་ཞིང་སེམས་ཅན་དམྱལ་བ་དང་། ཡིད་དགས་དང་དུད་འགྲོའི་སྐྱེ་གནས་སུ་མི་སྐྱེ་ཞིང་།། མི་ཁོམ་པ་བརྒྱད་དང་། སྡུག་བསྔལ་དང་བཅས་པར་མི་འགྱུར་རོ།། གཅན ་ཟན་དང་། སྲིན་པོ་དང་། མི་མ་ཡིན་པ་དང་། ནད་དང་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ།། ཨོཾ་རཀྵ་རཀྵ་ཞེས་བྱ་བ་དང་བསྲུང་བར་བྱའོ།། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ན། ཨ་དྱཱ ་ནུད་པན་ནད་ཏོ་ཏ་ཞེས་བྱ་བས་གཏོར་མ་དང་ཆུ་ཡིས་ཡི་དགས་ལ་མཆོད་པར་བྱས་སྟེ། ཨོཾ་ཨ་ཧཱུཾ་ཞེས་པས་སོ།། དེ་རྣམས་བསྡུས་པའི་སྔགས་ནི། ཨོཾ་མ་ཎི་པད་མེ་ཧཱུཾ་ཅེས་པའོ།། འདི་ནི་རིགས ་གསུམ་གྱི་བདག་པོར་འགྱུར་ཏེ། དེའི་ཕན་ཡོན་ནི་དེའོ།། ཆོས་ཀྱི་སྐུ་དང་གཟུགས་སྐུ་ཐུགས་རྗེ་ཆེན་པོ་མཐོང་བར་འགྱུར་རོ།། ཨོཾ་ན་མོ་སརྦ་ཏ་ཐཱ་ག་ཏ་པུཥྤེ་པུ་ཙ་མེ་ག་ས་མུ་ཏྲ་སྥ་ར་ཎ་ས་མ་ཡེ ་། ཨོཾན་མོ་སརྦ་ཏ་ཐ་ཏྲ་དྷུཥྤེ་པུ་ཙ་མེ་ག་ས་མུ་ཊ་སྥ་ར་ཎ་ས་མ་ཡེ་ཧཱུ~ཾ། ཨོཾ་ན་མ་སརྦེ་ཏེ་ཐཱ་ག་ཏ་ཨ་ལོ་ཀེ་པུ་ཙ་མེ་ག་ས་མུ་ཊ་སྥ་ར་ན་ས་མ་ཡེ་ཧཱུཾ། ཨོཾ་ན་མོ་སརྦ་ཏ་ཐཱ་ག་ཏ་གན་དྷེ་པུ་ཙ་མེགས ་མུ་ཊ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ནེ་ཝི་ཏེ་པུ་ཙ་མེ་ག་ས་མུ་ཊ་སྥ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མོ་སརྦ་ཏ་ཐཱ་ག་ཏ་ཤྭབྷ་པུ་ཙ་མེ་ག་ས་མུ་ཏྲ་སྭ་ར་ཎ་ས་མ་ཡེ་ཧཱུཾ། ཨོཾ་ན་མ་སརྦ་ཏ་ཐཱ ་གཏ་མཎྜལ་པུ་ཙ་མེ་ག་ས་མུ་ཊ་སྭ་རཱ་ཎ་ས་མ་ཡེ་ཧཱུཾ། དེ་ནས་མཆོད་པ་ཡང་དག་མཆོད།། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི།། ཐབས་དང་ཤེས་རབ་གཉིས་ལྡན ་བའི།། ཧྲི་ཡིག་དཀར་པོ་ཡང་དག་བཟླས།། སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ལས་དང་ཆོ་ག་བསྟན་པའི་ཕྱིར།། དང་པོ་ཞི་བའི་ལས་བསྒྲུབས་ན།། ཡིད་དུ་འོང ་བའི་ལྗོངས་དག་ཏུ།། དཀར་བ་དང་པོ་གསལ་དུས་སུ།། དྲི་ཞིམ་ཆུ་ཡིས་ལེགས་བྱུགས་ཏེ།། མེ་ཏོག་དཀར་པོ་དཀྲམ་བྱས་ནས།། ཁྲུས་དང་ཁ་ཟས་ཕྱོགས་མཐུན་པའི།། བདེ་བའི་སྟན་ལ་ཉེ་བར ་འདུག་སྟེ།། བུམ་པ་དཀར་པོ་ཙན་དན་དཀར།། དྲི་བཀང་གོས་གྱིས་ལེགས་པར་བཀྲི།། མཎྜལ་དབུས་སུ་ལེགས་པར་བཞག། ཧྲི་ལས་བྱུང་བ་སེམས་དཔལ་སྐུ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག ་དཀར། རྒྱུན་རྣམས་རྫོགས་པ་པད་མ་བསྣམས།། ཟླ་བའི་གདན་ལ་ལེགས་པར་བཞུགས།། ཧྲིཿལས་འོད་ཟེར་འཕྲོས་པ་བསྒོམ།། ཕྱག་སྟོང་སྤུན་སྟོང་དེ་བཞིན་ཏེ།། རྒྱས་པའི་སྐུ་ནི་མདུན ་བསམས་ནས།། ཧྲི་ཡི་འཕྲོ་འདུ་གསལ་བ་ནི།། བཟླས་པ་རབ་ཏུ་བྱ་བ་སྟེ།། གསང་སྔགས་འདི་ནི་བརྗོད་པར་བྱའོ།། ན་མོ་རད་ན་ཏཱ་ཡ་ཡཱ།། ན་མ་ཨཻརྱ་ཛཱ་ན། ས་ག་ར་ཡ། བཱི་རོ་ཙ་ན་ཡཱ། བྷཱ་བ་ཧ ་ར་ཙ་ན་ཡ། སརྦ་ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ། སཾ་མྱག་སཾ་བུད་དྷ་ཡ། ན་མཿསརྦ་ཏ་ཐཱ་བ་ཏེ་བྷྱོ།། ཨ་ར་ཧ་ཏེ་བྷེ། སཾ་མྱག་སཾ་བྷུད་དྷེ་བྷཱ། ན་མོ་ཨརྱ་ཨ་བ་ལོ་ཀི་ཏི་ཤ་ར་ཡ། བོ་དྷི་ས་ཏྭ་ཡ། མ་ཧཱ་ས་ཏྭ་ཡ། ་མ་ཧཱ་ཀ་རུ་ཎི་ཀ་ཡ། བྷ་སྨི་བ་ཤན་ཏི་ཀུ་རུ་ཡི་སྭཱ་ཧཱ།། ཞེས་བཟླས་པར་བྱའོ།། དྲི་རྣམ་པར་སྣང་མཛད་བུམ་པའི་ཆུ།། གང་ཞིག་ལེགས་པར་ཁྲུས་བྱེད་པ།། དྲི་མ་ཐམས་ཅད་ཡོངས་དག་ནས།། ་འབྲས་བུ་བདེ་བ་ཐོབ་པར་འགྱུར།། འཇིགས་པ་ཀུན་ལ་རབ་གྲོལ་ཏེ།། མྱུར་དུ་ཆུ་སྐྱེས་མཐོང་བར་འགྱུར།། དེ་ནས་རྒྱས་པ་བསྒྲུབ་འདོད་ན།། ནག་ཚལ་ཤིན་ཏུ་ཐུག་བོར་ནི།། དྲི་ཞིམ་ཆུ་ཡིས ་ལེགས་བྱུགས་ལ།། འབྲས་བུར་བཅས་པའི་མེ་ཏོག་དཀྲམ།། རྒྱན་རྣམས་ཡོངས་སུ་བརྟགས་ནས་ནི།། བདེ་བའི་སྟན་ལ་ཉེར་འདུག་སྟེ།། རིན་ཆེན་སྣ་ལྔ་འབྲུ་སྔར་བཅས།། རིན་ཆེན་ག་བུར ་གླགས་པར་བྱ།། མཎྜལ་དབུས་སུ་ལེགས་པར་བཞག། ཧྲི་ལས་བྱུང་བའི་ལེགས་པའི་སྐུ།། ཞལ་གཅིག་ཕྱག་གཉིས་སྐུ་མདོག་སེར།། རྒྱན་རྣམས་རྫོགས་པ་པད་མ་བསྣམས།། ཕྱག ་སྟོང་སྤྱན་ཡང་དེ་བཞིན་ཏེ།། རྒྱས་པའི་སྐུ་ནི་མདུན་བསམས་ནས།། མཆོད་པ་ལྔ་ཡིས་ཡང་དག་མཆོད།། ཧྲི་ཡིག་འཕྲོ་འདུ་གསལ་བར་བཟླས།། ཨོཾ་ན་མོ་རཏྣ་ཏྲ་ཡ་ཡཱ།། ན་མོ་ཨརྱ་ཛྙཱ་ན ་ས་ག་ར་ཡ།། བཱི་རོ་ཙ་ན་ཡ། བྷཱ་ཧ་ར་ཙ་ཡ། ཏ་ཐཱ་ག་ཏ་ཡ། ཨ་ར་ཧ་ཏེ། སཾ་མྱག་སཾ་བྱཱད་དྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ། ཨ་ར་ཧ་ཏེ་བྷེ། སཾ་མྱག་སཾ་བྷད་དྷ་བྷེ། ན་མོ་ཨརྱ་ཨ་བ་ལོ་ཀཻ་ཏེ། ་ཤ་ར་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། རང་ན་གུ་ན་པཥྚིཾ་ཀུ་རུ་སྭཱ་ཧཱ། བང་མཛོད་སྟོང་པའི་སྟོང་བཞག་ན། འབྲུ་ཡིས་ཡོངས་སུ་ཁྱོངས་པར་འགྱུར།། དེ་ནས ་དབང་གི་ལས་བྱེད་ནི།། སྡུད་པར་བྱེད་པ་ཆུ་རླུང་འགྲམ།། བ་ར་ཤ་དང་ཨ་ཤད་ཏ།། མེ་ཏོག་དམར་པོའི་རི་ལུ་བྱས།། བསེག་པ་དམར་པོའི་ནང་དུ་བཞུག། མེ་ཏོག་དམར་པོས་རབ་ཏུ་མཆོད། ་ཧྲི་ཡིག་ལས་བྱུང་སྒྲོལ་མ་ན།། ལྗང་ཁྭ་ཕྱག་ན་ལྕགས་ཀྱུ་འཛིན།། ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ།། རྒྱས་པའི་སྐུ་ནི་མདུན་བསམས་ནས།། མཆོད་པ་ལྔས་ནི་ཡང་དག་མཆོད།། ཧྲི། ་ཡིག་འཕྲོ་འདུགསལ་བར་བཟླས། ན་མོ་རང་ན་ཏྲ་ཡ་ཡ།། ན་མོ་ཨདྱ་ཛྙཱ་ན་ས་ག་ར། དེ་རོ་ཙ་ན་ཡ། བྷ་ཧ་ར་ཛ། ཏ་ཐཱ་ག་ཏཱ་ཡ། ཨ་ར་ཧ་ཏེ། ས་མྱཿ། ་སཾ་བྷད་དྷ་ཡ། ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱོ།། ཨ་ར་ཧ་ཏེ་དྷེ། སཾ་མྱག་སཾ་བྷུད་དྷེ་བྷ། ན་མོ་ཨརྱ་ཨ་པ་ལེ་ཀི་ཏེ་ཤ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ། ཨོཾ་ཏ་རེ་ཏུད ་ཏ་རཻ་ཏུ་རེ། ཨ་མོ་ཀ་བྷསྨི་ཀུ་རུ་སྭཱ་ཧཱ།། རྫས་ཀྱིས་མདེ་གུས་ལུས་བྱུགས་ན།། བྱུགས་པ་དེ་ཡིས་ཁུགས་པར་འགྱུར།། དེ་ནས་དྲག་ལས་བྱ་འདོད་ན།། དུར་ཁྲོད་ཤིང་ཅིག་དག་དང་ནི། ་བའི་ལྕི་ངས་ལེགས་བྱུགས་ནས།། མེ་ཏོག་སྔོན་པོ་ནིམ་པ་ཡི།། སྤོས་ཀྱི་ཆོམ་བུ་སྔར་དགྲམ།། བྱང་དུ་བདུགས་སྟེ་ལས་འདི་བརྩམ།། གཅན་ཟན་སྟེང་དུ་ཆུ་ཤེལ་སྟེ། ཧྲིཿཡི་ཡི་གེ ་ལས་བྱུང་བའི།། མདོག་དཀར་རལ་པའི་ཐོར་ཚུགས་ཅན།། ཞལ་གཅིག་སྤྱན་ནི་གསུམ་པ་སྟེ།། རི་དགས་ལྤགས་པ་འཛིན་པ་ཡི།། དྲང་སྲོང་ཁྲོས་པའི་ཆ་བྱད་ཅན།། ཕྱག་བཞི་དང ་པོ་མཆོད་པ་འཛིན།། གཡོན་པ་བང་སྟེང་རལ་གྲི་ཅན།། གཡས་པ་ལྟོས་འགྲོ་རྒྱན་པའོ།། མདུང་རྩེ་གསུམ་དཀར་པོས་བརྒྱན་པོ།། གཡོན་པ་ཐོད་པ་དཀར་པོ་སྟེ།། དྲི་ཞིམ་མེ་ཏོག་དག ་གིས་བཀང་།། རྒྱལ་པོ་ཆེན་པོ་རོལ་པ་ལྟར།། ཅུང་ཞིག་ཟུར་གྱིས་གཟིགས་པའོ།། ཕྱག་སྟོང་སྤྱན་ཡང་དེ་བཞིན་སྟོང་།། བསྐལ་པ་བཟང་པོའི་སངས་རྒྱས་སྟོང་པད་མའི་གདན་ལ་ལེགས ་བཞུགས་པའི།། རྒྱས་པའི་སྐུ་ནི་ལེགས་བསམས་ནས།། ཧྲི་ཡིག་འཕྲོག་འདུ་ལས་བྱུང་བའི།། གསང་སྔགས་རྒྱལ་པོ་བཟླས་པར་བྱ།། ན་མོ་རང་ན་ཏྲ་ཡ་ཡཱ། ན་མོ་ཨཱརྱ་ཛྙཱ་ན། ས་བ་ར་ཡ། ་བི་རོ་ཙ་ན་ཡ། བྷ་ཧ་ར་ཛ་ཡ། ཏ་ཛ་ག་ཏ་ཡ། ཨ་ར་ཧ་ཏེ་བྷེ། སཾ་མྱག་ས་བུང་དྷེ་བྷེ། ན་མོ་ཨརྱ་ཨ་པ་ལོ་ཀི་ཏེ་ཤ་ར་ཡ། བོ་དྷི་ས་ཏོ་ཡ། མ་ཧཱ་སཏྭཱ་ཡ། མ་ཧཱ་ཀ་རུ་ཏི་ཀ་ཡ། ཏད་ཡ་ཐ། ཨོཾ། ་ཀ་ཏེ་ནི་ཀ་ཏེ། ཀ་རོ་ཏ་ཀ་རོ་ཏ། བྷཱི་རྱ་སྭཱ་ཧཱ། ཨོཾ་ཀརྨ་ཨ་མོ་ཀ་ཨ་ཧྲིཿསི་ཧ་ཧ་ན་དྷུ་ཧཱུ~ཾ་ཕཊ།། དྲིའམ་བྱུག་པ་དག་ནི། བཏབ་པས་ལུས་ལ་བྱུག་པར་བྱ།། མེ་ཏོག་སྔོན་པོ་མགོ་ལ་གཞག ་མཎྜལ་ཆུ་ཡི་ལུས་ལ་བྱུག། ཉི་ཤུ་རྩ་གཅིག་བཟླས་པས་ནི།། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་བཞི་ཀ་བསྒྲུབ་འདོད་པས།། བཀྲ་ཤིས་དུས་གསུམ་རྫོགས་དུས ་སུ། རི་བོ་ཡིད་འོང་གནས་དག་ཏུ།། ས་གཞི་ཆག་ཆག་ལེགས་བཏབ་ཏེ།། མཎྜལ་ལེགས་བྱས་མེ་ཏོག་ནི་དྲི་ཞིམ་དཀར་པོས་ལེགས་གཏོར་ཏེ།། གཙང་ཞིང་དག་པའི་རྫས་རྣམས་དགྲམ།། ་གཙང་མ་བྲམ་ཟེས་བྱས་རྟེན་བཞག། ཁྲུས་དང་ཀུ་ཤིངའི་སྟེང་གནས་ཏེ།། ཧྲི་ལས་བྱུང་བའི་ཆུ་ཤེལ་སྟེང་།། ཆུ་ཤེལ་མདོག་འདྲ་ཞལ་གསུམ་ཡང་།། འཛུམ་ཞིང་ཞི་བའི་བདག་ཉིད་ཅན། ་ལྗང་ཀུ་བཞད་པའི་ཞལ་གསུམ་ཏེ།། ནག་པོ་ཁྲོས་པ་དམར་སེར་སྐྲ།། སེར་པོ་ཞལ་ནི་འཛུམ་པ་སྟེ།། དམར་པོ་བཅོམ་ལྡན་འདས་ཀྱི་དབུ།། རི་དགས་ལྤགས་པས་སྟོང་གཡོགས་ཤིང་།། ་སྣ་ཚོགས་ཤི་ཐབས་བསྣམས་པའོ།། ཞབས་གཉིས་མཉམ་པར་བཞེངས་པ་སྟེ།། གཡས་གཡོན་དང་པོ་ཐལ་མོ་སྦྱར།། བར་བ་དགྲང་བྲེང་པ་མ་བསྡམས།། ཐ་མ་མཆོད་སྦྱིན་སྐྱེ ་བླུགས་འཛིན།། བུམ་པ་རྣམ་སྣང་ལྷ་མོ་ནི།། ལ་སེ་མ་ལེ་གི་ཏི་སྟེ། ནིར་ཏི་ནང་གི་ལྷ་མོ་བདག། ཟླ་བའི་བདན་ལ་ལེགས་པར་བཞུགས།། ཧྲི་ཡི་གེ་ལས་བྱུང་བའི།། གསང་སྔགས་རྒྱལ ་པོ་བཟླས་པར་བྱ།། ན་མོ་རང་ན་ཏྲ་ས་ཡཿ་ན་མོ་ཨདྱ་ཛྙཱ་ན་ས་ག་ར་ཡ། བཻ་རོ་ཙ་ན་ཡ། བྷ་ཧ་ཙ་ཡ། ཏ་ཐཱག་ཏ་ཡ། ཨ་རཿ་ཏེ། སཾ་མྱགས་བུད་དྷ་ཡ། ན་མཿསརྦ་ཏ་ཐཱ་ག་ཏེ། ་བྷོ། སཾ་མྱག་སཾ་བུད་དྷེ་བྷཱུ། ན་མོ་ཨརྱ་ཨ་བ་ལོ་ཀ་ཏི་ཤྭ་ར་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭཱ་ཡ། མ་ཧ་ཀ་རུ་ཎི་ཀ་ཡ། ཏདྱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷ་རུ། ཨི་ཊེ་ཝ་ཊེ། ཙ་ལེ་ཙ་ལེ། པྲ་ཙ་ལ་པྲ་ཙ་ལེ། ་ཀུ་སུ་མེ་ཀུ་སུ་མེ། ཨོཾ་ལི་མི་ལི། ཙི་ཊི་ཛ་ལ་མ་ཧཱ་བ་ན་ཡེ་སྭཱ་ཧཱ། བུམ་པའི་ཆུ་ལ་ལེགས་བསྒྲིབས་ནས།། ལུས་ལ་བྱུགས་པས་འགྲུབ་པར་འགྱུར།། ཆོ་ག་བསྒྲུབ་པའི་ལེའུ་སྟེ་གསུམ་པའོ།། ་དེ་ནས་ཐབས་ཀྱི་རིམ་པ་ནི།། གྲོ་ག་རས་དང་ཤིང་ཤུན་ལ།། ར་ཡི་འོ་མས་བྲིས་ནས་ནི།། ཚེམ་བུ་ལྔའི་འཁོར་ལོ་ལ།། དབུས་སུ་སྐུ་ཡི་ས་བོན་སྟེ།། ལྔ་པ་ཡི་ནི་ལྔ་པ་སྟེ།། ་ཤར་དུ་དེ་ཡང་བྲི་བར་བྱ།། བཞི་པའི་ལྔ་ལ་ཨེ་ས་ནི་མཚན།། ལྷོ་རུ་དེ་ནི་ཡང་དག་དགོད།། ལྔ་ཡི་དང་པོ་བཞི་པའི་གསུམ།། ནུབ་དུ་དེ་ནི་ཡང་དགོད།། ལྔ་པ་ཡི་ནི་ལྔ་པ་ལ།། ཨེ་ཡིས་རྣམ ་པར་སྦར་བ་སྟེ།། བྱང་དུ་དེ་ནི་ཡང་དག་དགོད།། དབུས་སུ་ཐུགས་ཀྱི་ས་བོན་སྟེ།། ཤན་ཏིང་ཀུ་རུ་འཚམས་སུའོ།། སྭཱ་ཧཱ་དབུས་སུ་དགོད་པར་བྱ།། དེ་ལྟར་འཁོར་ལོ་གསལ་བཀོད་ནས།། དངུལ ་ལམ་དཀར་པོའི་ག་བུར་བཞུག། ཐམས་ཅད་ལས་ཀུན་ཞི་བར་འགྱུར།། ཡུང་བའི་ཆུ་ཡིས་བྲིས་པ་ཡིས། པུཥྚིཾ་ཀུ་རུ་འཚམས་སུའོ།། བམ་པོར་སེར་པོར་ལེགས་པར་བཞུག་རྒྱས་པའི་ལས ་རྣམས་བསྒྲུབ་པར་འགྱུར།། པ་ལ་ཤ་ཡིས་ལེགས་པར་བྲིས།། ཝ་ཤིང་ཀུ་རུ་འཚམས་སུ་དགོད།། ཁམ་པོར་དམར་པོར་ལེགས་པར་བཞུག། དབང་གི་ལས་རྣམས་འགྲུབ་པར་འགྱུར།། ནིམ་པའི ་ཆུ་ཡིས་ལེགས་པར་བྲིས།། མར་ཡི་ནི་འཚམས་སུ་དགོད།། ལྕགས་སམཐོད་པར་ཡང་དག་བཞུག། འཕྲིན་ལས་ཐམས་ཅད་འགྲུབ་པར་འགྱུར།། ཙན་དན་དཀར་པོ་དྲི་ཞིམ་ཞིང་།། ཞི་བས་དེ། ་ཡིས་མར་ལ་བསྲེག། འབྲས་བུ་མར་དང་བཅས་པའི་ཤིང་།། རྒྱས་པས་དེ་ཡི་མེ་ལ་བསྲེག། དབང་ནི་བ་ལ་ཤའི་ཤིང་།། དེ་ལ་བསྲེག་ན་ཁུགས་པར་འགྱུར།། ནིམ་པའི་ཤིང་ཚར་བཅད་པ་ཡི།། ་བསྲེགས་པས་འཕྲིན་ལས་མྱུར་དུ་འགྲུབ།། འཁོར་ལོའི་ལེའུ་སྟེ་བཞི་པའོ།། ། དེ་ནས་ལས་ཀྱི་རིམ་པ་ནི།། དུར་བའི་རྩ་དང་འབྲས་ཀྱི་འདབ།། ཏིལ་དང་ཡུངས་ཀར་ཛུ་ཙེ་དང་། ་གསང་སྔགས་བཟླས་ནས་བསྲུང་བ་ནི།། ད་ལིས་ཤིང་ལ་ལེགས་བསྲེགས་ན།། ཐམས་ཅད་རབ་ཏུ་ཞི་བར་ནུས།། ཀུ་ཤ་སྟར་བུ་ཤུག་འབྲམ་དང་།། སྟག་མའི་མེ་ཏོག་སེར་པོ་ལ།། གསང ་སྔགས་བཟླས་པས་རབ་བྱ་སྟེ།། ཙན་ཏན་ཤིང་ལ་ལེགས་བསྲེགས་ན།། རྒྱས་པར་བྱ་བའི་ལས་འགྲུབ་སྟེ།། ནུས་པ་མཆོག་ནི་ཐོབ་པར་འགྱུར།། བ་ལ་ཤ་ཡི་ཤིང་དག་ལ།། ཁྲེ་དང་རྔུ་ཅེ་སྲན ་མ་ལ།། གསང་སྔགས་བཟླས་པར་བྱ་བ་སྟེ།། པད་མ་ཀ་ཡི་ཤིང་ལ་བསྲེགས།། ནུས་པ་མཆོག་ཏུ་ཡོངས་འགྱུར་ཏེ།། ཐམས་ཅད་དབང་དུ་འདུ་བར་འགྱུར།། གྲོ་དང་སོ་བ་འབྲས་དང་ནི།། བྲབ ་མོན་སྲན་ཏིལ་ནག་པོ།། གསང་སྔགས་རབ་ཏུ་བཟླས་བྱས་སྟེ།། ཁ་དྷི་རའི་ཤིང་ལ་བསྲེག། ནུས་པར་ལྡན་ཏེ་ལས་རྣམས་ནི།། མྱུར་བ་ཉིད་དུ་འགྲུབ་པར་འགྱུར།། བྲ་ཧ་འཛའི་ཤིང་དག་ལ།། ལོ་མ ་འབྲས་བུ་བཅས་པ་དང་།། རྡོ་རྗེ་ཤིང་ལ་སྔགས་བཟླས་ནས།། མྱ་ངན་ཚང་གི་ཤིང་ལ་བསྲེགས།། མོ་རྣམས་ཐམས་ཅད་དབང་དུ་འདུ།། ལྡེང་རེས་པད་མའི་རྩ་བ་དང་།། མུ་ལ་པ་ཏྲའི་ཤིང་དག་ནི། ་གསང་སྔགས་རབ་ཏུ་བཟླས་བྱས་སྟེ། ཨ་རུ་རའི་ཤིང་ལ་བསྲེག། འཁོར་ལོ་འོག་ཏུ་བཅུག་པ་ཡིས།། རྒྱལ་པོ་དབང་དུ་བྱེད་པར་འགྱུར། ཀཔ་ལ་ཤའི་ཤིང་དག་ལ།། ་ཀ་ར་བ་རིའི་འབྲས་བུ་ལ།། གསང་སྔགས་རབ་ཏུ་བཟླས་བྱས་ནས།། འཛམ་བུའི་ཤིང་ལ་རབ་སྐེགས་ན།། རལ་གྲི་འོག་ཏུ་གཙུག་ན་ནི།། ཡུལ་བདག་ཡང་ནི་དབང་དུ་འགྱུར།། ཚེ་རབས་བརྒྱ་རུ་ལོན་པ ་ཡི།། ཚོན་གྱིས་སྣུན་པའི་རུས་པ་དག། གསང་སྔགས་རབ་ཏུ་བཟླས་བྱས་ནས།། སྐྱེར་བའི་མེ་ལ་རབ་སྲེགས་ནས།། ལྕགས་ཀྱུའི་འོག་ཏུ་རབ་བཅུག་ན།། གླང་པོ་དབང་དུ་འདུ་བར་འགྱུར།། པ་ལི་ཧ ་དང་ཏ་ལི་ཤ། ཥ་དྷི་ར་དང་དྷ་ཏི་མ། དུད་ཁྲོད་ཤིང་ལ་ལེགས་བསྲེགས་ན།། སྟན་ལ་སོགས་པ་དབང་དུ་འགྱུར།། ནས་དང་འབྲས་དང་སོ་བ་དང་།། སྨན་དང་རིན་ཆེན་སྣ་ཚོགས་ཀྱིས།། མཎྜལ་ཟླུམ་པོ ་ལེགས་བྱས་ཏེ།། རྒྱན་རྣམས་རྫོགས་པའི་སངས་རྒྱས་ནི།། པད་མ་ཆུ་ཤེལ་ལས་སྐྱེས་པའི།། ཆུ་ཤེལ་མདོག་ཅན་འཛུམ་དང་བཅས།། རྡོ་རྗེ་དཀྱིལ་མོ་དཀྲུང་བཞུགས་པ།། ཀུ་ཤའི་གདན ་བཅས་ཤར་དུ་འདུག། པད་མའི་ཕྱག་རྒྱ་བཅས་པ་ཡིས།། བྱིས་པའི་སེམས་ཀྱིས་དབུལ་བར་བྱ།། ནད་དང་རིམས་དང་འབྲུམ་བུ་དང་།། ཤུ་བ་གཡན་པ་མེད་བལ་དང་།། ནད་དང་གདོན་ཐམས ་ཅང་བཟློག་མཚམས་མེད་ལྔ་དང་མི་དགེ་བཅུ།། འབྲས་བུ་སྡུག་བསྔལ་ནང་རྣམས་བཟློག། མྱེའི་ལས་བྱ་བ་སྟེ་ལེའུ་ལྔ་པའོ།། ། དེ་ནས་རྒྱལ་པོ་འཇིགས་པ་ལ།། མཎྜལ ་དཀར་པོ་ལེགས་བྱས་ཏེ།། ཙན་དན་དཀར་པོ་དྲི་བསྒོས་སྟེ།། མཆོད་ཡོན་མེ་ཏོག་བཀང་བ་དང་།། ཅི་འབྱོར་པ་ཡིས་མཆོད་པ་ཡིས།། རྒྱལ་པོ་ལྟ་བུའི་གཟུགས་ལ་མཆོད།། སྡིག་པ་ཐམས ་ཅད་དེ་འདུན་དུ།། བཤགས་ནས་མྱུར་དུ་སྐྱབས་སུ་འགྲོ།། གློག་དག་གམ་ཤིང་ཤུན་ལ།། རྒྱལ་པོ་དག་གིས་གཟུགས་བྱས་ཏེ།། ཡིག་འབྲུ་ལྔ་པོས་བཏབ་པ་ཡིས། ཚོན་སྣ་ལྔ་ཡིས་རབ་ཏུ། ་བཅིང་།། བྱིས་པའི་སེམས་ཀྱི་ཆུ་བོ་ལ།། བསྒྱུར་ན་རྒྱལ་པོའི་ཆང་ལས་ཐར།། ཨོཾ་ཧཱུཾ་ཏྲཾ་ཧྲི་ཨ་ར་ཛ་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ།། གཅན་ཟན་འཇིགས་པ་འོངས་པའི་ཚེ།། མཎྜལ་དཀར་པོ་ལག ་བྱས་ལ།། མེ་ཏོག་དཀར་པོས་རབ་ཏུ་གཏོར།། མཆོད་པ་ལྔ་ཡིས་རྒྱལ་པོ་མཆོད།། སྡིགས་བཤགས་མྱུར་དུ་སྐྱབས་སུ་འགྲོ། འབྲུ་རྣམས་ལྔ་དང་རིན་ཆེན་ལྔ།། ཚོན་སྣ་ཡིས་བུར་མ་ལ། ་བྱིས་པ་ལུས་བཏགས་པ་ན།། གཅན་བཟན་འཇིགས་པ་ཐམས་ཅད་ལས།། མྱུར་བ་ཉིད་དུ་གྲོལ་བར་འགྱུར།། ཨོཾ་ཧཱུ་ཏྲཾ་ཧྲི་ཨ་ཤོ་ན་ཧ་རི་ཧ་རི་མ་ཀ་རོ་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། ཆོམ་རྐུན་དག་གིས ་འཇིགས་པ་ལ།། མེ་ཏོག་སྔོན་པོ་རྡོ་རྗེ་ཅན།། འཐིང་ནགས་ཕྱག་རྒྱ་ཅན།། མཆོད་ནས་བདག་ཉིད་སྐྱབས་སུ་འགྲོ། ཨོཾ་ཨ་ཤོ་བྷཱུ་བི་བྷ་ཀ་ར་ཀ་ར་ཎ་ཀ་ར་ཁའི་ཏི་ཀ་ཡ་ས་དྷི་ཙ་ཀ་ཀྲྀ་ཀ། པ་རི། ་ཙེཀྲ་དྷ་དྷི་ཀ་དུ་ར་ཏ་ན་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ།། སྦྲུལ་གྱིས་གདུག་པས་འཇིགས་པ་ལ།། བལ་པོ་སེའུ་ཡི་ལྷུག་པ་ཡིས།། བྲམ་ཟེའི་གཟུགས་ནི་རྒྱར་གོས་ཏེ།། རིན་ཆེན་འབྱུང་ལྡན་སྐུར་བསྒོམས ་ནས།། ཡི་བི་ར་མུ་ཏིག་བྱི་རུ་དང་།། མན་ཤེལ་པད་མ་རག་དང་།། ཨིན་ཏཱ་ནི་ལ་དུང་གཡས་འཁྱིལ།། གསེར་དང་དངུལ་དང་ངུར་བ་དང་།། རིན་ཆེན་རྒྱན་དང་འབྲུ་སྣར་བཅས།། ཀུ་ཤ་བླ་རྩི་ཅན ་ངན་དང་།། བལ་བུ་སྐྱེར་བ་ཨུཏ་བ་ལ།། གུར་གུམ་དྲི་ཞིས་ལུས་ལ་བྱུག། ཨོཾ་རང་ན་ས་བྷ་བ་བསབ་ཏབི་ཤ་རང་ན་བི་ཤ་ས་རས་ར་ཀ་ར་ཀ་ར་སརྦྦ།། ལྡེ་འབབ་ལ་ཡིས་འཇིགས་པ་ལ།། སྟག་དང་། ་སྦྲུལ་གྱིས་རུས་པ་ལ།། འཁོར་བའི་ཕྱེ་མ་ལྕགས་བྱེ་དང་།། ཟང་ཕྱེ་རགན་ཕྱེ་མ་དང་།། གསེར་གྱི་ཕྱེ་མ་གྲོ་གར་བཏུམས།། སྣང་བ་མཐའ་ཡས་སྐུར་བསྒོམས་སྟེ།། བྱམས ་པས་ཕྱོགས་འཚམས་ཀུན་ཏུ་བསྟན།། དུག་རྣམས་སྣ་ཚོགས་དུད་པས་བདུག། ཨོཾ་ཨི་ད་བཛྲ་ཛ་ལ་ཛྭ་ལ།། གྷ་རྫ་གྷ་རྫ་ས་ར་ས་རཱཀཱ་ར་སཧཱ།། མེའི་འཇིགས་པ་དག་ལ་ནི།། འབྲུག་རུས་སེན་དྷ་ཝ་ཤ་དང་།། ་ཏིལ་དང་ས་ལུ་ཛུ་ཅེ་དང་།། ནས་དང་གྲོ་དང་ཀུན་འབྲུམ་གྱི།། ཟད་འབྲུམ་དགལ་ལ་བསྔགས་སྟེ་བཏབ།། མེའི་ཕྱོགས་སུ་གཏོར་བར་བྱ།། ཨོཾ་བཻ་རོ་ཙ་ན་ཨག་ནི་པྲ་ཛ་ལ་ཛ་ལ་ས་ར་ས་ར་ཀ་ར་ཀ་ར་སྭཱ་ཧཱ། ་རྣམ་པར་སྣང་མཛད་སྐར་བསྒོམས་ཏེ།། མེ་ལ་གཏོར་ནས་ས་ཡིས་བསད།། ཆུ་བོ་དག་གི་འཇིགས་པ་ལ།། མཛེ་ཅན་པོ་མོའི་ཐོད་པར་ནི།། ར་དད་ཀྱི་དང་ཕག་གི་ཁྲག། ས་བདག་སྡེ་བརྒྱད་གཟུགས ་དང་བཅས།། ནང་དུ་བཅུག་སྟེ་ཆུ་བོར་དོར།། དོན་ཡོད་གྲུབ་པའི་སྐུ་རུ་གསལ།། ཨོཾ་ཨ་མེ་གྷ་སིད་དྷི་ཨོ་ག་པེ་ཏ་ཎི་ས་ར་ས་ར་ཀ་ར་ཀ་ར་ས་ཧཱ།། ཕྱག་སྟོང་སྤྱན་ཡང་དེ་བཞིན་ཏེ།། ཐུགས་རྗེ་ཆེན་པོའོ་ཁ ་དོག་ནི།། སོ་སོར་གསལ་ཞིང་བསམ་པར་བྱ།། སོ་སོར་དབུ་ལ་སོ་སོར་བསམ།། བྱམས་པས་ཀུན་ལ་རབ་བལྟ།། འཇིགས་པ་ཀུན་ལས་གྲོལ་བར་འགྱུར།། འཇིགས་པ་ལས་ཡོངས་སུ་བསྲུང་བའི་ལེའུ ་སྟེ་དྲུག་པའོ།། ། སྐུ་གདུང་མེ་ཏོག་དཀར་པོས་མཆོད།། ས་གཞི་དྲི་ཡིས་ཆག་རྨག་གདབ།། སྙིང་པོ་གཟུངས་དང་བཅས་པའམ།། ཁྲུ་གང་ཚད་ཀྱིས་མཆོད་རྟེན་ལ། ་ལེགས་པར་མཆོད་ཅིང་བསྟོང་པར་བྱ།། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི།། ཐུགས་རྗེའི་གཟུགས་ཀྱི་རྟེན་དུ་ཤར།། རྫུ་འཕྲུལ་ཚད་མེད་བཞི་དང་ལྡན།། བྱང་ཆུབ་མཆོག་རྣམ་ཡོངས་སུ་རྫོགས། ་དྲི་མེད་དུང་འདྲ་དཀར་པོ་སྟེ། རྒྱལ་ཆེན་པནི་ཡང་དེ་བཞིན་ནོ།། བྱང་ཆུབ་ཆེན་པོའི་མཆོད་རྟེན་ནི། ཁྲི་འང་བཅུ་གསུམ་ཏོག་དང་ལྡན། རྩཝ་ཡི་རོལ་མོམར་དུའངག་ངོས་སྒྲ་རྒྱུན་མི་བཅད་པ་གཏམ ་རིན་ཆེན་ལྔ་ཡི་བདག་ཉིད་སྟེ།། ཕུར་བུས་གངབཅིང་ཡོངས་སུ་བཟུང་།། སངས་རྒྱས་ཀུན་གྱི་བྱིན་བརླབ་ཆེ།། དེ་ཡི་བསོད་ནམས་རངས་བསྟན་པ།། མཚམས་མེད་ལྔ་དང་མི་དགེ་བཅུ།། ཉོན་མོངས ་དབང་དུ་གྱུར་སྡིག་པ་རྣམས།། སྐ་ཅིག་ཙམ་གྱིས་དག་པར་འགྱུར།། ཤིན་ཏུ་གཙང་བའི་རས་དག་ནི།། བྱམས་ལྡན་སྙིང་རྗེ་ཅན་གྱིས་བྱས།། བྲམ་ཟེའི་རིགས་ལས་བྱུང་བ་ཡི།། འབྲས་མཁན་སྙིང ་རྗེ་ཅན་གྱིས་བྱ།། རང་བསམས་ལྷག་པར་གནས་པ་ཡིས།། མདུན་དུ་བདར་ཏེ་མཆོད་པར་བྱ།། ཆད་དང་ཁ་དོག་ཡོངས་དག་གསལ།། ཡིད་དུ་འོང་བ་དག་ལའོ།། ཟས་དག་ཡིད་དུ་འོང་བ་ཡི།། ་དཀར་གསུམ་སྔགས་པ་སྤངས་པ་ཡིས།། ཤ་དང་སྒོག་པ་ལ་ཕུག་དང་།། བཟའ་དང་ཆང་ནི་ཤིན་ཏུ་སྤངས།། ཤེལ་ཕྲེང་བད་མའི་སྙིང་པོ་དང་།། བོ་དེ་ཙེ་དང་མུ་ཏིག་གིས།། གཡལ་དང་སྦྲིད་པ་མི་ཚིག ་རྣམས།། ནམ་ཡང་ཆོད་པར་མི་བྱའོ།། ཡེ་བྱད་དང་དམ་ཚིག་བསྟན་པའི་ལེའུ་སྟེ་བདུན་པའོ།། ། ལས་རྣམས་སྣ་ཚོགས་བསྲུང་བྱེད་ན།། པེ་ཏི་འམ་ལུགས་མ་རས་བྲིས་ལ། ་བརྟེན་ནས་བདག་གིས་བྱམས་སེམས་ལྡན།། མུམ་ལས་འཕགས་པ་འཇམ་དཔལ་ནི།། དམར་སེར་པེ་ཏི་ཨུང་དཔལ་འཛིན།། མཉམ་པའི་དཀྱིལ་མོ་དཀྲུང་གིས་བཞུགས།། བུམ་པ་ཁ་དོག་སེར་པོའི ་ནང་།། རིན་ཆེན་ལྔ་དང་འབྲུ་སྣར་བཅས།། ཏདྱ་ཡཱ་ཐཱ། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨེ་ཏེ་ཝ་ཏྭེ། ཙ་ལེ་ཧྲ་ལེ། པྲ་ཙ་ལེ་པྲ་ཙ་ལེ། ཀུ་སུ་མེ་ཀུ་སུ་མེ། ལ་རེ་ཨི་ལི་མི་ལི་ཙི་ཏི་ཛྭ་ལ་མ་ཧཱ། ་པ་ན་ཡེ་སྭཱཧཱ།། ལན་བདུན་ཡོངས་སུ་བཟླས་བྱས་ནས།། བུམ་པའི་ཆུ་ཡིས་ཁྲུས་བྱས་ན།། གཏི་མུག་ཐམས་ཅད་ཞི་བར་འགྱུར།། ཤེས་རབ་ཆེན་པོ་ཐོབ་པར་འགྱུར།། ་རས་བྲིས་མཆོད་རྟེན་ལ་བརྟེན་ནས།། མཎྜལ་དྲི་ཞིམ་མེ་ཏོག་དཀྲམ།། དཀར་གསུམ་དམར་གསུམ་དག་དང་ནི།། འབྲས་དང་ཏིལ་དང་ཡུངས་དཀར་དང་།། པད་མའི་རྩ་བ་དཀར་པོ་ལ།། རིལ ་བུ་རྒྱ་ཤུག་འབྲུམ་བུ་ཙམ།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ནི།། ཧྲིཿལས་བྱུང་བའི་སྐུ་མདོག་དཀར།། ཕྱག་ན་པད་མ་མཆོད་སྦྱིན་མཛད།། སེམས་དཔའི་དཀྱིལ་མོ་དཀྲུངས་གིས་བཞུགས། ་ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཨི་ཏཱི་ཝ་ཏེ། ཙི་ལེ་ཙི་ལེ། པྲ་ཙ་ལེ་པྲ་ཙི་ལེ། ཀུ་སུ་མེ་ཀུ་སུ་མ་ཝ་རེ། ཨི་ལི་མི་ལི། ཙིདཏྟཱ་ལ་མ་ཧཱ་པ་ཎ་ཡ་སྭཱ་ཧཱ།། རི་ལུ་དག་ལ་སྔགས་བཏབ་སྟེ།། བྱམས ་པའི་སེམས་དང་ལྡན་པས་བཟའ།། སྲིད་པའི་འདོད་ཆགས་ཞི་འགྱུར་ནས།། རབ་ཏུ་བདེ་བ་ཐོབ་པར་འགྱུར།། མཎྜལ་སྔོན་པོ་ལེགས་བྱས་ནས།། ཨུད་དཔལ་བློ་ནིམ་པ་དང་།། ཨ་རུ་ར་དང་ཙན་དན ་དང་།། དྲི་ཡིས་ཆུའི་བུམ་པ་དག། ཕྱག་ན་རྡོ་རྗེ་གོས་སྔོན་ཅན།། སྐུ་མདོག་ལྗང་སྔོན་ཅུང་ཞིག་ཁྲོས།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་བསྣམས།། སེམས་དཔའི་དཀྱིལ་མོ་དཀྲུང་གིས་བཞུགས།། ཏདྱ་ཐཱ། ་ཨོཾདྷ་རཱ་པ་ཎི་ཛྭ་རི། དྷུ་རུདྷ་རུ། ཨི་ཏི་ལ་ཏེ། ཙ་ལེས་ཡེ། པྲཙ་ལེ་པྲཿ་ལཾ། ཀུ་སུ་མེ་ཀུ་སུ་མ་ཧཱ་ལ་རེ། སི་ལི་མེ་ལི།། ཙི་ཏི་ལ་མཧཱ་པ་\ུ0f7f་ཡེ་སྭཱཿ། ཙཱུ་བསྲེད་བྱེ་ན་རྡོ་རྗེ་ཡེ།། བུམ་པའི་ཆུམས ་ཆུས་བྱས་ནས།། ཞེས་སྔོ་ཏུ་ནི་ནས་ནི།། བཟོད་པ་ཆེན་པོ་ཐོབ་པར་འགྱུར།། དུག་རབ་ཏུན་པར་བྱེད་པའི་ལེའུ་སྟེ་བརྒྱད་པའོ།། ། དེས་སམ་ཐེག་ཤིང་ཤུན་ལ། འཇོ ་ལོ་ཙོ་བས་བཞི་མུ་ལྗང་བཅས། དྷ་ར་དྷ་པ་དྷི་རི་དྷི་རི། དྷུ་རུ་དྷུ་རུ། རཀྴ་རཀཱ་ཞེས་པ་ཡི།། བསྲུང་བ་ལུས་ལ་གདགས་བྱས་ན།། ནང་དང་གདོན་དང་རིམས་དང་ནི། འཇིགས་པའི་ནད་དང་།། གནོ། ་ལས་ཐར།། བདེ་བ་ཡོངས་སུ་རྫོགས་པར་འགྱུར།། སྐུད་པ་དག་ནི་དཀར་པོ་ལ།། མདུད་པ་དག་ནི་རབ་བྱས་ཏེ།། བདུན་ནམ་ཉི་ཤུ་རྩ་གཅིག་གམ།། བརྒྱ་རྩ་བརྒྱད་དུ་ལེགས་བྱས་ན།། བསྲུང་བ ་ཡི་ནི་དམ་པ་འདིས།། བསྲུང་བའི་མཆོག་ཏུ་འགྱུར་བའོ།། མུ་ཏིག་བྱི་རུ་རིན་ཆེན་གསེར།། ག་བུར་གུར་གུམ་བླ་རྩི་དང་།། ཨ་ཀ་རུ་དང་དུ་རུ་ཀ། ཕུར་པ་སྙིང་ཁར་གདགས་པར་བྱའོ།། ཙན་དན་བླ་རྩ ་གུར་གུམ་དང་།། གུ་གུལ་ནག་པོ་བསྲེས་པའི་ཕྱེ།། བ་ཡི་འོ་མས་འདེ་གུ་བྱས།། གནས་གསུམ་དག་ཏུ་བྱུགས་པས་ནི།། གདོན་དང་ནད་ཀྱི་འཇིགས་པ་དག། བྱུགས་པ་དེས་ནི་བསྲུང་བར་འགྱུར།། ་བསྲུང་བའི་འཁོར་ལོའི་ལེའུ་སྟེ་དགུ་པའོ།། ། སེར་བ་ཡོངས་སུ་བསྲུང་བ་ནི།། སེང་ལྡེང་ལྷང་ཏིའི་ཕུར་པ་ལ།། གསང་སྔགས་བཟླས་ནས་དབུས་སུ་ནི།། ཧྲིཿལས་བྱུང་བའི་སྐུ ་བསྐྱེད་དོ།། ཕྱོགས་བཞི་ཁྲོ་བོ་ཆེན་པོ་ནི།། ཤར་དུ་ཁམས་གསུམ་རྣམ་རྒྱལ་ནི།། སྐུ་མདོག་དཀར་པོ་མེ་དཔུང་འབར།། རྡོ་རྗེ་འཁོར་ལོ་ལྡིང་འཛུབ་མཛད།། ཨོཾ་པྲད་ཛཱ་ཏ་ཀྲིད་ཧ་ན་ཧ་ན་ཧཱུཾ་ཕཊ།། ལྕེ ་རུབ་ཤིན་རྗེ་གཤེད་པོ་ནི།། དམར་ནག་རིན་ཆེན་བེ་ཅོན་འཛིན།། ཨོཾ་ཡ་མན་ཏ་ཀྲིད་ཏིཥྛ་ཏིཥྛ་ཧཱུཾ་ཕཊ།། ནུད་ཏུ་རྟ་མགྲིན་དམར་པོ་ནི།། མེ་དཔུང་རྡོ་རྗེ་དབྱུག་པ་འཛིན།། ཨོཾ་ཏྱ་གྲྀ་བ་ཧུ་ལུ་ཧུ་ལུ་ཧཱུ~ཾ་ཕཊ། ་བྱང་ཕྱོགས་ཁྲོག་ཉེར་ཅན་གྱི་བུ།། ལྗང་སྔོན་འམ་གྲི་འཛིན་པ་སྟེ། ཡོ་ཨ་མོག་བྲིག་ཀྲྀ།། བར་དྷ་བན་ཏུ་སྦྲེབ་ཊ།། ཕྱོགས་པཞིའི་ཕྲེང་བ་དག་ལ་ནི།། འདུན་ནམ་ཉི་ཤུ་རྩ་གཅིག་བཟླས།། གས ་@གཟན་དྲིམ་ཡུངས་ཀར་བསྲེགས།། གསང་སྔགས་བཟླས་ཤིང་མཁའ་ལ་གཏོ། ཨོཾ་བཛྲ་ཀྲོ་ཏ་དྷ་ལཱ་ཧུ་ལུ། ཏིཥྛཏིཥྛ། བན་དྷ་བནཿ། ཅན ་ཕཊ།། སེར་བ་བསྲུང་བའི་ལེའུ་སྟེ་བཅུ་པའོ།། ། དེ་ནས་བཅོམ་ལྡན་འདས་ཀྱིས་འོད་འོད་ཟེར་རབ་ཏུ་བཀྱེ་སྟེ། ཕྱག་སྟོང་དང་སྤྱན་སྟོང་ནས་འོད་ཟེར་བཀྱེ་བ་འདི་ནི་འདི་ལྟ ་སྟེ། དཀར་པོ་དང་། དམར་པོ་དང་། ནག་པོ་དང་། ལྗང་ཁུ་དང་། སེར་པོ་དང་། འོད་ཟེར་དེ་དག་གིས་གྲོ་བ་རིགས་དྲུག་པོ་ཐམས་ཅད་ལ་ཁྱབ་སྟེ།། དབུགས་དབྱུང་བར་མཛད་དོ།། དེ་ནས་རྒྱལ་པོ ་ཆེན་པོ་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་འཁོར་དང་། ཚངས་པ་མདུན་ན ་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོང་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། ་མི་ཆེ་བ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བའོ།། འོག་མིན་ལ་སོགས་པ་ལྷའི་བུ་དག་གིས་མཆོད་པའི་སྤྲིན་གྱི་ཆར་ཕབ་ནས། ལྷའི་བུས་ཚིགས་སུ་བཅད་ནས་བསྟོད་པ།། སྤྱན་རས་གཟིགས ་དབང་ཐུགས་རྗེའི་སྐུ།། ཕྱག་སྟོང་ཉོན་མོངས་སྒྲོལ་བའི་ཕྱག། སྤྱན་སྟོང་ཤེས་རབ་འོད་གསལ་ཏེ།། འགྲོ་དོན་མཛད་ལ་ཕྱག་འཚལ་བསྟོད།། ཅེས་བསྟོད་ནས། བཅོམ་ལྡན་འདས་ཐུགས་རྗེ ་ཆེན་པོའི་སྐྲ་དེ་མི་སྣང་བར་གྱུར་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པར་གྱུར་ཏོ།། དེ་ནས་ལྷའི་བུས་གསོལ་པ། འདི་ཡི་ཕན་ཡོན་ཅི་ཞེས་ཞུས་པ་དང་།། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། གང ་ཞིག་རྒྱུད་འདི་ལ་བྱེད་ན།། ནང་དང་གདོན་དང་རིམས་དང་ནི། རྒྱལ་པོ་ཅན་གཟན་འཇིགས་པ་དང་། འཇིགས་པ་ཀུན་ལས་གྲོལ་བར་འགྱུར།། འདོད་ཆགས་ཞེས་སྡང་ཏི་མུག་དང་།། མཚམས་མེད ་མི་དགེ་སྡིག་པ་ཀུན།། རབ་ཏུ་ཞི་བར་བྱེད་འགྱུར་ཏེ།། དམྱལ་བ་ངན་སོང་སྡུག་བསྔལ་དང་།། མི་ཁོམ་བརྒྱད་ལ་རྣམ་གྲོལ་སྟེ།། ཉན་དང་བཤད་དང་བསྒོམ་པར་འགྱུར།། དྲི་མེད་ནམ་མཁའི་དཀྱིལ ་ལྟ་བུའི།། བཅོམ་ལྡན་འདས་ཀྱང་མཐོང་བར་འགྱུར།། ཞེས་བཀའ་སྩལ་ནས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ཏེ། ་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་བཏུགས་ནས་ལེགས་སོ་ལེགས་སོ་ཞེས་བྱ་བ་གསུངས་ནས། སྟན་ལ་འཁོད་དོ།། བྱང་ཆུབ་སེམས་དཔའ་འབུམ་ཕྲག་ལྔ་སྟོང་དང་།། ལྷ་དང་མི་དང་ལྷ ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡིད་རང་སྟེ་བཅོམ་ལྡན་འདས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ།། བང་མ་ཅོད་པན་རྒྱུད་ཅེས་བྱ་བ།། ལེའུ་བཅུ་གཅིག་པའོ།། ་རྫོགས་སྷོ།། ། པན་ཊི་ཏ་དྷརྨ་ཤྲི་མི་ཏྲ་དང་། ལོ་ཙྪ་བ་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། རྒྱ་གར་སྐད་དུ།། ལོ་ཀཽ་ཤ་ར་ཀཱ་ལ་པ། བོད་སྐད་དུ། འཇིག་རྟེན་དབང་ཕྱུག་གི་རྟོག ་