CLOSE WINDOW

F501: seng ge sgra'i rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། སི་ཧ་ན་ད་ཏན་ཏྲ་ན་མཿབོད་སྐད་དུ། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ།། བཅོམ་ལྡན་འདས་པད་མ་གསུང་གི་ལྷ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས ་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་པད་མའི་དབང་ཕྱུག་ཏུ་སྦྱར་ཏེ་རྡོ་རྗེའི་གདན་ལ་བཞུགས་སོ།། དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང་ལས་རྣམས་ཇི་ལྟར་སྦྱང་།། ཨེ་མ་ཧོ་སེམས་ཅན་རྣམས་ལ་སྙིང་རྩེ་བའི་མཆོག་སྤྱན་རས་གཟིགས་སེང་གེ་སྒྲ་ཞེས་བྱ་བ་ཡོད་དེ། དེ ་ཡིས་སྔོན་ལམ་སྤང་བ་དང་།། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་ཡིད་ལ་བྱའོ།། དེ་ནས་བཅོམ་ལྡན་འདས་པད་མ་དབང་ཕྱུག་ལགས་ཏེ།། གསང་སྔགས་ཀྱི་ཚིག་འདི། ་དག་སྨྲས་སོ།། ན་མོ་རཏྣ་ཏྲ་ཡ་ཡཱ། ན་མཿརྱཱ་ཨ་བ་ལོ་ཀི་ཏེ་ཤྭ་རཱ་ཡ། བོ་དྷི་སཏྭཱ་ཡ། མ་ཧཱ་སཏྭ་ས། མ་ཧཱ་ཀ་རུ་ནིཌྷ་ཀ་ཡ། ཏདྱ་ཡ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཏཾ་ཀ་ཊེ་ཀར ་ཀིཀྴ་བཱི་ཙྱཻ་སརྦ། ཨོཾ་ཡ་ཧྲི་སེང་གན་དུ། ཟླ་མོ་གྲྀ་ཧཱུ~ཾ། ཨོཾ་ཨ་དྷུ། ཡོ་བ་ལིན་དྷ་ཛ་རྫི་བབུ་ཏུ་བེ་ཧཱུ~ཾ། སརྦས་མྲི་ཏི་ཧཱུ~ཾ། ཨོཾ་དྷ་ཏ་ལི། མ་རྦབ་ཏུ་ལི། ཙུ་དྷནཱ་རྫ་སྭཱཏྭཱ། ཨོཾ་བྷཀྴ་ཛཿ། ་ས་མ་ཡ་ཏིཥྛ་ཛུ་ཧུཾ་ཕཊ་སྭཱ་ཧཱ།། ཨོཾ་ཏ་པྲ་དེ་ཧཱུཾ་ཕཊ། པྲི་ཏི་ཀ་ར་ཧཱུཾ་ཕཊ། ཨོཾ་བ་རུ་ཎ་ཨ་གཙྪ་ཡ་ཨཱ་གཙྪ་ཡ། མ་ཧཱ་ན་ག་གིས་ཏི་སརྦེ་བྷ་ར་ཕུ། པུ་ཕུ་སྭཱ་ཧཱ། ཨོཾ་བྷ་ག་བ་ཏཽ་ཤྲུ་ཏི་སླེ་ཏི་ས་མ་བ་ཏི། ས ་ར་མ་ཏི་སིད་དྷི་སྭཱ་ཧཱ། ཨོཾ་ཨཿཧྲི་ཨོཾ་སིད་དྷ་ན་ད་ཧཱུཾ་ཕཊ།། ནཱ་ག་དུ་པ་ལི་མཱ་ར་ཡ་ཕཊ། ཛ་ལ་ཛ་ལ་ཧཱུཾ་ཕཊ། ཨོཾ་ཨཱ་བི་གཱ་ན་ན་ཏ་ཀྲི་ཏ་ཧཱུཾ། ཨོཾ་ཨེ་གན་ཨ་ཏི་བྱ། ཨ་བྷི་ས་མ་ཡ་བི་ཤ། མ་ཧཱ་ཤྲི་ཡེ་ཧ་དྱ། ་ཀ་གྱ་མ་ཧཱ་ནི་ཡེ་སྭཱ་ཧཱ། ཨོཾ་བྷ་བ་ཨགྣ་ཡེ་ཤན་ཏ~ཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་ཏཱི། སིད་ཧཱ་ན་ད་བཛྲ་ཙཀྲ་བ་དྷ་ལོ་ཀི་ཀ་དྲུཾ་བྲུཾ་བྲུཾ། ལོ་ཀ་དྷ་ར་ནི་སིང་ཧཱ་ནད་བྲུཾ་བྲུཾ་བྲུཾ་ཧཱུཾ་ན་སི་དྷ་ན་ད། ཧཱུཾ་བྲུཾ་བྲུཾ་བྲུཾ་ཧུཾ་ཧཱུཾ་ཧཱུཾ་སཱཧཱ།། གསང ་བའི་བདག་པོ་འདི་ནི་མཎྜལ་གྱིས་སྒྲུབ་པ་ཞེས་བྱའོ།། བསད་པ་དང་ཕྱིར་བཟློག་པ་དང་དགུག་པ་དང་། བཅིང་པ་དང་། ཞི་བའི་ལས་ཡིན་ཏེ། ནང་པར་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ཏེ། ་མངར་གསུམ་ལག་པའི་མཐིལ་དུ་མཉེས་པས་ཀླུའི་ཞེས་སྡང་ཞི་བར་འགྱུར་རོ།། འདི་ནི་ཀླུའི་སྡེ་དཔོན་ཞེས་བྱས་སྟེ།། སེང་གེའི་སྟེང་དུ་ཟླ་བ་ལ།། རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། ་གཡས་ན་ཐོ་མཚན་རྩེ་གསུམ་ལ།། དྲག་པོའི་རྒྱལ་རིམས་དབང་དུ་བསྡུས།། པད་མའི་རྩེ་ལ་ཐོད་པ་ནི།། འཕྲིན་ལས་བཞི་ལྡན་ཀུ་མུ་ཏ།། ཤེས་རབ་སྦྱོར་བའི་རལ་གྲིར་བཅས།། བཀའ ་ཐུབ་ལྡན་པའི་སྐུ་དེ་ལ།། རིགས་ལྔས་རྣམ་པར་བརྒྱན་པའོ།། གསུམ་དང་ལྔ་ནི་བདུན་དུ་འཆང་།། རྩེ་མོར་འོད་དཔག་མེད་པས་བརྒྱན།། སེང་གེའི་ཆ་ལས་བྱུང་བ་ཡིན།། འདམ་སྐྱེས ་དམར་པོའི་ལོ་མ་གཉིས།། པད་མ་བཞི་ལ་སྔགས་བཞི་ལྡན།། རང་ལུས་འོག་ནས་ཐལ་མོ་སྦྱོར།། སྐུ་ལ་འདུད་ཅིང་འཕྲིན་ལས་བྱེད།། རྡོ་རྗེའི་གདན་ལ་མི ་སྐྱོད་པའི།། ཐུགས་ཁ་ནས་ནི་སྔགས་འདི་འདོན།། སྤྲོ་པ་གསུམ་དུ་ལྡན་པའི་སྔགས།། ཉི་ཤུ་རྩ་གཅིག་གདོན་པར་བྱའོ།། གསང་བའི་བདག་པོ་རྒྱུད་འདི་ལ་སྨོད་པའི་སེམས་ཅན་དེ་ནི་སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོད་པ་ཡིན་ནོ།། གསང་བའི་བདག་པོ་རྒྱུད་འདི་ཉན་པ་དང་།། སེམས་དཔའ་དང་། མཆོད་པ་དང་། འཆང་བ་དང་། ཐ་ན་འདི་ལ་མོས་པའི་སེམས ་ཅན་དེ་དག་ལ་རྒྱལ་ཆེན་བཞིའི་ལྷ་དང་། སུམ་ཅུ་རྩ་གསུམ་གྱི་ལྷ་དང་།། ཚངས་པའི་བུ་དང་། ཚངས་ཆེན་རྣམས་ཀྱིས་བསྲུང་བ་དང་། སྐྱབ་པ་དང་། སྨྲ་བ་དང་། ཀུན་ཏུ་རྗེས་སུ་འབྲང་བར་བྱེད་དེ། ་དེ་བས་ན་ལྷག་པའི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་བུ་ལ་མས་བསྲུང་བ་བཞིན་དུ་བསྲུང་བར་འགྱུར་རོ།། བདུད་ཀྱི་བར་དུ་གཅོད་པར་མི་ནུས་སོ།། གང་ཤི་འཕོས་ནས་ནུབ་ཕྱོགས ་བདེ་བ་ཅན་དུ་པད་མོས་ལས་སྐྱེ་བར་འགྱུར་རོ།། མངལ་གྱི་སྡུག་བསྔལ་ལས་ཐར་བར་འགྱུར་རོ།། ཚེ་འདིར་མེ་དང་ཆུའི་འཇིགས་པ་ལས་ཐར་བར་འགྱུར་རོ།། འདིར་ནི་མདོ་ཙམ་སྨོས་སུ་ཟད་ཀྱི། ་དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་བཞིན་དུ་འགྱུར་རོ།། གང་རྒྱུད་འདི་ལ་གནོད་པ་དང་། འཚེ་བ་དང་། ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་ན། དེ་ལྷའི་བུ་དང་ཀླུའི་བུ་ཁྱེད་རྣམས་ཀྱིས ་བསྲུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ།། དེ་ནས་གསང་བསང་བའི་བདག་པོ་དང་། ཚངས་རིས་ཀྱི་ལྷའི་བུ་དེ་དག་རབ་ཏུ་དགའ་ནས་ཚུལ་བཞིན་དུ་ཁས་བླངས་པར་བྱའོ།། དེ་ནས་གཞན་བསྲུང་བའི ་བྱིར་འདི་དགས་དཀར་པོ་ལ་ལན་དུ་མར་སྔགས་ན་བར་ཆད་ཐམས་ཅད་ཞི་བར་འགྱུར་རོ།། སེང་གེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་བན་ཏྲི་ཏ་པྲཛྙཱ་ཀ་ར་དང་། བོད་ཀྱི་ལོ་ཙཱ། ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་བབ་པའོ།། །། འཕགས་པ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ།། འཕགས་པ་དེ་བཞིན་གཤེགས་པ་ཡེ་ཤེས་རྒྱ་མཚོ ་