CLOSE WINDOW

F492: bcom ldan 'das phyag na rdo rje gos sngon po can gyi rgyud ces bya ba
Wyliee-texts produced with BDRC’s OCR application

རྒྱུད་ཅེས་བྱ་བ་བཞུགས་སྷོ།། ་རྒྱ་གར་སྐད་དུ།། བྷ་ག་ཝན་ནི་ལཾ་བྷ་ར་དྷཱ་ར་བཛྲ་པཱ་ནི་ཏན་ཏྲམྦ།། བོད་སྐད་དུ།། བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཅེས་བྱ་བ། བེ་ཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ།། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ ་ལྡན་འདས་མི་བསྐྱོད་པ་རྡོ་རྗེ་རིགས་ཀྱི་སངས་རྒྱས་ལྕང་ལོ་ཅན་གྱི་ཕོ་བྲང་ན། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེའི་སྡེ་དང་། རྡོ་རྗེ ་ཀུན་འཛིན་དང་། རྡོ་རྗེ་འདུལ་བྱེད་དང་། རྡོ་རྗེ་མི་བཟད་འཇོམས་དང་། རྡོ་རྗེ་གདུག་པ་ཀུན་འདུལ་དང་། རྡོ་རྗེ་དབྱིངས་ལ་སོགས་པ་དང ་རྡོ་རྗེ་གནས་སློབ་པ་ལ་སོགས་པའི་འཁོར་བྱེ་བ་ཕྲག་སྙེད་རྣམས་དང་ཐབས་གཅིག་དུ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་ཐུགས་ཁར་ལན་གསུམ་གསོར་ཏེ། བཅོམ་ལྡན་འདས་ལན་གསུམ་བསྐོར་བ་བྱས་ནས་ཕྱག ་འཚལ་ཏེ། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་རྡོ་རྗེ་དེ་བཞིན་གཤེགས་པ ་རྡོ་རྗེ་འཛིན་པ་ཆེན་པོ་འབྱུང་པོ་ཀུན་འདུལ་བར་བྱེད་ཅིང་། ས་འོག་གི་གདུག་པ་ཀུན་འདུལ་བར་བྱེད་ཅིང་། རྡོ་རྗེ་ཀུན་འདུལ་བྱ་བའི་རྒྱུད་ཆེན་པོ་བཤད་དུ་གསོལ། རྡོ་རྗེ་འཛིན་པ་ཆེན ་པོ་བཤད་དུ་གསོལ། ཁྱབ་བདག་ཆེན་པོ་བཤད་དུ་གསོལ། གདུལ་བ་ཀུན་འདུལ་བར་བྱེད་པ་ཆེན་པོ་བཤད་དུ་གསོལ། མུན་པ་ཀུན་འཇོམས་ཆེན་པོ་བཤད་དུ་གསོལ ་ཞེས་ཕྱག་ན་རྡོ་རྗེས་གསོལ་བ་བཏབ་བོ།། དེ་སྐད་ཅེས་གསོལ་བ་དང་། བཅོམ་ལྡན་འདས་ཀྱིས་ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། རྡོ་རྗེ་ཆེན་པོ་གསང་བ་ཁྱོད་སེམས་ཅན་རྣམས་ཀྱི ་དོན་དུ་རྡོ་རྗེ་ཀུན་འདུལ་ཞེས་བྱ་བའི་རྒྱུད་ངན་ལ་ཞུས་པ་ལེག་སོ།། གསང་བའི་བདག་པོ་ལེག་སོ།། བྱང་ཆུབ་སེམས་དཔའ་ཆེན་པོ་ལེགས་སོ།། དེའི་ཕྱིར་ལག་ན་རྡོ་རྗེའི་རིག ་རྣམས་ཁྱེད་རྣམས་རྗེས་སུ་ཉོན་ལ་ཡིད་ལ་ཟུང་ཤིག། ངས་རྣམ་པར་བྱ་སྟེ་རྡོ་རྗེ་ས་འོག་འབྱུང་པོ་ཀུན་འཇོམས་རྡོ་རྗེ་ཞེས་བྱ་བའི་རྒྱུད་བཤད་ཀྱིས་རྗེསུ་བཟུང་ཤིག། དེ་སྐད་ཅེས ་བཀའ་སྩལ་ནས། བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཀུན་གྱི་ཏིང་ངེ་འཛིན་གྱི་ས་འོག་གི་གདོན་དང་འབྱུང་པོ་ཀུན་འཇོམས་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ།། བཅོམ ་ལྡན་འདས་ཏིང་ངེ་འཛིན་དེ་ལ་སྙོམས་པར་ཞུགས་མ་ཐག་ཏུ། བཅོམ་ལྡན་འདས་ཀྱི་སྐྲའི་བས་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་བོ་གདུག་པ་ཀུན་འདུལ་བར་བྱེད་པ་དེ་སྤྲོས་ཏེ། ་ས་འོག་ས་སྟེངས་ས་བླ་ཀུན་ཏ་གང་བར་བྱས་ཏེ།། ས་འོག་གི་ཀླུ་རྣམས་ཀྱི་གནས་གདོག་པའི་ཧེ་སྒྲས་ཀུན་ཏུ་གང་བར་བྱས་ནས།། ཀླུའི་རྒྱལ་པོ་བརྒྱད་པོ་འཁོར་བཏུལ་ཏེ། ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བཀུག་གོ། དེ་ནས་ཀླུའི་རྒྱལ་པོ་མཐའ་ཡས་པ་གདུག་པའི་སེམས་ལོངས་ཏེ་དབུགས་ཤིན་ཏུ་ཚ་བར་སེམས་པ་དེ་བཅོམ་ལྡན་འདས་ཀྱིས་མཁྱེན་ཏེ། ་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བྱིན་གྱིས་བརླབས་ནས་ཀླུ་ཐམས་ཅད་ཀྱི་ཞེ་སྡང་རབ་ཏུ་ཞི་བར་བྱེད་པ་ཞེས་སྔགས་འདི་གསུངས་སོ།། ཨོཾ་ནི་ལཾ་བཛྲ་ཀྲོ་དྷ་ན་ག་ཧཱུཾ་ཕཊ།། ཅེས་སྨྲས། ་དེ་ནས་ཀླ་མཐའ་ཡས་སེམས་རབ་ཏུ་ཞི་སྟེ།། བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་པས་ཀླུ་ཐམས་ཅད་སེམས་རབ་ཏུ་ཞིའོ།། དེ་ནས་མཐའ་ཡས་ལ་སོགས་པའི་ཀླུའི་རྒྱལ་པོ་ཆེན ་པོས་འོག་ན་བཞུགས་པ་རྣམས་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་དེ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཕྱི་མའི་དུས་སླད་མའི་ཚེ།། སེམས་ཅན་རྣམས ་ལ་ས་འོག་གདོན་རྣམས་ཀྱིས་རབ་ཏུ་གཅོད་ཅིང་།། དེ་དག་གི་གདུག་པ་ཞི་བར་བྱེད་པའི་ཆོ་ག་བཤད་དུ་གསོལ། ཏོ།། བདག་ཅག་ཀླུའི་རྒྱལ་པོ་རྣམས་དང་བདག་ཅག་གི་འཁོར ་@རྣམས་ཀྱི་སེམས་ཅན་ཆེན་པོ་དེ་ལ་བར་བཅད་དུ་མི་ནུས་པར་བཤད་དུ་གསོལ།། བདག་ཅག་ཀླུའི་རྒྱལ་པོ་རྣམས་ཀྱི་དོན་དུ་འགྱུར་བར་བཤད་དུ་གསོལ་ཞེས་གསོལ་བ ་བཏབ་པོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཀླུའི་རྒྱལ་པོ་ཆེན་པོ་རྣམས་ཅུང་ཟད་སྤྱན་གྱི་གཟིགས་ནས་བཀའ་སྩལ་པ།། ཀླུའི་རྒྱལ་པོ་དག་ལེགས་སོ།། ཞུ་བའི་དུས་ལ་བབ་བོ།། ་ངས་སེམས་ཅན་གྱི་དོན་དུ་རབ་ཏུ་ཕྱེ་སྟེ་བཤད་ཀྱིས་ཉོན་ཅིག། བཅོམ་ལྡན་འདས་ལེག་སོ་ཞེས་གསོལ་ཏེ། ཀླུ་རྣམས་ལྟར་ཉན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཀླུ་འདུལ་ཞེས་བྱ་བའི་ལེའུ ་འདི་བཤད་དོ།། ཧཱུཾ་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར།། རྡོ་རྗེ་འཛིན་ཆེན་སྟོན་པ་དེས།། ཉིད་ཀྱི་འཁོར་ལ་རབ་གཟིགས་ཏེ།། འོད་ཟེར་ཀུན་ཏུ་འབར་བཀྱི་ནས།། གདོན་རྣམས་བརླག་བྱེད་ཐབས ་གསུངས་པ།། དཀར་པོ་ཕྱོགས་ཀྱི་ཆོས་བརྒྱད་དང་།། དེ་བཞིན་བཅུ་བཞི་བཅཝོ་ལྔ་ལ།། རབ་ཏུ་དབེན་པའི་ས་ཕྱོགས་སུ།། ཕྱག་ན་རྡོ་རྗེ་རབ་ཁྲོས་པས།། གཞོན་ཚུལ་འགྱིང་བ་རབ་བསམས་ལ། ་རིན་ཆེན་སྣོད་དམ་ཁམ་པོར་རམ།། གསེར་ལ་སོགས་པའི་རིན་ཆེན་བདུན།། དག་པར་བཀྲུས་ཏེ་རབ་བཅུག་ནས།། གསང་བསྔགས་བརྒྱ་རྩ་བརྒྱད་ཟླས་ཏེ།། དཀོན་མཆོག་གསུམ་གྱི་བཀའ་བདེན ་བས། འབྱུང་བ་དེ་ལ་གཏོར་མ་སྨིན།། གང་གནས་བརྟེན་པར་རབ་སྦས་ནས།། འབྱུང་པོ་ཀུན་འདུལ་ཞི་བར་འགྱུར།། གང་ཞི་བས་མ་ཕན་ན།། དེ་ཚེ་གདུག་པའི་མཚོན་ཆེན་རྣམས།། རང ་གི་ཁང་པར་རབ་ཏུ་འབར།། སྡུག་བསྔལ་མི་བཟད་དྲག་པོ་སྐྱེ།། དེ་ཚེ་སྔོན་གྱི་སེམས་དྲན་པས།། ཞི་བར་འགྱུར་བ་ཐེ་ཚོམ་མེད།། དེ་ནས་འདིར་བཅོམ་ལྡན་འདས་ཀྱིས་ལས་ཀྱི་ལྷའི་ཆོ་ག་རབ ་ཏུ་གསུངས་པ། རྟག་ཏུ་བྱང་ཆུབ་སེམས་ཐོབ་ཅིང་།། དམ་ཚིག་སྡོམ་པ་ཀུན་ལྡན་པ།། ཁྲུས་ཀྱི་ལས་རྣམས་ཀུན་བྱས་ཏེ།། རྣམ་པར་དག་པའི་ས་བཞི་དང་།། དཀྱིལ་འཁོར་ཇི་ལྟར་མཛེས་པ་བྱ། ་ཧཱུཾ་ཡིག་ལས་བྱང་ལྕགས་ཀྱུ་ཡིས།། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས།། སྐ་ཅིག་མདུན་སོགས་མཆོད་པ་བྱ།། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་ས་བྷ་བ་ཨད་མ་ཀོ་ཧཾ། སྟོང་པའི་ཏིང་འཛིན་རྣམས ་སྒོམ་མོ།། ནི་མཁའི་མཁམ་སུ་ཨ་དང་ནི།། ཟླ་བ་དང་པོ་ཡི་གེ་ཧཱུཾ།། འོད་ཟེར་རབ་ཏུ་འབར་བ་སྒོམ།། འགྲོ་དྲག་ཉོན་མོངས་ཀུན་སྤངས་ཏེ།། རྣམ་གྲོལ་ས་ལ་ངེས་བཀོད་ནས།། འོད་བསྡུས་ཧཱུཾ་གི ་རྣམ་པར་བསམ།། དེ་ཉིད་རྡོ་རྗེ་རྩེ་ལྔ་ཅན།། འོད་ཟེར་ཕྲེང་བ་ཕྲོ་བར་བསམ།། དེའི་འོད་ཀྱིས་སེམས་ཅན་རྣམས།། རྡོ་རྗེའི་ངོ་བོར་ཐིམ་པར་བྱ།། དེ་ལས་ཁྲོ་བོ་ཆེན་པོའི་སྐུ།། སྐུ་མདོག་སྔོན ་བོ་ཆེར་འབར་བ།། གཡོན་བརྐྱང་ན་ཆོད་བཅུ་དྲུག་པ།། མཐའ་ཡས་ལ་སོགས་བརྒྱད་ཀྱིས་བརྒྱན།། སྐུ་མདོག་ནག་པོའི་གཟུགས་ཅན་ཏེ།། ཞལ་གཅིག་ཕྱག་གཉིས་རྡོ་རྗེ་བསྣམས།། ན ་བཟའ་སྔོན་པོའི་ཟེ་འཇོལ་ཅན།། སྤྱན་གསུམ་དམར་མཛེས་གྱེན་དུ་འཁྱིལ།། རལ་བ་གྱེན་བརྫེས་རྡོ་རྗེ་ཡི།། དབུ་བརྒྱན་ཅན་དུ་བསམ་པར་བྱའོ།། དེ་ནས་ཡེ་ཤེས་ཁྲོ་བོ་ཆེ།། སྨན་གསུམ་ཛ ་ཧཱུཾ་བཾ་ཧོས་བཞུགས།། མགོ་དང་སྙིང་ཁ་ལྐོག་མ་རུ།། ཨོཾ་ཨཿཧཱུཾ་གི་རྣམ་པ་ཅན།། ཡི་གེ་བཅུ་གསུམ་སྔགས་ཀྱིས་བརྒྱན།། འཁོར་བད་མ་རྡོ་རྗེ་བསམ། ་བསྐྱོད་རྡོ་རྗེ་དབང་བསྐུར་ཏེ།། ཀུན་འཇོམས་རྣམས་པར་དག་པར་བསམ།། དེ་ནས་བཅོམ་ལྡན་འདས་ཀྱིས་འདིའི་རྩ་བའི་སྔགས་ལས་ཐམས་ཅད་པ་གསུངས་པ། ཨོཾ་ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི ་ཧཱུཾ་ཕཊ།། ཞེས་རབ་ཏུ་བརྗོད་པར་བྱའོ།། སྔགས་ཀྱི་ཕྲེང་བ་དེ་དག་ཀྱང་།། ཞི་ལ་རབ་དཀར་དབང་ལ་དམར།། རྒྱས་ལ་སེར་པོ་དབང་ལ་ནག། རྟོག་པ་ཀུན་ཏུ་སྤངས་ལ་བཟླས།། སྤྲོ་དང ་བསྡུ་བའི་བྱེ་བྲག་གིས།། ཇི་ལྟར་མོས་པའི་བསམ་གཏན་བྱ།། ཕྱག་ན་རྡོ་རྗེ་ཁྲོ་བ་རྒྱལ་གྱིས།། དགེ་བ་ཀུན་ཡིད་འདི་ལ།། གང་བརྩོན་ཟློས་པ་ཕན་ཡིན་ནོ།། ཀུན་ཏུ་རབ་ཏུ་དགའ་སོགས་དག ་མི་སྣང་ལ་སོགས་རབ་ཏུ་གྲག།། ཀུན་རྟེན་རབ་ཏུ་སྤྱན་དགེ་ཅན།། རྟེན་ཅན་སྦྱོར་བ་རབ་ཏུ་དབེན།། དངོས་གྲུབ་མཆོག་ཏུ་རབ་ཏུ་འགྲུབ།། དཔལ་རྡོ་རྗེས་འོག་གི་རྒྱུད་ལས།། སྒྲུབ་པ་དང་ལྷའི ་ལེའུ་སྟེ་དང་པོའོ།། ། དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་སྟོན་པ ་རྡོ་རྗེ་འཛིན།། བར་ཆོད་ཞི་བྱེད་གཏོར་མ་ཡི།། ཆོ་ག་མཆོག་ནི་བཤད་དུ་གསོལ།། སེམས་ཅན་དོན་དུ་བརྩོན་ལྡན་གྱི།། ཞེས་གསོལ་ཏོ།། དེ་ནས་བཅོམ་ལྡན་འདས་བཀའ་སྩལ་པ། ལེགསོ ་རྡོ་རྗེ་འཆང་བའི་གཙོ།། བར་ཆད་ཞི་བའི་ཆོ་ག་དང་།། དངོས་གྲུབ་ཐབས་ཀྱི་ཆོ་ག་ནི།། གཏོར་མ་ཀུན་གྱི་གཏེར་གྱུར་བཤད།། རབ་ཏུ་མཛེས་མའི་སྣོད་མཆོག་ཏུ།། བཟའ་དང་བཅའ་ལ་སོགས། ་པ་ཡི།། ཕུན་སུམ་ཚོགས་པ་རབ་ཏུ་བྱ།། སྟོང་པའི་ཏིང་འཛིན་སྔོན་འགྲོ་བས།། བྷཾ་ལས་མཛེས་པའི་སྣོད་བསྐྱེད་དོ།། ཁམས་ལས་ཁ་ཟས་ན་མཁའི་ཚད།། མཉམ་པར་བསམ་ཏེ་སྔགས་འདི ་བརྗོད།། ཨོཾ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཨདྱ་ནད་པན་ནད་ཏ་ཨོཾ་ཨཱཿཧཱུཾ་སྭཱ་ཧཱ།། ཞེས་བརྗོད་དེ། བདུད་རྩིར་བསམས་ཏེ་རབ་ཏུ་སྤེལ།། སྤེལ་བ་གཉིས་ཀྱིས་རྣམ་པར་བྱ།། ནམ་མཁར་ཧྲི་ལས ་པད་མ་བརྒྱད།། དཔག་ཏུ་མེད་པ་བསམ་བྱ་སྟེ།། གཙོ་བོ་མགོན་པ་རྣམས་ཐོས་བུ།། གནོད་སྦྱིན་བྱི་བའི་ཚོགས་ཀྱིས་བསྐོར།། ཀླུ་བརྒྱད་ཀྱིས་མཆོད་སྤྱན་དྲང་བྱ།། གནོད་སྦྱིན་རྒྱལ་པོ་དེ་དག ་ལཿརྨུགས་འཛིན་གང་བ་བཟང་པོ་དང་།། ནོར་བཟང་ཀུ་བེ་ར་དང་ནི།། ཡང་དག་བྲོག་གནས་ལྔ་རྩེན་དང་།། པིན་རྩི་ཀན་དྷ་ལི་དང་ནི།། འཁོར་གྱི་ཚུལ་གྱིས་གཙོ་ལ་བསྐོར།། ཕྱོགས་དང ་འཚམས་སུ་བསམ་པར་བྱ།། དབྱེ་བའི་འཁོར་ཚོགས་ཐུན་མོང་ཡིན།། ཀླུ་བརྒྱད་མཆོད་སྦྱིནའོ།། དེ་ནས་ལྕགས་ཀྱུས་སྤྱན་དྲང་ངོ་།། མ་བྲམ་གཙོ་དང་ལྕགས་ཀྱུ་འོང་།། བཞོན་པ་སེང་གེ ་རྟའི་ཚོགས།། ཀུན་ཀྱང་ཞལ་གཅིག་ཕྱག་གཉིས་པ།། རིན་ཆེན་འབར་བ་རྒྱལ་མཚན་དང་།། ནོར་བུ་རིན་ཆེན་བུམ་པ་དང་།། རིན་ཆེན་འབར་བ་རལ་གྲི་དང་།། གྲི་མདུང་ཁང་བརྩེགས། ་རལ་ཕུག། མཚོན་ཆ་སྣ་ཚོགས་འཆར་བར་སྒོམ།། སྤྱན་འདྲེན་ཚེན་རྔ་སོགས་དང་།། རིན་ཆེན་འབར་བ་རྒྱལ་མཚན་དང་།། དུང་ཆེན་འབྲས ་ལ་སོགས་ན་བརྟུལ།། ཨོཾ་བྷཻ་དྷི་ཤ་ར་མ་ན་ས་པ་རི་ཝ་རེ་པ་ཏྲ་ས་མ་ཡ་ཛ་ཛ་ཧཱུཾ་བཾ་ཧོ་ཨ་བྷེ་ཤ་སྭཱ་ཧཱ། ཨོཾ་བྷཻ་ཤྲ་བེ་ཨ་ཀར་ཤ་ཡ་ཧཱུཾ་ཛ་ཞེས་པས་སྤྱན་དྲང་བའི་སྔགས་སོ།། ཨོཾ་ཨ་མྲི་ཏ ་ཀུན་དྷ་ལི་ཧཱ་ན་ཧ་ན་ཧཱུཾ་ཕཊ། ཞེས་པ་ནི་བགེགས་སྐུད་པའི་སྔགས་སོ།། དེ་ནས་མེ་ཏོག་ལ་སོགས་པས།། མཆོད་པ་དག་ནི་ན་མཁའ་རུ།། རབ་ཏུ་མཆོད་དེ་སྤྲོ་བར་བྱ།། ཨོཾ་ནི་ལཾ་བྷ ་ར་དྷ་ར་བཛྲ་པཱ་ཎི་ཨེ་དཱ་མ་པ་ཡ་ཏི། ཨཱི་མཾ་བྷ་ལ་གཱི་ཧཱི་ན་དུ་ས་མ་ཡ་རཀྵན་ད། མ་མ་སིད་དྷི་མེ་པྲདྦད་ཙ་ད་མ་མ་ཀ་ར་ས་ཏ་སྭཱ་ཧཱ། ཨོཾ་བྷེ་ཤ་བ་ན་ཡེ་སྭཱ་ཧཱ། ཨོཾ་ཛ་པ་ནི་ཡེ་སཱ་ཧ། ཨོཾ་མ་ཎི ་བ་དྲ་ཡེ་སྭཱ་ཧཱ། ཨོཾ་པུརྞ་བད་དྲ་ཡེ་སྭཱ་ཧཱ། ཨོཾ་ཀུ་བཻ་ར་ཡེ་སྭཱ་ཧཱ། ཨོཾ་སཾ་པྲ་ཛ་ན་ཡེ་སྭཱ་ཧཱ། ཨོཾ་གྷ་ཧ་ཏ་ཡེ་སྭཱ་ཧཱ། ཨོཾ་ཨཱཾ་བིན་ཙི་ཀ་ཡེ་སྭཱ་ཧཱ། ཨོཾ་བིན་ཙི་ཀུན་དྷ་ལི་ཡེ་སྭཱ་ཧཱ། གཏོར་མ་དབུལ ་བའི་སྔགས་སོ།། དེ་མཆོད་དེ་འགྲོན་རྣམས་བཏང་།། འོད་ཟེར་ལྕགས་ཀྱུ་བཀྲོལ་ནས་སུ།། བཀྲོལ་བའི་དུས་སུ་གཤེགས་དང་མཉམ།། མཉམ་མངས་སྤྱོད་པའི་ཆོ་ག་བྱའོ།། ་རྡོ་རྗེ་ས་འོག་གི་རྒྱད་ལས་གཏོར་མའི་ལེའུ་སྟེ་གཉིས་པའོ།། ། དེ་ནས་ཡང་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་པའི་དངོས་གྲུབ་སྒྲུབ་པར་འདོད་པའི ་དོན་དུ་འཇིག་རྟེན་པའི་འཁོར་ལོ་ཀུན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞགས་ནས།། སྐུའི་བ་སྒྲ་ནས་འོད་ཟེར་སྤྲོས་པས་རྣམ་ཐོས་སྲས་འཁོར་བཅས་ཀྱི་ཐུགས ་བསྐལ་ནས་འཁོར་དེར་འདུས་ཏེ།། བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ། རིན་པོ་ཆེའི་ཕྱེ་མས་གཏོར་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ནི་ཆོས་སྐྱེ ་བིའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་ཞེས་བགྱི་བ་ལགས་ཏེ། བདག་གི་ཆོས་ལྡན་པ་རྣམས་ཀྱི་ཆོས་བསྲུང་ཞིང་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར།། བདག་ཉིད་ཀྱི་གསང་བ་བཤད་ན། ་བཅོམ་ལྡན་འདས་ཀྱི་བསྐབས་དབྱེ་བར་ཅི་གནང་ཞེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་ལེགས་སོ་རང་གི་གསང་བ་ལེགས་པར་ཤོད ་ཅིག། ངས་ཀྱང་ཡི་རང་ཞིང་བྱིན་གྱིས་བརླབས་པར་བྱའོ།། རྡོ་རྗེ་འཆང་ཀུན་གྱིས་ཀྱང་བརློབ་པར་འགྱུར་གྱིས།། ཁྱོད་ཀྱི་ལེགས་པར་སྨྲོས་ཤིག་བཀའ་སྩོལ་ཏོ།། དེ་ནས ་རྣམ་ཐོས་ཀྱིས་བུ་རང་གི་བསྟན་ལས་ལངས་ཏེ། བཅོམ་ལྡན་འདས་ལ་ཕྱག་འཚལ་ནས་རང་གི་རིག་པ་འདི་སྨྲས་སོ།། ཨོཾ་པྲ་ཤ་བ་ན་ཡེ་ཧཱུཾ་ཧཱུཾ་པ་ཙ་བ་ཙ་ཆེན་དྷ་ཚིན་དྷ་སྭཱ་ཧཱ། ་ཞེས་བརྗོད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་གི་སྔགས་འདིའི་བསྒྲུབ་པ་ནི་འདི་ལགས་ཏེ།། གང་ཞིག་བདག་སྒྲུབ་པར། ་འདོད་པ་དེས།། དུས་དུས་སུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་བདག་འཁོར་དང་བཅས་པ་མཆོད་ལ། སེམས་རྩེ་གཅིག་དང་ལྡན་པས་དབེན་པ་འདུག ་སྟེ། བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་སྒོམ་པ་པོས་བདག་གི་སྔགས་དེ་ཁྲི་ཕྲག་གཅིག་ཟླས་ན། དེ་ནས་ལས་རྣམས་སྒྲུབ་པར་བྱའོ།། དེ་ནས་སྒྲུབ་པ་དང་བདག་གི་ལས་སྒྲུབ་པ་པོ་དེས ་བདག་འཁོར་དང་བཅས་པ་ལ་གཏོར་མ་དང་མཆོད་པ་རྒྱ་ཆེན་པོས་མཆོད་པར་བྱའོ།། དེ་ལ་བདག་དང་བདག་གི་འཁོར་རྣམས་ལ་གཏོར་མི་དབུལ་བའི་སྔགས་ནི་འདི་རྣམས་ཡིན།། ་ཨོཾ་བྷཻ་ཤ་ན་པ་ན་ཡེ་སྭཱ་ཧཱ། ཨོཾ་ཛ་བ་ནི་ཡེ་སྭཱ་ཧཱ། ཨོཾ་མ་ཎི་བྷ་ད་དྲ་ཡེ་སྭཱ་ཧཱ། ཨོཾ་པུརྣ་བྷ་ད་དྲ་ཡེ་སྭཱ་ཧཱ། ཨོཾ་ཀུ་བེ་ར་ཡེ་སྭཱ་ཧཱ། ཨོཾ་སཾ་པྲ་ཛ་ཡེ་སྭཱ་ཧཱ། ཨོཾ་གྷ་ཧ་ཏ་ན་ཡེ་སྭཱ་ཧཱ། ཨོཾ་བིན་ཛི་ཀ་ཡེ ་སྭཱ་ཧཱ། ཨོཾ་པིན་ཙི་ཀུནེ་དྷ་ལི་ཡེ་སྭཱ་ཧཱ། ཞེས་པའི་སྔགས་དེ་རྣམས་ནི་བདག་གི་འཁོར་དང་བཅས་པ་མཆོད་པ་དང་གཏོར་མ་སྦྱིན་པའི་སྔགས་གཉིས་སུ་ཤེས་པར་བྱའོ།། དེ་ནས་བདག་གི་ལས ་བསྒྲུབ་པ་ནི་བདག་གིས་བཤད་ཀྱིས་བཅོམ་ལྡན་འདས་ཀྱིས་བྱིན་གྱི་བརླབ་ཏུ་གསོལ།། འདིའི་ལས་བཤད་པ་ནི།། གང་ཟག་གང་ཞིག་བསྒྲུབ་འདོད་པས།། བསད་དང་སྦྱིན་བསྲེག་གནན ་བ་གསུམ།། རིམ་པ་བཞིན་ཤེས་པར་བྱ།། སྒྲུབ་བྱ་བསྟན་ལ་སྡང་བ་རྣམས།། པྲ་ཚིལ་ལ་སོགས་གཟུགས་བྱེད་ལ།། དགུག་དང་བཞིག་ལ་སོགས་པ་བྱ།། ཡིག་འབྲུ་བཅཝོ་བརྒྱད་སྡོག ་ཀྱིས་ནི།། དུས་གསུམ་པར་རབ་བྱམ་ན།། འབྲལ་དུ་ཡིད་ཅེས་འཇོག་པ་སྟེ།། བསྒྲུབ་བུ་གསོད་པར་ཐེ་ཚོམ་མེད།། གལ་ཏེ་སྦྱིན་པསྲེག་བྱེད་པ་ན།། ནི་རྒྱས་དབང་དང་མངོན་སྤྱོད་ལས། ་འདིར་ནི་དྲག་པོས་བསྒྲལ་བར་བྱ།། ནར་མར་ཚལ་རབ་བསྲེག་བྱ།། ཐབ་ཁུང་རབ་དེང་འབྲིང་ཐ་མ།། རབ་ནི་ཐོ་གསུམ་འབྲིང་གིས་དོ།། ཐ་མས་ཐོ་གང་ཚད་དུ་བྱ།། བུད་ཤིང་ཚེར་མ་ཅན ་དག་གིས།། ཀུན་ཏུ་རབ་ཏུ་དྲག་པོ་བསྒྲུབ།། བག་ཟན་ཡུངས་ཀར་རབ་བསྲེག་ཅིང་།། སྡང་བའི་ལུས་ངག་ཡིད་གསུམ་རྣམས།། རྫས་ལ་བསྟིམ་ལ་སྦྱིན་པ་སྲོག་བྱ།། འཁོར་བཅས་གནོད ་སྤྲིན་མེར་བསམ་སྟེ།། བསྲེག་པའི་རྫས་ཀྱིས་མཆོད་པ་འམ།། ལས་མེ་གནོད་སྦྱིན་རྫས་ཀྱིས་བྲབ།། གང་ལྟར་བྱས་ཀྱང་གྲུབ་པར་འགྱུར།། དེ་ཙེ་བསྟོད་པ་འདིས་ཀྱང་ནི།། རྩེ་གཅིག ་སེམས་ཀྱིས་བསྟོད་པར་བྱ།། ཧཱུཾ་ཀུན་ཏུ་མི་བཟད་གནོད་སྦྱིན་མཚོགས།། གདུག་པོ་དཔལ་ཚ་རབ་ཏུ་འཇིགས།། ཁྲོ་བོ་རྔམ་པོ་ཆེར་སྒྲོགས་པ།། འཁོར་བཅས་རྣམས་ལ་ཕྱག་འཚལ་ལོ།། ་ཨོཾ་བྷཾ་ཤ་པུསྨེ་ཧཱུཾ་སྭཱ་ཧཱ། ཨོཾ་བྷཻ་ཤ་དྷ་པེ་ཧཱུཾ་སྭཱ་ཧཱ། ཨོཾ་བྷཾ་ཤ་དཻ་པེ་ཧཱུཾ་སྭཱ་ཧ། ཨོཾ་བྷཻ་ཤ་གཱན་ཌི་ཧཱུཾ་སྭཱ་ཧཱ། ཨོཾ་བྷཻ་ཤ་ནེ་ཝེ་ཏེ་ཧཱུཾ་སྭཱ་ཧཱ། གཙོ་བོ་མཆོད་སྦྱིན་འཁོར་ཀྱང་མཆོད།། དེ་ནས་རིམ་པས་བསྲེག ་པ་ནིཿགསང་སྔགས་ཀུན་ཏུ་སྤེལ་ཏི་བཟླས།། སྤྲོས་དང་བསྡུ་བ་ཀུན་གྱི་ཐུན་མོང་ཡིན།། ཨོཾ་བྷི་ཤ་བ་ཤ་ཆེ་གེ་མོ་མ་ར་ཡ་ཕཊ་སྭཱ་ཧཱ། གཙོ་བོར་ཇི་ལྟར་འཁོར་ཀྱང་སྟེ།། རང་གི་རིག་པས ་ལེ་བྱེད་ཀུན ་མཆོད་པར་བྱ།། རིག་པ་ཀུན་ཏུ་བརྟེན་བྱས་ན།། རྡུལ་བྲན་བཞིན་དུ་བརླག་པར་བསམ།། ཕྲིན་ལས་བཅོལ་བའི་གཏོར་མ་བཏང་།། གཏོར་དང་གཏོར། ་མའི་རིམ་པ་ནི།། གོ་རིམས་བཞིན་དུ་དབུལ་བར་བྱ།། ཞི་བྱའི་ལས་ཀྱི་རིམ་པ་ནི།། ཐབ་ཁུང་ཐོ་གང་ཚད་ཉིད་ལས།། བསྲེག་རྫས་ལ་སོགས་རབ་ཏུ་དབུལ།། ལུས་ངག་ཡིད་གསུམ ་སྡིག་བཅོམ་ནས།། ཡེ་ཤེས་མེ་ཡི་ངོ་བོར་བྱ།། སྣོད་དང་ཐབ་ནི་དོར་བར་བྱ།། དེ་ནི་སྣོད་རྣམས་ཀུན་བསྲེག་ཅིང་།། བགེགས་ཆེན་ཞི་བའི་ལས་ཀྱང་བྱ།། རྒྱས་དང་དབང་དུ་བྱ་བ་ལ། ་ལས་དང་བྱེ་བྲག་རིམ་པ་རྣམས།། སྔར་བཤད་པ་ཡི་ལས་བཞིན་དུ།། ཐབ་དབྱིབས་བྱེ་བྲག་ཤེས་པར་བྱ།། སེར་དང་དམར་བའི་བུད་ཤིང་སོགས།། རིམ་པ་རྫས་ལྡན་དབུལ་བཱ་བྱ།། ་ཨོཾ་བྷཻ་ཤ་བ་ན་ཡེ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷེ་ཤ་བ་ན་ཡེ་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ། ཨོཾ་བྷེ་ཤ་བ་ན་ཤན་ཏིང་ཀུ་རུ་ཡེ་སྭཱཧཱ། གཙོ་བོ་ཇི་བཞིན་འཁོར་བཅས་ནི།། རིམ་པའི་རྫས་ཀྱིས་མཆོད ་བར་བྱ།། བསྲེག་པའི་རྫས་ནི་བག་ཟན་དང་།། ཡུངས་ཀར་དམར་སོགས་རིམས་པས་མཆོད།། ཕྲིན་ལས་རྣམ་བཞི་ཀུན་འགྲུབ་སྟེ།། བརྩེ་བར་བརྩོན་པས་ཉེ་བར་འགྲུབ།། འབྲིང་དང ་ཐམས་འབྲི་དང་ནི།། ཐ་མ་ཉིད་དུ་ཤེས་པར་བྱ།། དེ་ནས་བཅོམ་ལྡན་འདས་ལ་རྒྱལ་པོ་རྣམ་ཐོས་ཀྱི་བུ་འཁོར་དང་བཅས་པ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས ་བདག་ཅག་རྣམས་ཀྱིས་བཤད་པའི་ལས་འདི་རྣམས་བསྒྲུབ་པ་དེས་དུས་རྒྱུན་དུ་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་དང་། གནོད་སྦྱིན་རྣམས་ལ་ཟས་དཀར་གསུམ་གྱིས་མཆོད་པ་བྱའོ།། ་ཆང་ཀུན་ཏུ་སྤང་བར་བྱའོ།། ཤ་རྣམས་ནི་འོས་པ་དང་ཤིས་པས་དྲང་བར་བྱའོ།། དེ་ལྟར་རྩེ་གཅིག་གིས་བདག་ཅག་སྒྲུབ་པ་དེ་རྣམས་ཀྱི་ཕྲིན་ལས་ཇི་ལྟར་འཚལ་བ་བཞིན་དུ་བདག་ཅག ་གིས་མ་སྒྲུབས་ན། བདག་ཅག་གིས་བཅོམ་ལྡན་འདས་ལ་འཁུས་པར་གྱུར་ཅིག། བདག་ཅག་གིས་ཆོས་མ་སྦྱངས་པར་བྱས་པ་ཡིན་ནོ།། དེ་ལས་བདག་གིས་བྲེ་ཚིག་ནི་འདི་ཡིནོ།། ། ་ཨོཾ་བྷཻ་ཤེ་ཨརྠ་ཁས་ཐབ་ཞེས་པའོ།། ཤིན་ཏུ་རབ་ཏུ་ལེགས་ཅིག། མ་འོངས་པའི་གང་ཟག་གི་དོན་དུ་རང་གི་གསང་བ་སྨྲས་པ་ནི་དོན་ཆེན་པོ་དང་ལྡན་ནོ།། ངས་ཀྱང་དེ་ནམས་ཀྱི་དེས ་པར་འགྲུབ་པར་བྱའི་ཕྱིར། སྔགས་བཤད་ཀྱིས་ཉོན་ཅིག། བཅོམ་ལྡན་འདས་ལ་ལེགས་སོ་ཞེས་རྣམ་ཐོས་ཀྱི་བུ་ལ་སོགས་པ་རྣམས་ལྟར་ཉན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱིས ་བཀའ་སྩལ་པ།། སཽ་བཛྲ་པཱ་ཎི་ལཾ་བྷ་ར་དྷ་ར་བཛྲ་སྥོ་ཏ་ཧཱུཾ་ཕཊ། རིག་པ་དེ་ནི་ལས་ཐམས་ཅད་དབང་དུ་བྱ་བའི་སྔགསོ།། རྣམ་ཐོས་ཀྱི་བུ་ཆེན་པོ་ཇི་ལྟར་ཁས་བླངས་པ་ལྟར་གསང ་བ་དང་ལྡན་པར་བྱེད་པའོ།། དེ་བཞིན་དུ་གྱུར་ཞེས་ནས་གནོད་སྦྱིན་རྣམས་མི་སྣང་བར་གྱུར་ཏོ།། རྡོ་རྗེས་འོག་གི་རྒྱུད་ལས་རྣམ་ཐོས་སྲས་ཀྱི་ལེའུ་སྟེ་གསུམ་པོ། ་། དེ་ནས་ཡང་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་མ་འོངས་པའི་སེམས་ཅན་རྣམས་ཀྱི ་དོན་དུ་གདུག་པ་ཅན་བསྐྲད་པའི་འཁོར་ལོ་བཤད་གསོལ་ཞེས་གསོལ་བ་བཏབ་པོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཅང་བུར་ཐུགས་ཀྱིས་གནང་ནས།། རང་གི་ཐུགས་ཁ་ནས ་འོད་ཟེར་ཀུན་ཏུ་ཁྱབ་པ་འཕྲོས་ཏེ།། སེམས་ཅན་ཐམས་ཅད་བྱམས་པས་ཁྱབ་པར་མཛད་ནས། ལག་ན་རྡོ་རྗེ་ལ་བཀའ་སྩལ་པ། ལག་ན་རྡོ་རྗེ་ངས་བགེགས་ལ་བསྣུན་པའི་འཁོར་ལོ ་བཤད་ཀྱིས་ཁྱོད་རྩེ་གཅིག་དུ་ཉོན་ཅིག། དེ་ལྟར་འཚལོ་ཞེས་པ་ལྟར་མཉན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། གང་ཞིག་འཁོར་ལོ་བྱེད་འདོད་པས། ཉམས་དགའ ་དབེན་པའི་ས་ཕྱོགས།། ཕྱག་ན་རྡོ་རྗེའི་རྣལ་འབྱོར་བྱ།། སྣོད་བཅུད་རྡོ་རྗེ་གཏུམ་པོར་སྒོམ།། རླུང་ནས་རི་རབ་མཐར་ཐུག་པར།། རྡལ་སྙེད་གྲངས་ཀྱི་སྐ་རུ་སྒོམ།། དབུས་ན་ཕྱག་རྡོར ་ཞབས་ཀྱིས་རྡབས།། སྟོང་གསུམ་ཆད་ཀྱི་ཟླ་བ་ལ།། བགེགས་ཆེན་ཀུན་ཏུ་འབར་བསྒོམ།། སྐུ་ལ་ཉི་མ་སྟོང་ལྡན་པའི།། གཟི་བརྗིད་བཟོད་དཀའ་འོད་ཟེར་གྱིས།། བགེགས་རྣམས་པ ་ལུས་ཚིག་པར་སྒོམ།། རྒྱུན་དུ་བྱས་པའི་ཀླུ་བརྒྱད་ཀྱིས།། ཁ་རླངས་ཆེན་པོ་རབ་བཏང་བས།། ལྟེ་ཀླུ་ཐམས་ཅད་སྐྲག་པར་བྱེད།། ཐུགས་ལ་ཁྲོ་སྤྲོས་དེ་དག་གིས།། བསྐལ་པའི་རླུངས ་ཡང་འཐོར་བར་བསམ།། ཕྱག་གི་རྡོ་རྗེ་རབ་བསྣན་པས།། སྒྱོགས་གཟེར་བཞིན་དུ་བསྣུན་པར་གྱུར།། ཧཱུཾ་ཧཱུཾ་འབྲུག་ལྟར་རབ་ཏུ་སྒྲོགས།། སྐད་ཀྱིས་ཀུན་ཏུ་བགུག་པར་བསམ།། དེ་ལྟར་བྱས ་འགྱུར་ཐམས་ཅད་འགྲུབ།། ལས་ཀྱིས་མནར་བའི་འཇིགས་པར་འགྱུར།། ཕྱག་ན་རྡོ་རྗེ་མི་ཤེས་པར།། གང་ཞིག་གཞན་བསྒྲུབ་སྐལ་པ་དམན།། འདི་ལ་གང་འགྲུབ་ཐམས་ཅད་འགྲུབ། ་མཆོག་དང་ཐུན་མོང་བྱེ་བྲག་གོ། རྡོ་རྗེས་འོག་གི་རྒྱུད་ལས་བསྣུན་པ་འཁོར་ལོའི་ལེའུ་སྟེ་བཞི་པའོ།། ། དེ་ནས་གཞན་ཡང་འཁྲུལ་འཁོར་གྱིས།། ཆོ་ག་རྡོ ་རྗེ་འཛིན་གྱིས་གསུངས།། གྲོ་ག་འམ་ཤིང་ཤུན་དག་ལ་ནི།། རེ་དམིག་ཉི་ཤུ་རྩ་གཅིག་པའི།། འཁོར་ལོ་དག་ནི་རབ་བྲིས་ཏེ།། ཟླ་བ་ཡར་གྱི་ངོ་ལ་བརྩམ།། རྩེ་གཅིག་སེམས་ཀྱིས ་རབ་ཏུ་བྲི།། དབུས་སུ་དྲག་པོའི་ཡི་གེ་དགོད།། གཉིས་པ་ནོར་འཛིན་ཡི་གེ་སྟེ།། གསུམ་པ་བཛྲ་ཞེས་པ་དང་།། བཞི་པ་ཆུ་ཡིག་དང་པོར་དགོད།། འཚམས་བཞིར་བསྒྲུབ་བྱའི་གསོད ་སྙིང་བྲི།། དེ་ནི་ནང་གི་རེ་དམིག་གོ། ཕྱིའི་རེ་དམིག་བཅུ་གཉིས་ལ།། ཨོཾ་སྤངས་ཡི་གེ་བཅུ་གཉིས་དགོད།། དེ་ཡི་གསང་སྔགས་འདི་ཡིན་ནོ།། ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཕཊ། ་ཞེས་བྱའོ།། རབ་ཏུ་རྫོགས་པའི་འཁོར་ལོ་སྟེ།། བསྒྲུབ་བྱའི་སྙིང་ཁར་དྲིལ་ལ་བཞག། དང་པོ་མཐའ་ནས་དྲིལ་བར་བྱ།། དེ་ནས་སྦྱིན་བསྲེག་ཆེ་ག་བྱ།། གལ་ཏེ་མནན་པ་བྱེད་འདོད་པ། ་སྔར་འཁྲུལ་འཁོར་རྫོགས་བྱས་ནས།། མཐའ་རུ་མནན་པའི་ཆོ་ག་བྱ།། ཁམ་པོར་གསར་དུ་ཁ་སྦྱར་དུ།། བཅུག་ནས་རྡོ་རྗེ་རྒྱ་གྲམ་བྲི།། རྡོ་རྗེ ་གཏུན་གྱིས་རབ་སྦར་ནས།། གཙུག་ལག་ཁང་སོགས་གནན་པར་བྱ།། རེ་མིག་གལ་ཏེ་རེ་མིག་མི་འདོད་ན།། རྩིབས་བཅུ་གཉིས་པའི་འཁོར་ལོ་བྱ།། ལྟེ་བར་ཧཱུཾ་མཐར་བསྒྲུབ་པའི་མིང་།། ་སྤེལ་མ་རབ་ཏུ་དགོད་པར་བྱ།། རྩི་བྲ་བཅུ་གཉིས་པའི་འཁོར་ལྔ།། ཧཱུཾ་གཅིག་དབུས་སུ་རབ་བཀོད་དེ།། ལྷག་མ་བཅུ་གཉིས་རྩིབས་ལ་དགོད།། བྲི་བ་རྫོགས་ནས་སྙིང་ཁར ་བཞུགས།། དགུག་དང་བཞུག་སོགས་བྱས་ལ་སྲེགས།། མི་འདོད་མནན་པའི་ཆོ་ག་ནི།། མར་གྱི་དུས་ལ་ཤིས་པ་ཡིན།། འཁྲུལ་འཁོར་ཇི་ལྟར་བྲིས་པ་བཞིན།། གང་འདོད ་ལས་ལ་ཐེ་ཚོམ་མེད།། དཔེར་ན་མེ་ལྕེས་ཙཱ་བསྲེགས་བཞིན།། གང་ཡིན་གནས་པར་མི་འགྱུར་རོ།། བྲི་བའི་འཁྲུལ་འཁོར་ཆོ་ག་སྟེ།། རྡོ་རྗེ་ས་འོག་གི་རྒྱུད་ལས་ལེའུ་ལྔ ་པའོ།། ། དེ་ནས་ཡང་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཐམས་ཅད་ཟབ་མོའི་སྤྱོད་ཡུལ་ཡིན་པ ་སྦྱིན་བསྲེགས་ལ་སོགས་པས་ཅང་གྲོལ་བར་འགྱུར་ལགས་སམ། བདག་གི་ཐེ་ཚོམ་བསལ་དུ་གསོལ་ཞེས་ཞུས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ། ་རྗེ་སྙིང་རྗེ་ཆེ།། དད་པའི་ཤུགས་ཀྱིས་རབ་བསྐུལ་ཏེ།། དཀྱིལ་འཁོར་རྫས་ཀྱི་སྦྱོར་ལྡན་ཞིང་།། སྤྲིན་བསྲེག་ལས་དང་དེ་ཉིད་ཤེས།། སྡོམ་པ་དམ་ཚིག་རྒྱད་ལྡན་ནས།། མཚན། ་མས་གྲོལ་བར་འགྱུར་བ་སྟེ།། དཀྱིལ་འཁོར་སྤྲིན་བསྲེག་རྫས་ལ་སོགས།། མེད་ན་དངོས་གྲུབ་མི་འགྲུབ་པས།། སྤྲིན་བསྲེག་ལས་ནི་འབད་པས་བརྩོམ།། ཕྱིན་ལས་བཞི་ཡི ་སྤྲིན་བསྲེག་ལས།། དྲག་པོའི་རིམ་པ་བྱ་བ་ནི།། གྲཝ་བཞི་པ་ཡི་དཀྱིལ་འཁོར་ལ།། དབུས་སུ་ཟུར་གསུམ་ཁྲུ་དོ་ཚད།། ཟབས་སུ་ཁྲུ་ཕྱེད་བཀོ་བར་བྱ།། ཕྱི་རོལ་རིམ་པ ་གསུམ་ལྡན་ལ།། དབུས་སུ་རྡོ་རྗེའི་མཚན་མ་བྲི།། རིམ་པ་གསུམ་ལ་རྡོ་རྗེ་ཡི།། རྩེ་གསུམ་ཕྲེང་གིས་བསྐོར་བ་བྲི།། འཚམ་སུ་ལྕགས་ཀྱུ་བྲི་བར་བྱ།། ཚེར་མ་ཅན་གྱི་ཤིང ་བུ་ནི།། ཁྲུ་གང་ཚད་ཀྱིས་རབ་ཏུ་ཤིས།། དུག་དང་ཁྲག་དང་སྐེ་ཚེ་སོགས།། རྫས་ནི་རིམ་པར་ཤེས་པར་བྱ།། བདག་ཉིད་ལྷའི་རྣམ་འབྱོར་གྱིས།། ཡེ་ཤེས་ཁྲོ་བོ་སྤྱན་དྲང ་ཏེ། འཇིག་རྟེན་གསུམ་འདུལ་གཟུགས་སུ་བསམ།། མཆོད་པའི་རིམ་རབ་ཏུ་དབུལ།། དེ་ལ་སྦྱིན་བསྲེག་གི་སྔགས་གསུངས་འདི་ཡིན་ཏེ།། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་སརྦ་དུཥྚཱན ་སུན་མི་ཝཱར་ར་འརྗིབ་ཚིག་སོ་ས་གས་པཔ་པ་ཕྲིན་།། དང་ཐག་དང་པ་རྣལ་ས། གཟུགས་བྱ་བས་མ་། ་ཨོཾ་ནི་ལ~ཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཡཀྵ་ཁ་དྷ་ཁ་དྷ་ཡ་བྷན་ཛ་ཡ་བན་ཛ་ཡ་མོ་ཧ་ཡ་མོ་ཧ་ཡ་ཤ་ཏྲྀ་ཨ་ཀར་ཤ་ཡ་ཧཱུཾ་ཕཊ། གཟུགས་ལ་བྲབ་པའི་སྔགས་སོ།། ་ཨོཾ་ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཤ་ཏྲཾ་གྷྲི་རྣ་ཨ་ཀར་ཤ་ཡ་ཧཱུཾ་ཛ་ཛ། འགྲོ་བའི་སྔགསོ།། དེ་ལྟར་སྦྱིན་བསྲེག་བྱས་ནས་ནི།། ཆུ་བོའི་སྐམས་དང་རླང་ཤིང་དང་།། གླང་ཆེན་གཡང་ལྷུང་མེ་ཆེན་འབྲུ ་ཡམས་དང་ནད་སོགས་བྱུང་བའི་ཚེ།། ཞི་བ་མཆོག་གི་ལས་བསྒྲུབས་ཏེ།། ཐབ་ཁུང་ཟླུམ་པོ་རབ་དཀར་བ།། རིམ་པ་གསུམ་ལྡན་ཁྲུ་གང་ཆིད།། ཟབ་སུ་ཁྲུ་གང་བརྐོས་བྱས་ལ།། ཞི་བའི ་ལས་ཀྱི་ཆོ་ག་བྱ།། དེ་ལྟར་བྱས་ན་མཚན་མ་ཡིས།། དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད།། ལག་ན་རྡོ་རྗེ་རྡོ་རྗེ་འཛིན།། གུས་པས་རྒྱུད་དོན་རབ་ཏུ་བཟུང་།། འགྲོ་བའི་དོན་ལ་རབ་བརྩོན་གྱིས ་ཀྱེ་མ་རྒྱུད་དོན་དུ་མཆོག་གསུངས།། བྱིན་བརླབས་སྔོན་དུ་ཆེར་འབྱུང་བ།། སྟོན་པ་རྡོ་རྗེ་འཆང་གིས་གསུངས།། རབ་ཏུ་འབར་བས་བསྒྲུབ་པར་གྱིས།། དཔལ་རྡོ་རྗེ་ས་འོག་གྲི་རྒྱུད་ལས། ་སྦྱིན་བསྲེག་གི་ཚེ་རིམ་པ་སྟེ་ལེའུ་དྲུག་པའོ།། ། དེ་ནས་སྟོན་པ་རྡོ་རྗེ་འཆང་།། དཔལ་ཆེན་བདན་ལ་རབ་བཞེངས་ནས།། ལག་ན་རྡོ་རྗེ་ལ་གཟིགས་ནས། ་ལས་ཀྱི་ཆོ་ག་བཤད་པར་བྱ།། དུག་ལ་སོགས་པའི་རྫས་རྣམས་ལ།། གང་འདོད་པའི་གཟུགས་བྱས་ཏེ།། སྙིང་ཁར་འཁྲུལ་འཁོར་རབ་ཏུ་བཞུགས།། བདག་ཉིད་ལས་ཀྱི་ལྷར་བསལ་བ ་ག་འུ་ཡི་ནང་དུ་རབ་བཅུག་སྟེ།། ཚོན་གྱི་ཐིག་གནས་ལྔས་དཀྲིས།། སྙིང་ཁའི་ལྕགས་ཀྱུས་རབ་བཀུག་ནས།། ཡི་གེ་བཅུ་གསུམ་རབ་ཟླས་པས།། འགུལ་དང་གཡོ་བིའི་རྟགས་བྱུང་ནས། ་ཆུ་ཆེན་གཞུང་ལ་བཏང་བར་བྱ།། གལ་ཏེ་རྟག་ནི་མ་བྱུང་ན།། དྷ་དུ་རའི་ཁུ་བ་དང་།། ཁྲག་དང་དུག་བསྲེས་རབ་བྱུགས་ཏེ།། ཚེར་མ་ཅན་གྱི་ཤིང་མེས་བདུག། ཨོཾ་ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི ་སྟཾ་བྷ་ཡ་མོ་ཧ་ཡ་བ་ཙ་ཡ་ད་ཧ་ན་ཡ་ཧཱུཾ་ཧཱུཾ་ཕཊ། དུས་གསུམ་དག་ཏུ་བདུག་བྱས་ན།། སྐད་ངན་སྣ་ཚོགས་འདོན་པར་བྱེད།། དེ་ནས་འདི་ཆུ་ལ་དོར།། ཨོཾ་ཙནྡ་མ་ཧཱ་རོ་ཥ་ཎ་ཧཱུཾ་བཊ། ་ཆེན་གྱིས་དྲིལ་ནས་ར་རུ་བོར།། བསམས་པས་ཚ་བའི་རྒྱ་མཚོར་བསྒྱུར།། དེ་ནས་མི་ལྡོག་བྱ་བའི་ཕྱིར།། སྔགས་འདི་རྒྱན་དུ་ཟླས་པར་བྱ།། ཨོཾ་ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་སྟཾ་བྷ ་ཡ་ནན། ཞེས་རྒྱུན་དུ་བཟླས་པར་བྱའོ།། དེ་ནས་ལས་དེ་ངེས་པ་རེ་འགྲུབ་པོ།། རྡོ་རྗེ་ས་འོག་གི་རྒྱུད་ལས་བསྐྲད་པའི་འཁོར་ལེའི་ལེའུ་སྟེ་བདུན་པའོ།། ། ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་སེམས་ཅན་རྣམས་རྣམས་ཀྱི་དོན་དུ་སྔགས་ཀྱི་ལེའུ་འདི་གསུངས་སོ།། ཨོཾ་ནི་ལཾ་བྷ་ར་དྷ་ར་བཛྲ་པཱ་ནི་ཧཱུཾ་ཧཱུ~ཾ་ཕཊ། བཅོམ་ལྡན་འདས་ཀྱི་རྩ་བའི ་སྔགས་ཐམས་ཅེད་གྲུབ་པའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི་གསང་བའོ།། འདིས་ནི་མ་བསྒྲུབ་པར་ཡང་ཐམས་ཅད་གྲུབ་སྟེ། ཕྱག་རྒྱ་ཐམས་ཅད་འཆིང་བར་བསྒྲུབ་པ་ལ་ནི་རྡོ་རྗེ་ཁུ་མ ་གྱིས་སོ།། དམ་ཚིག་ཐམས་ཅད་གྲུབ་པ་ནི་རྡོ་རྗེ་རབ་ཏུ་བསྡམས་པས་སོ།། སེམས་ཅན་རྣམས་ལ་རྗེསུ་ཆགས་པ་ལ་ནི་རྡོ་རྗེ་བཤད་པའོ།། ཐམས་ཅད་ལྐུགས ་བར་བྱ་བ་ལ་ནི་རྡོ་རྗེ་ཧཱུཾ་སྨྲས་སོ།། ན་མཁའ་ལ་འགྲོ་བའི་དངོས་གྲུབ་ནི་རྡོ་རྗེ་ཀུ་མུ་ཏས་སོ།། ཀླུ་ཐམས་ཅད་འདུལ་བ་ལ་ནི་རྨ་བྱའི་སྒྲོས་བྱའོ།། དགྲ་ཐམས་ཅད་བསད་པ་ལ་འཁྲུལ་འཁོར་གྱིའོ།། ་ནོར་སྒྲུབ་པར་འདོད་ན་ཛཾ་བྷ་ལའི་མཆོད་སྦྱིན་གྱིས་བྱའོ།། བགེགས་འབང་བར་འདོད་ན་ཏིང་ངེ་འཛིན་གྱིས་བྱའོ།། ཐམས་ཅད་དགུགས་པ་ལ་ནི་ལྕག་ཀྱུས་བྱའོ།། རིགས་བསྲུང་བ་བསྲུང ་བ་ལེ་ནི་ཙ་ཀུ་ཤའི་འབྲུམ་བུས་བྱའོ།། ཀླུ་བསྒྲུབ་པར་འདོད་ན་ཚར་བུའི་ལྕགས་མ་དང་། བདུད་རྩིའི་ཆུས་བྱའོ།། ཕ་རོལ་གྱི་དཔུང་འཇོམས་པར་འདོད་ན་ག་གུལ་གྱིས་བྱའོ།། ལས ་རྣམས་ལ་སྔགས་འབུམ་གྱིས་བྱའོ།། རྡོ་རྗེ་སེ་འོག་གི་རྒྱུད་ལས།། སྔགས་ཀྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་གཞན་ཡང་ཟླས་པ་ཡི།། ངེས་པ་འདི་ནི ་བཤད་པར་བྱ།། གང་ཞིག་དངོས་གྲུབ་བསྒྲུབ་འདོད་པས།། དམ་ཚིག་སྡོམ་དང་རབ་ལྡན་པས།། བདག་ཉིད་ལས་ཀྱི་ལྷར་བསྒོམས་ཏེ།། ཡེ་ཤེས་ཁྲོ་བོ་སྤྱན་དྲངས་ནས།། ཛ་ཧཱུཾ་བཾ་ཧོ ་དགུག་སོགས་བྱ།། རང་སྙིང་ཟླ་བར་སྔགས་ཀྱི་ཕྲེང་།། དངུལ་སྦྲམ་ལྟ་བུར་རབ་བསམས་ཏེ།། མྱུར་དལ་གསལ་དང་མི་གསལ་སྤངས།། ཡིད་ཀྱི་སྒྲིལ་བའི་ཟླས་པ་བྱ།། མཆོད། ་པ་རྣམ་པ་ལྔས་ཀྱང་མཆོད།། རབ་ཏུ་སྒྲིལ་བའི་ཟླས་པ་འདིས།། གང་འདོད་དངོས་གྲུབ་ངེས་པར་གྲག། ཨོཾ་ཨཱཿཧཱུཾ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་པའི་སྔགས་སོ།། ཨོཾ། ་བཛྲ་པཱ་ཎི་ཨ་བྷི་ཥིཉྩ་མོ།། དབང་བསྐུར་བའི་སྔགསོ།། ཨོཾ་བཛྲ་པཱ་ཎི་ཏིཥྛ་ཧཱུཾ།། ཐུགས་བརྟན་པའི་སྔགས་སོ།། སྐུ་དང་ཐུགས་ཀྱི་གསང་བ་སྟེ། གསུང་གི་སང་བ་མ་ལུས་པ།། མྱུར ་དུ་བྱང་ཆུབ་ལ་རེག་འགྱུར།། གང་ཚེ་བསྒྲུབ་བརྩོན་ལྡན་པ་ཡིས།། ཚེ་གཅིག་འབྲས་བུ་མྱུར་ཐོབ་འགྱུར།། གཉིས་མེད་རང་བཞིན་རྡོ་རྗེ་ཅན།། མཁའ་དབྱིངས་རྡོ་རྗེ་ཀུན་ཏུ ་ཁྱབ་བརྗོད་མེད་པ་རྟོག་བྲལ་དེ་ཉིད་དོན།། ལྷན་གྲུབ་དང་ལས་རབ་ཏུ་བཞག། ཧཱུཾ་དང་ཨ་ཡི་རྣམ་པ་ཅན།། ཇི་ལྟར་ཆུ་ཡི་ཟླ་བ་བཞིན།། མ་ཡེངས་སེམས་ཀྱི་རྒྱན་དུ་བསྒོ།། ་ཨེ་མ་ཧོ་མགོན་པོ་བཅོམ་ལྡན་འདས།། མཆོག་ལས་མཆོག་ཏུ་རྣམ་པར་རྒྱལ།། ཨེ་མ་ཧོ་སྤྲུལ་པ་རྣམ་པ་བསྐལ།། སྐྲ་ལ་རབ་ཏུ་དམིགས་པ་མེད།། དགེས་ཆེན་ཀུན་གྱི་སྐྲོད ་ཡུལ་ཡིན།། རང་གསལ་ཉིད་ལ་རྣམ་པར་དག། མཆོག་གི་བྱང་ཆུབ་ཚུལ་དུ་གནས།། རྡོ་རྗེ་ས་འོག་གི་རྒྱུད་ལས།། ངེས་པ་དང་རྣམ་པར་དག་པའི་ལེའུ་སྟེ་དགུ་པའོ།། ་། དེ་ནས་སྟོན་པ་རྡོ་རྗེ་འཆང་།། འགྲོ་བའི་དོན་ལ་རབ་གཟིགས་ཏེ།། བསྲུང་བའི་ཆོ་ག་རབ་ཏུ་གསུངས།། ལག་ན་རྡོ་རྗེ་རབ་ཏུ་ཉོན།། འགྲོ་བ་གདུག་པས་ཟིན་གྱུར་པ།། ཟངས ་མ་དག་ལ་དུད་འགྲོའི་གཟུགས།། ལེགས་པ་དག་ཏུ་རབ་བྱས་ཏེ།། ཁོང་བ་དངུལ་ལ་སོགས་པས་གང་།། གང་ན་གནོད་པའི་ས་ཕྱོགས་སམ།། ་རང་ལུས་དག་ལས་རབ་སྦས་ན།། བསྲུང་བ་དམ་པར་འགྱུར་བའོ།། བདེ་གཤེགས་སྐུ་གདུང་རིང་བསྲེལ་ཅན།། རབ་ཏུ་གནས་པ་ལེགས་བྱ་སྟེ།། གང་གནོད་རྟེན་སཪྴ་སྦས་ནས། ་བདེན་སྟོབས་བརྗོད་པས་ཞི་བར་འགྱུར།། བྱ་ལ་སོགས་པའི་བྱོལ་སོང་ཚོགས།། ཡིད་འོང་མཛེས་པའི་དུད་འགྲོ་ལ།། སངས་རྒྱས་གང་གའི་བྱེ་ཚོགས་ཀྱིས།། གསུངས་པའི ་གཟུངས་དག་གིས་ནི།། སྐུད་པ་སྔོན་པོ་དག་ལ་ནི།། དར་ལ་བརྒྱ་རྩ་བརྒྱད་སྔགས་ཏེ།། བདེན་པ་བདར་ལ་རབ་ཏུ་བསྔོས།། གཏོར་མ་གཏད་ན་ཞི་བར་འགྱུར།། ཁམ་ཕོར ་ལ་སོགས་སྣོད་གཙང་མ།། སྨན་དང་དར་སོགས་རབ་བཅུག་སྟེ།། མེ་ཏོག་བདུག་སྤོས་མཆོད་བྱས་ཏེ།། ས་ལ་སྦས་ན་གནོད་པ་རྣམས།། ཞི་བའི་དག་ཏུ་འགྱུར་བ་ཡིན།། སྐུད་པ ་དག་ཏུ་འགྱུར་བ་ཡིན།། སྐུད་པ་དཀར་པོ་གསུམ་བསྒྲིལ་ལ།། མདུད་པ་ཉི་ཤུ་རྩ་གཅིག་བྱ།། བསྒྲུབ་དང་བསྒྲུབ་པའི་མཆོད་པ་བྱ།། རྒྱལ་ལ་རབ་ཏུ་མགུལ་དུ་བཏག། བར ་ཆོད་ཟློག་པར་འགྱུར་བར་ངེས།། ཡུངས་དཀར་མར་དང་མུ་ཟི་རྣམས།། ཆ་མཉམ་ལུས་ལ་རབ་བྱུགས་ན།། གདུག་པའི་ཟིལ་ལས་ཐར་བར་འགྱུར།། མགུ་ནཱ་ཡི་མེ་ཏོག་དང་། ་འདའ་ཧུ་ད་ནའི་འབྲས་བུ་དང་།། སྨིན་དྲུག་དུས་སུ་རབ་བསྒྲུབ་ན།། གདུག་པ་ཕྱོགས་སུ་མི་གནས་སོ།། རྟག་དང་འདྲེད་དང་འཛའ་དར་གྱི།། སྤུ་ནི་གདུག་པ་ལས་གྲོལ་བ་འགྱུར། འབག ་ཆུ་རྒྱ་མཚོ་ལ་སོགས་པ།། ལུས་བསྲུང་བྱ་བ་མཐར་ཕྱིན་པར།། བྱས་ན་མཆོག་ཏུ་བསྲུང་བར་འགྱུར།། རྡོ་རྗེ་འཆང་བ་ཁྱོད་ཀྱིས་ཟུང་།། མཐར་ཕྱིན་ཟླ་བ་སྤྲིན་གཟའ་ལས།། གྲོལ་བ ་ལྟ་བུར་འགྱུར་བ་ཡིན།། དཔལ་རྡོ་རྗེས་འོག་གི་རྒྱད་ལས།། བསྲུང་བའི་ལེའུ་སྟེ་བཅུ་པའོ།། ། ལག་ན་རྡོ་རྗེས་སྨྲས་པ།། བཏུ་བ་སྔགས་ཀྱི་ཆོ་ག་ནི།། ཇི ་ལྟར་ལེགས་སོ་རྡོ་རྗེ་འཆང་།། ཁྱེད་ལ་རབ་ཏུ་ཉེན་པར་འཚལ།། ཉོན་ཅིག་རྡོ་རྗེ་འཆང་བ་ཁྱོད།། སྔགས་བ་ཏུ་ཁྱོད་ལ་བཤད་པར་བྱ།། གྲུ་གསུམ་དཀྱིལ་འཁོར་ཉམས་དགའ་བར ་པདྨ་འདབ་མ་བརྒྱད་པ་བྲི།། འདོད་དོན་ཐམས་ཅད་རབ་གྲུབ་པ།། དེར་ནི་གསང་སྔགས་བཏུ་བར་བྱ།། དབུསུ་ཡི་གེའི་བདག་པོ་བཞག། བཞི་ཡི་ནི་ལྔ་པ་ལ།། ཡི་གེ་ཨི་ནི་རབ་ཏུ ་སྦྱར།། མཐར་གནས་པ་ཡི་གསུམ་པ་ལ།། ལྔ་པ་ཡི་ནི་མཐའ་དང་སྦྱར།། དེ་ནས་ལྔ་པའི་བཞི་པ་བཞག། དེ་ནས་མཐར་གནས་གཉིས་པ་བཞག། དེ་ནས་བཞི་པའི་བཞི་པ་བཞག། དེ་ན ་མཐར་གནས་གཉིས་པ་བཞག། དེ་ནས་ལྔ་པའི་གསུམ་པ་བཞག། གཉིས་པ་ཡི་ནི་གསུམ་པ་ལ།། རབ་དང་བཅས་པ་བཞག་པར་བྱ།། དེ་ནས་ལྔ་པའི་དང་པོ་བཞག། དེ་ནས་བཞི ་པའི་ཐ་མ་ལ།། ཨི་ནི་རབ་ཏུ་སྟེར་ཏེ་བཞག། བདུན་པ་ཡི་ནི་བཞི་པ་ལ། ཡི་གེ་ཨུ་ནི་རབ་ཏུ་སྦྱར།། ཡི་གེ་བཅུ་གསུམ་རིམ་པའི་སྔགས།། ་བརྩེ་བས་བརྩོན་པས་རབ་བཟླས་ན།། གང་འདོད་དངོས་གྲུབ་ངེས་པར་འགྲུབ།། ཨེ་མ་རྡོ་རྗེ་ཅན་གྱིས་གསུངས།། སྔགས་ཀྱི་རྒྱལ་པོ་བླ་མེད་ལ།། ཕྱག་ན་རྡོ་རྗེ་དངོས ་གྲུབ་ཐོབ།། དཔལ་ས་འོག་གི་རྒྱུད་ལས། སྔགས་བཏུ་བའི་ལེའུ་སྟེ་བཅུ་གཅིག་པའོ།། ། དེ་ནས་སྟོན་པ་རྡོ་རྗེ་འཆང་།། སྤྱན་མིག་འོད་ཟེར་སྤྲུལ ་མཛད་ནས།། སློབ་མ་རབ་ཏུ་སྨིནི་མཛད་ཕྱིར།། དབང་བསྐུར་ཆོ་ག་རབ་ཏུ་བཤད།། རྡོ་རྗེ་སློབ་དཔོན་དཀའ་ཐུབ་ཆེ།། གསང་དང་ལྡན་པ་དབང་ཐོབ་ཅིང་།། དེལ ་དང་དྲང་དང་ཤེས་ཉེན་ཆེ།། གཡོ་ཆུང་དང་བཟང་བྱམས་སེམས་ཆེ།། དཀྱིལ་འཁོར་ཆོ་ག་རབ་མཁས་པ།། སློབ་མ་དམ་པ་དབང་བསྐུར་ཕྱིར།། ཡིད་འོད་གཙུག ་ལག་ཁང་སོགས་སུ།། བརྟུལ་ཞུགས་སྔོན་དུ་ལེགས་སྤྲད་ན།། དེ་ནས་སའི་མཆོ་ག་ཡང་།། རྟག་དང་སྤང་ཞིང་སྤང་བ་དང་།། མཆོད་དང་གསོལ་བ་བཏབ་པ་དང་། ་རྨི་ལམ་མཚན་མའི་སྒོ་ནས་དང་།། ཞི་བའི་ཆོ་གས་སྦྱིན་བསྲེག་ནི།། བརྒྱ་རྩ་བརྒྱད་ཀྱི་སྦྱོར་བ་བྱ།། འབྱུང་པོ་རྣམས་ལ་མཆོད་ཅིང་བསྒོ།། དཀྱིལ་འཁོར་དབུས་སུ་རབ ་གནས་ཏེ།། ཧཱུཾ་ལས་རྡོ་རྗེ་ཆེན་པོ་སྒོམ།། བྷྲཱུཾ་ལས་གཞལ་མེད་ཁང་ཆེན་སྒོམ།། སྤྱན་གསུམ་ཉི་ཟླའི་འོད་ཟེར་གྱིས།། བགེགས་རྣམས་མ་ལུས་ཚར་བཅད་དོ།། རྡོ་རྗེ་ཆེན ་པོ་གར་འགྲོས་ཀྱིས།། ས་གཞི་ལན་གསུམ་བསྐོར་བ་བྱ།། བའི་རྣམ་ལྔས་ལོགས་བྱུགས་ཏེ།། ཚེམ་བུ་གཅིག་གིས་ལྷ་བཀོད་བྱ།། བསྟོད་དང་མཆོད་དང་སྙན་གསན་དཔག། ་བུམ་པ་ལྷག་པར་གནས་པར་བྱ།། སློབ་མ་ཚོགས་རབ་སྨིན་པར་བྱ།། ཐིག་དང་ཚོན་གྱི་ཆོ་ག་ནི།། ལས་ཀྱི་ཆོ་ག་བཞིན་དུ་བྱ།། གདོང་གཡོགས་དར་ནི་སྔོན་པོ་ཡིས ་སློབ་མ་དག་ནི་བཞག་པར་བྱ།། སྡོམ་ལྡན་དབང་བསྐུར་རྣམ་ལྔས་བསྐུར།། བུམ་པ་དང་ནི་རྡོ་རྗེ་དང་།། དྲིལ་བུ་དབུ་བརྒྱན་མིང་གི་དབང་།། ལས་ཀྱི་ཆོ་ག་ཇི ་བཞིན་ནོ།། ཚེས་བཅུ་བཞིན་དང་བཅུ་གསུམ་པ།། སློབ་མ་ལས་ལ་གཟུང་བར་བྱ།། བྱིན་བརླབས་རིམ་པས་འཕོ་བ་སྟེ།། འཕྲལ་དུ་ཡིད་ཆེས་བསྐྱེད་པར་བྱེད།། རིན་ཆེན ་སྙིང་པོ་དྲི་མེད་རྒྱུད།། རྒྱུད་རྣམས་ཀུན་གྱི་རྩ་བར་ནི།། འདིར་དབང་བསྐུར་བ་དམ་པ་ཡིན།། སྨིན་པའི་ལས་ལ་བསྟེན་པ་ཡི།། དབང་བསྐུར་མཆོག་གི་རྒྱུད ་གསུངས་པས།། རབ་གནས་དགེ་བ་སློབ་པ་རྣམས།། དམ་པ་ཡོན་གྱིས་མཉེས་པར་བྱ།། གྲོལ་བ་མཐར་ཕྱིན་རབ་ཏུ་གནས།། སློབ་མ་སྨིན་པའི་ཆོ་གའོ།། རྡོ་རྗེས ་འོག་གི་རྒྱུད་ལས། སློབ་མ་དབང་བསྐུར་བའི་ལེའུ་བཅུ་གཉིས་པའོ།། ། དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་བཅོམ་ལྡན་འདས ་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སེམས་ཅན་རྣམས་ཀྱི་དོན་དུ།། བདག་གི་ཐུགས་ཀྱི་གསང་བ་བཤད་དུ་གསོལ་ཞེས་གསོལ་བ་བཏབ་བོ།། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ལག་ན་རྡོ་རྗེ་མི་བཟད་ཁྱོད།། གཞན་དོན་བདག་བརྩོན་ལེགས་སོ་ལེགས།། གང་ཞིག་དུས་ཀྱི་སྙིགས་མ་ལ།། གདུལ་དཀའི་སེམས ་འདུལ་འདོད་པས།། དང་པོ་བྱང་ཆུབ་སེམས་བསྐྱེད་ལ།། ཚོགས་གཉིས་ཀུན་རྫོགས་མཐར་ཕྱིན་པས།། རིན་ཆེན་སྣོད་དུ་པདྨའི་གཏོར།། དབུས་སུ་གསུང་བའི་བདག་པོ་ཅན།། ་འདབ་མ་བརྒྱད་ལ་ཀླུ་ཆེན་བརྒྱད།། སྦྲུལ་མགོས་མཚན་པ་དགོད་པར་བྱ།། ཁྲུས་དང་གཙང་སྦྲ་དང་ལྡན་པས།། ལས་ཀྱི་ལྷའི་རྣལ་འབྱོར་གྱིས།། དང་པོ་སྤྱན་དྲང་རབ་མཆོད་ནས། ་བདག་དང་ལྷ་གཉིས་འཕོ་འདུས་ཟླས།། ཀླུ་བརྒྱད་ཞི་བར་འགྱུར་སེམས་ཀྱིས།། ཧཱུཾ་དང་ཧཱུཾ་གི་ཐག་པ་ལས།། སྒྲུབ་བྱ་འོད་ཀྱི་ཕུང་པོར་བསམ།། སྐད་ཅིག་མ་ཡིས་ཧཱུཾ་དུ་བསླང་།། ཨོཾ ་བཛྲ་ཀོ་དྷ་ཨ་ཧི་ཙན་དྷ་ཕཊ།། ཁྲི་ཟླས་གདོན་ལས་དེས་གྲོལ་འགྱུར།། ལག་ན་རྡོ་རྗེ་ཁྱོད་ཀྱིས་ནི།། ཐུགས་ཀྱིས་འཕྲོ་འདུ་གསང་བ་ཡིན།། སྒྲུབ་བྱའི་ལུས་ལེ་ཚོན་གྱི་བཀྲི། ་ཆེན་འབར་བའི་འཕྲོ་འདུ་བཅད།། རྫས་ཆེན་རྣམས་ལ་རབ་བཏགས་ནས།། ངེས་པར་གདོན་ལས་གྲོལ་བར་འགྱུར།། གལ་ཏེ་དེས་ཀྱང་མ་གྲུབ་ནི།། སྔགས་ཀྱི་ཕྲེང་བ་ཟློག་སྟེ་ཟློས། ་རྡོ་རྗེ་ཕྲེང་བས་རབ་བཅད་ན།། ཐེ་ཚོམ་མེད་པར་འགྲུབ་པར་འགྱུར།། འོག་གི་བསྒེགས་ཟློག་ཆོ་ག་མཆོག། ཡིད་བཞིན་ནོར་ལྟར་འབྱུང་བ་ཡིན།། ཐེག་པ་གསུམ་ལས་ངེས་རྒྱལ་བའི། ་རྒྱུད་ཆེན་གསང་བ་མཆོག་གི་ལམ།། སྐྱོབ་པ་ཐུགས་ཀྱི་རྣམ་པ་ཡིན།། དེ་ནས་བཅོམ་ལྡན་འདས་ཀྱི་དེ་སྐད་ཅེས་བཀའ་སྩལ་མ་ཐག་ཏུ། ལག་ན་རྡོ་རྗེ་ས་ལ་སོགས་པ་རྡོ་རྗེ་རིགས་ཀྱི ་འཁོར་རྣམས་དང་།། ལྷའི་ཚོགས་ཐམས་ཅད་ཡི་རང་སྟེ། བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་པ་ལ་མངོན་པར་བསྟོད་དོ།། དཔལ་རྡོ་རྗེ་ས་འོག་གི་རྒྱུད་ལས། གསང་བ ་བཏན་ལ་ཕབ་པའི་ལེའུ་སྟེ། བཅུ་གསུམ་པའོ།། །། ཁ་ཆེའི་པཎྜི་ཏ་ཚེ་ལུ་དང་། བོད་ཀྱི་ལོཙྪ་བ་འཕགས་པ་ཤེས་རབ་ཀྱི་བསྒྱུར་བ་རྫོགས་སྷོ།། ། ་། དགོན་གནས་བི་ར་ཐད་དུ་བསྒྱུར་ཏེ། ཇོ་བོ་ལ་གསེར་ཐིལ་བསྲང་ཉི་ཤུ་རྩ་དགུས་མཉེས་པར་བྱས་པ་ཡིན་ནོ། བསྲུང་བའི་ལེའུ ་དང་།། སྔགས་པའི་ལེའུ་དང་། སློབ་མ་དབང་བསྐུར་བའི་ལེའུ་དང་གསུམ་པོ་དེ་ལིནྟི་བས་མ་སྤེལ་ཏེ། མ་ལོཙྪ་བ་དབང་འོད་ཀྱིས་ཕྱིས་གཟི་བརྗིད་འཕགས་ལ་གནང་བའོ་ཟེར་ལོ།། ་རྫོགས་སྷོ།། །། དགེའོ།། །། དག་གོ།། ། སརྦ་མངྒ་ལཾ།། ་