CLOSE WINDOW

F493: 'phags pa dpung bzangs kyis zhus pa'i rgyud ces bya ba
Wyliee-texts produced with BDRC’s OCR application

@#། རྒྱ་གར་སྐད་དུ། ཨཱ་ར་སུ་པ་ཧུ་བ་རི་པྲི་ཏ་ཚིན་ཏན་ཏྲ་ན་མ། བོད་སྐད་དུ། འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད ་ཅེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། གནོད་སྦྱིན་བདག་པོ་ཉི་མ་སྟོང་གི་གཟི།། ཐུགས་རྗེ་བརྩེར་གཟིགས་ཡིད་གྱུར་ཞུགས་པ་ལ།། དཔུང་བཟངས་གུས་པས ་ཚུལ་བཞིན་ཕྱག་འཚལ་ནས།། རིགས་དང་གསང་སྔགས་ཚོ་གས་ཀུན་འགྲུབ་པར་ཞུས།། བདག་གིས་ས་སྟེངས་མི་རྣམས་ཟླས་བརྗོད་དང་།། བསྐང་དང་དཀའ་ཐུབ་ངེས་པར་སྤྲད་རྣཾས་ཀྱིས ་རབ་ཏུ་སྒྲིམས་ཀྱང་གྲུབ་པར་མ་མཐོང་ན།། ཡབ་ཅིག་ཅི་སླད་དཀའ་ཐུབ་དོན་མ་མཆིས།། གཙོ་བོ་གཟི་བརྗིད་གཟི་འོད་མེ་ལྟ་བུ།། ཁྱོད་ཀྱིས་སྡིག་འཇོམས་དག་བྱེད་རྣམས་ཀྱི་མཆོག། ་བདེན་པ་གསུང་གི་རབ་ཏུ་བཀའ་སྩལ་ན།། ཇི་ལྟར་སྔགས་རྣམས་འབྲས་བུ་མ་མཆིས་འགྱུར།། རབ་དང་འབྲིང་དང་དེ་བཞིན་ཐ་མ་རྣམས།། བསྒྲུབས་ཀྱང་གསང་སྔགས་འབྲས་བུ་མི་སྩོལ་ན།། བསྙེན ་བས་ཅི་སྟེ་ཅུང་ཟད་སྒྲུབ་མེད་ན།། བསྒྲུབ་པ་ཉོན་མོངས་ཁོ་ན་ཅི་རུང་ལགས།། རྒྱལ་བས་ཡེ་ཤེས་ཞི་བ་གང་ཡིན་པ།། དེ་ཡིས་འདི་དག་གོས་པར་སྔོན་གསུངས་ན།། གང་ལ་སྔགས་དང ་རིག་པ་གྲུབ་མེད་པ།། དེ་དག་རྣམས་ཀྱང་གསོ་བར་བགྱི།། ཐུགས་རྗེ་ལྡན་པས་འགྲོ་ལ་སྨན་སླད་དུ།། ཁྱོད་ཀྱིས་གསང་སྔགས་སྣ་ཚོགས་བཤད་པ་རྣམས།། དེ་དག་ཟླས་བརྗོད་སྦྱིན་བསྲེག ་རྣམས་ཞུགས་དང་།། བསྙེན་ལ་སོགས་པམ་གྲུབ་ཅི་ལས་གྱུར།། ཆོ་ག་ཉམས་སམ་མཐུ་མ་མཆིས།། དུས་ཀྱི་རང་བཞིན་ལས་སམ་སྡིག་པས་སྒྲིབས།། གཞན་སྔགས་གཞན་དུ་གྱུར་ཏམ་མཆོད ་ལས་གྱུར།། ཐམས་ཅད་མ་ལུས་བཅོམ་ལྡན་འདས་ཀྱིས་གསུངས།། སྲས་ཀྱི་ཚིག་དེ་གསན་པར་གསན་གྱུར་ནས།། ཡུད་ཙམ་དགོངས་ཏེ་དཀྱུས་རིང་སྤྱན་ཕྱེ་སྟེ།། ཕྱག་ནི་རྡོ་རྗེ་མོ་ལྟར་གསོར་འཕྲོ ་བ།། གསོར་ནས་རྡོ་རྗེ་ཅན་གྱིས་འདི་སྐད་གསུངས།། ཨེ་མ་ཧོ་ཟླ་བའི་འོད་ལྟར་ལྷམ་མེ་བའི།། སྙིང་རྗེས་སེམས་ཅན་ཀུན་ལ་ཕན་ཕྱིར་ཁྱོད་འདྲ་བ།། ཤིན་ཏུ་དྲི་མ་མེད་པའི་སེམས་འདི་ཡིས ་བདེ་གཤེགས་དག་པ་ཕ་རོལ་ཕྱིན་པར་འགྱུར།། བྱང་ཆུབ་སེམས་དཔའ་རང་གི་བདེ་བ་ཆགས།། རང་གི་སྡུག་བསྔལ་རྣམས་ཀྱིས་མི་བརྗེད་ཀྱི།། གཞན་གྱི་སྡུག་བསྔལ་རྣམས་ཀྱིས ་སྡུག་བསྔལ་ཏེ།། དེ་དག་བདེ་བས་དགའ་བ་ལྡན་གྱུར་པ།། བུ་ཁྱོད་རང་བཞིན་བཟང་པོ་འདི་ལྟ་བུས།། གང་ཕྱིར་སེམས་ཅན་དོན་ཕྱིར་འདི་དྲིས་པ།། དེ་ཕྱིར་མྱུར་དུ་རྩེ་གཅིག་ཡིད་བྱོས ་ཤིག། གསང་སྔགས་མདོ་སྡེའི་ཚུལ་དྲས་བཤད་ཉོན།། གསང་སྔགས་ཟླས་བརྗོད་ངས་གསུངས་པ།། དེ་ཡི་བརྟུལ་ཞགས་དང་པོར་ངས་བཤད་དོ།། དེ་ཡིས་བདེ་གཤེགས་ལ་དང་བསྐྱེད ་ནཱ། དེ་བཞིན་དུ་ནི་བྱང་ཆུབ་སེམས་ཀྱང་བསྐྱེད།། སེར་སྣ་རྒྱགས་དང་དྲེགས་པ་རྣམས་སྤངས་ཏེ།། དཀོན་མཆོག་གསུམ་ལ་དད་པས་བསྙེན་བཀུར་བྱ།། རྡོ་རྗེ་རིགས་ཞེས་བརྗོད་པ་རྒྱ་ཆེན ་དང་།། ང་ལ་ཡང་ནི་དད་ཅིང་དགའ་བར་བྱ།། ཚིག་རྩུབ་ཕྲ་མ་འཁྱལ་པ་སྨྲ་བ་དང་།། གཞན་གྱི་བུད་མེད་བགྲོ་དང་བརྫུན་སྒྲ་དང་།། རྐུ་དང་གཞན་གྱི་སྲོག ་གཅོད་གནོད་བྱེད་དང་།། ཆང་དང་བྱེད་པ་རྟག་ཏུ་སྤང་བར་བྱ།། རྨོངས་པ་གང་གིས་ལུས་དང་ངག་གིས་ནི།། དེ་བཞིན་ཡིད་ཀྱིས་བསོད་ནམས་གང་བྱིས་ཀྱང་།། ཐ~ཾད་ལོག་པར་ལྟ་བས ་བཅོམ་པས་ན།། དེ་ཡི་རྣམ་སྨིན་མི་འདོད་འབྲས་བུར་འགྱུར།། དཔེར་ན་ས་དང་ཆུ་དང་ནུས་ལྡན་ཡང་།། ས་བོན་ཚིགས་པས་མྱུ་གུ་མི་བསྐྱེད་ལྟར།། དེ་བཞིན་མི་ཤེས་ལོག་ལྟས་བཅོམ ་པ་ཡི།། དེ་ལ་དགེ་དང་ཆོས་རྣམས་མི་སྐྱེའོ།། དེ་ཕྱིར་ལོག་པར་ལྟ་བ་རྣམ་སྤངས་ལ།། ཡད་དག་ལྟ་བ་ལ་ནི་བསྟེན་པར་གྱིས།། རྟག་ཏུ་སེམས་ནི་དགེ་བ་བཅུ་དག་གིས།། ཆོས་ཀྱི་ལམ ་ལ་གནས་པར་བྱས་ན་ལེགས།། ལྷོ་དང་ལྷ་མིན་ཤ་ཟ་ཁྲག་འཐུང་བའི།། མཚན་མོ་རྒྱུ་བ་མི་བཟད་འཇིག་རྟེན་ན།། སེམས་ཅན་རྣམས་ལ་གནོད་པ་བྱེད་ཅིང་རྒྱ།། ཟླས་བརྗོད་བརྩོན་པའི ་སེམས་ནི་གཡེང་བར་བྱེད།། དེ་དག་རྣམས་ཀྱི་གཉེན་པོར་གྱུར་པའི་ཕྱིར།། ང་ཡིས་གསང་སྔགས་རིག་པའི་ཚོགས་མཐོང་ན།། སྐྲག་པར་བྱེད་དོ་སྙམ་དུ་དགོངས་བསྐྱེད་པ།། དེ། ་ཕྱིར་ཟློས་པའི་སེམས་ནི་གཡེང་བར་བྱེད།། དེ་ཕྱིར་གནོད་བྱེད་དེ་དག་གཞོམ་པ་དང་།། བདག་ཉིད་འབྱོར་པར་བྱ་ཕྱིར་ས་གསུངས་པའི།། དཀྱིལ་འཁོར་ལྷ་དང་ལྷ་མིན་གནས་གྱུར་པ། ་དམ་ཚིག་ཇི་བཞིན་གསོད་ནམས་དོན་དུ་ལྟ།། སྣ་ཚོགས་པ་ཡི་གདོན་རྣམས་གནས་པ་ལ།། གང་ཞིག་རྣམ་པ་སྣ་ཚོགས་ལས་བྱེད་པའི།། དཀྱིལ་འཁོར་དེར་ནི་གནོད་སྦྱིན་གཞོམ་པའི་ཕྱིར།། ་མི་ཡིས་རབ་ཏུ་སྒྲིམས་ཏེ་འཇུག་པར་བྱ།། གང་ཡང་རིག་པ་མཆོག་ཏུ་གསུངས་པ་དང་།། ཁྲོ་བོའི་དཀྱིལ་འཁོར་དུ་ཡང་འཇུག་པར་བྱ།། དེར་ནི་དམ་ཚིགོས་སྣ་ཚོགས་ངས་བཤད ་པའི།། སྡིག་པ་བསལ་ཕྱིར་བལྟ་བར་བྱ།། རྡོ་རྗེ་རིག་གཙོ་བོ་ཉ་མའི་ཚོགས།། རིག་པ་མང་པོས་རྟེན་པའི་ལྷ་མོ་སྟེ།། ཟློས་པ་མཐོང་ན་བགེགས་རྣམས་ཕུང་བ་དང་།། རྔམ ་པ་འཐོན་ཅིང་ཤིན་ཏུ་སྐྲག་པར་འགྱུར།། ཇི་ལྟ་ཇི་ལྟར་དཀྱིལ་འཁོར་མཐོང་བ་དང་།། དེ་ལྟ་དེ་ལྟར་རྡོ་རྗེའི་རིགས་བསྟེན་དང་།། རིག་པའི་ཚོགས་ལ་བསྟེན་པའི་བསོད་ནམས ་ཀྱིས།། དེའི་ལུས་ལ་བྱིན་བརླབས་མ་ལུས་འཇུག། མ་ཚུགས་རྡོ་རྗེའི་བདག་ཉིད་དེས་མཐོང་དང་།། ས་ཕྱོགས་རྡོའི་མེ་འབར་དེ་ཤེས་ནས།། ལྷ་ཀླུ་ལྷ་མིན་གནོད་སྦྱིན་གྲུབ་པ ་རྣམས།། ཟླས་བརྗོད་བྱེད་པས་སྐྲག་ནས་འབྱོར་པར་འགྱུར།། ངའི་དམ་ཚིག་མཐོང་བའི་བུ་དག་གིས།། འཇིག་རྟེན་འདི་དང་འཇིག་རྟེན་འདས་པ་ཡི།། གསང་སྔགས་དེ་ནི ་མ་སྒྲིབས་བཞིན་དུ་འགྲུབ།། བགེགས་རྣམས་ཐམས་ཅད་བརླག་པར་བྱེད་པར་འགྱུར།། རིགས་དམ་ཚིག་མ་མཐོང་སྙིང་རྗེ་མེད།། དེ་བཞིན་བྱང་ཆུབ་སེམས་ནི་མ་བསྐྱེད ་ཅིང་། སངས་རྒྱས་མ་དད་ལྷ་གཞན་ལ་རྟེན་པས།། ངའི་གསང་སྔགས་ཟླས་ན་ཕུང་བར་འགྱུར།། བསམ་པ་ཞན་ཅིང་ཉམས་ཀྱིས་མི་ལྕོགས་པར།། ་དཀྱིལ་འཁོར་དེ་ཀུན་བལྟ་བར་མི་ནུས་ནའང་།། དེ་ལས་གང་ཡང་རུང་བའི་དཀྱིལ་འཁོར་ནི།། གཅིག་ཙམ་ཞིག་ཀྱང་དད་པས་མཐོང་གྱུར་ན།། གནོད་སྦྱིན་ཚོགས་དང་མཚན་མོ་རྒྱུ་བ ་དང་།། ས་བླའི་གདོན་རྣམས་ཀུན་དང་ཀླུ་དག་དང་།། ལྷ་ལ་སོགས་དང་བགེགས་དང་ལོག་འདྲེན་དང་།། བརྟུལ་ཞུགས་གནས་པ་དེ་ལ་གླགས་མི་ལྟ།། དཔེར་ན་མེ་ཏོག་ཐམས་ཅད་ས ་དག་ལ།། རྟེན་ནས་སྐྱོན་མེད་པར་ནི་སྐྱེ་བ་ལྟར།། དེ་ལྟར་ཚུལ་ཁྲིམས་བརྟན་ཆོས་དཀར་མཆོག། སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེ།། རྒྱལ་བས་ངེས་གསུངས་སོ་སོར་ཐར་པ ་ཡིཿཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས།། སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤང་།། ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ།། དེ་ལྟར་སྡིག་པའི་རྣམ་རྣམ་གྲོལ་ནས། ་བདེ་བར་གཤེགས་པས་ལེགས་པར་གསུང་གྱུར་པ།། ཟློས་པས་སྐྱོན་མདོ་སྡེ་བཀླག་པར་བྱ།། གཙང་ཞིང་བདེ་བའི་ས་ཡི་ཕྱོགསུ་ནི།། འཇིམ་པ་འམ་ནི་བྱེ་མ་ལས་བྱས་པའི།། བདེ་གཤེག ་མཆོད་རྟེན་རྟེན་འབྲེལ་སྙིང་པོ་ཅན།། སྡིག་པ་སྤང་ཕྱིར་རྟག་ཏུ་གདབ་པར་བྱ།། རིང་བསྲེལ་ཅན་གྱི་གཟུགས་སམ་མཆོད་རྟེན་ལ།། བསྟོད་ཅིང་དྲི་དང་མར་མེ་འབུལ།། གདུགས་དང་རྒྱལ་མཚན ་བ་དན་རོལ་མོ་དང་།། མཆོག་ཏུ་དང་པའི་ས་ནི་མཆོད་པར་བྱ།། ནམ་ཡང་འཁོར་ལོ་གཅིག་པའི་ཤིང་རྟ་ནི།། རྟ་དང་ལྡན་ཡང་ལམ་དུ་མི་འགྲོ་ལྟར།། དེ་བཞིན་སྒྲུབ་པ་པོས་ནི་གྲོགས་མེད ་ནཿལུས་ཅན་དངོས་གྲུབ་ཐོབ་པར་མི་འགྱུར་རོ།། དེ་ནི་བློ་ལྡན་གཟུགས་བཟང་གཙང་སྦྲ་ཆེ།། རིགས་ནི་བཙུན་ཞིང་ཆོས་ལ་གཞོལ་བ་དང་།། སྤོབས་པ་ཆེ་ཞིང་དཔའི་ལ་དབང་པོ་ཐུལ། ་སྙན་པར་སྨྲ་ཞིང་སྤྲིན་པོང་སྙིང་རྗེ་ཅན།། བཀྲེས་དང་སྐོམ་དང་ཉོན་མོངས་བཟོད་པ་དང་།། བྲམ་ཟེ་དག་དང་ལྷ་གཞན་མཆོད་མི་བྱེད།། སྦྱིན་ཅིང་བཟོལ་བྱས་པ་ཤེས་བཟོ་དང་།། དཀོན ་མཆོག་གསུམ་ལོ་དད་པའི་གྲོགས་པོ་ཡིན།། དེ་ལྟའི་ཡོན་ཏན་མ་ལུས་ལྡན་པ་དག། བརྩོད་པའི་དུས་སུ་ཤིན་ཏུ་དཀོན་པས་ན།། ཡོན་ཏན་ཕྱེད་དམ་བཞིའམ་བརྒྱད་ཆ་ཅན།། དེ་ལྟ་བུ་དག ་སྔགས་པའི་གྲོགས་སུ་བསྟེན།། འཕགས་པ་དཔུང་བཟངས་ཀྱིས་ཞེས་པའི་ལེའུ་སྟེ་དང་པོའོ།། །། རང་སངས་རྒྱས་དང་བདེ་གཤེགས་ཉིད་སྐྱེས་དང་།། ་རྒྱལ་བ་སྔོན་ཆད་གང་ན་བཞུགས་པའི།། གནས་པའི་བསོད་ནམས་ལྡན་ཞིང་ཡིད་དགའ་བ།། ལྷ་དང་ལྷ་མིན་སོགས་པས་ཕྱག་འཚལ་བ།། གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིན།། བདག ་ཉིད་དགའ་བར་བྱ་ཕྱིར་བསྙེན་བྱ་བ།། དེ་ལྟ་བུ་དག་མ་རྙེད་གཞན་ཡང་ནི།། ཆུ་བོ་ཆུ་ཀླུང་འབབ་ཆུ་ཡོད་པ་དང་།། པད་མ་ཨུད་པ་ལས་ནི་བརྒྱན་པོའི་མཚོ།། སྐྱེ་བོ་རྣམས་ཀྱང་ཤིན་ཏུ་མི་རྒྱབ ་དང་ནིང་ཞི་བའི་ཆུ་ནི་མང་བ་དང་།། མི་བཟད་གདོན་རྣམས་ཀྱང་ནི་མི་གནས་པ།། མེ་ཏོག་འབྲས་བུ་ཙ་བ་ཡོད་པ་དང་།། སྨན་ལྗོངས་ཤིང་སྣ་ཚོགས་པ་ཁྲིས ་བ་དང་།། ས་སྟེངས་གནས་མལ་ཤིན་ཏུ་གཙང་བ་དང་།། གང་ན་སྟག་གཟིག་སེང་གེ་མེད་པ་དང་།། ཡིད་འོང་མཉམ་ཤིང་ཚེར་མ་མེད་པ་དག། མི་ཡི་དངོས་གྲུབ་གནས་སུ་བསྒྲགས་པ་ཡིན།། ་གྲོག་པོ་གྲོག་འཐར་ཐལ་བ་སྐ་ཤད་དང་།། ཉལ་ཉིལ་སོ་བག་ཙ་སྒོ་བཅོག་ཅན་སྤང་།། དེར་ནི་ཚ་རྐོ་སྦྱངས་ནས་གནས་བརྩིགས་པ།། དྲོ་ལ་བཟང་ཞིང་འཇིམ་པ་ཞལ་ཞལ་བྱ།། ཤར་རམ་བྱང ་ངམ་ནུབ་ཏུ་སྒོ་གཏོད་ཅིང་།། ལྷོ་ཕྱོགས་སུ་ནི་སྒོ་དག་མི་བསྟོད་ཅིང་།། དྲི་གཙང་ཁང་པ་དེ་ཡི་ཕྱོགས་གཅིག་ཏུ།། རྒྱལ་བ་ལམ་མཆོག་རྣམ་པར་སྟོན་པ་ཡི།། རས་ཀྱི་སྐུ་གཟུགས་ལས་ཕྱིར ་བརྟན་པར་བཏགས།། ཡང་ན་ཤིང་གཟུགས་ལེགས་པར་མཆོད་ཕྱིར་བཞག། ཐ་ག་པས་ཏགས་འཇམ་པ་སྙོམས་དང་།། ཐག་ཟང་དེ་བཞིན་སྐྲ་ཤད་མེད་པ་དང་།། ཁཾ་ལག་ཆེ་ཞིང་མ་ཉམས ་ཁ་ཚར་བཅས།། རས་ཀྱི་སྐུ་གཟུགས་མི་ལ་དངོས་གྲུབ་སྟེར།། གཙང་མ་སྤྲོས་ཀྱིས་བཏབ་པ་དེ་ལ་ནི།། ཚོན་རྩི་སྦྱིན་མེད་སྣོདནད་གསར་བླུགས་པ་ཡིས།། ཁྲུས་བྱས་གཙང་ལ་སྦྱོར་ལྡན ་བའི་མི།། མཁས་པས་བ་གླེང་སྤུ་ཡིས་བྲི་བར་བྱ།། ཕྲེང་བ་བདུག་སྤོས་མར་མེ་ལྷ་བཤེས་དང་།། བྱུག་པ་དག་གིས་སྐུ་གཟུགས་ཆེར་མཆོད་དེ།། ནུབ་ཕྱོགས་ཞལ་བསྟན་མི་གཡོ་བསྟན་པར ་བཏགས།། དེ་ཡི་སྤྱན་སྔར་དངོས་གྲུབ་བརྩམ་པར་བྱ།། གཙུག་བུད་བཞག་ནས་སྒྲ་ནི་བྲེགས་ནས་སུ།། འབྱུང་ཁུངས་ཐམས་ཅད་གོས་ཀྱི་ཁ་དོག་བསྒྱུར།། གོས་དཀར་དག་གམ་ཤིང་ལོ་འམ་གསོ ་མ་འམ།། ཟར་མོའི་ཤིང་ཤན་དག་གིས་གོས་བགོའོ།། ས་འམ་ལྕགས་སམ་འཇིམ་པ་ལས་བྱས་པ།། དབྱིབས་ནི་ལེགས་ཤིང་མི་རྩུབ་འཇམ་པ་དང་།། མ་ཆག་བཟླས་ཤིང་མ་གས་རྨ་མེད་པ།། ཧཅང་མི་ཉེ ་ཅད་མི་རིང་ལ།། བཟའ་བཏུང་མོད་ཅིང་རྨངས་རིགས་མང་བ་དང་།། འགྲོན་ལ་མཆོད་བྱེད་ལེགས་པར་གནས་པའི་གྲོང་།། བྲམ་ཟེའི་ཕྱི་རོལ་སྐྱེ་བོ་མེད་པར་བསྟེན།། ང་རྒྱལ་གྱིས་ནི་ནོན་པའི་བྲི ་ཟེ་རྣམས།། རིགས་ཀྱིས་རློམ་ཤིང་སྙིང་རྗེ་མི་ལྡན་པ།། དེ་དག་བདེ་བར་གཤེགས་པའི་མཆོད་རྟེན་ལ།། མཆོད་པ་མཐོང་ན་བགེགས་ཀྱང་བྱེད་པར་འགྱུར།། བྲམ་ཟེ་སངས་རྒྱས་པ་ལ་ཇི་ལྟར ་དམན།། རྨད་ལས་བྲམ་ཟེ་དག་ལས་རྨངས་རིགས་རྣམས།། བསྙེན་བཀུར་དང་ནི་མཆོད་པ་འབྱུང་བ་ན།། རྨངས་རིགས་ཀྱིས་ཀྱང་གསང་སྔགས་ཇི་ལྟར་ཟླས།། ལྷ་དེས་འགྲོན་མཆོད་པས་དང ་ལས་དྲུག་དང་།། རྒྱལ་པོ་དང་ནི་མེ་ལྷ་བསྟེན་པ་དང་།། བུ་ནི་དོན་དང་འགྲོ་བར་བྱ་བ་དག། བྲམ་ཟེ་རྣམས་ཀྱིས་ངེས་པར་གྲུབ་པ་ཡིན།། རྒྱལ་རིགས་རྗེ་རིགས་རྣམས་ཀྱང་རང་གི་ལས། ་གྲུབ་པས་འདི་ལས་ཐེ་ཚོམ་མ་བྱེད་ཅེས།། བརྫུན་དུ་སྨྲ་བ་སྣ་ཚོགས་སྐྱོན་དག་གིས།། བདག་དང་གཞན་གྱིས་སེམས་ནི་བསྲེག་པར་བྱེད།། ཡན་ལག་བརྒྱད་ལམ་གནས་པས་རྟག་ཏུ་ནི། ་ཉི་མ་ཕྱེད་འཚམས་ཚུན་ཆད་བླངས་པར་བྱ།། བྲམ་ཟེའི་དུས་ནི་ཕྱི་དྲོ་ཡིན་པས་ན།། དེ་ཕྱིར་བྲམ་ཟེའི་ཁྱིམ་དུ་འགྲོ་མི་བྱ།། དོག་དང་མི་དོག་ཤེས་ལ་བཟུང་ན་ནི། ་བྲམ་ཟེ་རྨོངས་རིག་དག་ལས་ཁྱད་པར་མེད།། འོན་ཀྱང་འགྲོ་བའི་བློ་ནི་བྲམ་ཟེ་དང་།། འདི་ནི་རྨངས་རིག་ཡིན་ཞེས་བཏགས་པར་ཟད།། བདེན་པའི་ལམ་དམིགས་དགེ་བའི་རྗེས་འབྲང་ན། ་རྨ་དུས་རིགས་དག་ཀྱང་རྒ་ཤི་མེ་བར་འགྲོ། ལོག་པའི་ལམ་ཞུགས་ཉེས་པར་སྤྱོད་ལྡན་ན།། བྲམ་ཟེ་གང་ཡིན་མི་བཟད་དམྱལ་བར་ལྟུང་།། ལུས་ཅན་ཤིན་ཏུ་དྲི་མ་ལྡན་པ་དག། འདི་ནི་གཞན་གྱི་དག་ལྔ་མི་འགྱུར་ཏེ། ་པོ་རྣམ་པར་བསལ་བ་དང་།། བསོད་ནམས་མ་ལུས་ཡོངསུ་བཟུང་བས་འདག། དཔེར་ན་རྨ་ནི་གསོ་དང་བུའི་ཕྱིར།། ནད་པ་དག་ལ་སྨན་ནི་སྦྱིན་པ་ལྟར།། དེ་བཞིན་འདིར་ཡང་བཀྲེས ་པའི་སྡུག་བསྔལ་དག། བསལ་ཕྱིར་རྒྱལ་བས་ཁ་ཟས་བཟའ་བར་གསུངས།། ལ་ལ་ལམ་གྱིས་དུབ་ཅིང་འགྲོ་བའི་ཚེ།། བཀྲེས་སྐོམ་གདུངས་པས་རང་གི་བུའི་ཤ། ཟ་བཞིན་དུ ་ནི་རྣལ་འབྱོར་སེམས་དམན་ཞིང་ཚེ་དང་རྒྱགས་ཕྱིར་བཟའ་བར་མི་བྱའོ།། མང་དུ་བླུགས་ན་རྩོལ་མེད་མཐོང་བ་དང་།། དེ་བཞིན་ཉུང་དུ་དམའ་ན་དམའ་འགྱུར་ལ།། རན་པས་སྐྲ་ཅིག ་མཉམ་པར་འགྲོ་བ་ལྟར།། ལུས་ཅན་ཁ་ཟས་དེ་ལྟར་བཟའ་བར་བྱ།། དཔེར་ན་ཁང་རྙིང་མི་ཞིག་བྱ་བའི་ཕྱིར།། མི་ཡིས་ཀ་བ་བརྟན་པོ་འཛུགས་པ་ལྟར།། དེ་བཞིན་ལུས་ཀྱི་འཁྲུལ ་འཁོར་གནས་པ་དང་།། ཤིང་རྟའི་མིག་བསྐུ་བཞིན་དུ་ཁ་ཟས་བཟའོ།། འདོད་པའི་ཁམས་ནི་ཁ་ཟས་ཀྱིས་གནས་ཞེས།། རྒྱལ་བས་ཆོས་གཅིག་ཏུ་ནི་བཀའ་སྩལ་བས།། ལུས་ནི་ཆུ་ཤིང་བཞིན ་དུ་རིག་བྱ་སྟེ།། སེམས་ནི་བཟའ་བཏུང་སོགས་ལ་ཆགས་མི་བྱ།། དབང་པོ་དྲག་པོ་ཡུལ་ལ་འཕྲོ་བ་དག། བདེ་གཤེགས་གསུངས་པའི་ཤེས་པས་བསྲང་བར་བྱ།། ལྷུང་ཟེད་དེ་དག་ལག་ན ་ཐོགས་ནས་སུ།། གཉའ་ཤིང་གང་ཙམ་བལྟ་ཞིང་བསོད་སྙོམས་སྤོད།། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་ཟུར་མིག་ཅན།། ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས།། བུད་མེད ་གཟུགས་མཚོན་ཆ་འདེབས་འདྲ་བས།། སྐྱེས་པའི་སེམས་དགེ་མངོན་སུམི་འཕྲོག་པར་བྱེད།། ལྕགས་ཀྱི་མཐོང་ལྕགས་རབ་ཏུ་འབར་བ་ཡིས།། མིག་ན་རྣམ་པར་བཀབ་པ་ཆེས་ཡི ་མཐོང་ན་དྲན་པ་ཉམས་བྱེད་བུད་མེད་ཀྱི།། དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ།། གང་དུ་དགའ་བར་འགྲོ་ཞིང་འཛིན་མེད་ལ།། སེམས་ཀྱི་སེམས་ནི་འདུལ་བཞིན་དུ།། རབ ་དང་འབྲིང་ལ་སོགས་པ་སྤངས་ནས་སུ།། མི་སྨྲ་བར་ནི་གཞན་གྱི་ཁྱིམ་དུ་འགྲོ།། གང་ན་བ་གཞོན་བེའུ་ཕྲུ་གུ་ཆུང་བ་དང་།། ནང་ན་སྐྱེས་བུ་ཆང་ནི་འཐུང་བ་དང་།། གང་ན་སྐྱེ་བུ་མོ ་གཞོན་ནུ་བསྟེན་རྩེ་བ་དང་།། གང་ན་སྐྱེ་བོ་མང་པོ་འདུ་བ་དང་། དེ་བཞིན་གང་ན་རོལ་མོ་བྱེད་པ་རྣམས།། དེར་ནི་སྐྱེས་བུ་ནམ་ཡང་འགྲོ་མི་བྱ།། བསོད་སྙོམས་ཅི་སྙེད་ཁྱེར་ཏེ ་འོངས་ནས་ཀྱང་།། དང་བེ་ཇི་ལྟར་བདེ་བར་བགོ་བར་བྱ།། རྐང་བཀྲུས་བློ་བུར་བ་ལ་བྱིན་ནས་སུ།། ལུས་བསྲུང་ཕྱིར་ནི་ཁ་ཟས་བཟའ་བར་བྱ། ་དུས་གསུ་ཟོས་ནས་གསུམ་ཁྲུས་བྱས་ཏེ།། ཕྲེང་བ་མར་མེ་བདག་པ་སྤོས་དང་དྲི།། ཤ་ཆང་མེད་པའི་ལྷ་བཤོས་ཕུལ་ནས་སུ།། ཀུ་ཤིའི་ཁྲིས་ལ་འདུག་ནས་བཟླས་བརྗོད་བྱ།། བདག ་བཾ་བྱུག་སྤོས་ལ་སོགས་མ་རྙེད་ན།། དྲི་ཞིམ་མེ་ཏོག་ལ་སོགས་དབུལ་བར་བྱ།། སྨྲ་བ་ཨ་དགའ་བིལ་བ་འབྲི་ཧ་ཐ།། ཀུ་ཤ་ཏིང་ཡིད་དུ་མི་འོང་།། འགྲེང་དང་འདུག་དང་མ་ལོག་ཉལ ་བ་དང་།། འགྲོ་འཕྲེས་ཟས་ལོག་ཟླས་རྗོད་བྱེད་པ་ན།། རྗེས་སུ་དྲན་དྲག་སོ་སོའི་ཡོན་ཏན་དང་།། རིག་པར་བཅས་ཏེ་རྗེས་སུ་དྲན་པར་བྱ།། འཕགས་པ་དཔུང་བཟང་གིས ་ཞུས་པའི་ལེའུ་སྟེ་གཉིས་པའོ།། ། འདོད་ཆགས་ལ་སོགས་ཉོན་མོངས་ཚོགས་ལྡན་པའི།། སེམས་ནི་འཁོར་བ་ཡིན་པར་ཀུན་ཏུ་བརྗོད། ་ཉོན་མོངས་རྣམ་གྲོལ་ཤེལ་དང་ཟླ་འདྲ་བ།། སྲིད་པའི་རྒྱ་མཚོའི་མཐར་ནི་ཡོངས་སུ་བསྒྲགས།། དཔེར་ན་དྲི་མེད་ཆུ་ནི་སྔ་ལ་སོགས་ཀྱིས།། སྐྲ་ཅིག་ཏུ་ཡང་རྙོག་པ་བྱེད་པ་ལྟར།། ་དེ་བཞིན་རྣམ་དག་དྲི་མ་མེད་པའི་སེམས།། འདོད་ཆགས་ལ་སོགས་སེམས་ཀྱིས་རྙོག་པར་འགྱུར།། བེ་དེ་ཙེ་དང་དང་ཤེལ་རུ་རག་ཤ། ལུང་དང་པད་མའི་སྙིང་པོ་ཞ་དེ་ཟངས།། འཁར་བའི ་བགྲང་ཕྲེང་བརྒྱ་ནི་རྩ་བརྒྱད་པ།། དེ་དག་ལས་ནི་བགྲང་ཕྲེང་གཅིག་བླངས་ཏེ། དེ་ནི་ལག་པ་གཡས་པས་བཟུང་བར་བྱ།། ལག་པ་གཡོན་པས་བསྒྲིམས་ཏེ་མི་འཁྲུལ་བཟུང་། ་ཚར་རེར་ཕྱིན་ཅིང་རེ་རེ་ནས།། སྔགས་པ་ཡིས་ནི་རིམ་བཞིན་བགྲང་བར་བྱ།། དུག་ནས་དབང་པོ་ཡང་དག་བསྡམ་པ་དང་།། ལུས་ནི་དྲང་ཞིང་བརྟན་པར་བཞག་ནསུ།། ཕྱིས་ནི་མ ་མཆུ་ཤིན་ཏུ་མཛེས་པར་ཡང་།། བསྐུལ་ཞིང་གསང་སྔགས་ཅི་དགར་ཟླས་བརྗོད་བྱ།། སེམས་ནི་གློག་དང་སྤྲེའུ་རླུང་དང་མཚུངས།། རྒྱ་མཚོ་ཆེན་པོ་ལ་ནི་རླབས་དང་འདྲ།། སྒྱུ་ཅན ་འདོད་དགུར་ཡུལ་ལ་མངོན་དགའ་བ།། གཡོ་ཞིང་འཕྱན་པས་ངེས་པར་འདུལ་བར་བྱ།། གང་ཚེ་ཟློས་འགའི་སེམས་ནི་ཞི་བ་ལ།། བསྟེན་པས་ཉིད་ཀྱིས་དྲན་པ་རྨོངས་གྱུར་ན ་ལངས་ནས་བཅག་ཅིང་ཕྱོགསུ་བལྟ་བ་དང་།། ཆུ་ཡིས་གདོད་ཡང་ཡོངསུ་བཀྲུ་བར་བྱ།། ལས་ཀྱི་དབང་གྱུར་བདག་པོ་མེད་པ་དང་།། མགོན་རྟེན་མེད་ཚེ་རབས་གཅིག་ན་གཅིག། ་ལུས་ཀྱི་ཁ་རྒྱད་གཅིག་ནས་གཅིག་འགྲོ་བ།། དེ་ཡི་རྗེས་སུ་དགེ་དང་མི་དགེ་འབྲང་།། ཚོང་དང་འཛའ་བཤེས་དང་ནི་རྣམ་པར་འབྲལ།། མི་སྡུག་པ་དང་ཕྲད་ཅིང་འདོད་པས་གདུང ་ངན་པ་སྐྱེ་རྒ་འཆི་བའི་སྡུག་བསྔལ་ཅན།། ཡུལ་རྣམས་ཀུན་ཏུ་སོང་ནའང་མེད་པ་ཡིན།། ཤ་སྦྲང་ཚ་དང་བཀྲེས་དང་ངལ་ལ་སོགས།། གང་དུ་སོང་ཡང་སྡུག་བསྔལ་ཉིད་ཡིན་པ ་ཡུལ་ལ་མངོན་དགའི་སེམས་ནི་བྱུང་བ་ན།། རྣམ་རྟོག་འདི་དག་རྣམས་ཀྱིས་ལྡོག་པར་བྱ།། འདོད་ཆགས་ཤས་ཆེ་མི་གཙང་ཤ་ཚིལ་དང་།། ལྤག ་བ་ཀེང་རུང་ལྟ་བས་རྣམ་པར་ལྡེག། བྱམས་དང་སྙིང་རྗེའི་ཆུས་གདབ་ཞེ་སྡང་ལ།། གཏི་མུག་ལ་ནི་རྟེན་འབྲེལ་ལམ་གྱིས་སོ།། རེ་ཤིག་ཞིག་ན་དགྲ་ཡང་འཛའ་བོར་འགྱུར།། འཛའ ་བོ་ཉིད་ཀྱང་དགྲར་ནི་འགྱུར་བ་ཉིད།། དེ་བཞིན་ཁ་ཅིག་ཀྱང་ནི་བར་མར་འགྱུར།། བར་མ་དེ་ཉིད་ཀྱང་ནི་དགྲ་བོར་འགྱུར།། ད་ལྟར་འཛའ་བ་ཤེས་འགྱུར་བར་རིག་པར་བྱ།། བློ་གྲོས ་ལྡན་པས་ནམ་ཡང་ཚུགས་མི་བྱ།། གཉེན་ལ་དགའ་བའི་རྣམ་རྟོག་དག། ལྡོག་ནས་དགེ་བ་ཅི་བདེ་བཞག་པར་བྱའོ།། དང་པོར་ཟློས་ནས་ཟླས་བརྗོད་ཟིན་བར་དུ།། བྲམ་ཟེ་རྒྱལ་རིག ་རྗེའུ་རིགས་ཞིང་པ་དང་།། བུད་མེད་མ་ནིང་ཁྱེའུ་བུ་མོ་དང་།། སྔགས་འཆང་ནམ་ཡང་སྨྲ་བར་མི་བྱའོ།། ཅི་སྟེ་དགོས་པ་ཡོད་ན་སྔགས་གཡོག་དང་།། ཟླས་བརྗོད་ཟིན་ནས་ཅུང་ཟད་སྨྲ ་བར་བྱ།། སྨྲས་ནས་པ་གཤང་ལྕི་བོར་ནས་སུ།། ཆུ་ཡི་ནང་དུ་ཞུགས་ནས་ཁྲུས་ཀྱང་བྱ།། ཚུལ་ཁྲིམས་བརྩོན་འགྲུས་དཀའ་ཐུབ་བྱས་པ་ཡི།། དགེ་བ་དེ་དག་བླ་ན་མེད་པ་ཡི།། སངས ་རྒྱས་བྱང་ཆུབ་བླ་མེད་མཆོད་ཏུ་བསྔོ།། དཔེར་ན་ཀླུང་རྒྱ་མཚོ་རེ་ཕྱིན་པ་ན།། ལན་ཚྭའི་རོར་ནི་གཅིག་ཏུ་འགྱུར་བ་ཡིན།། དེ་ལྟར་བླ་མེད་བྱང་ཆུབ་བསྔོས་པ་ཡི།། བསོད་ནམས་རྒྱལ་བའི ་ཏོག་དྲི་བསྟོད་མར་མེ་ཕུལ་བ་དང་། ་རོར་ནི་གཅིག་ཏུ་འགྱུར།། དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར།། ས་ལུ་བསྐྱེད་ཀྱི་སོག་མའི་ཕྱིར་མིན་ཡང་།། ས་ལུ་རྙེད་ནས་བསྒྲིམས་པ་མེད་པར་ནི།། སོག་མའི་ཕུང་པོ་ཞར་ལ་འབྱུང་བ ་བཞིན།། དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར།། བསོད་ནམས་བསྒྲུབ་ཀྱི་ལོངས་སྤོང་ཕྱིར་མིན་ཡང་།། སོགས་མའི་ཕུང་པོ་དག་དང་མཚུངས་པར་ནི།། མ་སྒྲིམས་བཞིན་དུ་མིའི་ལོང ་སྤྱོད་འགྲུབ།། ཚེ་རིང་བར་ནི་ལེགས་པར་ཐོབ་པ་དང་།། ཆོས་བཞིན་བསྒྲིབས་པའི་ཡུ་དག་རྙེད་པ་འམ།། སྐྱེ་བོ་མེད་ད་པར་འགྱུར་ཞིང་འགྲོ་བ་ཡི།། བསམ་པ་རྣམས་ནི་རྟག་ཏུ་རྫོགས ་པར་བྱ།། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་།། བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་དང་།། སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ།། སྡིག་པའི་གནས་སུ་འགྱུར ་པ་སྤང་བར་བྱ།། དཔེར་ན་རྒྱ་མཚོ་སྐ་ཅིག་ཙམ་ཡང་ནི།། མིའི་རོ་དང་ལྷན་ཅིག་མི་གནས་ལྟར།། དེ་བཞིན་རྣམ་རྟོག་སེམས་ཀྱིས་སྡིག་བྱས་པ།། སྔགས་པས་སྐ་ཅིག་ཙམ་ཡང་གནས་མི ་བྱ།། དཔེར་ན་རླུང་མེད་ཁང་པའི་ནང་དུ་ནི།། མར་མི་བཙུགས་པ་མི་གཡོ་འབར་བ་ལྟར།། རྩེ་གཅིག་སེམས་ཀྱིས་ཟློས་པ་མངོན་དགའ་བའི།། ཡུལ་ལ་ཆོས་ཀྱང་དེ་བཞིན་འབར་བར ་འགྱུར།། སྟངས་དང་འཆོངས་པ་དང་ནི་གར་བྱེད།། གླུ་ལེན་རྔ་བརྡུང་སྐྱེ་བོས་འཕྱས་འགྱུར་དང་།། ལྷག་པའི་ང་རྒྱལ་འདྲིད་དང་ཆེན་དང་།། རྒྱན་པོ་དང་ནི་འདུས་པ་བལྟ་འདོད་དང་། ་དུས་མིན་སྒྲ་དང་མི་འགྲོ་བ་སྨྲ་བ་དང་།། བསྟན་བཅོས་ངན་དང་སྙན་ངགས་ཀློག་འདོད་དང་།། ཆགས་དང་ཚིག་དང་དྲེགས་དང་རྒྱགས་པ་དང་།། ཞེ་ལ་འཛིན་དང་ལེ་ལོ ་གཡོ་སྒྱུ་སྤང་།། ཤ་ཆང་ཀེའུ་ཙོང་དང་སྒོག་རྟོག་དང་།། འབྲུ་མར་ཏིལ་དང་ལ་ཕུག་སུ་ར་ན།། འབྱུང་པོའི་ཟས་དང་ལྷ་བཤོས་གཏོར་མ་དང་།། གུ་ལང་མཆོད་བྱས་གཏོར་མ་མི་བཟའོ།། ངས་ནི་སྔགས་པ་ཁ ་ཟས་དཀར་གསུམ་དང་།། རྩ་བ་སྡོང་བུ་འབྲས་བུ་ཚོད་མ་དང་།། ཞོ་དང་ནས་དང་འོ་མ་མར་དག་དང་།། འབྲུ་མར་ཚིགས་མ་དར་བ་འོལ་ཀོན་དང་།། ཐུག་པ་རྣམས་ནི་བཟའ་བཏུང་ཡིན ་པར་གསུངས།། ཤ་ཟ་སྲིན་པོ་དག་དང་གནོན་པོ་དང་།། རོ་ལངས་དང་ནི་འཇིགས་པ་བསྒྲུབ་པ་དང་།། ལྷ་མིན་བུ་མོ་འཁྲུལ་འཁོར་འཇོམས་པའི་ཆེ།། འབྲུ་མར་ཚིགས་མའི་བཟའ་བ་མཆོག ་ཏུ་བསྔགས།། དེ་ལྟར་བཟླས་བརྗོད་བྱེད་པའི་སྒྲུབ་པ་པོས།། ཉིན་གཅིག་བཞིན་དུ་བྱས་ནས་ཟློས་པ་ནི།། ཕུལ་ནས་ཆོ་ག་བཞིན་དུ་གཤེགསུ་གསོལ།། ནུབ་མོ་ཀུ་ཤ་བཏིང་ནས་ཉལ་བར་བྱ།། བྱམས ་དང་སྙིང་རྗེ་བཏང་སྙོམས་ལྡན་པ་དང་།། བདེ་གཤེགས་ཆོས་དང་དགེ་འདུན་དྲན་བྱས་ཏེ།། ཤ་རིའི་བུ་དང་ངལ་ཐལ་སྦར་འདུད་ནས་ཉལ།། དེ་ལྟར་སྔགས་པས་སྡིག་པ་མཐའ་དག་ཟད་པར་བྱ།། ་འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་ལུའུ་སྟེ།། གསུམ་པའོ།། །། སྒྲུབ་པ་པོས་ནི་ངེས་པར་བཅད་པ་ཡི།། རྡོ་རྗེ་གང་ཡིན་དེ་དག་བཤད་པར་བྱ།། སོར་བཅུ་བཅུ ་གཉིས་བཅུ་དྲུག་བརྒྱད་པ་སྟེ།། མཆོག་གི་ཚད་ནི་སོར་ཡུང་ཉི་ཤུའོ།། གསེར་གྱི་རྡོ་རྗེ་རིག་འཛིན་ཉིད་དང་ནི།། ས་རྣམས་ཐོབ་པར་བྱ་ཕྱིར་རབ་ཏུ་ཤིས།། རྒྱལ་པོའི་དངུལ་གྱི་མཆོག་ཡིན་ཏེ། ་ཟངས་ཀྱི་རིན་ཆེན་འབྱུང་བ་ཀླུ་སྒྲུབ་ལ།། ལྷ་མིན་དབང་པོའི་འཁྲུལ་འཁོར་གཞིག་པ་དང་།། ཕུག་ཏུ་འགྲོ་ལ་རྡོའི་རྡོ་རྗེའོ།། དོན་ཀུན་བསྒྲུབ་པ་ལ་ནི་ལྕགས་གསུམ་གྱི།། གནོད་སྦྱིན་སྡེ་གཞོམ ་བ་ལ་ལྕགས་ཀྱིའོ།། གདོན་གོ་ཞིམ་ལ་ནི་སེང་ལྡེང་དཔལ་དང་ཆེ།། ནད་མེད་ནོར་རྫས་ལ་ནི་བིལ་བའོ།། གནོད་སྦྱིན་སྒྲུབ་པ་ལ་ནི་མ་ཧཱའི་ཤིང་།། གསལ་ཤིང་རྩེ་མེའི་དགྲ་རྣམས་བོ་ཞིག་པ་ལ།། ་མི་རྣམས་བསད་པ་ལ་ནི་མི་རུས་ཀྱི།། ཤེལ་ལས་བྱས་པའི་མིག་འཕྲལ་ཆེན་པོ་ལ།། དབྱེ་ཕྱིར་ནིམ་པ་ལས་བྱས་རབ་ཏུ་ཤིས།། བསད་ཅིང་སྐམས་པ་རུ་རའི་ཤིང་།། ཤ་ཟ་སྒྲུབ་པ་ལ་ཡང ་རྟག་ཏུ་ཤིས།། ལྷ་དང་གནོད་སྦྱིན་དྲི་ཟ་སྒྲུབ་པ་ལ།། སྒྲོན་ཤིང་ལས་ནི་བྱས་པའི་རྡོ་རྗེའོ།། ཅི་སྟེ་ཀླུ་ནི་དབང་དུ་བྱེད་པ་ན།། དེ་ཚེ་ཀླུ་ཤིང་རྩ་བ་ལས་བྱས་པའོ།། གཟུགས་བསྒྱུར་བ་ལ་ས་ལས ་བྱས་པ་སྟེ།། རོ་ལངས་སྒྲུབ་པ་ལ་ནི་ཀ་དམ་པའི།། པུ་ན་ཀ་དང་རཱ་ཛ་ཨརྒ་དང་།། ཨ་ཤད་ཤིང་གི་རྡོ་རྗེ་ནོར་གྱི་ཕྱིར།། བླ་བ་ཨ་མྲ་ཤོ་ལ་རྣ་པ།། ཨ་རྫ་ལ་སོགས་པ་ལས་བྱས་པ་དག། མི་རྣམས ་གཡུལ་ལས་རྒྱལ་བར་བྱི་ཕྱིར་རོ།། ཡིད་དུ་འོང་བའི་འདོད་པ་ཐོབ་པར་བྱ་བའི་ཕྱིར།། ཙན་དན་དཀར་དཀར་པོ་དང་ནི་དམར་པོ་སྟེ།། དབྱིབས་ལེགས་འཇལ་ཞིང་མ་ཉམས་རྨ་མེད་པའི།། རྡོ་རྗེ། ་རྩེ་ལྔ་སྲ་བ་བཅད་པར་བྱ།། དང་པོ་ཟློས་ཆེ་དེ་ནི་ཐོགས་ནས་སུ།། ཟླས་བཟོད་ཟིན་ནས་མྱུར་བ་ཁོ་ན་རུ།། དང་པའི་སེམས་ཀྱིས་ཕྱག་བྱས་དྲི་སོགས་ཀྱིས།། ་མཆོད་ནས་རྡོ་རྗེ་རྒྱལ་བའི་ཞབས་དྲང་བཞག། ངའི་རིགས་ཀྱི་གསང་སྔགས་སྒྲུབ་པ་པོས།། རྡོ་རྗེ་མེད་ན་འགྲུབ་པར་མི་འགྱུར་རོ།། དེ་ལས་ཅི་ཀྱང་རྙེད་པར་མ་གྱུར་ན།། ཁུ་ཚུར་བཅས ་ལ་རྩེ་གཅིག་སེམས་ཀྱིས་ཟླས།། ལྡོང་རོས་གཱི་ཝ་ང་ལ་རལ་གྲི་ཨན་ཛ་ན།། སྤངས་མ་བླ་གསང་ལི་ཁྲི་ཡུགས་སྣགས་ཙག། མར་དང་ཤ་དག་འཁོར་ལོ་མདུང་ཐུང་དང་།། ལྤགས། ་བ་གོ་ཆ་མདང་ནི་རྩེ་གསུམ་པ།། རྫས་ནི་བཅུ་བདུན་བསྒྲགས་པ་དེ་རྣམས་ཀྱིས།། གྲུབ་པ་རྣམ་པ་གསུམ་རྣམས་ཐོབ་པར་བྱེད།། རང་སྔགས་ཆོ་གར་བཤད་པ་གང་།། དེར་ཡང ་གྲུབ་པ་རྣམ་པ་གསུམ་དུ་མཐོང་།། བགེགས་དང་ལོག་འདྲེན་གྲུབ་པར་མི་དགའ་གི། རིག་པའི་ཚོགས་རྣམས་ཀྱི་མདུན་ནས་རྒྱ།། རིག་འཛིན་བརྩོན་པའི་བདག་ཉིད་ཅན་དག་ལ ་རྣམ་པ་སྣ་ཚོགས་སྐབས་ཚོལ་ཞིང་རྒྱུ།། བགེགས་ཀྱི་རིགས་ནི་རྣམ་པ་བཞི་ཡོད་དེ།། སའི་སྟེང་ན་འཁོད་པའི་བགེགས་རྣམས་ནི།། རྣམ་པར་འཇིག་དང་ཁ་དང་ནིའུ་ལེ་དང་། ་དེ་བཞིན་སོ་གཅིག་པ་དང་རིགས་རྣམས་བཞི།། དབྱེན་ཏེ་ལས་འཕྲོས་མཐའ་ཡས་སོ།། ས་སྟེངས་འཇིག་རྟེན་སྐོང་བཞི་གང་ཡིན་པ།། དེ་དག་གཡོག་འཁོར་མེད་པ་ཡིན།། དེའི ་གཡོག་འཁོར་བྱེ་བ་ཕྲག་བདུན་རྣམས།། གསང་སྔགས་བསྒྲུབ་ལ་བགེགས་བྱེད་དོ།། ཝའི་རིགས་ནི་བཅཝོ་བརྒྱད་དག། དབང་ཕྱུག་ཆེན་པོའི་འཁོར་ཏེ་དེ་རྣམས་ཀྱི།། སྡེ་དཔོན ་གླང་ཆེན་གདོང་སྟེ་སྟོབས་པོ་ཆེ།། ས་སྟེངས་མཐའ་དག་ཀུན་ཏུ་བགེགས་ཀྱང་བྱེད།། སོ་གཅིག་རིགས་ནི་སྡེ་དཔོན་གཙུག་འཕྱང་སྟེ།། བྱེ་བ་དྲུག་བཅུའི་བགེགས་ལ་དབང་བསྐུར ་ཞིང་།། ཚངས་དབྱང་ཁྱབ་འཇུག་ཉི་མ་ཟླ་བ་རླུང་།། དེ་རྣམས་ཀྱིས་བཤད་སྔགས་ལ་གེགས་མེད་དོ།། ནེའུ་ལེའི་རིགས་གང་ཡིན་པ་རྒྱ་ཆེ་སྟེ།། ཁྲ་ཕྲིག་བྱེ་བ་ཐེར་འབུམ་ཕྲག་སྟོང ་དང་།། དེ་དག་རྣམས་ཀྱི་སྡེ་དཔོན་བཙུག་ནས་འབྱུང་།། ང་ཡི་རིགས་དང་སྔགས་ལ་བགེགས་བྱེད་དོ།། དགའ་བྱེད་པདྨ་འདྲ་དང་དཀྱུས་རིང་མིག། ལྔས་རྩེན་སྔགས་རྒྱུད་ལ ་ནི་བགེགས་ཀྱང་བྱེད།། ནེར་སྤོད་བུ་ནི་གང་ཡིན་གང་བ་པ།། རང་གི་གསང་སྔགས་རྒྱད་ལ་བགེགས་ཀྱང་བྱེད།། སྒྲུབ་པ་པོ་ལ་འགྲུབ་པར་མི་དགའ་བ།། བརྩེ་མེད་རང་རང་སྔགས ་ལ་བགེགས་བྱེད་དོ།། རང་གི་གསང་སྔགས་གཟུགས་སུ་རྣམ་སྤྲུལ་ན།། ཕྲེང་བ་དང་ནི་གཏོར་མ་མངོན་དུ་ལེན།། ལྷ་ཡིས་ལོག་འདོན་གྱིས་བྱས་དེ་མཐོང་ནས།། ཁྲོས་ཤིང་འཁྲུགས ་ནས་ཕྱིར་ཡང་ཕྱོགས་པར་བྱེད།། སྔོན་ཆད་སེམས་ནི་འཇུངས་དང་རྨོངས་པ་ཡི།། ལྷ་ཡིས་ལོག་འདྲེན་བགེགས་ཀྱིས་ལུགས་འདི་བསྟོད།། ལུགས་འདི་ལྷ་དང་ཀླུ་དང་གྲུབ་པ ་དང་སུམ་ཅུ་རྩ་གསུམ་ལྷགས་ཀྱང་ཟློག་མི་ནུས།། བགེགས་ཀྱིས་འཇིགས་སུ་རུང་བར་བྱས་པ་དག། སྔར་བཤད་པ་ནི་དེ་དག་ཟློག་པར་བྱེད།། ཟླས་བརྗོད་ཟིན་ནས་ལེགས། ་པར་བསྲུང་བ་དང་།། དཀྱིལ་འཁོར་མི་བྱས་སྒྲུབ་ལ་འཇུག་པར་བྱ།། གཞན་དུ་མཆོད་པའི་ཆོ་ག་མེད་པ་དང་།། ཟླས་བརྗོད་སྦྱིན་བསྲེག་ཆོ་ག་བྲལ་བ་འམ།། གང་ཞིག་རྟག་ཏུ་སེམས་ནི་འདི ་ལྟར་སེམས།། རིག་པ་གང་ཞིག་བདག་གིས་ཟློས་པར་བྱ།། ཡུལ་དང་རྒྱལ་སོགས་གཏམ་ལ་ཆགས་དེ་ཡི།། ལུས་ལ་ཐོགས་པ་མེད་པར་རབ་ཏུ་འཇུག། འདི་ལྟར་ཕན་ཚུན་དུ་ནི་འགྲོ་བ ་ན། རིག་པ་འཛིན་པའི་སེམས་དག་གཡེང་བར་བྱེད།། དཔེར་ན་ཆུ་དང་གྲིབ་མ་སྣང་བ་ལྟར།། དེ་བཞིན་མིའི་ལུས་ལ་འཇུག་པར་འགྱུར།། ཁྲུ་ཚེ་གཞན་ལ་ཟློས་པ་ན་ཡང་གཞན།། ཉེལ ་ནས་གཞན་མིན་མེ་ཏོག་བདུག་པ་དང་།། མར་མེ་ཕུལ་བའི་ཚེ་ཡང་གཞན་ཡིན་ལ།། སྤྲིན་བསྲེག་བྱེད་པ་ན་ཡང་བགེགས་གཞན་འཇུག། དཔེར་ན་ཉི་ཟེར་མེ་ཤེལ་འབབ་པ་ཡི།། རྐྱེན་གྱིས ་མ་སྩལ་མེ་ནི་འབྱུང་བ་ལྟར།། དེ་བཞིན་བགེགས་ཀྱང་ལུས་ལ་ཞགས་གྱུར་ན།། འདོད་ཆགས་མེ་ཆེན་ཀུན་ཏུ་བསྐྱེད་པར་བྱེད།། གཡོ་ཞིང་འགུལ་བ་ཞེས་ནི་བྱ་བའི་བགེགས།། ཆུ་དང་སྐྱེས ་བུ་ཁྲུ་བའི་ཚེ་ན་འཛིན།། བཀྲེས་ཤིང་སྐོམ་ལ་ལུས་ལྕི་གཉིད་ཀྱང་ཚེ།། དེ་བཞིན་ལུས་ལྕི་མཆོག་ཏུ་ཁྲོ་བར་འགྱུར།། དེ་བཞིན་དྲི་ཟ་ཞེས་ནི་བྱ་བའི་བགེགས།། དེའི་དྲི་ནི་དབུལ་བ་ན་ཡང་ལུས་ལ ་འཇུག། ཡུལ་དང་རྒྱལ་པོ་གཉེན་ལ་སེམས་པ་དང་།། སྙོམས་དང་བུད་མེད་ལ་ནི་ཆགས་པར་འགྱུར།། ནག་པོའི་ལུས་ཆེན་ས་ནི་རྡོལ་ནས་སུ།། གདུག་པ་རབ་ཏུ་འདུལ་བའི་ཚེ་ན་འང་འཇུག ་འཇུངས་དང་གཡོ་སྒྱུ་བྱེད་ཅིང་མི་སྲུན་ལ།། འདོད་ཆེན་འཚོ་ལ་རབ་གཏུམ་ཁུ་ཆུ་འཛག། མ་མེ་གཙུག་ཕུད་གཅིག་པ་བགེགས་བྱེད་དེ།། སྙིང་ཁ་ཆེ་ཞིང་གཟོར་ཐབས་སེམས་ཉམས་བྱེད། ་འགྲེང་བའི་ཚེ་ནང་གཙུག་འཕྱང་འཇུག་འགྱུར་ཏེ།། རིམས་དང་འཁྲུ་སྐྱུག་དྲག་པོས་འདེབས་པར་བྱེད།། མེ་ཏོག་འབུལ་ཚེ་མེ་ཏོག་ཆེར་བཀོད་པ།། རང་གནས་སྐབས་རྙེད་ལུས་ལ་རབ་ཏུ་འཇུག ་རིམས་དང་ཆམ་པ་རྒྱུ་ཞིང་ན་བ་དང་།། གྲོགས་པོ་དག་དང་བྲལ་བར་བྱེད།། བགེགས་ཀྱིས་རླམས་པའི་ཕྱོགས་ནི་ལམ་མེད་ལམ་དུ་མཐོང་།། སྤྱོད་པ་སྣ་ཚོགས་བྱེད་ཅིང་འདོད་པ་རྣམས་ཀྱི་གདུང་། ་བློ་བུར་སྨྲ་ལོག་དོན་མེད་ཀུན་མཚན།། དོན་དུ་བསྒྲུབ་པ་རྣམས་ལ་སེམས་ཀྱང་ཡིད་གཉིས་བྱེད།། སེམས་ནི་ལོག་པར་ལྟ་བས་ནོན་པྲ་ན།། གསང་སྔགས་མེད་ཅིང་མཐོ་རིས་ལྷ་ཡང་མེད།། ་བསོད་ནམས་མེད་ཅིང་སྡིག་པ་ཅུང་ཟད་མེད།། ཐར་པ་མེད་ཅིང་འཆིང་བའི་རྒྱུ་ཡང་མེད།། སྐེ་བོ་དོན་མེད་ཉོན་མོངས་དཀའ་ཅེས།། སྣ་ཚོགས་ཁྱབ་པའི་ཚིག་ནི་རྟག་ཏུ་སྨྲ།། སེན་མོ་སྣ ་གཅོད་བོར་རྡོ་འཇིགས་པ་དང་།། མཚན་མོ་སོ་ཡང་ཀྲིག་ཀྲིག་འཆའ་བ་དང་།། བུ་མོ་དགའ་འདོད་ཁྱོད་ཡང་མི་རྙེད་པ།། སྐྱེས་པ་བདག་འདོད་ཆུང་མ་གཞན་མོ་རྙེད།། དགོས་པའི ་དོན་མི་འགྱུར་ཅིང་མི་དགོས་འགྲུབ།། གར་ཡང་འགྲོ་དོན་གཉིད་མེད་མི་ཡང་རླམས།། དེ་བཞིན་སྟག་གཟིགས་སེང་གེ་ཁྱི་དང་ཕག། བུང་བུ་རྔ་མོ་བྱི་བླ། ་ཤ་ཟ་ཝཊ་བྱ་རྒོད་འུག་པ་སྐྱེར་མི་ཐུང་སྦྲུལ།། གཅེར་བུ་ཐལ་རིས་ཅན་དང་མི་ནག་པོ།། ཁྲོན་སྐམ་རུས་པ་ཐོད་པ་ཕུང་པོ་དང་།། ལྕགས་དང་གཏོར་མཁུང་མི་གཙང་ཁང་རུལ ་དང་། ཁ་བཞིན་བསྒྱུར་ཞིང་རལ་གྲི་མི་དུང་ཐོགས་པ།། རྨི་ལམ་འདི་རྣམས་རྨི་བའི་མི་རྣམས་རླམས།། བགེགས་དང་ལོག་འདྲེན་རྣམ་པར་བཤིག་པའི་ཕྱིར།། བདུད་རྩི་ཐལ ་སྦྱོར་དྲག་ཤུལ་ལས་ཅན་སྦྱོར།། སྔགས་པ་དེ་ཡིས་གསང་སྔགས་ལམ་ཞུགས་པ།། བགེགས་དང་ལོག་འདྲེན་རྣམས་ཀྱིས་ཡོངས་མི་ཚུགས།། ཕྱུགས་ལྷས་ཤིང་གཅིག ་ལྷོའི་ཁང་པ་འམ།། ལམ་གྱི་གཞི་མདོ་ཁང་སྟོང་ནགས་ཚལ་དུ།། དཀྱིལ་འཁོར་གྲཝ་བཞི་ལྟམ་པ་ཁྲ་བཞིའི་ཚད།། ཚོན་རྩི་རྣམ་པ་སྣ་ཚོགས་རྣམས་ཀྱིས་བྲིས།། ཕྱོགས་ཀྱི་ལྷ ་རྣམས་གནས་ནི་ཡོངསུ་བཟུང་།། སྒོ་བཞི་པ་ལ་ཀུ་ཤའི་ཙ་ཡང་བཀྲམ།། བཟའ་དང་ཤ་ཆང་ལ་ཕུག་ལ་སོགས་བཅས།། འབྲས་ཆེན་འབྲས་བུ་མང་པོའི་གཏོར་མ་སྦྱིན།། བུམ་པ། ་པད་མ་དམར་པོའི་མདོག་འདྲ་བ།། ནག་པོ་རེ་རི་མེད་ཅིང་རིན་ཆེན་བཅས།། སྨན་དང་འབྲུ་དང་སྤོས་ཆུས་བཀང་བ་བཞི།། ལྔས་བུས་ཁ་བཀང་རས་ཀྱིས་མགལ་པོ་བཀྲིས།། ་ལུས་དམར་བ་དང་ཀི་ལི་ཀཱི་ལ་དང་།། འགྲོ་ལྡིང་བ་ལ་སོགས་པ་རྣམ་པ་བརྒྱར་བཟླས་ཏེ།། དཀྱིལ་འཁོར་ཁོར་ཡུག་ཏུ་ནི་བཞག་པར་བྱ།། དེས་ཕྱག་སྤོས་བདུག་སྤོས་དབུལ། ་བགེགས་ཀྱིས་རླམས་པ་ཤར་ཕྱོགས་ཁ་བསྟན་ཏེ།། དཀྱིལ་འཁོར་དབུས་སུ་བདེ་བའི་སྟན་ལ་བཞག། ཟླས་བརྗོད་བྱེད་ཅིང་བུམ་པ་རེ་རེས་བཀྲེས།། གདོན་དང་ལོག་འདྲེན་རྣམས ་ལས་ཐར་བར་འགྱུར།། སྒྲུབ་པ་པོ་ཡིས་བགེགས་རྣམས་ཕམ་པར་མ་ཟད་ཀྱི།། རྒྱལ་པོའི་འཁོར་དང་བུ་མེད་དང་།། བུ་མོ་དག་དང་རོལ་མོ་མཁན་རྣམས་དང་།། བུད་མེད ་ཕལ་དང་ཚོང་པ་རྣམས་ཀྱང་རུང་།། ཞིང་པ་རྣམས་དང་དབུལ་ཞིང་འཕོངས་པ་དང་།། གདོན་གྱིས་ཟིན་དང་རིམས་ཀྱིས་བཏབ་པ་དང་།། བྱིས་པའི་གནོན་དང་མེ་ཏོག་འབྲས་བུ ་འཕོག། རྨི་ངན་སྒོ་དང་སེམས་ནི་གཡེང་བ་དང་།། དག་ཀྱང་སེལ་ཏེ་ཁྲུས་འདིས་དག་པར་བྱེད།། འཕགས་པ་དཔུང་བཟང་གིས་ཞུས་པའི་ལེའུ་བཞི་པའོ།། ། ་། བགེགས་ཀྱིས་བསོད་ནམས་ཟད་པར་བྱེད།། དེ་བས་མི་ལ་གསང་སྔགས་འགྲུབ་མི་འགྱུར།། ཇི་ལྟར་ཟླ་བ་སྤྲིན་ལས་རྣམ་གྲོལ་ལྟར།། དེ་བཞིན་བགེགས་ལས་གྲོལ་བ་རྣཾ་བར ་གསལ།། དཔེར་ནས་ཆུ་དུས་སུ་བྲལ་བ་ཡི།། སྣོད་ནས་འབྲས་བུ་ལ་ནི་མྱུ་གུ་ལི་མེད།། དེ་དང་མ་བྲལ་མྱུ་གུ་ལོ་མ་དང་།། སྡོང་བུ་དག་དང་མེ་ཏོག་འབྲས་བུ་སྐྱེ།། ཆོ་ག ་ཉམས་ཤིང་ཡི་གེ་གུག་སྐྱེད་མེད།། མཆོད་པ་མེད་ཅིང་མི་གཙང་བཟླས་བརྗོད་བྱས།། གུག་སྐྱེད་ཡི་གེ་ལྷག་པར་གྱུར་པ་ཡི།། གསང་སྔགས་དངོས ་གྲུབ་རྒྱ་ཆེན་མི་སྟེར་རོ།། དཔེར་ན་དབྱར་གྱི་དུས་ཀྱི་ཆར་སྤྲིན་དག། སྐྱེ་བོའི་སྐལ་བཞིན་ཆར་པ་ལེགས་པར་འབེབས།། དེ་བཞིན་མིའི་སྐལ་པ་གཟིགས་ནས་ནི།། འདོད་པ་བཞིན་དུ་གསང ་སྔགས་དངོས་གྲུབ་སྩོལ།། ཡུལ་དང་དུས་དང་ཆོས་ག་ལས་རྣམས་དང་།། སྡིག་པ་བྱང་ཞིང་བསོད་ནམས་བསགས་པ་དང་།། གུས་དང་ཟླས་བརྗོད་ཀུན་ལ་གཟིགས་ནས་ནི།། དེ་ནས ་གསང་སྔགས་འབྲས་བུ་རྣམ་པར་སྩོལ།། ཇི་ཙམ་ལས་མང་པོས་རབ་གང་ཞིང་།། ཇི་ཙམ་ལས་དཀར་བསོད་ནམས་མ་བསགས་དང་།། ཇི་སྲིད་ཆོ་ག་མེད་པར་ཟླས་བྱས་ལ།། དེ་སྲིད་སྔགས ་བའི་དངོས་གྲུབ་མི་ཐོབ་བོ།། ཆོ་ག་ཉམས་སམ་པར་བཅད་སྔགས་གཞན་ཟླས།། ཟླས་པ་བཏང་ངམ་གཞན་ལ་བྱིན་གྱུར་ན།། དུས་གསུམ་མཆོད་པ་ལ་ནི་བརྩོན་གྱུར་ནས།། སླར་ཡང ་འབུམ་ཕྲག་སྒྲུབ་པ་ལ་འཇུག་པར་བྱ།། སྟོང་ཕྲག་བཅུ་འམ་བརྒྱད་དམ་བདུན་ནམ་བཞི།། ཟླས་མཐར་དེ་ལ་མར་གྱིས་སྦྱིན་བསྲེག་བྱ།། ཡང་ན་མ་གྲུབ་ནས་སམ་ཏིལ་ནག་གམ།། ཡུངས ་ཀར་དག་དང་བསྲེས་པའི་སྦྱིན་བསྲེག་བྱ།། འཛམ་བུ་གྲག་ཤ་པ་ལ་ཤ། ཨུ་དུམ་སེང་ལྡེང་ཨ་ཤད་ཨ་པ་མར།། ཨརྒ་ཨ་ཤོ་ཀ་དང་ར་རྫ་ཀ། ནྱ་གྲོ་བ་ལལ.་ཤ་མིའི།། ཡམ་ཤིང་གཞོན ་ནུ་སོར་ནི་བཅུ་གཉིས་པ།། བཙལ་ནས་ཞོ་མར་སྦྲང་རྩི་ལ་བཙགས་ནས།། རྟག་ཏུ་མེ་ལ་སྦྱིན་བསྲེག་བྱེད་པར་བྱ།། དེ་ལྟར་བྱས་ན་དངོས་གྲུབ་མྱུར་དུ་ཐོབ།། གསང་སྔགས་གཞན་གྱི ་བཅད་དམ་བཅིངས་པ་དང་།། གསང་སྔགས་གཞན་གྱིས་མནན་ཀྱང་རུང་།། དེ་ཡི་གཟུགས་བརྙེན་ས་ལ་བྱས་ནས་སུ།། དེའི་མདུན་དུ་མངོན་སུམ་ཕྱོགས་བཞག་སྟེ།། སྔགས་པ ་ཀི་ལི་ཀི་ལི་སྙིང་པོ་ཡིས།། མར་དང་འོ་མས་དེའི་གཟུགས་བརྙན་བཀྲུ།། དེ་ལྟར་ཞག་བདུན་བྱས་པས་གསང་སྔགས་དག། བཅིངས་པ་དང་ནི་མནན་ལས་གྲོལ་བར་འགྱུར།། མཆོད ་པ་ལ་སོགས་ཆོ་གར་ལྡན་ཡང་ནི།། ཅི་སྟེ་གསང་སྔགས་འབྲས་བུ་མི་སྟེར་ན།། དེ་གཟུགས་དག་སྐྱེ་ཙེས་བྱུགས་ནས་སུ།། ཀི་ལི་ཀི་ལི་འགྲོ་ལྡིང་ལ་སོགས་པའི།། སྡིགས་ཀྱིས་དེ་ལ་ཡུད ་ཚྭ་སྦྱར་བའི།། ཞག་བདུན་དུས་གསུམ་སྦྱིན་བསྲེག་ལས་སྦྱར་ན།། གསང་སྔགས་འོངས་ནི་རྨི་ལོམ་དག་ཏུ་ནི།། ཆོ་ག་ཉམས་པའི་ཡི་གེ་ལྷག་ཆད་སྟོན།། སྔོན་གྱི་སྔགས་ལུགས་ཆད ་པས་བསྟོན་མོད་ཀྱི།། ཇི་ལྟར་རྒྱ་མཚོ་དོས་ལས་མི་འདའོ་ལྟར།། སྔགས་ཀྱིས་གཞན་གྱི་གསང་སྔགས་མི་མནན་ཅིང་།། བཅིང་དང་གཅོད་པ་ནམ་ཡང་མི་བྱའོ།། དཔེར་ན་བྱམས་པའི ་མི་ཡིས་མི་གཞན་ལ།། ཆེ་གེ་མོའི་ཁྱིམ་འདིར་ཕྱིན་ཆད་ཁྱོད།། བལྟ་བའི་ཕྱིར་ཡང་འགྲོ་བར་མི་བྱའོ་ཞེ།། རིགས་པའི་ཚིག་གིས་རྣམ་པར་བསྟན་པར་བྱ།། དེས་ཀྱང་དེའི་ཚིག་ནི་ཉན་སུ།། ་ཁྱིམ་དུ་སྨྲ་དང་བལྟ་དང་སྒྲ་ཕྱིར་མི་འགྲོ་བ།། དེ་བཞིན་སྔགས་པས་གང་ཡང་རུང་བའི་ཕྱིར།། ཟླས་ནས་གཞན་གྱི་གསང་སྔགས་མནན་མི་བྱ།། གསང ་སྔགས་བཅད་དང་བཅིང་པར་མི་བྱའོ།། ཡི་གེ་ལྷག་ཆད་གསང་སྔགས་མི་བྱིན་ནོ།། ལས་རྣམས་སྤྱད་པས་གཞན་དུ་བསྒྱུར་མི་བྱ།། གནས་རྣམས་གཟིར་བས་ནམ་ཡང་མི་བྱའོ།། ་དབབ་དང་བཅིང་དང་བརྡེག་དང་རྨོངས་མི་བྱ།། ཡན་ལག་མི་བཤིག་རིགས་ཀྱང་མི་བརླབ་ཅིང་།། སྔགས་པས་ཀླུ་དང་གདོན་ལ་སོགས་པ་རྣམས།། གཞན་དུ་བསྐྲད་པར་ཡང་ནི་མི་བྱའོ།། ་དགར་དང་བསྐྲད་པ་དང་ནི་བསད་པ་དང་།། བྱིས་པ་གདོན་གྱིས་ཟིན་པ་མི་གསོ་ཤིང་།། རྒྱ་མོས་མདའ་སྙིང་འཇོལ་བུ་ཡིས།། སེམས་ཅན་གནོད་པ་ཐམས་ཅད་མི་བྱེའོ།། དངོས་གྲུབ ་ཕྱིར་ནི་རྣམ་པ་བཅུར་གསུངས་ཏེ།། སྔགས་པ་དང་ནི་རང་སྔགས་རྫས་དང་གཡོག། བརྩོན་འགྲུབ་ཕྱོགས་དང་ས་གཞི་ཕྱོགས་དང་དུས་དང་ནི།། ཡན་ལག་རྫོགས་པའི་ལྷ་དང་སེམས ་སྟོབས་སོ།། གཞན་དག་ཁ་ཅིག་རིག་འཛིན་གྲོགས་ཞེས་ཟེར།། གཞན་དག་ཕྱོགས་སུ་བརྩོན་འགྲུས་དུས་རྣམས་གཉིད།། གཞན་ནི་རྫས་དང་ས་གཞི་ལྷ་དང་སྔགས།། ཁ་ཅིག་སེམས ་ཡིན་ཞེས་ནི་རྣམ་པར་སྨྲ།། འགྲུབ་ཕྱིར་དེ་ལྟར་བཅུ་དང་བརྒྱད་དང་ལྡན།། དེ་བཞིན་བཞི་དང་གསུམ་དང་གཅིག་ཉིད་ཅེས།། སྔགས་རིགས་རང་རང་བློ་ཡིས་རྣམ་པར་འཆད།། སད ་རྒྱས་རྒྱུད་ལ་ཆོ་ག་གཉིས་ཀྱིས་འགྲུབ།། སྒྲུབ་པ་གང་ཞིག་རང་གི་སེམས་ལ་ཡོན་ཏན་རྫོགས།། བརྩོན་འགྲུས་མཆོག་དང་ཡང་དག་ལྡན་པ་དང་།། གཞན་གྱི་རྙེད་པ་དག་ལ་ཕྲག་དོག་མེད།། ་འདོད་ལ་མེ་ཆགས་ལུས་ཀྱིས་ཉོན་མོངས་བེ་ཟོད།། གུག་སྐྱེད་ཀླད་ཀོར་ཚེག་དང་ཟུར་ཕྱིན་པ།། གསང་སྔགས་དག་ཅིང་ཆོ་གར་བཅས།། གསང་སྔགས་སངས་རྒྱས་བྱང་ཆུབ་སེམས་དཔའ ་བསྟེན་པ་ཡི།། གནས་སུ་བཟླས་ན་ཡིད་འོང་དངོས་གྲུབ་ཐོབ།། ཇི་ལྟར་རིགས་དང་དབང་པོ་དྲེགས་པ་དག། མཐུ་སྟོབས་ཆེན་པོས་གླང་ཆེན་གསོད་པ་དང་།། དེ་བཞིན་སྦྲང་ཁུ་ཕག་དང ་རི་དགས་དང་།། ཝ་རྣམས་ཀྱང་ནི་མྱུར་དུ་གསོད་པ་ལྟར།། དེ་བཞིན་སྔགས་པས་སེང་གེའི་ཚུལ་གྱིས་སུ།། ར་བ་དང་འབྲིང་དང་ཐ་མའི་ལས་རྣམས་ལ།། བརྩོན་འགྲགྲུས་ཆེན་པོ་དག ་དང་ལྡན་པ་དང་།། འབད་པས་མཆིག་རྣམས་ཀྱིས་ཀྱང་བསྟེན་པར་བྱ།། གླིང་བུའི་སྒྲ་དང་རྔའི་སྒྲ་རྣམས་དང་།། ཤིན་ཏུ་འཇིགས་བྱེད་སྐྱེ་བོ་དགྲ་རྣམས་དང་།། གང་རྒྱང་ཀུ་ཅོ་དག ་དང་གླ་གར་དང་།། ཟི་བདེ་པི་ཝང་རྫ་དེའི་སྒྲ།། བྱ་ཕྲན་སྐྲ་དང་ནུ་སྒྲ་དང་།། བུད་མེད་རྒྱན་གྱི་སྒྲ་རྣམས་དང་།། ཤ་སྦྲང་ཚ་དྲང་རླུང་གི་གནོད་པ་ཡིས།། མིའི་སེམས་ནི་གཡོ་ཞིང་གཡོ ་བར་བྱེད།། ཟླས་བརྗོད་བྱེད་ཚེ་མི་མྱུར་མི་དེལ་ཞིང་།། སྒྲ་ཆེན་མི་འབྱུང་ཧ་ཅང་ཆུང་ངུ་མིན།། སྒྲ་བཞིན་མ་ཡིན་གཞན་དུ་གཡེང་ཞིང་མིན།། གུག་སྐྱེད་ཀླད་ཀོར་ཚིག་རྣམས་ཉམ ་པར་མིན།། ཇི་ལྟར་ཆུ་ཀླུང་ཉིན་མཚན་རྟག་ཏུ་ནི།། རྒྱུན་མི་འཆད་པར་འབབ་པར་འགྱུར་བ། དེ་བཞིན་ཕྱག་བཅས་དང་ཟླས་དང་བརྟུལ་ཞུགས་ཀྱིས་བསོད ་ནམས་མ་ལུས་ཅན་ནི་འཕེལ་བར་འགྱུར།། ལེ་ལོ་འདོད་ཆགས་གར་ལྡན་པ་ཡི་སེམས།། གང་དང་གང་དུ་གཡེང་ཞིང་རྒྱུ་བ་དག། དེ་དང་དེ་ནས་མྱུར་དུ་ལྡོག་ནས་ནི།། གསང་སྔགས་ཡི ་གེ་མཆོད་ལ་ལེགས་པར་སྦྱར།། སྣ་རྩེར་ལྟ་ཞིང་རྣམ་པར་རྟོག་པ་སྤོང་།། ནམ་ཞིག་བསྐྱོད་ཀྱང་རྣམ་པར་མི་གཡོ་བ།། དེ་ཚེ་དམིགས་པའི་རྣམ་པ་ཐོབ་པ་སྟེ།། སེམས་ནི་ལས་སུ་རུང་། ་བར་འགྱུར་བར་ངེས།། རྩེ་གཅིག་སེམས་དང་ལྡན་པའི་མི་ལ་ནི།། ཡིད་ལས་བྱུང་བའི་དགའ་བ་རབ་ཏུ་སྐྱེ།། དགའ་བས་ལུས་འདི་ཤིན་ཏུ་སྦྱངས་པ་ཐོབ།། ལུས་སྦྱངས ་པས་ནི་བདེ་བའི་སྐལ་ལྡན་འགྱུར།། ལུས་བདེ་སེམས་ནི་རྩེ་གཅིག་ཏིང་འཛིན་ཐོབ།། དེ་ཚེ་ཟླས་བརྗོད་དོགས་པ་མེད་པར་འགྱུར།། ཚེ་རབས་གང་དུ་གོང་དང་གང་བྱས་པའི།། སྡིག་པ ་མ་ལུས་ཟླས་བརྗོད་བྱས་པས་འབྱང།། ཟླས་པའི་སྡིག་པ་མ་ལུས་བྱང་བར་འགྱུར།། དང་བའི་ཡིད་ཀྱིས་དངོས་གྲུབ་ཐོབ་པར་འགྱུར།། དེ་ཕྱིར་བཅོམ་ལྡན་རྒྱལ་བའི་དབང་པོ ་ཡིས་ཆོས་འདི་ཀུན་གྱི་རྩ་བ་སེམས་ཡིན་གསུངས།། སེམས་འདི་བདེ་བའི་ལྷ་མིའི་བདེ་བ་དང་།། མཐོ་རིས་དང་ནི་བྱང་གྲོལ་ཐོབ་པར་འགྱུར།། སེམས་ཀྱི་སྐྱོན་གྱིས་དད ་འགྲོར་སྐྱེས། སེམས་དམྱལ་གནས་ཤིང་མི་སྡུག་དབུལ་པོར་འགྱུར།། སེམས་ནི་རབ་ཏུ་དང་བར་གྱུར་པའི་མིས།། ས་ཆུ་མེ་རླུང་སྐེ་རྒ་འཆི་སོགས་དང་།། བར་དང་ཐ་མར་གནོད་པ། ་ཀུན་བྲལ་བ།། རྣམ་གྲོལ་བ་དེ་ཞིང་ཞི་བ་ཐོབ་པར་འགྱུར།། གསང་སྔགས་བདེ་བ་ཀུན་ཐུན་མོད་པ།། བདེ་བ་ཆུང་ཞིང་སྡུག་བསྔལ་ཀུན་དང་བྲལ།། ཉོན་མོངས་དུག་བཅས ་རྣམ་པར་འཇིག་འགྱུར་བ།། དང་བའི་སེམས་ཀྱིས་ཐོབ་པར་འགྱུར་བ་ཡིན།། འདོད་རྒྱལ་ལས་ཀྱང་མ་བྱང་དུས་ལས་མིན།། རང་བཞིན་དབང་ཕྱུག་ལས་ཀྱང་བྱུང་བ་མིན།། ་རྒྱུ་མེད་རྐྱེན་མིན་སྐྱེས་བུས་མ་བྱས་ཀྱང་།། ལས་དང་ཉོན་མོངས་པ་ལས་སེམས་ཅན་འབྱུང་།། གཟུགས་ནི་འབྱུང་བ་ཆེན་པོ་བཞི་དང་ལྡན།། དེ་ནི་བདག་མིན་པདག་ཀྱང་གཟུགས་མ་ཡིན། ་གཟུགས་ལ་བདག་མེད་བདག་ལ་གཟུགས་མེད་དེ།། གཟུགས་ནི་སྟོང་པའི་ཕུང་ཞི་རིགས་པར་གྱིས།། གཟུགས་ནི་དབུ་བ་དག་དང་འདྲ་བ་སྟེ། ཚོར་བ་ཆུ་བུར་བཞིན་དུ་རྟག་པ་སྟེ། ་དེ་ལྟར་མཐོང་བ་ལྟ་བ་བཟང་པོ་ཡིན།། གང་ཞིག་གཞན་འགྱུར་དེ་ནི་ལྟ་བ་བཟུང་ན་གསུངས།། དེ་ལྟར་ཟླས་པའི་གང་ཟག་ཉེ་འགྱུར་བ།། མཚན་མོ་ཉལ་ནས་རྨི་ལམ་འདི་ལྟར་མཐོང་། ་འང་བ་རངས་ལྡན་གང་བྲས་རེ་སེང་གེས།། རི་བ་ཤིང་ད་ཟླ་ལྡན་ནྡ་རྣམས་དང་།། སྟག་དངགས་དང་ཀླང་ཆེན་ཁྱུ་མཆོག་ད་།། ཟིལས་ན་ནི་དགའ་བས་ཞོན་པ་དང་།། མཐོ། ་ཕྲེང་བ་དྲི་དང་གོས་རྣམས་དང་།། ཤ་ཆང་ཉ་དང་འབྲས་བུ་གླེག་བཾ་དང་།། ལྷ་ཡི་གཟུགས་དང་ཨུད་བལ་དམར་པོ་དང་།། ཤིང་རྟ་གང་བ་འམ་བ ་གཞོན་བེའུ་ཕྲུ་གུ་ཅན།། གདུགས་དཀར་གསིལ་ཡབ་ལྷམ་དང་རལ་གྲི་དང་།། རྔ་གཡབ་གསེར་ཡུ་ཅན་དང་ཕྲེང་བ་དང་།། ནོར་བུ་མུ་ཏིག་དང་ཉ་ཕྱི་དངུལ།། བུད་མེད་གཟུགས་བཟང ་བ་དང་བུ་མོ་དང་།། རིན་ཆེན་སྣ་ཚོགས་རྣམས་ཀྱིས་སྤྲས་པའི་རྒྱན།། ལམ་སྟར་དཀར་པོ་བཏིང་བ་རྙེད་པ་དང་།། ཐོ་དང་ཁར་ནི་ཆུ་བོ་ཆུ་ཀླུང་དང་།། འབབ་ཆུ་འམ་རྒྱ་མཚོ་མཚོ་དང ་རྫིང་བུ་དང་།། ལུ་མ་ལ་ནི་འཐུང་ངམ་རྒལ་རྨི་དང་།། ཡང་ན་ཁྲག་གིས་ལུས་ནི་ཁྲུས་བྱེད་པ་འམ།། ལྷ་ཁང་མཆོད་རྟེན་འདུག་ནས་རྒྱལ་བ་འམ།། བྱང་ཆུབ་སེམས་དཔའ་མཆོག་དང ་རང་རྒྱལ་དང་།། ཟག་མེད་དགེ་འདུན་དགེ་སློང་དགེ་སློང་མ།། དགེ་བསྙེན་རྣམས་དང་ས་བདག་ལྷ་རྣམས་དང་། ལྷ་མིན་བྲམ་ཟེ་ཡིད་འོང་སྐྱེས་བུ་དང་།། མེ་དང་ཉི་མཆོག་ཕྱཕྱུག་ཅིང་འབྱོར ་དང་མཉམ།། ཕ་མ་འཛའ་བཤེས་བུ་དང་གནོད་སྦྱིན་དང་།། གྲུབ་པའི་ལྷ་དང་ན་ཆུང་ཚོགས་བདག་དང་།། ཅི་སྟེ་ཉི་མ་ཟླ་བ་ཟ་བ་དང་།། སའི་ནང་འགྲོ་ས་བོན་འཐུང་བ་དང་།། མེ་ལ་རྫི ་ཞིང་ཤ་ནི་ཟ་བ་དང་།། ལུས་ཀྱི་ནང་དུ་བུད་མེད་ཞོགས་པ་མཐོང་།། རྨི་ལམ་བཟང་པོ་འདི་དག་མཐོང་བ་གང་།། དེ་དག་རིང་པོར་མི་ཐོགས་འགྲུབ་པར་འགྱུར།། ཟླ་བ་གཅིག་དང་ཟླ་བ ་ཕྱེད་དང་ཉིན་ཞག་དང་།། སྐད་ཅིག་གིས་ཀྱང་ཕྱི་ཕྱིར་ཉེ་བར་འགྱུར།། འཕགས་པ་དཔུང་བཟད་ཀྱིས་ཞེས་པའི་ལེའུ་སྟེ་ལྔ་པའོ།། ། དངོས་གྲུབ་ཉེན་ཟློས་ལ ་དགའ་བ་རརཾ་དང་།། སེམས་ནི་སྡིག་ལ་ནམ་ཡང་དག་མི་འགྱུར།། བཀྲེས་སྐོམ་ཆ་དྲང་རླུང་དང་དྲང་བ་ཡི།། སྡུག་བསྔལ་དྲག་པོས་ཉེན་ཀྱང་གཡོ་མི་འགྱུར།། སྦྲང་བུ་ཤ་སྦྲང་སྲིན་བུ་གྲོག ་སྒུར་དང་།། ཤ་ཟ་དྲུག་པོ་རྣམས་ཀྱང་དེ་དག་གི། ལུས་དང་གྲིབ་མ་ལ་ཡང་མི་འགེམ་མོ།། ཚིག་ནི་བཟུང་བར་འོས་ཤིང་ཡིད་གཞུངས་པ།། སྙན་ངག་དང་ནི་འབྲི་བ་རྣམས་ལ་མཁས། ་ཆོས་ལ་མངོན་དགའ་གཏེར་རྣམས་མཐོང་བ་དང་།། ལུས་ཀྱི་ནད་དང་དྲི་མ་མེད་པར་འགྱུར།། སྐྱེ་བོས་མཐོང་ངམ་ཐོས་པར་གྱུར་ཀྱང་རུང་།། མྱུར་དུ་མངོན་དགའ་ཡིད་དུ་འོང་བར་འགྱུར།། ་བུད་མེད་ལྷའི་མདས་འཕོག་པ་རྣམས་ཀྱི།། འདོད་ལ་ལོངས་སྤད་ཕྱིར་ནི་མཆོད་པར་བྱེད།། གང་མཁའ་ལ་ལྷ་དང་གནོད་སྤྲིན་དང་།། དྲི་ཟ་ལྕིའི་བུ་མི་ལུས་དང་སྒྲ།། མིས་ནི་དགའ་བའི་ཡིད ་ཀྱིས་མཐོང་ཐོས་ནས།། དེ་ཚེ་ཤིན་ཏུ་ཉེ་བར་གྱུར་པ་ཡིན།། ལུས་ནི་དྲི་མེད་དག་པར་རིག་པ་དང་།། གསོ་སྦྱོང་སྡོམ་པ་དང་ནི་ལྡན་པ་ཡིས།། ཉིན་ཞག་གཅིག་གམ་གཉིས་གསུམ་དུ་ནི།། ཁ་རྠ ་སྤང་ཞིང་བསྲུང་བར་གནས་པ་ཡིས།། ཉིན་ཞག་དེ་དག་བཟླས་པར་བྱས་ནས་སུ།། རང་གི་འབྱོར་ཕྱིར་སྒྲུབ་ལོ་འཇུག་པར་བྱ།། གསུང་དེ་དཔུང་བཟངས་ཀྱིས་ཐོས་སླར་གསོལ་པ།། ཟས་ཀྱི་མི ་བདག་ཅེས་ནི་གང་གསུངས་པ།། མཆོད་འོས་ཁྱོད་ལུས་བདག་གི་བགྱི་ཕྱིར་ཡང་།། ཅི་སླད་བསྙུང་བ་མི་བཟད་བགྱི་བར་གསུངས།། སྲིད་པའི་མཐར་ཕྱིན་པར་ནི ་གཤེགས་པ་ཡིས།། ཤིང་རྟའི་མིག་བསྐུ་བཟའ་བའང་ཅི་ཕྱིར་གསུངས།། རྡོ་རྗེ་ཅན་གྱིས་དཔུང་བཟངས་ཚིག་གནས་ནས།། འབྲུག་སྒྲ་ཟ་འདྲིའི་གསུང་གིས་བཀའ་སྩལ་པ།། བུ་གཅིག ་ལུས་བདག་བྱ་ཕྱིར་བསྙུང་བར་གནས།། བདེ་གཤེགས་འདི་ན་ནམ་ཡང་མི་གསུངས་ན།། ལུས་འདི་མི་གཙང་ལྤག་པ་ཤ་ཁྲག་དང་།། ཀླད་རྒྱས་རྒྱུ་མ་ཆེར་ཕྱིན་འཁལ་མ་ཞག། འཁྲིས ་བ་བད་ཀན་ཁ་ཆུ་ཕྱི་ས་དང་།། གཅིན་སྣརུམས་སླུ་བ་སྐྲ་དང་རུས་པ་དང་།། མིག་དང་རྣ་བ་སྣ་དང་ཁ་དང་ནི།། གཤང་སྒོ་མཚན་མ་བུ་ག་དགུ་པོ་ཡི།། རྨ་ནས་མི་གཙང་དྲི་མ་སྣ་ཚོགས་པ།། ་འཛག་པའི་རྒྱུ་ནི་སྣ་ཚོགས་འབྱུང་བ་ཡིན།། དེ་ལྟར་ཡན་ལག་ཐམས་ཅད་འདུས་པ་དང་།། ས་ཆུ་མེ་རླུང་ནམ་མཁའ་རྣམས་དང་ལྡན།། ཇི་བཞིན་ལས་ཀྱི་རྗེས་འབྲང་མི་ཡི་ལུས།། ཐད ་ལྡན་པའི་མིའི་གཟུགས་ལ་གནས་པ་ཡི།། གཤང་ལྕི་སྣབས་དང་མཆིལ་མ་བད་ཀན་དང་།། འདི་དག་ཟད་པར་བྱ་ཕྱིར་བསྙུང་བར་གསུངས།། དྲི་མ་དག་ནས་མཱི་ཡུལ་དག་ན།། རང་གི་འབྱོར ་ཕྱིར་སྐབ་ལ་བདེ་བར་འཇུག། འདོད་ཆགས་ཀྱིས་ནི་གདུངས་པར་གྱུར་པ་ལ།། ལུས་ཀྱི་ཡན་ལག་འདི་དག་ཐམས་ཅད་ལ།། དྲན་པ་རྩེ་གཅིག་སྔོན་དུ་བྱས་ནས་ནི།། ཡེ་ཤེས་མིག་གིས། ་སོ་སོར་རྣམ་པར་བརྟག། དེ་ལྟར་གང་གིས་ངེས་པར་བརྟགས་པས་ན།། ལུས་དང་སྲོག་ལ་རྗེས་སུ་ཆགས་པ་ཡི།། འདོད་ཆགས་གཏན་ནས་ཡོང་ཡེ་ཞི་གྱུར་ཏེ།། ཉི་མས་མུན་ནག་རྩ་ནས་བསལ་བ། ་བཞིན།། ཕན་ཡོན་དེ་ཡིས་གསང་སྔགས་ངེས་བསྙེན་ནས།། རང་གི་ལུས་ལ་ཉེ་བར་རིག་པ་དང་།། ཡར་གྱི་ཚེས་བརྒྱད་དང་ནི་བཅུ་བཞི་དང་།། ཡང་ན་བཅོ་ལྔ་ལ་ནི་ཟླས་བརྗོད་བྱ།། ལྷ་ཡི། ་གནས་ཀྱིས་དག་བསྟན་པའི་ཕྱིར།། ས་དང་ལྕི་བར་བསྲེས་ལ་སོགས་པས་བྱུགས།། དད་པས་བདེ་གཤེགས་ཀུན་ལ་ཕྲེང་བ་དང་།། ལྷ་བཤོས་མེ་ཏོག་དང་ནི་མར་མེས་མཆོད།། དེ་ནས་རྡོ་རྗེ ་འཛིན་པ་ང་ལ་འང་མཆོད།། དེ་ནས་གསང་སྔགས་ལའང་མཆོད་པར་བྱ།། བསྟོད་འོས་སངས་རྒྱས་རྣམས་ལ་འང་བསྟོད་ནས་སུ།། ཕྱིར་ཞིང་བྱང་ཆུབ་སེམས་ཀྱང་དྲན་བྱས་ཏེ།། སེམས་ཅན་སྐྱེ ་རྒ་ནས་པ་གཟིར་བ་ལ།། ཇི་ལྟར་རིགས་པར་སྙིང་རྗེའང་སྒོམ་པར་བྱ།། འདུས་ཆེན་མདོ་འམ་ཤིང་ཏུ་བཀྲ་ཤིས་ཀྱི།། ཚིག་སུ་བཅད་པ་འམ་ཆོས་ཀྱི་འཁོར་ལོ་མཆོག། དེ་བཞིན་གཤེགས་པའི ་སྣང་བ་འམ་སྒྲོན་མ་ཆེ།། གང་ཡང་རུང་བ་གཅིག་ནི་རིམས་བཞིན་པ་ཀླག། དེ་ནས་བླ་འོག་ཕྱོགས་འཚམས་བཅིངས་ནས་སུ།། ལུས་ལ་གོ་ཆ་བགོ་བར་བྱས་ནས་ནི།། གོང་དུ་སྨོས་པའི་དཀྱིལ་འཁོ ་དེ་རྣམས་ལས།། གཅིག་ལ་གཅིག་མོན་རྣམས་ཀྱིས་བྲི་བར་བྱ།། རྡོ་རྗེ་མེ་ཆུ་རླུང་དང་མདུང་ཐུང་དག། རིམས་བཞིན་དཀྱིལ་འཁོར་འདིར་ནི་བྲི་བར་བྱ།། ར་བར་བྲིས་པས་ལྷ་དང་ལྷ་མིན་དག། ་བསྡང་བའི་བདག་ཉིད་སེམས་ནི་མྱོས་པར་འགྱུར།། སེང་གེ་བདན་གྱིས་མངོན་པར་བསྔགས་པའི་གདན།། དེ་ནི་དཀྱིལ་འཁོར་དབུས་བཞག་པར་བྱ།། བདག ་ཉིད་བསྲུང་བར་བྱས་ཏེ་དེར་འདུག་ནས།། རྫས་བླངས་མྱུར་དུ་བཟླས་བརྗོད་བྱས་ནས་ནི།། བདུག་པའི་སྦྱིན་བསྲེག་སྟོང་ཡང་བསྲེག་པར་བྱ།། དེ་ནས་དེ་ཡང་དྲི་ནུས་བཀྲུས་ནསུ།། བགེགས་མང ་རྣམས་ཀྱང་མྱུར་དུ་བསལ་བྱས་ནས།། བྱང་ཆུབ་ཤིང་ལོ་གསུམ་གྱི་སྟེང་དུ་བཞག། བཞི་ཡིས་བཀབ་ནས་ཇི་སྲིད་གྲུབ་པར་ནི།། རྣམ་གསུམ་མཐོང་གི་བར་དུ་གསང་སྔགས་ཟླས།། དྲོ་དང་དད ་འཐུལ་བཞིན་འབར་བ་འམ།། རིམ་བཞིན་ཟློག་ནས་འབྱུང་བ་ན་ཡང་འགྲིབ་པར་གསུངས།། དྲོ་བས་འགྲོ་བ་ཐམས་ཅད་དབང་བསྒྱུར་ཏེ།། དུད་པ་འཐུལ་བས་ལུས་ནི་མི་སྣང་འགྱུར།། འབོར ་བས་མཁའ་ལ་ཤིན་ཏུ་འགྱུར་ཏེ།། མི་ཡི་ལུས་ནི་ལྷ་ལྟར་གསལ་བར་འགྱུར།། ཇི་ལྟར་ལུས་ལ་དྲང་བ་འཇུག་པ་དང་།། ཉི་ཟེར་མེ་ཤེལ་ཞགས་ནས་མེད་འབྱུང་ལྟར།། དེ་བཞིན་དངོས་གྲུབ ་ལུས་ལ་འཇུག་པར་འགྱུར།། མར་མེ་མཆེད་ཅིང་ཤིན་ཏུ་འབར་བ་དག། སྣུམ་ཞིང་དཀྱུས་རིང་གསེར་གྱི་མདོག་ལྟར་དངས།། འབྲུ་མར་ཟད་ཀྱང་འབར་བར་གྱུར་ནས་ནི།། དེ་ཚེ་སྔགས་པྲ ་དངོས་གྲུབ་ཐོབ་འགྱུར་ཏེ།། དེ་དག་རྫས་ལས་བྱུང་བའི་དངོས་གྲུབ་པོ།། མིས་ནི་རི་མོ་སྐྲ་གཟུགས་འགུལ་བ་འམ།། ཕྲེང་བ་སྨིན་མ་མིག་དང་རྔ་ཡབ་དང་།། གལ་ཏེ་རྒྱན་རྣམས་གཡོ ་བར་འགྱུར་བ་འམ།། མཁའ་ལ་མེ་ཏོག་ཆར་རམ་རྫི་ཆར་རམ།། ས་ནི་མྱུར་དུ་གཡོ་བར་གྱུར་པ་འམ།། ལུས་མི་སྣང་བར་མཁའ་ལས་ཚིག་ཏུ་ནི།། བུ་ཁྱོད་དམ་པ་ཅི་འདོད་སློང་ཅེ་འམ།། ལྷའི། ་རྔ་སྐྲ་འམ་ལུས་ཀྱི་བསྒྲ་ལྡང་།། རྒྱན་གྱི་ཆར་པ་ཆེན་རབ་ཏུ་འབབ་པ་འམ།། ཅི་སྟེ་མཁའ་ལྷ་དང་ལྷ་མིན་དང་།། གསང་སྔགས་གཟུགས་ནི་དུ་མངོན་འཐོང་ན་འགྲུབ།། མ་ཉམས ་མེ་ཏོ་གོ་དབྱིག་དང་ཆུ་བ་སྲེས་ཤིང་།། བསྟོད་དང་བཅས་པས་མཆོད་ཡོན་རྒྱུན་བསྒྲེངས་ནས།། རྩེ་གཅིག་སེམས་ཀྱིས་མགོ་བཏུད་ཕྱག་བྱས་ཏེ།། དད་དང་རྗེས་འབད་པ་ཡི་རྗེས ་འཐུན་མཆོག་སླང་ངོ་།། མཆོག་ཐོབ་ནས་ནི་དགའ་བས་ཕྱག་བྱས་ཏེ།། དད་པས་སྟོད་ཅིང་ཡོན་ནི་ཕུལ་ནས།། གསང་སྔགས་བརྗོད་ཅིང་སླར་ཡང་གཤེགསུ་གསོལ།། གསང་སྔགས ་ཀུན་ལ་ཚུལ་ནི་འདི་ཡིན་ནོ།། གང་ཞིག་སེམས་སྟོབས་མཆོག་དང་ལྡན་པ་དེས།། འདིར་ནི་འཇིགས་དང་བཅས་པའི་ལས་ཀྱང་བྱ།། སེམས་སྟོབས་ཆུང་བས་མི་ལ་ཤ་ཟ་ཡི།། གླགས་མཐོང་ན ་ནི་ཕུང་བར་བྱེད་པར་འགྱུར།། དཔའ་བོ་གོ་བགོས་མཚོན་ཆའི་ཐབས་མཁས་པ།། འཆས་པ་གླང་ཆེན་མཆོག་ཞོན་གཞ་ཐོགས་ནས།། མདའ་འཕེན་མཐུ་དང་ལྡན་པ་གཅིག་པུས་ཀྱང་།། དགྲ་ཡི་ཚོགས ་ཀུན་ལས་ནི་རྒྱལ་བར་ནས།། དེ་བཞིན་སེམས་སྟོབས་ཆེན་པོའི་ཚུལ་ཁྲིམས་ཀྱི།། གོ་བགོས་ལེགས་བསྲུང་གླང་ཆེན་ཞིན་ནསུ།། གསང་སྔགས་གཞ་ཐོགས་ཟླས་པའི་མདའ་འཕེན་པས།། འབྱུང ་པོ་ལ་སོགས་མཚན་མོ་རྒྱུ་ལས་རྒྱལ།། སྒུར་པོ་ཡན་ལག་ལྷག་ཆད་ཐུང་ངུ་དང་།། དེ་བཞིན་རིང་པོ་འམ་ཡང་ན་སྦོམ་པོ་འམ།། སྨད་པའི་མངལ་ནས་སྐྱེས་པ་འམ། ་མ་ནིང་ངམ།། རྣམ་པ་དེ་འདྲིའི་རོ་དག་སྤང་བར་བྱའོ།། མ་ཞུ་བ་དང་རིམས་དྲག་ཚད་པ་དང་།། ཁྲུ་སྐྱུགས་ས་དང་ཆུ་དང་གསལ་ཤིང་དང་།། སྦྲུལ་གྱིས་བསད་དང་དག་གིས་ཤི་བ་དང་།། བ་དན་རླུང་སོགས ་མཐོང་མའི་བསད་པ་ལ།། ཡན་ལག་ཚང་ཞིང་ཁ་བཞིན་མ་སྣད་པ།། ལུས་ལ་རྨ་མེད་སྐྱེས་པའི་རི་མཐོང་ནས།། རལ་གྲི་བེ་ཅོན་ལག་ན་ཐོགས་པ་ཡིས།། ཉིན་པར་ཐོག་ཐག་དག་ཏུ་ནི་བསྲུང་བར་བྱེད།། ་དུར་ཁྲོད་ཁང་པ་དང་ནི་ཤིང་གཅིག་དང་།། གཞི་མདོའམ་འབབ་ཆུ་དག་གམ་ཆུ་ཀླུང་ངོས།། མཚོ་འམ་རྒྱ་མཚོ་འམ་ནི་རི་བོ་ལ།། སྐ་ཅིག་ཀྱང་ནི་རོ་ལངས་འགྲུབ་པར་འགྱུར།། གང་ཡང་རུང་བའི་གན ་གཅིག་བརྟགས་པ་ནས་ནི།། ས་དང་ལྕི་བ་བསྲེས་པས་བྱུག་པར་བྱའོ།། གཙང་མ་དེར་ནི་དཀར་ནག་དམར་བ་འམ།། ཚོན་རྩི་སྣ་ཚོགས་རྣམས་ཀྱིས་དམ་ཚིག་ནི། གོང་དུ་སྨོས་པའི་དཀྱིལ་འཁོར་དེ ་རྣམས་ལས།། བསམས་ནས་འདོད་པ་གང་ཡང་རུང་བ་གཅིག། དད་པ་ཆེན་པོས་རིགས་ཀྱི་ཡུམ་གྱི་མཆོག། ཟློས་ཤིང་རབ་ཏུ་སྒྲིམས་ཏེ་བྲི་བར་བྱའོ།། འཇིགས་པ་མེད་པའི་གཡོག་གི་དེ་བླང ་ནས། ཁྱེར་ཏེ་འོངས་ཏེ་འོངས་ནས་ཀུན་ཤའི་སྟེ་བཞག་སྟེ།། སྐྲ་དང་བ་སྤུ་རྣམས་ཀྱང་བྲེགས་ནས་སུ།། དེའི་མོད་ལ་འབྲུ་མ་རེ་དག་གིས་བཀུ།། དེ་ནས་བུམ་པ་ཞབས་མི་གནག་པ་བཞི།། ་འསྐོན ་གཙང་མ་ཆུས་བཀང་ཁྲུས་རྩིས་སྦྱར་ཏེ་བཀྲ། དེ་ནས་གོས་གསར་ཕྲུགས་གཅིག་ནས་སུ།། དེ་ནས་དཀྱིལ་འཁོར་དབུ་སུ་ཙཱ་སྟན་དང་།། མ་ཉམས་མེ་ཏོག་སྟེང་དུ་རོ་བཞག་ཅིང་།། རོའི་མགོའོ།། ་ཤར་རམ་བྱང་དུ་བསྟན།། དྲི་ཡིས་ཕྱོགས་ཤིང་བདུག་པས་བདག་པར་བྱ།། ཕྲེང་བ་གདགས་ཤིང་མེ་ཏོག་སིལ་མས་གཏོར།། ཤ་དང་ཉ་ཤ་བ་ལ་ཁུར་ཏིལ་བསྲེས་པའི།། ཁུར་བ་ལ་སོགས་ཇི་སྙེད་བུད ་བསྐྱེད་དེ།། འབྱུང་པོ་ཀླུ་དང་གནོད་སྦྱིན་ཤ་ཟ་དང་།། འདྲེལ་བླ་འོག་ཕྱོགས་བཅུའི་སྦྱིན་པར་བྱའོ།། གྲོགས་ལྡན་བདག་ཉིད་བསྲུང་བྱ་སྟེ།། རྩེ་གཅིག་སེམས་ཀྱིས་གསང་སྔགས་ཟླས་བརྗོད་བྱ། ་རོ་ནི་ལྡིང་བའི་ཆུས་བཀང་ཁྲུ་རྩི་སྦྱརོ་ཏེ་བཀྲུ། འཇིགས་པའི་གཟུགས་ཅན་བགེགས་ནི་སྣ་ཚོགས་འབྱུང་།། གཙུག་ཏོད་རྒྱལ་བའི་སྔགས་ཀྱིས་ཐལ་བ་འམ།། མ་གྲགས་ཉངས་ཀར་ལ་སོགས ་སྔགས་ནས་སུ།། གཏོར་ནས་ཕྱོགས་བཞི་དག་ནས་འོངས་པའི་བགེགས།། སྔགས་ཀྱི་མཐུ་ཡིས་དེ་དག་འབྱེར་བར་འགྱུར།། དེ་དག་ཞི་བར་བྱ་ཕྱིར་ཁྲོ་བོ་ནི།། བདུད་རྩི་ཐལ་བསྐོར་དྲག་ཤུལ ་ལས་ཅན་སྦར།། བགེགས་རྣམས་བཅོམ་པས་དེ་ནས་རོ་དེ་ཡང་།། གསང་སྔགས་མཐུ་ཡིས་མྱུར་དུ་ལྡང་བར་འགྱུར།། གང་ཞིག་གསང་སྔགས་ཞིབ་མོ་ལས།། མཐོང་བ་དེ་ནི་ཐོག་མེད་ངེས་པར ་འགྲུབ།། གལ་ཏེ་དེ་ལངས་པར་གྱུར་པ་ལས།། དེ་ཡིས་གསང་སྔགས་ཆོ་ག་མི་ཤེས་ནའང་།། གསང་སྔགས་ཆེ་ག་གཞན་དུ་བསྟན་པ་ཡིས།། ལངས་པ་དེ་ལས་རང་གི་དངོས་གྲུབ་བླང་།། གཏེར་གྱི ་ཕྱོགས་དང་ཕུགས་སུ་འགྲོ་བ་དང་།། རལ་གྲི་ཨ་ཛ་ཞིན་པ་མངག་བཞག་དང་།། འབྱུང་ཁུངས་གསེར་འགྱུར་རྩི་དང་བཅུད་ཀྱིས་ལེན།། མཁའ་ལ་འགྲོ་བའི་དངོས ་གྲུབ་རབ་ཏུ་སྟེར།། བསྲུང་བ་སྟོབས་མེད་སྔགས་མེད་དང། དཀའ་ཐུབ་སྟོབས་མེད་སེམས་ཀྱི་སྟོབས་མེད་པའི།། བློ་ལྡན་གང་ཞིག་རོ་ལངས་དངོས་གྲུབ་སྩལ།། དེ་ནི་མཚན་མོ་རྒྱུ་བ་རྣམ ་ཀྱིས་གསོད།། འཕགས་པ་དཔུང་བཟང་གིས་ཞེས་པའི་ལེའུ་སྟེ་དྲག་པའོ།། ། མི་གང་མི་ཡི་ཤ་ནི་འཚོང་འདོད་དེས།། མེར་གྱི་ངོ་ལ་དུར་ཁྲོར་སོང་ནས་སུ། ་ཤིང་རྡོ་མཚོན་དང་དག་དང་དབྱུག་ཐོ་དང་།། བགེགས་ལ་སོགས་པ་ཤི་བར་གྱུར་པ་ཡིས།། བྱིན་པ་བརླབ་དང་སྐྱེ་དང་མགོ་བོ་དང་།། འཇིགས་པ་མེད་པས་མཚན་མོ་བླངས་ནསུ།། གཏུབ་སྟེ་སྐོན ་བུ་འམ་གྱོ་དུམ་གསར་པ་འམ།། གཙང་མ་དེར་ནི་མི་ཉུང་བཞག་བྱས་ལ།། ལུས་ལ་ཁྲག་གི་ལག་རྗེས་བྱུགས་ནས་སུ།། རྒྱུ་མས་མགོ་དང་མགྲིན་པ་དཀྲི་བར་བྱ།། ལུས་ལ་མི་ལྤགས་རས་མ་བགོས་ནསུ།། ་ལག་གཡོན་ཤས་བཀང་གྱོ་མོ་ཐོགས་ནས་ཀྱང་།། ཁྲག་གིས་བསྐུས་པའི་རལ་གྲི་ལག་གཡས་ཀྱིས།། རབ་ཏུ་བསྒྲིམས་ནས་དེ་ནི་ཐོགས་ནས་ཀྱང་།། སྒྲ་ཆེན་འབོད་ཅིང་ཚིག་ཏུ་ཤ་འདི་དག། ཁྱེད ་ཅག་སུ་ཞིག་ཉོ་བར་སུ་འདོད་ཅེས།། ཤར་དང་བྱད་དང་ལྕེ་དང་ནེབ་ཕྱོགསུ།། མྱུར་དུ་བསྐོར་ཞིང་ཤིན་ཏུ་བརྗོད་པར་བྱ།། ཅི་སྟེ་ལུས་འདི་སྣང་བ་འམ་མི་སྣང་བར།། ཚིག་གིས་ཁྱོད་ནི་ནོར་རམ་རིག ་བ་འམ།། བཅུད་ཀྱིས་ལེན་པ་འམ་གྲོང་ངམ་རྒྱལ་སྲིད་དམ།། ཕུག་ཏུ་འགྲོ་འམ་ཅི་འདོད་ཅེས་ཟེར་ནས།། སྔར་ནི་གང་ཞིག་སེམས་ཀྱིས་བསམས་པའི་དོན།། དེ་ཉིད་སྒྲ་བྱ་གཞན་དུ་སྒྲ་མི་བྱ།། རིག ་མཆོག་གཙུག་ཏེར་སྟོབས་ཆེན་ལ་སོགས་པས།། དུར་ཁྲོད་དུ་ནི་བསྲུང་བར་ངས་གསུངསོ།། གསང་སྔགས་དྲག་པོ་གང་ཞིག་ཤ་ཟ་བ།། དེ་ལ་དུར་ཁྲོད་མི་ཤའི་སྦྱིན་བསྲེག་བྱ།། རལ་གྲིས་སོར་ག ་སོར་གསུམ་ཙམ་དག་ཏུ།། གཏུགས་ནས་མེ་ལ་སྤྲིན་བསྲེག་སྟོང་བྱའོ།། མེ་ཏོག་མ་ཉམས་འབྲས་བུ་ཤ་ཁྲག་ཉ།། ཆང་དང་སྦྲང་རྩི་བུ་རམ་ཆན་དང་ཏིལ།། བདུག་པ་ཕྲེང་བ་མར་མེ་ཕྱག་པ་ཅན།། ལྷ ་བཤོས་གཏོར་མ་དུར་ཁྲོད་གཏོར་བར་བྱ།། དབབ་དང་བསྐྲད་དང་གཉིས་ཀྱིས་མྱོས་བྱ་དང་།། དམག་གཞོམ་གྲོང་ཁྱེར་བྱར་བྱ་བ་ལ།། ཤ་ཟ་མ་མེ་དྲག་མེ་སྲིན་མོའི་ཚོགས།། གནོད་སྤྲིན་རྣམས་ལ་ཤ་ཟའི ་སྤྲིན་བསྲེག་བྱ།། མི་ཡི་ཤ་ནི་རྙེད་པར་མ་གྱུར་ན།། བ་ལེང་ཤ་ཡི་སྤྲིན་བསྲེག་དེ་བཞིན་ཤིས།། མ་ཧེའི་ཤ་འམ་ཁྱི་ཤ་མར་བསྲེགས་པ།། ཚེས་གྲངས་དག་ལ་བསྙུང་བྱས་སྤྲིན་བསྲེག་བྱ།། གནོད ་སྤྲིན་མོ་ཡི་ཆོ་ག་ཞིབ་མོར་ནི།། གསང་སྔགས་མཉེས་བྱས་གྲབ་པ་འདི་རྣམས་སྟེར།། མ་དང་སྒྱུག་མོ་སྲ་མོ་གྲོགས་མོ་དང་།། བུ་མོ་ཆུང་མ་མནའ་མར་འགྲུབ་པར་འགྱུར།། མ་དང་སྐྱུག་མོ་སྲང་མོ་གང ་ཡིན་དང་།། ཡིད་བཞིན་ནོར་བུ་བཞིན་དུ་གྲུབ་པ་མཆོག། ཡིད་འོང་གྲོགས་མོ་བུ་མོ་གྲུབ་པ་འབྲིང་།། ཆུང་མ་མནའ་མ་གྲུབ་པ་ཐ་མར་གྲགས།། དུས་གསུམ་དུ་ནི་མེ་ཏོག་ཕྲེང་བི་དྲི།། མར་རམ། ་འབྲུ་མར་མར་མེ་ཙནྡ་དྲི།། ཨ་ཀར་དྲི་ཞིམ་བདུག་པས་མཆོད་པ་དང་།། གཏོར་མ་སྣ་ཚོགས་མཚན་མོ་རྟག་ཏུ་སྦྱིན།། གནོད་སྦྱིན་མོ་ནི་དགའ་ནས་མངོན་ཕྱོགས་ནས། ་རྙེད་པ་རྙེད་ཅིང་ས་བོན་འབྱུང་བར་བྱེད།། འདོད་ཆགས་ཟིལ་གྱིས་གནོན་པའི་བུད་མེད་དག། གནོད་པ་བྱེད་པའི་ངེས་པར་གནས་པར་འགྱུར།། གནོད་པ་བྱེད་ཆེ་འགྲོ་བར་མི་བྱ་ཞིང་།། རྙེད་པ་མང་དུ་ཉུང ་ལ་འདོད་མི་བསྐྱེད།། སྔགས་པས་མཚན་མོ་ཁུ་བ་དགག་བྱ་ནས།། བརྩོན་འགྲུས་རབ་ཏུ་བསྐྱེད་དེ་སྒྲུབ་པར་བྱ།། སྔགས་པ་སེམས་རྨོངས་པ་ཡིས་གཞན་དུ་ནི།། བརྩམས་ནས་ཕུང་བར་ཡང་ནི་འགྱུར་བ ་ཉིད་ཤ་ཟའི་གནོད་སྦྱིན་མོ་ལ་དེ་ཉིད་དེ།། དེ་ལས་ཆོ་ག་ལྷག་པའི་འདི་རྣམས་བྱ།། ཤེ་ཆང་ལི་བུག་ཚོད་མ་ཅད་པང་དང་།། ནས་ཆན་མ་ཤའི་ཆན་དང་འབྲས་ཆན་ཉ།། གཏོར་མ་དེ་དང་དེ་ཀུན ་བདུག་པས་དབུལ།། གནས་ནི་ཁང་སྟོང་དག་གམ་དུར་ཁྲོད་ཤིང་།། མེ་ཏོག་ཤྲྀ་ཤ་ཀུ་རུ་ཨརྒ་དང་།། བིལ་བ་བྲི་ཧ་ཤྭ་རཱ་ཛ་རྐ།། ཨ་ཀས་ཨུད་མས་ཨ་ད་རུ་ཤ་ཀ། སེའུ་བན་ཉ་ངན་ཆད་སོག། ་མེ་ཏོག་རྣམས་ནི་རྟག་ཏུ་དབུལ།། ཀླུ་ལ་བུ་རམ་འོ་མ་སྦྱར་བ་ཡི།། བདུག་པ་དྲི་ཞིམ་ཨ་ཀར་ཙན་དན་དྲི།། ཕྲེང་བ་མེ་ཏོག་དྲི་ནི་སྣ་ཚོགས་དང་།། འབྲས་ཆེན་ཞོ་དང་འབྲས་ཡོས་འབྲས་བུ་དབུལ། ་བ་དན་སྔོན་པོ་ལྷ་བཤོས་གཏོར་མ་དྲི།། ཕྲེང་བ་མེ་ཏོག་བྱག་སྤོས་སྔོན་པོ་དག། ཇི་སྙེད་བྲང་གིས་འགྲོ་བ་རྣམས་ལ་དབུལ།། མཐེ་བོ་མེ་ལོང་རལ་གྲི་ཆུ་དང་ཤེལ།། འདས་པ་ནི་མ་བྱོན་ད་ལྟར ་དང་།། མཐོ་རིས་ས་སྟེངས་གུས་དང་མི་ལྡན་དང་།། ལྷ་དང་ལྷ་མིན་དགེ་དང་མི་དགེ་དང་དེ།། ལྷ་རྣམས་ཐ~ཾད་རྣམ་པར་རྟོགས།། ཆོ་ག་ཉམས་པ་འམ་ཡང་ན་བྱེད་ཟླས་པའི།། ཡི་གེ་ཆད་དམ་ཡི་གེ། ་ལྷག་པ་དང་།། ཟླས་པ་མ་བྱས་ད་མ་པ་མེད་པ་དང་།། མཆོད་པ་མེད་ཅིང་ས་གཞི་མི་གཙང་དང་།། སྤྲིན་གྱི་ཚོགས་ཀྱིས་ཉིན་ཟེར་སྒྲིབ་པ་དང་།། བྱིས་པ་ཡན་ལག་ཉམས་ཤིང་ལྷག་པ་དང་།། ་དེ་ལྟ་བུ་ཡི་མི་ལ་གསལ་སྟོན་པ།། འབབ་པར་མི་འགྱུར་དགོས་པ་ཡོང་མི་སྟོན།། གསལ་སྟོང་དབབ་ཕྱིར་སྔོན་དུ་ཆོ་ག་བཞིན།། ཟླས་ཤིང་ཚེས་གྲངས་བཟང་ལ་སྔགས་པ་ཡང་།། བསྙང་བྱས་དགོད ་ཀ་ར་ས་དང་ལྕི་བ་ཡིས།། བ་ཀོ་ཙམ་གྱིས་ས་གཞི་ལེགས་པར་འཁྲུ།། བྱུག་སྤོས་དང་ནི་བདག་སྨོས་བདུག་པ་དང་།། ལྷ་བཤོས་མེ་ཏོག་དག་ཀྱང་ཕུལ་ན་སུ།། བྱིས་པ་གཞོན་སྟ་གོན་གནས་པ་ལ།། ་དེ་ནས་ནད་པར་ཆོ་ག་འདི་ཀན་བྱ།། ཁྲུས་བྱས་ལུས་ལ་གཙང་གོན་བྱས་ཏེ།། ཤར་ཕྱོགས་ཁ་བསྟན་ཀུ་ཤའི་སྟན་སྟེངསུ།། འདུག་ནས་གསང་སྔག་རྗེ་སུ་དྲན་པར་བྱ།། མེ་ལོང་ཐལ་བ་གཙང་མས ་ལན་བདུན་ནམ།། བརྒྱད་དམ་ཡང་ན་བཅུར་ནི་ཕྱིས་ནས་སུ།། རྩེ་གཅིག་སེམས་ཀྱིས་གསང་སྔགས་ཟློས་བཞིན་དུ།། བྱིས་པ་གཞོན་ནུ་ནུབ་ཏུ་ཁ་བསྟན་ནས།། ལྷའི་མིག་གིས་བལྟས་པ ་དང་།། ད་ལྟར་དང་ནི་མ་འོངས་མཐོང་བར་འགྱུར།། མེ་ལོང་ཞེས་བྱའི་ཆོ་ག་མཐའ་དག་ནི།། རལ་གྲི་གསལ་བར་སྟོན་ལ་བྱ་བར་བྱ།། མཐེ་བོ་ནྱ་སྐྱེགས་ཁུ་བས་བསྐུས་ནས་སུ།། འབྲུ ་མར་དྲི་ཞིམ་དག་གིས་གདབ་པར་བྱ།། བུམ་པ་གཙང་མ་ཆུས་བཀང་མི་ཡོད་བཞག། ས་བཅགས་ལྷུང་ཟེད་ནོར་བུའི་ཆུ་ཡིས་བཀང་།། སྐ་གཟུགས་ལ་ནི་བྱག་སྤོས ་མེ་ཏོག་དབུལ།། དེ་ནས་བྱིས་པ་གཞོན་ནུས་བལྟ་བར་བྱ།། གསལ་བར་སྟོན་དང་རྨི་ལམ་ལ་སོགས་པས།། དངོས་གྲུབ་བརྟགས་ཏེ་དེ་ནས་ཟླས་བརྗོད་བྱ།། གལ་ཏེ་ཡིད་ཆེས་པར་ནི་མ་གྱུར་ན། ་དེ་ནས་རིག་སྔགས་མི་བདུག་ཟླས་བརྗོད་བྱ།། ང་ཡི་གསང་སྔགས་དག་པ་གང་ཡང་རུང་།། གསོ་སྦྱོང་བྱས་ནས་ནན་ཏན་བཟུང་ནས་སུ།། རྒྱལ་བའི་རིང་བསྲེལ་མཆོད་རྟེན་དྲང་དུ་བཟླས།། ཡང་ན ་སྐུ་གཟུགས་མ་ཉམས་སྤན་རཾ་སྔར་ཟླས།། ལུས་དང་ངག་ཡིད་ལག་པ་མིག་དང་ནི།། སྨིན་འཚམས་ཡན་ལག་རྣམ་པར་གཡོ་བ་དག། རབ་ཏུ་བསྡམས་ནས་དེ་ལས་ཡིད་གཞོལ་ཅིང་།། བྱམས་ལ ་གནས་ཤིང་ཀུ་ཤའི་ཁྲིས་ལ་འདག། ཇི་སྲིད་དུ་ནི་རྩེ་གཅིག་གནས་གྱུར་པ།། དེ་སྲིད་བར་དུ་འབུམ་འམ་ཉིས་འབུམ་ཟླས།། ང་ཡི་གསང་སྔགས་ཧུཾ་ཞེས་བྱ་བ་འདིས།། ཤིང་ལ་འང་འབབ་ན་མི་ལ ་སྨོས་ཅི་དགེས།། དེ་ནས་དམ་པའི་ཚེ་སྣོད་རྣམས་བརྟག་པར་བྱ།། བུ་མོ་གཞོན་ནུ་བཅུ་འམ་བཅུ་གཉིས་དང་།། བཅུ་འམ་བརྒྱད་དམ་བདུན་ནམ་བཞི་འམ་གསུམ།། ཡང་ཁྱེའུ་འམ་རུང་སྟེ་གཉི ་སམ་ལྔ།། ཚིག་རུས་རྩ་མི་མངོན་ཞིང་གཟུགས་བཟང་བ།། ཡན་ལག་རྫོགས་ཤིང་མིག་དཀྱུས་རིང་ལ་ཀར།། མཁའ་ཞིང་ཟླ་འདྲ་མཆེ་བ་མཉམ་ལ་རྣོ།། སོར་མོ་ཐགས་ཟངས་མཛེས་ལ་ལོང་བུ ་ནུབ་ལྟེ་བ་ཟབ་ཅིང་མཛེས་ལ་ནུ་འཇིང་ལེགས།། བ་སྤུ་རེ་རེ་སྐྲ་ཡང་ནག་ལ་སྟག། ལྟེ་བ་མི་རོར་གཉེར་མ་གསུམ་དང་ལྡན།། མདོག་ཀྱང་བཟང་ལ་མངས་བྱད་དང་ཡང་ལྡན།། གང་ལ་ཡིད། ་དགའ་ལྟ་བ་བརྟན་པར་འགྱུར།། བལྟ་བས་ཀྱང་ནི་ངོམས་པར་མི་འགྱུར་དང་།། ལྷ་གཞན་དག་ལ་མི་ཕོགས་འབབ་པའི་སྣོད།། ཆེ་གྲངས་བཟང་ལ་ཉིན་ཞག་གཅིག་ཏུ་ནི།། བསྙུང་བ་བྱས་པས ་བདག་སྤོས་ཕྲེང་བ་དང་།། ཙན་དན་མར་མེ་རྣམས་ཀྱིས་མཆོད།། བཟའ་ཆེན་འབྲས་ཆེན་ལ་སོགས་གཏོར་མ་བཏང་།། ལྷ་དང་ལྷ་མིན་གནོད་སྦྱིན་རྣམས་ལ་སྤྲིན།། དབབ་པའི་སྣོད་རྣམས ་ཁྲུས་བྱས་གོས་དཀོར་བསྐོན།། ཤར་ཕྱོགས་ཁ་བསྟན་རྒྱན་ནི་རྣམ་པར་སྤངས།། བྱག་སྤོས་མེ་ཏོག་ལ་སོགས་དེ་ལ་བྱིན།། བདག་པས་བདུག་ཅིང་གསང་སྔོགས་ཟླས་བརྗོད་བྱ།། ཧཱུཾ་གིས ་གསང་སྔགས་ཐོག་མར་ཟླས་ན་སུ།། གྷྲི་ཧཱ་ཨ་མྲི་ཏ་ཞེས་ཐོག་མར་བརྗོད་པར་བྱ།། མིག་ནི་གདང་ཞིང་འཛུམ་པར་མི་བྱེད་ན།། རྫོགས་པར་གྱུར་པ་ཤེས་པར་བྱས་ནས།། འཇིག་པ་མེད ་པས་དྲི་བར་བྱ་བ་ནི།། མཆོད་ཡོན་དང་བདུག་པ་ཕུལ་ནས་སུ།། རིག་པ་མཆོག་གི་གསང་སྔགས་དྲན་པར་བྱ།། ཕྱག་འཚལ་ནས་ནི་ལྕེ་ཕྱོགས་གང་ཡིན་དྲི།། དུས་གསུམ་དུ་ནི་བདག་ནི་དགོ ་པ་གང་།། དེ་ནི་ལེགས་པར་དགོངས་ལ་བཀའ་སྩོལ་ཅིག། བདེ་དང་སྡུག་བསྔལ་དངོས་གྲུབ་ཐོབ་མི་འཐོབ།། ཤེས་ནས་དེ་ཡང་དེ་བཞིན་བཟུང་ནས་སུ།། དེ་མ་ཐག་ཏུ་སླར་ཡང་། ་བཏད་པར་བྱ།། མི་གདུག་གསང་སྔགས་ཆོ་ག་འདི་རྣམས་ཀྱིས།། དབབ་པའི་སྣོད་ལ་མིས་ནི་ཕེབས་འགྱུར་གྱིས།། གང་ཞིག་བླུན་པས་གཞན་དུ་བརྩམས ་ནས་ནི།། དེ་ནི་མི་རྣམས་ཀུན་གྱིས་སྦས་པར་འགྱུར།། ཞི་ཞིང་གཡུང་ལ་རྒྱ་ཆེན་དཀྱུས་ཀྱང་རིང་།། བརྟན་ཞིང་གཟི་ཆེན་མདངས་ལྡན་མདོག་ཀྱང་དམར།། འཛུམ་ཞིང་འབྱེད་མེད་ལྷའི ་མིག་ཀྱང་འདྲ།། དབབ་པའི་སྣོད་ལ་ལྟ་བབས་དེ་ལྟར་འགྱུར།། མིག་ནི་རབ་ཏུ་དམར་ཞིང་ཟླུམ་པོར་འདུག། བགྲད་ཅིང་མི་སྡུག་འཇིགས་འཇིགས་བལྟ།། འཛུམ་པ་མེད་ཅིང་འཇིགས ་མེད་བལྟ།། སྲིན་པོ་ལྟོ་འཕྱེ་གནོད་སྦྱིན་བབས་པའི་མིག། གལ་ཏེ་བབས་པའི་མི་གི་ནི་མི་གཏོར་ན།། ཤིན་ཏུ་བཀྲ་ཤིང་ཚིགས་པ་བཅད་བརྗོད་པ་འམ།། སྟོབས་པོ་ཆེ་འམ་རྒོད་པ ་འམ་ལྕགས་ཀྱིས་ཟླས།། ཡང་ན་རབ་ཏུ་འདུས་པའི་མདོ་སྡེ་བཀླག། སེང་གེའི་བདན་གྱི་ཨ་རྒ་འམ་པ་ལ་ཤིང་།། ཡམ་ཤིང་མར་གྱིས་བསྐས་པ་བརྒྱ་ཡང་བསྲེག། མ་གྲགས་ཏིལ་ནི ་སྦྲང་རྩི་འམ་མར་གྱིས་བསྐུས།། དྲག་པོས་སྦྱིན་བསྲེག་ཉི་ཤུ་རྩ་གཅིག་བསྲེག། སྔ་མ་བཞིན་དུ་སྔགས་པའི་ཆོ་ག་དག། དམ་ཚིག་ཇི་བཞིན་མ་ལུས་སྦྱར་ནས་ནི།། བདག་གི་ཡིད ་དང་འཐུན་པའི་དངོས་གྲུབ་ཐོབ།། སྔགས་པ་ཡུན་རིངས་ཉོན་མོངས་མི་འགྱུར་རོ།། འཕགས་པ་དཔུང་བཟང་གིས་ཞེས་པའི་ལེའུ་སྟེ་བདུན་པའོ།། ། ་། སངས་རྒྱས་ཀྱིས་གསུངས་ཡན་ལག་བརྒྱད་པ་ལཾ་ནི།། ཡང་དག་འཚོ་དང་ལས་མཐའ་ཏིང་འཛིན་དག། རྩོལ་དང་རྟོག་དང་ལྟ་བ་རྣམས།། སོ་སོ་སོ་སོར་ཡང་དག་བསྟེན་པར་བྱ།། ་ལམ་འདི་རྣམས་ཀྱིས་གསང་སྔགས་དངོས་གྲུབ་ཅིང་།། དེ་བཞིན་འདིས་ནི་མཐོ་རིས་ཐར་པ་ཐོབ།། རྒྱལ་སྲས་སྔོན་གྱི་རྒྱལ་བ་འདས་པ་དག། འདི་ནི་ས་གཤེགས་ཤིང་དེ་བཞིན ་གཤེགས་པར་འགྱུར།། ངོམས་མེད་སེམས་ཀྱི་ལུས་དང་ངག་ཡིད་ཀྱིས།། གས་པས་བསོད་ནམས་ཡང་དག་བསགས་པ་ཡང་།། བདེ་གཤེགས་གསུངས་པའི་བདེན་པའི་ལམ ་དམིགས་ན།། དགེ་བའི་ལམ་དེ་ཡང་དག་བསྐྱེད་པ་ཡིན།། ཡོངསུ་འཛིན་པ་རྣམས་པར་སྤངས་ནས་སུ།། ཆོས་གོས་བསོད་སྙོམས་ངན་ངོན་དང་།། སྨན་དང་མ་ལོ་སྟན་ངན་ངོན་ཙམ ་གྱིས་ཡང་།། ཆོག་པའི་སེམས་དང་ལྡན་པས་བསོད་ནམས་ཐོབ།། བདག་ལ་བསྟོད་པ་ནམ་ཡང་མི་བྱ་ཞིང་།། སེམས་ཅན་གཞན་ལ་སྨད་པར་མི་བྱའོ།། སྟག་དང་སྦྲུལ་དང་མེར ་འཇིག་རྟེན་དག། བསམས་ནས་སྤངས་ཏེ་དབེན་པ་བསྟེན་པར་བྱ།། བུད་མེད་མཚན་ཉིད་སྐྱེས་པའི་མཚན་ཉིད་དང་།། སྨེན་དང་གླང་ཆེན་བརྟག་པ་འམ་སྐར་པའི་སྦེད།། མཚོན ་བརྟག་པའི་རྟག་དཔྱད་དང་གཟོ་སློང་།། བསྟན་བཅོས་པ་སློབ་ཅིང་ཀློག་པ་སྤང་།། གླང་ཆེན་རྟ་དང་བ་ལང་བྱ་གག་དང་།། གོང་མོ་སྲེག་པ་ངུར་བ་སྐྱེས་དང་།། བུད་མེད་བུ་མོ་བྱིས ་བར་ལུག་སོགས།། འཐབ་མོ་འགྱེད་པ་མི་བྱ་མི་བལྟའོ།། ཡུལ་གྱི་གཏམ་དང་མི་དབང་བརྟན་པ་དང་།། དམག་དང་གྱད་དང་ན་ཆུང་གཏམ་དག་དང་། ་སྒྲ་ལྡེབས་དང་སྔོན་གྱི་ལོ་རྒྱས་དང་།། འདོད་ཆགས་དང་ནི་སྨད་ཚོང་གཏམ་མི་བྱ།། སྔགས་པ་གསང་སྔགས་རབ་ཏུ་ནོས་པ་ནི།། གྲོང་དང་གྲོང་ཁྱེར་གཙུག་ལག་ཁང་དག་དང་། ་མེཆོད་རྟེན་སྟི་གནས་རིས་དང་དཀའ་ཐུབ་གནས།། ཀུན་དགའ་ལུ་མ་འམ་རྫིང་བུ་འགྲོ་མི་བྱ།། སྔར་བཤད་པ་ཡི་གནས་རྣམས་མ་རྙེད་ན།། ལྷ་ཁང་སྟོང་པ་དག་གམ་ཤིང་དྲུང་།། ་རི་འམ་ཆུ་བོ་ཆུ་ཀླང་འབབ་ཆུ་དང་།། ནགས་ཚལ་སྟུག་པོ་དང་ནི་ཡུལ་སྟོང་དང་།། ཡུལ་གང་རུང་བར་སྔགས་པ་གནས་ཤིང་ཟླས།། ཡང་ན་གནས་ནི་ངེས་པར་མ་བྱས་ན།། ཟླ་བ ་བརྒྱད་པོ་འདི་ཡོ་དུས་དག་ཏུ།། གནས་འདི་གང་ཡང་རུང་བ་གཅིག་ཏུ་བསྟེན།། མཚོ་དང་ཤིང་དང་རི་བོ་འམ་གནས་པའི་གནས།། མཚེའུ་ཁང་པ་ནགས་ཚལ་ཆུ་ངོགསུ།། དགུན ་སྤྲིད་ཟླ་བ་རྣམས་སུ་གནས་བྱས་ཏེ།། ཇི་ལྟར་རྒྱལ་བས་དགེ་སློང་རྣམས་ལ་དབྱར་ཟླ་གསུམ།། ཚུལ་བཞགས་གནས་གཞན་མི་འགྲོར་གསུངས་པ་བཞིན།། དེ་བཞིན་བཅོམ་ལྡན་འདས ་ཀྱིས་གསུངས་པ་ཡང་།། ཟླ་བ་གསུམ་དུ་གཅིག་ཏུ་གནས་པར་གསུངས།། སྔགས་པས་དབྱར་ཟླ་སྒྲུབ་ལ་མི་འཇུག་པར།། ཟླས་བརྗོད་ཀྱིས་ནི་དུས་ཀྱང་འདའ་བར་བྱ།། དབྱར་འདས་ནས ་ནི་གཟི་བསྐྱེད་པས།། བདག་ཉིད་བསྲུང་བྱས་སྒྲུབ་ལ་འཇུག་པར་བྱ།། མེ་ཐབ་ཟླུམ་པོ་གྲཝ་གསུམ་གྲུ་བཞི་དང་།། པད་མ་ལྟ་བུའི་བྱས་ཏེ་དབྱིབས་ལེགས་ཤིང་།། འཇམ་ཞིང་ཤིན་ཏུ ་མཉམ་པར་བྱས་ནས་སུ།། དེ་དག་ས་དང་ལྕི་བས་ལེགས་པར་བྱག། ཟླུམ་པོ་དབང་ཐང་བསྐྱེད་དང་ནོར་དགག་དང་།། སྨན་དྲང་ཞི་བའི་ཆོ་ག་བྱ་བར་ཤིས།། གྲཝ་གསུམ་དག་ནི་གར་དང ་བསད་པ་དང་།། གཤེས་བྱེད་ལ་སོགས་དྲག་པོའི་ལས་རྣམས་བྱ།། གྲུབ་བཞི་པར་ནི་ཀླ་དང་གསང་བ་ཡི།། སྲོག་སྐམ་པ་འམ་ཡན་ལག་གཞིག་པར་བྱ།། པར་མའི་དབྱིབསུ་བུད་མེད ་བུ་མོ་གྲོང་།། ཡུལ་འཁོར་ཐོབ་པ་འམ་དོན་ཀུན་འགྲུབ་པར་ཤིས།། མེ་ཐབ་ལྕི་བ་གཙང་མས་བྱུགས་ནས་ཀྱང་།། ཐ་མ་ཐོག་ཐོག་ཀུ་ཤ་བཀྲམ་པར་བྱ།། དཀོན་མཆོག་གསུམ་དང་ཕྱག་ན ་རྡོ་རྗེ་དང་།། ཡུམ་ལའང་དད་པས་ཕྲེང་བ་བདུག་པ་དང་།། དྲི་དང་མཉམས་མེ་ཏོག་ཇི་སྙེད་པས།། ཆོ་ག་བཞིན་དུ་ལེགས་པར་མཆོད་པར་བྱ།། ཡམ་ཤིང་མང་པོ་ཐབ་ཀྱི་དྲང་བཞག་སྟེ། ་རླུང་ག་ཡབ་ཀྱིས་ནི་མི་ཡང་སྤར་བྱས་ནས།། སངས་རྒྱས་རྣམས་ལ་ཕྱག་བྱས་ཁྲོ་བོ་ནི།། བདུད་རྩི་འཁྱིལ་པས་མ་ཉམས་པདྲ་མ་འམ།། མ་དྲུགས་ཏིལ་ནག་ལས་ནི་བདུན་ནམ་བརྒྱད། ་བཅུ་འམ་ཉི་ཤུར་བསྲེག་བླུགས་མེ་ལེ་བསྲེག། ཀུ་ཤ་བཏིང་བ་འམ་ཁྲིས་སམ་ཙཱ་སྟེན་ལོ།། འདུག་ནས་ཤར་ཕྱོགས་ཁ་བལྟས་རྫ་རྣམས་ནི།། མར་དང་སྦྲང་རྩི་འོ་མ་ལ་བཏགས་ནས།། ་རང་གི་གསང་སྔགས་འགྲུབ་ཕྱིར་སྤྲིན་བསྲེག་བྱ།། ཉེ་བའི་མཚན་ཉིད་ཉེ་བར་བརྟགས་ནས་ནི།། མེ་སྟག་དུ་བ་མེ་ལྕེའི་སྒྲ་རྣམས་ལས།། འགྲུབ་པ་དང་ནི་མི་འགྲུབ ་ཐམས་ཅད་དང་།། སྔགས་ཀྱི་བྱིན་བརླབས་མེ་ནི་སྟོན་པར་བྱེད།། དུ་བ་མེད་ཅིང་གསེར་གྱི་མདོག་ལྟར་དངས།། མེ་ལྕེ་ཆེ་ཞིང་དུ་བ་གཡས་སུ་འཁྱིལ།། ཁ་དོག་འཇའ་འདྲ་གཡས་སུ་འཁྱིལ།། ་ཁ་དོག་འཇའ་འདྲ་ཡང་ན་དཀར་ཡང་རུང་།། ཡང་ན་བྱི་རུ་བཅག་པའི་ཁ་དོག་འདྲ།། ཤིན་ཏུ་སྣམ་ལ་མེ་ལྕེ་དགའ་ནས་འཕྲོ།། རབ་ཏུ་འབར་བའི་ཉི་མའི་འོད་ཟེར་འཕྲོ།། དབྱིབས་ནི་བུམ་པ ་པ་རྒྱལ་མཚན་གདུགས་ནི་འདྲ།། དཔལ་བེའུ་དང་པད་མ་བླུགས་བཟར་འདྲ།། མེ་ལྕེ་ཏྲི་ཤུལ་རྡོ་རྗེ་རལ་གྲི་འདྲ།། ཡང་ན་ཤིང་རྟ་མཆོག་དང་རྔ་ཡབ་འདྲ།། མི་དང་རྔ་དང་རྫ་རྔ་གླིང་བུའི་སྒྲ། ་དུ་བ་མེ་ལྕེ་དྲི་ཞིམ་མེ་སྟག་བཟང་།། ཡང་ན་མ་རྩར་ཡང་འབབ་གྱུར་ན།། དེ་ཚེ་དངོས་གྲུབ་རྒྱ་ཆེན་ཐོབ་པར་འགྱུར།། དུད་པ་ཆེན་ཞིང་མེ་སྟག་དགོད་པ་དང་།། འབར་བ་དཀའ་ཞིང་ཅུང་ཟད ་ཅུང་ཟད་འབར།། མེ་ལྕེ་རྣམ་པར་ཆད་ཅིང་གཟི་མདངས་མེད།། ཚུབ་ནག་སྤྲིན་དང་པ་ལ་ཤའི་མདོག། གསལ་ཤིང་འདྲ་ཞིང་ཞུམ་ཞི་མིའུ་གཟུགས་ཀྱང་འདྲ།། ཕྱོགས་ཀྱི་གཟུགས་འདྲ ་སྒྲ་ཡང་རབ་ཏུ་རྩུ་བ།། མེ་ལྕེ་འཕྲོ་བས་སྤྲིན་བསྲེག་བྱེད་པ་ཚིག། མི་རོ་འདྲི་ཡིས་དངོས་གྲུབ་མེད་པར་བྱེད།། མེ་ཡི་མཚན་མ་འདི་རྣམས་མཐོང་ནས་ནི།། སྟོབས་པོ་ཆེ་ཡི་མར་གྱི་སྤྲིན་བསྲེག་བྱ ་བྱིན་པ་དག་དང་ཆན་ཁུང་སྒྲ་རྣམས་ནི།། ལག་པས་ཀྱང་ནི་ཏོག་པར་མི་བྱ་ཞིང་།། མེ་ཡིས་མི་བསྲེག་སྐྲ་གྲིས་བྲེག་མི་བྱ།། སྒྲ་མེད་བྱ་ཕྱིར་སྨན་གྱིས་མི་བྱུག་གོ། ཇི་ལྟར་རལ་གྲིའི་སོ་ལ་འཛིན་པའི། ་མིས།། ལེགས་པར་མ་བཟུང་ལག་པ་ཆོད་པ་ལྟར།། དེ་བཞིན་སྔགས་ཀྱང་ལེགས་པར་མ་བསླབས་པར།། འབྲས་བུ་མེད་པ་འམ་ཡང་ན་ཕུང་བར་འགྱུར།། མི་ནི་ཚུལ་ཁྲིམས་ཀྱིས་གཙང་སྦྲ་མི་ལྡན་ཡང་། ་གསང་སྔགས་ལྷ་ནི་ནམ་ཡང་གནོད་མི་མཛད།། ལྷའི་འཁོར་དུ་གྱུར་པ་གང་ཡིན་རྣམས།། མི་ཡི་གླགས་མཐོང་ནས་ནི་ཕུང་བར་བྱེད།། སྒྲུབ་པ་ཀུན་ལ་དང་པོ་ཁོ་ནར་ནི།། ལྷ་གཤོས་གཏོར་མ་ཕལ ་ཆེར་དབུལ་བར་བྱ།། སྔགས་གྲུབ་ལས་གྲུབ་ནས་ཀྱང་དུས་ཀུན་ཏུ།། རང་གི་ཉམས་ཀྱིས་ཇི་སྙེད་དབུལ་བར་བྱ།། ལྷ་དང་ལྷ་མིན་གནོད་སྤྲིན་གྲུལ་བུམ་དང་།། ན་མཁའ་ལྡིང་དང་འདབ་བཟང་ལུས ་སྲུལ་པོ།། དྲི་ཟ་སྲིན་པོ་གདོན་གྱི་ཚོགས་རྣམས་དང་།། གང་དག་ས་ལ་གནས་པའི་རྫུ་འཕྲུལ་ཅན།། བུད་མེད་གཡོག་འཁོར་ཚོགས་དང་བཅས་པ་རྣམས་ལ།། བདག་གི་པུས་མོ་ས་ལ་བཙུགས་ནས་སུ། ་ཐལ་མོ་སྦྱར་ནས་ཁྱེད་ལ་གསོལ་འདེབས་ཀྱི།། །། གནས་ནས་ཕན་གདགས་སླད་དུ་འདིར་བྱོན་ཅིག། འབྱུང་པོ་གང་དག་རི་རབ་སྟེང་གནས་དང་།། དགའ་བའི་ཚུལ་དང་ལྷའི་གནས་རྣམས་དང་།། ཤར ་ནུབ་རི་དང་ཉི་ཟླའི་ཁྱིམ་རྣམས་དང་།། རི་བོ་ཀུན་ལ་གང་དག་གནས་པ་དང་།། ཆུ་བོ་ཀུན་དང་ཆུ་བོའི་མདོ་རྣམས་དང་།། རིན་ཆེན་གནས་དང་ལྷག་པར་གང་གནས་དང་།། མཚོ་དང་རྫིང་བུ་སྟེང་ཀ་ནྱ ་ངོགས་དང་།། འབབ་ཆུ་སིལ་མ་ཅན་ན་གནས་པ་དང་།། གྲོང་དང་ཕྱུགས་ལྷས་གྲོང་ཁྱེར་སྟོང་པ་དང་།། ཁང་སྟོང་དང་ནི་ལྷའི་ཁང་པ་དང་།། གཙུག་ལག ་ཁང་དང་མཆོད་རྟེན་གནས་དག་དང་།། དཀའ་ཐུབ་གནས་དང་གླང་ཆེན་བྲེས་དང་ནི།། རྒྱལ་པོའི་སྒོ་ཁང་དག་ན་གནས་པ་དང་།། ལམ་སྲང་མདུན་ཁང་དང་ནི་བཞི་མདོ་དང་།། གང་དག་ལམ ་པོ་ཆེ་དང་ཤིང་གཅིག་དང་།། དར་ཁྲོད་ཆེན་པོ་དག་དང་ནག་ཚལ་ཆེན་པོ་དང་།། སེང་གེ་དྲེད་དང་གཅན་ཟན་འཇིགས་གནས་དང་།། འབྲོག་ཆེན་འཇིགས་སུ་རུང་བར་གང་གནས་དང་།། གང་དག ་གླིང་མཆོག་རྣམས་ན་གང་གནས་དང་།། ལྷུན་པོ་དར་ཁྲོད་དག་ན་གང་གནས་དང་།། རབ་ཏུ་དགེས་ཏེ་མགུ་བར་གྱུར་ནས་སུ།། མེ་ཏོག་ཕྲེང་བ་དྲི་དང་བདག་པ་དང་།། བསྟོད་དང་གཏོར་མ་མར ་མེ་གུས་བུལ་བ།། འདི་དག་བཞེས་ཤིང་ལེགས་པར་གནས་ནས་སུ།། ལས་འདི་རྣམས་ལ་འབྲས་བུ་མིཆིས་པར་མཛོད།། དེ་ལྟར་རྟེན་ལ་མཆོད་པ་བྱས་ནས་སུ།། དེ་ནས་ཕྱོགས་སྐྱོང་རྣམས་ལ ་མཆོད་པར་བྱ།། དབང་བདག་འབྱུང་བའི་ཚོགས་དང་བཅས་པ་ཡིས།། གཏོར་མ་ཕུལ་བ་འདི་དག་བཞེས་སུ་གསོལ།། མེ་དང་གཤིན་རྗེ་སྲིན་པོ་ཆུ་བདག་དང་།། རླུང་བདག་ལུས་ངན་འབྱུང་པོའི ་གདོན་དང་བཅས།། སྟེང་གི་ཉི་ཟླ་ཚངས་པ་ཆེན་པོ་དང་།། ལྷ་རྣམས་ཀུན་དང་ས་ཡི་ཀླུ་རྣམས་དང་།། རིའི་ལྷ་དང་གནོད་སྦྱིན་ཚོགས་རྣམས་ལ།། སོ་སོ་སོ་སོར་གཏོར་མ་ཕུལ་བ་རྣམས།། རབ་ཏུ ་དགེས་པ་ཡིད་ཀྱིས་བཞེས་ནས་ཀྱང་།། རང་རང་ཕྱོགས་སུ་ལེགས་པར་བཞགས་ནས་སུ།། རང་གི་བུ་སྨད་འཛའ་བཤེས་གཉེན་བདུན་དང་།། ནང་མི་དམག་དང་དཔུང་བཅས་ཐབས་ཅིག་ཏུ།། ཕྲེང་བ ་མེ་ཏོག་དྲི་དང་གཏོར་མར་བཅས།། འདི་དག་བཞེས་ཤིང་ལེགས་པར་གསོལ་ནས་ཀྱང་།། བདག་གི་ལས་ཀྱི་འབྲས་བུ་མཆིས་པར་མཛོད།། དེ་ལྟར་གང་ཞིག་མཚན་མོ་རྒྱ་བ་ལ།། གཏོར་མ་གཏོང ་བའི་ལས་རྣམས་བྱེད་པ་སྟེ།། དངོས་གྲུབ་མྱུར་ཞིང་བགེགས་ཀྱང་ཤིན་ཏུ་མེད།། ཡིད་དུ་འོང་བའི་འདོད་པ་ཐོབ་པར་འགྱུར།། འཕགས་པ། དཔུང་བཟངས་ཀྱི་ཞེས་པའི་ལེའུ་སྟེ་བརྒྱད་པའོ།། ། ་། གང་ཞིག་དགྲ་བཅོམ་ཕ་མ་གསོད།། ཐུབ་པའི་དགེ་འདུན་དབེན་ནི་བྱེད་པ་དང་།། དེ་བཞིན་གཤེགས་ལ་སྡང་བའི་སེམས་ཀྱིས།། ནམ་ཞིག་མི་དག་སྒོ་མཚལ་འབྱིན་བྱེད་པ།། ཤིན་ཏུ་མི ་བཟད་པ་ཡི་ལས་རྣམས།། རྒྱལ་བས་འདི་དག་མཚམས་མེད་ལྔ་པོ་ཡིན་པར་བཤད།། གཏི་མུག་གིས་ནི་གཅིག་བྱས་ན་ཡང་།། ཕུང་པོ་འདི་ལ་གྲབ་པ་ཐོབ་མི་འགྱུར།། མཆོད་རྟེན་འཇིག ་ཅིང་བྱང་ཆུབ་སེམས་དཔའ་གསོད།། ཉོན་མོངས་ཟད་པའི་དགྲ་བཅོམ་མ་ནི་སུན་འབྱིན་དང་།། སློབ་པ་གསོད་ཅིང་དགེ་འདུན་རྫས་ལ་ནི།། གང་ཞིག་འདོད་པས་མང་ཉུང་རྐུ་འཕྲོག་པ།། མཚམ ་མེད་ཉེ་བར་དེ་བཞིན་གཤེགས་པས་གསུངས།། ཚུལ་ཉམས་མི་ནི་གང་ཞིག་འདི་བྱེད་པ།། བསྐལ་པའི་བར་དུ་མནར་སྡུག་བསྔལ་མྱོང་།། གསང་སྔགས་དངོས་གྲུབ་སྐབས་ཀྱང་ཡོང་མི་ཐོབ། ་གང་ཞིག་བདེ་གཤེགས་གསུང་གི་གླེགས་བམ་དག། ཆུད་གསོན་པ་དང་མེས་ནི་བསྲེག་པ་དང་།། བསམ་པ་ངན་པས་ཚུལ་ནི་དོར་བ་དང་།། ཡང་ན ་ཆོས་ཀྱི་སྐུ་ནི་དོར་བ་དང་།། བསླབ་ཚིག་མ་ལུས་པས་ནི་བརྒྱན་པ་ཡི།། དགེ་སློང་དག་དང་དགེ་སློང་མ་གསོད་པ།། དགེ་བསྙེན་དང་ནི་དགེ་བསྙེན་མ་གསོད་དང་།། ངན་པའི་སེམས་ཀྱིས་ལྷ ་ཁང་བསྲེག་ཀྱང་རུང་།། མི་ཡི་ཡུལ་ནི་སྡིག་པ་འདི་བྱས་པ།། དཀར་བར་སྤྱོད་པ་ལྡན་ཡང་འགྲུབ་མི་འགྱུར།། གང་ཞིག་དཀོན་མཆོག་གསུམ་ལ་གནོད་པ་ཡི།། བསམ་པས་གནོད་པ་ཅུང་ཟད ་བྱས་ཀྱང་རུང་།། བདག་ཉིད་མནར་མེད་དམྱལ་བར་ཡུན་རིང་ཆོད།། དེ་ལས་ཐར་ཡང་ལས་ཀྱི་དབང་གིས་ནི།། རིགས་ངན་མི་དང་དུད་འགྲོར་ཟླ་ཐོབ།། འདི་དག་ངས་ནི་ཁྱོད་ལ་མདོར་བཤད་པའོ།། ། ་གང་ཞིག་བྱང་ཆུབ་སེམས་ནི་བླངས་པ་ལས།། རྨོངས་པས་འཇིག་རྟེན་ལྷ་ཚོགས་ཕྱག་བྱེད་ན།། དེ་དག་དེ་ལས་མི་དགར་གྱུར་ནས་སུ།། དེ་ཡི་གསང་སྔགས་དངོས་གྲུབ་ཉམས་པར་འགྱུར།། གང་གི ་ཚེ་ན་སེམས་ནི་དང་པ་ཡིས།། མི་ཡུལ་ཡང་ན་བྱང་ཆུབ་སེམས་བླངས་པས།། དེ་ནི་ས་ཕྱིན་ཆད་ལྷ་དང་ལྷ་མིན་དང་།། འཇིག་རྟེན་མ་ལུས་ཀུན་གྱིས་ཕྱག་བྱར་འགྱུར།། མིས་ནི་མངོན་པར་མཐོ་བ་མ་ལུས ་བའི། བསླབ་པ་མཐའ་དག་བླངས་པར་གྱུར་པ་དང་།། སེམས་ཅན་ཀུན་ལ་མི་འཇིགས་སྦྱིན་པ་དང་།། དཀོན་མཆོག་གསུམ་གྱི་གདུང་ཡང་བསམ་པ་ཡིན།། གང་ཞིག་མི་བཟད་ལས་བྱེད་ཐུབ་པ ་གསོད།། རིག་སྔགས་གཅོད་དམ་གནོད་པ་བྱེ་བ་འམ།། བསམ་པ་ངན་པས་གསང་སྔགས་ཚོགས་མི་མཆོད།། དོན་མེད་བཞིན་དུ་སེན་མོས་ཙ་གཅོད་དང་།། རྐང་པས་རྐང་པས་མཉེ་བ་ལ་སོགས། ་པའི། སྣ་འབིགས་དགེ་འདུན་ལ་ནི་མི་གུས་དང་།། འབྱུང་པོ་འབྱིན་པ་འམ་ལྷའི་གཏོར་མ་དང་།། ས་ལ་ལྟུང་བ་སྔགས་པས་བཟའ་མི་བྱ།། འདོད་ཆགས་ཟིལ་གྱིས་གནོན་པས་དུད་འགྲོ་དང་། ་བུད་མེད་འགྲོད་བྱ་མིན་པར་འགྲོད་མི་བྱ།། གླང་ཆེན་མི་གདུལ་སྦྲུལ་ཡང་བཟུང་མི་བྱ།། རྟ་རྒྱུག་པ་དང་ལྕགས་ཀྱིས་བཞི་མི་བྱ།། གང་ཞིག་སེམས་ཅན་ན་དང་སྡུག་བསྔལ་ལ།། བྱམས་པའི་བསམ ་པ་བརྟན་པོ་མེད་པ་དང་།། ལས་དེ་རྣམས་དང་ལྡན་པར་གྱུར་པ་ཡིས།། དངོས་གྲུབ་ནམ་ཡང་འབྱུང་བར་མི་འགྱུར་རོ།། དཔེར་ན་ནམ་མཁའ་མཐར་ཐུག་མེད་པ་ལ།། འདོམ་གྱིས་འཇལ་བས་མཐའ ་རྟོགས་མི་ནུས་ལྟར།། དེ་བཞིན་དཀོན་མཆོག་གསུམ་ལ་བརྟེན་ནས་ནི།། ཕན་གནོད་བྱས་པའི་དགེ་སྡིག་མཐའ་མི་རྟོགས།། རྒྱ་དང་སྙིང་རྡོར་རྩ་བའི་དག་དག་གིས།། ཁྱི་ལ་སོགས་པའི་སེམས་ཅན ་གསོད་པ་དང་།། བྱ་རོག་ལ་སོགས་གཟེབས་ཀྱིས་བཅིངས་བྱས་ནས།། འདི་དང་ཕ་རོལ་དུ་ཡང་འགྲབ་མི་ཐོབ།། བདུད་དགའི་མེ་ཏོག་རྙིད་པ་བར་པ་རྣམས།། རྐང་པས་མི་རྫི་མགོ་ལ་གདགས་མི་བྱ།། ། ་བཀྲེས་པས་གདུངས་པས་དེ་དག་རྣམས་ལ་ནི།། ཕུལ་བའི་ལྷ་བཤོས་ནམ་ཡང་བཟའ་མི་བྱ།། འཇིགས་ཀྱང་ཚངས་པ་བརྒྱ་བྱིན་ཁྱབ་འཇུག་དང་།། དྲག་པ་རླུང་ལྷ་ལ་སོགས་ཕྱག་མི་བྱ།། དེ་དག། ་གིས་བཤད་ཆོས་ལ་མི་རྟེན་ཅིང་།། དེ་དག་དཀའ་ཐུབ་མི་བྱ་རྟག་མི་མཆོད།། དེ་དག་ཆོས་ལ་རྔན་སེམས་མི་བྱ་ཞིང་།། དེ་ཡི་སྤྱོད་ལ་ནམ་ཡང་དགའ་མི་བྱ།། དེ་དག ་བསྟོད་པ་མི་འདོན་སྔགས་མི་ཟླས།། སྦྱིན་པ་སྤྲིན་ཚེ་སྙིང་རྗེ་བསྐྱེད་ནས་སྤྲིན།། བདེ་བར་གཤེགས་པ་ཀན་གྱིས་བསྟེན་པ་ཡི།། གནས་དང་རྒྱལ་སྲས་རྣམས་ལོ་ཕྱག་བྱའོ།། རང་སངྱས་དང་རྒྱལ་བའི ་ཉན་ཐོས་རྣམས།། དེ་དག་རྟག་ཏུ་ཕྱག་བྱིའོ་གནས་ཡིན་ནོ།། ཇི་ལྟར་ཟླ་བ་ཚེས་ལ་མི་རྣམས་ནི།། ཕྱག་འཚལ་ཉལ་སུས་ཀྱང་ཕྱག་མི་འཚལ།། དེ་བཞིན་དད་པས་རྒྱལ་བའི་ཐུགས་སྲས་ལ།། ཕྱག ་བྱའི་དེ་ལྟར་བདེ་བར་གཤེགས་ལ་མིན།། འཇིག་རྟེན་ཀུན་ལ་མངོན་མཐེའི་བསླབ་པ་ཅན།། སྙིང་རྗེའི་བདག་ཉིད་འགྲོ་བའི་དོན་དུ་ནི།། སྐྱེ་བ་ལེན་པ་དེ་ལ་ཅིའི་ཕྱིར།། བུ་གཅིག་དེ་ཉིད་དེ་ལ་ཕྱག ་མི་བྱ། སྐྱེས་བུ་བསམ་ཡས་རྨད་བྱང་རྫུ་འཕྲུལ་ཅན།། དེ་ལ་མི་ངན་གང་ཞིག་མི་འདུད་པ།། དེ་ལ་རྒྱལ་བ་ཐམས་ཅད་ཐུགས་ནུར་ནས།། དེ་ཡི་གསང་སྔགས་དངོས་གྲུབ་མི་སྩོལ་ལོ།། དཔེར་ན་ཤིང་གི ་མེ་ཏོག་དང་པོར་ནི།། ཡིད་འོད་ཕྱེ་ནས་འབྲས་བུར་གྱུར་པ་ལྟར།། སེམས་ཅན་མགོན་རྣམས་མེ་ཏོག་འདྲ་བར་ལྟོས།། འབྲས་བུ་བཞིན་དུ་རྒྱལ་བར་རིག་པར་གྱིས།། གང་ཞིག་རང་གི་བཞིན ་ཆགས་དང་རྣམ་བྲལ་ཡང་།། གདུལ་བྱའི་དོན་ཕྱིར་ཁྲོ་ལ་ཁྲོ་བ་དང་།། འདོད་ཆགས་ཅན་དག་ཆགས་ཅན་ལྟར་སྟོན་པ།། བྱང་ཆུབ་མཆོག་གནས་དེ་ལ་ཕྱག་འཚལ་ལོ།། གང་ཞིག་ལས་དང་། ་རྣམ་སྨིན་མཁྱེན་པ་ཡིས།། འགྲོ་བ་ཀུན་དང་ཇི་ལྟར་འཐུན་པ་ཡི།། གསང་སྔགས་གཟུངས་ཀྱིས་རྗེས་སུ་ཆགས་དེ་ལ།། སྔགས་ཀྱི་རྣམ་འདྲེན་དེ་ལ་ཕྱག་འཚལ་ལོ།། འཕགས་པ་དཔུང་བཟང ་ཀྱིས་ཞུས་པའི་ལེའུ་སྟེ། དགུ་པའོ།། ། ལྷ་དང་ལྷ་མིན་མི་ལ་ཕན་གདགས་ཕྱིར།། གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག། ཕྱེ་བ་ཕྲག་གསུམ་དང་ནི ་འབུམ་ཕྲག་ལྔ།། རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས།། ངས་ནི་གསང་བ་པ་རྣམས་གཞོམ་པ་དང་།། དབུལ་བ་སྡུག་བསྔལ་བསལ་བའི་ཕྱིར།། དཀྱིལ་འཁོར་བཅས་ཤིང་ཕྱག་རྒྱར ་ལྡན་པ་ཡི།། གསང་སྔགས་བྱེ་བ་ཕྲག་བདུན་རབ་ཏུ་བཤད།། ཕོ་ཉ་བཅུ་དང་རིག་པའི་རྒྱལ་པོ་བདུན།། དེ་བཞིན་ཕྱག་བརྙན་དྲུག་བཅུ་རྩ་བཞི་དང་།། ང་ཡི་སྙིང་པོ་དམ་པ་བརྒྱད་རྣམས་དང་།། ་ཁྲོ་བོ་དྲག་པོ་བདུད་རྩི་ཐལ་སྦྱོར་དང་།། རིག་པ་མཆོག་ལ་སོགས་པ་མཐུ་བེ་ཆེ།། རིག་པའི་བདག་པོ་གསང་སྔགས་རྗེས་འབྲང་བཅས།། དེ་སྙེད་རྡོ་རྗེའི་རིགས་ནི་གང་ཡིན་པ།། དེར་ནི་འདི་དག ་ཡིས་རྒྱ་ཆེན་བཤད།། སྨན་རས་གཟིགས་ཀྱིས་གསང་སྔགས་བྱེ་བ་ཕྲག། གསུམ་དང་དེ་བཞིན་འབུམ་ཕྲག་ལྔ་རྣམས་བཤད།། དེ་ཡི་རིག་སྔགས་བདག་པོ་རྟ་མགོན་དང་།། དེའི་མིང་ཅན ་དཀྱིལ་འཁོར་དམ་པ་དང་།། བཅུ་གཉིས་ཕྱག་དང་ཕྱག་དྲག་པ་དང་ནི།། ཐོར་ཅུག་ཅོད་པན་འདོད་པ་འབྱོར་བྱེད་པ།། ཞལ་བཞི་དོན་ཡོད་ཞགས་པར་མདུན་བདུན་པ།། ས་སྟེངས་གསང ་སྔགས་ཉི་མ་བདུན་ལྟར་འབར།། དེ་ལས་གསང་སྔགས་རྟ་མགྲིན་ཏེ།། མི་ལ་མཆོག་སྤྲིན་འཇིག་རྟེན་གསུམ་གྱིས་འདད།། སྒྲོལ་མ་དཀར་མོ་གོས་དཀར་སྦྲན ་མ་དང་།། རྣམས་གཟིགས་རལ་པ་གཅིག་གམ་དཀར་ཤམ་དང་།། གྲགས་ལྡན་ཁྲོ་གཉེར་ཅན་དང་འདི་དག་རྣམས།། པད་མའི་རིགས་ཀྱི་རིག་སྔགས་མཆོག། དེ་དག་དཀྱིལ་འཁོར་སྣ་ཚོགས ་གསང་ཅན་དང་།། ཕྱག་རྒྱ་རྣམ་པ་སྣ་ཚོགས་རྣམས་དང་ལྡན།། རྒྱས་པའི་གསང་སྔགས་རྒྱུད་དུ་འོག་བག་ཅན།། རིགས་པའི་དབང་ཕྱུག་གསང་སྔགས་བདག་མོར་གསུངས།། དེ་ཡི་གསང་སྔགས་མི ་ལ་གྲུབ་མཆོག་སྟེར།། དེ་ལྟ་ལྔས་རྩེ་ན་ཡང་ནི་མངོན་པར་དགའ།། གནོད་སྦྱིན་བདག་པོ་དེ་དག་རྟག་ཏུ་འཐུན་པས།། དེའི་བཀའ་བཞིན་གསང་སྔགས་ཚོགས་རྣམས་བཤད།། ལྔས་རྩེན་གྱིས་ནི ་སྟོང་ཕྲག་ཉི་ཤུ་སྟེ།། དེ་ཡི་ཆུང་མས་དེའི་ཕྱེད་བཤད་དོ།། ནོར་གྱི་བདག་པོས་སྟོང་ཕྲག་བཅུ་གསུམ་སྟེ།། གང་པོ་པ་ཡིས་ཀྱང་ནི་འབུམ་བཤད་དོ།། ལྷ་དང་ལྷ་མིན་ལ་སོགས་རྒྱལ་བ་འམ།། དད ་པ་རྣམས་ཀྱིས་གསང་སྔགས་མཐའ་ཡས་བཤད།། ཁ་ཅིག་ངའི་རིགསུ་གཏོགས་པ་སྟེ།། ཁ་ཅིག་དག་ནི་པད་མའི་རིགསུ་གཏོགས།། ཁ་ཅིག་ནོར་གྱི་རིག་སུ་གཏོགས་པ་ཡིན།། གཞན་ཡང ་ཁ་ཅིག་གནས་མེད་རྣམ་པར་འཆད།། ནོར་སྤྱོད་ཞེས་བྱ་ནོར་གྱི་རིགསུ་གསུངས།། ད་ནི་རྡོ་རྗེའི་རིགས་ཞེས་རབ་ཏུ་བསྟན།། སྤྱན་རས་གཟིགས་དབང་པད་མའི་རིགས་ཡིན་ཏེ།། རིགས་བཞི་པ ་ནི་འདིར་ནི་ལྔས་རྩེན་ཡིན།། གསང་སྔགས་མདོ་སྡེ་ངས་བཤད་གང་ཡིན་ཏེ།། བཞི་པོ་འདིར་ནི་རྣམ་པར་སྦར་བར་བྱ།། གཞན་ཡང་འདི་ན་ཁ་ཅིག་གནས་མེད་པར།། བདེ་བར་གཤེགས་ལ་བརྟན ་མེད་ཡོད་འཁྱམ་པ།། མདོ་སྡེ་འདིར་ནི་དེ་དག་ཐམས་ཅད་ཀྱང་།། འབྱོར་པ་འདོད་པའི་མིས་ནི་རྣམ་པར་སྦར།། ལམ་འདི་ཉིད་དུ་བཞགས་པའི་སྔགས་པས་ནི།། ཡིད་དང་ཐུན་པའི་དངོས་གྲུབ་ཐོབ ་པར་འགྱུར།། སྲིད་གསུམ་ནང་ན་རྒྱལ་བ་དཀོན་མཆོག་སྟེ།། དེ་ཡི་འོག་ཏུ་དེ་ལས་བྱུང་བའི་ཆོས།། དེ་ཡི་དགེ་འདུན་སྐྱེས་ཆེན་བརྒྱད་པོ་སྟེ།། སྲིད་པ་གསུམ་ན་དཀོན་མཆོག་གསུམ་པོ་གཙོ།། འདི་གསུམ ་བསོད་ནམས་རྣམས་འཕེལ་རྒྱུ་ཡིན་པས།། དངོས་གྲུབ་འདོད་པས་གསང་སྔགས་མགོ་ལ་འདོན།། བསོད་ནམས་ཆེ་དང་ལེག་འདྲེན་རྨོངས་བྱའི་ཕྱིར།། ཕྱག་ན་རྡོ་རྗེ་གཏུམ་མཆོག་ཕྱག་འཚལ་ཞེས། ་གསང་སྔགས་རྣམས་ཀྱི་མགོ་ལ་སྦར་བར་བྱ།། གནོད་སྤྲིན་མགོན་པོ་ངས་ནི་བཤད་པ་ཡིན།། ནོར་གྱི་རིགས་དང་པད་མའི་རིགས་ལ་ཡང་།། རང་གི་གསང་སྔགས་བདག་པོར་ལྡན་པར་བྱ།། བདེ་བར ་གཤེགས་པ་ཉན་ཐོས་ལམ་ཞུགས་དང་།། རང་རྒྱལ་རྣམས་ཀྱི་ལམ་ལ་གནས་པ་དང་།། དད་པ་མེད་ཅིང་ཚུལ་མཆོས་འབྱུང་བ་ཡིས།། ང་ཡི་རྡོ་རྗེ་རྣམས་ཀྱང་འཆང་མི་བྱ།། གང་ཞིག་ཐེག་པ་མཆོག་ལ ་སྡང་བ་དང་།། བདུད་ཀྱིས་བཤད་པ་ཡིན་ཞེས་ཟེར་བ་དང་།། རྨོངས་ནས་ང་ལ་གནོད་སྦྱིན་ཞེས་སྨྲས་དང་།། བྱང་ཆུབ་སེམས་དཔའ་ལ་ནི་མི་འདུད་པའི།། དགེ་སློང་མ་དང་དགེ་བསྙེན་དང་།། དགེ ་སྙེན་མ་དང་འཇིག་རྟེན་པ་རྣམས་ཀྱིས།། ང་ཡི་རིགས་ཀྱི་གསང་སྔགས་ཟླས་བརྗོད་ན།། དེ་དག་རྣམས་ཀྱི་ལུས་ནི་མྱུར་དུ་འཇིག། གང་ཞིག་ངའི་རིགས་སྔགས ་རྗེས་འབྲང་བ་ཡི་གདོན།། འབྱུང་པོ་གནོད་སྦྱིན་ཀླུ་དང་ཤ་ཟ་ཡིས།། ང་ཡིས་གསང་སྔགས་ཟློས་ཚེ་གསང་སྔགས་པ་དང་།། མཐོང་ནས་ཁྲོས་ནས་ཕུང་བར་བྱེད་པར་འགྱུར།། གང་ཞིག་ཐེག ་མཆོག་རྒྱ་ཆེན་ཀློག་པ་དང་།། དེ་ལ་དད་ཅིང་དེ་ཉིད་འཆད་པར་སྤྲོ།། བརྩོན་འགྲུབ་སྤྲེ་ཞིང་བྱང་ཆུབ་སེམས་བརྟན་པ།། དེ་ལ་ང་ཡིས་གསང་སྔགས་མཆོག་སྦྱིན་མཛད།། ངས་ནི་འགྲོ་ལ་བན ་ཕྱིར་སངས་རྒྱས་པའི།། གསང་སྔགས་ཡོངས་ཤིང་རྒྱ་ཆེར་བཤད་པ་ཡིན།། དེ་ནས་གཞན་ཡང་འཇིག་རྟེན་པས་བསྡུས་ནས།། ཞར་ལ་བཤད་པ་འདི་དག་ཁྱོད་ཀྱིས་ཉོན།། དྲག་པོ་ཡིས ་ནི་བྱེ་བ་ཕྲག་བཅུ་བཤད།། ནོར་ལྷའི་བུས་ནི་སྟོང་ཕྲག་བཅུ་གསུམ་སྟེ།། ཚངས་པ་ཡིས་ནི་སྟོང་ཕྲག་དྲག་ཅུ་ཉིད།། ཉི་མས་ཀྱང་ནི་འབུམ་ཕྲག་གསུམ་བཤད་དོ།། ན་མཁའ་ལྡིང་གིས་སྟོང་ཕྲག ་བཅཝོ་བརྒྱད་སྟེ།། གཏུམ་བྱེད་མས་ནི་སྟོང་ཕྲག་བརྒྱད་བཤད་དོ།། དེ་ཡིས་ཀྱང་ནི་བརྒྱས་ཕྲག་བདུན་ཉིད་དོ།། པུར་བུ་གསུམ་པ་ཡིས་ནི་སྟོང་བཤད་དོ།། ཀླུ་ཡི་རྒྱལ་པོ་རྣམས་ཀྱིས་ལྔ་སྟོང་སྟེ། ་མཚན་མོ་རྒྱུ་བ་རྣམས་ཀྱི་སྟོང་ཕྲག་བཅུ་གཉིས་བཤད།། འགྲོ་ལ་ཕན་ཕྱིར་འཇིག་རྟེན་སྐྱོང་བ་བཞིས།། འབུམ་ཕྲག་བཞི་ནི་རབ་ཏུ་བཤད་པ་ཡིན།། ལྷ་མིན་དབང་པོས་འབུམ་ཕྲག ་གཉིས་ཉིད་དོ།། ལྷའི་དབང་པོས་ཀྱང་ནི་འབུམ་ཕྲག་གསུམ།། གསང་སྔགས་ཕྱག་རྒྱསྣ་ཚོགས་ཆོ་གར་ལྡན།། སོ་སོའི་གཞུང་གི་དཀྱིལ་འཁོར་རྣམས་དང་བཅས།། རབ་སྔགས་མདོ་སྡེའི་རྗེས ་འབྲང་དང་བསྐྱེད་པ།། མ་སྒྲིབས་བཞིན་དུ་ཐེ་ཚོམ་མེད་པར་འགྲུབ།། དེ་ལས་ཟློག་ན་དངོས་གྲུབ་མི་ཐོབ་ལ།། སྡུག་བསྔལ་མང་པོ་ཡང་ནི་ཐོབ་པར་འགྱུར།། འཕགས་པ་དཔུང་བཟངས་ཀྱིས་ཞུས་པར ་ལེའུ་སྟེ་ཆ་བཅུ་པའོ།། བཅུད་ཀྱི་ལེན་དང་གཏོར་མ་དང་ཕུག་འགྲོ་དང་།། ནོར་བསྒྱུར་འབྱུང་ཁུངས་གསང་སྔགས་གསེར་འགྱུར་རྩི།། རིན་ཐང་མེད་པའི་རིན་ཆེན་ནོར ་སྦྱིརན་ཏེ།། བརྒྱད་པོ་བསྟན་པ་ཡོངས་སུ་བསྒྲགས་པ་ཡིན།། སྔགས་ཀྱིས་ཕུག་ཏུ་འགྲོ་དང་བཅུད་ཀྱིས་ལེན།། སྡིག་པ་སྤོང་བར་བྱེད་པས་མཆོག་ཏུ་བསྟན།། རིན་ཆེན་དང་ནི་གཏེར་དང་འབྱུང ་ཁུངས་འབྲིས།། གསེར་འགྱུར་རྩི་དང་ནོར་བསྒྱུར་ཟ་བའོ།། མེ་ནི་སེམས་སྟོབས་ལྡན་ཞིང་ཆོས་ལ་བརྩོན།། དཀའ་ཐུབ་ཀྱིས་ཕུག་དང་པོར་བསྟན་པའི་སྣོད།། རྡུལ་ཤས་ཆེན་པོ་ལ་ནི་འབྲིང་པོ ་བསྟན།། ཐ་མ་ལ་ནི་མུན་པ་ཅན་གྱི་བསྟན།། གང་ཞིག་མཆོག་ཏུ་བསྟན་པས་བསྟན་འདོད་པས།། དེས་ནི་ཐ་མར་བསྟན་པ་རྣམ་པར་སྤངས།། གལ་ཏེ་ནོར་ལ་སྲེད་ཅིང་སྡུག་བསྔལ་གྱིས།། གདུང ་ནས་འབྲིང་པོ་ལ་ནི་བསྟེན་པར་བྱ།། ལྷ་ཡི་བདེ་བ་དེ་དང་ནི་འབྱོར་པ་དང་།། ཚེ་དང་སྟོབས་གཟུགས་ཕུན་སུམ་ཚོགས་པ་དང་།། ཐོས་མང་མདངས་བཟང་གཅིག་པུ་ཡིད་གཞུངས་དང་། ་དབང་ཐང་ཆེན་ཀན་དཀའ་ཐུབ་སྟོབས་ཀྱིས་ཐོབ།། ཆགས་དང་རྣམ་བྲལ་དགེ་ལ་དགའ་བ་དང་།། རྟག་ཏུ་དཀོན་མཆོག་གསུམ་ལ་སེམས་གཞོལ་དང་།། སྡིག་པ ་སྤངས་ཤིང་ཟླས་བརྗོད་ལྡན་པ་ཡི།། མི་ལ་ལྷ་རྫས་དངོས་གྲབ་རིང་བ་མེད།། རྡོ་རྗེ་མཚོན་མེ་གནམ་ལྕགས་མཐུ་འདྲ་བའི།། གསང་སྔགས་མི་ཡི་འཇིག་རྟེན་མཆོག་སྤྲིན་མཛད།། འཇིག་རྟེན་འདི ་དང་ཕ་རོལ་གཉིས་ན་ཡང་།། སྡུག་བསྔལ་སེལ་ཅིང་སྡིག་འཇོམས་གཞན་མེད་དོ།། གང་ཞིག་དཔག་བསམས་ལྗོན་པའི་ཤིང་ལྟ་བུར།། ལ་ལར་དངོས་གྲུབ་ལ་ལ་རོ་བསོད་ནམས་དང་།། གཞན ་ལ་གཟུགས་སྟོབས་ཆེ་ཞིང་བདེ་དག། ཡིད་འཐུན་འབྲས་བུ་འདོད་པའི་མི་ལ་སྩོལ།། གསང་སྔགས་སྣ་ཚོགས་གཟུགསུ་སྤྲུལ་ནས།། གང་ཞིག་སྡུག་བསྔལ་གང་ཞིག་སྐྲག་པ་འམ།། རྒྱལ་པོ་ཚོ ་རྐུན་ཐོག་གིས་སྐྲག་པ་འམ།། འགྲོ་བའི་ཚོགས་ཆེན་མཐའ་དག་སྐྱོབ་པར་མཛད།། གང་ཞིག་ཡུལ་དང་ཁྱིམ་ལ་བརྟེན་ཀྱང་རུང་།། དཀའ་ཐུབ་མ་ཉམས་རྩེ་གཅིག་སེམས་ཀྱིས་ནི།། ཉི་མ་གཅིག ་བཞིན་ཅུང་ཟད་སྔགས་ཟླས་ན།། དེའི་གསང་སྔགས་དུས་གཅིག་འགྲུབ།། ཆོ་ག་བཞིན་དུ་དང་པོ་འབུམ་ཟླས་ན།། དེ་ནས་སྔགས་པས་བསྒྲུབ་ལ་འཇུག་པར་བྱ།། དེ་ནས་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། ་གསང་སྔགས་ཚོ་གས་ཡུན་རིང་ཉོན་མི་མོངས།། ལུས་ལས་དྲིལ་བྱ་བྱེད་པ་བྱས་ནསུ།། ཆུ་ཆེན་རྙོག་པ་མེད་པར་ཞུགས་ནས་ཀྱང་།། ཇི་ཙམ་འདོད་པའི་བར་དུ་ཁྲུས་བྱས་ཏེ།། བྱུང་ནས་ཤར་རམ་བྱང་དུ་ཁ ་བལྟས་ནས།། ཆུ་ཡིས་ལག་པ་རྐང་པ་ཁྲུས་བྱས་ནས།། པུས་མེ་ཕྱི་རོལ་དུ་ནི་བསྟན་བྱས་ཏེ།། བར་དུ་ལག་བཞག་ཅོག་ཙོག་པོར་འདུག་ནས།། སྒྲ་མེད་དབུ་བ་མེད་པར་ཉེ་རེག་བྱ།། ལན་གསུམ་པར ་དུརུ་ནི་འཐུངས་ནས་ཀྱང་།། མཆུ་ལ་ལན་གཉིས་ཡོངསུ་ཕྱི་བར་བྱ།། སོ་ལ་ཆགས་པ་ལྕེ་ཡིས་རེག་པ་དང་།། སྦྲིད་པ་བྱང་ནས་ཁ་ལག་བཀྲུ་བར་བྱ།། རང་བྱུང་སྐྱེས་པ་བུད་མེད་གཞོན་ནུ་དང་།། གཞོན ་ནུ་བར་མ་རྒན་མོ་བྲམ་ཟེ་རྣམས།། དེ་ལ་ནམ་ཡང་རེག་པར་མི་བྱ་ཞིང་།། སྔགས་པས་དེ་དག་རྣམས་ལ་མི་རེག་གོ། རྒྱལ་དེ་དག་རྣམས་ལ་རེག་གྱུར་ན།། སླར་ཡང་ཐོར་འཐུངས་བྱས་ནསུ།། དེ་ཡི་ཕྱིར ་ཡང་ཟླས་ལ་འཇུག་པར་བྱ།། གཙང་སྦྲ་དང་ཟློས་དགའ་ལ་སྙིང་བརྩེ་ཅིན།། རྟག་ཏུ་ཉེས་པ་ལས་ནི་ལྡོག་པ་དང་།། སློངས་མེའི་ཟས་ཟ་ལྷའི་ལས་ལ་བརྩོན།། དེ་ལ་ལུས་ལ་གསང་སྔགས་འཇུག ་པར་འགྱུར།། འགའ་ཡིས་བུད་མེད་གོས་དང་རྒྱན་རྣམས་དང་།། བཞོན་པ་བརྒྱན་པ་ཕྱག་པ་བཟའ་བཏུང་དང་།། མལ་སྟན་རྣམས་ནི་མང་ཉུང་བྱིན་གྱུར་ན།། དེ་ལ་སྒྲུབ་ལ་གནས་པས་མི་སླ་།། ། ་ས་པུང་གཤང་སྒོར་ལྔ་སྟེ་མཚན་ལ་གསུམ།། གཡོན་ལ་གསུམ་སྟེ་ལག་པ་གཉིས་ལ་བདུན།། ཡང་ས་དང་ཆུ་ཡི་དེ་སྲིད།། དྲི་མ་དང་བྲལ་དེ་སྲིད་བར་དུ་བྱ།། སོ་སེ་ཀ་ནགས་མེ་མཆེད་པའི་མེ ་ལྕེ་ཡིས།། མ་སྒྲིམས་བཞིན་དུ་ཚང་ཚིང་ཀུན་བསྲེག་ལྟར།། ཟླས་བརྗོད་མེ་ལ་ཚུལ་ཁྲིམས་རླུང་གིས་སྦར།། བརྩོན་འགྲུས་ཆེན་པོའི་མེ་ལྕེས་སྡིག་པ་བསྲེག། ཇི་ལྟར་གངས་ལ་ཉི་མའི་འོད་ཟེར ་གྱིསཿབདུགས་ནས་གཟི་བརྗིད་མི་བཟོད་འཇུ་བ་ལྟར།། ཚུལ་ཁྲིམས་ཉི་མ་འོད་ཟེར་ཟླས་བརྗོད་ཀྱིས།། གདུངས་ན་སྡིག་པའི་གང་རི་ཟད་པར་འགྱུར།། མུན་ནག ་དམག་ལ་མར་མེ་བྱུང་བ་ཡིས།། མུན་ནག་མ་ལུས་སེལ་བར་བྱེད་པ་ལྟར།། ཚེ་རབས་སྟོང་དུ་བསགས་པའི་སྡིག་པའི་མུན།། ཟླས་བརྗོད་མར་མེས་མྱུར་དུ་སེལ་བར་བྱེད།། ཅི་སྟེ་སྦྱིན་པ་དང་ནི ་ཟླས་བརྗོད་ཀྱིས།། གསང་སྔགས་བསྒྲུབ་ཀྱང་དངོས་གྲུབ་མི་ཐོབ་ན།། འཇིམ་པ་ལྔ་ནི་མཆོད་རྟེན་འབུམ་གདབ་པ་འམ།། ཡང་ན་ཆུ་འགྲམ་བྱེ་བ་མི་དག་ལས་གདབ།། དེས་ནི་དེ་ཡི་སྡིག་པ ་སྲིད་གཞན་ལ།། བྱས་པ་གང་ཡིན་དེ་ནི་ཟད་པར་འགྱུར།། དེས་ནི་གསང་སྔགས་མཐུ་ཡིས་འདི་ཉིད་དུ།། མཐོང་བའི་ཆོས་ལ་བསོད་ནམས་འབྲས་བུ་ཐོབ།། སྔགས་ཀྱི་རྩ་བས་དང་པོ་ཚུལ་ཁྲིམ ་ཏེ། དེ་ནི་བརྩོན་འགྲུས་དང་ནི་བཟོད་པ་དང་།། རྒྱལ་བ་ལ་ནི་དད་དང་བྱང་ཆུབ་སེམས།། གསང་སྔགས་དང་ནི་ལེ་ལོ་མེད་པའོ།། ཇི་ལྟ་མི་དབང་ཡན་ལག་བདུན་ལྡན་པ།། སྐྱོ་བ་མེད་པར་སྐྱེ ་རྐུ་འདུལ་བར་བྱེད།། དེ་བཞིན་ཡན་ལག་ལམ་ནི་འདི་བདུན་དང་།། ལྡན་པར་གྱུར་ནས་སྡིག་པ་འདུལ་བར་བྱེད།། དང་པོར་ཟླས་བརྗོད་པལ་ཆེར་བྱས་ནས།། དེའི་འོག་ཏུ་འདིར་ནི་སྤྲིན་བསྲེག ་བྱ།། སྦྱིན་བསྲེག་དག་གིས་གསང་སྔགས་མཆོག་མྱུར་སྩོལ།། ཡིད་དུ་འོང་བའི་འདོད་པ་སྦྱིན་པར་མཛད།། གང་གིས་དཔག་ཚད་བརྒྱའི་ཕ་རོལ་ན།། གསང་སྔགས་མཐུ་ཡིས་བུད་མེད་བཀུག ་ནས་ནི།། བུད་མེད་པ་ཡིན་གནོད་སྦྱིན་མོ་མ་ཡིན།། དེའི་གཟུགས་ཀྱི་ཆ་བྱད་ཀྱིས་ནི་སྔགས་པ་བསྟེན།། འདོད་པའི་དོན་ཕྱིར་སྒྲུབ་པ་གང་ཡིན་ཏེ།། འགྲུབ་ནའང་གནོད་སྦྱིན་བུ་མོ་སྦྱིན་པར་བྱེད།། ་དེ་ནི་བུད་མེད་དེའི་ལུསུ་ཡང་།། སྤྲུལ་ནས་མཚན་མོ་འདོད་པ་བརྟེན་པར་བྱེད།། ཇི་ལྟར་མི་དག་བུད་མེད་འདོད་ཕྱིར་ལ།། བསྟེན་པར་མི་ནུས་ནོར་ནི་གྱུར་པ་ལྟར།། དེ་བཞིན་གནོད་བུ་མོ་འམ་བྲན ་མོ་དག། གསང་སྔགས་མཐུས་བཀུག་བསྟེན་པར་བྱེད་པའོ།། གཞན་གྱི་ཆུང་མ་ཡིད་ལ་བཞག་ནས་སུ།། གང་ཞིག་དེ་ལ་འདོད་གདུངས་དེ་ལ་བསྟན་བྱེད་པ།། མི་ཤེས་ཡིད་ཀྱིས་གཞན་གྱི་ཆུང ་མ་ལ། འདོད་པ་སྤྲོད་པའི་སྡིག་པ་མང་དུ་ཐོབ།། རྒྱལ་བ་ལ་དང་གཞན་ལ་ཕན་བརྩོན་པའི།། ཀལྱཱ་ཀླ་ལྷ་མིན་གནོད་སྦྱིན་དྲི་ཟ་དང་།། གྲུབ་པར་བཅས་པའི་སྔགས་བཤད་གང་ཡིན་པ།། ་དེ་དག་རྒྱལ་བའི་ཉོན་ཐོས་རང་སངས་རྒྱས།། དེ་བཞིན་གཤེགས་དང་བྱང་ཆུབ་སེམས་དཔའ་ཡི་ས།། མ་འོངས་སེམས་ཅན་མགོན་སྐྱབས་མེད་རྣམས་ལ།། རབ་ཏུ་གཟིགས་ནས་བྱིན ་གྱིས་བརླབ་པ་མཛད།། དེ་དག་འབྲས་བུ་རབ་འབྲིང་དང་ནི།། ཐ་མར་དབྱེ་བ་གསུམ་དུ་བསྟན།། དཔལ་དང་ཕུག་ཏུ་འགྲོ་དང་མཁའ་འགྲོ་མ།། བསམ་པ་བཞིན་དུ་འགྲུབ་ན་མཁའི་རྣམ ་པ་དང་།། གནོད་སྦྱིན་མོ་ཡི་ཁྱོ་དང་བཅུད་ཀྱིས་ལེན།། མི་ཡི་སྒྱུ་མ་མཚན་མོ་རྒྱུ་བ་སྟེ།། དེ་དག་མཆོག་ཡིན་འབྲིང་ནི་ས་བདག་གོ། གྲོང་དང་ནོར་དང་དབྱེ་དང་དགུག་པ་དང་།། དགར་དང་བསྐྲད ་པ་དང་ནི་བསད་པ་དང་།། ཀླུ་ཡི་གདོན་གྱིས་ཟིན་པ་གསོ་བ་དང་།། གང་ཡང་འདི་ལྟ་བུ་དང་འཐུན་པའི་ལས།། དེ་ནི་མཁས་པས་ཕྲིན་ཚེགས་ཡིན་པར་བཤད།། ་བྱེ་བྲག་དུ་ནི་ཀླུ་དང་གནོད་སྦྱིན་དང་།། བྱིས་པ་གདོན་གྱིས་ཟིན་པ་གང་དག་ཏུ།། ལུས་ཅན་རྣམས་ལ་ངོ་མཚར་སྣ་ཚོགས་དག། སྟོན་པར་བྱེད་པ་ཕྲ་མོ་ཕྲན་ཚེགས་ཡིན།། བྱ་བ་དང་ཁུ་ཚུར་ཐལ་ལྕགསྒྲ ་དག་དང་།། རྣམ་པར་ཟླས་དང་དབབ་དང་བསྐྲད་པ་དང་།། གསངདྲ་དང་བཅིང་ལ་སོགས་པས་ཚར་བཅད་དང་།། བོད་དང་རིགས་པའི་གོས་དང་སྔགས་གོས་དང་།། རྡོག་པས་བསྣུན་དང་རྣམ་པར ་བསྐྱོད་པ་དང་།། མིག་ཏུ་དུག་སོང་ལྟར་ནི་གཞག་པ་དང་།། ཁབ་ཀྱི་གཟུགས་དང་ཁབ་ཅིང་སྐྲག་ཏུ་གཞག། པུ་ཞེས་བུད་དང་ཡན་ལག་གཞིག་པ་དང་།། བྲང་གིས་འགྲོ་བ་དག་ཀྱང་དགུག་པ ་དང་།། ཕྱིར་ཡང་བཅིངས་དང་མནན་པར་བྱ་བ་དང་།། རྨོངས་པར་བྱ་དང་དུག་ཟར་གཞུག་པ་དེང་།། དུག་ནི་གཞན་ལ་སྤོ་བར་བྱ་བ་དང་།། ལྕགས་ཀྱུར་ལྡན་པས་དྲང་བར་བྱ་བ་དང་།། ལུས་ལ་ཞེན ་པའི་དུག་ནི་སྤང་བ་དང་།། ཟོས་པར་ཟློས་དང་ཟོས་པ་བཅད་པ་དང་།། ས་བཅིང་བ་དང་ཕོ་ཉ་བཏང་བ་དང་།། བསྐྲད་དང་ཀླུ་རྣམས་གཞིག་པ་དག། དང་གི་སྒྲས་ནི་བསླང་བར་བྱ་བ་སྟེ།། རྣམ་པ ་འདི་དག་དུག་གི་ལ་སུ་བཤད་པ།། སའི་སྟེང་ན་སྦྲུལ་ནི་བརྒྱད་བཅུ་དག། གཞན་ལ་གནོད་པ་བྱེད་ཅིང་རྣམ་པར་འཁྱམ།། དེ་དག་རྣམས་ལ་ཉི་ཤུ་གདེངས་ཀ་ཅན།། ཁྱིམ་པ་དྲུག་དང་དུག་མེད་བཅུས ་དང་།། དེ་བཞིན་སྦྲུལ་ནི་ཁྲོ་བོ་སུམ་ཅུ་སྟེ།། སུཾ་ཙུའི་གང་ཡིན་རིགས་དེའི་ནང་དུ་གཏོགས།། སྦལ་བ་གོ་དྷ་སྡིག་པ་ཁ་བརྒྱད་དུ།། རབ་ཏུ་དབྱེན་རྣམ་པ་རྣམང་དུ་ཡོད།། གཅིན་རྟུག་ཁ་ཆུ་རེག་དང་མཐོང་བ ་དང་།། མཆེ་བ་གཙུགས་ད་པ་ལས་ཁ་ཅིག་དག་ཀྱང་གཏོང་།། དེ་ལས་དག་གི་རྒྱལ་མཁས་པ་ཡིས།། རབ་ཏུ་འབྲིང་ཐ་མ་གསུམ་དུ་དབྱེ།། དུག་བོད་ཁྲོ་བའི་དབང་གྱུར་སྐྲག་པ་དང་།། དེ་བཞིན ་སྔགས་པ་འམ། བཀྲེས་པའི་ཟས་ཕྱིར་རམ།། ཤ་ཁོན་ཡོད་པ་འམ་གཤིན་རྗེས་བསྟན་པ་འམ།། ལུས་རྫིས་ན་ནི་དེ་དག་ཟ་བར་བྱེད།། ཟོས་པ་དེ་ཡང་རྣམ་པ་བཞིར་འགྱུར་ཏེ།། མཆེ་བས་ཟོས་དང ་སོས་བཅད་བསད་པའོ།། གང་དུ་མཆེ་བ་གཅིག་གིས་ཁྲག་བྱུང་རྗེས།། དེ་ནི་དུག་ཆུང་བས་ནི་ཟིན་པར་བཤད།། གང་དུ་མཆེ་བ་གཉིས་ཀྱིས་བཏབ་ནས་སུ།། ཁྲག་ནི་ཕྱུང་བར་གྱུར་པ་ཟོས་པའོ། ་གལ་ཏེ་མཆེ་བ་གསུམ་གྱིས་ཤ་བཅད་ན།། དེ་ནི་བཅད་པར་གྱུར་པ་ཡིན་ཞེས་བསྟན།། གང་དུ་ཆེ་བ་བཞི་ཡིས་བཏབ་ནས་སུ།། སྦྲུལ་གྱིས་ནི་ཟློག་པར་གྱུར་ཏེ།། བསྟན་ནས་བསད་པ་ཡིན་ཞེས ་བཤད་པ་སྟེ།། དེ་ནི་སྨན་རྣམས་ཀྱིས་ཀྱང་ཟློག་པར་དཀའ།། མི་ཡི་རང་བཞིན་གནང་དུ་འཕེན་པའི་དག། མཚོན་དང་མེ་དང་གཟེ་བརྗིད་མཚུངས་པར་ལྡན།། ཇི་ལྟར་སྔགས་ཀྱིས ་རབ་ཏུ་ཞི་འགྱུར་བ།། དེ་བཞིན་སྨན་གྱིས་ཞི་བར་མི་ནུས་སོ།། ཇི་ལྟར་མེ་ཕུང་ཆེན་པོའི་བུད་ཤིང་ལ།། ངེས་པར་བསྲེག་པ་ལ་ཆར་འབབ་སྐ་ཅིག་གིས།། ཞི་བར་འགྱུར་བ་དེ་བཞིན་དུག ་ཀྱང་ནི།། མེའི་ཕུང་པོ་ལྟ་བུ་ཡང་ནི་སྔགས་ཀྱི་ཞི་བར་བྱེད།། དུག་གི་མཐུ་སྟོབས་ཤེས་ནས་རབ་སྒྲིམས་ཏེ།། གསང་སྔགས་ཆོ་ག་བཞིན་དུ་ཟླས་སྒྲུབ་བྱས་ནས་ནི།། བ་ལང ་ནང་ན་སེང་གེ་ཇི་ལྟར་བར།། དུག་ཆེན་སྦལ་དང་དོགས་ཆེན་ལྷན་ཅིག་རྩི།། ལྷ་ཀླུ་གནོད་སྤྲིན་ལྷ་མིན་གྲབ་པ་དང་།། དྲི་ཟ་འབྱུང་པོ་ཆུན་དང་གསང་བ་པ།། ཡིད་བཏགས་ཤ་ཟེ་དག་དང་ལུས་སྲུལ་པོ།། ་སྙོ་བྱེད་མདངས་འཕྲོག་པ་དང་གྲིབ་གནོན་དང་།། ས་ཡི་སྟེང་ན་གདོན་ནི་སྣ་ཚོགས་པ།། མི་ཡི་ཤ་ཚིལ་ཟོ་ཞིང་ཁྲག་ཀྱང་འཐུང་།། མྱ་ངན་འདོད་གདུངས་ཁྲོ་བས་ཉམས་ཐག་པའི།། གླག་སྐབས་རྙེད ་ནས་ལུས་ལ་འཇུག་པར་བྱེད།། དེ་དག་རྣམས་ཀྱིས་ཟིན་པའི་མི་འཕྱན་ཞིང་།། གླུ་དང་གར་བྱེད་རྒོད་དང་ཁྲོ་བ་དང་།། དགའ་ཞིང་རྔམ་པ་ཆེ་ལ་སྒྲ་འདོད་དང་།། སྤྱོད་པ་སྣ་ཚོགས་བྱེད་ཅིང་ལྷ་ནས ་དང་། ལྷ་མིན་ལྟར་བཅོས་སྐྱེ་བོ་གཞད་དགད་འགྱུར།། གཏོར་མ་འདོད་པ་འམ་རྩེད་མོ་བྱེད་པ་འམ།། བསད་པའི་དོན་དུ་ལུས་ལ་བབས་ཤིང་འཇུག། གསང་བ་པོ་རྣམས་གཞིག་ཕྱིར་རིགས་ཀྱི་མཆོག ་མཐུ་ཆེན་མཆོག་སྦྱིན་རྡོ་རྗེ་ལྕགས་ཀྱུའམ།། གཞན་ཡང་དེ་རིགས་ལས་བྱུང་རིགས་པ་འམ།། ཁྲོ་བོ་བདུད་རྩི་ཐལ་སྦྱོར་སོགས་པས་གསོ།། ངའི་རིགས་ཀྱི་གསང་སྔགས་འཛིན་ཅིང་འཆང་བ་དང་། ་ཇི་ལྟར་ངའི་རིག་སྔགས་འཛིན་པའི་མི་དག་ལ།། གདོན་གྱིས་འཇིགས་པར་འགྱུར་བ་དེ་ལྟར་ནི།། མི་མིན་རློང་མིན་གྲོང་ཁྱེར་སུམ་རྩེག་དག། འཇོམས་བྱེད་གཟི་ཆེན་ཉི་མ་མེས་པོ་དང་། ་ཆུ་བདག་མ་ཡིན་ལྷ་མིན་རྣམས་ཀྱིས་མིན།། ནོར་བདག་མ་ཡིན་གནོད་སྤྲིན་རྒྱལ་པོས་མིན།། ལྷག་མ་མཁའ་ལྡིང་བྱའི་རྒྱལ་པོ་དང་།། ས་སྲུང་བུ་དང་གྲོང་ཁྱེར་འཇིག་གིས་མིན།། འབྱུང་པོའི་རིག། ་སྔགས་འདིར་ནི་ཀུན་མཐོང་དང་།། གདོན་གྱི་སྤྱོད་པ་མ་ལུས་ཤེས་ནས་སུ།། ཕྱི་ནས་གདོན་རྣམས་དོག་མེད་བརྟུལ་ནས་ནི།། གདོན་གྱིས་ཅི་འཇིགས་སླར་ཡང་ཚུགས་མི་འགྱུར།། རིགས་གསུམ་འཕེལ ་དང་སྲིད་གསུམ་མཐར་ཕྱིན་དང་།། ཉེས་པ་གསུམ་སྤངས་ལམ་གསུམ་ཐུགས་སུ་ཆུད།། དེ་ཡི་སྲས་དང་དེའི་རྗེས་འགྲོ་བའི།། ལྷ་དང་ལྷ་མིན་སོགས་པས་བཤད་པའི་སྔགས།། བདག་ཉིད་ཆེན་པོ་མུན ་པ་སེལ་བ་ཡི།། གསང་སྔགས་ཀྱིས་ནི་བྱིན་གྱིས་བརླབས་དེ་ལ།། འཇིག་རྟེན་ལྷ་ཆོས་རྣམས་ཀྱིས་བསྔགས་པ་ཡིས།། གསང་སྔགས་མཐུ་ཡིས་དེ་ལ་སྐྱོབ་མི་ནུས།། རྡོ་རྗེ་འཆང་གི་གསུང་ཐོས་ལྷ་རྣམས ་དང་རྔ་ཚངས་སོགས་ལྷ་མིན་གནོད་སྦྱིན་གྲུབ་པ་དང་།། རིག་འཛིན་ཀླུ་དང་གནོད་སྦྱིན་གྲབ་པ་དང་།། རིན་ཆེན་རིག་འཛིན་ཀླུ་དང་གནོད་པོ་དྲི་ཟ་དང་།། གསང་བ་པོ་དང་ཚུན་དང་འབྱུང་པོ་དང་།། དད ་བས་ཞབས་ལ་མགོ་བོས་ཕྱག་བྱས་ཏེ།། གུས་པར་ཐལ་མོ་སྦྱར་བས་ཚིག་གསོལ་པ།། ཀྱེ་མ་ཧོ་སྲོག་ཆགས་རྣམས་ལ་ཐུགས་རྗེ་ལྡན།། ཀྱེ་མའོ་ཁྱོད་ཀྱི་སྤྱོད་པ་མཐའ་ཡས་པ།། ཁ་ཅིག་གིས ་ནི་རྡོ་རྗེ་འབར་བར་མཐོང་།། གཞན་གྱིས་དབྱུག་ཐོ་གཞན་གྱིས་འཁོར་ལོ་ཅན།། དེ་བཞིན་གཞན་གྱིས་གསུམ་ཞགས་པར་བཅས།། གཞན་གྱིས་རལ་གྲི་གཞུ་དང་བེ་ཅོན་དང་།། འཇིགས་པའི ་གཟུགས་ཅན་མཚོན་ཆ་ཀུན་ཐོགས་ནས།། གཞན་དག་གིས་ནི་ཞི་བ་ཉིད་དུ་མཐོང་།། དུ་མིའི་སྐུ་མངའ་དམིགས་མེད་སྐུ་མངའ་བར།། ལྷ་དང་ལྷ་མིན་གྱིས་མཐོང་དེ་ལ་འདུད།། ་ལྷ་མིན་ལྷ་ཡིས་ཞབས་ལ་ཕྱག་བགྱིས་པ།། བྱང་ཆུབ་སེམས་དཔའ་མཆོག་རབ་ཁྱོད་ལ་འདད།། རིགས་སྔགས་གཞ་འགྱེངས་ཁྱོད་ལ་ཕྱག་འཚལ་འདད།། ཁྱོད་ལ་བདག་ཅག་དེང་ནི་སྐབསུ་མཆི།། ་ཁྱོད་ཀྱིས་ཇི་སྐད་གསུངས་དེ་བཞིན་དུ།། མིས་ནི་ལེགས་པར་སྤྲད་པས་བགྱིས་ནས་སུ།། དེ་དག་མྱུར་དུ་དབུལ་བའི་མུན་བསལ་ནས།། ཉི་མས་བཞིན་དུ་ཤིན་དུ་འབར་བར་འགྱུར།། ཡན་ལག ་མི་ཉམས་སེམས་ཀྱང་མི་ཉམས་ཤིང་།། ནད་དང་སྡུག་བསྔལ་ལུས་ཉམས་མི་འགྱུར་བ།། ཁྱོད་ལ་དད་པ་ཡིས་ནི་ཐོབ་པར་འགྱུར།། དེ་སྐད་ཅེས་ནི་ཚིག་ཏུ་སྨྲས་ནས་ཀྱང་།། རྡོ་རྗེ་འཛིན་ལ་ཡང ་ཡང་ཕྱག་འཚལ་ཏེ།། གཞལ་མེད་ཐེག་པར་མངོན་པར་ཞགས་ནས་ཀྱང་།། ཇི་ལྟར་འོངས་པའི་ནམ་མཁའི་ལམ་དུ་ནས་དོང་།། ལྷ་རྣམས་དོང་ནས་ཕྱག་ན་རྡོ་རྗེ་ཡིས།། དཔུང་བཟངས་ལ་ནི ་ཚིག་ཏུ་ཡང་གསུངས་པ།། ལྷ་རྣམས་ཀུན་གྱིས་མདོ་འདི་ཤེས་ཟིན་གྱིས།། ཁྱོད་ཀྱིས་འཇིག་རྟེན་འདིར་ནི་གྲགས་པར་གྱིས།། དེ་སྐད་གསུངས་ནས་དཔུང་བཟངས་དེ་ཡིས་ནི།། ལངས་ཏེ་གུས ་པར་རབ་ཏུ་ཕྱག་འཚལ་ནས།། གཙང་བྱེད་སྡིག་འཇོམས་དཔལ་དང་ལྡན་པ་འདི།། མི་ཡི་འཇིག་རྟེན་དག་ཏུ་གྲགས་པར་བགྱི།། འཕགས་པ་དཔུང་བཟངས་ཀྱི་ཞེས་པའི་ལེའུ་སྟེ་བཅུག་པའོ།། ་། འཕགས་པ་དཔུང་བཟངས་ཀྱིས་ཞུས་པའི་རྒྱུད་རྫོགས་སྷོ།། ། རྒྱ་གར་མཁན་པོ་ཆེན་པོ་གྲུབ་པ་བརྙེས་པ་སངས་རྒྱས་གསང་བ་དང་།། ལོཙྪ་བ་མཁས་པ་ཆེན ་པ་དངས་མཉྫུ་ཤྲཱི་ཝརྨས་ཞུས་ཤིང་བསྒྱུར་བའོ།། @། དགེའོ།། ་། མཾ་གཱ་ལ་བྷི་ཏོ།། @་། སརྦ་མངྒ་ལཾ།། ་