CLOSE WINDOW

F500: 'phags pa spyan ras gzigs dbang phyug seng ge sgra'i gzungs zhes bya ba
Wyliee-texts produced with BDRC’s OCR application

སེ་ཤེ@##། རྒྱ་ག་གར་སྐད་དུ།། ཨཱརྱཱ་ལོ་ཀི་ཏེ་ཤྭ་ར་ཡ་སཱི་ཧ་ན་ད་ན་མ་དྷ་ར་ཎི།། ། བོད་སྐད་དུ།། འཕགས། ་པ་སྤྱན་རས་གཟིགས་དབང་ཕྱུག་གསེང་གེ་སྒྲའི་གཟུགས་ཞེས་བྱ་བ། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གི་ཐོས ་བའི་དུས་གཅིག་ན། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕོ་བྲང་རི་བོ་ཏཱ་ལའི་ཙོ་མོ་ན། རིན་པོ་ཆེའི་ཁངས་བཟངས། རིན་པོ་ཆེ་དང་། མུ་ཏིག ་དང་། ནོར་བུ་དཔག་མེད་ཀྱིས་སྨྲས་པ། འོད་ཀྱིས་སྟོང་གསུམ་ཁྱབ་པ།། མེ་ཏོག་དྲི་ཞིམ་པོ་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པའི་ས་ཕྱོགས་དེ་ན། བྱམས་པ་ལ་སོགས་པའི ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང་། ཉན་ཐོས་ཆེན་པོ་ཤ་ར་དྭ་ཏིའི་བུ་ལ་སོགས་པ། དགེ་སློང་རབ་ཏུ་མང་པོས་ཡོངསུ་བསྐོར་ཅིང་། བཅོམ་ལྡན་འདས་སེང་གེའི་གདན ་བཤམས་པ་ལ་བཞུགས་སོ།། འཁོར་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་ཞེས་བྱ་བ་འདུག་པར་གྱུར་པ་སྟེ་རང་གི་བསྟན་ལ་ལངས་ཏེ་བླ་གོས་ཕྲག ་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྔ་ངས་ལ་བཙུགས་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོ ་ཏོ།། བཅོམ་ལྡན་འདས་ཡུལ་མ་ཀ་ཏན་རྒྱལ་པོ་དབང་ཕྱུག་འོད་ཅེས་བགྱི་བ། འཁོར་དང་། བཙུན་མོ་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པ་ལས་རྒྱལ་པོ་དེ་མཛེ་དང་། ་པོ་ལ་མིག་དང་དབུགས་མི་བདེ་བ་སྙིང་ནད་འབར་བ་བྱུང་སྟེ། ཇི་ལྟར་བསལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ ་དཔའ་སྔོན་འཇིག་རྟེན་གྱི་ཁམས་འདི་ཉིད་ན་འཛམ་དཔལ་ཁྱོད་ནི་བྱང་ཆུབ་སེམས་ཤེས་རབ་ཆེན་པོ་ཞེས་བྱ་བ་ཡིན་ལ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་འདི་ཉིད་བྱང ་ཆུབ་སེམས་དཔའ་སྙིང་རྗེའི་མཆོག་ཅེས་བྱ་བ་ཡིན་པས། བྱང་ཆུབ་སེམས་དཔའ་དེ་ཉིད་སྟོང་གསུམ་དུ་སེམས་ཅན་གྱི་དོན་ལ་གཤེགས་པ་ལ། སེང་གེ་དཀར་པོ་ཅིག་དབང་དུ ་སྡུས་ཏེ་ཆིབས་བྱས། སྐུ་ལ་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན། མདུང་རྩེ་གསུམ་པ་དང་། རལ་གྲི་དང་། པད་མ་དང་། ཨུད་པ་ལ་ཐོགས་ནས་ཕྱིན་པ་ལ། རྒྱ་མཚོ་ཆེན་པོ་ལ་རྒལ ་བོའི་དུས་སུ་སེང་གེ་བཞག་ནས་ཁུར་རེས་བྱས་ཤིང་བྱོན་པ་ལ། བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་ཁྱོད་ཉིད་ནི་གྲོགས་ལ་ཕན་པའི་སེམས་ཀྱིས་རང་ལ་རལ་གྲིས་རང་ཀ་མོ།། ་བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་གི་བསམ་པ་ལ་སྟེང་འོག་པར་སྣང་གི་ཀླུར་དང་ལྷ་ལ་སོགས་པ་བསད་དམ་སྐམ་ནས་བཏང་བའི་སྣོད་བྲམ་ཟེའི་ཐོད་པ་ལ་ག་ན་བོགས། ་ཏྲི་ཤུལ་ལ་རྩེ་གསུམ་པ་ལ་ག་ན་ཐོགས་སེང་གེ་དཀར་པོ་ལ་ཞོན། མྱ་ངན་དུ་རལ་པ་ཐོདུ་བཅིང་ནས་སྟེང་གི་ལྷ་ལ་བསྡིགས་ཏེ།། སྙིང་རྗེ་བའི་སྟོབས་ཀྱིས་སེམས་ཅན་དོན་བྱས ་པས། རང་གི་གྲོགས་པོས་སྤངས་ནས་གཅིག་པུ་ལུས། ལྷ་རྣམས་ཀུན་གྱིས་ཉེས་ན་ཆད་པའི་ལས། གྲོང་ཁྱེར་འཇོམས་ཤིང་ལྷ་རྣམས་འགུམ་པར་བགྱིད་ཅེས་སྨྲས་ཏེ་ལྷ ་རྣམས་ལ་ཏྲི་ཤུལ་གདེངས་པ་དང་།། རྒྱལ་པོ་ཆེན་པོ་བཞི་དང་། ལྷའི་དབང་པོ་རྒྱ་བྱིན་དང་། མི་མཇེད་ཀྱི་བདག་པོ་ཚངས་པ་དང་། ཁམས་གསུ ་གྱི་ལྷས་དགའ་བའི་མདངས་ཕྱུང་སྟེ། ལྷའི་མེ་ཏོག་པད་མ་དང་། ཀུ་པུད་ཏ་དང་། པུན་ཏ་རི་ཀ་དང་། ཙམ་པ་ལ་སོགས་པ་ཕུལ་ཏེ། ཐོད་པ་བཀང་ངོ་།། དེ་ནས་བར་སྣང་གི་ལྷ་དང་། ཀླུ ་དང་། དྲི་ཟ་དང་། གནོད་སྦྱིན་དང་། ལྷ་མ་ཡིན་དང་། གྲུལ་བུམ་དང་། ན་མཁའ་ལྡིང་དང་། མི་འམ་ཅི་ལ་སོགས་པ་ལ་བསྡིགས་པས། ཏྲི་ཤུལ་གདེངས་ནས་སྙིང་རྗེའི་སྟོབ ་ཀྱིས་སེམས་ཅན་དོན་བྱས་པས། རང་གིས་གྲོགས་པ་སྤངས་ནས་གཅིག་པུ་ལུས། སྡེ་བརྒྱད་ཚོགས་ཀྱིས་ཉེས་ན་ཆད་པའི་ལས། གྲོང་ཁྱེར་འཇོམས་ཤིང་སྡེ་བརྒྱད་འགུམ་པར ་བགྱིད། ཅེས་སྨྲས་སྟེ།། སྡེ་བརྒྱད་ལ་ཏྲི་ཤུལ་གདེངས་པ་དང་།། ཀླུའི་རྒྱལ་པོ་གཙུག་ན་རིན་ཆེན་དང་།། དྲི་ཟིའི་རྒྱལ་པོ་ཟུར་ཕུད་ལྔ་པ་དང་། གནོད་སྲིན་གྱི་རྒྱལ་པོ་རྣམ་ཐོས ་ཀྱི་བུ་དང་། ལྷ་མ་ཡིན་གྱི་རྒྱལ་པོ་ཐགས་བཟང་རིས་དང་།། མེའམ་ཅིའི་རྒྱལ་པོ་ལྗོན་པ་ཏ་མགོ་ཅན་དང་། གྲུལ་བུམ་གྱི་རྒྱལ་པོ་སྦྲུལ་མགོ་དགུ་པ་དང་། ན་མཁའི་སྡི་ག ་རྒྱལ་པོ་ག་སེར་མིག་ཅན་ལ་སོགས་པ་འཁོར་མང་པོ་དང་།། བཅས་པ་དགའ་བའི་མདངས་ཕྱུང་སྟེ་སེར་ག་ལ་རིན་པོ་ཆེའི་བརྒྱན་ཕུལ་ལོ།། དེ་ནས་སའི་འོག་ན་གནས་པའི་ཀླུ་ལ་སྡིགས ་ཏེ། སྙིང་རྗེའི་སྟོགས་ཀྱིས་སེམས་ཅན་དོན་བྱས་པས། རང་གི་གྲོགས་ཀྱིས་སྤངས་ནས་ཅིག་པུར་ལུས། ཀླུ་ཚོགས་རྣམས་ཀྱིས་ཉེས་ན་ཆད་པའི་ལས། གྲོང་ཁྱེར་འཇོམས་ཤིང་ཀླུ། ་རྣམས་འབམ་པར་བགྱིད། ཅེས་སྤྲས་ཏེ་རྒྱ་མཚོ་ཆེན་པོ་ཏྲི་ཤུ་ལས་ཀྲུགས་པ་དང་། ཀླུའི་རྒྱལ་པོ་མདྲོས་པ་དང་། ཀླུའི་རྒྱལ་པོ་བདུན་དང་། ཀླུའི་རྒྱལ་པོ་འཇོག་པོ་དང་། དེ་དག ་ལ་སོགས་པའི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ལྷ་དང་ལྷ་མ་ཡིན་གྱི་གཡུལ་མྱོང་བར་བྱེད་པ། ཀླུའི་རྒྱལ་པོ་འབུམ་ཕྲག་དྲུག་གཡོག་དང་འཁོར་དུ་བཅས་པ་འདུས ་ཏེ། དགའ་བའི་མདངས་ཕྱུང་ནས་ཀླུའི་རྒྱལ་པོ་བ་རུ་ཎ་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཕྱག་འཚལ། བསྐོར་བ་ལན་གསུམ་བྱས་ཏེ། བྱང་ཆུབ་སེམས་དཔའ་སྙིང་ཇེ་ཅན། ་ཁྱོད་ལ་བདག་ནི་སྐྱབས་སུ་མཆེ། ཀླུ་རྣམས་ཀུན་གྱིས་མགོན་མཛོད་ཅིང་། ཉམས་ན་ཀླུའི་གཤེད་པར་མཛོད། ཅེས་སྨྲས་པ་ནས་ཏྲི་ཤུ་ལ་ལན་གསུམ་དཀྲིས་ལ་ཁ་བྱང་ཆུབ་སེམས་དཔ ་ལ་སྦྱར། ཕུ་ཕུ་ཞེས་བརྗོད་ཅིང་གུས་པས་ཁ་ནས་ཁྲག་འབྱིན་ཅིང་གནས་སོ།། ཀུའི་རྒྱལ་པོ་བཞིན་རྣམས་ཀྱང་ཐལ་མོ་སྦྱར་ནས་བསྐོར་བ་ལན་གསུམ་གསུམ་བྱས་ནས་བྱང་ཆུབ་སེམས་དཔའ་སྙིང་རྗེ ་ཅན། ཁྱོད་ལ་བདག་ཅག་སྐྱབས་སུ་མཆི། ཀླུ་རྣམས་ཐམས་ཅད་སྐྱབས་སུ་ཟུང་། ཉམས་ན་ཀླུའི་གཤེད་མ་མཛོད་ཅེས་སྨྲས་ནས། ཀླུ་ཆེན་པོ་བརྒྱད་སྦྲུལ་དཀར་པོ་གཅིག་ཏུ་བྱས་ནས་ཚངས་སྐད ་ལ་འཁྲིས་སོ།། ཀླུའི་རྒྱལ་པོ་དེ་རྣམས་ཀྱང་བདག་ཅག་ནི་བྲན་འགྱིད་དོ།། ཅི་བཀའ་སྩལ་པ་ཉན་ནོ་ཞེས་སྨྲས་ནས་ཀླུ་རྣམས་སོ་སོའི་གན་སུ་དང་སོ།། འཇམ་དཔའ་བྱང་ཆུབ་སེམས་དཔའི་ནི་སྟེང ་རྗེཀླུ་འདུལ་ཞེས་བྱའོ།། སྙིང་ནད་སེལ་བ་ཞེས་བྱའོ།། འཇམ་དཔལ་དེ་ལྟར་སྔོན་པི་བྱང་ཆུབ་སེམས་དཔའ་ཤེས་རབ་ཆེན་པོ་དེ་འཇམ་དཔལ་སྨྲ་བའི་སེང་གེ་ཁྱོད་ཉིད་ཡིན་ནོ།། དེའི་དུས ་། ཀྱི་བྱང་ཆུབ་སེམས་དཔའ་སྙིང་རྗེ་མཆོག་དེ་ནི་ད་ལྟ་འཕགས་པ་སྤུན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཀླུའི་དེ་དཔོན་ཆེན་པོ་འདི་ཉིད་ཡིན་ནོ།། འཇམ ་དཔལ་ངས་རྒྱལ་པོ་ཆེན་པོ་དེའི་དོན་དུ་ཐུགས་རྗེ་ཆེན་པོའི་སྔགས་བརྗོད་པར་བྱའོ།། ཡིད་ལ་ཟུང་ཤིག། ན་མོ་རང་ན་ཏྲ་ཡ་ཡཱ། ན་མོ་ཨརྱཱ་ཨ་པ་ལོག་ཀི་ཏི་ཤྭ་ར་ཡ། བོ་དྷི་སཱ་ཏ་ཡ། ་མ་ཧཱ་སཱ་ཏཱ་ཡ། མ་ཧཱ་ཀ་རུ་ཎི་ཀ་ཡ་ཏ་ད་ཡ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊཱི། ནི་ཀ་ཊེ། ཀ་ཊཾ་ཀ་ཏེ། ཀ་རོ་ཊེ། ཙི་ཏི་ཛ་ལ་ཀ་རོ་ཏྲ། བི་ར་ཡཻ་སྭ་ཧཱ།། གཟུངས་འདི་ནི་སངས་རྒྱས ་བྱེ་བ་ཕྲག་བརྒྱད་བཅུས་གསུངས་ལ། ད་ལྟར་ང་ཉིད་ཀྱིས་བརྗོད་པའོ།། འདིའི་ཆོ་ག་ནི་ཚེགས་ཚེ་ནོ་མི་དགོས་པ་ལས་ཐམས་ཅད་བསྒྲུབ་པའོ།། བཅོམ་ལྡན་འདས་སྤྱན་རས ་གཟིགས་དབང་ཕྱུག་སེང་གེ་སྒྲའི་སྐ་ལུགས་མ་འམ། བྲིས་སྐྲའི་སྤྱན་སྔར་བའི་ལྕི་བ་ས་ལ་མ་ལྷུང་བས་སོ་སོར་མ་འདྲེས་པར་མཆེལ་བརྒྱད་བྱས་ཏེ། མརཱ་ལ་རེ་རེ་ལ་མ་ཏེ། ་ཆོམ་འབྲུ་ལྔ་ལྔ་བཀྲམ་སྟེ། མེ་ཏོག་དང་། བདུག་པ་དང་། སྤོས་དང་། ཕྲེང་བ་དང་། ཕྱེ་མ་རྣམས་ཀྱིས་མཆོད་ནས། མནྟ་ལ་རི་རེ་ལ་གཟུངས་ལན་བཅུ་གསུམ་གྱི་བར་དུ ་བཟླས་པ་ལྕི་བདེ་བསྡུས་ཏེ། ལྕེ་བ་ལྷག་མ་ལ་སྔགས་ཤིང་ནད་པ་ལ་བྱུགས་ན་ནད་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ།། ལྷ་དང་ཀླུ་ལ་སོགས་པའི་དུག་གི་ནད་ཐམས་ཅད་ཞི་བར ་འགྱུར་རོ།། ཞག་ཉི་ཤུ་རྩ་གཅིག་ལ་གྲུབ་པར་མ་གྱུར་ན་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་མཚམས་མེད་པ་ལྔའི་ལས་བྱས་པ་ཡིན་ནོ།། འཇམ་དཔལ་ཐུགས་རྗེ་ཆེན་པོ་ཉིད་ཀྱིས་དམ ་བཅས་པའི་ཚིག་གོ། འཇམ་དཔལ་རྒྱལ་པོ་ཆེན་པོའི་གནོད་པ་ནི་གཟུངས་འདིས་ནད་འབར་བ་ལས་གྲོལ་ནས་སྐྱེ་བ་ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ་བར་འགྱུར་རོ།། འཇམ ་དཔལ་ཉོན་ཅིག་སངས་རྒྱས་འོད།། དཔག་མེད་ལ་སོགས་པ་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་སྙིང་པོ་འདི་གསུངས་སོ།། ཨོཾ་ཨ་ཧི། སིང་ཧ་ན་ད་ཧཱུཾ་ཕཊ། ད་ལྟ་ང་ཉིད་ཀྱིས ་བརྗོད་དེ། རིགས་སྔགས་ཀྱི་སྙིང་པོ་འདི་ལན་ཅིག་བརྗོད་པས་སྡིག་པ་ཀུན་ལས་གྲོལ་བར་འགྱུར་རོ།། སྲིད་པ་ཉམ་ངར་འགྲོ་མི་འགྱུར།། ལུས་ལ་མཚོན་གྱིས་ཚུགས་མི་འགྱུར། ་དགྲ་ཆོམ་པོ་སོ་མི་ཚུགས་ཅིང་།། ཀླུ་ལ་སོགས་པས་འཚེ་མི་འགྱུར།། རྟག་ཏུ་དཔལ་དང་ལྡན་པར་འགྱུར།། བུད་མེད་ལུས་སུ་མི་འགྱུར་ཞིང་།། རྟག་ཏུ་སྐྱེ་བ་དྲན་པར་འགྱུར།། ་ཤི་ནས་བདེ་བ་ཅན་དུ་འགྲོ།། འཇམ་དཔལ་དེ་བཞིན་གཤེགས་པ་རྣམ་གཟིགས་དང་།། གཙུག་གཏོར་ཅན་དང་། ཐམས་ཅད་སྐྱོབས་དང་། ལོག་པར་དད་སེལ་དང་། གསེར་ཐུབ་དང་། ་འོད་སྲང་གིས་ཀྱང་གསང་སྔགས་འདི་གསུངས་ལ།། ད་ལྟ་ཤཀྱ་ཐུབ་པ་ངས་ཀྱང་བརྗོད་པ་སྟེ།། ན་མོ་རད་ན་ཏྲ་ཡ་ཡཱ། ན་མོ་ཧ་ཡ་གྲི་བཱ་ཡ། ན་མོ་ལོ་ཀ་ཤ་རཱ་ཡ།། ཏད་ཡ་ཐཱ། ཨཽ། ་ཏྲི་ཀུ་ལུ་ལུ་ནི་ལ་ཀན་དཱ།། ཧུ་ལུ་ཧུ་ལུ་ཏི་ཥྛ་ཏིཥྛ། དྷྭ་དྷ་བྷན་དྷ། མཱར་ཡ་མཱ་ར་ཡ། ཧ་ཧཧ་ཧཱ། བཛྲ་ཀྲོཏ་ཧ་ཡང་གྲི་བཧཱུ~ཾ་ཕཊ། འཇམ་དཔལ་གཟུངས་འདི་འཕགས་པ་སྤྱན་རས ་གཟིགས་དབང་ཕྱུག་བད་མ་ཧ་ཡ་གྲཱི་བའི་སྔགས་ཡིན་ཏེ།། ལན་ཅིག་ཀློག་པར་བྱེད་པའི་མེ།། སྡིག་པ་ཀུན་ལས་གྲེལ་འབྱུང་ཤིང་།། ངན་སོང་སྒོ་རྣམས་གཅོད་པར་འགྱུར། ཀྲུ་ས། ་གདོན་གྱིས་འཚེ་མི་འགྱུར།། བྱད་དང་དུག་ལས་གྲོལ་འགྱུར་ཞིང་།། སངས་རྒྱས་ཀུན་གྱི་གསུངས་ཡིན་ནོ།། བྱེ་བ་གྲངས་མེད་མཐུ་ལས་བྱུང་།། དེའི་ཡོན ་ཏན་དཔག་ཏུ་མེད།། ལན་ཅི་ཀླག་ན་སྡིག་པ་སེལ།། ལན་གཉིས་གླགས་པས་དཔལ་དང་ལྡན།། གསུམ་གྱིས་ཚེ་རྣམས་རིང་བར་འགྱུར།། འབུམ་ཕྲག་བཅུ་ཡིས་ཞལ་མཐོང་འགྱུར།། ་པད་མ་ཅན་གྱི་ཞིང་དེར་འགྲོ།། འཇམ་དཔལ་མི་གཞན་དག་ལ་ནི།། ཁྲག་དང་མཁྲིས་པ་ལས་གྱུར་དང་།། རླུ་དང་དྲང་བ་ལས་གྱུར་པ།། ཀླུ་རྒྱལ་རིགས་ཀྱིས་ཟིན་པ་དང་།། ཀླུ་བྲམ་ཟེའི ་རིགས་ཀྱི་ཟིན་པ་དང་།། ཀླུ་གདོལ་པ་དང་དམང་རིགས་ཀྱིས་ཟིན་པ་ནི།། སྙིང་མི་སྲིད་ན་བ་དང་དགའ་བ་དག།། དབུགས་མི་བདེ་བ་དང་།། ལྷོ་རྒྱབ་ཏུ་རྣ་བ་དང་།། གླང་ཀོར་ན་བ་དང་།། གཞོག ་བྱེད་ན་བ་དང་།། མ་ཞུ་བ་དང་། སློབ་པ་དང་། ཞ་གྲུམ་གྱིས་བཏབ་པ་དང་།། སྦྲུམ་པ་ལྟ་བུར་ན་བ་དང་།། སྲོག་ཆགས་སུ་ན་བ་དང་།། ཚིགས་དང་ཤ་ཁོལ་བུར་ན་བ་དང་།། ཟ་ཁུ་ཅན་དང་། ་ལུད་པ་གློ་ཅན་དང་།། རུས་ཁོལ་དུ་ན་པ་དང་། འདྲེས་པ་དང་། ཤ་བ་དང་། ཡིག་མི་བདེ་བ་དང་།། ཐོད་པ་ལྟ་བུའི་ནང་དང་།། སྨན་ཅན་དང་། དམུ་ཆུ་ཅན་དང་། འབྲས་དང་། མེ་དཔལ་དང་། ་ལྷོག་པ་དང་། གག་པ་དང་། ཆུ་ཐིག་ཅན་དང་། གྲང་ལྕང་ལྷང་དང་། མཅག་ཅག་ལ་སོགས་པའི་མཛེ་རིགས་ཅན་དང་། བོལ་མིག་བཅས་པ་དང་། ལྷ་དང་། བདུད་དང་། ཚངས་པ་ག་ཤིན ་རྗེ་དང་། བྲག་སྲིན་དང་། སེམས་འཁྲུག་གི་གདོན་དང་། ཐམས་ཅད་ཐབས་གཞོ་བ་དང་།། མཚོ་སྨན་དང་། ཀླུ་ལ་སོགས་པས་ཟིན་པ་དང་། གནོད་སྦྱིན་དང་། འབྱུང་པོ་དང་། ལོག་འདྲེན ་དང་། ཤ་ཟའི་གདོན་རྣམས་ཀྱིས་འཛིན་པ་དང་། ནང་སྣ་ཚོགས་འབྱུང་སྟེ།། དེ་ཡང་མི་དགེ་བ་ལས་སྡུག་བསྔལ་འབྱུང་བ་ཡིན་ནོ།། འཇམ་དཔལ་ཉོན་ཅིག། སྙིང་པོ་གཟུངས་ཀྱིས་ཆོ་ག་འདི། ་དང་པོ་ཐུགས་རྗེ་ཆེན་པོ་ལ་གུས་ཤིང་དད་པའི་སེམས་བསྐྱེད་ནས། སྣུམ་པའི་ས་ལ་དཀྱིལ་འཁོར་བྱ།། ལྕི་བ་དྲིར་བཅས་བྱུགས་ནས་ནི།། ཚེན་ཅི་ཁ་དོག་སྣ་ལྔ་ཡིས།། དཀྱིལ་འཁོར་པད ་མ་ལྟ་བུར་བྲི།། བུམ་པ་གང་བ་ལྔ་དག་ཀྱང་།། ཕྱོགས་བཞི་དབུས་དང་ལྔ་རུ་གཞག། སེང་ལྡེང་ཕུར་བུ་ལྔ་ཡང་དགོད།། དར་གྱིས་དཀྲིས་པའི་མངའ་བཞི་དགོད།། ཚོན་སྐུད་ལྔའི་དྲ་བ་བྲེ། ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒ་ལ་ཕྱག་འཚལ་ལོ།། ཁྲོ་བོའི་རྒྱལ་པོ་རྟ་མགྲིན་ལ་ཕྱག་འཚལ་ལོ།། བཅོམ་ལྡན་འདས་མ་གོས་དཀར་པོ་ལ་ཕྱག་འཚལ་ལོ།། བཅོམ ་ལྡན་འདས་སྒྲོལ་མ་ལ་ཕྱག་འཚལ་ལོ།། བྱང་ཆུབ་སེམས་དཔའ་ཀླུའི་རྒྱལ་པོ་བ་རུ་ཎ་ལ་ཕྱག་འཚལ་ལོ།། ཨ་ཧྲི་ཧྲི་སཾ་ཏཾ་ན། ཡི་གེ་དྲུག་པའི་སྔགས་འདི་ནི།། བརྗོད་པས་སྡིག་པ་སྡུག་བསྔལ ་སེལ་སྭཱ་ཧཱ།། སངས་རྒྱས་མཆོད་ལ་བརྩོན་པར་བྱ།། མེ་ཏོག་དང་གདུག་པ་དང་།། སྤོས་དང་། ཕྲེང་བ་དང་། བྱུག་པ་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་།། ཕྱེ་མ་དང་། བརྒྱན ་ཐམས་ཅད་ཀྱིས་མཆོད་ནས།། སེང་ལྡེང་རྒྱ་ཤུག་མེ་ཏང་ལ།། མཚོན་སྐུད་བས་ནིང་འབྲུ་རྣམས་སྲེག། རྨ་བྱ་སྨག་ཤད་ལྕུག་མ་ཡིས།། ཀླུའི་དྲུག་རྣམས་སེལ་བར་བྱེད།། ཧྲི་ན་ག་ལེ་ལེ། ནཱ ་གདུམ་པ་ལེ་ལེ། ནག་ཕུང་བུད་། ཧ་ལེ་ཧ་ལེ། ཏཱ་ལ་ཧ་ལ། སྥུཊ་སཱུ་ཊ། ན་ག་ཁྲོལ་ཁྲོལ་ཤིག་སཱཧཱ། ཀླུ་དང་ལོག་འདྲེན་ཐམས་ཅད་ཀྱི་ཡིད་ཀྱི་དུག་དང་།། མཐོང་བའི་དུག་དང་། བཅིངས་པའི ་དུག་དང་། ཁ་བླངས་ཀྱི་དུག་དང་། རེག་པའི་དུག་ཐམས་ཅད་ཕྱིར་ཕུད་ཅིག་སྭཱཧཱ།། དུག་འདིར་མ་འདུག་ཅིང་།། སྦྱིན་པར་བྱེད་པའི་ནང་དུ་སོང་ཤིག། འཛིན་པའི་ནང། ་དུ་སོང་ཤིག། མེའི་ནང་དུ་སོང་ཤིག། ཆུའི་ནང་དུ་སོང་ཤིག། ཞི་བར་གྱུར་ཅིག་སྭཱ་ཧཱ།། འཇམ་དཔལ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ།། ཧྲིཿབྲུཾ་ཨ་ཧཱུཾ་ཁཾ།། རིགས ་སྔགས་དང་བསྐུར་བའོ།། རྡོ་རྗེ་བསྲུང་བའི་མཆོག་ཏུ་འགྱུར།། བཀྲ་ཤིས་ལྷ་མོ་དཔལ་དང་ལྡན།། བསྙེན་གནས་ལ་ནི་གནས་གྱུར་ནས།། དཀོན་མཆོག་རྗེས་དྲན་སེམས་བསྐྱེད་ནས།། བུམ་ཆུ་དག ་པས་ལས་སྒྲིབས་སེལ།། ལུས་ངག་སེམས་ཀྱི་དག་པ་ཐོབ།། ཕ་རོལ་ཕྱིན་དྲུག་གནས་འགྱུར་ཅིང་།། སངས་རྒྱས་སེམས་ཅན་མཁྱེན་པར་འགྱུར།། ཏིང་འཛིན་ཐམས་ཅད་སྔོན་དུ་འགྱུར།། བུ་མོ ་བཞོན་ནུས་བཀལ་བ་ཡི།། སྐད་པ་དཀར་པོ་སུམ་སྦྲེལ་ལ།། བཟླས་བརྗོད་ཉི་ཤུ་བརྒྱད་བྱས་ནས།། མགུལ་དུ་རྟགས་ན་ནད་ལས་གྲོལ།། ནད་ལ་ཕན་པའི་སྨན་རྣམས་ལ།། གཟུངས་སྔགས ་བཟླས་ཤིང་བཏབ་གྱུར་ན།། ནད་རྣམས་ཀུན་ལས་གྲོལ་བར་གྱུར།། ཆུ་ལ་གཟུངས་སྔགས་མང་བཟླས་ནི།། ཀླུ་ནད་ཁོང་དུ་སེལ་བར་འགྱུར།། ལོ་ཏོག་ཟ་བ་ཁ་ཅིག་ནི།། བྱེ་མས་དང་ཐལ་བས ་སེག། ཀཧ་ཅང་ཆར་པ་ཆེས་པ་ན།། ལྷ་ལ་འབུལ་བའི་སྙིང་པ་ལ།། ཁམ་པོར་སར་བའི་ནང་དུ་ཡང་།། མེ་ཏོག་གཙང་མ་བླངས་ནས་ནི།། སྲག་ན་ཆར་པ་ཆད་པར་འགྱུར།། སེར་བ་དྲག་པོའོང་བ་ན།། ་ཐལ་ཆེན་ཉུངས་དཀར་བཟླས་བརྗོད་ཀྱིས།། སེར་བ་ཉ་ལྕིབ་ལྕུག་མ་ལ།། ཐུམ་པོ་བཏགས་ཏེ་བཙུགས་གྱུར་ན།། སེར་བ་ཆད་པར་འགྱུར་བ་ཡིན།། ལྷ་ཀླུ་དྲི་ཟ་ལ་སོགས་པའི།། གདོན་ནི་གནོད་པར ་འགྱུར་བ་ལ།། དཀྱིལ་འཁོར་མདོམ་གང་གྲུ་བཞི་ལ།། བུམ་བཙང་མ་ལྔ་བཞག་སྟེ།། སྨན་སྦྱར་ཆུས་ནི་གང་བ་ལ།། བཟླས་བརྗོད་རྒྱ་ནི་རྩ་བརྒྱད་བཟླས།། སློབ་མ་གོས་བཟང་དཀར་པོར་སྦྱར།། ་དཀྱིལ་འཁོར་དེའི་ནང་དུ་གཟུགས།། བུམ་པའི་ཆུ་ཡིས་སླུ་བར་བྱ།། ནད་དང་གནོད་པ་ཀུན་ལས་ཐར།། ཀླུ་སོགས་གདོན་རྣམས་དཔག་མེད་ཀྱིས།། ཀླག་ཀྱང་སྙེད་པར་མི་འགྱུར་རོ།། བྱིས་པ་གདོན ་གྱིས་འཇིགས་པ་ལ།། གི་ཝང་གིས་ནི་བསྲུང་འཁོར་བྲི།། ཉུངས་ཀར་དག་དང་བཅས་ཏེ་གཏགས།། བུས་པ་གདོན་དང་ནད་ལས་གྲོལ།། ལམ་དུ་ཞུགས་ཏེ་འགྲོ་བ་ན།། ཐུ་བ་གཡས་པའི་གོས ་ཀྱིས་གྲུར།། བཟླས་བརྗོད་བདུན་བྱས་མདུད་པ་བོར་།། སེང་ན་འདེ་ཞིང་དོན་ཡང་འགྲུབ།། རྟ་ལ་སོགས་པའི་ཕྱུག་རྣམས་ལ།། ཆུ་དང་ཉུངས་ཀར་བཅས་པ་ལ།། བཟླས་ནས་གཏོར་ན་བདེ་བར་འགྱུར། ་མི་ནད་ཕྱུག་ནད་ཐམས་ཅད་ལ།། ཉུངས་ཀར་དང་ནི་བུམ་པའི་ཆུས།། བཀྲུས་ཞིང་བ་ཏགས་ན་མིག་ནད་ཞི།། ཨ་སྨ་རའི་གཟུངས་སེལ་ལྟར།། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་རྒྱལ་པོ་འདིའི་ཁོང་ན་ཀླུའི་དུག་གིས་གང་ནས་འདུག་ཏེ་འདི་ནི་ཀླུའི་རྒྱལ་པོ་ཝ་རུ་ཎ་འདི ་ཡིས་ཀླུ་ཐམས་ཅད་ལ་དབང་བྱེད་པ་ཡིན་པས་འདིས་དབྱུང་བར་བྱའོ།། བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སེང་གེ་སྒྲ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་ཝ་རུ་ཎ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ ་པོ་མཐའ་ཡས་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་ནོར་རྒྱས་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་འཇོག་པོ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་སྟོབས་རྒྱུ་ལ་ཕྱག་འཚལ་ལོ།། ཀླུ་རྒྱལ་པོ་པད་མ་ལ ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་བད་མ་ཆེན་པོ་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་དུང་སྐྱོང་ལ་ཕྱག་འཚལ་ལོ།། ཀླུའི་རྒྱལ་པོ་རིགས་ལ་ཕྱག་འཚལ་ལོ།། ་ཨོཾ་བ་རུ་ཎ་ཡེ་སྭཱཧཱ། ཨོཾ་བ་སུ་ཀི་ཡེ་སྭཱཧཱ། ཨོཾ་ཏ་ཀྵ་ཀ་ཡེ་སྭཱཧཱ། ཨོཾ་ཀརྐོ་ཏ་ཡེ་སྭཱ་ཧཱ། ཨོཾ་པད་མ་ཡེ་སྭཱ་ཧཱ། ཨོཾ་མ་ཧཱ་པད་ཡེ་སྭཱ་ཧཱ། ཨོཾ་ཤང་ཀ་པཱ་ལ་ཡེ་ས་ཧཱ། ཨོཾ་ཀུལླི་ཀ་ཡེ་སྭཱཧཱ། ཀླུའི། ་གཟུགས་ནི་མང་པོ་ཡང་།། དཀར་གསུམ་འབྲས་ཟན་ལ།། ལེགས་བྱས་ཁ་དོག་བསྒྱུར་བྱས་ལ།། མེ་ཏོག་སྤོས་དང་བྱུག་པ་དང་།། མར་མེ་ཞལ་ཟས་སྒྲ་སྙན་དང་།། གདུགས་དང་རྒྱལ་མཚན ་མེ་ཏོག་ཕྲེང་།། ཚངས་པའི་སྐུད་པས་མཉེས་པར་བྱ།། རྩལ་བ་ལོ་མོ་སྡོང་བུ་དང་།། མེ་ཏོག་འབྲས་བུ་སྨན་གྱི་མཆོད།། རྨ་བྱ་གཟུངས་མོ་མེ་ལོང་གིས།། རྒྱལ་པོ་ཁོང་གི་དུག་ཐོན་ཅིག། ་རིན་ཆེན་སྨག་བཤད་མཆོད་པའི་རྟེན།། མི་ལྡོག་པ་ཡི་རྫས་སུ་ཆོངས།། བུམ་པ་གཏེར་གྱིས་གང་བ་མཛེས།། སྲོག་ཆགས་ཡིད་འོང་གཟུགས་ཀྱིས་མཆོད།། ཞི་འགྱུར་འདི་ལ་ཐེ་ཚོམ་མེད། ་ཀླུའི་རྒྱལ་པོ་འཇོག་པོ་ཡིས།། ཟིན་ཀྱང་སྐ་ཅིག་གཅིག་ལ་ཐོན།། འཇམ་དཔལ། འདི་གཞན་གྱི་མཐུ་མ་ཡིན་ཏེ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དེ་འབྲུའོ།། སྟོབས་སོ།། བྱིན་གྱིས ་བརླབས་སོ།། སྙིང་རྗེ་དང་ལྡན་པའི་དེའི་ཡོན་ཏན་བརྗོད་ཀྱིས་མི་ལང་ཡང་ངས་ཆ་ཤས་ཙམ་ཞིག་བརྗོད་ན།། ཨོཾ་བཅོམ་ལྡན་འདས། བྱ་བ་བྱས་ཤིང་བྱེད་པ་བྱས།། ཁུར་བོར་བདག་དོན་རྗེས་སུ ་བརྙེས།། སྲིད་པར་སྦྱོར་བ་ཡོངས་སུ་ཟད།། ཡང་དག་བཀའ་ལས་རྣམ་པར་གྲོལ། སེམས་ཅན་དབང་རྒྱུར་ཐམས་ཅད་ཀྱི།། མཆོག་ཏུ་ཕ་རོལ་ཕྱིན་ཐོབ་པ།། སྲིད་ལས་རྒལ་ཞིང་ཚོགས་གཉིས ་རྫོགས།། ཨཱ་གཞན་ལ་ཕན་རྩོན་ཐུགས་རྗེ་ཅན།། སེམས་ཅན་ཀུན་ལ་མཆོག་ཏུ་བྱམས།། ཁམས་གསུམ་ཀུན་གྱི་གཉེན་ཅིག་པོ།། མཐའ་ཡས་སེམས་ཅན་སྒྲོལ་ལ་མཁས།། ཧྲིཿའགྲོ་བ་ཉམས ་དག་ཀུན་ཏུ་སྐྱོབ།། དྲི་མ་གསུམ་སྤངས་ཕ་རོལ་ཕྱིན།། མངོན་ཤེས་དྲུག་བསྙེམས་བྱ་གྲོལ་མཚུངས།། སྐྱེས་བུ་ཆེན་པོའི་མཚན་རྣམས་ནི།། སུམ་ཅུ་རྩ་གཉིས་དག་དང་ལྡན།། དཔེ་བྱད ་བཟང་པོ་བརྒྱད་བཅུས་མཛེས།། སྐུ་མདོག་ཤེལ་གྱི་ཁ་དོག་འདྲ།། གངས་རི་ཉི་ཤར་ལྟ་བུར་མཚོན།། སྐུ་ཆད་ཆེ་ལ་འོད་ཟེར་འབར།། རིགས་སྔགས་སངས་རྒྱས་སྐུ་ལ་འགྲོ།། དབུ་སྐྲ་ཐོར ་ཚུགས་གྱེན་ལ་བརྫེས།། དབུ་ལ་འོད་དཔག་མེད་པ་བཞུགས།། ཀླུ་རྣམས་ཐམས་ཅད་འདུལ་མཛད་པ།། རྩེ་གསུམ་སྦྲུལ་གྱིས་རབ་ཏུ་དཀྲིས།། རིགས་གསུམ་མགོན་པོའི་བྱིན་བརླབས ་འཛིན།། དུག་གསུམ་རྩད་ནས་བཅོད་ལ་བསྟོད།། སྐྱོན་གྱིས་མ་གོས་པད་མ་བསྣམས།། ཤེས་རབ་པུན་ཚེགས་རལ་གྲི་འབར།། ཉོན་མོངས་དག་པ་བྲམ་ཟེའི་མགོ། མེ་ཏོག་དྲི་ཞིམ་ཚོགས ་ཀྱིས་བཀང་།། ཀླུ་རྣམས་ཀུན་ནས་དབང་བསྡུས་པས།། སྦྲུལ་གྱི་ཚངས་སྐད་མཛེས་ལ་བསྟོད།། སིང་ཧ་པད་དམར་གདན་ལ་བཞུགས།། བདུད་བཞི་ཟིལ་གྱིས་གནོན་མཛད་པ།། སེང་གེ ་དཀར་པོའི་གདན་ལ་བཞུགས།། འདོད་པའི་དོན་རྣམས་སྒྲུབ་པའི་ཕྱིར།། རིན་ཆེན་སྣ་ཚོགས་རྒྱན་གྱི་བརྒྱན།། བ་སྤུ་ཉག་མ་རེ་རེ་ལ།། སེམས་ཅན་ཀུན་གྱི་མཆོག་ཏུ་འགྱུར།། ཕྱག་འཚལ ་ཐུགས་རྗེ་ཅན་ལ་བསྟོད།། དམ་ཆོས་རྒྱལ་ཚབ་དབང་སྐུར་བ།། ལྷ་མོ་སྒྲོལ་མ་རྗེས་སུ་འགྲེང་།། འཇིགས་པ་བརྒྱད་སྐྱོབས་སྐུ་མདོག་ལྗང་།། གནོད་པ་སེལ་བ་མི་འཇིགས་སྦྱིན།། ཨུད ་ཨོཾ་ཏཱ་རེ་ཏུད་ཏཱ་རེ་ཏུ་རེ་སྭཱ་ཧཱ། ་@དཔལ་ཐུགས་རྗེའི་བདག་ཉིད་ཅན།། བཏུང་དེ་སྤྲུལ་པ་མང་པོ་འབྱེད།། ཧཱུཾ་གོས་དཀར་མོ་ཡི་བཞིན་བྱེད།། ཡིད་བཞིན་འཁོར་ལོ་བདེ་བར་བསྐོར།། འདོད ་པའི་ཡོན་ཏན་དོན་ཡོད་ཞིང་།། འཇིགས་པ་བརྒྱད་པོ་སེལ་ལ་བསྟོད།། ཕཊ་ཧ་ཡ་གྲིབ་ཁྲོ་བོའི་སྐུ།། འཕགས་པ་རྟ་མགྲིན་བདུད་བཞི་འཇོམས།། ཀྲོ་དྷ་མགྲིན་སྔོན་གདུག་པ་འདུལ། ་ཀླུ་བདུད་འདུལ་འཛང་ཧཱུཾ་གིས་བསྟོད།། ནམ་མཁའ་ཀླུ་རྒྱལ་བ་རུ་ཎ།། ཆུ་ལྷ་སྟོན་པའི་ཞལ་མཐོང་ཞིང་།། བསྟན་ལ་རབ་དགའ་ཀླུ་རྣམས་འདུལ།། ས་དང་བེའི་ནི་བདེན་པ་མཐོང་།། བདེ ་བར་གཤེགས་པའི་རིང་བསྲེལ་འཛིན།། ཀླུ་རྒྱལ་བྱང་ཆུབ་སེམས་ལ་སྟོད།། ཨོཾ་ཀ་ཊེ་ནི་བི་ཀ་ཊེ་ནི་ཀ་ཊེ་ཀ་ཊཾ་ར་སྭཱ་ཧཱ།། གང་གིས་བསྟོད་ཅིང་བཟས་པ་དེ།། འཚམས་མེད་པ་ལྔ་བྱས། ་པའི་ལས་ཀྱི་སྒྲིབ་པ་ཡང་ཡོངས་སུ་བྱང་བར་འགྱུར་རོ།། དཀྱིལ་འཁོར་ཐམས་ཅད་དུ་ཞགས་པར་འགྱུར་རོ།། གསང་སྔགས་ཐམས་ཅད་བཟླས་པར་འགྱུར་རོ།། བསྐལ་པ་སྟོང་གི ་བར་དུ་ངན་སོང་དུ་མི་སྐྱེའོ།། བུད་མེད་ཀྱི་ལུས་སུ་མི་སྐྱེའོ།། སུ་ཞིག་ནང་པར་ལངས་ནས་ཆུ་དྲི་ཞིམ་པོའི་ཁྲུས་བྱས་ཏེ།། གཙང་སྦྲ་ལ་གནས་ནས་ཐུགས་རྗེ་ཆེན་པོ་སེང་གེ་སྒྲའི་སྤྱན་སྔར། ་གཟུངས་འདི་ཀློག་གམ།། འདྲི་འམ། འཆང་ངམ། ཀློག་ཏུ་འཇུག་གམ།། ཁ་ཏོན་དུ་བཏོན་ནམ། སྙིང་པོ་དང་གཟུངས་སྔགས་བཟླས་ན་ནི།། དེའི་ལུས་ལ་མཛེ་དང་། ཤུ་བ་དང་པོ་ལ ་མིག་དང་། འབྲས་དང་། བས་ལྗགས་དང་། མེ་དཔལ་དང་། གཡན་པ་དང་། ལྷོག་པ་དང་། གག་པ་དང་། སྤོས་པ་དང་། དམུ་ཆུ་དང་། སྐྱེས་པ་དང་། མཚན་པར་རྡོལ་བ་དང་། དོན ་སྣོད་དུ་འདུས་པ་དང་། བྱང་གྱི་དཀྱིལ་འཁོར་ལ་ནད་སྣ་ཚོགས་འདུས་པ་དང་། གློ་བན་བ་དང་། དབུགས་མི་བདེ་བ་དང་། རླུང་མཁྲིས་པདཀན་འདུས་པ་ཐམས་ཅད་ལས་ཐར་བར་འགྱུར་རོ།། ་འཇམ་དཔལ་གཟུངས་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ།། སུ་ཞིག་གམ་རྒྱལ་པོ་ཆེན་པོས་དེས་གཟུངས་འདི་གླེག་བམ་ལ་བྲིས་ཏེ་འཆང་བ་དང་། གློག ་བ་དང་། ཀུན་ཆུབ་པར་བྱེད་པ་དང་། མཆོད་པ་དང་། ཡི་གེར་འདྲི་བ་དང་། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཡུལ་འཁོར་དང་བཅས་པ་འམ། གཙུག་ལག་ཁང་དུ ་གླེགས་བམ་འདི་ཅངས་ན།། དཔལ་ནག་པོ་ཆེན་པོ་ཞི་དང་རྒྱལ་པོ་ཆེན་པོ་བཞི་དང་། ཀླུའི་རྒྱལ་པོ་བ་རུ་ན་དང་།། ཀླུ་ཆེན་པོ་བརྒྱད་རྣམས་སླད་བཞིན་དུ་འབྲང་ཞིང་།། དཔག་ཚད་སྟོང་ཚུན་ཅད ་དུ་རྒོལ་བ་དང་། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། གདོན་མ་རུང་བ་ཐམས་ཅད་དང་།། ལོག་པར་འདྲེན་པ་དང་། ཕྱིར་རྒོལ་བ་ཐམས་ཅད་འཇོམས་པར་འགྱུར་རོ།། བསྒོམ་ཉེས་པ་དང་། བྲི་ཉེས ་བ་དང་། སྔགས་ནོར་བ་དང་། ཕྱག་རྒྱ་ནོར་བ་དང་། བཤད་ཉེས་པ་དང་། ཉན་པ་ནོར་ཡང་གཟུངས་འདི་ཀླགས་དག་པར་འགྱུར་རོ།། གཟུངས་འདིས་སུ་ལ་སྲང་བར་བྱས་པ་དང་།། ཡོངས ་སུ་སྒྲུབ་པར་བྱས་པ་དང་།། བསྐྱང་བ་དང་། ཞི་བ་དང་བདེ་ལེགས་སུ་བྱས་པ་དེ་ལ་མཚོན་དང་།། དུག་དང་དབྱིག་དུག་དང་། བྱད་དང་། གཤེད་མ་དང་། རིམས་དང་། གནོད་པ་ཐམས་ཅད་དང་། ་དུས་མ་ཡིན་པར་འཆི་བས་མི་ཚུགས་སོ།། གནོད་པ་བྱེད་པས་ཚར་གཅོད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་འཇམ་དཔལ་དང་།། ་ཉན་ཐོས་ཆེན་པོ་ཤ་ར་དདྭ་ཏིའི་བུ་དང་།། ལྷ་དང་མི་དང་ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ། བཅོམ་ལྡན་འདས་གསུངས་པ་ལ་མངོན་པར ་བསྟོད་དོ།། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སེང་གེ་སྒྲ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ། ཁ་ཆེའི་ཡུལ་དུར་ཁྲོད་འབྲིངས་ཀ་རང་བྱུང་གི་མཆོད་རྟེན་གྱི་རྩར། ་དངོས་གྲུབ་བསྙེས་པའི་རྗེ་བཙུན་མ་རྡོ་རྗེ་སེམས་མ་དང་། སྒྲ་བསྒྱུར་གྱི་ལོཙཱ་བ་འགར་ཤེས་རབ་འབྱུང་གནས་ཞེས་བྱ་བས་སྒྱུར་ཅིང་ཞུས་སྟེ། བསྟན་ལ་ཕབ་པར་བྱའོ།། ་