CLOSE WINDOW

F490: 'phags pa 'jam dpal gsang ba'i rgyud kyi rgylal po pra khog bslang ba'i man ngag phyi ma'i rgyal po bsrung ba'i lung khro bo rnam par rgyal ba'i rgyud phyi ma'i yang phyi ma
Wyliee-texts produced with BDRC’s OCR application

ཨརརྱ་མཉྫུ་ཤིས ་ཏ་པྲེ་ཏོ་པ་དེ།། གུ་ཧྱ་ཏན་ཏྲ་ར་ཛི། དཱིག ་ཀ་ཏི་ཀ་ཀྲོ་དྷ་བི་ཛ་ས། ཨན་ཛན་ཤི་བ་ཀ་ན~ཾ། འོད ་སྐད་དུ། འཕགས་པ་འཇམ་དཔལ་གསང་བའི་རྒྱུད་ཀྱི ་རྒྱལ་པོ།། པྲ་ཁོག་བསླང་བའི་མན་ངག། བི་མི་རྒྱག ་པོ་བསྲུང་བའི་ལུང་། ཁྲོ་བོ ་རྣམ་པར་རྒྱལ་བའི་རྒྱུད་ཕྱི་མའི་ཡང་ཕྱི་མ་འདི། ལེའུ ་ཉི་ཤ་རྩ་གཉིས་པ། ང་ནི་དུས་གསུམ་སྔོན་དུ་བྱུང་།། ་ང་ནི་དུས་གསུམ་ཕྱིས་ཀྱང་འབྱུང་།། ང་ནི་དུས་གསུམ་ད་ལྟ ་བྱང་།། ང་ནི་ལྔ་བརྒྱ་ཐ་མའི་ཚེ།། ངའི་བསྟན་པ་འབྱུང་བར་བྱེད།། ་བསྟན་པ་ཐམས་ཅད་ནུབ་པའི་ཚེ།། ངའི་བསྟན་པ་འབྱུང་བར་བྱེད། ་ལས་ངན་འཚམས་མེད་བྱེད་པའི་ཚེ།། དེ་ཚེ་ངའི་བསྟོན་པ་འབྱུང་། ་ཟས་ངན་ལྕི་བ་ཟ་བའི་ཚེ།། དེ་ཚེ་ངའི་བསྟན ་པ་འབྱུང་།། གོས་ངན་དུག་ཧྲུ་ལ་གོན་པའི་ཚེ།། དེ་ཚེ་ངའི་བསྟན་པ་འབྱུང་།། ་ང་ནི་དུས་གསུམ་འབྱུང་བའི་སྐུ།། བསྟན་པ་ཐམས་ཅད་ནུབ་པའི་ཚེ།། དེ ་ངའི་བསྟན་པ་འབྱུང་།། ཇི་ལྟ་བུར་ནི་ཞི་འགྱུར་ཡང་།། ང་ནི་ཐམས་ཅད་ཞི ་བའི་སྐུ་ཇི་ལྟ་བུར་ནི་ཁྲོས་གྱུར་པ།། ང་ནི་ཐམས་ཅད་ཁྲོས་པའི་སྐུ།། ལྷ་རྣམས་ཐམས ་ཅད་ཁྱོད་ཉོན་ཅིག། བཅོམ་ལྡན་འདུས་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ།། དེ་ནས ་འཇམ་པའི་དབྱངས་ཀྱི་ནི།། ཁྲོ་བོའི་མིང་ནི་གཤིན་རྗེ་གཤེད།། མཚོན་ཆ་མེ་ལྕེ་འབར་བས ་འཁྲུགས།། དྲག་ལ་མཐུ་རྩལ་དྲག་ལྡན་པ།། དེ་མཐོང་ནས་ནི་ཁྲོ་བོ་གཞན།། ཐམས ་ཅད་ཀྱི་ནི་ལག་ཆ་ཤོར།། དེ་བཞིན་དུ་ནི་འཇིག་རྟེན་པའི།། ལྷ་རྣམས་ཀུན་གྱིས་འདུད་པར ་བྱེད་གཞན་ཡང་ཐལ་མོ་སྦྱར་བྱས་ཏེ།། སྐྲག་ནས་བསྟོད་པ་མང་པོ་བྱེད།། ལྷ་རྣམས་དེའི་ག ་བརྗིད་ཀྱིས།། གཟིར་བཞིན་དུ་ནི་རབ་སྨྲས་པ།། བཅོམ་ལྡན་བདག་ཅག་སངས་རྒྱས་དང་།། ཆོས ་དང་དགེ་འདུན་སྐྱབས་མཆིས་ཀྱིས།། རབ་ཏུ་མི་བཟད་འཇིགས་པའི་གཟུགས།། གཟི་བརྗིད་འག ་བས་ཕྱོགས་ཁྱབ་པ།། ཁམས་གསུམ་འཁྲུགས་པར་མཛད་པ་མཐོང་།། གང་ཚེ་ལྷ་དང་ལྷ་མིན་རྣམ། ་སྐྲག་ནས་སྐྱབས་སུ་དོང་བ་ན།། དེ་ཚེ་འཇམ་པའི་དབྱངས་ཀྱིས་ནི།། ཁྲོ་བོ་སྔར་ཡང་ཞི་བར་འགྱུར།། ་གཤིན་རྗེ་གཤེད་ཅེས་བྱ་བ་ཡི།། ཁྲོ་བོ་ཆེན་པོ་ཞི་བ་ལ།། དེ་ནས་སྐྱབས་སུ་དོང་བ་ཡི།། ལྷ་རྣམས་ཀུན་གྱིས་ཞུས། ་བ་ནི་ཁྱོད་ཀྱི་བརྩོན་འགྲུས་མཆོག་འཚལ་བས།། ཇི་ལྟར་བུར་ན་མཉེས་པར་བགྱི།། ཇི་ལྟར་ཡང་ནི་དང་བར་འགྱུར།། ་བདག་ཅག་ཐེ་ཚོམ་ཆེན་པོ་མཆིས།། ཁྲོ་བོས་ལྷ་རྣམས་ཚིག་གསན་ནས།། གཤིན་རྗེ་གཤེགས་ཀྱིས་བཀའ་སྩལ་པ། ་ལྷ་རྣམས་ཐམས་ཅད་ཁྱེད་ཉོན་ཅིག། གཟི་བརྗིད་ཆེན་པོ་ཁྱེད་རྣམས་ཀུན།། གང་ཚེ་གསུམ་ལ་སྐྱབས་སོང་བས།། ་དེ་ཆེ་ངའི་མི་བཟད་པ།། ཁྲོ་བོ་ཡིད་ལ་དྲན་པར་གྱིས།། དཀོན་མཆོག་སུམ་ནི་གནས་པ་དང་།། དེའི་བཀའ་ཡང་བསྐྱེད ་བ་དང་།། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར།། ངའི་ཡིད་ནི་ཞི་འགྱུར་གྱིས།། ཁྱེད་རྣམས་སྐྱབས་སུ་དོང་བ་ན། ་བྱ། བྱང་ཆུབ་སེམས་དང་ལྡན་པ་ཡིས།། ཐམས་ཅད་དེ་ནི་གྲུབ་པའི་མཆོག ་ཡི་གེ་འབྲུ་ནི་བཅུ་བདུན་པོ།། ངའི་སྙིང་པོ་ཡིད་ལས་བྱུང་།། ལྷ་རྣམས་ཀུན་གྱིས་གཟུང་བར་བགྱིས།། གཤིན ་རྗེ་གཤེད་པ་བདག་ཉིད་ཀྱིས།། སྙིང་པོ་རབ་ཏུ་གསུངས་པ་ན།། དེ་ནས་ས་ནི་གཡོས་པར་འགྱུར།། རྒྱ་མཚོ་ཡང ་ནི་རབ་ཏུ་ཁྲུགས།། གནོད་སྦྱིན་དང་ནི་སྲིན་པོ་དང་།། ཤ་ཟ་ལ་སོགས་ཕུང་བར་འགྱུར།། ལྷ་རྣམས་ཀུན་གྱིས་ཕྱག ་འཚལ་ཞིང་།། ཡན་ལག་ཀོན་ལ་སྤུ་ལངས་ནས།། གཤིན་རྗེ་གཤེད་པོ་ཁྲོ་བོ་ཡི།། གཙོ་བོའི་སྙིང་པོ་དེ་གཟུང་ངོ་།། ་དེ་ནས་དམ་ཆོས་སྲུང་བའི་ཕྱིར།། ཁྲོ་བོ་རྣམ་པར་རྒྱལ་བ་ཡིས།། རྟོག་པ་འདི་ནི་དེ་དག་ལ།། གཤིན་རྗེ་གཤེད་ཀྱི ་རྒྱས་པར་གསུངས།། དེ་ནས་ཁྲོ་བོ་རྣམ་རྒྱལ་གྱིས།། རྟོག་འདི་ཁྲོ་བོ་ཉིད་གསུངས་པ།། སྙིང་རྗེ་བྱང་ཆུབ་སེམས་ལྡན་པའི།། ལྷ ་རྣམས་ཀྱིས་ཐོས་དགར་གྱུར་ནས།། དཀོན་གསུམ་ནི་སྲུང་བའི་ཕྱིར།། སོ་སོ་ཡི་ནི་རྟོག་པ་བཤད།། དེ་དག་གི་ནི་རྩེ་བའི་རྒྱུད།། ་ཁྲོ་བོ་ཉིད་ཀྱིས་རབ་གསུངས་སོ།། ཁྲོ་བོ་རྣམ་རྒྱལ་ཞེས་བྱ་འདི།། འཇིག་རྟེན་འདས་དང་འཇིག་རྟེན་པས།། སྔོན་ནི་ཕྱག་བྱས ་ཁྲོ་བོ་ཡི།། ཞལ་ནས་ཇི་བཞིན་ཐོས་ནས་ཀྱང་།། ཁྲོ་བོ་ཉིད་ཀྱིས་གསུངས་པ་ཡི།། རྒྱུད་འདི་བྱང་ཆུབ་སེམས་རྣམས་ཀྱིས།། ་སྙིང་རྗེ་དེ་བཞིན་རྒྱས་པ་དང་།། རྣམ་པ་མང་པོར་བྱིན་གྱིས་བརླབས།། འཇམ་དཔལ་གྱི་རྩ་བའི་རྟོག་པ་རྣམ་པར་རྒྱལ་བ་ལས། ་རྒྱུད་བྱུང་བ་ཞེས་བྱ་བའི་སྐབས་ཏེ་ལེའུ་དང་པོའོ།། །། དེ་ནས་ཁྲོ་བོ་རྣམ་པར་རྒྱལ།། འཇམ ་དེ་བའི་ཁྲོ་བོས་པོ་ཤད་པ་ཡིས།། རྟོགས་པ་སླང་བྱུང་བའི་མཆོག། མདོར་ནི་རབ་ཏུ་བཤད་པར་བྱ།། དེ་ལ་འདིའི་དཀྱིལ་འ ་ནི། དངོས་གྲུབ་ཐམས་ཅད་སྦྱིན་མཛད་པ།། འཇིག་རྟེན་གསུམ་པོ་འཁྲུག་པར་མཛད།། ཡི་དགས ་མང་པོ་ཞེས་བྱའོ།། ཐམས་ཅད་དུ་ནི་དཀྱིལ་འཁོར་འདི།། གནསོ་ནི་གང་དུ་འགྲུབ་པར་འགྱུར།། སྔགས་པས་ཐོག་མ་ཉིད་དུ་ནི།། དེའི་གནས ་ནི་བརྟག་པར་བྱ།། ཤིང་གཅིག་པ་དང་དུར་ཁྲོད་དམ།། ཁྱིམ་སྟོང་དང་ནི་བཞི་མདོ་དང་།། མཆོད་རྟེན་དང་ནི་མུ་གཉིས་དང་།། ཐིབས་པོ་སྟོང ་བ་ལམ་སྲང་སྙིང་།། སྐྱེད་མོ་ཚལ་དང་རིའི་རྩེ།། ཆུ་བོའི་འགྲམ་དང་ནགས་ཚལ་དང་།། ཡང་ན་རྒྱ་མཚོའི་འགྲམ་དང་ནི།། ལྷ་ཆེན་གྱི་ནི ་གནས་ཀྱང་རུང་།། བོ་ལང་ལྷས་སམ་ཡུལ་གྱིས།། ཁྱད་པར་ནཱི་ཡུལ་རྩ་བར།། གང་དུ་ཡིད་ནི་དགའ་བར་ཡང་།། དེར་ནི་དཀྱིལ་འཁོར ་རབ་ཏུ་བྱ།། དེ་ནས་རིགས་འཛིན་ནན་ཏན་གྱིས།། ས་ནི་ཡང་དགེ་སྤང་བྱས་ཏེ།། ངོ་མཚ་མེད་ཅིང་མ་གས་དང་།། མཉམ་ཞིང་ཟུག་དུ་མེད་པ ་ལ་ཤར་དང་བྱང་ནི་མཐོ་བ་ལ།། ཁ་དོག་སྣུམ་པ་ལྷག་པར་བཟང་།། བ་ཡི་ལྔ་དང་ལྡན་པ་ཡི།། བའི་ལྕི་བས་བྱུག་པར་བྱ།། ཅི་རིགས་པ ་པར་ནི་བྱུགས་ནས་ཀྱང་།། སློབ་དཔོན་གྱིས་ནི་ཁྲུས་ལ་བྱས་ལ།། བསྐུད་པར་འདུག་སྟེ་མཉམ་གཞག་ནས།། ཁྲོ་བོའི་བསྲུང་བས་བྱིན་གྱིས་བརླབས། ་ཡི་དགས་ཕལ་ཆེན་ཞེས་བྱ་བའི།། དཀྱིལ་འཁོར་གསང་མཆོག་ནུབ་མེ་བྲི།། ཟར་མའི་རས་སམ་རས་བལ་ལ།། ཐིག་སྐུད་གསུམ་སྒྲིལ་མཛེས་པ་ཡི།། ་གྲུ་བཞི་པ་དང་སྒོ་བཞི་པར།། མཁས་པས་དཀྱིལ་འཁོར་ཐིག་བཏབ་སྟེ།། ཐོག་མར་ཤར་དང་བྱང་ནས་ནི།། ལྷོ་དང་ནུབ་ཀྱི་བར་དུའོ།། ཐིག་སྐུད ་དེ་ནི་ཕྱོགས་མཚམས་ནས།། དེ་ནས་ཀྱང་ནི་དྲང་བར་བྱ།། ཤར་དང་ལྷོ་ཡི་མཚམས་དང་ནི།། ནུབ་དང་བྱང་གི་མཚམས་དག་ཏུ།། ཐིག་གིས་རབ་ཏུ ་ཚད་བྱས་ཏེ།། གྲུ་བཞི་པོར་ནི་ཐིག་གདབ་བོ།། རིམ་པ་གཅིག་པ་མཛེས་པ་ལ།། སྒོ་བཞི་དག་གིས་མཛེས་པར་བྱ།། ལྷོ་ཕྱོགས་དག་གི་སྒོ་ཕྱི ་ལ་ལྷག་མ་རྣམས་ནི་བཅད་པར་བྱ།། དཀྱིལ་འཁོར་དང་ནི་འཚམས་པ་ཡི།། དབུས་སུ་པདྨ་བྲི་བར་བྱ།། པདྨ་དང་ནི་ཕྱོགས་བཞིའི་སྒོ།། ཐེ ་ཆོམ་མེད་པར་མཉམ་པར་བྱ།། མཛེས་བྱེད་སྒོའི་ཆེད་དུ་བྱ།། འགྲམ་པ་འདབ་མའི་ཚད་དང་མཉམ།། ཉེ་བ་ཡི་ནི་མཛེས་བྱེད་ཀྱང་།། མཛེས ་བྱེད་དང་ནི་འདྲ་བར་བྱ།། ཆོ་ག་བཞིན་དུ་དཀྱིལ་འཁོར་ཏེ།། ཀུན་ཏུ་ཐིག་ནི་བཏབ་ནས་ཀྱང་།། ཕྱི་ནས་ཚུལ་བཞིན་རིག ་འཛིན་གྱིས།། དུར་ཁྲོད་ཐལ་བས་བྲིས་པ་ནི།། རྟག་ཏུ་ཤར་བྱང་ལ་སོགས་པའི།། གྲའི་ནང་ནི་དེ་དག་ཏུ།། མཁས་པས་བེ་ཅོན་ཕྱག་རྒྱ་བྲི།། ཕྱོགས་ཀྱི ་སྒོར་ནི་ཡི་དགས་བཞག། གཞན་ཡང་ཡི་དགས་ལྔ་པ་ནི།། པདྨའི་སྟེང་དུ་བསམ་པར་བྱ།། དེ་བཞིན་ཕྱི་སྒོའི་ནང་དག་དང་།། ཕྱོགས་རྣམས་དེ་དག་ཐམས ་ཅད་དུ།། མི་རོ་མགོ་མེད་ཡི་དགས་རྣམས།། དུར་ཁྲོད་ཐལ་བས་མངར་ཏེ་བྲི།། དེ་ཕྱིར་ཡི་དགས་ཕལ་ཆེན་ཡིན།། ཁྲུ་གང་ལ་སོགས་རིམ་པ་ནས།། ཁྲུ ་བརྒྱད་པའི་བར་དུ་དེ།། དེ་ལས་ལྷག་པར་ཡོངས་མི་བྲི།། རྟག་ཏུ་བདག་ཉིད་མཆོད་པ་ནི།། ཁྲུ་གང་བར་ནི་བྲི་བར་བྱ།། ཞི་བ་དང་ནི་རྒྱས་པ་དང་།། མི་སྐྱོད ་གྲུབ་པ་ཁྲུ་དོར་བྱ།། སེམས་ཅན་ཀུན་ནི་བསྐྲད་པ་དང་།། དེ་བཞིན་ཞི་བ་ཁྲུ་གསུམ་པ།། ཁྲུ་བཞི་དབང་དང་དགུག་པ་ཡི།། ལས་རྣམས་ཀྱི་ནི་མཆོག་ཏུ ་གསུངས།། ཁྲུ་ལྔ་ནང་དང་མི་ནད་དང་།། དགྲ་རྣམས་མེད་པར་བསལ་བའི་མཆོག། ཁྲུ་དྲུག་བགེགས་རྣམས་ཐམས་ཅད་དང་།། གདོན་རྣམས་ངེས་པར་བཟློག ་པར་བྱེད།། ཁྲུ་བདུན་པ་ནི་ལྷ་ཡི་རྣམས།། དབང་དང་དགུག་པའི་ལས་རྣམས་བྱེད།། ཁྲུ་བརྒྱད་པ་ནི་དངོས་གྲུབ་ཀུན།། སྦྱིན་བྱེད་མཆོག་ཏུ་ཤེས་པར་བྱ།། དེ་ལྟར་ཅི་རིག ་བྲིས་ནས་ནི།། དེ་དག་གཙང་མས་ཉེ་རེག་བྱ།། ཆུའི་ཕྱིར་ནི་ཆུའི་སྣོད།། ཆུས་ནི་རབ་ཏུ་བཀང་བ་བཞག། དེ་བཞིན་མེ་ཏོག་དོན་དུ་ཡང་།། མེ་ཏོག་སྐྲག་ག་དྲི་ཞིམ་དང་། ་མེ་ཏོག་ཕྲེང་བ་སྣོད་མཆོག་གཞན།། ལེགས་པར་དགང་ཞིང་མཛེས་པར་བྱ།། དྲིའི་དོན་དུ་ཙན་དན་མཆོག། ཙན་དན་དཀར་པོ་དམར་པོ་བླང་།། ཨ་ཀ་རུ་དང་སྦྱར་བ ་ཡི་གུ་གུལ་བདུག་པ་དེ་བཞིན་ནོ།། མར་མེ་མར་གྱི་མེ་མར་དང་།། མཁས་པ་སྙིང་པོ་འཇོམ་པའོ།། དྲག་པོ་ཡི་ནི་ལས་དག་ལ།། མིའི་ཚིལ་གྱིས་བྱ་བར་བཤད།། ་གཏོར་མ་ཉ་དང་ཤ་ལ་སོགས།། སྦྱར་ཐུག་ལ་སོགས་ལྷག་པར་དབུལ།། དེ་ལྟར་དེ་ནི་བསགས་བྱས་ནས།། དེ་ནས་རིག་སྔགས་འཆང་བ་ཡིས།། སངས་རྒྱས ་ཀུན་ལ་ཕྱག་བྱས་ཏེ། བྱང་ཆུབ་སེམས་ལ་དམིགས་ནས་ནི།། རི་མོ་ཡི་ནི་ལས་རྣམས་དག། གལ་ཏེ་བྲི་བར་མ་ནུས་ན།། ཡི་དགས་པ་ལ་ཆེན་དབུས་དག་ཏུ།། བཛྲ ་མེ་ཐེག་ན་པ།། དེའི་ཀྱང་དུ་པ་དགས་སོ།། སའས་པའི་འིདཀྱིས་པསམ་པར་བྱ། གས་དགས་ཀྱིན་སྔགས་པ་ཚོག་གིས། ཁམས་པ་དགན་བྱས་པ་། ་གྲ་ཡི་དབྱུག་པ་བཞི་པོ་ཡང་།། སྔགས་ཉིད་ཀྱིས་ནི་བསམ་པར་བྱ།། གེལ་ཏེ་འབྲི་བར་ནུས་ན་ནི།། སྔགས་ཉིད་སྟེང་དུ་བཞག་པར ་བྱ། སྒོའི་ཡི་དགས་བཞི་པོ་ཡང་།། གལ་ཏེ་བྲི་བར་མ་ནུས་ན།། དེ་བཞིན་ཡི་དགས་འཛིན་སྔགས་ཀྱིས།། བྱིན་གྱིས་རློབས་པར་མི་བྱེད་པར་གསུངས།། རྐང ་ལག་མགོ་བོ་ཕྲག་པ་དང་།། དེ་བཞིན་གཞན་ཡང་དཔུང་པ་དང་།། ཐོད་པ་ཀེང་རུས་མི་ལྤགས་རློན།། རོ་ཡི་ཕྲེང་བ་བསམ་པར་བྱ།། དེའི་ནང་དུ་རང་སྔགས་ཀྱིས།། བྱིན ་གྱིས་བརློབ་ཏུ་བཞུག་པར་བྱ།། དེ་ལྟར་ཆོ་ག་བཞིན་བསམ་ནས།། འཇུག་ཏུ་ཁྲོ་བོ་གཤིན་རྗེ་གཤེད།། སྔགས་བརྗོད་ནས་ནི་སྤྱན་དྲངས་ནས།། རང་གི་སྙིང་པོར་བཞུགསུ ་གསོལ།། ཁྲོ་བོ་འཁྲུག་པ་འཇིགས་མཛད་པ།། སྐུ་ནི་མེ་ལྕེ་འབར་བ་ཅན།། གཟི་བརྗིད་འཕགས་པ་བསམ་པ་ནི།། སྐུ་མདོག་སྟག་ཟིལ་བ་ཅན་པ་འདྲ།། ཞལ་དྲག་སྲ ་ཡང་ཁམ་པར་འདུག། སྨིན་མཁམ་པ་མིག་ཀྱང་སེར།། སྤྱན་གསུམ་མིག་དང་ཟླུམ་པ་སྟེ།། ཕྱག་ནི་བཅུ་གཉིས་པའི་གཟུགས།། དེ་བཞིན་ཡི་དགས་སྟེང་དུ་བཞུགས། ་ཞབས་དྲུག་གིས་ནི་མཛེས་པར་བྱས།། ཏྲི་ཤུལ་རལ་གྲི་དབྱུག་དགྲ་སྟ།། སྦྱིན་པའི་ཕྱིར་ནི་ཕྱག་བརྐྱང་བ།། ལྕགས་ཀྱུ་ཡི་ནི་མཚོན་ཆ་དག། གཡས་པའི་ཕྱག་ནི་དེ་བཞིན་བསྣམ། ་དེ་གཡོན་པའི་དྲག་པོ་ཡང་།། ཐོད་པ་ཤག་ཏིང་ཐོ་མ་ར།། འཛུབ་མོས་སྡིགས་དང་ཞགས་པ་བསྣམས།། ཕྱག་ན་དབྱུགས་ཐོ་བསམས་པར་བྱ།། མི་མགོ་རློན་པ་དང་སྐཾ་བོ་དང་། ་ཡི་དགས་ཕྲེང་བས་རྣམ་པར་བརྒྱན།། སྟག་གི་ལྤགས་པས་ནམ་བཟའ་གསོལ།། སྐུ་ཡང་ཆེ་ལ་བསུས་ཁྱིམ་ཆེ།། ཞལ་གྱི་དབྱིབས་ནི་དུ་མ་སྟེ།། དགྲ་ནི་རྒྱ་མཚོ་འཁྲུགས ་པ་སྟེ།། ཁ་ཅིག་འཇིགས་པར་བགྲད་པའི་ཞལ།། ཁ་ཅིག་ཞལ་ནི་གདངས་པ་སྟེ།། ལྗགས་ཀྱིས་བསྐྱོད་པར་མཛད་པ་སྟེ།། ཁ་ཅིག་ཀྱང་ནི་མཆེ་བ་གཙིགས།། དེ་ལྟར་སྙིང ་བོ་ལེགས་གྲ་ནི།། སྤྱན་དྲངས་མཆོད་ཡོན་དབུལ་བར་བྱ།། དེ་ནས་དྲི་དང་སྦྱར་བའི་ཆུས།། མཆོད་ཡོན་ཆོ་ག་བཞིན་ཕུལ་ནས།། ཡི་དགས་ཀྱི་ནི་སྤྱི་བོར་ཡང་།། མེ་ཏོག ་དམར་པོ་བཞག་པར་བྱ།། བློ་ཅན་གྱིས་ནི་ཁྲོ་བོ་ལ།། དེ་ནས་ཙན་དན་དམར་པོ་དབུལ།། དྲིའི་འོག་ཏུ་མེ་ཏོག་སྣམས།། ཅན་དན་གྱིས་ནི་གཏོར་མ་དབུལ།། མེ་ཏོག་མེ་ཏོག ་ཕྲེང་བ་བསྣམས།། མེ་ཏོག་སྔགས་ཀྱི་དབུལ་བར་བྱ།། མེ་ཏོག་སྔགས་ཀྱིས་རིམ་བཞིན་དུ།། མེ་ཏོག་ཆོ་ག་བཞིན་ཕུལ་ནས།། རང་གི་སྙིང་པོ་སྔགས་ཀྱིས་ཀྱང་།། ཁྲོ ་བོ་ཡི་ནི་སྤྱི་བོ་དང་།། ཁྲོ་བོ་གཙོ་བོའི་སྙིང་ཁར་ནི།། སྙིང་པོ་རྣམས་པར་བགོད་པར་བྱ།། མཚོགས་མར་དེའི་ཚོགས་མ་དང་།། དེའི་གཙུག་ཏུ་སྤྱི་གཙུག་བཞག། དེའི ་ལུས་ལ་གོ་ཆ་དང་།། མཚོན་ཆའི་ཚོགས་ལ་མཚན་བཞག་སྟེ།། འདི་སྐད་བསྟན་པ་འདི་དག་ནི།། མེ་ཏོག་དག་གིས་དགོད་པར ་བྱ།། དེ་ལྟར་ཅི་རིགས་མཆོད་ནས་ཀྱང་།། བདུག་པ་རང་གི་སྔགས་ཀྱིས་དབུལ།། དེ་ནས་མར་མེ་རབ་འབར་བས།། ཕྱོགས་བརྒྱད་དག་ཏུ་དགོད་པར་བྱ།། འབྱུང་བ ་གཏོར་མ་ཁྲོ་བོ་ལ།། བུལ་ནས་ཡི་དགས་ཕལ་ཆེན་ནོ།། ཕྱི་རོལ་དུ་ནི་མཁས་པ་ཡིས།། སྨེ་གཏོར་རྣམས་ནི་སྦྱིན་པར་བྱ།། ཁྲོ་མོའི་གཙོ་མོ་དེ་ཕྱོགས་ཏེ།། དེ་ནས ་ཡང་ནི་བདུག་པ་དབུལ།། དེའི་ཕྱི་རོལ་ཆུ་བཅས་སྣོད།། མེ་ཏོག་དག་གིས་བཀང་སྟེ་བཞག། ཆོ་གྲ་ཁྲུས་བྱས་བསྙུང་བ་ཡི།། སློབ་མ་དག་ནི་བོས་ནས་ཀྱང་།། ་སྔགས་ཀུན་གྱིས་ནི་གཟིགས་བསྐྱེད་ལ།། ཁྲོ་བོ་ཡི་ནི་སྙིང་པོ་ཡིས།། ལག་གཉིས་མེ་ཏོག་བྱིན་ནས་ནི།། གོས་ཀྱི་གདེང་ནི་གཡོག་པར་བྱ།། དཀོན་མཆོག་གསུམ་ནི་དྲན ་བྱས་ཏེ།། སློབ་དཔོན་གྱིས་ནི་བཞག་པར་བྱ།། རང་གི་སྙིང་པོས་མེ་ཏོག་ཉིད།། དཀྱིལ་འཁོར་ལ་ནི་དོར་དུ་བཞུག། དེ་ནས་དབྱུག་པ་ཞེས་བྱ་ཡི།། ཕྱག་རྒྱ་སྔགས ་པས་དེ་ལ་བསྟན།། དཀོན་མཆོག་གསུམ་ནི་གསང་བ་ཡིས།། དམ་ཚིག་དེ་ལ་སྦྱིན་པར་བྱ།། ཁྲོ་བོའི་གཙོ་བོའི་སྔགས་ཀྱིས་ནི།། དེ་ནས་སྔགས་པས་དབང་བསྐུར ་ཁ་ཆུ་དང་མེ་ཏོག་དག་གིས་ཀྱང་།། འགྲུབ་ཕྱིར་དེ་ལ་སྦྱིན་པར་བྱ།། དེ་ནས་ཁྲོ་བོ་སྙིང་པོ་ཡི།། ཆོ་ག་བཞིན་དུ་དབང་བསྐུར་ནས།། མེ་ཏོག་བདུག་པ་ཕྲེང་ལྡན་པར།། ་སྙིང་པོ་དེ་ལ་སྦྱིན་པར་བྱ།། ཁྲོ་བོ་ཡི་ནི་སྙིང་པོ་མཆོག། དེས་ཀྱང་དེ་ལྟར་གནོས་ནས་ནི།། དེ་ནས་བླ་མ་ཕྱག་བྱས་ཏེ།། སྔགས་པས་བླ་མ་མཆོད་བྱ་ན།། ཅི་ནུས་སྦྱིན ་པས་མཆོད་པར་བྱ།། སྔགས་པས་བླ་མ་མཆོད་བྱས་ནས།། དངོས་གྲུབ་ཐོབ་འགྱུར་གཞན་དུ་མིན།། སློབ་མ་སྙིང་པོ་བྱིན་ནས་ཀྱང་།། ཕྲེང་བ་ཙན་དན་ལ་སོགས་པསོ།། ་མཆོད་ནས་དེའི་འོག་ཏུ་ནི།། ཕྱི་རོལ་ཏུ་ནི་སྔར་བཞག་པའི།། དྲི་ཆུ་ལ་སོགས་བཀང་བའི་སྣོད།། དེ་བླངས་མཆོད་ཡོན་ཕུལ་ནས་ནི།། འཇམ་དབྱངས་ཁྲོ་བོ་མི་ཟད ་ག། མཐུ་རྩལ་དྲག་པོ་སླར་ཡང་བཏང་།། བཏང་ནས་དེའི་འོག་ཏུ་ནི།། དཀྱིལ་འཁོར་དུ་ཡང་མཆོད་ཡོན་དབུལ།། རྒྱ་ཆེན་སའི་དཀྱིལ་འཁོར་ནི།། དངོས་གྲུབ ་མཚུངས་མེད་འདོད་པ་ཡིས།། རིག་སྔགས་ཀྱི་ནི་དེ་ལྟར་ནི།། མཆོད་པ་རྟག་ཏུ་ལེགས་པར་བྱ།། འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ཆེན ་པོ་ཡི་དགས་ཕལ་པོ་ཆེའི་དཀྱིལ་འཁོར་གྱི་སྐབས་ཏེ་གཉིས་པའོ།། ། དེ་ནས་གཞན་ཡང་སྔགས་རྣམས་འབྱུང་སྟེ།། ཨོཾ་ན་མ་སརྦ་ཏ་ཐཱ ་ག་ཏེ་བྱ། པྲེ་ཏ། མུ་ཁཱ། ཁ་ཏ་ཀ་སྭཱ་ཧཱ། དབུས་ཀྱི་ཡི་དགས་ཀྱིའོ།། ཨོཾ་ན་མ་སརྦ་ཏ་ཐཱ་ག་ཏེ་བྷྱ། ཀྲོ་ཏ་བི་ཛ་ཡ ་ཨ་ནིར་ཛ་ལི་ཏ་ཛི་ཧེ་པྲེ་ཏ་ཤི་ར་ཧཱུཾ་ཕཊ། འདི་ནི་གྲ་བཞི་བེ་ཅོན་བཞིའི་སྔགས་སོ།། ཨཱཾ་པྲེ་ཏོ་ལ་ཝཱ་ཡ་ཧཱུཾ་ཕཊ། ཤར་སྒོའི་ཡི་དགས་ཀྱིའོ།། ཨཱཾ་པྲེ་ཏ་བྷི་མན ་ཏ་ཀ་ཧཱུཾ་ཕཊ།། ལྷོ་སྒེའི་ཡི་དགས་ཀྱིའོ།། ཨོཾ་པྲེ་ཏ་ཛ་ལ་ཧཱུཾ་ཕཊ།། ནུབ་སྒེའི་ཡི་དགས་ཀྱིའོ།། ཨི་ཀྲཱི་པྲེ་ཏོད་ཀ་པཊ།། བྱང་སྒོའི་ཡི་དགས་ཀྱིའོ།། ཨཽ ་ན་མཱ་སརྦ་ཏ་ཐཱ་ག་ཏེ་བྱ། པྲེ་ཏ་མ་ལེ་བི་ཀྲི་ཏེ། གཱུ་ཧྱ་པེ་ཙི་ཀ་མུངས་རྦ་ར་ཀླེ་བ་ཛུས་ཥྱོ་ཧཱུཾ་ཕཊ།། ཡི་དགས་ཕྲེང་བའིའོ།། དེ་དག་ནི་ཡི་དགས་ཀྱི་དཀྱིལ་འཁོར ་གྱི་སྔགས་ཀྱི་ཚོགས་སོ།། ད་ནི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་སྤྱན་དྲང་བ་ལ་སོགས་པའི་སྔགས་རྣམས་འབྱུང་ངོ་།། ཨོཾ་ན་མོ་བུད་དྷ། དྷརྨཱ་ས་གེ་བྱ། ཀྲོ་ཏ་བཱ་རཱ་བིས ་ས་མ་ཡེ་ན། ཨ་ག་ད་ཚ། ཨོཾ་ཨཱ་ཧཱུཾ་ཕྲིད་དམ་པེ་ཏ་ཨ་ས་ནན། པྲེ་ཏོད་ཀ་ཏ་ན་རཀྵ་ཕཊ་སྭཱ་ཧཱ། ཁོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་སྤྱན་དྲངས་པའི་སྔགས་སོ།། ཨོཾ་ཨ ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧ་མ་ཐ་བན་ཛ་ཧཱུཾ་ཕཊ། འདི་ནི་ཁྲོ་བོའི་རྒྱལ་པོ་རང་གི་རྟོག་པ་ཡིན་པས་དེའི་སྔགས་ཡི་གེ་བཅུ་བདུན་པའོ།། ཨོཾ་ཨཱ་ཧཱུཾ།། དེ་ཉིད་ཀྱི་སྙིང་པོའོ།། ཨོཾ ་ཀ་ལ་རུ་བ་ཧཱུ~ཾ་ཕཊ།། ཚོགས་མའི་འོ།། ཨོཾ་ཡ་མན་ཏ་ཀ་ཡེ་ཀ་བཱི་ར་ཧཱུ~ཾ་ཕཊ།། སྤྱི་གཙུག་གིའོ།། ཨོཾ་ཛ་ལ་མི་ཏ་བི་གྲ་ཏོ་ཧཱུ~ཾ་ཕཊ། གོ་ཚའོ།། ཨོཾ་བཱི་བས་སྭཱ་ཧཱ། ན་ཏ་ཀ་ཧཱུ~ཾ་ཕཊ། ་མཚོན་ཆའི་འོ།། འདི་ནི་ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་ཀྱི་ཡན་ལག་ལྔ་པའོ།། ཨོཾ་ཨ་ཀ་བཱི་ར་ཡ་མ་ཏཱ་བྷི་ས་ར་སྭཱ་ཧཱ། ཨརྒའི་སྔགས་སོ།། ཨོཾ་ཏ་ཀ་ཙི་ཏི་ཤོ་ནི ་དར་ཏ་མན་གན་ད་བ་གྲང་ཧ་སྭཱ་ཧཱ། དྲིའི་སྔགས་སོ།། ཨོཾ་དིབ་བྱ་སྲེག་མ་ལྱ་ད་ར་ནི་སཱ་ཧ། མེ་ཏོག་གི་སྔགས་སོ།། ཨོཾ་ཙི་ཏི་པུ་པ་པྲི་ཡ་ཡཱ་སྭཱ་ཧཱ།། བདུག་པའི ་སྔགས་སོ། ཨོཾ་དི་པེ་ཛེ་ཏི་ཤེ་ཧེ་སྭཱ་ཧཱ། མར་མེའི་སྔགས་སོ།། ཨོཾ་བཱ་མན་ཏ་ཀ་ཏེ་ཙེ་བ་ལི་ནི་སྭཱ་ཧཱ། ལྷ་བཤོས་ཀྱི་སྔགས་སོ། ཨོཾ་སརྦ་ཨཱ་མྲི་ཤ་བ་བ་ཧ་རི་ནི་སྭཱ་ཧཱ། ་སླེ་གཏོར་ཐམས་ཅད་ཀྱི་སྔགས་སོ།། ཨཱ~ཾ་དིབ་བྱ་ནན་བྷྱོ་ཙི་ནི་ཧ་ར་ཧ་ར་དྷི་དྷི་དྷི་ཁ་སྭཱ་ཧཱ། གཏོར་མ་ཐམས་ཅད་དབུལ་བའི་སྔགས་སོ།། ཨོཾ་ཁུ་ཁུ་རི་པྲེ་ཏོད་ཁ་རེ་པྲེ་ཏ་མ ་ལེ་ལ་ལི་སྭཱཧཱ། མཱཾ་མཱཾ་གླེང་ད། པྲི་པྲི་དྷོ་ཤི་བྷེ། དྷཱི་དྷིང་དྷཱིང་ཁྲེ་ཁུ་རི་ཀྲི་ཧན་བ་ལིང་སྭཱ་ཧཱ། ཡི་དགས་མང་པོའི་མང་པོའི་དཀྱིལ་འཁོར་གྱི་གཏོར་མའི་སྔག་སོ།། ་ཁྲོ་བོ་རྣམ་པར་རྒྱལ་པོའི་རྩ་བའི་རྟོག་པ་ལས། ཡི་དགས་མང་པོའི་གཏོར་མའི་སྔགས་ཏེ་ལེའུ་གསུམ་པའོ།། ། དེ་ནས་གཞན་ཡང་འཇམ་དབྱངས ་ཀྱིས།། ཁྲོ་བོ་དཔའ་བོ་གཅིག་པུ་ནི།། ཚད་མེད་གཟི་བརྗིད་བདག་ཉིད་ཆེ།། དེའི་ཕྱག་རྒྱ་བཤད་པར་བྱའོ།། ལག་པ་གཡས་པ ་འདུན་དུ་བྱས།། དཀོན་མཆོག་གསུམ་གྱི་དམ་ཚིག་གོ། མངོན་པར་བསྟོད་པ་བྱེད་པ་ཡི།། ཕྱག་རྒྱ་ཆོ་ག་བཞིན་དུ་བཅིངས།། རིགས་འཛིན་དག་ནི་རྟག་པར་ནི།། ལག ་པའི་སོར་མོའི་ཐམས་ཅད་ཀྱིས།། མཐེ་བོང་ལེགས་པར་སྦས་ནས་ནི།། རབ་ཏུ་བསྡམས་པ་བཟང་བ་བཅིང་།། ཆོ་ག་ཤེས་པས་བེ་ཅོན་རྒྱ།། སྙིང་པོ་སྔགས ་སམ་ལོགས་ཤིག་ཏུ།། སྔགས་པས་ཕྱག་རྒྱའི་སྔགས་ཀྱིས་བཅིང་།། གཞན་དུ་ནམ་ཀྱང་མི་བཅིངས་ངོ་།། ཨོཾ་ན་མོ་བུད་ཏ་དྷ་ར་མ་སང་གེ་བྱ། ཨ་སརྦ་ཏ་ཐཱ་ག་ཏ། ་ཀྲོ་ཏ་བི་བི་ཛ་ཡ་ཨ་ག་ནིར་ཛ་ལི་ཏ། ཛ་ཧ་པྲེ་ཏ་ཤྲི་ཧཱུཾ་ཕཊ། བེ་ཅོན་གྱི་ཕྱག་རྒྱའི་གསང་སྔགས་སོ།། ཕྱག་རྒྱ་ཅིག་པུར་གྱུར་པ་འདི།། ཁྲོ་བོའི་སྙིང་པོར་སྔགས ་བར་བྱེད།། མཚོན་ཆ་མ་ལུས་པའི་གཙོ།། བདུད་རྣམས་ཐམས་ཅད་ཞི་བར་བྱེད།། ཇི་ལྟར་དཀྱིལ་འཁོར་དུ་བྲི་བ།། དེའི་ཆོ་ག་བཤད་པར་བྱ།། བེ་ཅོན ་དབྱུག་པ་ལྟ་བུའི་ཚུལ།། འདི་ནི་བེ་ཅོན་ཞེས་པར་བཤད།། ཁྱད་པར་དུ་ནི་དེའི་རྩེར།། ཡི་དགས་མགོ་བོ་མཁས་པས་བྲི།། ཡི་དགས་མང་པོ་རྟག་ཏུ་བྲི།། དེ་ལས ་གཞན་དུ་ནམ་ཀྱང་མིན།། རིགས་འཛིན་གྱིས་ནི་ཆོ་ག་བཞིན།། རྒྱ་འདི་དུར་ཁྲོད་ཐལ་བས་སོ།། ཡང་ན་འདི་ཉིད་ལོག་ཅིག་ཏུ།། གང་གི་ཚེ་ན་བསྒྲུབ་འདོད་པས།། ་བསྒྲུབ་པོས་དངོས་གྲུབ་འདོད་པ་ཡི།། རང་གི་དཀྱིལ་འཁོར་དུ་བྲིའོ།། དེ་ནས་ཕྱག་རྒྱ་བསྒྲུབ་པ་ཡི།། དཀྱིལ་འཁོར་འདི་ནི་བཤད་པར་བྱ།། གྲེ་བཞི་སྔ་མ ་བཞིན་དུ་སྟེ།། ཡི་དགས་ཕལ་ཆེན་འདིར་ཡང་བྲི།། དེའི་དབུས་སུ་བེ་ཅོན་བཞག། ཕྱོགས་བརྒྱད་རྣམས་སུའང་དེ་བཞིན་ནོ།། ཕྱག་རྒྱའི་རྐུ་དང་ལྡན་པ་ཡི།། ཕྱག ་རྒྱའི་དཀྱིལ་འཁོར་ཞེས་བྱའོ།། དེ་བཞིན་དུ་ནི་ལྕེ་ཕྱོགས་སྒོ།། བྱེས་ཏེ་དེ་ནས་མཆོད་པར་བྱ།། ཕྱག་རྒྱའི་སྔགས་ནི་མ་ལུས་པའོ།། ཁྲོ་བོ་རྒྱལ་པོའི་བར་དུ ་བཞག། དེའི་ས་འདིར་མཆོད་འགྱུར་བས།། སངས་པའི་ཨོཾ།། ཨོཾ་ན་མོ་བུད་དྷརྨ་སང་གེ་བྱ།། ཨ་ཨ་སརྦ་ཏ་ཐཱ་ག་ཏ་ཀྲོ་ཏ་བི་ཛ་ཡ།། ཨར་ནིར་ཛ་ལི་ཏ། ཛི་ཧ ་པྲེ་ཏ་ཤི་རི་ཧུཾ་ཕཊ་ཧཱུཾ། འདི་ནི་ཁྲེའི་བེའི་རྒྱལ་པོའི་བར་དུ་བཅུག་པའི་བེ་ཅོན་གྱི་ཕྱག་རྒྱའི་གསང་སྔགས་སོ།། འདི་ལས་ཐམས་ཅད་བསྒྲུབ་པར་བྱའོ།། དེ་ནས ་དངོས་གྲུབ་ཀུན་གྱི་མཆོག། ཁྲོ་བོའི་གཙོ་བོ་དེ་ཁོ་ན།། གསང་བའི་མཆོད་པ་དེ་ལྡན་པའི།། བེ་ཅོན་བསྒྲུབ་པར་བཤད་པར་བྱ།། སྙིང་པོའི་ཟེ་བ་མཛེས་པ་ཡི།། ་པདྨ་འདབ་མ་བརྒྱད་བྱས་ལ།། པདྨའི་རྩེ་མོར་ཕྱོགས་བརྒྱད་དེ།། བེ་ཅོན་ཁྲོ་བོའི་བར་བཅུ་བྲི།། དབུས་སུ་དག་པ་བཞག་ནས་ནི།། གཞན ་རྣམས་ཤོར་ཕྱོགས་ནས་བཙམས་ཏེ། བསྐོར་བའི་ཚུལ་དུ་གོ་རིམས་བཞིན།། མེ་ཏོག་དག་གིས་བཞག་པར་བྱ།། བེ་ཅོན་ཀུན་གྱི་རྩེ་མོར་ཧཱུཾ།། ཡི་དགས་སྤྱི་བོར་བཞག ་པར་བྱ།། ཐོག་མར་ཨོཾ་དང་ལྡན་བྱའི་ཏ།། ཨོཾ་ན་མ་མཆེད་པར་འགྱུར།། ཨ་འདི་ཁྲོ་བོ་རྣམ་རྒྱལ་གྱི།། ས་བོན་དམ་ཚིག་ཡིན་པར་བཤད།། ཨོཾ་ན་མ་བུད་དྷ་དྷརྨ་སད ་གེ་བྱ་ཨ།། སངས་རྒྱས་ཀུན་གྱིས་མངོན་པར་བསྟོད།། བེ་ཅོན་རྣམས་ནི་ཐམས་ཅད་ཀྱང་།། རང་གི་ཚིག་གིས་བསྐུལ་བར་ལྡན།། ཐམས་ཅད་རང་གི་དམ་ཚིག་ལྡན། ་དེ་བཞིན་གཤེགས་པའི་རིགས་ལས་བྱུང་།། བསྐུལ་བའི་ཚིག་དང་རབ་ལྡན་ཞིང་།། ཁྲོ་བོའི་ལྟ་བས་བརྟགས་པ་དང་།། རང་རང་སྐུ་འཛིན་བསྐུལ་ནས་ནི།། དེ་མ ་ཐག་ཏུ་ལས་བྱེད་འགྱུར།། ཡང་ན་ཁྲོ་བོ་རྣམ་རྒྱལ་གྱི།། ཁྲོ་བོའི་ལྷ་བས་བརྟག་པའོ།། རང་གི་དམ་ཚིག་དང་ལྡན་པ།། ཧཱུཾ་དང་ལྡན་པས་བསྐུལ་བ་བཞག། ཞི་བའི ་རྒྱས་པ་དབང་དང་དགག། དབྱེ་བ་དང་ནི་བསྐུད་པ་རྣམས།། གསང་བའི་མཆོད་པ་སྦྱོར་བ་ཡིས།། བདག་གིས་མདོར་ནི་བཤད་པར་བྱ།། དེའི་ཐོག་མར་ཡི་གེ་ཨོཾ།། ་དེ་ལས་གཞན་པ་སྔགས་འཕེལ་བྱེད།། དེ་བཞིན་གཤེགས་པའི་དམ་ཚིག་ཉིད།། གསུམ་པ་ཡིན་པར་ཡོངས་སུ་བསྒྲགས།། སྔགས་ཀྱི་སྐུལ་བའི་དམ་ཚིག་འདིར།། དངོས ་གྲུབ་སྟེར་བ་བཞི་པ་སྟེ།། འདི་ནི་སྔགས་ལ་སྐུལ་བའི་ཚིག། སརྦ་ཏ་ཐཱ་ག་ཏ་ཞེས།། བརྗོད་པར་སྔགས་ཀྱི་བདག་ཉིད་དོ།། འཇུག་གི་ཧཱུཾ་ནི་ཁྲོ་བོ་ཡི།། སྔགས་ནི་འཕེལ ་བར་བྱེད་པར་བཤད།། དེ་ནས་གཞན་གྱི་ཁྱད་པར་དུ།། རང་གི་བསྐལ་པའི་ཚིག་གིས་བྱེད།། འདི་དབང་བྱ་བར་འདོད་པས་ནི།། རང་གི་ངོ་བོ་སྨོས་པར་བྱེ།། ལྷ་ནི་དབང ་དུ་བྱོས་ཤིག་ཅེས།། བརྗོད་ནས་ཐ་མ་སྭཱ་ཧཱ་སྦར།། ཞི་བའི་ཕྱིར་ནི་བསྐུལ་བ་ཉིད།། མཇུག་ཏུ་བཱི་ཤེད་བརྟག་པར་བྱ།། དེ་བཞིན་གཤེགས་པའི་རིག་ལས་བྱུང་།། མཚུང ་པ་མེད་པའི་དཔལ་འདོད་པས།། བསྐུལ་བའི་ཚིག་གི་འཇུག་ཏུ་ནི།། ན་མ་སྭཱ་ཧཱ་རྟག་ཏུ་སྦར།། རྒྱས་པའི་ཕྱིར་ནི་སྔོན་བཞིན་དུ།། བསྐུལ་ནས་པེ་བཤད་སྦྱར་བར་བྱ། ་རྒྱས་ཕྱིར་བསྐུལ་བའི་ཐོག་མ་དང་།། ཁྲོ་བོའི་ཧཱུ~ཾ་ནི་ཐ་མར་སྦར།། གསད་པ་ལ་ནི་ཕཊ་ཅེས་བྱ།། འབར་བ་འདི་ལ་ལྷག་པ་ཡིན།། རིགས་རྣམས་འཇིག་པར་བྱ་བ་ལ། ་ཧཱུཾ་དབུས་ཁྲི་དང་ལྡན་པའི་ཕཊ།། དེ་བཞིན་བསྐྲད་ལ་བསྐུལ་བ་ཡི།། མགོ་དང་མཇུག་ཏུ་དུ་བཞག་གོ། ཡང་དག་འབར་བའི་ཕཊ་ཀྱང་བཞག། གསང་བའི་མཆོད་པའི་ཚེ། ་དེ་དང་སྦྱོར་བ་དེ་འདྲ་བས། ་གར་གྲགས།། དེ་ལྟར་མཆོད་པའི་ཆོ་ག་སྟེ།། བེ་ཅོན་དགུས་ནི་བྱས་པར་འགྱུར།། གསང་བའི་མཆོད་པ་སྦྱོར་བ་ཡིས། ་བདུག་པ་མེ་ཏོག་དེ་བཞིན་བྲི།། མར་མེ་གཏོར་མ་དེ་བཞིན་ཏེ།། བཟླས་པ་མེད་ཀྱང་འགྲུབ་པར་འགྱུར།། གསང་བའི་མཆོད་པའི་སྦྱོར་བ་ཡིས།། དབང་དུ་བྱ་དང་བྱེད་པ་དག ་བསྐྲད་དགུག་ལ་སོགས་པ་ཡིན།། ཇི་སྐད་གསུངས་པའི་ཚུལ་དག་དང་།། ཆེས་གྲངས་དག་ཀྱང་སྐྲག་པ་དང་།། བསྙུད་དག་ཀྱང་བྱ་མི་དགོས།། གསང་པོའི་མཆོད་པ་ཆོག ་ཤེས།། ཕྱག་རྒྱའི་དཀྱིལ་འཁོར་ཆོ་ག་བྱས།། ཁྲུས་སམ་ཡང་ན་ཁྲུས་མ་བྱས།། ཇི་ལྟར་འདོད་པའི་རང་དགར་སྤྱོད།། ཅི་ཡང་རུང་བའི་གཏོར་མ་དང་།། ལོ་མ་མེ་ཏོག་འབྲས ་བུས་ཀྱང་།། གང་གིས་གཤིན་རྗེ་གཤེད་པོ་ཡིས།། སྙིང་པོ་ཕྱག་རྒྱས་མཆོད་བྱེད་པ།། བྱང་ཆུབ་སེམས་དང་ལྡན་གྱུར་ཅིག། རབ་ཏུ་འགྲུབ་པས་ཟླ་དྲུག་གིས།། དེ་ནི་ཇི ་འདོད་དགོས་པར་རྙེད། ཇི་ལྟར་འདོད་པའི་ལས་བྱེད།། འཇམ་དཔལ་གྱི་རྟོག་པ་ཁྲོ་བོ་རྣམ་པར་རྒྱལ་བ་ལས།། བེ་ཅོན་ཕྱག་རྒྱའི་དཀྱིལ་འཁོར་དུ་གསང་བའི་མཆོད་པ ་རྟོགས་པ་སྟེ་ལེའུ་བཞི་པའོ།། །། དེ་ནས་བེ་ཅོན་ཕྱག་རྒྱ་ཡིས།། ཇི་སྐད་གསུངས་པ་དེ་དག་སྒྲུབས།། དེའི་དཀྱིལ་འཁོར་གཉིས་པ་གཞན།། ་དཀྱིལ་ན་ཡི་དགས་ཤེས་བྱ་བ།། སྒྲུབ་པོས་མཚན་མོ་དུར་ཁྲོད་དུ།། དུར་ཁྲོད་དག་གིས་ཐལ་བ་ཡིས།། གྲཝ་བཞི་པ་ལ་སྒོ་བཞིར་བྲི།། མི་རོ་རོ་སྨད་དག་དང་ལྡན།། བླ ་རེ་རྔ་ཡབ་མེ་ལོང་དྲིལ།། མེ་ཏོག་ཕྲེང་བས་མཛེས་པར་བྱས།། ཡི་དགས་མང་པོ་དང་།། ཐོད་པ་བརྒྱད་ཀྱིས་བླར་སྤྲས།། ཕྱིས་ནི་བེ་ཅོན་ཕྱག་རྒྱ་ཡང་།། མགོ་མེད ་རོའི་སྟེང་དུ་བྲི།། དཀྱིལ་ན་ཡི་དགས་ཞེས་བྱ་བའི།། ཐམས་ཅད་འགྲུབ་བྱེད་དཀྱིལ་འཁོར་འདི།། ཁྲོ་བོའི་གཙོ་བོའི་ཕྱག་རྒྱ་ཡིས།། མཆོད་པ་ཇི་སྐད་གསུང་བ་བྱ།། སྐྱེ ་གཏོར་ཐམས་ཅད་བྱིན་ནས་ནི།། གཙང་མས་གོ་ཆ་བགོས་ནས་ཀྱང་།། འབུམ་ཕྲག་གཅིག་ནི་སྔར་བསྙེན་པ།། བྱས་ནས་འདི་ནི་བརྩམ་པར་བྱ།། ཕྱུག་ཆེན་དག་གི་ཁྲག་གི ་ཀྱང་།། ཤིས་པའི་ཐོད་པ་བཀང་ནས་ནི།། དེ་བཞིན་མི་ལས་བྱུང་བའི་ཤ། ཕྱག་རྒྱ་ས་ཡིས་ནི་དབུལ་བར་བྱ།། ཕྱུགས་ཆེན་གྱི་ནི་ཚིལ་བུ་ལས།། མར་མེ་འབར ་བ་བྱས་པ་དག། དེའི་ཕྱི་རོལ་ཕྱོགས་བརྒྱད་དུ།། སྔགས་ཀྱི་བསྲུངས་ཏེ་དབུལ་བར་བྱ།། ཆོ་ག་ཤེས་པས་དེ་ལྟ་བུར།། བྱས་ནས་སྒྲུབ་ལ་འཇུག་པར་བྱ།། དཔལ ་ལྡན་གོས་ནི་དམར་པོ་གོན།། ཙན་དན་དམར་པོས་བཀུས་ནས་ནི།། ཅུང་ཟད་དག་ཀྱང་མི་བྱེད་པར།། མར་གྱི་བརྒྱད་ལ་གཅིག་པུས་སོ།། དཔལ་ལ་སེམས་དྲག ་མཐུ་ལྡན་པའི།། གྲོགས་ནི་གསུམ་དང་ལྷན་ཅིག་ཏུ།། བློ་དང་ལྡན་པས་སེམས་དྲག་ཅོང་།། དབང་པོ་བསྡམས་པའི་བསྒྲུབ་པ་པོ།། ་ཡི་དགས་ཀྱི་ནི་དཀྱིལ་འཁོར་དུ།། བསྒྲུབ་པ་ལ་ནི་འཇུག་པར་བྱ།། དེ་ནས་མཚན་མོ་ཕྱག་རྒྱས་བཅིངས།། བརྟན་པར་འཇུག་ལ་ལེགས་པར་བཟླས།། བགེགས ་རྣམས་སྣ་ཚོགས་མཚན་ཅིག་ཏུ།། བྱུང་སྟེ་དེ་ལས་རྒྱལ་བར་བྱའི།། དེ་ལྟར་སྲིན་པོའི་ཚོ་གས་ཆེན་ལས།། རྒྱལ་ནས་ཕྱག་རྒྱ་འགྲུབ་པར་འགྱུར།། མི་འགྲུབ་པའི་ལྔ ་རྣམས་ཀྱང་།། དེ་ནས་ཐོགས་མ་མེད་པར་བྱེད།། འཇམ་པའི་དབྱངས་ཀྱི་ཁྲོ་བོ་ཡིས།། བསྐུལ་ནས་འདིར་ནི་ཐོགས་པ་མེད།། ཧ་ན་བི་སྭ་ཏ་བན་ཛ་ཞ་བན་ཛ་ཞེས་བསྐུལ ་བའི་ཐ་མར་ཧཱུཾ་བརྗོད་ཅིང་།། གཡོན་བརྐྱང་བའི་ཚུལ་གནས་པས།། ཁྲོས་པས་རི་བགྲོང་དཀའ་དང་།། ར་བ་ཡང་ཐོག་ཁྱུང་དང་།། པུ་ཤུ་ཁང་པ་མངར་བ་དག། སྐད ་ཅིག་དག་གིས་རྙིལ་བར་བྱེད།། ད་ར་བི་སྥོ་ཏ་བན་ཛ་བན་ཛ་ཞེས་པས་བསྐུལ་བའི་འཇུག་ཏུ་ཧཱུ~ཾ་བརྗོད་ཅིང་། རི་བོ་དག་ནི་མང་པོ་དང་།། དེ་བཞིན་ལྷ་མིན་སྒོ་དག་ཀྱང་།། ་ལྷ་མན་སྒ་དག་ཀྱང་།། དེ་བཞིན་གཞན་དང་ས་དག་ཀྱང་།། ཇི་ལྟར་འདོད་པ་འགགས་པར་བྱེད།། པ་རྩ་བྷིང་ཏྲཾ་ས་ཤོ་ཤ་ཞེས།། བསྐུལ་ནས་ཐ་མར་ཧཱུཾ་བརྗོད་ན།། ་ཕྱག་རྒྱ་འདི་ཡིས་ཆུ་རྣམས་ནི།། ཐོགས་པ་མེད་པར་སྐྱེམས་པར་བྱེད།། མཚོ་ཆེན་དང་ནི་ཆུ་བོ་དང་།། རྒྱ་མཚོ་དག་ཀྱང་སྐྱེམས་པར་བྱེད།། སྙམ་པ་ཡ་ཞེས་ལན་གཉིས ་བརྗོད།། ཐ་མར་ཧུཾ་བཞག་དེ་ནས་མུ།། དེ་ནས་དེ་ནི་འཇུག་ཏུ་ཧཱུཾ།། སེ་བྱ་སྟེ་མ་བྲལ་ཞེས་སྦྱར་ན།། མི་རོ་ལ་ནི་གནས་པ་བཞིན།། ངེས་པར་མྱུར་དུ་གནས་པར་འགྱུར།། ་ཐ་མར་ཧཱུཾ་བཞག་དེ་ནས་ཧྲི།། ཀྲོ་པ་ཡ་ཞེས་ལན་གཉིས་བརྗོད།། དེ་ཡི་ཐ་མར་ཡི་གེ་མ།། མཁས་པ་དག་གིས་སྦྱར་ན་ནི།། དཔུང་ནི་ཁྲུགས་པར་གྱུར་པ་ལ།། ཁྲོས ་ནས་ངོ་མཚར་ཅི་ཞིག་ཆེ།། ཐ་མར་ཧཱུཾ་དང་ག་བཞག་ལ།། དེ་ནས་ཏིཥྛ་ཏིཥྛ་བཞག། སྔགས་པས་གལ་ཏེ་སྦར་ན་ནི།། ཆོ་ག་འདི་ཡིས་གླང་པོ་གནོན།། ། ་ཧ་ནཾ་བཱི་ཏང་ས་མ་ར་ཡ།། བསྐལ་ནས་ཐ་མར་ཧཱུཾ་བརྗོད་ཅིང་།། དེ་ནས་ཐ་མར་ཧཱུཾ་བརྗོད་ན།། དཔུང་དག་རབ་ཏུ་འཆི་བར་འགྱུར།། ཁ་ཁ་ཁ་ཧི་ཁ་ཧི་ཞེས ་བསྐུལ་ནས།། དེའི་ཐ་མར་དུ་བརྗོད་ན།། དཔུང་རྣམས་ཕན་ཚུན་ཁྲུགས་པར་ནི།། ཐོགས་པ་མེད་པར་རབ་ཏུ་འགྲུབ།། ཐ་མེར་དུ་དང་དེ་བཞིན་ཕཊ།། རྫི་ཏྲི་ཛང ་ཏྲིང་ཏྲིང་དག། ངེས་པ་དག་ཏུ་སྦར་ནས་ནི།། སྔགས་པ་ཁྲོ་དང་ལྡན་པ་ཡི།། ཁྲག་གི་ཆར་འཕབས་བྱེད་པར་འགྱུར།། ཐ་མར་དུ་བརྗོད་ཧ་ཧ་ཧ།། བཻ་ཏ་ཕཊ་ཅེས ་བདག་གིས་བྱ།། སྔགས་པ་དཔལ་དང་ལྡན་པ་ཡིས།། བསྐུལ་ནས་མྱུར་དུ་རྨོངས་པར་འགྱུར།། ཐ་མར་དུ་བརྗོད་ཧ་ཧ་ཧ།། དེ་བཞིན་ཨཱན ་ད་ཡ་དང་ཕཊ།། བསྐལ་བ་འདི་དག་དང་ལྡན་ན།། འགྲོ་བ་དག་ནི་ལྗོངས་པར་བྱེད།། ཐ་མར་ཧུཾ་བརྗོད་དེ་ནས་ཧཱུཾ།། དེ་བཞིན་ཏྲིང་ཏྲིང་ཛ་ཛ་བཞག། ཐ་མར་ཏྲིང་དང་ཕཊ ་ལྡན་པ།། འགྲོ་བ་དེ་མ་ཐག་ཏུ་འབེབས།། ཁྲོ་བོ་ཆེན་པོ་འདི་ཡིས་ནི།། ཕྱག་རྒྱ་དེ་ལྟར་འགྲུབ་འགྱུར་ན།། དེ་ཚེ་ལས་རྣམས་ཐམས་ཅད་ནི།། ཡི་དགས་བསྐུལ ་བ་ཙམ་གྱིས་བྱེད།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས།། དམ་ཚིག་རབ་ཏུ་སྐྱོང་བ་ཡིན།། གྲུབ་པ་དག་ནི་གང་འདོད་པ།། དེ་ནི་ཐོགས་པ་མེད་པར་བྱེད།། ་འདི་ནི་སྔོན་དུ་བསྙེན་པ་ཡིན།། ཆོ་ག་བཞིན་དུ་འབུམ་བྱས་ལ།། བློ་དང་ལྡན་པས་བསྒྲུབ་ལ་འཇུག། གལ་ཏེ་དེར་ནི་མ་གྲུབ་ན།། དེ་ཚེ་དེ་བཞིན་གཤེགས་པ་ཡིས།། ་སྔ་མའི་དམ་ཚིག་བསྐུལ་བ་བཞིན།། དེ་ནས་སླར་ཡང་སྔགས་རྣམས་ལ།། ཐོགས་མ་མེད་པ་དེ་བཞིན་སྦྱར།། ཕྱག་འཚལ་བ་དང་ཀུན་ཏུ་ལྡན།། དེའི་ཐོགས་མར ་ཨོཾ་བཞག་ལ།། ཨོཾ་ཞེས་བྱ་བ་གཞན་ཡང་བཞག། ཨ་ཞེས་བྱ་བ་གཉིས་པའོ།། དེའི་ཚིག་གི་འཇུག་ཏུ་ཧཱུཾ།། བཞག་སྟེ་དེ་ནས་ཚིགས་རྣམས་ཀུན།། དེ་ལྟར་ཀྲོ ་ཏ་བི་ཛ་ཨག་ནིར།། ཚིག་རྣམས་གཞན་ནི་སྦྱར་བར་བྱ།། དེ་ནས་དེ་ཡི་ཐ་མར་ཧཱུཾ།། དེ་བཞིན་ཚིག་གི་ཐོག་མར་ཨོ།། མཐའ་མར་ཨ་བཞག་དེའི་མཐའ།། ཧཱུཾ་དེང་སི་ཏི ་ལན་གཉིས་བསྒོམ།། པྲ་བུད་ཏ་ཞེས་ལན་གཉིས་བརྗོད།། དེ་ནས་དེ་བཞིན་གཤེགས་པ་ཡི།། བཀའ་སྩལ་ནས་ནི་ཕྱག་རྒྱ་དེའི།། བདག་ཉིད་ཀྱི་ནི་གཟིར་ཞིང ་བཟླས།། དེ་ནས་བཟླས་བརྗོད་འབུམ་བྱས་ནས།། ཁྲོ་བོ་ཆེན་པ་ཆེན་པོ་དེ་ཡིས་ནི།། ཇི་སྐད་བསྐུལ་བའི་ཐམས་ཅད་ཀྱིས།། ལས་རྣམས་ཐམས་ཅད་བསྒྲུབ་པར ་བྱ།། ཁྲོ་བོའི་གཙོ་བོའི་དེའི་ནི།། བཀའ་བཞིན་བྱེད་དེ་གཞན་དུ་མིན།། གང་གིས་སྔོན་དུ་བསྙེན་པ་བྱས།། དེའི་བསྐུལ་བའི་ཆོ་ག་འདི།། ཇི་སྐད་གསུངས་པའི་ལས ་རྣམས་ལ།། མ་གྲུབ་ན་ནི་ངེས་པར་བྱ།། གཞན་དུ་སྔགས་ནི་གཟིར་བྱས་ནས།། བདག་ཉིད་ངེས་པར་འཆི་བར་འགྱུར།། ཁྱད་པར་དུ་ནི་དཔའ་བོ་ཡང་།། ཁྲོ་བོའི་གཙོ ་བོའི་སྙིང་པོ་འདི།། ཕྱག་རྒྱ་འདིས་ནི་ཟིར་བྱས་ནས།། འགྲོ་བ་མ་ལུས་འཁྲུགས་པར་འགྱུར།། འདི་ནི་གང་མ་བཟླས་པ་ཡིས།། སྔགས་རྣམས་དེ་ལ་དོགས་པར། འཇིག་རྟེན ་འཇིག་རྟེན་འདས་པ་དང་།། དེ་དག་ཀུན་གྱི་ལུས་ཀྱང་འཆད།། ཕྱག་རྒྱ་འདི་ནི་གཟིར་ན་ནི།། དཔག་ཚད་བདུན་གྱི་དཀྱིལ་འཁོར་ན།། གཞན་གྱི་རྣམ་པ་གང་ཡོད ་པ།། དགྲ་རྣམས་དྲེགས་པ་མེད་པར་བྱེད།། འབྱུང་པོ་སྐྲག་པར་བྱེད་པ་དང་།། དེ་བཞིན་ལྷ་རྣམས་འཁྲུགས་པར་བྱེད།། ཁྲོ་བོ་རབ ་ཏུ་དགའ་བར་བྱེད།། གཤིན་རྗེ་གཤེད་པོའི་མཐུ་ཡང་བསྐྱེད།། ཡི་དགས་རོ་ལངས་རིགས་དང་ནི།། དེ་བཞིན་རབ་ཏུ་འཇིགས་པར་གསུངས།། བྱེད་དང་གནོད་པ་སྐྲག ་པ་ཡང་།། རབ་ཏུ་བསྐུལ་ན་འཇིགས་པར་བྱེད།། བགེགས་རྣམས་ཐམས་ཅད་མེད་པ་ཀ་འཚེ་བ་ཐམས་ཅད་མེད་པར་བྱེད།། ཕོངས་པ་ཐམས་ཅད་མེད་བྱེད་པ། ་བེ་ཅོན་ཕྱག་རྒྱ་དྲག་པོར་བསྒྲགས།། དགྲ་དང་དེ་བཞིན་གཞན་དག་ཀྱང་།། སྐྱེ་བོ་དག་ལ་འདིར་བཅིངས་བསྟན།། གཤིན་རྗེ་གཤེད་པོ་སྦྱར་ན་ནི།། དེའི་མོད་ལ་སྲོག ་འཕྲོག་བྱེད།། མདོར་ན་སྙིང་པོ་ཕྱག་རྒྱ་འདི།། རྟོག་པ་རང་གི་དམ་ཚིག་བསྟན།། ཁྲོ་བོའི་ཞལ་ནས་གསུངས་པ་འདི།། གསུང་བ་རབ་ཏུ་བསྟན་པ་ཡིན།། གཤིན ་རྗེ་གཤེད་པོ་གཅིག་པུ་བའི།། སྔགས་པས་ཁྲོ་བོའི་གཙོ་བོ་ཡི།། སྙིང་པོ་ཕྱག་རྒྱའི་བེ་ཅོན་དང་།། སྙིང་པོ་རབ་ཏུ་སྦྱར་བར་བྱ།། ཁྲོ་བོ་རྣམ་པར་རྒྱལ་བའི་འཇམ ་དཔལ་རྩ་བའི་རྟོག་པ་ལས་ས་བོན་ཕྱག་རྒྱའི་རྟོག་པར་གཏོགས་པ་སྟེ་ལེའུ་ལྔ་པའོ།། །། དེ་ནས་ཡིག་འབྲུ་བཅུ་བདུན་པའི།། རྩ་བའི ་སྔགས་ནི་གང་ཡིན་པའི།། དེའི་ཕྱག་རྒྱ་གཞན་དག་ཀྱང་།། རོ་ལངས་ཞེས་ནི་བྱ་བ་ཡོད།། གཤིན་རྗེ་གཤེད་པོ་དྲག་བརྩོན་པའི།། སྙིང་ནི་བགེགས་བྱེད་གསང ་བ་པོ།། སྔགས་པ་དག་གིས་གང་དག་ཏུ།། འཆང་བ་དེར་ནི་བྱིན་རློབ་པ།། རོ་ལངས་ཞེས་བྱ་ཕྱག་རྒྱ་འདི།། ཁྲོ་བོས་གསུངས་པ་བཤད་པར་བྱ།། དུར་ཁྲོད་དག ་ནི་ཐམས་ཅད་དུ།། གང་ལ་རྟག་ཏུ་རག་ལུས་པའོ།། དེ་ནས་ལག་པ་གཉིས་ག་ཡི།། སོར་མོ་ཕན་ཚུན་སྣོལ་བ་ཡི།། འཇུག་མོ་གཉིས་ཀྱི་སྲིག་ལག་གཉིས།། ལེག ་པར་བཟུང་ནས་དགག་པར་བྱ།། གུང་མོ་སོར་མོ་བསྒྲེངས་ཏེ་སྦར།། མཐེ་ཆུང་གཉིས་ཀྱང་ནང་དུ་གཞག། དེ་བཞིན་དུ་ནི་མཐེ་བོང་གཉིས།། ཕན་ཚུན་སྣོལ་མར ་བསྐྱང་བྱས་སྦྱར།། ཤེས་རབ་ཅན་གྱི་རོ་ལངས་འདི།། རྟག་ཏུ་ཚུལ་བཞིན་ཁྲོ་བོ་བསྟན།། ཁྲོ་བོ་གཙོ་བོ་གསང་སྔགས་འདི།། ཡི་གེ་བཅུ་བདུན་ལེགས་གསུངས་པ།། ་དེ་ཉིད་འདི་དོང་སྦྱར་བར་བྱ།། རོ་ལངས་ཕྱག་རྒྱ་ལྡན་པ་སྟེ།། བདག་ཉིད་འདོད་པ་ཐམས་ཅད་སྟེར།། ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ།། ཆོ་ག་བཞིན་དུ་སྦྱར་བར ་བྱ།། ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི།། ཁྲོ་བོ་འབར་བྱེད་བཤད་པར་བྱ།། ཡི་དགས་ཕལ་ཆེན་བཤད་པ་བཞིན།། འདི་ཡང་གྲུ་བཞི་ལྷམ་པར་བྱ།། ཁྱད ་པར་དུ་ནི་ཕྱོགས་ཀུན་དུ།། མཁས་པ་མེ་ནི་འབར་བྱར་བྱ།། ཁྲུ་བརྒྱད་ལྷག་ཆད་མེད་པར་ནི།། ཆོ་ག་བཞིན་དུ་བྲི་བར་བྱ།། སྒོ་སྒོ་དག ་ཏུ་བསམ་ཞིང་གིས།། ཕུག་པའི་ཡི་དགས་ཁྲག་ཆགས་བཞག། དབུས་སུ་མོ་ག་དང་བྲལ་བ་ཡི།། མི་རོ་རོ་སྨད་དཀྲིས་པ་བཞག། ཡི་དགས་ཕལ་ཆེན་དཀྱིལ་འཁོར ་བཞིན།། ཐ་མར་ཡི་དགས་ཕྲེང་བ་དགོད།། ཁྲོ་བོ་ཡི་ནི་གཙོ་བོའི་སྔགས།། མཚོགས་མ་སྤྱི་གཙུགས་ལ་སོགས་མེད།། ཡི་གེ་འབཅུ་བདེན་བློ་ལྡན་གྱིས།། མགོ་མེད ་རོའི་སྟེང་དུ་བཞག། ཞལ་དྲག་པ་སྟེ་ཞབས་ཀྱང་དྲག། དེ་བཞིན་ཕྱག་ནི་བཅུ་གཉིས་པ།། རབ་ཏུ་འབར་བ་དྲག་པོའི་གཟུགས།། རིམ་པ་བཞིན་དུ་བཞགས་པར་བྱ། ་ཡི་དགས་མང་པོ་སྦྱར་བ་ནི།། སྔ་མ་བཞིན་དུ་བཞག་ནས་ནི།། མེ་ཏོག་བདག་པ་ཕྲེང་བ་སོགས།། སྔགས་དེས་དེ་ལ་མཆོད་པར་བྱ།། འདི་ནི་གཏོར་མ་གསུངས་པ་ཡང་། ་ཤ་ཆེན་གྱིས་བྱ་གཞན་ལ་ཡིན།། ཁྲག་གི་གཏོར་མའི་ཆོ་ག་དང་།། དེ་བཞིན་བདག་པ་ཀུན་སྨེ་བའོ།། དེ་ནས་འཇམ་དཔལ་རིགས་འཛིན་གྱིས།། རོ་ལངས་ཕྱག་རྒྱ ་བཅིངས་ནས་ནི།། གཏོར་མ་མེ་ཏོག་ལ་སོགས་དབུལ།། རྣམ་པ་ཀུན་ཏུ་ཁྲོ་བོས་བྱ།། དཀྱིལ་འཁོར་གྱི་ནི་འཁོར་ཡུག་གི། ཕྱོགས་བརྒྱད་དག་ཏུ་མར་མེ་དགོད། ་དུར་ཁྲོད་དག་གི་འགལ་དུམ་ལས།། ཡང་ན་གསལ་ཤིང་དག་ལས་བུད།། སེང་ལྡེང་དག་གི་གཟར་བུ་ཡིས།། ཚིལ་ཆེན་དག་ལ་ལན་བདུན་བསྲེགས།། ལྷོ་ཕྱོགས ་མེ་བསྲེག་དེ་ནས་ནི།། དེ་ནས་ཁྲོ་བོ་བསྒྲུབ་པར་བྱ།། དེ་ལ་སྔོན་དུ་བསྙེན་པ་དང་།། བཟླས་པ་དང་ནི་བསྡམས་པའང་མེད།། རིག་འཛིན་ཉིད་ཀྱི་སྙིང་སྟོབས་ཀྱིས།། ་འདི་ནི་རྒྱར་ནི་ཤེས་པར་བྱ།། ལྷོ་ཕྱོགས་སྒོར་ནི་ནན་ཏན་དུ།། སྨ་མེད་པའི་རོ་བཞག་སྟེ།། སྙིང་ཁར་རོ་ལངས་བརྒྱ་བཞག་ལ།། དེ་ལ་རབ་ཏུ་བསྐོར་བ་བྱ།། དེ་ནས་རབ ་ཏུ་ཁྲོས་པ་ཆེན་པོ་ཡིས།། ཤིན་ཏུ་བཀྲ་ཤིང་ལེགས་པར་བརྒྱན།། དྲི་དང་མེ་ཏོག་དམར་སྔོན་གྱིས།། ལེགས་པར་དག་ཏུ་མཆོད་ནས་ནི།། མཁས་པས་རོ་ལངས ་ཕྱག་རྒྱ་ཡིས།། ཐོག་མར་བདག་ཉིད་བསྲུང་བར་བྱ།། གཤིན་རྗེ་གཤེད་ཀྱི་ཡན་ལག་ལྔ།། དེ་བཞིན་ལུས་ལ་སྦྱར་བར་བྱ། དཔའ་བོ་མཐུ་ཆེན་བདག་ཉིད་ཀྱི།། རལ་གྲི་ལག ་བར་བླངས་ན་ནི།། དཔའ་བོ་རྐང་པ་གཡོན་པ་ཡིས།། དེའི་སྙིང་ཁར་མནན་ན་ནི།། ཁྲོ་བོ་ཡི་ནི་གཙོན་པོ་ཡིས།། ཡི་གེ་བཅུ་བདུན་བསྔགས་བཟླས་ནས།། ཨོཾ་ཨ་ཀྲོ་ཏ ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧུཾ་ཕཊ། དེ་ནི་རྩ་བའི་གསང་སྔགས་ཡི་གེ་བཅུ་བདུན་པའོ།། དེའི་དྲག་པོ་བསྐུལ་བ་དང་།། ཡི་དགས་དེ་ནི་གཡོ་བར་འགྱུར།། ཧ་ཧར ་གྱུར་པ་འཁྲུགས་པ་དང་།། དེ་བཞིན་ཧ་ཧའི་སྒྲ་ཡང་འབྱིན།། ། དེ་ནས་བདག་གིས་ལངས་པ་དང་།། མཚོན་ཆ་རྣོན་པོ་འབར་བ་ཡིས།། ་བཅད་པའི་ཤ་དང་ཁྲག་བཅས་པོའི།། ཨརྒ་དེ་ལ་དབུལ་བར་བྱ།། རིག་པ་འཛིན་པ་དེའི་ནི།། སེམས་ཀྱི་དྲོད་ནི་དེ་ཤེས་ནས།། ཨརྒ་ལངས་ཏེ་དཀྱིལ་འཁོར་ནི།། ་ཧར་གྱུར་པ་འཇིགས་པར་བྱེད།། དེ་ནས་བདག་ཉིད་ཆེན་པོའི།། འཇིག་སུ་རུང་བའི་གཟུགས་མཐོང་ནས།། གཤིན་རྗེ་གཤེད་པོ་དང་པོ་ཡི།། རོ་ལངས་ཕྱག་རྒྱ་བསྟེན་པར ་བྱ། དེ་ནས་གཤིན་རྗེ་གཤེད་པོ་ནི།། ཡི་དགས་ལུས་ནི་གནས་པ་སྟེ།། རོ་ལངས་ཉིད་ཀྱི་རྒྱ་མཐོང་ནས།། རིགས་པ་འཛིན་པ་དེའི་ནི།། སེམས་དྲོད་རིག་ནས་འདོད་པའི ་མཆོག། སྦྱིན་པར་བྱེད་པའི་གདོན་མི་ཟ།། ཁྲོ་བོའི་རྒྱལ་པོ་སླར་གཤེགས་ནས།། མི་རོ་ས་ལ་འགྱེལ་བར་འགྱུར།། དེའི་ལུས་ནི་དེ་ཉིད་ཀྱང་།། གསེར་དུ་འགྱུར་བ ་གདོན་མི་ཟ།། དེའི་ཚེ་གྲོགས་པོ་རྣམས་དང་ཡང་། སེམས་ཅན་རྣམས་ལ་ཅི་བདེར་སྦྱིན།། བདག་ཉིད་ཆེན་པོ་དེ་ཡིས་ནི།། བསྒྲུབ་པ་བཤད་པ་འདི་ཡིན་ཏེ།། སེམས ་ནི་རབ་ཏུ་དཔའ་བས་བྱའི།། དཔའ་མིན་གཞན་གྱིས་ཡོངས་མི་བྱ།། སྙིང་སྟོབས་ཞན་པའི་སྒྲུབ་པའོ།། ཁྲོ་བོའི་རྒྱལ་པོ་དེ་སྒྲུབ་ནིས།། དེ་ནི་ལངས་ནས་མྱུར་བར་ནི། ་གྲོགས་དང་བཅས་པ་གསོད་པར་འགྱུར།། རོ་ལངས་ཕྱག་རྒྱ་མི་ཤེས་ན།། སེམས་ནི་ཇི་ལྟར་ཏྲག་འགྱུར་ཡང་།། ཁྲོ་བོའི་རྒྱལ་པོ་དེ་ཡིས་ནི།། བསྒྲུབ་པ་པོ་དེ་གསད་པར ་འགྱུར།། རིག་འཛིན་མཆོག་གིས་གང་དག་ཏུ།། དེ་བཞིན་གཤེགས་པའི་དམ་ཚིག་གིས།། བརྒྱན་ཅི་ཁྲོ་བོའི་བསྐལ་བྱེད་པའི།། རོ་ལངས་ཕྱག་རྒྱ་བཅིངས་པ་དེར། ་གདོན་མི་ཟ་བར་ཁྲོ་བོ་ནི།། ལེགས་པར་བྱིན་གྱིས་རློབས་པར་འགྱུར།། མྱུར་དུ་མཆོག་ཀྱང་རྩོལ་བར་མཛད།། གྲུབ་པར་འགྱུར་བར་གདོན་མི་ཟ།། ཨོཾ་ན་མོ་བུད་ཏ་དྷ ་མ་སང་གེ་བྱ།། ཨ་ཀྲོ་ཏ་ཀ་ཡ་མན་ཏ་ཀ་ཧ་ན་མ་ཐ་བན་ཛ་ཧཱུཾ་པེ་ཏ་ལ་རཀྐ་རཀྲྀ་མ་ནཾ། ཧ་ཐཱ་ག་ཏོ་གཉ་ན་པ་ཡ་ཏི་སཱ་ཧཱ།། དེ་བཞིན་གཤེགས་པ་དང་ཁྲོ་བོའི་དམ་ཚིག་དང་། ་དཀའ་བརྒྱན་པ་རོ་ལངས་ཕྱག་རྒྱའི་སྔགས་སོ།། ཧ་ཧར་གྱུར་བའི་དཀྱིལ་འཁོར་དུ།། རོ་ལངས་ཕྱག་རྒྱ་རང་སྔགས་དང་།། ལྡན་ན་མྱུར་དུ་ཁྲོ་བོ་ཡིས།། ངེས་པར ་བྱིན་གྱིས་བརླབས་པར་མཛད།། དཔའ་བོ་དག་གིས་སྦར་བ་ནི།། སྔར་བསྙེན་ལ་སོགས་མེད་པ་ཡང་།། གྲུབ་པ་པོ་ནི་དཔའ་བོཞིན།། ཁྲོ་བོ་ངེས་པར་མྱུར་དུ་འགྲུབ། ་ཡང་ན་རོ་ལངས་བྱ་རྒྱ་འདི།། སྐྱེས་བུ་སེམས་ནི་མི་དཔོའ་བས།། ཧ་ཧར་གྱུར་པའི་དཀྱིལ་འཁོར་དུ།། བདག་ཉིད་ཀྱི་ནི་དམ་ཚིག་གིས།། མཁས་པས་གཟུང་ནས ་བཟླས་པར་བྱ།། དེ་ཉིད་ཀྱིས་ནི་དབང་བསྐུར་ནས།། ཇི་ལྟར་མྱུར་བར་གང་དུ་རུང་།། ཁྲོ་བོ་མཆོག་གི་བུ་དོན་དབང་།། དཀྱིལ་འཁོར་ཚེ ་ག་བཞིན་བྱས་པ་འམ།། དེ་བཞིན་སྐུ་གཟུགས་གཞན་ཡང་རུང་།། ཡིད་དང་དབང་པོ་བསྡམས་བྱས་ཏེ།། ཐོག་མར་གཅིག་འབུམ་བཟླས་པར་བྱས།། དེ་ལྟར་སྔོན་དུ ་བསྙེན་པ་ནི།། ཇི་ལྟར་འདོད་པ་བྱས་ནི་བཟོད།། ཕྱི་ནས་བསྙུང་བར་བྱས་པ་སྟེ།། རོ་ལངས་ཕྱག་རྒྱ་བསྒྲུབ་ལ་འཇུག། ཧ་ཧར་གྱུར་པའི་དཀྱིལ་འཁོར་ནི།། ཆོ་ག་བཞིན་དུ ་དུར་ཁྲོད་བྲི།། ཡང་ན་སེམས་ནི་མི་དཔའ་བས།། དུར་ཁྲོད་ཐལ་བས་ཁྱིམ་དུ་བྲི།། ཁྱིམ་དེ་སྟོང་པ་ཡིན་ཡང་རུང་།། གལ་ཏེ་ཁྱིམ་དེ་མི་སྟོང་ན།། ཧ་ཧར་གྱུར་པ་མཐོང ་བ་དང་།། ཞག་བདུན་ལོན་མ་ཐག་ཏུ་འཇིགས།། དེ་ནས་ཡི་དགས་མང་པོ་ལས།། གསུངས་པའི་མཆོད་པ་ཅི་རིགས་བྱ།། དེ་ནས་ལྷོ་ཕྱོགས་སྒོར་ནི་ཁ་ལྟས་ལ། ་རང་གི་དམ་ཚིག་ལས་གསུངས་པའི།། རོ་ལངས་ཕྱག་རྒྱ་བཅིངས་ཏེ་བཟླས།། ཟླ་བ་མར་གྱི་ཆེས་བརྒྱད་ལ།། བློ་ལྡན་ཆོ་ག་ཤེས་པ་ཡིས།། མཚན་མོ་སྟེན་ཅིང་འདུག་ནཱ ་ནི། ཉི་མ་ཤར་གྱི་བར་དུ་བཟླས།། དེ་ནས་ཁྲོ་བོ་དགོངས་པ་ཡིས།། རོ་ལངས་ལྷ་མོ་བསྒྲུབ་པར་འགྱུར།། ཁྲོ་བོ་ཧ་ཧའི་སྔགས་དག་དང་།། བསྐུལ་བའི་ཚིག་གིས ་མཆོག་རྣམས་ཀྱིས།། ཇི་སྐད་གསུངས་པའི་ལས་རྣམས་ནི།། ཐམས་ཅད་དེ་ནས་བྱེད་པར་འགྱུར།། བེ་ཅོན་ཞེས་བྱ་ཕྱག་རྒྱ་ལའང་།། དེ་དག་ཉིད་ནི་མྱུར་དུ་སྦར།། སྦྱར ་ན་དོགས་པ་མེད་པར་ཡང་།། འདི་ནི་དེ་དག་བྱེད་པར་འགྱུར།། རོ་ལངས་ཕྱག་རྒྱ་བསྒྲུབ་པ་བྲི།། སྔགས་པ་དག་ལ་འདིར་གསུངས་སོ།། དེ་ནི་གཞན་པའི་སེམས་རྣམ ་ཀྱིས།། བསྒྲུབ་པ་དག་ནི་གསུམ་རྣམས་འབྱུང་།། ཆོ་ག་བཞིན་དུ་སྔར་བཤད་པའི།། ཡི་དགས་མང་པོ་དེ་ཚེ་བྲི།། གང་ཡང་རུང་བ་ཅི་རིགས་པར།། སྔགས་དེ་རྣམ ་ཀྱིས་སྦར་བར་བྱ།། དེ་ནས་ཡི་དགས་མང་པོ་ཡིས།། དཀྱིལ་འཁོར་ལྟ་ན་སྡུག་པ་འདི།། ཁྱིམ་འམ་ཡང་ན་གཞན་ཡང་རུང་།། དེ་ཆེ་དཀྱིལ་འཁོར་དྲིས་ནས་ནི།། དེ ་དབུས་ཡི་དགས་སྤྱི་བོ་ལ།། རོ་ལངས་ཕྱག་རྒྱ་འདི་བཞག་གོ།། ཁྲོ་བོའི་ཡི་གེ་གཟིགས་བསྐྱེད་པ།། ཞི་ཞིང་ཀུན་ཏུ་དགེས་བྱེད་པ།། རོ་ལངས་སྙིང་པོའི་ཕྱག་རྒྱ་འདི། ་བཅིངས་ནས་དེ་ལ་སྦར་བར་བྱ།། དེ་ནས་རོ་ལངས་ཕྱག་རྒྱ་ཡི།། གསང་བའི་ཡི་གེ་གསུམ་པོ་ལ།། ཞི་བ་གཞན་ཡང་ཤེས་བྱས་ནས།། ཇི་སྐད་འདོད་པར་བཟླས་པར་བྱ།། ་ཨོཾ་ཨ་ཧཱུ~ཾ་པེ་ཏ་ལི་རཀྐོ་རཀྵ་མན་སཱཧཱ།། རོ་ལངས་ཕྱག་རྒྱ་སྙིང་པོ་འདི།། གང་ཡང་རུང་བར་ཅི་འདོད་པར།། ཅུར་གྱུར་པའི་འབུམ་གྲངས་སུ།། ཆོ་ག་བཞིན་དུ་བཟླས ་ནས་ནི།། རྨད་དུ་བྱུང་བའི་ལས་རྣམས་ཀྱང་།། ཡིད་ཀྱིས་བསམ་པས་བྱེད་པར་འགྱུར།། གསང་བའི་རིགས་པ་གསང་བ་འདི།། ལས་རྣམས ་ཐམས་ཅད་བྱེད་པའོ།། དེ་ནས་ད་ནི་འདི་ཡི་ལེས།། ཁྲོ་བོའི་རྒྱལ་པོ་ཉིད་ཀྱིས་ནི།། རྟོག་པ་འདི་ལས་གང་གསུངས་པ།། དེ་དག་མདོ་རུ་བཤད་པར་བྱ།། གནོན་དང ་གཟིར་དང་རྨོངས་པ་དང་།། དེ་བཞིན་དབབ་པའི་ཆོ་ག་དང་།། དབང་དུ་བྱ་བ་ལྡན་པ་དང་།། གསང་བ་དང་ནི་བསྐྲད་པ་དང་།། ཕན་ཚུན་འཐབས་ཅིང་བརྡོག་པ་དང་། ་དེ་བཞིན་ཡང་མིག་འཕྲུལ་དང་།། ཞི་དང་རྒྱས་དང་སྦྱོར་བ་དང་།། དེ་བཞིན་དགའ་བར་བྱེད་པ་དང་།། དགུག་པར་བྱ་བའི་ཆོ་ག་ཡང་།། མདོར་བསྡུས་ནས་ནི་བཤད་པར་བྱ།། ་རོ་ལངས་ཕྱག་རྒྱ་ལས་བསྒྲུབ་ཕྱིར།། ཆོ་ག་འདི་དག་བརྩམས་པར་བྱ།། རྨ་བྱའི་འཇུག་མའི་སྒོ་དག་ལས།། མཁས་པས་གདོངས་ནི་བརྒྱ་ཡོད་པ།། བམ་པོ་གཅིག་ཏུ ་སྦམ་ནས་ནི།། བུ་མོས་བཀོལ་བའི་སྐུད་པ་ཡིས།། སེང་ལྡེང་ཤིང་གི་ཡུ་བ་ནི།། འཕན་མེད་ཁྲུ་གང་ཙམ་པོ་ལ།། ཆོ་ག་བཞིན་དུ་བཅིངས་པར་བྱ།། ཡུ་བ་དེ་ཡི་རྩེ་མི ་ལའང་།། མཆོད་རྟེན་བཟང་པོ་ལེགས་པར་བྱ།། གྲོ་ག་ལ་ནི་འགི་ཧང་གིས།། ཁྲོ་བོ་འབར་བྱས་རོ་ལངས་བྲི།། ཤེས་པས་མཆོད་རྟེན་འོག་ཏུ་བཞག། དེ་ནས་ཟླ་བ་གཟས ་ཟིན་པའི།། ནུབ་མོ་ཡི་དགས་ཕལ་ཆེན་གྱི།། དཀྱིལ་འཁོར་མཚོ་འགྲམ་བྲིས་ནས་བཟླས།། དེ་ལྟར་བསྒྲུབ་ཕྱིར་སྔགས་པ་ཡིས།། འཇུག་མ་དེ་ལ་ཡིད་སོང་བར།། ལག ་པ་གཡོན་པས་བཟུང་ནས་ནི།། ཟླ་བ་དེ་ལ་བལྟ་ཞིང་བཟླས།། སེམས་ནི་བདུད་ཀྱིས་མ་འཁྲུགས་པར།། སེམས་དཔའི་སྟོབས་ཆེན་ཁ་ཅིག་ལ།། དྲོད་དང་དུ་བ་འབར་བ ་དག། འཇུག་མ་དེ་ལས་འབྱུང་བར་འགྱུར།། འགྲོ་བར་གྱུར་པ་མཐོང་ནས་ནི།། བྱང་ཆུབ་སེམས་ནི་འདྲ་བ་ཡིས།། སེམས་ཅན་རྣམས་ནི་ཐམས་ཅད་དུ།། དེས་ནི་ཕན ་འདོག་གནོད་པར་ནུས།། འཇུག་མ་བཟད་པ་དེ་ལས་ན།། དུ་བ་འབྱུང་བ་མཐོང་ནས་ཡང་།། མྱུར་དུ་མི་སྣང་བར་ཡང་འགྱུར།། འདོད་པའི་གཟུགས་ཅན་ཡིད་འགྱོགས ་བཞིན།། རྒས་པ་དང་ནི་འཆི་བ་མེད།། གནོད་སྦྱིན་རྣམས་ནི་ཡོངས་སུ་བསྐོར།། སེམས་ཅན་ཆེན་པོ་དེ་ཡིས་གཟིགས།། གལ་ཏེ་དེ་ནི་འབར་འགྱུར་ན།། རིགས་འཛིན ་དཔལ་དང་ལྡན་པར་འགྱུར།། ན་མཁའ་ལ་ནི་འགྲོ་བར་འགྱུར།། བདེ་བ་ཀུན་དང་ལྡན་པ་ཡི།། རིགས་འཛིན་རྣམས་ཀྱི་མཆོག་ཏུ་འགྱུར།། གལ་ཏེ་ཟླ་བ་གཟས་བཏང ་ལ།། དེ་ཚེ་གྲུབ་པར་མ་གྱུར་ནའང་།། འཇུག་མ་གང་ཡང་རུང་བ་ཅིག་ལནི་ཅིག་ཙམ་ནི་བསྐོར་བས་ན།། དཔུང་རྣམས་གནོད་པའི་དངོས་གྲུབ་འབྱུང་།། མྱོས་པས་དྲེགས ་བའི་གླང་པོ་དང་།། སྟག་དང་སེང་གེ་ཝ་རྣམས་དང་།། རྟ་དང་ཤིང་རྟ་བྱ་རྣམས་དང་།། གྲཝ་དང་གླང་ཆེན་གཞན་པ་རྣམས།། ་བསྐོར་ནས་ཐམས་ཅད་གནོད་པར་བྱེད།། གནོད་པ་དག་ལ་ཐར་ན་ཡང་།། འཇུག་མ་འདི་ནི་གདོན་མི་ཟ།། དེ་ནས་གཞན་ཡང་རོ་ལངས་ཀྱིས།། གཟིར་བར་བྱ་བ་གསང་བ ་བཤད།། དེ་ནས་ཚིལ་ཆེན་བླངས་ནས་ནི།། དེ་ཡང་ཐོད་པའི་ནང་དུ་བཞུགས།། ཨ་ཤྭ་ར་བ་དམར་པོ་དང་།། ཤིང་བལ་འཇམ་པོས་སྙིང་པོས་བྱས།། གདོལ་པའི་མེ ་ཡིས་སྦས་བྱས་ནས།། ཉི་མ་ཟླ་བ་གཟས་ཟིན་ཚེ།། ཐོད་པའི་དུད་པ་བླངས་པ་ནས་ནི།། ཟླ་བ་འམ་ཡང་ན་ཉི་མ་དག། བཏང་གི་བར་ད་བཟླས་པར་བྱ།། ཡང་ན་ཨརྒའི ་ཤིང་བལ་གྱིས།། དེའི་འོག་ཏུ་ལྕགས་ཕུར་གྱིས།། མིག་གཉིས་དག་ནི་སླུ་བར་བྱ།། དེ་ལྟར་མིག་གཉིས་བསྐུས་པ་ཡིས།། གང་དག་ལྟས་པས་དེ་དག་ནི།། གཟིར ་བར་འགྱུར་བ་གདོན་མི་ཟ།། གདོད་བཀྲུས་རྣམས་ནི་ལྟས་ན་ནི།། སླར་ཡང་དེ་ལས་ཐར་བར་འགྱུར།། དེ་ནས་གཞན་ཡང་རྨོངས་པ་ནི།། རྨོངས་པར་བྱེད་པའི་མཆོག ་བཤད་དོ།། ཨརྒ་གཅིག་གི་རྩ་བ་དང་།། ཀ་ན་ཀའི་རྩ་བ་དང་།། ཨ་ཤོ་མ་ར་རུ་རྟ་དང་།། མེ་ཧོ་མའི་རྩ་བ་དང་།། ཤ་ར་བུད་ཀར་ལྡན་བྱས་ཤིང་།། ཡི་དགས ་མེ་ཏོག་སྙིང་པོར་ལྡན།། བདུན་པོ་དག་དང་ལྡན་བྱས་ཏེ།། སྐྱེས་པ་དང་ནི་བུད་མེད་ཀྱིས།། གསང་བའི་ལྤགས་པ་དང་ལྡན་པ།། བུ་མོ་འདོད་པ་མ་སྤྲད་པས།། མར་གྱི ་བརྒྱད་ལ་ལེགས་པར་ལྷག། ཕྱིས་ནི་བུད་མེད་ཁྲག་དག་དང་།། བོང་བུའི་ཁུ་བས་བསྒྲུབ་པར་བྱ།། དུར་ཁྲོད་ཐལ་བ་ས་དང་སྦྱར་ཏེ།། དེ་ནས་མརོ་གྱི་ཚེས་བརྒྱད་ལ། ་ཐོག་མར་ཡི་དགས་ལ་བྲིས་ནས།། རིགས་པ་འཛིན་པས་མཚན་མོ་བཟླས།། སྟོང་རྩེ་བརྒྱད་ནི་ལེགས་བཟླས་ན།། དེ་ནས་རྫས་ནི་གྲུབ་པར་འགྱུར།། རྨོངས་པར་བྱེད་པའི་ཕྱེ ་མ་འདི།། སེམས་ཅན་ཀུན་ལ་སྤྱད་ན་ནི།། དེ་ནས་རྨོངས་པ་མེད་པར་འགྱུར།། དེ་ལ་ཐེ་ཙོམ་མི་བྱའོ།། འཐབ་མོ་དང་ནི་རྩོད་པ་དང་།། རྒྱལ་པོ་གཡུལ་ངོ་ཆེན་པོ་དང་།། བདག ་གིས་ཕྱོགས་ནི་སྲུང་བའི་ཕྱིར།། སྦྱོར་བ་ཤེས་པས་སྐུས་པ་ཡིས།། རྒྱལ་མཚན་དག་ནི་བསྒྲེང་ན་ནི།། དགྲ་རྣམས་ཀུན་ཏུ་རྨོངས་པར་འགྱུར།། ཕྱེ་མ་དེ་ཡིས་རེག་ན་ནི། ་དེ་མ་ཐག་ཏུ་མི་རྣམས་རྨོངས།། ཚུར་བཞགས་ན་ནི་ཐར་པར་འགྱུར།། ངེས་པར་གཞན་ནི་མ་ཡིན་ནོ།། དེ་ནས་གཞན་ཡང་དབབ་པ་ཡི།། ཆོ་གའི་མཆོག་ནི་བཤད་པར་བྱ།། ་ལྟར་འབྱུང་བ་ཐམས་ཅད་ནི།། མོདོ་ལ་འབབ་པར་གྱུར་པའོ།། སྟག་གི་པགས་པ་དང་ལྡན་པ།། སྦྲུལ་གྱི་ཤུན་པ་གཏགས་ནས་ནི།། དུག་དང་ཡུང་གི་རྩ་བ་དང་།། མོ་ཧ ་དང་ནི་བ་ལ་ཏི།། རའི་གཅིན་དང་བཏགས་ནས་ནི།། དེ་ནས་དེ་དག་རི་ལུ་བྱ། ཙན་ཀའི་འབྲུའི་ཚད།། བདུན་ནམ་བརྒྱད་དམ་དག ་འམ་ནི།། གཞན་ཡང་རི་བོ་ཁྲག་དང་ནི།། གུར་གུམ་ལ་ནི་བཏགས་ནས་ནི།། བདུན་ནམ་བརྒྱད་དམ་དགུ་དང་ནི།། རི་ལུ་སྔ་མ་བཞིན་དུ་ནི།། དེ་ནས་སྔགས་པའི་རི་ལུ ་དག། སྔགས་པས་ཐོད་པའི་ནང་དུ་བཞག། མར་གྱི་ཚེས་བརྒྱད་མཚན་མོ་ནི།། བརྒྱ་རྩ་བརྒྱད་དུ་བཟས་པ་བྱ།། གུར་གུམ་ཅན་ནི་ལས་རི་རྟིའི།། སྣོད་ནི་གཙང་མར་གཞག ་བར་བྱ།། དེ་ནས་སྟོང་རྩ་བརྒྱད་བཟླས་ཏེ།། རྩེ་མོ་རབ་ཏུ་སྦར་བར་བྱ།། སྔར་ནི་ལེགས་པར་སྦར་བ་ཡི།། ར་ལུ་ཐ་མ་འདུག་པ་ལ།། བཏབ་ན་མྱར་དུ་འབབ་པ་ནི།། ། ་རིང་པོ་མི་ཐོགས་གཞན་དུ་མིན།། བབས་ན་མྱུར་བཏང་བ་ནི།། དེ་ནས་གུར་གུམ་རི་ལུ་བྱའོ།། དེ་ནས་གཞན་ཡང་བསྒྲུབ་པ་ཡི།། དབང་དུ་བྱེད་པ་དག་གི་མཆོག། རིག ་འཛིན་པའི་ཡིད་ལས་བྱུང་།། ལས་ཀྱི་ངེས་འབྱུང་བཤད་པར་བྱ།། ར་ག་ཏ་ཞེས་ནི་འདིར་གྲགས་པ།། རྩ་བ་ར་ག་ཏ་མུ་ལ་ཁེ། དེ་བླངས་ཤ་དྲ་བུང་ཀ་དང་། མི་ལྭ ་བྱུང་བའི་མདུན་སོ་དང་།། རྩུབ་མོར་གྱུར་པའི་ལོ་མར་བཅས།། བུང་བ་ཡི་ནི་འདབ་མ་དག། གཞོན་ནུ་མས་ནི་མཚན་མོ་བཏགས།། དེ་ནས་བདག་གིས་སྦར་བ་སྟེ། ་བྱེ་མ་དག་ནི་ལན་བདུན་དུ།། བདག་གི་ཁུ་བས་སྨྲ་བར་བྱ།། དེ་ནས་བདག་གིས་དཀྱིལ་འཁོར་ལ།། པདྨའི་བློ་ལ་བཞུགས་ནས།། གཙང་མས་མར་གྱི་ཚེས་བརྒྱད་ལ། ་བློ་ལྡན་ལག་པས་བཟུང་ནས་ནི།། སྔགས་ཀྱི་ས་སྟེང་དུ་བདབ་པར་བྱ།། བྱེ་མའི་རྒྱལ་པོ་དབང་བྱེད་པ།། དེ་ནས་དངོས་གྲུབ་ཐོབ་པར་འགྱུར།། བཟའ་མ་ཡང་ན་བཏུང་སྦྱིན ་ལས།། ཡང་ན་ཕྱེ་མ་འགམ་པར་བྱ།། ཡང་ན་རླུང་གི་ཕྱོགས་སུ་གཏང་།། ཡང་ན་གོས་ལ་ལན་ཅིག་གདབ།། ཡང་ན་བྱུག་པ་འམ་སོ་རྩི་ལ།། གང་ལའང་དེ་དག་སྦྱོར་ན ་ནི་དེ་འམ་འདིས་ལན་གཅིག་གིས།། མྱོས་ཤིང་དྲག་པའི་དགྲ་དག་ནི།། རྒྱང་རིངས་ནས་ནི་དབང་དུ་འགྱུར།། བྲན་བཞིན་དུ་ནི་ལེགས་པར་བྱེད།། བྱེ་མ་འདི་ཡིས ་རེག་པ་ནི།། ཤི་ནའང་རྗེས་སུ་འབྲང་བར་འགྱུར།། གལ་ཏེ་རྒྱ་དེ་རིང་པོ་ནས།། ཕྱེ་མས་རེག་པར་མི་འགྱུར་ན།། དེའི་གཟུགས་བསྙེན་བྱས་ནས་ནི།། བྱེ་མས་འདི་ཡིས།། ་གདག་པར་བྱ།། ཞག་བདུན་གྱིས་ནི་རིག་འཛིན་གྱི།། མིང་ནི་དེའི་ཐོས་ནས་ཀྱང་།། བདག་ཉིད་དང་ནི་ནོར་དང་ནི།། གདོན་མི་ཟ་བར་དབང་དུ་འགྱུར།། དེ་ནས་སྦྱོར་བ ་འབའ་ཞིག་གིས།། མཁྱེན་པའི་ལས་ནི་བཤད་པར་བྱ།། རྨ་བྱའི་གདོངས་ནི་བཟང་པོ་དང་།། དེ་བཞིན་སྦྲུལ་གྱི་ཤུན་པ་དང་།། རྟ་དང་མ་ཧོ་སྡེ་དག་དང་།། ཀ་ན~ཾ་ཀའི ་ས་བོན་དང་།། ཨ་ཤོ་མ་རིའི་མེ་ཏོག་དང་།། དེ་ནས་གླང་པོ་བི་པི་ལིང་།། འདི་རྣམས་ཐམས་ཅད་མཉམ་བྱེད་དེ།། བྱི་ལ་བྱི་བའི་ཁྲག་ལས ་བཏགས།། བདག་ཉིད་རི་ལུ་མཉམ་པར་བྱ།། བྱས་ནས་ཆོག་ཤེས་པ་ཡི།། མཚན་མ་སྟོང་རྩ་བརྒྱད་དུ་བཟླས།། བྱི་བ་དང་ནི་བྱི་ལ་ཡིས།། སྤུའི་བདུག་པས་བདུག་པར་བྱ།། ། ་དེ་ནས་སྦྱོར་བ་ཤེས་པ་ཡིས།། དེ་ནས་རི་ལུ་གཅིག་བླངས་ནས།། གང་དག་ཁོན་པར་བྱ་བ་ནི།། དེ་དག་གཅིག་གི་སྤྱི་བོ་ལ།། རི་ལུའམ་ཡང་ན་བྱེ་མོ་དག། འཁོན་པར་མྱུར ་བའི་ཕྱིར་གདབ་པོ།། འཁོན་པར་བྱེད་པའི་མཆོག་འདི་ནི།། ཁྲོ་བོ་ཉིད་ཀྱིས་གསུངས་པའོ།། དེ་ནས་འདིར་ནི་གསོད་བྱ་བ།། ཇི་ལྟར་ཡང་དག་སྦྱོར་ལྡན་པའི།། དགྲ ་པ་མེད་པར་འགྲུབ་འགྱུར་བ།། གསོད་པའི་མཆོག་ནི་བཤད་པར་བྱ།། མི་དབང་རྣམ་པ་དུ་མ་ཡིས།། དཀོན་མཆོག་གསུམ་ལ་གནོད་བྱེད་པ།། དེ་ལ་སྦྱོར་བ་འདི་སྦྱར་ཏེ།། ་ངན་ངོན་གཞན་ལ་མ་ཡིན་ནོ།། བྱང་ཆུབ་སེམས་དང་ལྡན་པ་ལ།། འགྲུབ་འགྱུར་འདི་ནི་གཞན་དུ་མིན།། འདི་ནི་དེ་བཞིན་གཤེགས་པ་ཡི།། དམ་ཚིག་ཐམས་ཅད་འགྲུབ ་སྦྱིན་བྱ།། ཆོ་ག་དེ་བཞིན་ལེགས་པར་སྲུང་།། གཞན་དུ་ན་ནི་འགྲུབ་མོ་འགྱུར།། དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན།། མདོར་ན་སྲོག་ཆགས་ཕན་འདོད་པས།། ་འོག་དང་འབུར་བའི་དངོས་གྲུབ་དང་།། མི་བཤོལ་བར་ནི་འགྲུབ་པར་འགྱུར།། ཁྲོ་དང་གཏུམ་པའི་སྤྱོད་པ་དང་།། འདོད་དང་གསོད་དང་འདོད་པ་དདེང་།། དེ་བཞིན ་གཤེགས་པའི་དངོས་གྲུབ་དག། རྨི་ལམ་དུའང་ག་ལ་འགྱུར།། སྙིང་རྗེ་བཟོད་དང་དེ་བཞིན་བྱམས།། རང་བཞིན་གྱིས་ནི་སྙིང་རྗེ་བ།། ཇི་སྐད་གསུངས་པའི་སྔགས་པ ་ནི། བྱང་ཆུབ་སེམས་ནི་འབའ་ཞིག་སེམས།། དེ་བཞིན་གཤེགས་པའི་དངོས་གྲུབ་ཀུན།། གདོན་མི་ཟ་བར་འདི་ལ་འགྲུབ།། བདུག་པ་རྣམས་ནི་འདུལ་བའི་ཕྱིར།། སྦྱོར ་བ་འདི་ནི་ཀུན་ཏུ་གསུངས།། དཀོན་མཆོག་གསུམ་ལ་ཆེར་གནོད་པ།། བྱ་བར་བཤད་ཀྱི་གཞན་དུ་མིན།། སེམས་ཅན་བདུག་པ་བསྒྲུབ་པར་བྱའོ།། རྐང་པའི་རྗེས ་ཀྱིས་བླངས་ལ།། དེ་ནས་གཙང་མར་མ་ཧེ་ཡི།། གཅིན་གྱིས་དེ་ནི་སྤྲས་ནས་ཀྱང་།། དེའི་གཟུགས་བརྙན་བྱས་ནས་ནི།། དུར་ཁྲིད་ཐལ་བླ་སྐ་བར་བྱ།། སོལ་བ་ཚེར ་མ་རྣོན་པོ་དང་།། དེ་བཞིན་གཞན་ཡང་ལྟོ་བ་དང་། རྣ་བ་སྣ་དང་མིག་དང་ཁ།། རབ་ཏུ་བཀང་ནས་ག་ཡཏྲ་སར་བཞག། བཞག་ནས་རྐང་པ་གཡོན་པས་མནན།། ་དེ་ནས་བུ་དོན་སྐྲ་གཟུགས་ལ།། གཞན་ཡང་རོ་ལངས་ཞི་བའི་སྔགས།། ཕྱིན་ཅི་ལོག་ཏུ་བཟློག་སྟེ། བཟླས།། བསྒྲུབ་པར་བྱའི་མིང་སྨོས་ནས།། བསྒྲུབ་པས་སྟོང ་རྩ་བརྒྱད་དུ་བཟླས།། བཟློག་པའི་རིམ་པ་ཉིད་ཀྱིས་ནི།། ཕཊ་གཉིས་ཀྱིས་ནི་དག་ཏུ་བཞུགས།། ལས་འདི་བྱས་པས་ངེས ་བར་ནི།། བསྒྲུབ་པར་བྱ་བ་ལྟོས་གྱུར་ནས།། ངེས་པར་འཆི་བདག་དབང་དུ་འགྱུར།། བློ་དང་ལྡན་པས་བསྒྲུབ་པར་བྱའི།། གྲགས་པ་དེ་ལྟར་བསད་བྱས་ནས།། ནད ་ཀུན་གྱིས་ནི་བཏབ་པ་སྟེ།། དེ་ནས་སླར་ཡང་ཐར་བར་འགྱུར།། གཞན་དུ་བྱས་ན་མོད་ལ་ནི།། ངེས་པར་འཆི་བ་དག་དྲུང་དུ་འགྲོ། དཀོན་མཆོག་གསུམ་ནི་སྲུང་བའི་ཕྱིར།། ། ་གནོད་པར་བྱེད་པ་ཐམས་ཅད་ལ།། ནད་ལ་སོགས་པ་སྦྱར་ན་ཡང་།། འཆི་བར་གྱུར་པ་འདི་བཤད་དོ།། དམ་ཚིག་ཤོས་ལ་མི་བྱ་སྟེ།། གལ་ཏེ་བྱས་ན་བདག་ཉིད་འཆི།། ་བསྒྲག་པར་བྱའི་ཆོ་ག་ཡང་།། ཁྲོ་བོ་ཉིད་ཀྱིས་ཇི་སྐད་དུ།། གསུངས་པ་དེ་ནི་བཤད་པར་བྱ།། སེང་ལྡེང་ལས་བྱས་ཕུར་བུ་ནི།། སོར་བརྒྱད་ཚད་དུ་བྱས་པ་ལ།། ཉུང་མར་ཆ ་བས་བྱུགས་ནས་ནི།། དུར་ཁྲོད་ཐལ་བས་གདབ་པར་བྱ།། དེ་ནས་ཁའ་རིང་རང་ཤི་བའི།། ཕིགས་པ་དག་གི་དཀྲི་བར་བྱ།། བསྒྲུབས་པས་ནུབ་མོ་པུར་བུ་སྟེ།། སྐུད་པ ་དམར་པོས་བཅིངས་ནས་ནི།། དེ་ནས་རོ་ལངས་ཕྱག་རྒྱ་ནི།། སྐྲོད་ཅིག་པའི་ཚིག་ལྡན་པས།། བསྒྲུབ་པར་བྱ་བའི་མིངྒེ་སྟེ།། མཁས་པས་སྟོང་རྩ་བརྒྱད་དུ་བཟླས།། དེ་ནས་སྐྲོད ་པར་འདོད་པ་ཡིས།། བསྒྲུབ་བྱར་སྒོ་གར་ནི། བུར་བུ་དེ་ནི་གདབ་པར་བྱ།། དེ་ནི་བསྐྲོད་པའི་མཆོག་ཏུ་གསུངས།། འོན་ཀྱང་བརྒྱ་བྱིན་སྟོབས་ལྡན་པའི།། བསྒྲུབ་པར་བྱ་བ ་བསྐྲད་པར་འགྱུར།། དེ་ནས་གཞན་ཡང་གནི་གལ་གཅིག། འཐབ་དང་བསོད་པ་བཤད་པར་བྱ།། དཀོན་མཆོག་གསུམ་ལ་གནོད་བྱེད་པ།། རིགས་ནས་ཇི་ལྟར་འདོད་པ་ནི།། དེ ་ནས་རང་གི་ཕྱོགས་འཁྲུགས་པར།། སྔགས་པས་ཇི་ལྟར་གསུངས་བཞིན་བྱ།། མ་ར་ཧི་དང་དུ་རྩི་དང་།། པྲ་ཏ་དང་ནི་ཀུན་ཤིན།། དེ་བཞིན་མི་ཏི་བུ་ཀ་རི།། ཡང་དག་བྱང་ཆུབ་ལམ ་ཞུགས་པ།། མཐུ་ཆེན་སྨན་ནི་འདི་རྣམས་ལས།། གང་ཡང་རུང་བ་ཅིག་བླངས་ཏེ།། ལོ་མ་རླུང་གི་བཏབ་པར་སྦྱར།། དེ་བཞིན་པ་ལ་ཧ་ཀ་དང་།། གོ་སྟོད་ནག་པོ་ལྡོང་རོས་དག ་འདི་རྣམས་བཏགས་ཏེ་ཕྱེ་མར་བྱ།། མིའི་ཚིལ་གྱིས་སྤྲས་ནས་སུ།། རོ་ལངས་སྟོང་རྩ་བརྒྱད་དུ་བཟླས།། ནམ་ནི་ལངས་པར་གྱུར་པ་དང་།། བདུག་པ་འཁྲུག་པར་བྱེད་ཅེས་བྱ། ་གང་གིས་བསྣམས་པ་དེ་དག་ནི།། རང་གི་ཕྱོགས་རྣམས་ཕན་ཚུན་འཁྲུག། གཅིག་ལ་གཅིག་ཀྱང་འཐབ་པར་འགྱུར།། དགྲ་བོའི་རྒྱུད་འདི་གང་བྱང་བར།། ཡུལ་འཁོར་དང ་ནི་གྲོང་ཁྱེར་དང་།། དཔུང་ལ་གནོད་པར་བྱ་བའི་ཕྱིར།། ཕན་ཚུན་རྩོད་པར་བྱེད་པའི།། བདུག་པ་འདི་ནི་སྦྱར་བར་བྱ།། ཕན་ཚུན་གསོད་ཅིང་འཐབ་པ་དག། ཅི་རིགས་བསྟན་པ ་འདི་ཡིན་ནོ།། དེ་ནས་གཞན་ཡང་མིག་འཕྲུལ་གྱི།། ཆོ་ག་ཚུལ་བཞིན་བཤད་པར་བྱ།། མིག་འཕྲུལ་དངོས་གྲུབ་འགྲུབ་པར་འགྱུར།། མི ་ཐོད་བཟང་པོར་ཐལ་དང་།། རི་བོང་གི་ནི་ཁྲག་བླུགས་ཏེ།། ཡི་དགས་པལ་ཆེན་དཀྱིལ་འཁོར་ནི།། དུར་ཁྲོད་དག་གིས་ཐལ་བས་བྲི།། ཇི་སྐད་གསུང་བ་བྲི་བར་གཞག ་དེའི་ནང་དུ་རོ་ལངས་ལ།། མཆོད་པ་བྱེད་པོ་བྱས་ནས་ནི།། དེ་ལྟར་ལྷོ་ཕྱོགས་སྒོ་དག་ཏུ།། ཞགས་ཐབས་དུ་ནི་མེ་བུས་ཏེ།། དེ་ནས་ཐལ་བ་དེ་ལྟ་ནི།། མར་གྱིས་བྱུག་ཅིང་སྤྲིན ་སྲེག་བྱ།། དེ་ནས་ཐལ་བ་དེ་ལ་ཡང་།། སྟོང་རྩ་བརྒྱད་དུ་བཟླས་བྱས།། སྟེང་རྩ་བརྒྱད་པ་དེ་ཉིད་ཀྱིས།། ནམ་ལངས་ནས་ནི་ངེས་པར་ཡང་།། མཁས་པས་མིག་འཕྲུལ་རྩེད ་མོ་རྣམས།། ཐལ་བ་དེས་ནི་བྱེད་པར་འགྱུར།། མེ་ཏོག་ཀར་ལ་ཐལ་བ་དེས།། ལན་རེ་དག་ཏུ་བསྐུས་ན་ནི།། ནམ་མཁར་གཏོར་ན་ངེས་པར་ཡང་།། རྫོགས་པའི་སངས་རྒྱས་སྟོན ་བར་འགྱུར།། ཐལ་བ་དེ་ཡིས་སྔ་མ་བཞིན།། མེ་ཏོག་སེར་པོ་ལ་བསྐུས་ཏེ།། དེ་བཞིན་ནམ་མཁའ་ལ་གཏོར་ན།། འདོད་ཆགས་བྲལ་བ་སྟོང་དག་དང་།། ཉིད་ཀྱིས་གནས ་བྱས་སངས་རྒྱས་ཀུན།། སྟོན་པར་བྱེད་དེ་གཞན་དུ་མིན།། མེ་ཏོག་དམར་པོས་འཇིག་རྟེན་པའི།། ལྷ་རྣམས་ཀུན་གྱིས་སྔ་མ་བཞིན།། གང་དང་གིང་གིས་འདོད་པ་དག། ཡིད་ཀྱིས ་བསམས་པས་སྟོན་པར་བྱེད།། མེ་ཏོག་སྔོན་པོ་དེ་བཞིན་དུ།། གནོད་སྦྱིན་སྲིན་པོ་སྔ་མ་བཞིན།། ཡི་དགས་མཁའ་འགྲོ་གྲུལ་བུམ་དང་།། ཡང་ན་གང་དང་གདོད་པ་ཡི།། ཚུལ ་ལན་བདུན་བཟླས་ན་ནི།། གྱེན་དུ་གཏོར་ན་ངེས་པར་ནི།། མིག་འཕྲུལ་སླར་ནི་བསྡུ་བར་བྱ།། ཡང་ན་ཁུ་ཚུར་བཅངས་ནས་སོ།། ཁའི་འདབ་མ་བདུན་དག་ལ། མིང་རུས་ཡུ་བ་ཅན ་དུ་བཅིངས།། དེ་དག་ཐལ་བ་དེ་བསྐུས་ཏེ།། མིག་འཕྲུལ་བསམ་པ་ཅི་འདོད་པར།། ཚོགས་ཀྱི་ནང་དུ་བསྐོར་ན་ནི།། མཚོར་དང་རྒྱ་མཚོ་རྒལ་བ་དང་།། དེ་བཞིན་ཁང་པ་སྙིང་པ ་དང་།། གཡུལ་དག་འཁྲུག་ཅིང་འཆིང་བ་དང་།། ལྟད་མོ་ཆེན་མོ་མཆོག་རྣམས་ནི།། རབ་ཏུ་སྦྱར་བ་སྟོན་པར་བྱེད།། ཁུ་ཚུར་ཚུལ་གྱིས་དེ་བཞིན་དུ།། སའི་འོག་ཀྱང་སྟོན ་བ་དང་།། འགྲོ་བ་མང་པོ་འདུལ་བ་དང་།། གྱེན་དུ་འགྲོ་བ་དང་དེ་བཞིན་འཁྲུག། རང་གི་དཔུང་དང་རྒྱ་མཚོ་འཁྲུག། འཇུག་མ་དེ་དང་ཐལ་བ་ཡིས།། གཞན་ཡང་གང ་དང་གང་འདོད་པ།། དེ་དག་ངེས་པར་བྱེད་པར་འགྱུར།། ཁུ་ཚུར་ཚུལ་གྱིས་དེ་བཞིན་སྡུད།། དེ་ལྟར་མིག་འཕྲུལ་མདོར་བསྡུས་པ།། ཇི་སྐད་གསུངས་པ་བཤད་པ ་བཞིན།། དེ་ནས་ཞི་བའི་ལས་རྣམས་ཀྱང་།། མདོར་བསྡུས་ནས་ནི་བཤད་པར་བྱ།། རོ་ལངས་དེའི་ངོ་བོ་ཉིད།། ཞི་བའི་ཕྱིར་ནི་ཚུལ་བཞིན་བཟླས།། བདག་གམ་འོན ་ཏེ་གཞན་ཡང་རུང་།། སྒྲུབ་བྱ་ཞི་བའི་མཆོག་སྨོས་ཏེ།། སྟོང་རྩ་བརྒྱད་དུ་བཟླས་བྱས་ཏེ།། མེ་ཏོག་དཀར་པོ་བཟང་པོ་ནི།། སྲུང་ཞིང་ཡིད་དུ། ་འོང་བ་དག། ཙན་དན་དཀར་པོའི་ཆུས་བཏབ་སྟེ།། རྒྱ་མཚོར་འགྲོ་བའི་ཆུ་ནང་དུ།། ཞགས་ནས་རེ་རེ་ལ་བཟླས་ཤིང་།། བརྒྱ་རྩ་བརྒྱད་ནི་དོར་བར་བྱ།། འོན་ཏང་བདག་གམ ་གཞན་ཡང་རུང་།། མཚུངས་པ་མེད་པར་ཞི་བར་འགྱུར།། རྒྱལ་པོ་འམ་ཡུལ་ལམ་ལྗོངས་དག་གམ།། གྲོང་ངམ་ཡང་ན་གྲོང་དག་གམ།། ཞི་བའི་ལས་དེ་བྱས་པ་ནི།། ཞི་བར ་གྱུར་པ་གདོན་མི་ཟ།། དེ་ནས་རྒྱས་པའི་ལས་རྣམས་ཀྱང་།། ཚུལ་བཞིན་དུ་ནི་བཤད་པར་བྱ།། མཆོད་རྟེན་མཆོད་པ་སྣ་ཚོགས་པ།། བྱས་ནས་དེའི་མདུན་འདུག་སྟེ།། རོ་ལངས ་ཕྱག་རྒྱ་ཆེན་པོ་ནི།། རྫོགས་སངས་རྒྱས་ཀྱི་མཆོད་པ་ཟླས།། གལ་ཏེ་མཆོད་རྟེན་རིང་སྲེལ་ཅན།། ཡིན་ན་དེ་མ་ཐག་ཏུ་འགྱུར།། བསྒྲུབ་བྱའི་མིང་སྨོས་བཟླས་ནས་ནི།། སྐྱེས་པ ་འམ་བུད་མེད་རྒྱས་པར་འགྱུར།། དམ་ཆོས་མཆོད་རྟེན་མདུན་དུ་ནི།། ཆོ་ག་བཞིན་དུ་ཁྲི་བཟླས་ནས།། ཇི་སྲིད་རྒྱས་པར་གྱུར་གྱིས་བར།། དེ་སྲིད་རྒྱས་ཕྱིར་རིམས་ཀྱིས་བཟླས ་དེ་བཞིན་གཤེགས་པའི་མཆོད་པ་དག། མཁས་པས་མཆོད་རྟེན་ཀུན་ལ་བྱ།། རིང་སྲེལ་ཅན་ལ་ཆོ་ག་བཞིན།། ཁྱད་པར་དུ་ནི་བཤད་པར་བྱ།། ཐོག་མར་མཆོད་རྟེན་དྲུང་དུ་ན ་མཁས་པ་དག་གིས་དཀྱིལ་འཁོར་བྱ།། དེ་ནས་དེར་ནི་མེ་ཏོག་དག། ཤིན་ཏུ་ཡིད་འོང་བཀྲམ་པར་བྱ།། མར་མེ་རབ་ཏུ་འབར་བ་བརྒྱན།། མཁས་པས་དེ་ལ་དབུལ་བར་བྱ།། ཤིན་ཏུ ་ཡིད་འོང་ཆུ་དང་བཅས།། སྣ་ཚོགས་པའི་བཤོས་ཕུལ་ནས།། གུ་ག་ལ་བདུག་པས་ཕུལ་ནས་ནི།། བྱང་ཆུབ་སེམས་དང་ལྡན་པ་ཡིས།། དེ་བཞིན་གཤེགས་པ་ཐམས་ཅད་ལ། ་ཞེ་སར་བཅས་པའི་ཕྱག་བྱས་ནས།། མཆོད་རྟེན་ལ་ནི་མངོན་ཕྱོགས་ཏེ།། ཞི་དང་རྒྱས་ཕྱིར་བཟླས་པར་བྱ།། དམ་པའི་ཆོས་ནི་ཀློག་པ་དང་།། དུས་གསུམ་དུ་ཡང་མཆོད་རྟེན་བྱས ་དེ་ནས་ཉིན་མཚན་བྱེད་ནས་ནི།། ཞི་བ་དང་ནི་རྒྱས་པར་འགྱུར།། རྒྱས་པའི་ལས་ནི་བཤད་ཟིན་ཏོ།། གཞན་ཡང་སྒྲུབ་པ་པོ་ལ་ནི།། འཇིག་རྟེན་ཐམས་ཅད་དགའ་འགྱུར་བ། ་དགའ་བར་འགྱུར་བ་བཤད་པར་བྱ།། ཇི་སྲིད་མ་ལ་བུ་སྡུག་པ།། དེ་འདིར་དེ་བཞིན་གཞན་དུ་མིན།། མཁས་པ་ཡིས་ནི་འགི་ཧང་དང་།། ངེས་པར་བདག་གི་ཁྲག་དང་སྦར།། ལན ་གྲངས་མང་དུ་སྦར་ནས་ཀྱང་།། མཁས་པ་ཡིས་ནི་ཐོད་པར་བཞག། དེ་ནས་ཟླ་བ་གཟས་ཟིན་ཚེ།། ཟླ་བ་ལ་ནི་མིག་ལྟ་ཞིང་།། བཏང་གི་བར་དུ་ལེགས་པར་བཟླས།། ནང་པར་བདག ་གི་དཔྲལ་བ་ལི།། ཐིག་ལེ་གཅིག་ནི་བྱས་ནས་སུ།། དེ་ནས་རྒྱལ་པོའི་དྲུང་དུ་འགྲོ། འགྲོ་བ་དབང་མེད་སྦྱོར་བ་འདི།། མདོ་རུ་བསྡུས་ནས་བཤད་པ་སྟེ།། རྒྱུད་དང་མི་རྒྱུའི་འཇིག་རྟེན་དག། ་@མཐོང་བ་ཡིས་ནི་དགའ་བར་འགྱུར།། འདི་ནི་འཇིག་རྟེན་པ་རྣམས་ཀུན།། དགའ་བར་བྱེད་པ་བསྟན་པ་ཡིན།། དེ་ནས་དགུག་པའི་ཆོ་ག ་ཡང་།། འཇམ་དབྱངས་མགོན་པེ་ཅིག་པུ་ཡི།། ཁྲོ་བོའི་ཞལ་ནས་པ་གསས་།། མདོ་རུ་བསྡུས་ནས་བཤད་པར་བྱ། བུད་མེད་བུ་མེ་ཤི་བའི་སྐྲ།། མར་གྱི་བརྒྱད་ལ་ནན་ཏན་དུ།། ཞགས ་བས་ལེགས་པར་བཀལ་བྱ་སྟེ།། དེ་ནས་ཐོད་པའི་ནང་དུ་གཞག། དེ་ནས་ཟླ་བ་གཟས་ཟིན་པར།། གྱུར་པའི་བར་དུ་ཉིན་རེ་བཟླས། ཟླ་བ་གཟས་ཟིན་གྱུར་པ་དང་།། ཆུ་འགྲམ་གཙང་། ་མ་དག་ཏུ་ནི།། དེ་ཚེ་ཡི་དགས་ཕལ་ཆེན་གྱི།། དཀྱིལ་འཁོར་དེར་བྲིས་མཆོད་པར་བྱ།། ཁྲོ་བོའི་གཙོ་བོས་གསུངས་པ་ཡི།། རོ་ལངས་ཁྲེ་བོར་ལྡན་པ་ལ།། གཏོར་མ་རྒྱ་ཆེན་བྱས་ནས་ནི། ་དེ་ནས་ཕྱི་རོལ་འབྱུང་བ་ལའོ།། དེ་ནས་དེ་ལ་ལག་གི་གནན།། ཟླ་བ་ལྟས་ལ་བཟླས་པར་བྱ།། མི་ཐོད་ནང་དུ་འདུག་པ་ཡི།། ཞགས་པ་ཇི་སྲིད་གཡོ་བའི་བར།། དེ་ནས ་གྱེན་དུ་པར་ན་ནི།། བསྒྲུབ་པ་པོ་ནི་འགྲུབ་བྱེད་བྱ།། དེ་ཚེ་ཞགས་པ་དེ་བླངས་ལ།། འཇིག་རྟེན་ལྷ་རྣམས་སྐད་ཅིག་གིས།། བསམ་པ་དེའི་གྲངས་ནས་ནི།། དེ་ནས་རིག་པ་འཛིན་པ་ཡི།། ་ཡི་དགོས་བསམ་པའིམ་ཚིག་གིས་ཀྱང་།། གང་དང་གང་འདོད་ལེགས་པར་བྱེད།། བརྒྱ་བྱིན་ལ་སྩོགས་ལྷ་རྣམས་ཀྱང་།། དེ་བཞིན་བཀའ་བཞིན་ངེས་ལེགས་བྱེད།། སྐད་ཅིག ་གིས་ནི་ནམ་མཁའ་ལ།། རྫུ་འཕྲུལ་ཆེ་དང་ལྡན་པ་དག། ཞགས་པ་དེས་ནི་དྲངས་ནས་སུ།། འདོད་པའི་མཆོག་ནི་རབ་ཏུ་དབུལ།། གནོད་སྦྱིན་མོ་འམ་དྲི་ཟ་མོ།། ཡང་ན་ལྷ་ཡི་བུ་མོ་དག། ་བདག་གི་དྲང་དུ་སྐད་ཅིག་གིས།། ཞགས་པ་དེས་ནི་དྲངས་ནས་སུ།། དེ་ནས་རིག་པ་འཛིན་མཆོག་གིས།། ཡིད་དུ་འོང་བའི་ལས་རྣམས་བྱེད།། ག་ལ་གྲོ་བ་ན་དམན་པ་དག། འདོད་པས ་གདུངས་པར་གྱུར་ན་ནི།། དེ་ཚེ་ཞགས་པ་དེ་ཉིད་ཀྱིས།། ལྷ་ཡི་བུ་མོ་དགག་ནས་སུ།། དོགས་པ་མེད་པར་བསྟན་པར་བྱ།། འདོད་པའི་གདུངས་ཀྱང་བུད་མེད་མིན།། རྒ་དག་མྱ་ངན་གྱིས་གདུང ་པ།། ནད་དང་འཚོ་བ་སྨན་བབ་པ།། གཅིན་དང་དངུལ་དང་དྲི་མ་ཅན།། མིའི་བུད་མེད་རྟག་ཏུ་སྤངས།། གལ་ཏེ་འདོད་པས་གདུངས་གྱུར་ན།། ལྷའི་བུད་མེད་བསྟེན་པར་བྱ།། འོན་ཏེ ་སེམས་དཔའ་ཆེན་པོ་སྟེ།། དེ་ཚེ་ཚེ་དང་ལྡན་པ་ཡིན།། ལྷ་ཡི་དབང་ཕྱུག་དགེ་བ་དང་།། གནོད་སྤྲིན་གདག་པ་དག་གིས་བསྐོར།། རང་གི་གཞལ་ཡས་ཁང་བཟངས་ན།། འདག་ཅིང་གང ་དུ་འདོད་པར་འགྲོ།། གཞལ་མེད་ཁང་ནི་བཟང་པོ་དག། ལྷ་རྣམས་དེ་ལ་རབ་ཏུ་དབུལ།། ར་སཾ་ཡ་ན་མང་དག་དང་།། བཅུད་ཀྱིས་ལེན་ནི་དུ་མ་དང་།། དཔག་བསམ་ཤིང་གི་འབྲས་བུ་ཡང་།། ་ལྷ་ཡི་དབང་ཕྱུག་མཉམ་ལྡན་པ།། དོགས་པ་མེད་པར་ཐོབ་པར་འགྱུར།། བཀྲེས་སྐོམ་ནད་ལས་ངེས་པར་ཐར།། རིག་པ་འཛིན་པ་ཀུན་གྱིས་མཆོད།། ཞགས་པ་འགུལ་བཏབ་གཡོས ་ན་ནི། དངོས་གྲུབ་འདི་འདྲ་ཐོབ་པར་འགྱུར།། འགལ་བཏགས་གཡོས་སམ་བཤད་པ་དག། གལ་ཏེ་གྲུབ་པར་མ་གྱུར་ན།། མ་གྲུབ་པའི་ཞགས ་པས་ཀྱང་།། འཇིག་རྟེན་པའི་ལས་རྣམས་བྱ།། སྐྱེས་པ་འམ་ཡང་ན་བུད་མེད་དག། ཡིད་ལ་འདོད་པ་བསམ་ནས་བྱ།། མཚན་མོ་ཞགས་པ་དེས་བརྐྱང་སྟེ།། དེ་ནི་དེ་ལ་ཕྱོགས་ནས་བཟླས།། ། ་བསྒྲུབ་བྱའི་མིང་གི་ཚིག་དང་བཅས།། ཧྲི་ནི་ཚིག་གི་འཇུག་ཏུ་སྦྱར།། ཞགས་པ་གང་དུ་འདུག་པ་དེར།། ནམ་མཁའ་ལ་ནི་བྱ་བཞིན་དུ།། བདག་གི་དྲུང་དུ་སྐད་ཅིག་གིས།། ཐེ་ཚོམ་མེད ་པར་འོང་བར་འགྱུར།། མི་དབང་སྲས་དང་བཅས་པ་འམ།། ཡང་ན་སྐྱེས་པ་འམ་ཕལ་བ་འམ།། བ་གླང་དང་ནི་ཤིང་རྟ་འམ།། འབྲས་བུ་མེ་ཏོག་གང་ཡང་ཡ་རུང་།། དེ་བཞིན ་འདོད་པ་ཡི་དག་གིས།། མཐོང་ངམ་ཡང་ན་ཐོས་པ་འང་རུང་།། དེའི་མིང་ཚིག་སྐལ་བ་དང་།། དེ་ཚེ་དེས་ན་འགགས་པར་འགྱུར།། ཡུལ་ལམ་གཞན་དག་ལ་གནས་པ། ་དཔག་ཚད་བརྒྱན་འདུག་པ་ཡང་།། དམ་ཚིག་གིས་ནི་སྐུལ་ན་ནི།། ཞགས་པ་འདིས་ན་ངེས་པར་འགུགས།། འདི་ནི་ཞགས་པས་ལས་རྣམས་གང་།། གྲུབ་པ་དང་ནི་མ་གྲུབ་པ།། ་ཁྲོ་བོ་རྣམ་རྒྱལ་རྟོག་འདི་ལ།། ཁྲོ་བོས་གསུངས་པ་རོ་ལངས་ཀྱིས།། ལྷ་དང་ལྷ་མིན་གཉིས་ཀ་ཡང་།། དགག་པའི་ཆོ་ག་གསུངས་པ་སྟེ།། རོ་ལངས་རྟོག་པ་འདི་དག་ནི།། ཚུལ ་གྱིས་རིམས་ཀྱིས་བཤད་པའོ།། ཁྲོ་བོ་རྣམ་པར་རྒྱལ་བའི་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས།། རོ་ལངས་ཀྱི་རྟོག་པར་རྟོགས་པ་སྟེ་ལེའུ་དྲག་པའོ།། ་དེ་ནི་རོ་ལངས་རྟོག་པའི་མཆོག། རིག་པ་འཛིན་པ་རྣམས་ལ་ནི།། དངོས་གྲུབ་ཞི་བ་མཆོག་སྟེར་བ།། ཚུལ་བཞིན་མདོར་བསྡུས་བཤད་པ་ཡིན།། དེ་ནས་ཁྲོ་བོའི་གཙོ་བོ་ཡི།། རྟོག ་པ་སྔ་དུ་བྱུང་བ་མཆོག། ཁྲོ་བོ་པདྨའི་ཞལ་ལས་བྱུང་།། ཡང་དག་རྒྱས་པར་བཤད་པར་བྱ།། སྔགས་ཀྱི་གྲངས་ནི་བཅུ་བདེན་པོ།། ཁྲོ་བོ་ཉིད་ཀྱིས་གསུངས་པ་གང་།། ཐོས་པ་ཙ ་གྱིས་མེད་ལ་ཡང་།། དེ་དག་ཀུན་ཏུ་རྨོངས་གྱུར་པ།། འཇམ་པའི་དབྱངས་ཀྱིས་རབ་བསྐལ་པ།། ཁྲོ་བོ་དེ་ཉིད་འབར་བ་ཡི།། རྟོག་པ་འདི་ལ་ཡང་དག་པར།། བཟླས་པའི་གྲངས་ནི ་ངེས་པ་དག། ཆོ་ག་བཞིན་དུ་བཤད་པར་བྱ།། ཐོག་མར་དྲུག་འབུམ་བཟླས་ནས་ནི།། སྔོན་དུ་སྙེན་པ་བྱས་པར་འགྱུར།། དེ་ནས་རི་མོ་ཆོ་ག་ཡིས།། ཕྱིས་ཀྱང་གསུམ་འབུམ ་བཟླས་པར་བྱ།། དེ་བཞིན་རེ་རྩེར་འབུམ་བཟླས་ན།། གྲུབ་པར་འགྱུར་ཏེ་གཞན་དུ་མིན།། ཕྱིས་ནི་མཁས་པ་ཅི་འདོད་པར།། བསྒྲུབ་པ་ལ་ནི་འཇུག་པར་བྱ།། དེ་ནས་ཁྲོ་བོ་རྣམ་རྒྱལ ་གྱིས།། སྔོན་དུ་སྙན་པ་ལ་སོགས་རྣམས།། གྲུབ་པ་པོ་ལ་ཕན་པའི་ཕྱིར།། ཆོ་ག་མདོར་ནི་བཤད་པར་བྱ།། ཅིག་པུ་དཔའ་བོ་ཁྲོ་བོ་ཉིད།། བདུད་རྣམས་ཐམས་ཚར་གཅོད་པ། ་དངོས་གྲུབ་ཐམས་ཅད་རབ་རྩོལ་ཞིང་།། འཚེ་བ་ཐམས་ཅད་འཇིགས་མཛད་པ།། ཐོག་མར་ཁྲོ་བོས་རྒྱལ་པོ་ཡི།། ཁྲུས་ཀྱི་ཆོ་ག་ཉིན་རེ་བྱ།། ་དེ་ནས་ཁྲོ་བོས་བསྐུལ་བ་ཡིས།། སྲུང་བ་རང་གི་ལུས་ལ་བྱ།། བཾ་གྱི་ས་བོན་ལས་བྱུང་བ།། ཡིད་ཀྱིས་པདྨའི་བསྟན་ལ་འདུག། བདག་ཉིད་དེའི་སྟེང་དུ་འདུག། ས་བོན་ཧཱུཾ་ལས ་བསྒྱུར་བའི་སྐུ།། རྟག་པར་བྱས་ཏེ་བཏགས་ནས་ཀྱང་།། བདག་ཉིད་སྤྱི་བོར་ཡི་གེ་ཨོཾ།། མིག་གཉིས་སུ་ནི་ཡི་གེ་ཨས།། སྲུང་བར་བྱ་སྟེ་དེ་ནས་ཡང་།། སྔགས་ནི་ཡི་གེ་བཅུ ་བདུན་པའོ།། བཟླས་ཤིང་དེ་བཞིན་གཤེགས་པས་ན།། རང་གི་ལུས་ལ་སྔར་གཞག་པ།། སྙིང་ཁར་སྙིང་པོ་ཧཱུཾ་གཞག་བྱ།། དེ་ནས་ཁྲོ་བོ་ཚོགས་མ་ཡིས།། བདག་གི ་ཚེགས་མར་རེག་པར་བྱ།། ཁྲོ་བོའི་གཙོ་བོ་སྤྱི་གཙུག་ཏུ།། ལག་པས་ཆོ་གོ་ཆ་བཞིན་དུ་བྱ།། དེ་ནས་བདག་གི་ལག་གཉིས་ལ།། བློ་དང་ལྡན་པས་མཚོན་ཆ་དགོད།། རང་གི ་དམ་ཚིག་ལྡན་པའི་རྒྱ།། མཁས་པས་གོ་ཆ་བཞིན་བཅིངས་ནས།། ཁྲོ་བོའི་གཙོ་བོའི་རོ་ལངས་ནི།། བདག་གི་སྙིང་ཁར་གཞག་པར་བྱ།། དེ་བཞིན་བེ་ཅོན་ཕྱག་རྒྱ་ཡང་།། ་ཤིན་ཏུ་དྲག་པོའི་མཚོན་ཆ་ཡང་།། ལག་པ་གཡས་པས་བཅིངས་ནས་ནི།། ཁྲོ་བོའི་མཆོད་ལ་འཇུག་པར་བྱ།། ཁྲོ་བོའི་མཆོད་པ་བཤད་པ་ནི།། འདོད་པ་ཐམས་ཅད་སྟེར ་བ་སྟེ།། ཡི་དགས་ཕལ་ཆེན་དཀྱིལ་འཁོར་དང་།། གཞན་ཡང་རྟག་པར་སྐུ་གཟུགས་དང་།། ཇི་སྲིད་སྙན་པའི་རི་མོ་ལ།། ཡི་དཀྱིས་མཆོད་པ་བྱ་བར་བསྒྲགས།། ལྷའི་མེ ་ཏོག་དྲི་ཞིམ་དང་།། བིལ་བའི་ལོ་མ་བཟང་པོ་དང་།། སྤོས་ཆུ་དག་གིས་ས་ལ་འམ།། ཡང་ན་སྐ་གཟུགས་དག་ལ་མཆོད།། དགོས་པ་ཀན་དོན་གྲུབ་པར་འགྱུར།། སྐ ་གཟུགས་མཚན་ཉིད་བཤད་པར་བྱ།། སྔར་སྙེན་ཆོ་ག་བཞིན་བྱས་ནས།། དེ་ནས་སྐྲ་གཟུགས་བྱེད་བཞག། གསེར་རམ་ཡང་ན་དངུལ་ཡང་རུང་།། དེ་བཞིན་མཁར་བ་བཟང་ལ་བྱ།། ་ར་གན་ཨཱིན་དྲ་ནི་ལ་དང་།། མཐིང་བུ་ཤེལ་དང་རིན་ཆེན་དང་།། རྒྱལ་སྲིད་འདོད་པས་གསེར་ལ་བྱ།། ལོངས་སྤྱོད་འདོད་པས་དངུལ་ལ་བྱ། ནང་རྣམས་ཞིག་ཕྱིར་མཁར་བ ་བྱ། ཟངས་ནི་འདོད་པ་རབ་ཏུ་སྟེར།། དགྲ་རྣམས་ཞིག་ཕྱིར་ར་གན་ཏེ།། རང་གི་ལོངས་སྤྱོད་འཕེལ་བའི་ཕྱིར།། ཨིན་ཏྲ་ནི་ལ་དག་ལ་བྱ།། མཆོག་དང་འདོད་པའི་ཐད ་སྟེར།། འཆིང་བུའི་རྣམ་པ་སྣ་ཚོགས་པས།། ནོར་སྟེར་བ་ནི་ཡོངས་སུ་བསྒྲགས།། དྲི་མེད་ཤེལ་ལས་བྱས་པ་ནི།། ཞི་དང་རྒྱས་པའི་མཆོག་རྣམས་སྟེར།། རིན ་ཆེན་ལུས་བྱས་རལ་གྲི་དང་།། ས་འོག་ལྷའི་དངོས་གྲུབ་སྟེར།། ཐམས་ཅད་གྲུབ་པར་བྱ་བའི་ཕྱིར།། ད་ནི་ཚད་རྣམས་བཤད་པར་བྱ།། གསེར་ལས་སོར་བརྒྱད་ཚད ་དུ་བྱ།། མཆོད་ན་རྒྱལ་སྲིད་དཔལ་ཡང་ཐོབ།། ལོངས་སྤྱོད་མི་གཡོ་འདོད་པ་ཡིས།། དངུལ་སྨེར་བཅུ་ཚད་ད་བྱ།། མཁར་བས་དེ་བཞིན་ནད ་སེལ་བ།། སོར་དྲ་སྔ་བཅུ་དྲུག་ཆད་བྱ།། སོར་ནི་ཉི་ཤུ་ཚད་དག་ཏུ།། ཟངས་ལས་བྱས་ཏེ་མཆོད་པ་བྱ།། ར་གན་གྱི་ཡང་ཟངས་བཞིན་དུ།། གྲངས་ནི་ཉི་ཤུ་གཉིས་ཀྱི་ཚད།། ་ཨིན་ཌ་ནི་ལ་ལས་བྱས་པ།། སོར་གྲངས་བཅུ་གཉིས་ཚད་དུ་བྱ།། འཆིང་བུ་ལས་ནི་སོར་བརྒྱད་ཤིས།། ཤེལ་ནི་སོར་གྲངས་བཅུ་གཉིས་སོ།། རིན་ཆེན་སོར་ནི་བརྒྱད་པར་བྱ།། ་དེ་ལྟར་ཇི་སྐད་གསུངས་པ་ཡིས།། སྐུ་གཟུགས་འདོད་པ་ཀུན་སྟེར་བ།། དངོས་གྲུབ་འདོད་པས་ལེགས་པར་མཆོད།། ཡན་ལག་མ་ཉམས་གསལ་ལ་བཟང་།། རྟག་པར་བཟེ་བོ་མཁས ་པས་བྱ།། མཚན་ཉིད་སྔ་མ་རྣམས་དང་ལྡན།། མཚོན་ཆ་བཟང་པོས་རྒྱས་པར་བྱ།། ཡི་དགས་ལ་ཕྱིབས་ཞལ་ཡང་དྲག། སྨན་གསུམ་འཇིགས་པར་བྱེད་པའི་ཚུལ།། གཟི་ཆེན་ཕྱག ་བཟངས་བཅུ་གཉིས་པ།། ཞབས་ནི་གསལ་བ་དྲུག་དང་ལྡན།། མི་མགོ་ཡི་དགས་ཕྲེང་བ་རྣམས།། སེར་རམ་ཁའི་ཐབས་སུ་ཐོགས།། གཡོན་བརྐྱང་བསྐུམ་པའི་ཚུལ་དུ་ཞུགས། ་ནམ་བཟའ་སྟག་ལྤགས་གསོལ་བར་དགེས།། དེ་ལྟ་བུ་ཡི་སྐུ་གཟུགས་དག། སྔ་མའི་ཚུལ་དུ་ཡོངས་སུ་རྫོགས་པ།། ཇི་སྐད་གསུངས་པའི་ཁྲོ་བོ་འདི།། སྔགས་པ་བཟོ་བྱེད ་བྱེད་དུ་བཞགས།། ཡང་ན་ཤིང་གི་སྙིང་པོ་ལས།། ཁྲོ་བོ་གཙོ་བོའི་སྐུ་གཟུགས་དག། ཇི་སྐད་གསུངས་པའི་མཚན་ཉིད་བཞིན།། བྱས་ནས་རྟག་ཏུ་མཆོད་པ་བྱས།། དེ་ནས་ཤིང་ལས ་བྱས་པ་ཡིས།། སྐུ་གཟུགས་བཞི་ནི་བཤད་པར་བྱ།། གཙང་མ་འདོད་པ་ཀུན་སྟེར་བ།། དེ་ཡང་དེ་བཞིན་བཤད་པར་བྱ།། རིགས་འཛིན་ཀུན་གྱི་མཆོག་འདོད་ན།། ཙན་དན་ཤིང་ལས ་བྱས་པ་ཡིས།། སྐྲ་གཟུགས་སོར་གྲངས་ཉི་ཤུའི་ཚད།། སྔགས་པ་དག་གིས་བྱེད་དུ་ཞགས།། ཙན་དན་དམར་པོའི་ཤིང་དག་ལས།། སོར་ནི་བཅུ་གཉིས་ཚད་དག་ཏུ།། འདོད་པ ་ཐམས་ཅད་ཀུན་སྟེར་བ། སྐུ་གཟུགས་ལེགས་པར་བྱེད་དུ་བཞུགས།། ར་ཙའི་ཨ་གིའི་རྩ་བ་ལས།། བྱས་པས་འདོད་པ་དོན་རྣམས་སྟེར།། སོར་གྲངས་བཅུ་གཉིས་ཚད་དུ་ཤིས།། ་བདེ་བ་ཕུན་སུམ་ཚོགས་ཀུན་འབྱུང་།། ཨ་ཤོ་ཀའི་སྙིང་པོ་ལས།། གཟེ་བོ་མཁས་པས་ལེགས་པར་བྱས།། སར་པོ་སོར་ལྔའི་ཚད་དུ་གསུངས།། འདི་ནི་དབང་ད་བྱེད་པར་བཤད། ་དེ་བཞིན་ཏ་ལའི་ཤིང་དག་ལས།། སོར་དྲག་པར་ནི་བྱས་ནས་ཀྱང་།། ལྷ་དང་ལྷ་མིན་དབང་པོ་དང་།། དེ་བཞིན་ཀླུ་རྣམས་འགགས་པར་བྱེད།། ན་ག་གེ་སར་ཤིང་དག ་ལས།། དེ་བཞིན་སོར་བདུན་ཚད་བྱས་པ།། ནད་རྣམས་གཞིག་པར་བྱ་བ་དང་།། དགྲ་བ་རྣམས་རྨོངས་པའི་ཕྱིར་བཤད་པ།། མི་ཐོད་དག་ལས་བྱས་པ་ནི།། རྟག་ཏུ ་སོར་གྲངས་བཅུ་གཉིས་ཤིས།། རིང་པོ་མི་ཐོགས་མཆོག་སྟེར་ཅིང་།། འདོད་པའི་དངོས་གྲུ་བ་རབ་ཏུ་སྟེར།། མི་ཐོད་ལས་ནི་བྱས་པ་དག ་སྔར་སྙན་ལ་སོགས་མ་བྱས་པར།། མཆོད་པ་འབའ་ཞིག་བྱས་པས་ཀྱང་།། དགོས་པའི་དོན་རྣམས་འགྲུབ་པར་གསུངས།། འདི་ནི་སྐུ་གཟུགས་མཚན་ཉིད་དག། བཟང ་པོ་རྒྱས་པར་གསུངས་པ་ཡིན།། ཁྲོ་བོས་ཇི་སྐད་གསུངས་པ་བཞིན།། རི་མོའི་མཚན་ཉིད་བཤད་པར་བྱ།། རི་མོ་གོས་བཟངས་བཀྲུས་པས་ནི།། མཁས་པས་ཁྲུ་གང་ཚད ་དག་ལས།། རི་མོ་ཉིད་ཀྱི་སྐྲ་དག་གིས།། པིར་གྱིས་ལེགས་པར་བྲི་བར་བྱ།། མཚོན་གྱི་ཁ་དོག་ཀུན་མེད་པར།། རི་མོ་ཁྲག་གིས་བྲིས་པར་བྱ།། ཡང་ན་དེའི་སྐུ་གཟུགས་ནི།། སྔ ་མ་བཞིན་དུ་བཙག་གིས་བྲིས།། ཁྲོས་ཤིང་འབར་བས་འཇིགས་པ་ལྟར།། གཡོན་ཀྱང་བསྐུམ་པའི་ཚུལ་དུ་ཞུགས།། ཞལ་དྲུག་སྒྲ་ཡང་གྱེན་དུ་བརྫེས།། སྨིན་མ་སེར་ཞིང ་སྤྱན་ཡང་སེར།། སྨན་ནི་ཟླུམ་པོ་གསུམ་དང་ལྡན།། བཅུ་གཉིས་ཕྱག་དང་ལྡན་པའི་སྐུ།། དེ་བཞིན་ཡི་དགས་སྟོང་ན་བཞགས།། ཞབས་ནི་དྲུག་གི་མཛེས་པར་བྱ།། གཡས ་བའི་ཕྱག་ན་མཆོད་སྦྱིན་ཅིང་།། ཏྲི་ཤུལ་རལ་གྲི་དགྲ་སྟ་དང་།། བེ་ཅོན་དང་ནི་ལྕགས་ཀྱི་རྣམས།། ཁྲོས་པའི་ཕྱག་ནི་སྡིགས་པ་མཛད།། ཕྱག་ན་ཤག་ཏི་ཏོ་མ་ར།། གཡོན ་པའི་ཕྱག་ན་དབྱུག་ཏོ་བསྣམས།། ཕྱག་ན་ཐོད་པ་ཞགས་པ་བསྣམས།། གཤིན་རྗེ་གཤེད་པོ་བྲི་བར་བྱ།། ནམ་ཟ་སྟག་གི་པགས་པ་རྣམས།། འཇིགས་པས་ཕ་རོལ་གནོན ་པའི་ཞལ།། དེའི་ཆེ་བ་གཙིགས་པར་ནི།། མཁས་པས་རི་མོ་བྲི་བར་བྱ།། དེ་ནས་བློ་གཉིས་དག་ཏུ་ཡང་།། ཕྱག་རྒྱའི་གཟུགས་དག་བྲི་བར་བྱ།། གཡས་སུ་སྐྱེས་པ་ཁྲོ ་བོའི་གཟུགས།། ཁི་བདངས་པ་ནི་འཇིགས་འཇིགས་ལྟར།། གྱེན་དུ་སྐྲ་རྫས་རབ་ཏུ་སེར།། བེ་ཅོན་ཕྱག་རྒྱ་མཚོན་ཆར་ཐོགས།། གཡས་བརྐྱང་བསྐུམ་པའི་ཚུལ་དུ་གནས། ་སྡིགས་ཤིང་ཞལ་ནི་ཁྲོ་གཉེར་ཅན།། ཞལ་ཡང་སྤྱན་ནི་ཁྲོས་པའི་ཚུ་ལོ།། གཡོན་དུ་རོ་ལངས་ཁྲོ་བོ་བྲི།། འབིར་བའི་ཁ་ལ་གཟི་ཡང་ཆེ།། མིག་གསུམ་གདོང་ནི་ཁྲོ་གཉེར་ཅན། ་རབ་ཏུ་འཇིགས་པའི་ཁ་ཡང་བད་དས།། གྱེན་དུ་སྐྲ་རྫས་གསུས་པོ་ཆེ།། གཏུམ་མོ་དུག་འགུལ་གོས་གྱོན་མ།། དེ་བཞིན་ལག་ན་ཏྲི་ཤལ་ཐོགས།། གཟི་ཆེན་རབ་ཏུ་སྡིགས་པར ་བྱེད།། ལུས་ནི་མེ་ལྕེ་འབར་བ་ཅན།། གདོང་ཡང་མིག་ནི་ཁྲོས་པའི་ཚུལ།། བདེ་བཤེགས་སྲས་ཀྱི་བཀའ་ནོད་པ།། གསང་བའི་ཕྱག་བརྒྱ་རི་མོ་འདི།། དབེན་པའི་གནས་སུ་གཞག ་པར་བྱ།། ཆོ་ག་ཤེས་པ་བེ་ཅོན་རྒྱ།། སྐུ་གཟུགས་འདི་ལ་བཟླས་པར་བྱ།། ཡང་ན་རོ་ལངས་ཕྱག་རྒྱ་ལ།། བཟླས་ན་ཕྱག་རྒྱའི་དངོས་གྲུབ་ཐོབ།། དབེན་ཞིང་འདུ་འཛི་མེད་པ་ནི། ་བཞག་ནས་ཉིན་པར་མཆོད་པ་བྱ།། ཡང་ན་ཕྱག་རྒྱའི་དཀྱིལ་འཁོར་དུ།། རྟག་ཏུ་རི་མོ་འདི་ཀྲམ་སྟེ།། མཉམ་གཞག་དངོས་གྲུབ་འདོད་པ་ཡིས།། མཆོད ་པ་དང་ནི་བཟླས་པ་བྱ།། བདག་གིས་ཕྱག་རྒྱ་བསྒྲུབ་པ་ལ།། རི་མོ་ཚུལ་བཞིན་བཤད་པ་འདིའོ།། དེ་ནས་གཤིན་རྗེ་གཤེད་པོ་ཡི།། རི་མོ་གཞན་ཡང་བཤད་པར་བྱ།། སྔར་སྙེན ་བྱས་པའི་འོག་ཏུ་ནི།། རི་མོའི་གོས་བཟངས་བཀྲེས་པ་ནི།། ཁྲུ་གང་ཙམ་དུ་བྱས་པ་ལ།། མཚོན་ཅི་སྤྲིན་མེད་བཟང་པོ་ཡིས།། སྤྲིན་ནག་ཡིས་འབྲི་བ་ཡི།། ཁྲོ་བོ་དཔའ་བོ་ཅིག་པུ ་ནི།། སྔ་མ་བཞིན་དུ་བྲི་བར་བྱ།། སྔར་སྙེན་པོའི་འོག་ཏུ་ནི།། ཇི་ལྟར་རིགས་པས་བྲིས་ནས་ཀྱང་།། རབ་ཏུ་དབེན་པར་བཞག་ནས་སུ།། དེ་ནས་མཆོད་པའི་ཆོ་ག་བཞིན།། ཉིན ་རེ་རྟག་ཏུ་མཆོད་ནས་ནི།། རབ་ཏུ་དབེན་པར་བཞག་ནས་སུ།། དེའི་འོག་ཏུ་བཟླས་པ་རྩམ།། དེ་ནས་གཞན་ཡང་བཟླས་པ་ཡིས།། ཆོ་ག་ཇི་སྐད་གསུངས་པ་བཤད།། རི་མོ་བཀྲམ ་ནས་མཆོད་བྱས་ཏེ།། དེ་བཞིན་གཤེགས་པ་ཀུན་མཆོད་ནས།། ཀུ་ཤིའི་སྟན་ལ་འདུག་ནས་ནི།། མཉམ་པར་གཞག་སྟེ་མི་སྨྲ་བར།། རི་མོ་ཅིག་པུ་ལ་ལྟ་ཞིང་།། མགོ་ནི་རྨ་བྱ་བཞིན་ཀུག་སྟེ།། ་རུ་ཏྲ་རག་ཤའི་འཕྲེང་བ་ཡིས།། ཇི་སྲིད་ཡིད་ནི་མི་སྐྱོའི་བར།། རྩེ་གཅིག་སེམས་ཀྱིས་བཟླས་བྱས་ཏེ།། སྐྱོན་བཟླས་པ་བཏང་བར་བྱ།། དེ་ལྟར་འབུམ་ཕྲག་གསུམ་བཟླས་ནས། ་སྙེན་པ་བྱས་པའི་འོག་ཏུ་ནི།། དེ་ནས་རིག་ཁར་གནས་བྱས་ནི།། རླུང་ཟ་ཞིང་ནི་བཟླས་པར་བྱ།། དངོས་གྲུབ་མཆོག་དག་འདོད་པ་ཡིས།། དེ་ནས་དེའི་རྟུལ་ཤུགས་རྒྱད།། རྟོག་པ་ལས ་གསུངས་མི་འདོད་ན།། སྔར་གསུངས་པའི་བཟླས་པ་ཡིས།། འབྲིང་ངམ་ཐ་མའི་དངོས་གྲུབ་དག། བརྟུལ་ཞགས་མེད་ཀྱང་ངེས་པར་ནི།། བསྒྲུབས་ན་དངོས་གྲུབ་ཐོབ་པར་འགྱུར།། ་བརྟུལ་ཞུགས་དེས་ནི་མཆོག་ཀྱང་འགྲུབ། དེ་ནས་གཞན་ཡང་འདི་རུ་ནི།། དཔའ་བོ་ཞེས་བྱའི་བརྟུལ་ཞུགས་འབྱུང་།། ལམ་མི་བཟུང་དང་མི་སྨྲ་བ།། སློབ་མོ་ཟ་ཞིང་དབང་པོ་སྔ་མ།། ་སེང་ལྡེང་དབྱུག་པ་མདོམ་གང་བ།། པྲ་བ་བཟང་པོ་ཐོགས་ནས་ནི།། གཤིན་རྗེ་མཐར་བྱེད་ཟློག་བྱེད་ཅིང་།། བགྲོད་པར་བཀྲའ་བའི་ལམ་ལ་འགྲོ།། ཁྲོས་པས་དཔའ་བོའི་བརྟུལ ་ཞགས་དག། དཔའ་བོའི་གཟུགས་ཀྱིས་ཟླ་དྲག་ཏུ།། བསྒྲུབ་པ་གང་ཞིག་ཡང་དག་སྤྱོད།། དེ་ནི་དངོས་གྲུབ་མཆོག་ཀྱང་ཐོབ།། དཔལ་ལྡན་བརྟུལ་ཞགས་སྤྱད་ནས་ནི།། དེ་ན ་བསྒྲུབ་པ་ལ་ཞགས་ནས།། གདོན་མི་ཟ་བར་དམ་པ་ཉིད།། དེ་ལྟར་དེ་ཡིས་མྱུར་དུ་འགྲུབ།། མི་ཟད་བརྟུལ་ཞགས་བཟུང་བའི།། གྲབ་པ་ལ་ནི་བ་དད་ཀྱི་རིགོས།། ལྷ་མོ་འདོད ་པིའི་ཟུགས་དག་དང་།། དེ་བཞིན་གཞན་གྱི་ལུསུ་ནི།། རྣམ་པ་སྣ་ཚོགས་གཟུགས་དག་གིས།། དབང་པོ་སྦོམས་པ་འཚོ་བར་བྱེད།། དེ་དང་ལྷན་ཅིག་སྨྲ་བར་བྱ།། ཅུང་ཟད་ཀྱང་ནི ་ཆགས་མི་བྱེད།། བྱང་ཆུབ་སེམས་དང་མཉམ་ལྡན་པ།། ཁྲོ་བོ་ལ་གཞོལ་ཟློས་བྱེད་པ།། དེ་ལྟར་གལ་ཏེ་འགྲོ་བ་ན།། མི་ཟད་འཇིགས་པའི ་གཟུགས་དག་གམ།། གཞན་ཡང་ཤིན་ཏུ་ངོ་མཚར་བ།། བདེ་གཤེགས་བསམ་པས་མཐོང་ནས་ནི།། དེ་དག་གིས་ནི་འཇིགས་མི་བྱ།། གནོད་ཅིང་སྐྲག་པར་བྱེད་ན་ནི།། བདེར ་གཤེགས་ཀྱིས་ནི་བཀའ་བཅོག་པ།། ཁྲོ་བོ་ཉིད་ནི་རྣམ་པར་འཇིགས།། བདེ་གཤེགས་བསམ་པ་བསྒོམས་པ་ཡི།། བརྟུལ་ཕོད་པའི་དཔའ་བོ་ཡིས།། བརྟུལ་ཞགས་འདི་ནི་སྟེན ་བར་བྱ།། དཔའ་བོས་བྱའི་གཞན་དུ་མིན།། བསྒྲུབ་པ་མཆོག་རྣམས་འདོད་པ་ཡིས།། ལྷའི་བརྟུལ་ཞུགས་གསུངས་པ་འདིས།། ཇི་སྐད་གསུངས་པའི་ཚུལ་བཞིན་དུ།། ནན་ཏན་གྱིས ་ནི་བསྟོན་པར་བྱ།། ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས།། ། ཁྲོ་བོའི་བརྟུལ་ཞུག་སུ་གཏོགས་པའི་ལེའུ་སྟེ་བདུན་པའོ།། ་ཇི་སྐད་གསུངས་པའི་གཟུགས་རྣམས་ལས།། མེ་ཏོག་ཇི་སྐད་གསུངས་དེ་བཞིན།། རབ་ཏུ་གང་ཞིག་མཆོད་བྱེད་ན།། དགེ་བའི་བརྟུལ་ཞགས་འདི་དག་དང་།། དེ་བཞིན་སྔོན་དུ་བསྙེན ་བཏང་ལ།། དྲན་པ་ཙམ་ནི་འབའ་ཞིག་གིས།། ངེས་པར་འདོད་པ་དེ་དག་ཉིད།། མཆོད་པ་མྱུར་དུ་འགྲུབ་པར་འགྱུར།། རྒྱལ་བྱེད་འདོད་པའི་གཟུགས་ལ་ནི།། ཙན་དན་གར་གུམ་ཨ་ཀ ་རུས་ཅི་རིགས་པར་ནི་བྱུགས་ནས་ཀྱང་།། ཨུད་པལ་བུན་ད་རི་ཀས་མཛེས།། ཙམ་པ་ཀ་དང་མ་ལི་ཀ། ན་ག་གེ་སར་དྲི་ཞིམ་པས།། མཆོད་ནས་བདུག་པ་མར་བཅས་པའི།། གུ ་གུལ་མཁས་པས་བདགེ་བར་བྱ།། དེ་ལྟར་བྱས་ནས་འཁྱིམ་པས་ཀྱང་།། དེ་ལ་སེམས་ཤིང་བརྒྱད་བརྗོད་དེ།། ཅི་འབྱོར་པའི་མཆོད་པ་བཤོས།། དེའི་སྤྱན་སྔར་དབུལ་བར་བྱ།། སྔར ་སྙེན་ལ་སོགས་མེད་པས་ཀྱང་།། དེ་ལྟར་སྦྱོར་བ་ཟླ་དྲག་གིས།། རྒན་མོ་དང་ནི་དགྲ་མེད་ཅིང་།། ཐམས་ཅད་མེད་པར་རྒྱལ་སྲིད་ཐོབ།། མ་གྲུབ་པས་ཀྱང་ཡུལ་རྙེད་པ།། ཉིན་ཅིག ་བཞིན་དུ་མཆོད་པ་ཐོབ།། ལས་འདི་གདོན་མི་ཟ་བར་ནི།། དེ་ལྟར་འབུམ་ནི་རྙེད་པར་འགྱུར།། ལོངས་སྤྱོད་སྦྱིན་པའི་གཟུགས་ལ་ནི།། ཙན་དན་གུམ་གམ་ཨ་ཀ་རུས།། བདག་གི ་ལེགས་པར་བསྐས་ན་ནི།། མེ་ཏོག་ཕྲེང་བས་རབ་ཏུ་མཆོད།། མེ་ཏོག་ཀར་པོས་ཕྲེང་བ་ཡི།། ཉིན་ཅིག་བཞིན་དུ་མཆོད་བྱས་ནས།། མར་དང་ལྡན་པའི་ག་གལ་ལ།། ཀུན་ཏུ་རའི ་བྱུག་པ་དབུལ།། མེ་ཏོག་ཨ་ཏི་མུག་ཏ་ག། རེ་རེ་ཆོ་ག་བཞིན་བཟླས་ནས།། འཇུག་ཏུ་འབུམ་ནི་དབུལ་བར་བྱ།། དེ་ནས་ལོངས་སྤྱོད་ཆེན་པོ་རྣམས།། དེའི་འཇུག་ཏུ་འབྱུང ་འགྱུར་ཏེ།། དེ་ལ་སྤྱོད་པ་དོགས་པ་མེད།། ནད་སེལ་བའི་གཟུགས་ལ་ནི།། ཙན་དན་དམར་པོས་མཆོད་ནས་ནི།། ཐང་ཤིང་གིས་ནི་བདུག་པ་དག། བུལ་ནས་མེ་ཏོག་གཙང་མ། ་ཡིས།། མཆོད་པ་བྱས་ནས་ཅི་འབྱོར་པའི།། མཆོད་པའི་བཤོས་ནི་དབུལ་བར་བྱ།། མཇུག་ཏུ་ནད་སེལ་དང་ལྡན་པའི།། ཁྲོ་བོས་སྔགས་ནི་དེ་བཟླས་ན།། བདག་ག ་ཕ་རོལ་ལ་ཡང་རུང་།། སུ་དག་གིས་ནི་ནད་ཆེན་པོས།། དེ་ནི་ཟླ་བ་ཅིག་གིས་འཇོམ།། སྔར་སྙེན་ལ་སོགས་མེད་ཀྱང་བྱ།། མདོར་སྦྱིན་པའི་གཟུགས་ལ་ནི།། དེ་ལྟར་ཡང་ནི་མཆོད་བྱས་ནས། ་བརྒྱས་དབང་དགུག་བྱ།། མཁོན་དང་བསྐྲད་དང་གསད་པ་དག། ཟླས་པས་འཇུག་ཏུ་ཁྱད་པར་དུ།། བསྐུལ་བའི་ཚིག་བཅུག་བསྒྲུབ་པར་བྱ།། གཞན་ཡང་གང་དང་གང་འདོད་པའི། ་ཡིད་དང་མཐུན་པའི་དོན་འདོད་པའི།། དེ་ཡང་དེ་ལྟར་ཡང་དག་བསྒྲུབ།། སྐུ་གཟུགས་ལ་སོགས་མཆོད་བྱས་ནས།། གང་དུ་ཇི་འདྲ་དེ་ལྟ་བུར།། འགྲུབ་པས་ཟླ་བ་དྲུག་བཟླས་ཏེ།། སྐུ་གཟུག་ཉིན ་ཅིག་བཞིན་དུ་ནི།། དེ་ལྟར་ཀུན་དུ་རབ་མཆོད་ནས།། རྟག་ཏུ་དེའི་བཟླས་པ་ནི།། བློ་དང་ལྡན་པས་ཀུན་བྱས་ནས།། གྲུབ་པ་ཉིད་ནི་མ་ཐོབ་ཀྱང་།། དངོས་གྲུབ་ཕྲ་མེ་ཐོབ་པར་འགྱུར།། ་ཡང་ན་ཁྲོ་བོ་འམ་ཕྱག་རྒྱ་རུང་།། དེ་ཚེ་བསྒྲུབ་པར་ནུས་ན་ནི།། དེའི་རི་མོ་གསུངས་པ་དང་།། ལྕེའི་བརྟུལ་ཞུགས་དེས་ཀྱང་འགྲུབ།། དེ་ནས་གཞན་ཡང་བརྟུལ་ཞུགས་ཀྱི།། མཆོག་གི་དངོས ་གྲབ་གང་ཡིན་པ།། ཆོ་ག་བཞིན་དུ་མདོར་བསྡུས་ཏེ།། རྒྱས་པར་བདག་གིས་བཤད་པར་བྱ།། དེ་ནས་ཁྲོ་བོའི་གཙོ་བོའི།། ཏྲི་ཤལ་ཤིན་ཏུ་གསལ་སྐབ་ནི།། ཨུར་མེའི་ལྕག་ལས་བྱས ་པའི།། ཏྲི་ཤུལ་སོར་ནི་བཅུ་གསུམ་པོ།། རྡོ་ལ་བཟང་ཞིང་རེབ་ལེགས་པ།། ཐོག་མར་ཆོ་ག་བཞིན་བྱས་ནས།། རིའི་རྩེ་མོར་འདུག་ནས་ནི།། རི་མོ་བཟང་པོ་དེ་བྲིས་ནས།། ཡི་དགས ་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་ཐལ་བས་ཚུལ་བཞིན་བྲི།། དེ་ནས་མཆོད་པ་རྒྱ་ཆེན་དང་།། ཉ་དང་ཤ་རྣམས་སྣ་ཚོགས་ཀྱིས།། ཕྱོགས་ཀྱི་གཏོར་མ་ཀུན་ཏུ་བྱ།། ཚེས་གྲངས་ཉི ་ཤུ་གསུམ་གྱི་དགོངས།། ཏྲི་ཤལ་མེ་ཏོག་དཀྱིལ་འཁོར་ལ།། བཞག་ནས་མེ་ཏོག་དག་གིས་མཆོད།། ཙན་དན་དམར་པོས་ཀུན་སྐུས་ནས།། མེ་ཏོག་དག་གིས་ཐམས་ཅད་བརྒྱན། ་ཆོ་ག་བཞིན་དུ་ལག་གིས་གཟུང་།། རི་མོ་ལ་ནི་མངོན་ཕྱོགས་འདག། ཁྲོ་བོ་མཆོག་གི་སྔགས་དག་གིས།། ཏྲི་ཤུལ་ལ་ནི་མཁས་པས་བཟླས།། དེའི་ངེས་པ་སྤང་བའི་ཕྱིར།། བརྒྱ་རྩ ་བརྒྱད་དུ་བཟླན་སུ།། ཁྲོ་བོ་མཆོག་གིས་སྔགས་དག་གིས།། དེར་ནི་མེ་ཡང་རབ་སྦར་ནས།། ཆོ་ག་བཞིན་དུ་ཏྲི་ཤུལ་ལཾ།། གདུག་པའི་སྦྱིན་སྲེག་སྟོང་བྱས་ནས།། ལག་པས་བསྒྲེངས་ཏེ ་བཟུང་ནས་སུ།། དཔའ་ཞིང་བརྟན་པའི་ཚུལ་འདག་ནས།། ཇི་སྲིད་མེ་ལྟར་འབར་འགྱུར་བ།། དེ་སྲིད་བློ་དང་ལྡན་པས་བཟླས།། ཏྲི་ཤལོ་འབར་བ་ཉིད་ཀྱིས་ནི།། དེ་ནས་གྱེན་ད་འབར་བ་དག། ་རྫག་ཀྱི་རྒྱའི་བམིགས་ཟུམ་པ།། འོད་ཀྱི་མ་པ་དུ་གྱུར། རི་མི་ནི་ཤི་ས་པ་ཀྱི།། དེ་ལ་བྱེན་ཅི་དགེ་པར་བྱེད།། དབང་ཕྱག་ཀུ་ད་དུ་ཏྲ། ་འདོད་པའི་གཟུགས་ཅན་ཡིད་བཞིན་མྱུར།། དེ་སྟེ་ཏྲི་ཤུལ་དུ་འབར་བྱུང་།། དེ་ནས་ལུས་ནི་མི་སྣང་འགྱུར།། འོག་ཏེ་དེར་ནི་ཚུར་གྱུར་ནས།། དཔུང ་དང་ལྷ་མིན་རྣམས་ཀྱི་གནས།། གཡུལ་ངོ་ཆེན་པོ་ལ་སྩོགས་པར།། དེ་ནི་འཇིག་ཤིང་སྐྲག་པར་བྱེད།། དེ་ལྟར་དང་པོ་བསྒྲུབ་པའི་མཆོག། འདི་ནི་རབ་ཏུ་བཤད་པ་ཡིན།། ད་ནི་རལ ་གྲི་བཟང་པོས་ཡང་།། འདིར་ནི་སྒྲུབ་པར་རབ་བཤད།། ཨུར་མེའི་ལུགས་ལས་བྱས་པ་ཡི།། རལ་གྲི་སོར་ནི་སུམ་ཅུ་གཉིས།། ལེགས་པར་བྱས་ཤིང་ཕན་མེད་ན།། གླང་པོ་སོ་ལ ་རྡོ་བྱས་པ།། རིའི་རྩེ་མོར་འདག་ནས་ནི།། མཆོད་པ་ལ་ནི་སོགས་སྔོན་བཞིན་བྱ།། བདུག་པའི་སྤྲིན་བསྲེག་བྱས་ནས་སུ།། རལ་གྲི་ལག་གཟུང་ནས་བཟླས།། སྔགས་པའི་འཆང ་བར་བཟུང་ནས་ནི།། རབ་ཏུ་སྣང་བའི་བར་བ་བྱིན།། འབར་བ་དེ་ནི་མཐོང་ནས།། རེག་འཛིན་མཆོག་ཏུ་དེ་འགྱུར་རོ།། དེ་སྟེ་དེ་ལ་དུ་བ་འབྱུང་།། དེ་ནས་མི་སྣང་མི་འགྱུར་ཏེ།། ་ཚ་རབ་གྱུར་ན་དེ་བཞིན་དུ།། སྟོབས་ཆེན་རྐང་པ་འགྱོགས་པར་འགྱུར།། ལོ་བརྒྱ་བར་དུ་འཚང་བར་འཚེ།། འདི་ལ་རྣམ་པར་དཔྱད་མི་དགོས།། གལ་ཏེ་འདི་ལ་མ་རྟེན་ནས། ་བསྒྲུབ་པ་ཐོབ་པར་མ་གྱུར་ན།། རལ་གྲི་བརྩོན་འགྲུས་མཆོག་ལྡན་པས།། གཡུལ་ངོར་ཕྱིན་ནས་ཐམས་ཅད་དུ།། མྱུར་ཞིང་དེ་ནི་ཉོན་མི་མོངས།། ཕམ་པར་མེད་པར་སྟོང་ཡང་ཐུབ།། ་རལ་གྲིའི་བསྒྲུབ་པ་བཤད་ཟིན་ཏོ།། ད་ནི་བེ་ཅོན་བསྒྲུབ་པ་བཤད།། ཀོ་བྱི་ཏའི་བེ་ཅོན་ནམ།། ཡང་ན་སེང་དེང་དག་ལས་བྱས།། བཤིན་རྗེ་བེ་ཅོན་ལྟ་བུར་བཟང་།། སོར་ནི་བཞི་བཅུ ་རྩ་གཉིས་པ།། དེ་ལས་ལྡན་དུ་ཁྲོད་དུ།། གཏོར་མ་ཆོ་ག་རྒྱ་ཆེར་བྱས།། བེ་ཅོན་མཆོག་ལ་སྔོན་བཞིན་དུ།། བདུག་པའི་སྦྱིན་སྲེག་བྱས་ནས་སུ།། གོས་ནི་དམར་པོ་དག་ཀྱང་གོན ་མེ་ཏོག་དམར་དང་ཐལ་བས་བརྒྱན།། བེ་ཅོན་དེ་ནི་བསྲེག་མ་བཞིར་བཞག། ཇི་སྐད་ཧ་ཧ་ཞེས་པ་དང་།། བེ་ཅོན་ལག་ན་འགུལ་གྱི་བར།། ཇི་སྲིད་ཆོ་ག་བཞིན་དུ་བཟླས། དེ་ན་དྲག ་པེའི་ཁྲོ་བོའི་བདག། དབང་ཕྱུག་ཀུན་དང་རབ་ལྡན་པ།། དེ་ཡི་ཕྱིབས་པ་མ་ཧེ་ལ།། བྱིབས་ནས་མཁའ་ལ་འགྲོ་བར་འགྱུར།། སྒྲ་ནི་འཁྱིལ་ཅིང་སྡུག་པ་དང་།། སྣུམ་ཞིང་མཐིང་ཀ ་ལྟ་བུར་འགྱུར།། དུས་མཐའི་སྤྲིན་གྱི་ཁ་དོག་འདྲ།། དེའི་ལུས་མཆོག་སྟོབས་ཀྱང་ཆེ།། གལ་ཏེ་ཁྲོ་བོ་དེ་འདོད་ན།། བེ་ཅོན་གྱིས་ནི་ལྷ་རྣམས་གོ་སེད།། བེ་ཅོན་བསྒྲུབ་པ་བཤད ་པ་ཡིན།། དེ་བཞིན་ལེགས་པར་མདོར་སྔ་ཡང་།། དགྲ་སྟ་བཟང་པོ་བསྒྲུབ་པ་དག། དེ་བཞིན་བདག་གིས་བཤད་པར་བྱ།། སྔ་མ་བཞིན་དུ་ཨུར་མོ་ལས།། དགྲ་སྟ་བཟང་པོ་བྱ་བ་ཡང་།། ་ཡུ་བ་སོར་ནི་བཅུ་དྲུག་པ།། དགྲ་སྟ་དེ་ནི་སོར་དྲུག་པ།། ཆོ་ག་སྔ་མ་བཞིན་སྒྲུབ་ན།། དངོས་གྲུབ་དེ་དག་འདི་ཡིས་ཐོབ།། དེ་ནས་གཞན་ཡང་ལྕགས་ཀྱུ་མཆོག། བསྒྲུབ་པ་བདག་གིས ་བཤད་པར་བྱ།། ཨུར་མོ་ལྗགས་ལས་བྱས་པ་ཡི།། ལྕགས་ཀྱུ་སོར་བཞིའི་ཚད་དུག། དེའི་ཡུ་བ་བྱ་བ་ཡང་།། མཉམ་ལ་སོར་ནི་བཅོ་བརྒྱ་དག ་ཤུ་དགུའི་ཚེས་གྲངས་ལ།། ནུབ་མོ་གཏོར་མ་མཆོད་པ་བྱས།། རིའི་རྩེ་ལ་འདུག་ནས་ནི།། ལྕགས་ཀྱུ་ཆེན་པོ་བསྒྲུབ་པར་བྱ།། སེར་སྐྱ་ལས་བྱུང་མར་དག་གིས།། བདུག་པའི་སྦྱིན་བསྲེག ་བྱས་ནསུ།། ཇི་སྲིད་སྒྲོན་མ་བཞིན་འབར་བ།། དེ་སྲིད་ལག་པས་བཟུང་སྟེ་བཟླས།། དེ་ནས་དེ་ནི་ཐོགས་པ་ཡིས།། ཐེ་རྩོམ་མེད་པར་ནམ་ལངས་ན།། འོད་ནི་མེ་བཞིན་ཀུན་ཏུ་སྣང་།། ་གྱེན་དུ་འཕར་ཞིང་འགྲོ་བར་འགྱུར།། འཇིག་རྟེན་པའི་ལྷ་རྣམས་ལ།། བྲན་གཡོག་བཞིན་དུ་དབང་དུ་འགྱུར།། དེ་བཞིན་གཤེགས་པའི་བཀའ་མཆོག་བཞིན།། བཀའ་ཡང་རབ་ཏུ ་ཉན་པར་འགྱུར།། འོན་ཏེ་དེ་ནི་ལྕགས་ཀྱུས་མཆོག། དུ་བར་འབྱུང་བར་འགྱུར་ན་ནི།། དེ་ཚེ་དུ་པ་འབྱུང་བ་ཡིས།། སྟོབས་ཆེན་གྲིབ་མའང་མི་སྣང་འགྱུར།། སྔགས་པ་བྱེ་བ་གསུམ་དུ ་གསོན།། གནོད་སྦྱིན་རིག་འཛིན་རྣམས་ཀྱི་མཆོད།། བདེ་བ་དེ་ཀུན་རབ་ཏུ་ལྡན།། འདོད་པར་འགྲོ་ཞིང་སྟོབས་ཀྱང་ཆེ།། ཁྲོ་བོའི་སྔགས་ཀྱི་མཐུ་བསྟངས་ནས།། གལ་ཏེ་དེ་ནི་ཚར་འགྱུར ་ནས།། ནང་བར་བཀྲ་ཤིས་བྱས་ནསུ།། ལྕགས་ཀྱུ་བཟང་བ་དེ་ཐོགས་ནས།། བཟླས་ནས་བརྒྱ་བྱིན་ལ་སོགས་པའི།། ལྷ་རྣམས་འགུག་པར་གདོན་མི་ཟ།། གནོད་སྦྱིན་རིག་འཛིན་རྣམས ་དག་དང་།། དེ་བཞིན་ལྟོ་བྱེ་མི་འམ་ཅི།། ལྷ་མ་ཡིན་གྱི་བུ་མོ་དང་།། དེ་བཞིན་དྲི་ཟ་བུ་མོ་དང་།། ཡི་དགས་རོ་ལངས་རིགས་རྣམས་དང་།། དེ་བཞིན་གཞན་ཡང་མྱོས་དྲགས་རྣམས།། ་བཀག་ནས་བདག་གིས་ལས་རྣམས་ནི།། ཇི་ལྟར་འདོད་པར་བྱེད་དུ་གཞག། ཁུ་བ་ར་ས་ཡ་ན་དང་།། གསེར་འགྱུར་རྩི་དང་བཅུད་ཀྱི་ལེན།། དེ་བཞིན་བསྒྲུབ་པའི་རྫས་རྣམས་དང་། ་གཞན་ཡང་ཡིད་ལ་གང་འདོད་པ།། དེ་ནས་ཐམས་ཅད་དེ་ལ་ནི།། ལྷ་དང་གནོད་སྦྱིན་ལ་སོགས་པས།། ཇི་སྙེད་པ་དང་དབུལ་བར་བྱེད།། དེའི་བཀའི་ཐམས་ཅད་ཀྱང་།། འཇིག་པས ་ངེས་པར་ཉེན་པར་འགྱུར།། ངོ་མཚར་ཀུན་གྱིས་བརྒྱན་པ་ཡི།། བདག་གི་བཞོན་པས་ཡོངས་བསྐོར་ཅིང་།། གནས་དང་སྐྱེད་མོད་ཚལ་མང་པོས།། ངོ་མཚར་ཀུན་དང་རབ་ལྡན་པ།། ཁྱིམ་དང ་སླས་ཀྱི་གནས་རྣམས་དང་།། འཇིག་རྟེན་མ་ལུས་སྟོན་པར་བྱེད།། རྫུ་འཕྲུལ་ཡོན་ཏན་ལོངས་སྤྱོད་ཀྱིས།། བསྒྲུབ་པ་ལ་ནི་དགའ་བར་བྱེད།། ཇི་སྲིད་ལྕགས་ཀྱུ་འཆང་བའི་མི།། ། ་དེའི་བཀའ་ཡིས་ངེས་པ་རུ།། གནོད་སྦྱིན་མ་དག་རང་རང་གི། འདོད་པའི་ལོངས་སྤྱོད་ཉེ་བར་སྦྱོར།། དེ་སྟེ་ལས་ཀྱི་སྐྱོན་དག་གིས།། ཚངས་པ་ཙམ་དུ་མ་གྱུར་ན།། ལྕགས་ཀྱུ་དེ ་ཉིད་འདིར་བཟུང་སྟེ།། ནང་པར་དབེན་པར་འདུག་ནས་ནི།། བུ་མོ་དག་གི་མིང་བཅུག་སྟེ།། ཇི་སྲིད་འདོད་པར་བཟླས་ནས་ནི།། དཔག་ཚད་བརྒྱད་བརྒྱན་གནས་པའི།། དེ་ནས་མྱུར་དུ ་འོང་བར་འགྱུར།། བུ་མོ་འམ་ཡང་ན་ཁྱེའུ་ཡང་རུང་།། ཇི་ལྟར་འདོད་པ་མྱུར་དུ་འགུག། མེ་ཏོག་འབྲས་བུ་དེ་བཞིན་འགྲུག། ཤིང་རྟ་དང་ནི་ལྗོན་ཤིང ་དང་།། མ་གྲུབ་ན་ཡང་རྟག་པ་རུ།། དེ་ཡིས་ངེས་པར་ཁྲུས་པར་འགྱུར།། དེ་ལྟར་ལྕགས་ཀྱུ་དམ་པོ་འདི།། བསྒྲུབ་པོ་རབ་དུ་བཤད་པ་ཡིན།། ཐོད་པའི་དངོས་གྲུབ་གང་ཡིན་པ། ་དེ་ཡང་འདིར་ནི་བཤད་པར་བྱ།། ཏྲི་ཤུལ་རལ་གྲི་བེ་ཅོན་དང་།། དེ་བཞིན་དགྲ་སྟ་ལྕགས་ཀྱིའོ།། བསྒྲུབ་པ་གང་དག་བཤད་པ་ནི།། ལག་པ་གཡས་པས་གཟུང་བར་བྱ།། ཐོད་པ ་ལ་སོགས་གཞན་རྣམས་ནི།། ལག་པ་གཡོན་པས་གཟུང་བསྒྲུབ་ན།། དེ་ནས་དེ་དག་བཤད་པ་བཞིན།། དངོས་གྲུབ་ངེས་པར་ཐོབ་པར་འགྱུར།། ཤིང་ལས་ལེགས་པར་བྱས ་པ་ནི།། ཐོད་པ་སོར་ནི་ཉི་ཤུ་པ།། མཉམ་ལ་རབ་ཏུ་ལེགས་པར་བྱས།། ཉེས་པ་ཐམས་ཅད་རབ་སྤངས་པ།། རིའི་རྩེ་མོར་འདུག་ནས་སུ།། མཆོད་དང་གཏོར་མ་རྣམ་པར་བྱས།། ་བདུག་པའི་སྦྱིན་སྲེག་བྱས་ནས་སུ།། སྔགས་ཀྱི་བསྲུང་བས་མཐུ་བསྐྱེད་དེ།། ཐོད་པ་བཟང་པོ་བསྒྲུབ་པར་བྱ།། སོར་གྲངས་ཉི་ཤུ་གཉིས་ཀྱི་ཚད།། སྐྱོན་མེད་ཡོན་ཏན་ལྡན་པའི། ་ཐོད་པ་ལ་གོ་པ་གཡོན་པས་གཟུང་།། ལག་པ་གཡས་པས་སྟེང་ནས་ནི།། དེའི་ཁ་ནས་དགའ་བར་བྱ།། ཇི་སྲིད་དེ་ལ་འབར་བ་དང་།། དུ་བ་ཆབ་འབྱོང་བའི་བར།། དེ་སྲིད་སྔགས་ནི ་བཟླས་པར་བྱ།། འབར་བས་ནམ་མཁར་འགྲོ་བར་འགྱུར།། འཇིག་རྟེན་གསུམ་ནི་བདག་པོར་འགྱུར།། དུ་བ་འབྱུང་བར་འགྱུར་ན་ཡང་།། དེ་བཞིན་ངེས་པར་མི་སྣང་འགྱུར།། འོན་ཏེ་ཚང་པར ་དེ་འགྱུར་ན།། དེའི་ཚེ་ནི་གང་བསམས་པ།། ཐོད་པ་དེ་ལས་འབྱུང་བར་འགྱུར།། དེ་ལས་རྣམ་པར་དཔྱད་མི་དགོས།། འོན་ཏེ་དེ་ལྟར་མ་གྲུབ་ན།། དེ་ནས་སེ་ལས་མི་བཞག་པར།། དེའི་ཐོད ་བདེ་བླངས་ནས།། ཤིང་གི་ཁྲི་ལ་བཞག་པར་བྱ།། རས་ཀྱིས་གཡོགས་ཏེ་བཞག་ན་ནི།། ཡིད་ལ་ཇི་འདོད་བསམ་པའི།། ཟན་དང་བཟའ་དང་བྱ་ན་རྣམས།། གང་ཡང་རུང་བ་དེ་དག་ནི།། ་རས་ཀྱིས་གཡོགས་པའི་ལག་གིས་བཟུང་།། སྟོང་རྩ་བརྒྱད་དུ་བཟླས་བྱས་ན།། གྲུབ་པ་ལ་ནི་ཉིན་རེ་བཞིན།། དེ་ནས་གང་ཡང་རུང་བའི་ཟས།། བྱ་ན་བཅས་པ་དེས་པ་རུ།། ཐོད་པ་དེ་ནི་གང ་ཡང་རུང་།། སེམས་ཅན་རྣམས་ནི་ཀུན་ལ་ཡང་།། བདུད་རྩིའི་ཟས་ནི་སྦྱིན་པར་བྱ།། ཚུལ་བཞིན་སྨིན་པའི་འོག་ཏུ་ནི།། གཙང་སྦྲ་བྱས་ཏེ་ཚུལ་བཞིན་བཟའ།། ཐོད་པ་སྒྲུབ་པ་བཤད་པ་འདི།། ་ལག་པ་གཡོན་པས་བཟུང་བར་བྱ།། ཤག་ནི་རྣོན་པོས་ལེགས་བྱས་ལ།། བཤོལ་བ་མེད་པར་བསྒྲུབ་པར་བྱ།། ཨུར་མོ་ལྕགས་ལས་བྱས་པའི་མཆོག། བཀྲ་ཤཱི་སྭོ་ནི་སུམ་ཅུ་གཉིས།། ་དེ་ནས་ཆོ་ག་སྔ་མ་བཞིན།། ཆུ་འགྲམ་གཙང་མ་དག་ཏུ་ནི།། སྔོན་བཞིན་མཚན་མོ་བསྒྲུབ་པར་བྱ།། དངོས་གྲུབ་འབྲས་བུ་གསུམ་དུ་བཤད།། ཇི་ལྟར་ཇི་སྐད་བཤད་པ་བཞིན།། ཐོག་མར ་ཡ་མཁས་པ་བསྒྲུབ།། ཨུར་མོ་ལྕགས་ལས་བྱས་པའི་མཆོག། རབ་ཏུ་རྣོ་བ་སྔ་མ་བཞིན།། བདུག་པའི་སྤྲིན་སྲེག་བྱས་ནས་སུ།། ཙན་དན་དམར་པོ ་བདག་པར་བྱ།། བསྒྲུབ་པ་པོའི་ཆོ་ག་བཞིན།། རིའི་རྩེ་མོ་རེ་གནས་ནས་ནི།། སྔ་མ་བཞིན་དུ་མཚན་མོ་བསྒྲུབ།། འགྲུབ་པའི་འབྲས་བུ་སྔ་མ་བཞིན།། ལག་པ་གཡོན་པའི་འཛུབ་མོ་ནི། ་ལག་པ་གཡས་པས་གཡོགས་ནས་སུ།། ཆོ་ག་སྔ་མ་བཞིན་བྱས་ན།། ཟླ་བ་གཟའ་ཡིས་ཟིན་པའི་ཚེ།། སྟན་ཅིག་ལ་ནི་ལེགས་འདག་ནས།། བློ་དང་ལྡན་པས་བཟླས་བྱས་ནས།། དེ་ལ ་མཛུབ་མེ་དེ་ལས་ནི།། གདོན་མི་ཟ་བར་འབར་བར་འགྱུར།། ཡང་ན་དུ་བ་རང་འབྱུད་དམ།། དེ་ནི་ཚ་བར་འགྱུར་ཡང་སྲིད།། དེ་ནི་ངེས་པར་འབར་འགྱུར་ན།། རིག་འཛིན་གོ་འཕང་ཐོབ ་པར་འགྱུར།། ད་བ་འབྱུང་བར་གྱུར་པ་ལས།། དེ་བཞིན་མི་སྣང་གྱུར་པར་བཤད།། དེ་སྟེ་རབ་ཏུ་ཚར་གྱུར་ནི།། རྐང་མགྱོགས་པ་ཡང་རབ་ཏུ་ཐོབ།། དེ་སྟེ་ལག་པ་གཡོན་པའི།། འཛུབ ་མོ་གྲུབ་པར་མ་གྱུར་ན།། དངོས་གྲུབ་ཉམས་ཀྱང་ངེས་པར་ནི།། ལས་རྣམས་སྣ་ཚོགས་བྱེད་པར་འགྱུར།། ཁྲུས་ནས་དེ་ཡིས་སྡིགས་ན་ནི།། མི་དེ་ཇི་ལྟར་འདོད་པའང་རུང་།། དེ་མ་ཐག ་ཏུ་འགྱིལ་པར་འགྱུར།། སྔགས་པ་དག་གིས་གསད་པ་ཡང་།། དེ་ནས་དེའི་མཛུབ་མོ་དང་།། དེ་ནས་ལག་པ་གཡས་པ་ཡིས།། ཇི་སྲིད་འདོད་པར་སློང་བར་འགྱུར།། རབ་ཏུ་འགག་པའི ་དཔུང་ཆེན་ཡང་།། དེ་ནས་དེ་ཡིས་སྡིགས་པར་བརྫུན།། གླང་པོ་དང་ནི་རྟ་རྣམས་དང་།། ལྗོན་ཤིང་དང་ནི་ནགས་ཚལ་རྣམས།། རིང་པོར་མི་ཐོགས་འཇིགས་པར་བྱེད།། རི་རྣམས་ཀྱི་ནི ་རྩེ་མོ་དག། རབ་ཏུ་བཟང་ཞིང་མཐོང་བ་ཡང་།། དེ་ནས་དེའི་མཛུབ་མོ་དེ།། རིང་པོར་མི་ཐོག་རྙིལ་པར་བྱེད།། མཛུབ་མེའི་དངོས་གྲུབ་ཀུན་འཛིན་པ།། བསྒྲུབ་པ་མཆོག་ནི་བཤད་པ་ཡིན། ་དེ་ནས་གཞན་ཡང་ཞགས་པ་ཡིས།། བསྒྲུབ་པས་འདིར་ནི་བཤད་པར་བྱ།། ཤི་བའི་སྐུ་ལས་ཞགས་པ་ནི།། སྒོམ་ཞིང་ཡིད་དུ་འོང་བར་བྱ།། ཆོ་ག་སྔ་མ་བཞིན་བསྒྲུབས་ནས། ་དེ་ཡིས་དངོས་གྲུབ་དེ་ཉིད་ཐོབ།། ཤིང་ནི་རབ་ཏུ་བཟང་པོ་ལས།། གཱན་དེ་སོར་ནི་བཅུ་དྲུག་བྱ།། ལེགས་པར་བཞོགས་ཤིང་ལོགས་བྲིས་པ།། བཟང་བ་ཡིད་དུ་འོང་བྱས་ནས།། ་དེའི་མགོ་བོ་དག་ལས་ཡང་།། རབ་ཏུ་བཟང་བའི་གསེར་གྱིས་དཀྲི།། དེའི་རྩེ་ལ་ནོར་བུ་ནི།། པད་མ་ར་གས་སྦས་པར་བྱ།། དེ་ནས་ཚུལ་བཞིན་རི་རྩེ་ལ།། ཆོ་ག་སྔོན་བཞིན་བཤད ་པ་བཞིན།། མངོན་པར་བདག་པའི་སྤྲིན་སྲེགས་བྱ།། བསྒྲུབ་པ་པོ་ནི་ནུབ་མོ་བསྒྲུབ།། འབར་བ་དེ་ནི་བླངས་ནས་སུ།། ནམ་མཁར་འབར་བ་གདོན་མི་ཟ།། སྔ་མ་བཞིན་དུ་འགྲུབ་རྣམས ་ཀྱིས།། གཙོ་བོར་འགྱུར་ཞིང་འདོད་གཟུགས་ཅན།། དུ་བ་ཚ་ལ་སོགས་པས་ཀྱང་།། དེའི་འབྲས་བུ་མངོན་བཞིན་ཐོབ།། མཚོན་ཆའི་མཆོག་རྣམས་བསྒྲུབ་པ་ནི།། དེ་ལྟར ་མདོར་རུ་བཤད་པ་ཡིན།། དེ་ནས་རྟོག་པ་ལས་བྱུང་བའི།། དངོས་གྲུབ་གཞན་ཡང་བཤད་པར་བྱ།། ཇི་ལྟར་ཁྲོ་བོ་མཆོག་གིས་ནི།། ཉིད་ཀྱི ་མདོར་རུ་བཤད་པ་ཡིས།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་ཐོག་མར་བྲིས་ནས་སུ།། རྨ་མེད་པའི་རོ་ལངས་ནས།། མཁས་པས་ཁྲུས་བྱས་ལེག་པར་བརྒྱན།། ་མེ་ཏོག་སྤོས་ཀྱིས་མཆོད་ནས་སུ།། ཤ་དང་བཅས་པའི་གཏོར་མ་སྦྱིན།། ལས་ནི་དུར་ཁྲོད་དག་ཏུ་བྱ།། འདི་བདག་བཞིན་དུ་ཡོང་མི་བྱ།། མེ་ཏོག་བཀྲམ་པའི་གནས་ལམ་དུ།། དེ་ནི་ལྕེ ་ཕྱོགས་མགོ་བསྟན་བཞག། ཐོད་པ་བཟང་པོ་ཟས་མཆོག་གིས།། རབ་ཏུ་བཀང་བ་བྱས་ནས་ནི།། ཟས་མཆོག་འདིའི་ནང་དུ་ཡང་།། ཚིལ་ཆེན་དག་གི་བླུགས་པར་བྱ།། མཁས་པ ་དེ་དག་དེའི་ཚེ།། གཟར་བུས་མི་རོ་ཁར་བླུགས་ལ།། ཁྲོ་བོའི་སྔགས་ཀྱིས་བཏབ་པ་ཡིས།། བླུགས་པ་བརྒྱ་ནི་ཚང་བྱས་ན།། དེའི་ལྕེ་ཡང་འབྱུང་བར་འགྱུར།། དེ་ནས་མཚོན་གྱིས ་བཅད་པར་བྱ།། ལྕེའི་རྩ་བར་བཤད་པ་ལ།། ཁྲོ་བོ་མཐུ་ནི་མྱུ་ར་བ་རུ།། དེ་ནས་ལྕེ་ནི་ལ་རལ་གྲི་གཟུགས།། བཟང་པོ་སུམ་ཅུ་རྩ་གཉིས་འགྱུར།། དེ་ནས་རལ་གྲི་བླངས་ནས་སུ།། ་གྲོགས་རྣམས་ལ་ནི་རེ་རེ་སྦྱིན།། བསྒྲུབ་པ་པོ་ཡིས་བླངས་ནས་ནི།། དེ་མ་ཐག་ཏུ་འགྲུབ་པར་འགྱུར།། རིག་འཛིན་དག་ནི་ཐམས་ཅད་ཀྱིས།། ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར།། ་གྲོགས་པོ་དེ་རྣམས་དང་བཅས་པར།། བསྐལ་པ་བདུན་དུ་གནས་པར་འགྱུར།། ཡང་ན་མཁས་པས་དུར་ཁྲོད་དེ།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་དེར་ནི་བྲི་བར་བྱ།། ་མཆོད་པ་ཇི་སྐད་གསུངས་པ་བྱ།། སྐྱེས་བུ་ནད་མེད་ཤི་བ་ཡི།། རྨ་མེད་པའི་རོ་བླངས་ནས།། ལེགས་པར་ཁྲུས་བྱས་རྒྱན་གྱི་བརྒྱན།། དཀྱིལ་འཁོར་དེའི་སྒོར་བཞག་སྟེ།། དེའི་སྙིང ་ཁར་དེ་འདུག་ནས། སྟོང་རྩ་བརྒྱད་དེ་བཟླས་པར་བྱ།། ཁྲོ་བོ་མཆོག་ཏུ་གྱུར་པའི་སྔགས།། ཡི་གེ་བཅུ་བདུན་དེ་བཟླས་ན།། མི་རེ་དེ་ནི་ལངས་པར་འགྱུར།། ཨརྒ་ལེགས་པར་དབུལ་བར་བྱ།། ་དེའི་མགོ་ལ་ལག་གཡོན་གྱིས།། དེ་མི་ཐག་ཏུ་རེག་བྱས་ནས།། ལྡོང་རོས་མེའི་འདོག་འདྲ་བ།། དེ་ནས་བདག་ཉིད་ཆེན་པོ་འདིའི།། ཁ་ནས་མྱུར་དུ་འབྱུང་བར་འགྱུར།། བསྒྲུབ་པ་པོས ་ནི་དེ་བླངས་ཏེ།། ཡན་ལག་ཐམས་ཅད་བསྐས་ན་ནི།། གཙོམ་གསེར་གྱི་མདོག་ཏུ་འགྱུར།། ཇི་ལྟར་འདོད་པའི་གཟུགསུ་འགྱུར།། རིག་འཛིན་རྣམས་ནི་ཐམས་ཅད་ཀྱིས།། ཐོག་མར ་འགྲོ་བ་དེ་དག་འགྱུར།། རྫས་རྣམས་ཐམས་ཅད་གྲུབ་པར་ནི།། འགྱུར་ནས་འདི་ན་དེ་ལ་ཡང་།། དཀོན་མཆོག་གསུམ་ལ་ཆ་ཅིག་དབུལ།། དེ་ནས་མཁས་པས་བདག་ཉིད་འགྱུར།། ་གྲོགས་པོ་རྣམས་ནི་ཐམས་ཅད་ལ།། བྱིན་ནས་འདི་ལ་ནམ་མཁར་འཕར།། རྫས་ཅིག་གྲུབ་པར་འགྱུར་བ་ལ།། ཆོ་ག་བཞན་ཡང་བཤད་པར་བྱ།། རྫས་ཅིག་གྲུབ་པར་གྱུར་ན་ནི།། ་ཐོག་མར་ཕྱག་ཀྱང་བྱས་ནས་སུ།། དཀོན་མཆོག་གསུམ་ལ་ཆོ་ག་བཞིན།། བདག་ཉིད་རབ་ཏུ་དབུལ་བར་བྱ།། དེའི་འོག་ཏུ་རྫས་དེ་བླང་།། གྲོགས་པོ ་རྣམས་ལ་རིམ་པ་བཞིན།། རྫས་དེ་བྱིན་ནས་འཕུར་བར་འགྱུར།། བྱིན་ནས་ཆོས་བཞིན་རྣམས་སྤྱོད་དོ།། དེ་ལྟར་མ་བྱས་གྲུབ་ན་ཡང་།། དེའི་རྫས་ཏེ་འཕྲོག་པར་འགྱུར།། བདེ་བས ་དངོས་གྲུབ་མཆོག་རྣམས་ལ།། ཀུན་ཏུ་ཇི་སྐད་བཤ་དེ་བཞིན་བྱ།། དེ་ནས་གཞན་ཡང་ཨ་འཛའ་ན།། བཟང་པོ་བསྒྲུབ་པ་བཤད་པ་བཞིན།། དགོས་པ་ཐམས་ཅད་འགྲུབ་པའི་ཕྱིན།། ་དམ་པ་འདི་ནི་བཤད་པར་བྱ།། ཞག་གསུམ་བསྙུང་བར་འདུག་ནས་སུ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། དེ་ནས་ཆོ་ག་སྔ་མ་བཞིན།། དེ་ནས་གཏོར་མའི་ལས་བྱའོ།། དེ་ནས ་མི་རོ་སྲེག་པ་ཡིས།། ཐལ་བས་བདག་ཉིད་བསྲུང་བར་བྱ།། དེ་ཡིས་བདག་ཉིད་བྱུགས་ནས་ནི།། གྲོགས་མཆོག་ལྡན་པས་བདེ་བ་དེས།། ཨ་འཛའ་ན་ནི་བཟང་པོ་དེས། ་གསལ་ཤིང་གིས་གསད་མགོ་ལ་བཞག། ཤི་བའི་གོས་ཀྱི་གཡོགས་ནས་སུ།། ལག་པ་བཟུངས་ནས་བཟླས་བྱས་ཏེ།། དངོས་གྲུབ་རྣམས་གསུམ་འབྱུང་གི་བར།། བློ་ཅན་གྱིས ་ནི་དེ་སྲིད་དུ་ཟླས།། ཚ་བ་འམ་ཡང་ན་དུ་བ་འབྱུང་།། ཡང་ན་མེ་བཞིན་འབར་བར་འགྱུར།། དེ་ཡིས་མིག་དག་བསྐས་ན་ནི།། འབར་བས་ན་མཁར་འགྲོ་བར་འགྱུར།། གདོན་མི ་ཟ་བར་འགྱུར་བར་བཤད།། ཚ་བར་གྱུར་ན་བལྟས་པ་ཡིས།། འགྲོ་བ་དག་ནི་བསོད་པར་འགྱུར།། སླར་ཡང་དེ་ལས་གསོ་བ་ནི།། རིང་པོར་མི་ཐོགས་གདོན་མི་ཟ།། འདི་དག་གྲུབ་པ ་མ་གྱུར་ན།། མིག་ལ་ལེགས་པར་བསྐས་ན་ནི།། ལྟས་པས་འགྲོ་བ་དབང་དུ་འགྱུར།། པུས་མོ་གཙུགས་ཤིང་མགེ་བོ་འདད།། ཨ་འཛ་ནའི་རྟོག་པ་བཞིན།། མཁས་པས་འགི་ཝ ་བསྒྲུབ་པར་བྱ།། དངོས་གྲུབ་དག་ཀྱང་དེ་བཞིན་བསྟན།། མ་གྲུབ་འགྲོ་བ་དབང་དུ་འགྱུར།། ལི་ཁྲི་དང་ནི་བ་བླ་དང་། ལྡིང་རོས་དག་ཀྱང་དེ་བཞིན་ཏེ།། ཨ་འཛའ་ན་ནི་ཅད་བཞིན ་དུ།། མཁས་པ་དག་གིས་བསྒྲུབ་པར་བྱ།། ཤི་བའི་གོས་ཀྱང་ཆོ་ག་ནི།། བསྒྲུབ་པ་གཞན་དག་དེ་དག་ཏུ།། ཁྲོ་བོ་ཉིད་ཀྱིས་གསུངས་པའི་སྔགས།། མདོར་ནི་རབ་ཏུ་བཤད ་པར་བྱ།། དུར་ཁྲོད་དག་ཏུ་དཀྱིལ་འཁོར་བྲི།། མཆོད་པ་དང་ནི་གཏོར་མ་བྱ།། ཤི་བའི་གོས་དེ་བགོས་ན་སུ།། ཆོ་ག་ཤེས་པས་མཚན་མོ་བཟླས།། དེ་ནས་གོས་དེ་དང་བཅས་པར།། ་མཚན་མོ་རབ་ཏུ་འབར་འགྱུར་ན།། འབར་ཞིང་འབར་བས་ཡོངས་བསྐོར་ནས།། ནམ་མཁའ་དག་ལ་ལེགས་པར་འཕུར།། གད་མོ་རབ་ཏུ་དགོད་པའི་སྒྲ།། འཇིག་རྟེན་སྐྲག ་པར་བྱེད་པ་བྱིན།། རྟག་ཏུ་འདོད་པའི་གཟུགས་དང་ལྡན།། ཁྲོ་བོ་བཞིན་དུ་དེ་སྤྱོད་འགྱུར།། དེ་བཞིན་དུ་བ་འབྱུང་ན་ཡང་།། གདོན་མི་ཟ་བར་མི་སྣང་འགྱུར།། མཆོག་ཏུ་གྱུར ་@པར་མི་སྣང་བཤད།། བསྒྲུབ་པ་པོའི་གོས་དེ་ནི།། དེ་བཞིན་ཚ་བར་གྱུར་ན་ཡང་།། རྐང་པ་མགྱོགས་ཤིང་སྟོབས་ཚོར་འགྱུར།། སའི་སྟེང་ན་ཁྱབ་པར་འགྲོ། ནད ་མེད་ལོ་བརྒྱ་འཚེ་བར་འགྱུར།། དེ་སྟེ་གྲུབ་པར་མ་གྱུར་ན།། འགྲོ་བ་མ་ལུས་དབང་དུ་འགྱུར།། གང་རྣམས་རྩཝ་མཐོང་ཞིང་གིང་གིས་ཏེ།། ཐོང་བ་དེ་དག་བྲན་བཞིན་འགྱུར།། གལ་ཏེ་འདི ་ལ་གནོད་སྦྱིན་མོ།། མི་ཡིས་བསྒྲུབ་པར་འདོད་ན་ཡང་།། འབའ་ཏའི་ཤིང་དྲུང་ཉམས་དགའ་བར།། དེ་ཚེ་དཀྱིལ་འཁོར་བྱས་ནས་སུ།། སྐྲ་ཤིག་གོས་ཀྱང་མེད་པར་བྱས།། ཟས་མཆོག ་ལེགས་པར་བརྩོས་པ་ནི།། ལྷང་ཟེད་བཟང་པོ་ཡོངས་བཀང་ནས།། མར་གྱི་དེའི་མཚན་མེ་བསྒྲུབ།། དེ་ནས་ཚང་བུ་བདུན་ཕྱུང་སྟེ།། སྔགས་ཀྱི་ལན་བདུན་བཟླས་ནས་སུ།། ལྷའི་བཟང་མོ་འདི་ཞེ ་ཤིག། བྱས་ནས་དེའི་བརྒྱབ་ཏུ་དེར།། དེ་ནས་ཆང་བུ་གཞན་ཡང་བདུན།། སྔགས་ཀྱི་བཏབ་སྟེ་བཟེའ་བར་བྱ།། ལྷའི་བཟང་མོ་ཞེས་བྱ་བ།། གྲུབ་པའི་གནོད་སྦྱིན་ཀུན་གྱི་རྗེ།། འཁོར་རྣམས་མང་པོ ་ཀུན་བཀུར་ནས།། དེ་ནས་དེ་ནི་འོང་བར་འགྱུར།། དེ་ནས་ཁ་བཀྲུས་དེ་ལ་ནི།། སྤོས་དང་མེ་ཏོག་མཆོད་ལྡན་པའི།། ཆུའི་ཨརྒ་དབུལ་བར་བྱ།། ལེགས་འོངས་མེ་ཏོག་ཀྱང་དབུལ།། དེ་ནས་སྟན ་བཟངས་ཉམ་དགའ་ལ།། མེ་ཏོག་ལྡན་པ་ཕུལ་ནས་ནི།། ད་ནི་ཁྱོད་ཀྱིས་བདག་གྲུབ་སྟེ།། བཀའ་བཞིན་བྱེད་ཅིང་དེ་བཞིན་དུ།། གཞན་དུ་མི་འགྱུར་བཀའ་ཉན་གྱིས།། བཀའ་བརྩོལ་ཅིག་ཅེས་དེ་ལ་སྨྲ།། མ ་འམ་ཡང་ན་སྲིང་མོ་འམ།། མཛའ་མོ་འམ་ཡང་ན་ཆུང་མར་འགྱུར།། མ་བརྗོད་པས་ནི་ངེས་པ་ཡང་།། དེ་བཞིན་ལྡོང་རོས་ལ་སོགས་ལ།། གྲུབ་པའི་རྫས་ནི་མང་པོ་དག། མ་ཞེས་སྨྲས་ན་མི ་འགྱུར་བ།། གདོན་མི་ཟ་བར་དེ་ལ་སྟེར།། སྲིང་མེ་ཏོག་འབྲས་བུ་དང་།། བདུད་རྩིའི་མཆོག་དང་ཁུ་བ་དང་།། རྟག་ཏུ་བསྒྲུབ་པ་པོ་དེ་ལ།། གདོན་མི་ཟ་བར་བསྟེར་བར་འགྱུར།། ་མཛའ་མོ་ཡིན་པར་སྨྲ་ན་ནི།། མཚན་མོའི་ལྡིང་ཁང་མཆོག་རྣམས་དང་།། ཡིད་དུ་འོང་བ་གཞན་རྣམས་དང་།། བདག་ཉིད་དགའ་བར་སྟོན་པར་བྱེད།། མྱུར་དུ་ཆུང་མ་སྡུག་པ་དང་།། ་དཔག་ཚད་བརྒྱ་ནས་ཁྲིད་དེ་འོང་།། གཞན་ཡང་བསྒྲུབ་པ་པི་དེ་ལ།། གང་འདོད་པ་དག་ཅི་དགར་དབུལ།། དེ་སྟེ་དེ་ལ་ཆུང་མར་སྨྲ།། འདོད་པའི་གཟུགས་ཅན་ཆུང་མཛེས།། དབང་ཕྱུག ་ལོངས་སྤྱོད་ཐམས་ཅད་ཀྱིས།། སྒྲུབ་པ་པོ་ནི་དགའ་བར་བྱེད།། དེ་ཡིས་འདོད་དང་དགའ་བ་སྟེར། མཛུམ་ཞིང་སྲིད་ཞུ་འཚོ་བ་དང་།། དབང་ཕྱུག་ལོངས་སྤྱོད་ཐམས་ཅད་ཀྱིས།། ་གྲུབ་པ་ཅི་འདོད་པ་ཡང་སྟེར།། གལ་ཏེ་མལ་ནས་སྐྱེས་པའི།། ཤ་ཟ་མོ་དག་བསྒྲུབ་འདོད་ན།། བསྒྲུབ་པ་པོ་ནི་དེའི་ལས།། དེ་དག་འདིར་ནི་བཤད་པར་བྱ།། བློ་ས་མ་ཏ་ཀའི་ཤིང་དྲང ་ནི་གཙང་མའི་དཀྱིལ་འཁོར་བྲི་བར་བྱ།། མཆོད་པ་ཆེན་པོས་བྱས་ནས་ནི།། གཏོར་མའི་ལས་ཀྱང་མངོན་བཞིན་བྱས།། དེར་ནི་དུར་ཁྲོད་ཤིང་དག་གིས།། སྔགས་པས་མེ་ནི ་རབ་སྦར་ནས།། གོས་མེད་སྐྲ་ཡང་ལྷག་པར་བྱས།། དེ་ནས་མེ་ནི་འབར་བ་ལ།། དེར་ནི་གཟེགས་པ་སྦྱིན་སྲེགས་རྣམས།། སྔགས་ཀྱི་སྟོང་ཕྲག ་རྒྱ་སྲེགས་ན།། དེ་ཚེ་གདོན་མི་ཟ་བར་ཡང་།། ཤ་ཟ་མོ་ནི་འབར་བའི་གདོང་།། འོང་བར་གྱུར་ཏེ། དེའི་ཚེ།། སེམས་ནི་དཔའ་བར་བྱས་ནས་སུ།། མི་འཇིགས་མདུན་དུ་ཨརྒ་དབུལ ་དེའི་འོག་ཏུ་དེ་ལ་དབུལ།། བདག་ཉིད་གཟུགས་ནི་བཟང་བར་སྟོན།། དེའི་མིང་ནི་ཀ་རིང་གི། རང་མིང་སྔགས་ཀྱིས་ཧོམ་བྱས་ནས།། གང་བསམ་པའི་ནོར་དེ་རྣམས།། འོངས་ན ་རིང་པོར་མི་ཐོགས་པར།། གདོན་མི་ཟ་བར་རབ་ཏུ་དབུལ།། ཀ་རིང་གི་ནི་ཞེས་བྱ་བ།། ཤ་ཟ་མེ་ནི་ཀུན་གྱི་མཆོག། གྲུབ་པ་མོ་ནི་སེམས་དཔའ་ཞིང་།། གཟི་ཡང་རབ་ཏུ་ཆེ་བ་ལ།། ་འདི་ནི་རྣམ་པ་ཐམས་ཅད་འགྲུབ།། དེ་ལྟར་མིན་ན་མྱུར་བར་ནི།། གྲུབ་པ་པོ་ཡང་གསོད་པར་བྱེད།། དེ་སྟེ་ཀླུའི་བུ་མོ་དག། དེ་ལ་རིག་འཛིན་དཔལ་ལྡན་པས།། བསྒྲུབ་པ་དག་ཏུ་འདོད་ན་ནི ་དེའི་ཆོ་ག་འདི་བཤད་དོ།། པདྨ་དམར་པོའི་མཚོ་འགྲིམ་དུ།། སོང་ནས་ཆོ་ག་སྔ་མ་བཞིན།། ཡི་དགས་མང་པོ་ཞེས་བྱ་བའི།། དཀྱིལ་འཁོར་བཟང་པོ་བྲི་བར་བྱ།། དེ་ནས་དེར་ནི་མཆོད ་བར་བྱ།། མཁས་པ་གཏོར་མ་ཆོ་ག་བཞིན།། ཨུ་དུམ་འབར་རའི་ཡམ་ཤིང་གིས།། ཐོག་མར་མར་མེ་རབ་སྦར་ནས།། ན་ག་གེ་སར་ཕྱེ་མ་དང་།། མཁས་པས་སྟོང་རྩ་བརྒྱད་དུ་སྲེགས། ་སྦྱིན་སྲེག་བྱེད་ཚེ་མྱུར་བ་རུ།། དེ་ནས་ཀླུའི་བུ་མོ་དག། འཇིགས་ཤིང་སྐྲག་ནས་འོང་བར་འགྱུར།། གལ་ཏེ་མཚན་མེ་དེ་སྲེགས་ན།། སྒྲུབ་པ་པོས་ནི་གང་འདོད་པ།། གདོན་མི་ཟ་བར ་རབ་ཏུ་སྟེར།། དེ་ནས་སྔགས་པས་ལྷ་མིན་གྱིས།། ཕུག་སྒོར་སོང་ནས་ཅི་འདོད་པ།། ལྷ་མ་ཡིན་མོ་ཐམས་ཅད་ནི།། ལས་འདི་དག་གིས་ངེས་པར་འགྲུབ།། དཀྱིལ་འཁོར་སྔ་མ ་བཞིན་བཀྲིས་ནས།། གཏོར་མའི་ཆོ་ག་རྒྱ་ཆེར་བྲིས།། པྲི་ཡང་ཀུའི་ཤིང་དག་གིས།། ཞུགས་ཐབ་ཏུ་ནི་མེ་སྦར་ནས།། ཆོ་ག་བཞིན་དུ་སྔགས་ཟླས་ཤིང་།། ཉུང་ཀར་དཀར་པོ་གར་གམ ་ལ་རྫ་བསྟེགས་ནས་སྟོང་རྩ་བརྒྱད་ད་ནི།། དེ་ནས་ངེས་པར་སྲེགས་པར་བྱ།། དེ་ནས་སྦྱིན་སྲེགས་བྱེད་པའི་ཚེ།། ལྷ་མིན་ན་ཆུང་འབྱུང་བར་བྱེད།། བསྒྲུབ་པ་པོ་ནི་གང་འདོད་པ།། གདོན ་མི་ཟ་བར་རབ་ཏུ་སྟེར།། ལྷ་མིན་ཡིན་གྱི་གནས་དག་ཏུ།། བདེ་བའི་ལམ་ནས་འཇུག་པར་བྱེད།། དབང་པོ་ཀུན་དང་ལྡན་པས་ནི།། དེ་ལ་དེ་ནི་དགའ་བར་བྱེད།། གལ་ཏེ་འདིར་ནི ་སྔགས་པ་དག། ཤ་ཆེན་དག་ནི་འཚོང་འདོད་ན།། དང་པོ་དུར་ཁྲོད་སོང་ནས་སུ།། དཔའི་སྐམས་ཀྱིས་ཤ་ཆེན་བླང་།། བླངས་ནས་སྲུང་བ་བྱས་ནས་སུ།། ལག་པ་གཡོན་པ་ཆུ་གྲི་ཐོགས།། ་གཡས་པ་ཤ་ཆེན་སྐྱོན་མེད་བཟུང་།། མཚན་མོ་དུར་ཁྲོད་དུ་ཞུགས་ནས།། སེམས་དབང་ལྡན་པས་གཤིན་རྗེ་གཤེད།། ཁྲོ་བོའི་ཡིད་ལ་ཟློས་བྱེད་ཅིང་།། ཤ་འཚོང་བའི་སྒྲ་སྒྲོག ་སོ། \ུ0f7fབདག་ཉིད་ཆེན་པོ་དེའི་ཚེ།། སྲིན་པོ་དམ་ཚིག་མེད་པ་དང་།། སེམས་ཅན་ཕྲ་མོ་ཁ་ཅིག་གིས།། ཐོས་ནས་རབ་ཏུ་འཇིགས་པར་འགྱུར།། གང་གཞན ་ལྷག་པའི་སེམས་ཡོད་ཅིང་།། དྲག་པོ་རབ་ཏུ་ཞིང་སྐྱོང་བ།། སྣ་ཚོགས་གཟུགས་ཅན་སྟོབས་པོ་ཆེ།། དེ་དག་ལུས་ནི་སྟོན་པར་བྱེད།། བསྒྲུབ་པ་པོས་ནི་འཇིགས་མི་བྱ།། དེ་ནས ་སེམས་ནི་དྲག་པོ་དང་།། ལེགས་པར་འོང་ཞེས་སྨྲ་བར་བྱ།། དེ་ནས་ཞིང་སྐྱོང་དེ་ནས་ནི།། ཞི་བའི་གཟུགསུ་གནས་ན་ནི།། སྟོབས་ཆེན་ཁྱོད་ཀྱི་ཤ་ཆེན་ནི།། ཅི་རུང་འཚོང་ཞེས་དེ་ལ་ནི།། ་བསྒྲུབ་པ་པོ་ལ་འདྲི་བར་བྱེད།། འདོད་པའི་དོན་ནི་རབ་བསྒྲུབ་ཕྱིར།། ཡང་ན་ཨ་འཛའ་ན་དག་དང་།། རྫས་ནི་གང་དག་འདོད་པ་སྟེ།། ཤ་ཡིས་རབ་ཏུ་སྦྱིན་བྱེས་ཤེས།། སྒྲུབ་པ་པོས ་ཀྱང་སྨྲ་བར་བྱེད།། བསྒྲུབ་པ་པོས་ནི་གཞན་མི་བྱ།། སེམས་ནི་དཔའ་བར་ཤེས་ནས་སུ།། སྦྱིན་པར་བྱེད་དེ་གཞན་དུ་མིན།། དེ་ནས་གཞན་ཡང་འདིའི་ལས།། དཔུང་རྣམན་པར་བྱ་བ་གང་།། ཁྲོ ་བོ་མཆོག་གིས་གསུངས་པ་ནི།། དེ་དག་འདིར་ནི་ཡང་བཤད་བྱ།། མི་རོས་གོས་ལས་བྱས་པའི།། བ་དན་ཤིན་ཏུ་བཟང་པོ་བྱ།། དེ་ནི་མཐིང་ཀ་ལེགས་པར་ལ།། སོར་ནི་བཅུ་དྲུག ་ཚད་དུ་བྱ།། སྐྲ་ག་ཡུ་བ་སྤུག་ནི།། ཁྲུ་གང་ཚད་དུ་བྱས་པ་ལ།། གང་ལ་བཏགས་ཏེ་བསྒྲེང་ནས་སུ།། དུར་ཁྲོད་དུ་ནི་མཚོན་མོ་བསྒྲུབ།། དཀྱིལ་འཁོར་རྒྱ་ཆེར་བྲིས་ནས་ཀྱང་། ་དེར་ནི་ཅོག་པུར་འདུག་ནསུ།། བ་དན་ལ་སོགས་ཐོགས་ནས་ནི།། མཚན་མེ་ཐོགས་ཐག་བཟླས་པར་བྱ།། དེ་ནས་ནམ་ནི་ལངས་པ་ནི།། དེའི་ལག་ན་ཐོགས་པ་ཡིས།། དེ་ཚེ་དགྲའི་དཔུང་འཁྲུག་པ། ་ཐེ་ཙོམ་མེད་པར་གནན་པར་བྱ།། ལག་ན་མཚོན་ཐོག་དེ་དག་ཀྱང་།། བསྒྲུབ་པ་པོ་ནི་མཐོང་བ་ཡིས།། དེ་དག་ཐམས་ཅད་མཐོང་མ་ཐག། མནན་ཏེ་རིང་བཞིན་མི་གཡོ་འགྱུར།། གླང་པོའི་རྒྱལ་པོ་མོས ་བ་དང་།། ཤིང་རྟ་རྟ་དང་གླང་པོར་བཅས།། རྐང་ཡ་འཁྲུག་པ་མ་བཅས་པའི།། དགྲའི་དཔུང་རྣམས་ངེས་པར་ནི།། མཐོང་བ་ཙམ་ནི་ཉིད་ཀྱིས།། མནན་པ་བཞིན་དུ་སྣང་བར་འགྱུར།། དེ་ནས་གཞན ་ཡང་དར་ཁྲོད་ཀྱི།། སྦྱོར་བ་བཀྲ་ཤྲཱི་དགེ་བ་དག། ཁོ་བོ་མཆོག་གིས་གསུངས་པ་དེ།། དེ་ནི་ངེས་པར་བཤད་པར་བྱ།། དེ་ནས་མི་རོ་བསྲེག་པའི།། མཚན་མོ་འབར་བ་ལྟས་ནསུ།། བཀྲ་ཤྲཱི་གྲོས་ཀྱང ་མེད་པར་བྱས།། བཟླས་པ་དག་ཀྱང་སྐོར་ཞིང་བྱ།། དེ་ནས་དེར་ནི་སྔགས་པ་ཡིས།། ལག་ཅིག་ཐལ་བ་པར་བ་གང་།། ལག་པ་གཡོན་པས་བླངས་ནས་སུ།། མཁས་པའི་ཁྱིམ་དུ་འགྲོ ་བར་བྱ།། ཡང་ན་ལྷ་ཁང་སྟོང་པར་འགྲོ།། ཕྱིར་ཡང་བལྟ་བར་ཡང་མི་བྱ།། དེ་ནས་དེ་ཡང་ཐལ་བ་དང་།། ནི་ལངས་བར་དུ་བཟླས་པར་བྱ།། ནམ་ནི་ལངས་པར་གྱུར་པ་ནི།། ཐལ ་བ་བཞིན་དུ་སྲུངས་ན་སུ།། གསར་པའི་སྣོད་དུ་བཞག་པར་བྱ།། ས་ལ་བཞག་པར་ཡོང་མི་བྱ།། དགྲའི་དཔུང་དག་མནན་པའི་ཕྱིར།། ཐལ་བ་འདི་ནི་གཏོར་བྱས་ན།། ཤིང་རྟ་དང་ནི ་གླང་པོ་དང་།། མཚོན་ཆ་ཐམས་འཁྲུག་པ་དང་།། སྐྱེ་བོ་མང་པོ་ལྡན་པའི་ཡུལ།། ཐལ་བ་དེ་ཡིས་ཐམས་ཅད་དུ།། ལན་ཅིག་གཏོར་བཙམ་གྱིས་ཀྱང་།། ལུས་རྣམས་མི་འགུལ ་གདོན་མི་ཟ།། འདི་ནི་མཚོན་རྣོན་པོ་དང་།། དཔུང་ཡང་གནོན་པར་བྱེད་པའོ།། དེ་བཞིན་གཉིད་ཀྱིས་ལོག་པ་དང་།། མྱོས་པར་བྱེད་པ་སྦྱར་བ་དང་།། རླུང ་ཕྱོགས་དག་ཏུ་སྦྱར་བ་འམ།། ཡང་ན་བསྙེན་ཏེ་བྱས་ཀྱང་རུང་།། དགྲོད་དགའི་སྒྲ་ནི་མཚོན་འཁྲུག་ལ།། བྱས་ནས་འགྲོ་བ་མི་འགུལ་འགྱུར།། དུར་ཁྲོད་དག་གིས་སྦྱོར་བ་ནི། ་དེ་བཞིན་དཔུང་མནན་བཤད་ཟིན་ཏོ།། འགྲོ་བ་དབང་མེད་སྦྱོར་ན་ནི།། རྣམ་པ་གཞན་དག་བཤད་པར་བྱ།། དུར་ཁྲོད་དག་དུ་དཀྱིལ་འཁོར་བྲི།། མཆོད་པ་སྔ་མ་བཞིན་དུ་བྱས།། ། ་གཏོར་མ་བརྒྱ་ཆེན་བྱས་ནས་ནི།། མིའི་ཚིལ་གྱིས་སྣམ་དག་ལས།། མེ་མར་འབར་བ་བྱས་ནས་སུ།། དེ་ནས་ཐོད་པ་བཟང་པོ་ལ།། མཁས་པ་དག་གི་སྣག་ཚར་སྦར། ་དུ་བའི་སྣག་ཚར་ནས་ཀྱང་།། ནམ་ལངས་བར་དུ་བཟླས་པ་བྱས།། དེ་ནས་ནང་པར་ནམ་ལངས་ཏེ།། དུ་བའི་སྣག་ཆས་མིག་བསྐུས་ནས།། གང་མཐོང་དེའི་དབང་དུ་འགྱུར།། དང་པོ་ཅི ་བགྱིས་ཞེས་པར་འགྱུར།། དེ་ལྟར་འགྲོ་བ་དབང་བྱེད་པའི།། སྦྱོར་བ་འདི་ནི་བསྒྲགས་པ་ཡིན།། ཙག་གིས་དངོས་གྲུབ་སྦྱར་ནས་ཀྱང་།། དགེ་བའི་དག་ནི་དེ་བཤད་དོ།། མི་རོ་ཁར ་ནི་བཅུག་ནས་སུ།། དེ་ནས་དེ་བྱེད་ཚིག་ནས་ནི།། གྲོགས་མེད་པར་ནི་མཚན་མོ་བླངས།། བླངས་ནས་ལྷའི་ཁང་སྟོང་དུ།། མཁས་པ་དག་གི་ཟླས་པར་བྱ།། བགེགས་ཀྱང་རྣམ་པ ་སྣ་ཚོགས་འབྱུང་།། ཇི་སྲིད་ནམ་ལངས་བར་དུ་ནི།། དེ་ལ་འདུག་ཅིང་དེ་ལ་བཟླས།། དེ་ནས་ནམ་ལངས་གྱུར་པ་དང་།། རས་ནི་དམར་པོས་དཀྲིས་ནས་སུ།། མཆོད་ཅིང་བསྲུངས ་ནས་བཞག་པར་བྱ།། དེ་ནས་གང་ཡང་རུང་བའི་མིང་།། གཙག་ནི་ཡུ་རྣམས་དེ་ཡིས་སུ།། ཅི་འདོད་པར་ནི་བྲི་བར་བྱ།། དེའི་མིང་ནས་བསྒྲུབ་པ་པོས།། བསྐུལ་ནས་དོག་པ་མེད་པར ་ཡང་།། བསྒྲུབ་པར་བྱ་བ་མྱུར་དུའོ།། གཙག་བསྒྲུབ་པ་དག་གསུངས་པ་ནི།། མདོར་རུ་བཤད་པ་དེ་ཡིས་ནི།། ད་ནི་ཇི་ལྟར་རིག་པ་རུ།། སོར་གདུབ་བསྒྲུབ་པ་སྦྱོར་བར་བཅས།། ་ཆོ་ག་བཞིན་དུ་གསུངས་པ་དག། མདོར་ནི་རབ་ཏུ་བཤད་པར་བྱ།། མི་རོ་ཁྱེར་ཏེ་འགྲོ་བ་ན།། གསེར་གྱི་སོར་གདུབ་དེའི་ཁར།། དེ་སོང་ནས་ནི་བཞགས་པར་བྱ།། མཁས་པས་ཅིག ་བ་ཁོ་བོའི་སྔགས།། བཟླས་པ་བྱེད་ཅིང་འདུག་པས་ན།། རོའི་ཁ་ན་འདུག་པའིཉ། སོར་གདུབ་ལག་པ་གཡོན་པས་བླངས།། ནམ་ལངས་བར་དུ་བཟླས་པར་བྱ།། དེ་ནས་སོར་གདུབ ་བཟང་པོ་འདི།། ལག་པ་གཡོན་པའི་མཛུབ་མོ་ལ།། མཁས་པ་ཡིས་ནི་བཞུགས་པར་བྱ།། དེའི་ལག་པ་གཡོན་པ་ཡིས།། གང་དང་གང་གིས་རེག་འགྱུར་ན།། དེ་ཀུན་དེའི་ལཱཾ ་བྱེད་འགྱུར།། ཕྱི་བཞིན་དུ་ནི་རྗེས་འབྲང་འགྱུར།། དེ་ལ་སྤད་པ་ཡོང་མི་བྱ།། དེ་ནས་གཞན་ཡང་ཡུང་ཀར་དག། ཤིན་ཏུ་ངོ་མཚར་དང་ལྡན་པ།། ཁྲོ་བོ་ཉིད་ཀྱིས་ཇི་ལྟར་བར།། ་བསྒྲུབ་པའི་སྦྱོར་བར་གསུངས་པ་བཤད།། སི་ཏའི་ཤིང་ལ་ག་བ་ཙེ་དག། བཟང་པོ་སོར་ནི་བརྒྱད་པར་བྱ།། དེའི་ནང་དུ་ཉུང་དཀར་དག། དངོས་གྲུབ་མཆོག་ནི་སྟེར་བ་བླུག ་ཉི་མ་རེ་རེ་བཟླས་པ་ནི།། ཟླ་བ་གཟས་ཟིན་པར་དུག། དཀྱིལ་འཁོར་ཆོ་ག་བཞིན་བྲིས་ནས།། གཏོར་མ་རྒྱ་ཆེན་དག་ཀྱང་བྱ།། གབ་ཅེ་ན་ནི ་ཡུད་ཀར་ཀུན།། སྒྲ་བྱུང་ཡང་ནགས་ཀྱི་བར།། དེ་ཚེ་ཉང་ཀར་གྲུབ་པ་དག། བླངས་ནས་གང་ཡང་རུང་བ་རུ།། ཆོ་ག་བཞིན་དུ་སྦྱར་ནས་ནི།། དེ་ཡིས་མི་ནུས་གང་ཡང་མེད།། ་དེ་ཡིས་ས་ཡང་འགས་པར་བྱེད།། ཆུ་དག་ཀྱང་ནི་སྐམ་པར་བྱེད།། རི་མཐོ་རྣམ་པ་མང་པོ་དག། བྱེ་མ་སྟོང་ད་ཀློག་པར་བྱེད།། དེ་བཞིན་རིའི་རྩེ་མོར་ཡང་།། སྦྱར་ན་རབ་ཏུ་རྙིལ་བར ་བྱེད།། ཁྲག་དང་སོལ་བའི་ཆར་དག་ཀྱང་།། འབེབས་པར་བྱེད་དེ་ཐེ་ཙོམ་མེད།། གནམ་ལྕགས་དག་དང་སེར་བ་དག། བློ་བུར་དག་ཏུ་འབབ་པར་བྱེད།། ས་གཡོ་བ་དང་སྤྲིན་འགོག་པ།། ་རིག་འཛིན་དག་གིས་སྤྱད་ནས་ནི།། བློ་བུ་དག་ཏུ་ཐོག་མེད་བྱེད།། མཚོ་ནང་རྒྱ་མཚོ་གཡོ་བ་དང་།། ཤིང་རྣམས་འབྲས་བུ་ལྷག་པ་དང་།། སའི་འོག་ཏུ་ཀྱང་གཡོ་བ་དང་།། དེ་བཞིན ་ཀླུ་ཡང་སྐྲག་པ་དང་།། མཚོ་ཆེན་དག་ནི་འཁྱིལ་བ་དང་།། ཀླུ་རྣམས་རབ་ཏུ་ཆར་བཅད་དང་།། གཞན་ཡང་གང་དང་གང་འདོད་པའི།། ལས་རྣམས་རྣམ་པ་སྣ་ཚོགས་དང་། ་གསུངས་དང་མ་གསུངས་པ་དག་ཀྱང་།། མཁས་པས་རང་གི་བློས་བརྟགས་པ།། ཡུང་ཀར་བསྒྲུབ་པ་དག་གིས་ནི།། གཏོར་བ་ཙམ་གྱིས་ཐོགས་མེད་བྱེད།། ཡུང་ཀར་དག་ལ་བསྒྲུ ་བ་ནི།། དངོས་གྲུབ་ཀུན་སྦྱིན་བཤད་ཟིན་ཏོ།། དེ་ལ་སོགས་པ་སྣ་ཚོགས་པ།། དཔའ་བོས་རྟུལ་ཞུགས་སྤྱད་པ་ཡིས།། སྔ་མ་བཞིན་དུ་མཆོག་རྣམས་དང་།། འབྲིང་དག་ཀྱང་ནི་བསྒྲུབ་པ་བྱ། ་ཁྲོ་བོ་མཆོག་གི་རྟོག་པ་འདིར།། ལས་གང་གང་དག་བཤད་པ་རྣམས།། དེ་དག་ཀུན་ལ་རྟུལ་ཞུགས་ནི།། མེད་པར་བྱེད་ན་འབྲས་བུ་མེད།། ཕྱག་རྒྱ་ཉིད་ཀྱི་ལས་རྣམས་ནི།། གང ་དག་འདིར་ནི་བཤད་པ་རྣམས།། བརྟུལ་ཞུགས་ཀྱིས་ནི་མ་བྱས་ཀྱང་།། དངོས་གྲུབ་ཇི་སྐད་བཤད་པ་དང་།། ལས་རྣམས་ཇི་སྐད་བཤད་པ་དག། ཇི་སྐད་བཟླས་པ་བཤད་ནས་འཐོབ།། ་དེ་ནས་ཁྲོ་བོ་མཆོག་ལ་ནི།། སྔོན་བཞིན་མཆོད་པ་བྱས་ནས་སུ།། བརྟག་ཏུ་བདེ་བར་གཤེགས་པ་སྟེ།། ཉིན་རེ་བཟླས་པའི་སྦྱོར་བ་ཡིས།། རྟག་ཏུ་བརྟུལ་ཞགས་མ་བྱས་ཀྱང་།། ། ་འདོད་པའི་དོན་རྣམ་ཐོབ་པར་འགྱུར།། དེ་ལྟར་བརྟུལ་ཞུགས་ཀྱི་བསྒྲུབ་པ།། བསྒྲུབ་པ་སྣ་ཚོགས་རྟོག་པ་འདིར།། ཁྲོ་བོ་མཆོག་གིས་ཇི་སྐད་གསུངས།། འཇམ་དཔལ་ཤིན་རྗེ་གཤེད ་ཀྱིས་རྩ་བའི་རྒྱུད་ཀྱིས་རིམ་པར་ཕྱེ་བ་རྩ་བའི་རྟོག་པར་གཏོགས་པ་སྟེ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྒྱུད་ལས།། །། འཕགས་པ་གཤིན་རྗེ་གཤེད་ཀྱི་རྩ་བའི་རྟོག་པར་རྟོགས་པ་སྟེ། ་། ལེའུ་བརྒྱད་པའོ།། ། དེའི་རྟོག་པ་ཕྱི་མ་ནི།། ཇི་ལྟར་བརྟུལ་ཞུགས་མེད་ཀྱང་རུང་།། དེ་ཕྱིར་ཁྲོ་བོ་ཉིད་བདག་གིས།། གསུངས་པའི་ཚེ ་ག་འདི་བརྗོད་དོ།། སྔགས་ནི་ཡི་གེ་བཅུ་བདུན་པ།། ཁྲོ་བོ་ཞེས་ནི་གང་བརྗོད་པ།། དེ་ལ་ཐོག་མར་སྔོན་བཞིན་དུ།། རི་མེ་བྲིས་པས་དེའི་མདུན།། ་ཚུལ་བཞིན་དུ་ནི་མཆོད་པར་བྱ།། མཁས་པས་ཡང་ན་སྐུ་གཟུགས་ཀྱང་།། བྱེད་དུ་བཞུག་སྟེ་དེ་འོག་ཏུ།། མཁས་པས་བརྒྱད་འབུམ་བཟླས་པར་བྱ།། དེའི་ཐ་མར་དཀོན་མཆོག ་ནི།། གསུམ་པོ་དག་ལ་མཆོད་རྟེན་བྱ།། དེའི་འོག་དུ་ཁྲོ་བོ་མཆོག། ཇི་སྐད་བརྗོད་བཞིན་མཆོད་པ་བྱ།། འོན་ཀྱང་འགྲུབ་སྟེ་དེའི་ཚེ།། འབྱུང་པོ་གདོན་དང་དྲུག་རྣམས་དང་།། ཡིད་ལ ་གང་དང་གང་འདོད་པ།། དེ་ཡིས་བཞི་བསམ་པའི་ལས་བྱས་ནས།། ནམ་ཀྱང་ཕྲན་ཚེགས་དངོས་གྲུབ་ནི།། དེ་ལས་སྐྱེར་བར་མི་བྱའོ།། དུག་ལ་སོགས་པ་གང་བརྗོད་པ།། ལས་ཀྱི་རྣམས ་ནི་ཚེགས་གིས་བྱ།། གཞན་དུ་གཡེངས་པའི་ཚིག་གིས་ཀྱང་།། བདག་ཉིད་ཇི་ལྟར་འདོད་བཞིན་ནོ།། དེ་བཞིན་གདག་པའི་སེམས་ཅན་རྣམས།། ཚར་གཅད་པ་དང་ཕན་དོགས་ནས།། ། ་གང་ཞིག་ནག་པོས་ཟིན་པའི།། ལས་རྣམས་ཀྱང་ནི་བྱེད་གྱུར་པ།། ཆུ་ཡིས་ངེས་པར་གཏོར་བ་དང་།། ལྕག་གམ་ཡང་ན་རྐང་པ་ཡིས།། ཁྲོ་བོས་ཇི་སྐད་གསུངས་པ་བཞིན།། ཐེ་ཚོ ་མེད་པར་སོས་པར་འགྱུར།། དེ་ལྟར་ཀུན་ཏུ་ཡིད་ཀྱིས་སམ།། ཡང་ན་ཚིག་གིས་སྐུལ་བར་བྱ།། ཇི་ལྟར་ཁྲོས་པ་མེད་པ་ཡང་།། ཕྲན་ཚེགས་ལས་ནི་འགྲུབ་འགྱུར་ཏེ།། དྲན་བཅོན ་འབའ་ཞིག་གིས།། བྱེད་པ་པོའི་ལས་དེ་འགྲུབ།། དེ་ནས་སྣོད་ལ་འབབ་པ་ཡང་།། གཞོན་ནུ་མཚན་དང་ལྡན་འགྱུར་ཞིང་།། ཉེས་པའི་སྐྱོན་མེད་ཡན་ལག་ཚང་།། ཤིན་ཏུ་བཀྲུས ་པའི་རྒྱན་གྱིས་བརྒྱན།། བ་ལས་བྱུང་བའི་ལྔ་ཡང་བླད།། དེའི་འོག་ཏུ་ལལས་གཞན་འདི་ནི་རབ་བྱ། བསྐྲད་བྱས་ཏེ།། ནམ་ལངས་པ་དང་ཡང་དཀྲིས་ལ།། དྲི་ཞིམ་པའི་དྲིས་བྱགས་ལ།། གོས་རྣམས ་དང་ནི་རྒྱན་གྱིས་བརྒྱན།། དེ་ལྟར་མཆོད་པ་བྱས་ནས་ནི།། ཤར་གྱི་ཕྱོགས་སུ་ཁ་བསྟན་ཏེ།། ཆོ་ག་བཞིན་དུ་ཀུ་ཤའི།། སྟན་ལ་བཞག་ནས་དེ་ནས་ནི།། དེའི་ལག་པ་གཉིས་གར་ཡང ་ཙན་དན་གཏོར་བའི་མེ་ཏོག་སྤྲིན།། ཨ་ཀར་ནག་པོའི་གདག་པ་སྦྱིན།། དེས་ནི་མྱུར་ད་སྔགས་བརྗོད་དོ།། བསྒྲུབ་པའི་ཆོ་ག་འདི་ཡིས་ནི།། སྣོད་ལ་འབབས་པའི་ལས་བྱའོ།། སྣོད་ལ་འབབ ་གྱུར་དེ་ནས་ནི།། དགེ་དང་མི་དགེ་དྲི་བར་བྱ།། དེ་ནས་བྱད་དང་འགྱུར་བ་དང་། འབྱུང་བ་གང་ཡིན་བདེན་པར་སྨྲ།། སེམས་ཅན་ཆེན་པོ་འདི་གྱིས་ལ།། འདི་ནི་མིན་ཞེས་ཟློས་པར་བྱེད།། ་རིགས་སྡུག་ཆད་དམ་ལྷག་པ་ཡང་།། སྔགས་ཀྱང་འདིརི་ནི་ཚང་པར་བྱེད།། དེ་ནས་ཁྲོ་བོ་མཆོག་དེ་ལ།། མེ་ཏོག་ལྡན་པའི་ཨརྒ་དབུལ།། དེ་ནས་བདེ་གཤེགས་སྙན་པའི།། དམ་ཚིག ་དག་ཀྱང་སྙེད་པར་བྱ།། སྣོད་ཀྱིས་ཐོས་ནས་དེ་ནས་སུ།། དེ་བཏང་ནས་ནི་ས་ལ་འགྱེལ།། རིག་པ་ཁྲོ་བོ་གཤིན་རྗེ་གཤེད།། གྲུབ་པོ་དེ་ནི་བཞུད་པར་འགྱུར།། དེ་ནས་སྣོད་ནི་བླངས ་ནས་སུ།། ཕྱིས་ཀྱང་རབ་ཏུ་ཁྲུས་བྱ་སྟེ།། ཟན་ཟར་བཅུག་པ་ཟོས་ནས་ཀྱང་།། མཆོད་པར་བྱས་ཏེ་སླར་བཏང་ངོ་།། ཇི་ལྟར་གསུངས་པའི་ལས་རྣཾ་ཀྱི། ་སྣོད་ལ་དབབ་པར་བྱས་ནས་ནི།། དེ་ནས་རྟོག་པ་ཕྱི་མའི།། རྟོག་ལས་གསུངས་པའི་ལས་བྱ།། དེ་ལ་གལ་ཏེ་སྔགས་པ་ནི།། རྒྱལ་པོ་དབང་དུ་བྱེད་པ་ནི།། དེ་ཚེ་རི་མོ་སྤྱན་སྔ་རུ།། དུར་ཁྲོད་ཐ་ལ ་བས་གཟུགས་བྲིས་ཏེ།། དེའི་སྙིང་ཁར་འདུག་ནས་སུ།། རྩེ་གཅིག་ཡིད་ཀྱིས་ཁྲི་བཟླས་ལ།། ཆེ་གེ་མོ་ཞིག་དབང་འགྱུར་ཞེས།། དེའི་མིང་ནི་ཆོ་ག་བཞིན།། ཁྲོ་སྔགས་ཇི་སྐད་གསུང ་པའི་མཐར།། སྦྱར་ཏེ་འཇུག་ཏུ་སྭཱ་ཧཱ་བརྗོད།། ཁྲོ་སྔགས་དབང་དུ་བྱ་བའི་ཕྱིར།། སྤོར་བ་རྟག་ཏུ་བཤད་པ་ཡིན།། དེ་ནས་འཛའ་སྔག་སྐྱེ་བོ་དང་།། རྒྱལ་པོ་དེ་ནི་དབང་དུ་འགྱུར།། ་བདག་ཉིད་དམི་ནི་ནོར་བདག་གིས།། ངེས་པར་བྲན་བཞིན་ལེགས་པར་བྱེད།། དེ་བཞིན་དུ་ནི་བཟླས་ནའང་།། བྲམ་ཟེ་དག་ཀྱང་དབང་དེ་འགྱུར།། རྗེ་རིགས་རྨང་རིགས་མ་ལུས་པར། ་དྲུག་སྟོང་དག་གི་ངེས་པར་འགྱུར།། བུད་མེད་རྣམས་དང་བུ་མོ་ལ།། ཁྲི་དག་ཏུ་ནི་བཟླས་པར་བྱ།། དེ་ནི་ཅི་འདོད་འགྲུབ་པར་འགྱུར།། དེ་ནས་ཕན་ཚུན་མཛའ་བོ་གཉིས།། དབྱེ་བ ་བྱ་བ་འདོད་ན་ནི།། དེ་ནས་ཅིག་གིས་གཟུགས་བརྙེན་ནི།། དེ་བཞིན་བྲིས་ནས་སྙིང་ཁ་རུ།། རྐང་པ་གཅིག་བཞག་ཙོག་པུར་འདུག། དེའི་མིང་ནི་མཐར་སྦར་ན།། ཁྲོ་བོ་གཤིན་རྗེ་གཤེད ་བཟླས་པ།། ཆེ་གེ་ཞིག་མྱུར་བ་རུ།། འདི་ལ་སྡང་འགྱུར་ཕཊ་ཅེས་བྱ།། དེ་ལྟར་སྡང་བར་བྱ་བ་འདི།། སྟོང་ཕྲག་བཅུར་ནི་བཟླས་པ་བྱ།། དེ་ནས་སེམས་རབ་གདུག་པར།། ཤེས་ནས ་ལེགས་པར་འདུལ་ན་ནི།། དཀོན་མཆོག་གསུམ་ལ་གནོད་བྱེད་ལ།། ཁྲོ་བོས་བྱ་བའི་གཞན་དུ་མིན།། དགྲའི་གཟུགས་བརྙན་མིང་སྨོས་ནས།། དུར་ཁྲོད་ཐལ་བས་བྲིས་ནས་སུ།། དེ་ནས་སེང ་ལྡེང་ཕུར་བུ་ལ།། བརྒྱ་རྩ་བརྒྱད་དུ་རབ་བཟླས་ཏེ།། དེའི་སྙིང་ཀར་བཏབ་ནས་སུ།། དེའི་འོག་ཏུ་ཁྲི་བཟླས་སོ།། དེ་ནས་ཁྲོ་བོ་གཤིན་རྗེ་གཤེད།། སྔགས་ཀྱི་མཐའ་མར་མིང་བཅུག་སྟེ།། ཧཱུཾ་དང་པཊ ་ཀྱིས་མཐའ་བརྟེན་ཏེ།། ཁྲི་དག་ཡོངས་སུ་ཚང་པར་ནི།། གལ་ཏེ་དེ་ལྟར་བཟླས་བྱས་ན།། ལས་དེ་ཡིས་ནི་འཆི་འགྱུར་བ།། འདི་ལ་རྣམ་པར་དཔྱད་མི་དགོས།། རྟག་ཏུ་བདེག ་གཤེགས་བསམ་པར་ལྡན།། བསམ་པ་བདག་པ་ཡོངས་མི་བྱ།། དེའི་སྙིང་ལ་སྡུག་བསྔལ་དག། སྐྱེས་ནས་གདུལ་བ་མ་རྟོགས་པ།། ཞི་བ་དག་ནི་ཆོ་ག་ཡིས།། དེ་ནས་ཞི ་བའི་དགེ་བ་བྱ།། དེ་ལྟར་ཇི་སྐད་གསུངས་པ་འདི།། མངོན་པར་སྨོད་པ་ཡོང་མི་བྱ།། སེམས་ཅན་རྣམས་ལ་རྩེ་བའི་ཕྱིར།། བདེ་གཤེགས་བསམ་པས་བྱ་བར་བསྟན།། དེ་བཞིན་གབྱེ ་པས་ཇི་གསུངས་པའི།། དེ་བཞིན་དངོས་གྲུབ་ཐོགས་པ་མེད།། དངོས་གྲུ་བོ་ཐོབ་པས་ཐོབ་འདོད་ན།། དེ་ལྟར་ཁྲོ་སེམས་མི་བྱའོ།། བདེ་གཤེགས་བསམ་པ་གང་མེད་ན་པ།། དེ་ནི་དངོས་གྲུབ་ཉམ ་བར་འགྱུར།། མདོར་ན་བྱང་ཆུབ་སེམས་མེད་པ།། ཁེ་འཇམ་དཔལ་ཁྲོ་བོ་གཙོ་བོ་ཡིས།། བརྟུལ་ཞུགས་བཟླས་དང་གང་བཅས་པ།། རྟོག་ལས་ཆོ་ག ་བཞིན་གསུངས་པ།། དངོས་གྲུབ་མཆོག་ནི་ཉམས་པར་འགྱུར།། གང་ཞིག་བདེར་གཤེགས་སེམས་ལྡན་པ།། རྟུལ་ཤགས་བཟང་པོ་མེད་པ་དང་།། དེ་བཞིན་གཟུགས་ལ་སོགས ་མེད་ཀྱང་།། དངོས་གྲུབ་མཆོག་རྣམས་དེས་ཐོབ་ཅིང་།། ཉོན་མོངས་མེད་པར་ཅི་འདོད་པ།། འདོད་པ་ཐམས་ཅད་རྙེད་པར་འགྱུར།། གང་ཞིག་བདེ་གཤེགས་བསམ་ལྡན་ཞིང་། ་བློ་ནི་མ་རྨོངས་བརྟན་པ་ཡིས།། སྲིད་པའི་ཉོན་མོངས་དགྲོད་དཀའ་རྒལ།། དེ་བཞིན་གཤེགས་པ་ཐམས་ཅད་ལ།། ཕྱག་བྱས་ནས་ནི་དངོས་གྲུབ་མཆོག། བདེ་གཤེགས་བསམ ་དང་ལྡན་པས་ཐོབ།། དེ་ལྟར་ཤེས་ནས་དེའི་ཚེ།། བདེ་བར་ལམ་མཆོག་བསྙེན་པར་བྱ།། ཉོན་མོངས་སྡུག་བསྔལ་འཇིགས་འགྱུར་བ།། འཇིག་རྟེན་ལྷ་ནི་ཡོངས་མི་བསྙེན།། དེ་ལྟར ་སེམས་ཅན་གདུག་འདུལ་བའི།། ལས་རྣམས་ཇི་སྐད་གསུངས་པ་ཡང་།། དཀོན་མཆོག་གསུམ་ནི་བསྲུང་བའི་ཕྱིར།། གཞན་དུ་གར་ཡང་ཡོང་མི་སྦྱར།། དེ་ནས་གཞན་ཡང་བསྐྲད་པའི ་ལས་འདི་དག་གར་ཡང་རུང་བར་ནི།། དེ་བཞིན་བྱེད་པར་འདོད་པ་ལས།། ཇི་བཞིན་པར་ནི་བཤད་པར་བྱ།། དེ་བཞིན་དུར་ཁྲོད་ཐལ་བ་ཡིས།། མཁས་པས་དགྲའི་གཟུག་བསྙེན་བྲི ་དེ་སྟེང་རྐང་གཉིས་འདུག་ནས་སུ།། འཇམ་དཔལ་ཁྲོ་བོའི་སྤྱན་སྔར་ནི།། ཆེ་གེ་མེ་ནི་སྲོད་ཅིག་ཅེས།། དེའི་མི་ནི་མཐར་སྦར་ནས།། དེ་བཞིན་ཧཾ་དང་ཕཊ་དག་དང་།། ཧཱུཾ་ཡང་བརྗོད་དེ་ཁྲི་ཟླས ་ནས།། གདོན་མི་ཟ་བར་བསྐྱོད་པར་འགྱུར།། ཡང་ན་ཐལ་ཆེན་དེ་ཉིད་ཀྱིས།། དགྲའི་གཟུགས་བརྙན་བྲིས་ནས་སུ།། དེའི་སྙིང་ཀར་རྐང་གི་ཡོན་གྱིས།། གདོན་མི་ཟ་བར་རྫིས་ནས་སུ།། ་ཉི་མ་ལ་ནི་ཁ་ལྟས་ནས།། གཤིན་རྗེ་གཤེད་པོ་བཟླས་པ་ནི།། སྐྲོད་ཅིག་གཅིག་གིས་དགྲ་བོ་སྟེ།། རབ་ཏུ་ཚ་བའི་ནད་ཀྱིས་འདེབས།། དེ་བཞིན་པའི་ཆོ་ག་ཡིས།། བདག་ཉིད་ཀྱིས་ནི་ཞི་བ། ་འགྱུར།། དེ་ལྟར་མ་བྱས་ཞག་བདུན་གྱིས།། གདོན་མི་ཟ་བར་ཤི་བར་འགྱུར།། དེ་ལ་སོགས་པའི་ལས་ལ་ནི།། བདེ་གཤེགས་སེམས་དཔའ་སྤོང་མི་བྱེད།། སེམས་ཅན་རྣམས་ནི་ཐད་ལ།། ་ཞི་བ་དང་ནི་རྒྱས་པར་བྱ།། བྱང་ཆུབ་སེམས་ཀྱི་བདག་ཉིད་ཅན།། རིང་པོར་མི་ཐོགས་གྲུབ་པར་འགྱུར།། དེ་ནས་སེམས་ཅན་ཐམས་ཅད་ནི།། དེ་ཕྱིར་ཞི་བའི་ལས་རྣམས་དང་།། དེ་བཞིན ་རྒྱས་པའི་ལས་ལ་ཡང་།། ཇི་སྐད་གསུངས་པ་བཤད་པར་བྱ།། མཆོད་རྟེན་དག་གམ་དཀྱིལ་འཁོར་དུ།། དེ་བཞིན་གཤེགས་པའི་མཆོད་པ་བྱ།། དཀོན་མཆོག་གསུམ་པོ་དག་ལ་ནི།། ཡང ་དང་ཡང་དུ་ཕྱག་བྱས་ཀྱང་།། ཉིན་པར་དང་ནི་མཚན་མོ་དང་།། དགེ་བ་གང་དག་ཅི་གསགས་པ།། དཀོན་མཆོག་གསུམ་ལ་དེ་བརྟེན་ན།། བདེ་བར་གཤེགས་པའི་བསམ་པས་བྱ།། དེ་ཡིས ་སེམས་ཅན་ཐམས་ཅད་ནི།། ཤིན་ཏུ་སྡུག་བསྔལ་བ་དེར་འགྱུར་གྱིས།། དེའི་དངོས་གྲུབ་ཅུང་ཟད་ཀྱང་།། ཕྲ་མོ་དག་ཀྱང་ཐོབ་པར་འགྱུར།། རྟག་ཏུ་སེམས་ཅན ་རྣམས་ལ་ནི།། མཁས་པ་དག་གིས་ཕན་པ་བྱ།། མཁས་པས་མཆོད་རྟེན་ལས་བྱས་ཤིང་།། དེ་བཞིན་དམ་པའི་ཆོས་ཀྱང་ཀླག། དགེ་བ་ཅུང་ཟད་གང་དག་ཀྱང་།། ཅུང་ཟད་ཟིན་ཀྱང་འདི་དག་ཏུ།། དངོས ་གྲུབ་མཆོག་ནི་ཐོབ་འདོད་པས།། རྟག་ཏུ་སེམས་ཅན་ལ་སྔོ་བའོ།། དེ་ལྟར་འདི་ནི་བྱང་ཆུབ་སེམས།། ཆོས་ཀྱི་དོན་ཀུན་ཡུལ་དུ་འགྱུར།། བྱང་ཆུབ་སེམས་དཔས་ཉེར་བསྙེན་པའི།། མཚན་ཉིད ་རབ་ཏུ་བསྟན་པ་ཡིས།། དེ་ལྟར་བློ་གྲོས་བརྟན་བྱས་ནས།། དེ་དག་གི་ནི་སྤེལ་བར་བྱ།། དགེ་བའི་ལས་ཀྱང་སྤེལ་ནས་སུ།། སེམས་ཅན་རྣམས་ལ་ཡོངསུ་བསྔོ།། སྔགས་པ་བདེ་གཤེགས་སེམས ་དང་ལྡན།། དེ་ལྟ་བུ་ནི་རྟག་པ་རུ།། སེམས་ཅན་ཀུན་ལ་ཕན་བྱས་ན།། ཞི་བ་དང་ནི་རྒྱས་པ་འཕེལ།། ཐོག་མར་དཀོན་མཆོག་གསུམ་པོ་ལ།། མཆོད་པ་སྣ་ཚོགས་བྱས་ནས་སུ།། དེའི་འོག་ཏུ་ཁྲོ་བོ ་མཆོག། གཤིན་རྗེ་གཤེད་ལ་མེ་ཏོག་ནི།། དཀར་པོ་དག་གིས་མཆོད་པར་བྱ།། མཆོད་པ་བྱས་ནས་འདི་དག་ཏུ།། ཆོ་ག་བཞིན་དུ་བཟླས་བརྗོད་བྱ།། བདེ་ཞིང་རྟེན་ལ་བདེ་བར་འདུག། རབ ་ཏུ་དང་ཞིང་བདེ་གཤེགས་སེམས།། དེ་མིང་སྨོས་པ་ཞི་འགྱུར་ཞེས།། ཁྲོ་བོའི་ཚིག་གིས་མཐར་བྱས་ཏེ།། བདེ་བཤད་དག་ཀྱང་མཐའ་མར་འགྱུར།། ག་ཡང་རུང་བ་གཅིག་ལ་ནི།། དེ་ལྟར ་སྟོང་དུ་བཟླས་པ་བྱ།། ཡུལ་དང་ཡུལ་གྱི་ཕྱོགས་དག་དང་།། རྒྱལ་པོ་དག་ལ་ཉིས་འགྱུར་བྱ།། རྟག་རྣམས་དང་ནི་གླང་པོ་དང་།། བ་ལང་དག་ལ་སྟོང་དུ་བཟླས།། ར་ལུག་དང་ནི་མ་ཧེ་ལ། ་རྟག་པར་སྟོང་དུ་ཟླས་པར་གསུངས།། ཡང་ན་ལུས་ཅན་ཐམས་ཅད་ལ།། བཟླས་པ་དག་ནི་ཁྲི་བྱས་ན།། བྱང་ཆུབ་སེམས་དང་ལྡན་པའི།། ཞི་བའི་མཆོག་ཏུ་ངེས་པར་འགྱུར།། དེ་བཞིན་དུ་ནི ་རྒྱས་འགྱུར་བ།། ཁྱད་པར་དུ་ནི་མེ་ཏོག་མཆོག། དཀར་པོ་ཅན་དན་གྱིས་བསྐས་པ།། བཟླས་ཤིང་བཟླས་ཤིང་ཆོ་ག་བཞིན།། འཇམ་དཔལ་ཁྲོ་བོའི་སྨན་སྔར་ནི།། འོ་མས་གང་བའི་སྡོད ་དབུལ།། སྟེང་གི་བར་དུ་བཟླས་པར་འགྱུར།། སྙིང་ལ་རབ་ཏུ་དགོས་འགྱུར་བའི།། རྒྱས་པ་དེ་ལ་བྱ་འདོད་ན།། གང་ཡང་རུང་བ་དེའི་མིང་།། ཆོ་ག་བཞིན་དུ་ཐལ་མར་སྦྱར།། མཁས། ་པས་རྒྱས་པར་གྱུར་ཅིག་ཅེས།། དེའི་མཐའ་དཔེ་བཤད་སྦར་ནས་སུ།། མེ་ཏོག་ཡིད་དུ་འོང་བ་རྣམས།། འོ་མར་བླུགས་པར་རྒྱས་པར་བྱ།། དེ་ནས་གཞན་ཡང་དཔལ་འདོད་པ།། ་དེ་ལ་སྔ་མ་བཞིན་དུ་ནི།། ཙན་དན་དཀར་པོས་བསྐས་པའོ།། མེ་ཏོག་ཡིད་དུ་འོང་བས་མཆོད།། ཨ་ཀར་ནག་པོ་བཟང་པོ་ཡིས།། གདག་པ་དག་ཀྱང་སྔགས་ཀྱི་དབུལ།། ཉིན་རེ ་དེ་ལྟར་བྱས་ནས་སུ།། ཆོ་ག་བཞིན་དུ་བཟླས་པར་བྱ།། དཔལ་ནི་བདག་ལ་སྩོལ་ཅིག་ཅེས།། ཐ་མ་དག་ཏུ་སྦྱར་ནས་སུ།། དེ་ནས་ན་མ་སྭཱ་ཧཱར་ལྡན།། ཆོ་ག་སྔོན་བཞིན་ཁྲི་བཟླས་ཏེ། ་@##། དེ་ནས་རྒྱ་མཚོར་འགྲོ་བའི།། ཀླུང་གི་འགྲམ་དུ་སོང་ནས་ནི།། ལྟེ་བ་ནུབ་པར་ཆུར་ཞགས་ནས།། མེ་ཏོག་པུན་ད་རི་ཀ་དང་།། ཙན་དན་དཀར་པོས ་བསྐུས་ནས་སུ།། བཟླས་ཤིང་ཟླས་ཤིང་ཆུར་དབུལ་བ།། བློ་དང་ལྡན་པས་དབུལ་བྱས་ན།། དེའི་འཇུག་ཏུ་དཔལ་ཆེན་ཐོབ།། ཡང་ན་པད་མ་དམར་པོ་ནི།། ཙན་དན་དམར་པོ ་བསྐུས་པའི།། གལ་ཏེ་དེ་རུ་ཕུལ་ནས་ནི།། དེ་ནས་དེའི་མཐའ་མ་རུ།། ལས་འདི་དག་གིས་ངེས་པར་ནི།། མི་བཟད་པ་ཡི་གཏེར་ཐོབ་འགྱུར།། ཆོ་ག་དག་ནི་དེ་ཉིད་ཀྱིས།། ཨ ་ཏི་མུག་ཏིའི་མེ་ཏོག་རྣམས།། བཟླས་ཤིང་བཟླས་ཤིང་སྔ་མ་བཞིན།། གལ་ཏེ་ཅིག་འབུམ་ཚུན་ནས་ནི།། ཆོ་ག་གསུངས་བཞིན་གནས་པའི།། སྔགས་པས་ངེས་པར་དེའི ་མཐར་ཏི་ནར་འབུམ་ནི་ཐོབ་པར་འགྱུར།། འདི་ལ་རྣམ་པར་སྤྱོད་མི་དགོས།། དེ་སྟེ་དེའི་སྔ་མ་བཞིན།། སུམ་འབུམ་ཕུལ་བ་བྱས་ན་ནི།། གདོན་མི་ཟ་བར་གནོད་སྦྱིན་མོ།། ་དེའི་དབང་དུ་འདི་འགྱུར་རོ།། ཆོ་ག་འདི་ཡིས་སྒྲུབ་པ་པོ།། ནོར་ཆེན་དག་ཀྱང་ཐོབ་པར་འགྱུར།། དེ་སྟེ་སྔགས་པས་སྔ་མ་བཞིན།། མེ་ཏོག་འཛའ་ནི་བཟང་པོ་ནི།། ཙན་ད ་དག་གིས་བསྐུས་པ་རྣམས།། ཆུའི་ནང་དུ་བུལ་ནས་ནི།། སའི་སྟེང་དུ་འདོད་པ་ཐོབ།། ཡང་ན་པད་མ་ཀར་པོ་ནི།། དངར་གསུམ་དག་གིས་བསྐུས་པ་ནི།། མེ་འབར་ན ་དུ་ལེགས་སྲེག་ན།། དེ་ཡིས་དཔའ་བོ་མངོན་སུམ་མཐོང་།། དེ་ཡིས་དེ་ལ་འདོད་མཆོག་དང་།། ནོར་དག་ཀྱང་ནི་སྟེར་བར་འགྱུར།། བློ་དང་ལྡན་པས་ཟས་ཀྱི་མཆོག། མར་དང ་སྦྲང་རྩི་སྦར་བ་དག། ཞག་བདུན་དུ་ནི་གཟར་བུ་ཡིས།། འབར་བའི་མེ་ལ་སྲེགས་ན་ནི།། ཡུལ་ག་བདན་རྣམས་ངེས་པར་ཐོབ།། དེ་ལ་རྣམ་པར་སྤད་མི་དགོས།། ཡང་ན ་འབྲུ་རྣམས་ཐམས་ཅད་ཀྱིས།། སྲིན་བ་སྲེག་དོན་རྣམས་ཐམས་ཅད་འགྲུབ།། སྤྲིན་བསྲེགས་གཅིག་འབུམ་བྱས་པ་ཡིས།། དེ་དག་ཉིད་ནི་མི་ཟད་འགྱུར།། བྱིལ་བ་མར་གྱིས ་བསྐུས་པ་འབུམ།། མེ་ནི་རབ་ཏུ་འབར་བ་ལ།། བསྲེགས་ནས་སའི་བདག་པོ་ལས།། ནོར་ཆེན་དག་ནི་ཐོབ་པར་འགྱུར།། དུར་བའི་འཇག་མ་མ་གྲུབ་པ།། ནེ་མ་སྭཱ་ཧཱ་མཐར་ལྡན་པ། ་འོ་མ་ལ་སྟེགས་བསྲེགས་ན་ནི།། མིའི་ཚེ་ནི་རིང་བར་འགྱུར།། དེ་བཞིན་མར་དང་སྦྲང་རྩི་དག། འབར་བའི་མེ་ལ་རབ་ཏུ་བསྲེགས།། གདོན་མི་ཟ་བར་མྱུར་བ་རུ།། ཡིད་ལ་གཞངས ་པ་ཐོབ་པར་འགྱུར།། རྒྱ་སྐྱེགས་ཤིང་གི་མེ་དག་ལ།། དེ་བཞིན་ཉིན་རེ་མར་གྱི་ཧོམ།། བྱས་ནས་ཚེ་དང་ཡིད་གཞངས་གྲགས།། རྒྱས་དང་སྟོབས་དང་གཟི་བརྗིད་དག། དྲན ་དང་དགའ་དང་མདངས་བཟངས་དང་།། དཔལ་དང་སེམས་དཔའི་དོན་གྲབ་དག། ཐོབ་པར་འགྱུར་བ་གདོན་མོ་ཟ།། དེ་བཞིན་ཟས་རྣམས་བསྲེགས་ན།། གཟི་དང་རྒྱས ་དང་སྟོབས་ཀྱིས་གྲགས།། འདོད་པ་ཐམས་ཅད་ཕུན་སུམ་ཚོགས།། ཐོབ་པར་འགྱུར་བ་གདོན་མི་ཟ།། ཇི་ལྟར་རྟོགས་པ་ཕྱི་མ་ལས།། ཕལ་ཆེར་འཇམ ་དབྱངས་ཁྲོ་བོའི།། པདྨོའི་ཞལ་ནས་ངེས་འབྱུང་བ།། དེ་དག་མདོར་ནི་བཤད་པ་ཡིན།། འཇམ་དཔལ་གྱི་རྩ་བའི་རྟོག་པ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ཀུན་གྱི་ཕྱི་མ་ལས། ་འཕགས་པ་འཇམ་དཔལ་གྱི་ཁྲོ་བོ་གཤིན་རྗེ་གཤེད་ཀྱི་རྟོག་པ་ཕྱི་མར་རྟོག་པ་སྟེ།། ལེའུ་དག་པའོ།། །། དེ་ནས ་རྟོག་པ་ཐམས་ཅད་ཀྱི་ཕྱི་མའི་ཕྱི་མ་ཞེས་བྱ་བ། སྦྱོར་བ་བཅས་ཤིང་རྒྱས་པའི།། རྟོག་པ་འདི་ནི་བཤད་པར་བྱ།། ཡི་གེ་བཅུ་བདུན་སྔགས་ཀྱི་ནི།། དཔའ་བོ་བརྟུལ་ཞུགས་བཟང་པོ ་དང་།། དེ་བཞིན་སྔོན་དུ་བསྙེན་ལ་སོགས།། རྟོག་པ་དག་ནི་དེ་བཤད་ཡིན།། དེ་ནི་ཡི་གེ་འབྲུ་ཅིག་གོ།། སྔགས་མཆོག་དག་ནི་གསུངས་པའི།། དེའི་ལས་ཀྱི་ཚིག་བཤད།། དཔའ ་བོ་བརྟུལ་ཤུགས་མེད་པར་ཡང་།། འཇམ་པའི་དབྱངས་ཀྱི་ཁྲོ་བོ་གང་།། མིང་ནི་གཤིན་རྗེ་གཤེད་ཅེས་བྱ།། དེའི་སྙིང་པོ་མཆོག་ཏུ་ནི།། ཧུཾ་ཞེས་བྱ་བའི་ཡི་གེ་གཅིག། ཐོག་མར ་ཨོཾ་བཞག་ཆོ་ག་བཞིན།། རི་མེའི་སྤྱན་སྔར་འདུག་ནས་སུ།། འདི་ནི་འབུམ་ཕྲག་བཅུར་ཟླས་ན།། དེའི་འོག་ཏུ་བསྒྲུབ་ལ་འཇུག། དེའི་བསྒྲུབ་པའི་རི་མོ་མཆོག། དོན་རྣམས་ཐམས ་འགྲུབ་པར་བཤད།། གང་གི་དངོས་གྲུབ་རབ་ཐོབ་པ།། ཚུལ་བཞིན་དུ་ནི་རབ་ཏུ་བཤད།། རས་ནི་གསར་བ་ཁྲུ་གང་ཙམ།། ལེགས་པར་བསྐུར་ཞིང་དྲི་བསྐུས་ལ།། ཚོན་རྩི་བཟང་པོ ་སྤྲིན་མེད་པས།། ཁྲོ་བོ་གཤིན་རྗེ་གཤེད་བྲིས་ལ།། ཞལ་ནི་དགྲད་ཅིང་འཇིགས་པའི་གཟུགས།། སྨིན་མ་སེར་ལ་དབུ་ཡང་མེད།། ཆུར་སྤྲིན་ནག་པོའི་ཁ་དོག་འདྲ།། སྤྱན་གསུམ་སྐུ ་ཡོད་གྱེན་དུ་བརྫེས།། ཞལ་གཅིག་པ་ལ་མདངས་ཀྱང་གསལ།། ཕྱག་གཉིས་པ་ལ་བེ་ཅོན་སྣམས།། ཕྱག་གཡོན་པ་ནི་སྡིགས་པར་མཛད།། ཞབས་ཀྱང་རབ་ཏུ་བཟང ་པོ་གཉིས།། སྟག་པགས་ན་བཟའ་སྣམས་པ་དགྱེད།། འཁྱུག་ཅིང་འཇིགས་པའི་གསུང་ཡང་འཛིན།། ཡན་ལག་ཐམས་ཅད་ཡོངས་རྫོགས་པ།། འོད་ཟེར་འབར་བྱ་བཅས ་པའི་སྐུ།། དེ་ནས་དེ་ལ་མཁས་པ་ཡིས།། མཆོད་པའི་ཡན་ལག་མཆོག་གི་བཤད།། སྔགས་པ་བརྟུལ་ཞགས་བརྟན་པོ་ནི།། དེའི་འོག་ཏུ་བྲག་ཕུག་ཞུགས།། རི་མེའི་སྤྱན་སྔར ་འདུག་ནས་ནི།། ཁ་ཟས་ཟ་བ་དག་སྤངས་ནས།། རི་དབང་དེ་ནི་ཇི་ཙམ་དུ།། གཡོ་བར་གྱུར་པ་རབ་ཏུ་ལྡན།། ཡང་ན་ཁྲོ་བོ་བཤིན་རྗེ་གཤེད།། བཞད་དམ་ཡོས་ཀྱི་བར་དུ་བཟླས།། ། ་ཡང་ན་རབ་ཏུ་འབར་བའི་མེ།། བཟླས་པ་དེ་ཚེ་དངོས་གྲུབ་ཐོབ།། དེ་ལྟར་ལྷ་འདི་བཟླ་བ་ཡིས།། དངོས་གྲུབ་ཡ་མཚན་འདི་ཡིན་ནོ།། དེ་ནས་རིག་འཛིན་དཔལ་དང་ལྡན།། ་བསྒྲུབ་པའི་དོན་རྣམས་ཀུན་བསྒྲུབ་པ།། གང་བསམ་པ་ནི་དེ་དག་ཀུན།། རིང་པོར་མི་ཐོགས་འབྱོར་པར་འགྱུར།། ཁྲོས་ནས་ས་ཡང་འགས་པར་འགྱུར། ་ཆུ་དག་ཀྱང་ནི་སྐམ་པར་བྱེད།། རི་རྣམས་ཐམས་ཅད་སྙིལ་བར་འགྱུར།། རྒྱ་མཚོ་དག་ཀྱང་སྐམ་པར་བྱེད།། དེ་ལ་སོགས་པའི་ལས་རྣམས་ནི།། ཡ་མཚན་ཆེན་པོ་ཐམས་ཅད་དང་། ་སེམས་ཅན་རྣམས་ནི་ཐམས་ཅད་ལ།། ཕན་པ་རྣམ་པ་སྣ་ཚོགས་བྱེད།། རྟོག་པ་སྔ་མོར་གསུངས་པ་ཀུན།། རྟོག་པ་སྔ་མ་བཞིན་དུ་བསྒྲུབ།། བསྒྲུབས་ནས་སེམས་ཅན་ཐམས་ཅད་ལ།། ། ་འབྲས་བུ་མཆོག་རྣམས་སྦྱིན་པར་བྱེད།། བསྒྲུབ་པའི་མཐུ་ནི་གང་ཡོད་པ།། བདེ་གཤེགས་བསམ་པས་དེ་དག་ཀུན།། འཇུངས་པ་མེད་པའི་བསམས་པ་ཡིས།། སྐྱེ་བོ་ཕོངས་པ་རྣམས་ལ་སྤྲིན།། ་བདག་གི་ལུས་ཀྱང་སྙིང་རྗེ་ཅན།། ཕོངས་པ་དེག་ལ་རྟག་ཏུ་སྦྱིན།། དེ་ལྟར་སྦྱིན་པའི་ཕ་རོལ་ཕྱིན།། དྲི་མ་མེད་པ་བསྒྲུབས་ནས་སུ།། དགེ་བ་འདི་ཡིས་སེམས་ཅན་ཀུན།། བདེ་གཤེགས ་སེམས་ལྡན་བདེ་བར་འགྱུར།། རེ་བ་ཐམས་ཅད་ཡོངས་རྫོགས་པ།། བདེ་བ་ཀུན་གྱི་སྣོད་འགྱུར་ཞེས།། ཡིད་ཀྱིས་ཡོངས་སུ་བསྔོ་བར་བྱ།། གང་ཞིག་དེ་ལྟར་སྔགས་གྲུབ་ཀྱང་།། དྲི་མ ་མེད་པའི་བྱང་ཆུབ་སེམས།། དགེ་བ་རྟག་ཏུ་སྤྱོད་པ་འདི།། དངོས་གྲུབ་རྟོག་ལས་གསུངས་པ།། དེ་བཞིན་གཤེགས་པའི་ཞལ་འབྱུང་བ།། ཐམས་ཅད་དེ་ལ་ཉེ་བར་གནས།། བསྒྲུབ་པ ་བོ་དེ་རྫུ་འཕྲུལ་གྱིས།། ཡོན་ཏན་ཀུན་དང་ལྡན་པར་འགྱུར།། དེ་ལྟར་འཇམ་དཔལ་ཁྲོ་བོའི།། ཞལ་ནས་གསུངས་པའི་རྟོག་པ་ནི།། ཁྲོ་བོ་རྣམ་རྒྱལ་རྒྱ་ཆེར་ལྡན།། རྟོག་པ་ཐམས་ཅད ་བསྡུས་པའོ།། འཇམ་དཔལ་གྱི་རྩ་བའི་རྟོག་པ་ལས་བཏུས་པའི།། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ཕྱི་མའི་ཡང་ཕྱི་མ་ལས། འཕགས་པ་འཇམ་དཔལ་གྱི་བཤིན་རྗེ་གཤེད་ཀྱི་རྟོག་པར ་རྡེགས་པ་སྟེ།། ལེའུ་བཅུ་པའོ།། ། འཛེམ་པའི་དབྱངས་ཀྱི་ཁྲོ་བོ་ནི།། ཡི་གེ་གཅིག་པ་གཟད་ཟིན་ཏོ།། དེ་ནས ་གཞན་ཡང་དེའི་ནི།། རྟོག་པ་བསྡུས་པ་རྒྱ་ཆེན་གཤད།། གཤིན་རྗེ་རབ་ཏུ་འཇོམས་པའི།། ཞལ་ནི་ཧུཾ་ཞེས་བྱ་བ་ཡི།། དེ་ནས་འཇམ་དཔལ་ཁྲོ་བོ་ནི།། ཧཱུཾ་ཞེས་བྱ་བ་མཆོག་རིག་བྱ།། ་དེའི་དཀྱིལ་འཁོར་གཞན་ཡིན་ནོ།། འདོད་པ་ཀུན་སྤྲིན་ཤེས་པར་བྱ།། དུར་ཁྲོད་གནས་པ་གང་ཡིན་པའི།། ཁྲུ་བརྒྱད་པ་ལ་སྒོ་བཞི་པ།། ཡང་ན་ཁྲུ་བཞི་པ་ཡང་རུང་།། དུར་ཁྲོད་གནས ་བ་བཟང་པོ་སྟེ།། དུར་ཁྲོད་ཐལ་བས་བྲི་བར་བྱ།། དེའི་དབུས་སུ་ཡི་དགོས་བྲི།། ཡི་དགས་ཕྲེང་བ་དག་གིས་བརྒྱན།། སྒོར་ནི་ཡི་དགས་ཕྲེང་བ་བཞག། གྲཝ་ཐ་མ་དག་ཏུ་མགོ་བོ། ་བཞག། གྲུ་བཞི་རི་ཏྲི་ཤལ་བཞི་རྣམས་དང་།། ཐོད་པ་དག་ཀྱང་ཕྲེང་བར་བྱ།། གལ་ཏེ་བྲི་བར་ནུས་ན་ནི།། མཁས་པས་དེ་དག་ཐལ་བས་བྲི།། དེ་སྟེ་དེ་དག་རི་མོར་ནི།། བྲི་བ་དག་ཏུ་མ་ནུས་ན།། ་དེ་ཚེ་ས་གཞི་བཟང་པོ་ལ།། ཙན་དན་དམར་པོས་བསྐུས་ནས་སུ།། དུར་ཁྲོད་གནས་སུ་དང་བེ་ནི།། སྔགས་པས་ཡི་གེ་དགོད་པར་བྱ།། དེ་ནས་གཤིན ་རྗེ་རབ་འཇོམས་པ།། དེ་རུ་སྤྱན་དྲངས་མཆོད་པར་བྱ།། འཇིགས་པའི་ཞལ་ནི་འབར་བ་དྲག། དེ་བཞིན་ཞབས་དང་དྲག་དང་ལྡན།། སྨན་གསུམ་ཆར་སྤྲིན་སྔོན་པོའི་མདོག། ཕྱག་ཀྱང་བཅོད་དག ་གིས་བརྒྱན།། ཁྲོ་བོ་གཤིན་རྗེ་རབ་འཇོམས་པ།། གཟིགས་ལྤགས་ན་བཟའ་གསོལ་བར་དགྱེས།། མཚོན་ཆ་བཟང་པོ་དུ་མ་རྣམས།། ཡི་དགས་སྟེང་དུ་མཆོད་པ་དགྱེས།། འཇིམ་དཔལ ་ཁྲོ་བོ་གཤིན་རྗེ་གཤེད།། ཆོ་ག་བཞིན་དུ་མཆོད་ནས་ཀྱང་།། མར་དང་སྦྲང་རྩི་སྦྱར་བའི།། འོ་མའི་འབྲས་ཐུག་གཏོར་མ་དབུལ།། ཨ་ཀ་རིའི་བདུག་པ་དབུལ།། མར་མེ་དག་ནི་མར་ལ་བྱ། ་དེ་ནས་གཤིན་རྗེ་འཇོམ་པའི།། ས་བོན་ཡི་གེ་གཅིག་པ་འདི།། ཁྲོ་བོ་སྤྱན་སྔར་འདུག་ནས་སུ།། སྟོང་རྩ་བརྒྱད་དུ་ཟླས་པ་བྱ།། དེའི་འོག་ཏུ་མཁས་པ་ཡིས།། དུར་ཁྲོད་གནས་སུ་སློབ ་མ་བཞག། ཁྲོ་བོ་གཤིན་རྗེ་གཤེད་ཅེས་བྱ།། ཧཱུཾ་གི་ཞལ་ནི་ཟློས་ཤིང་བཟོད།། བཙུད་ནས་དེའི་སྙིང་ཁར་ནི།། ཧཱུཾ་ཞེས་བྱ་བ་བཞག་པར་བྱ།། དེ་ནས་ཤུལ་ལའི་ཕྱག་རྒྱ་ནི།། རས་ཀྱིས་གཡོགས ་ཏེ་བཅིང་བར་བྱ།། སློབ་མ་དག་ལ་ལེགས་བསྟན་ནས།། དེ་ཡང་མཆོད་པ་བྱེད་དུ་བཞུགས།། དེ་ནས་གཤིན་རྗེ་འཇོམས་པ་འདི།། ཁྲོ་བོ་མངོན་པར་དབང་བསྐུར་ན།། འཇམ་དཔལ་ཁྲོ་བོ ་གཤིན་རྗེ་གཤེད།། དེའི་ཡི་གེ་འབྲུ་གཅིག་པོ་ཡང་སྦྱིན།། དེ་ནས་མཆོད་པ་བྱས་ནས་ཡང་།། ཁྲོ་བོ་དེ་ནི་གཤེགསུ་གསོལ།། ཤུ་ལའི་ཕྱག་རྒྱ་བཅིངས་ནས་ནི།། དེ་བཞིན་རྟག་པར་ག་བྱེ ་སུ་གསོལ།། ཁྲོ་བོ་སྤྱན་དྲང་བ་དག་ཀྱང་།། ཤུ་ལའི་ཕྱག་རྒྱ་ལྡན་པར་བྱ།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས།། ཤ་ལ་རབ་ཏུ་བསྟན་པར་བྱ།། མཁས་པས་ལགས་པ་གཉིས ་དག་གིས།། སོར་མོ་ཕན་ཚུན་སྣོལ་ནས་སུ།། གུང་མོ་སོར་མོ་མཆོག་གཉིས་ནི།། དཔུང་ནས་གྱེན་དུ་བསྒྲེངས་ཏེ་བཞག། སྲིན་ལག་གཉིས་ནི་ནང་དུ་བཞག། མཛུབ་མོ་གཉིས་ཀྱི་དྲུང་དུ ་བཞག། དེ་ལྟར་དེ་ཉིད་སྒྲེངས་ནས་སུ།། ལྷག་མ་རྣམས་ནི་ངེས་པར་སྭ།། གཤིན་རྗེ་གཤེད་ཀྱི་ཕྱག་རྒྱ་འདི།། ཤུ་ལའི་ཕྱག་རྒྱ་ཞེས་བསྒྲགསོ།། དེ་ཡིས་ལས་རྣམས་ཐམས་ཅད་ནི།། ། ་རྣམ་པར་སྤྲད་པ་མེད་པར་བྱ།། དེ་ནས་གཞན་ཡང་རིམ་པ་བཞིན།། གཤིན་རྗེ་རབ་ཏུ་འཇོམ་པ་འདི།། སྔགས་རྣམས་ཐམས་ཅད་མ་ལུས་པ།། དཀྱིལ་འཁོར་འདིར་ནི་སྨྲ་བར་བྱ།། ཨོཾ ་ཧཱུཾ་ཏྲཾ། དབུས་ཀྱི་ཡི་དགས་ཀྱིའོ།། ཨཱཾ་ཧཱུཾ་ལཱཾ་མ་ཧ། ཡི་དགས་ཕྲེང་བའོ།། ཨོཾ་ཧཱུ~ཾ་ཛི་ཏྲཾ། ཡི་དགས་ར་སྨད་དེ། སྒོ་བཞི་ཅར་དུ། ཨཱི་ཧཱུཾ་ཧ། མགོ་སྟེ་ཐ་མ་རོ།། ཨཱཾ་ཧཱུཾ་ཧྲི་ཤི་ག་ཤུལ ་བཞི་ཆར་དགྱིའོ།། ཨི་ཧཱུཾ་ཧི་ཧ། ཐོད་པ་རྣམས་སོ།། ལྷོ་ཕྱོགས་ཀྱི་སྒོ་ཕྱི་ནས།། ལྷག་མ་གཞན་ཡང་དཔྱད་པར་བྱ།། དེར་ཁྲོད་གནས་རྟག་པ་རུ།། གཤིན་རྗེ་རབ་ཏུ་འཇོམས་པ་ནི། ་སྔགས་འདི་རྣམས་ཀྱིས་སྦར་བྱས་ནས།། དུར་ཁྲོད་ཀྱི་ནི་གནས་སུ་འགྱུར།། ཙན་དན་དམར་པོས་བསྐུས་པའི།། ས་གཞི་ཁྲུ་གང་ཙམ་ལ་ནི།། ཛིལྟ ་བུར་ཡང་གང་ཡང་རུང་།། དཀྱིལ་འཁོར་དག་ནི་བྲིས་ནས་སུ།། དེ་ནས་ཆོ་ག་ཤེས་པ་ཡིས།། སྔགས་ཀྱི་མཆོད་པ་རིམ་བཞིན་བྱ།། ཨཱ~ཾ་ཧུཾ་ཧྲི་ཤྲི་ཨ་ཀ་ཛ་ཡ་མ་པྲ་མ་ཐ་ན་སྭཱ་ཧཱ།། སྤྱན་དྲང་བའོ།། ་ཨོཾ་ཧཱུཾ་ཧྲི་ལ་ཀ་མ་ཐ་ན་སྭཱ་ཧཱ།། ཨརྒའི་སྔགས་སོ།། ཨཱ~ཾ་ཧཱུཾ་ཧྲི་ཤྲཱི་ཁུང་ག། དྲིའི་སྔགསོ།། ཨོཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ།། ཨ་ར་ལ་ར་ད་ན་ཧ། མེ་ཏོག་གི་སྔགས་སོ།། ཨོཾ་ཧཱུཾ་ཏྲི་དྷ་པ་ར་ཀ་ཧ། བསྡུག་པའི ་སྔགས་སོ།། ཨོཾ་ཧཱུཾ་ཛི་ཛི་ཧཱ། མར་མེའི་སྔགས་སོ།། ཨཱ~ཾ་ཧཱཾ་ཧཱཾ་ཧཱཾ་ཧཱཾ་ཧཱཾ་ཧཱུཾ། དྷཱི་ཁ་ཏ་ཀ་ཁ། གཏེར་མོའི་སྡིགས་སོ།། ཨོཾ་ཧཱུ~ཾ་སྭཱ་ཧཱ། ཁྲོ་བོ་བོ།། ཨོཾ་ཧཱུཾ་ཏྲིཥྚི་ཥགད་ཚ་ཧཱུཾ། སུ་ན་ར་ག་མེ་ན་ཡ ་སྭཱ་ཧཱ། སླར་གཤེགས་སུ་གསོལ་བའི་སྔགས་སོ།། ཁྲོ་བོ་རྣམ་པརི་རྒྱལ་བའི་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཕྱི་མའི་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་ཅིག་པ་རྒྱལ་པོའི ་དཀྱིལ་འཁོར་དགོད་པར་རྟོགས་པ་སྟེ་དང་པོའོ།། དེ་ནས་འདིར་ནི་རི་མཆོག། བསྒྲུབ་པོས་ནི་བྲི་བར་བྱ།། ཇི་སྐད་གསུངས་པའི་ལས་རྣམས་ཀྱིས།། བཟླས་པའི་ལས་ནི་རབ་ཏུ་བྱ།། རས ་ཕན་ཁྲུ་གང་ཙམ་པོ་ནི།། བཟང་པོ་གསར་བ་ཀྲུས་པ་ལ།། ཚོན་རྩི་བཟང་པོ་སྦྱིན་མེད་པས།། གཤིན་རྗེ་རབ་ཏུ་འཇིགས་པ་བྲི།། ཞལ་དྲག་དབུ་སྐྲ་གྱེན་དུ་བརྫེས།། དེ་ཡང་སྨན་གསུ ་འཇིགས་འཇིགས་ལྟ།། ཁྲོས་པའི་ཕྱག་ཀྱང་བཅཝོ་བརྒྱད་ལ།། ཞབས་རྣམས་རབ་ཏུ་གསལ་བ་དྲུག། གཟིག་གི་ལྤགས་པ་ན་བཟར་གསོལ།། ཚུལ་བཞིན་ཡི་དགས་སྟེང་ན་བཞགས། ་ཏྲི་ཤུལ་རལ་གྲིའི་འཁོར་ལོ་དང་།། དགྲ་སྟ་མཆོག་རྣམས་སྦྱིན་པའི་མཆོག། ལྕགས་མདའ་རྡོ་རྗེ་བེ་ཅོན་བསྣམས།། ཐོག་མ་ར་ཡང་བསྣམས་པ་ནི།། གཡས་པའི་ཕྱག་སྟི་གཡོན ་པ་ན་འགན་ཏེ་ཞགས་པ་གཤོལ་དང་གཞུ།། ཐོད་པ་ལྕགས་ཀྱུ་ཤག་ཏི་དང་།། པ་ཏི་ས་དང་དེ་བཞིན་བསྡིག། དེ་ལྟར་ཇི་སྐད་གསུངས་པའི་གཟུགས།། བུང་བ་དང་ནི་སྤྲིན ་འདྲ་བ།། བྲིས་ནས་དེ་ཡང་ལེགས་པར་སླ།། ཡིད་དུ་འོང་བའི་གནས་དག་ཏུ།། གཞན་ནས་བཟླས་པ་དག་ཀྱང་བྱ།། བཟླས་པའི་ཆོ་ག་འདིར་བཤད་དོ།། རིག་པ་འཛིན་པས་རྟག ་པ་རུརྫ་འབར་བའི་སྔགས་ཀྱིས་ཁྲུས་བྱའོ།། བདུད་རྩི་འབྱུང་བའི་སྔགས་ཀྱིས་ནི།། ཐོག་མར་ཚུལ་བཞིན་ཁ་བཀྲས་ན།། བདག་གིས་ལུས་ལ་སྔགས་ཤེས་པས།། དེ་ནས ་བསྲུང་བ་ལེགས་པར་བྱ།། དེའི་འོག་ཏུ་ཆོ་ག་བཞིན།། མཁས་པས་ཁྲོ་བོའི་ཁང་པར་བཞུགས།། ཞུགས་ནས་ཀུ་ཤ་ལས་བྱས་པའི།། སྟན་བཟངས་དེ་ལ་འདུག་ནས་སུ།། ་དེ་ནས་ཆོ་ག་སྔོན་གསུངས་པས།། ཁྲོ་བོ་ལ་ནི་མཆོད་པ་བྱ།། ལག་པ་གཉིས་ནི་ཧྲི་བྱུག་པས།། སྔགས་ཀྱི་ནོར་བུ་བླངས་ནས་སུ།། ཉེས་པའི་སྐྱོན་དག་སྦྱངས་པའི་ཕྱིར།། ཁྲོ་བོ་བདུད ་རྩི་ལན་བདུན་བཟླས།། དེ་ནས་སྔགས་པས་ཁྲོ་བོ་ལ།། མངོན་པར་ཕྱོགས་འདུག་བཟླས་པ་བྱ།། རབ་ཏུ་དང་ཞིང་རྩེ་གཅིག་ཡིན།། ཡིད་ནི ་མི་སྐྱོ་བར་དུ་བཟླས།། དེ་ནས་བཟླས་པས་མཁས་པའི་མཐར།། ཁྲོ་བོ་གཤིན་རྗེ་རབ་འཇོམས་པ་དང་།། ཤུ་ལའི་རྒྱས་བཅིངས་གཤེགས་སུ་གསོལ།། དེ་ལྟར་ལེགས་པར་ཉིན་རེ ་བཞིན།། ཡི་གེ་གཅིག་པའི་སྔགས་འདིས་ནི།། རྣམ་པ་ཀུན་ཏུ་ཆོ་ག་བཞིན།། གང་ཞིག་བྱེ་བ་གཅིག་བཟླས་པ།། དེ་ནི་དངོས་གྲུབ་དམ་པ་ཐོབ།། དེ་ནས་གཞན་ཡང་ཅི་བསྟན་པ། ་ཁྲོ་བོ་ཉིད་ཀྱིས་གསུངས་པའི།། ཆོ་ག་དག་གིས་སྔགས་རྣམས་ནི།། བསྒྲུབ་པ་རྣམས་ལ་ཕན་ཕྱིར་གཤད།། ཨོཾ་ཧུ~ཾ་ཏིབ་ཏ་རྩ་ཡེ་སྭཱ་ཧཱ། ཁྲུས་ཀྱིས་སྔག་སོ།། ཨོཾ་ཨ་མྲི་ཏ་སྲ་བཾ་བ། ་བཀྲུ་བའི་སྔགས་སོ།། ཨཱ~ཾ་ཧཱུཾ་སྭཱ་ཧཱ།། ཏོ་རཀྵ་རཀྲཱ་མན་ཏ་ཐ་ག་ཏོ་གཉིན་པ་ཡ་ཏི་སྭཱ་ཧཱ།། བསྲུང་བའི་སྔགས་སོ།། ཨོཾ་ན་མ་སརྦ་ཏ་ཐ་ག་ཏི་བྱ།། ཧཱུ~ཾ་མ་ཛྲ་གོ་ཤ་ཛྙཱ་ན་ས་ཡ་སརྦ་དུཤྭཱན་བྷན ་དྷ་བྷན་དྷ་སྭཱ་ཧཱ། གདུག་པ་རྣམས་བཅིང་བའོ།། ཨོཾ་ན་མ་སྭ་བྷ་ཏ་ཐག་ཏ་བྷཱ། ཧཱུ~ཾ་ཏྲི་པྲེ་ག་ར་ཕཊ། ར་བའི་སྔགས་སོ།། ཨོཾ་ན་མ་སརྦ་ཏ་ཐཱག་ཏེ་བྷྱ། ཧཱུ~ཾ་ཧཱུཾ་ཧཱུ~ཾ་ཧཱུ~ཾ་ཧཱུ~ཾཧཱུ~ཾ།། ཡ་མ་པྲ་ཐ་ན་རཿ། ་རཀྐ་མན། སབ་ཏ་ཐཱ་ག་ཏ་པུ་ཡེ་བྱ།། ཏ་ཐཱ་ག་ཏོ་ན་པ་ཡི་ཏི་སྭཱ་ཧཱ།། འདི་ནི་ཡན་ལག་ཐམས་ཅད་བསྲུང་བའོ།། ཨོཾ་ཧཱུ~ཾ་ཀ་ལ་མ་ཐན་ཕཊ། ཁྲོ་བོའི་ཁང་པར་བདུག་པའི་སྔགས་སོ།། ་ཨོཾ་ཧཱུཾ་རཀྵ་རཀྵ་མན་སཱ་ཧ། གདན་གྱི་སྔག་སོ།། ཨོཾ་ཧཱུ~ཾ་སིདྡྷི་ཛ་ཛ། སྔགས་ཀྱི་ནོར་བུ་བླངས་པའི་སྔགས་སོ།། ཨོཾ་ཧྱཱ་ཀྲོ་ཏ་ཡ་མྲི་ཏ་ཛ་གད་པྲ་བ་སྭཱ་ཧཱ། སྔགས་ཀྱི་ནོར་བུ་ལ་དབབ་པའི ་སྔགསོ།། ཁྲོ་བོ་རྣམ་པར་རྒྱལ་བ་འཛམ་དཔལ་གྱི་རྩ་བའི་རྟོག་པ་ཕྱི་མ་ལས།། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་ཅིག་པའི་རྒྱལ་པོའི་རི་མོ་དང་།། བཟླས་པའི་ཆོ་གར་རྟོག་པ ་སྟེ་ལེའུ་གཉིས་པོ།། །། དེའི་སྔོན་དུ་བསྙེན་པ་ནི། བྱེ་བ་ཅིག་ཏུ་ངེས་པར་བྱེད།། ཁྲོ་བོའི་བརྟུལ་ཞུགས་ཀྱིས་སྤྲད་ན།། དངོས་གྲུབ་མཆོག་ནི། ་ཐོབ་པར་འགྱུར།། ཤིང་ལས་བྱས་པའི་ཐོད་པ་ནི།། ཉི་ཤུ་རྩ་བརྒྱད་སོར་ཆད་བྱས།། མཁས་པའི་ཏྲི་ཤུལ་རྣོན་པོ་ནི།། ལག་པ་གཡས་དང་གཡོན་དུ་བཟུང་།། གཟིག་ལྤག་གྲི་ནི ་གོས་གོན་ནས།། ལུས་ནི་ཐལ་བ་དག་གིས་བསྐས།། རུས་པ་དག་གི་ཕྲེང་བ་ཡི།། རྒྱན་དུ་བྱས་ནས་བརྟུལ་ཞགས་སྤྱོད།། འཇིག་རྟེན་འཇིགས་པར་བྱེད་པའི།། གད་མོ་སྒ་ཆེན ་དག་ཀྱང་སྤྲིན།། དུར་ཁྲོད་དམ་ནི་ཤིང་ཅིག་གམ།། རི་འམ་ཡང་ན་ཚལ་ཡང་རུང་།། མཁས་པས་ཟླ་བ་དྲག་ཏུ་ནི།། ལྕི་བ་བཟའ་ཞིང་བརྟུལ་ཞུགས་སྤྲད།། བློ་ལྡན་གྲོང་དུ་ཡོད ་མ་འགྲོ།། མཉམ་པོར་བཞག་ཅིང་ཀྱི་ཧཱ།། གཙང་ཤིང་གཟང་བར་སྤྱོད་པ་དུལ།། རྟག་ཏུ་བདེ་བཤེགས་དང་ལྡན་པ།། བྱང་ཆུབ་སེམས་དང་ཀུན་ལྡན་ད་།། ཐེ་བོ་བ་མ ་ཞུགས་གང་སྤྱོད་པ།། རྟག་ཏུ་བཟླས་པ་རྩོན་བྱེད་པ།། དེ་ནི་དངོས་གྲུབ་མཆོག་ཐོབ་འགྱུར།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། དངོས་གྲུབ ་གཞན་དུ་ཡོངས་མི་འགྱུར།། གང་ཚེ་འདིའི་བརྟུལ་ཞགས་ནི།། བསྙེན་པ་བྱ་བར་མི་ནུས་ན།། དེ་ཚེ་ལྕི་བ་ཟ་ཞིང་ནི།། ཚུལ་བཞིན་བྱེ་བ་གསུམ་དུ་བཟླས།། དེ་ནས་བཟླས་པའི་ཐ་མར ་ཡང་།། མཁས་པས་མཆོད་པ་རྒྱ་ཆེན་བྱ།། མེ་ཏིག་ཚེ་ག་འཛའ་ཏི་སྟོང་།། རི་མོ་དག་ལ་མཆོད་པར་དབུལ།། རིག་པ་འཛིན་པས་ལེགས་པ་རུ།། དེ་ལ་ཕོག་པར་ཕུལ་ནས་ནི།། གང་ཚེ ་རབ་ཏུ་འབར་གྱུར་ནས།། དེ་ཚེ་རི་མོ་དེ་ཡཱི་ནི།། ན་མཁར་འཕུར་བར་གདོན་མི་ཟ།། དེ་ནས་རིག་འཛིན་ཐམས་ཅད་ཀྱིས།། མཆོག་ཏུ་གྱུར་ཏེ་ཐོག་མར་འགྲོ། འོན་ཏེ་ཕོག་པར་ཕུལ་བ་ན། ་རབ་ཏུ་གཡོ་བར་གྱུར་ན་ནི།། རྟོག་པས་ཇི་སྐད་གསུངས་པའི།། དེ་ལ་དངོས་གྲུབ་འབྲིང་དུ་འགྱུར།། དེ་སྟེ་རབ་ཏུ་མི་གཡོ་བར།། རི་མོ་རབ་ཏུ་འདུག་ན་ནི།། དངོས་གྲུབ་ཐ་མ་ཐོབ་པར་འགྱུར།། ་དེ་ལྟར་དངོས་གྲུབ་རྣམ་གསུམ་བཤད།། ལུས་ནི་ཉོན་མོངས་སྤྲད་པ་ལས།། དངོས་གྲུབ་རྣམ་གསུམ་ཐོབ་པར་འགྱུར།། བརྟུལ་ཞགས་བསྙུང་བར་འདུག་ལ་འབད།། ཡང་ན་ཆུ་འམ ་རླུང་དག་བཟའ།། ཅི་ལ་མ་ཆགས་ཕྱུགས་ཅིན་བཏུང་།། བྱང་ཆུབ་སེམས་དང་ཀུན་ལྡན་ན།། དེ་ཚེ་དངོས་གྲུབ་དམ་པ་ཐོབ།། རིག་པའི་མཆོག་ཀུན་བསླབ་པ་ལ།། དངོས་གྲུབ་མཆོག ་དང་འབྲིང་རྣམས་དང་།། ཐ་མས་དག་ནི་བསྒྲུབ་པའི་ཕྱིར།། འདིའི་ཕྱིར་ནི་བསྟན་པ་ཡིན།། གང་ཚེ་དངོས་གྲུབ་མཆོག་རྣམས་དང་།། འབྲིང་དག་གང་ཚེ་ཐ་མ་དང་།། ལོང་སྐྲོད་རྟག་ལ་འདོད ་པ་ནི།། དེ་ཚེ་རྟག་པར་བཟླས་པ་བྱ།། དེ་ཚེ་ཆོ་ག་གཞན་དག་ཀྱང་།། དེ་ནས་མདོར་ནི་བཤད་པར་བྱ།། ས་གཞི་རབ་ཏུ་འདངས་དགའ་མ།། ལྕི་བ་བཟང་པོས་སྐས་པ་མ།། དེར་ནི་ཙན་དན ་དབར་པོས་ཡིས།། དཀྱིལ་འཁོར་དག་ནི་མཁས་པས་བྱ།། དེ་ཡང་བཟང་པོ་ཁྲུ་གང་བྱ།། རབ་ཏུ་མཉམ་ཞིང་ཡིད་དུ་འོང་།། གུ་ཤིན་རྗེ་རབ་ཏུ་འཇོམས་པ་གང་།། དཀྱིལ་འཁོར་དུར ་ཁྲོད་གནས་གསུངས་པས།། དེ་ནས་དེར་ནི་སྔགས་མཁན་གྱིས།། དཀྱིལ་འཁོར་མཆོག་དེ་བྱས་ནས་སུ།། དེའི་འོག་ཏུ་སྔགས་རིག་ལས།། ཇི་ལྟར་གསུངས་པའི་ལས་དག་གིས།། ཅི་འབྱོར ་པ་ནི་ཅི་ནུས་པས།། ཁྲོ་བོ་ལ་ནི་མཆོད་པ་བྱ།། ཉི་མ་རེ་རེ་ཆོ་ག་བཞིན།། བཟླས་པ་དག་ཀྱང་སྟོང་དུ་བྱ།། དེ་ལྟར་རྟག་ཏུ་བྱས་པ་ཡིས།། འདོད་པའི་འབྲས་བུ་ཐོབ་པར་འགྱུར།། འཇིག་རྟེན་ཐད ་དགའ་བར་ཡང་།། གདོན་མི་ཟ་བར་འདི་འགྱུར་རོ།། དེའི་དགྲ་ཡང་མེད་པར་འགྱུར།། ནད་མེད་པར་ཡང་གདོན་མི་ཟ།། དེའི་ལོངས་སྤྱོད་འཕེལ་བར་འགྱུར།། རྒྱལ་པོ་དེའི་དབང་དུ་འགྱུར།། ་གང་ཞིག་རྟག་པར་ཆོ་ག་འདི།། གཤིན་རྗེ་གཤེད་ནི་བཟློས་བྱེད་ན།། དེ་ནས་སའི་དབང་པོ་དང་།། གཡོ་མིག་ཡེའི་འཇིག་རྟེན་རྣམས།། བྱང་ཆུབ་སེམས་ལྡན་དེ་ཡིས་ནི།། དབང་དུ་འགྱུར ་@བ་གདོན་མི་ཟ།། ཁྲོ་བོ་རྣམ་པར་རྒྱལ་བའི་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཕྱི་མ་ལས། གཤིན་རྗེ་རབ་ཏུ་འཇོམས་པའི་ཡི་གེ་འབྲུ་ཅིག་པའི་རིམ་པའི་བརྟུལ་ཞུག ་སུ་རྟོགས་པ་སྟེ། ལེའུ་གསུམ་པའོ།། ། དེ་ནས་གཞན་ཡང་བརྟུལ་ཞགས་ཀྱིས།། བསྒྲུབ་པའི་ལས་རྣམས ་བཤད་པར་བྱའོ།། དངོས་གྲུབ་མཆོག་རྣམ་ཐམས་ཅད་ནི།། གཤིན་རྗེ་རབ་ཏུ་འཇོམས་པ་འདི།། བརྟུལ་ཞུགས་དག་ནི་འདི་ཉིད་ཀྱིས།། རྣམ་པ་ཀུན་ཏུ་བསྒྲུབ་པར་བྱ།། ཕལ ་ཆེར་དངོས་གྲུབ་མཆོག་རྣམས་ནི།། བརྟུལ་ཞགས་མེད་ན་མི་འགྲུབ་སྟེ།། དེ་བས་གཤིན་རྗེ་རབ་འཇོམས་པ།། བརྟུལ་ཞགས་སྤྱོད་པ་བྱས་ནས་སུ།། དངོས་གྲུབ་མཆོག་རྣམས ་ལེགས་པར་བསྒྲུབ།། མཁས་པ་གཞན་ལི་མེ་བྱིན་ཏོ།། ཇི་སྐད་བསྟན་པའི་མཚོན་ཆ་རྣམས།། རྩ་བ་རྟོག་པའི་ཆོ་ག་རྣམས།། སྔགས་ཀྱི་སྦྱོར་བ་སྔ་མ་བཞིན།། དེ་དག་ཐམས་ཅད ་ལེགས་པར་བསྒྲུབ།། དེ་ལ་འདིར་ནི་རྟག་པ་རུ།། དུར་ཁྲོད་གནས་པའི་དཀྱིལ་འཁོར་དུ།། དངོས་གྲུབ་ཐམས་ཅད་རབ་སྦྱིན་པ།། བྱེ་བྲག་དེ་ནི་ལོགས་ཤིག་གསུངས།། རལ་གྲིས ་འོག་རོ་ལངས་དང་།། མིག་འཕྲུལ་ཨ་འཇ་འགི་ཧང་དང་།། ཡུང་ཀར་བ་བླ་ཙག་རྣམས་དང་།། གཞན་ཡང་རོང་དག་ཅི་འདོད་པ།། མི་སྣང་བ་དང་རྐང་འགྱོགས་དང་།། ་ཁུ་བ་ཡང་ན་རས་ཡིན།། གནོད་སྦྱིན་པོ་རྣམས་བསྒྲུབ་པ་དང་། ཀླུའི་བུ་མོ་ལ་སོགས་བསྒྲུབ།། དགུག་པའི་ཆོ་ག་དམ་པ་ཡིས།། བུད་མེད་དཔ་པསྤྱད་ཅིང་བསྒྲུབ།། རྩ་བའི་རྟོག་པ ་ཆོ་ག་ཡིས།། རྡུལ་བཞིན་གནས་ནས་བསྒྲུབ་པ་བྱ།། དེ་ལ་འདིར་ནི་ཁྲོ་བོའི།། ཡི་གེ་འབྲུ་ཅིག་བྱེད་པར་བཤད།། དེ་བས་ཇི་སྐད་བསྟན་པ་ཀུན།། མ་སྲོས་པར་ཡང་འགྲིབ་པར་བྱ།། འཇམ། ་དཔལ་ཁྲོ་བོའི་རྟོག་པ་འདི།། ཧཱུཾ་ཞེས་བྱ་བ་རྒྱས་པ་སྟེ།། འདི་ནི་རྩ་བའི་རྟོག་པ་སྟེ།། བསྡུ་བར་ཡོངས་སུ་བསྒྲགས་པའོ།། ཁྲོ་བོ་རྣམ་པར་རྒྱལ་བའི་འཇམ་དཔལ་གྱི་རྩ་བའི་རྟོག་པ་ཕྱི་མའི་ཕྱི་མ ་ལས།། ཁྲོ་བོ་གཤིན་རྗེ་བཤད་ཀྱིས་གསུངས་པའི་རྩ་བའི་རྟོག་པར་རྟོགས་པ་སྟེ།། ལེའུ་བཞི་པའོ།། །། རྟོག་པ་མདོ་རུ ་བསྡུས་པ་དང་།། རྒྱས་པ་དག་ཏུ་བཤད་པ་དང་།། བརྟུལ་ཞུགས་དང་ནི་ངེས་པ་ཡིས།། བསྒྲུབ་པ་ཅི་བསྟན་བཞད་པ་ཡིས།། དེ་ནས་ཁྲོ་བོ་གཟི་ཆེན་གྱིས།། ཞལ་དྲག་ཧཱུཾ་ཞེས་བྱ་བའི་སྔ་། ་བཟླས་པ་ཙམ་གྱིས་འགྲུབ་པ་ནི།། གསང་བ་མདོ་རུ་བཤད་པར་བྱ།། རྟུལ་ཞགས་སྤྲད་དང་བརྟུལ་ཞགས་བཀའ།། འདི་དག་འདི་ལ་ཡོངས་མེད་དེ།། ལན་ཅིག་བཟླས་པ་ཙམ་གྱིས་ནི། ་འ་བྱུད་པ་། ས##། ་ཡི་གེ་བཞི་བཅུ་རྩ་གསུམ་འདི།། ཁྲོ་བོ་ཀླགས་པ་ཙམ་གྱིས་འགྲུབ།། དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར།། སངས་རྒྱས་ཀུན་གྱིས་མངོན་པར་བསྟོད།། ་དེ་ནི་ལྷག་པར་བཟླས་ན་ནི།། དངོས་གྲུབ་ཐམས་ཅད་སྟེར་བར་བཤད།། དུར་ཁྲོད་གནས་སུ་རྟག་པ་ནི།། རྟག་ཏུ་བཟླས་པའི་ཆོ་ག་འདིས།། ལྷ་དང་ལྷ་མིན་དྲི་ཟ་དང་།། གནོད་སྦྱིན་སྲིད ་བོ་ཀཱའི་རིགས།། དཔག་ཚད་བདུན་ནི་འཁོར་ཡུག་ཏུ།། དེའི་གཟི་ནི་དབྱེ་བར་འགྱུར།། ཁྲོ་བོ་གཤིན་རྗེ་གཤེད་མཛད་པ།། ཞལ་དྲུག་ཧཱུཾ་གི་སྔགས་འདི་ནི།། གང་ཞིག་ཟློས་པར་བྱེད་ན་ནི ་འགྲེ་དང་མི་འགྲོ་འཇིག་རྟེན་ན།། དེ་ལ་བཀའ་བ་ཅུང་ཟད་མེད།། ཞལ་དྲུག་ཧཱུཾ་ཞེས་བྱ་བའི་སྔགས།། ཤ་ལའི་ཕྱག་རྒྱར་ལྡན་པ་ནི།། ཁྲོ་བོ་རྣམ་རྒྱལ་རྒྱུད་འདི་ལ།། དེ་ནི་གྲུབ་པར་རབ་ཏུ ་བཟླས།། དུར་ཁྲོད་གནས་སུ་ཆོ་ག་བཞིན།། དེའི་སྔོན་དུ་བསྙེན་པ་ནི།། ཐོག་མ་ཉིད་དུ་ཅིག་འབུམ་བྱ།། དེ་ནས་རྟག་པའི་ཆོ་ག་བཤད།། རྟག་པོའི་སྤྱོད་པའི་ཆོ་ག་ཡིས།། དང་པོར ་ཅིག་འབུམ་བཟླས་པར་བྱ།། ཇི་སྐད་གསུངས་པའི་ལས་རྣམས་ཀྱིས།། དེའི་འོག་དུ་བསྒྲུབ་ལ་འཇུག། རྩ་བའི་རྟོག་པའི་ཆོ་ག་ཡིས།། དེ་དག་ཐམས་ཅད་བསྒྲུབ་པར་བྱ།། ཞལ ་དྲག་ཙ་ཞེས་བྱ་བ་ནི།། རྟོག་པའི་མདོར་ནི་བཤད་པར་བྱ།། འཇམ་དཔལ་ལས་བྱུང་ཁྲོ་བོ་ནི།། ཧི་ཞེས་བྱི་ཞལ་ཉིད་ཡིན།། གཤིན་རྗེ་གཤེད་ཅེས་བྱ་བར་གྲགས།། འདི་ལ་དགའ་བ་ཅི ་མང་མེད།། ཐེ་བོན་པ་ནས་མདོར་།། རྟོག་པཟང་པོ་ཅི་གསུངས་པ།། ཏོག་པ་དེ་ནི་རབ་དུ་བཤད།། ཞལ་དྲུག་ཙྪ་ཤེས་བྱ་བ་ཡིན།། ཧཱུ~ཾ་བྱབ་དྲུག་དུ་བསྒྲགས།། དེ་བཞིན་གཞན་ཡང་རྟ། ་པ་རུ།། ཧཾ་དང་ཡི་གེ་ཕྱི་མར་བསྒྱུར།། ཧཱུ~ཾ་གི་མཐར་རིནི་བསྐུལ་བར་བྱ།། ཧཱི་ཏྲཾ་ཤུ་ལའི་ཕྱག་རྒྱར་ལྡན།། རི་རྣམས་ཀུན་ཀྱང་འགས་པར་བྱེད།། ཧ~ཾ་ཧྲི་ཏྲཾ་རབ་དུ་སྦྱར་ནས་ནི།། མྱུར་དུ་ས་ཡང་གཡོ་བར ་བྱེད།། ཧཱི་རིགས་སྔགས་ཐམས་ཅད་གཅོད་པ་དང་།། ཚོན་ཆ་ག་རྣམས་ནི་གཅོད་པར་མཛད།། ཤལ་ལིའི་ཕྱག་རྒྱ་དང་ལྡན་པ།། ཧཱི་གི་རྟག་པ་རབ་བསྒྱུར་ན།། བདུད་པ་རྣམས་ནི་གཟའ་བ་དང་།། དགྲར ་དཔུང་དག་རབ་དུ་འཇིགས།། ཧཱུ~ཾ་ཀེ་རབ་དུ་སྦྱར་ནི་ནི།། གླང་པོ་གནོན་པར་རབ་ཏུ་གྲགས།། ཧཱུཾ་ཐ་མཚོན་ཆ་ཀུན་ཕན་ཚེ།། ལྷ་དང་ལྷ་མིན་འཇིགས་པར་བྱེད།། ཧཱུཾ་ཧ་དཔུང་རྣམས་འཇིག ་པ་དང་།། རྨོངས་པར་བྱེད་པར་རབ་ཏུ་གྲགས།། ཧཱུཾ་དགྲ་རབ་ཏུ་སྦར་ན་ནི།། ཕན་ཚུན་མཚོན་ཆ་འཁྲུག་པར་བྱེད།། ཧཱུཾ་ཛ་རབ་དུ་སྦར་ན་ནི།། སླར་ཡང་ཐར་བར་བྱེད་པ་ཡིན།། ཧཱུཾ་གི ་གླང་པོ་སིང་གེ་དང་།། རྟ་དང་མི་དང་བྱ་རྣམས་དང་།། གྲུ་དང་ཤོང་རྟ་ཞོན་པ་དང་།། འབབ་ཆུ་དག་ཀྱང་མྱུར་བ་རི་ན།། ཤུ་ལོའི་ཕྱག་རྒྱར་ལྡན་བྱས་ན།། གནོད་སྦྱིན་པར་བྱེད་པའི ་མཆོག་ཡིན་ནོ།། ཧཱུཾ་མྲ་རབ་ཏུ་སྦྱར་ན་ནི།། མནན་པ་རྟག་ཏུ་ཐར་བར་བྱེད།། ཧཱུཾ་ཧྲི་རབ་ཏུ་སྦྱར་ན་ནི།། ལྷ་དང་ལྷ་མིན་གཞན་ཡང་འགུགས།། དངོས་གྲུབ་ཕྲ་མོ་ཐམས་ཅད་ལ།། ་། བསྐལ་ན་དེའི་འབྲས་བུར་འགྱུར།། ཧཱུཾ་བཾ་ཀུན་ཏུ་དབང་བྱེད་ན།། ཏ་དང་སྦར་ན་སྡང་བར་བྱེད།། མ་དང་སྦྱར་ན་གསོད་པར་བྱེད།། ཡ་དང་སྦར་ན་དེ ་བཞིན་སྐད།། ཝ་དང་སྦར་ན་ཞི་བར་བྱེད།། ལ་དང་སྦྱར་ན་མིག་འཕྲུལ་བྱེད།། བེ་བྱེད་ལ་སོགས་གཞན་རྣམས་ཀྱང་།། རྩ་བའི་རྟོག་པ་ལ་སྦྱར་བྱ།། དེ་ནས་ཇི་སྐད་གསུངས་པའི།། ཝ ་རྣམས་ཀྱིས་ནི་བསྒྲུབ་པར་བྱ།། དེ་ལྟར་གཤིན་རྗེ་གཤོད་པོ་འདི།། དངོས་གྲུབ་ངེས་པར་ཐོབ་པར་འགྱུར།། འདི་ནི་ཁྲོ་བོ་རྣམས་རྒྱལ་གྱིས།། རྟོག་པ་ཡི་གེ་གཅིག་གི་པ་གང་།། འཇམ ་དཔལ་ཁྲོ་བོའི་གཙོ་བོའི།། གསང་བ་དམ་པ་བཤད་པ་ཡིན།། ཁྲོ་བོ་རྣམ་པར་རྒྱལ་བའི།། འཇམ་དཔལ་གྱིས་རྩ་བའི་རྟོག་པ་ཕྱི་མའི་ཕྱི་མ་ལས།། ཁྲོ་བོ་གཤིན་རྗེ་གཤེད་རྒྱལ་པོ་ཞལ ་དྲག་ཧཱུཾ་ཞེས་བྱ་བ་ལས་བྱུང་བའི་རྟོག་པའི་རྟོགས་པ་སྟེ།། ལེའུ་ལྔ་པའོ།། ། དེ་ནས་རྟག་པ་རབ་རྒྱས་པ།། གཤིན་རྗེ་བཤེད་ནི་གཅིག་པུ ་བའི།། རྟོག་པ་ཀུན་གྱི་ཆོ་གི་མཆོག། དོན་གྲུབ་ཅེས་བྱ་བཤད་པར་བྱ།། དེ་ལ་རིག་འཛིན་དཔལ་ལྡན་པས།། ལས་རྣམས་ཐམས་ཅད་འགྲུབ་པའི་ཕྱིར།། མཉམ་བཞག་བྱང་ཆུབ་སེམས་ལྡན ་བས།། ཐོག་མར་དཀྱིལ་འཁོར་བྲི་བར་བྱ།། མཚོན་ཆ་རྒྱ་མཚོའི་འགྲམ་དག་དང་།། གཅོད་རོང་དུར་ཁྲོད་དུ་ཡང་རུང་།། དེ་ནས་དེར་ནི་ས་བརྟགས་ནས།། མེ་ཏོག་བསིལ་མ་དག་གིས་བརྒྱན། ་དཔའོ་ཅིག་པུ་སྔགས་འབར་བ།། མེ་ལྕེའི་ཕྲེང་བ་འཁྲུག་བྱས་པ།། ས་ཡང་སྐྱུ་རུ་ར་ལ་སོགས།། ཟོས་ན་ཁྲུས་ནི་བརྩམ་པར་བྱ།། རིག་འཛིན་ཁྲུས་བྱས་གཙང་མ་ཡིས།། དེ་ནས་སྔགས ་དེ་ཐམས་ཅད་ནི།། བདག་གི་ལུས་ལ་དགོད་པར་བྱ།། ཁྲོ་མིག་དམར་པོ་གྱུར་པ་ཡིས།། དེ་ནས་ས་ཕྱོགས་གཙང་མ་ནི།། ཕྱག་དར་ཟང་ཟིང་ཡོངས་སྤང་བ།། བགེགས་རྣམས་ཞི་བར་བྱ ་བའི་ཕྱིར།། གསང་སྔགས་ཟློས་ཤིང་བལྟ་བར་བྱ།། དེ་ནས་ཁྲོ་བོ་བཤིན་རྗེ་གཤེད།། གཅིག་པུ་དཔའ་བོའི་སྔགས་ཟློས་ཤིང་།། དཀྱིལ་འཁོར་བཟང་པོ་གྲུ་བཞི་པར།། དུ་ཁྲོད་ཐལ ་བས་བྲི་བར་བྱ།། ནུབ་ཕྱོགས་སྒོར་འདོད་སྒོ་བཞི་པ།། དེའི་དབུས་སུ་པདྨོ་བྲི།། བེ་ཅོན་ཕྱག་རྒྱ་རྩེ་ལྡན་པ།། ཁྲུ་བཞི་དག་ཏུ་བྲི་བར་བྱ།། འདི་ནི་བེ་ཅོན་མང་པོ་ཡི།། ཤུ་ལིའི་ཅན་གྱི་ཤུ ་ལ་མང་།། དེ་བཞིན་ཤ་ག་ཏི་མ་ཞེས་བྱ།། དེ་བཞིན་ཐོད་པ་མང་པོ་ཡིན།། མི་རོ་ལྡན་པའི་མི་རོ་ཡིན།། མི་རོ་མི་སྦག་མགོ་མེད་པ།། ཡི་དགས་འབར་དང་སྲིན་པར་ལྡན།། དེ་བཞིན ་དུ་ཁྲོད་མང་ཞེས་བྱ།། ཕྱོགས་བཅུ་ཀུན་ཏུ་འཇིགས་པ་ཅན།། གཤིན་རྗེ་གཤེད་པོ་དཔའ་བོའི།། དཀྱིལ་འཁོར་རྣམ་པ་དྲག་ཏུ་བཤད།། དེ་ལ་བེ་ཅོན་མང་པོ་ནི།། ལོངས་སྤྱོད ་ཐམས་ཅད་འཕེལ་བར་བཤད།། ཤུལ་མང་པོའི་སྲིན་པོ་རྣམས།། འཇོམས་པར་རབ་ཏུ་གྲགས་པ་ཡིན།། དེ་བཞིན་ཤོག་ཏི་མང་པོ་ནི།། བགེགས་རྣམས་ཐམས་ཅད་ཚར་གཅོད ་པཛྲཐོད་པ་མང་པོ་ཞེས་བྱ་བ།། འཁྲུལ་འཁོར་ཐམས་ཅད་རབ་ཏུ་འཇིགས།། མི་རོ་མང་པོ་ཞེས་བྱ་བ།། རོ་ལངས་ཐམས་ཅད་བསྒྲུབ་པ་པོ།། དུར་ཁྱོད ་མར་པོར་རབ་གྲགས་པ།། དངོས་གྲུབ་ཐམས་ཅད་རབ་སྦྱིན་པ།། དེ་ལ་པདྨོའི་དབུས་སུ་ནི།། འཇམ་དཔལ་གྱི་ནི་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ཅེས་བྱ་བ་དེ།། ཆོ་ག་བཞིན་དུ་ཞགས ་བར་བསམ།། ཨིན་ཌ་ནེ་ལིའི་ཅག་པོ་འདྲ།། ཞལ་དྲག་ཀྱང་ནི་འཇིགས་པར་འཇིགས།། ཁྲོས་ཤིང་ཞལ་ནི་དགྲད་པ་སྟེ།། འཇིགས་འཇིག་ལྟ་ལ་འཇིགས་པ་གནོན།། སྦྲན་གས ་དབུ་མང་གྱེན་དུ་རྗེས།། ཚེམས་ཀྱིས་གནན་འཇིགས་འཇིགས་ལྟ།། ཕྱག་བཅཝ་བརྒྱད་ནི་དྲན་པར་བྱ།། ཞབས་ཀྱང་རབ་ཏུ་འབར་བ་དྲུག། མི་རོ་མགོ་མེད་ཕྲེང་བ་ཡིས།། སེ་རོལ་ཁའི ་བརྒྱན་དུ་བྱས།། ཤག་ཏའི་ཐོ་བ་ཞགས་པ་དང་།། རལ་བྲི་ཀྱོ་བཞགས་པ་ཐོགས།། ཏྲི་ཤུལ་རྡོ་རྗེ་དབྱུག་ཏོ་དང་།། བེ་ཅོན་མཚོན་ཆ་བཟང་པོ་བསྣམས།། དེ་ལྟར་གཡས་ཀྱི་ཕྱག་ན ་བསྣམས།། གཡོན་པ་སྡིག་འཇུབ་དྲིལ་བུ་དང་།། ཐོབ་བཟང་པོ་ཁ་ཏྲཾ་ཀ། མི་མགོ་རློན་པ་དང་མི་རྗེས་དང་།། འཇིགས་པའི་མི་རོ་དབྱུག་ཏོ་འཕྱར།། དེ་དག་ཕྱག་ན་རབ་ཏུ་ཐོགས ་ཁྲོ་བོ་གཤིན་རྗེ་བཤད་པ་ནི།། ཤི་བའི་རོའི་སྟེང་ན་བཞུགས།། འཇིགས་པའི་མཚོན་གདེངས་འཇིགས་འཇིགས་ལྟ།། དུར་ཁྲོད་ན་ནི་རྟག་ཏུ་བཞུགས།། སྦྲུལ་དང་སྲིན་པོ ་ཐམས་ཅད་འཇོམས།། ལྷ་རྣམས་ཀུན་གྱིས་ཕྱག་བྱས་ཤིང་།། ཁྲོ་བོ་ཐམས་ཅད་ལེགས་པར་འདད།། སྐྲ་ནི་རབ་ཏུ་འབར་བ་ཅན།། འཁྲུག་པས་དཀྲུགས་ཤིང་རབ་ཏུ་ཟབ།། སྟག ་པགས་ན་བཟའ་བསྣམས་པར་དགྱེས།། འཇིག་རྟེན་ལྷའི་ཁྲོ་བོ་རྣམས།། མཚོན་ཆ་དང་ནི་ཐུ་སྤངས་ནས།། རྗེས་སུ་འབྲང་ཤིང་ཕྱག་བྱས་པས།། ཁྲོ་བོ་བཤིན་རྗེ་གཤེད་དྲན་བྱས། ་དེ་ལྟར་འཇིགས་མེད་བྱས་ནས་སུ།། བདག་གི་སྔགས་ནི་དྲན་བྱས་ནས།། སྤྱན་དྲངས་ཅན་དན་གྱིས་བསྐུས་པའི།། མེ་ཏོག་བཟང་པོས་མཆོད་པར་བྱ།། རྟག་ཏུ་རིག་པ་འཛིན་པ་ཡི། ་ཙན་དན་དམར་པོ་དབུལ་བར་བྱ།། བདུག་པ་དང་ནི་གཏོར་མ་ཡིས།། རིམ་པ་བཞིན་དུ་མཆོད་ན་སུ།། སློབ་མ་ཁོ་བོ་སྔགས་དག་དང་།། བཙུད་ནས་མེ་ཏོག་མཐོར་དུ་བཞུགས།། དེ་ནས་རིགས ་འཛིན་དཔལ་དང་ལྡན།། བདུད་རྩི་འཁྱིལ་བ་བཟླས་ནས་སུ།། ཕྲེང་དང་ཙན་དན་དཀར་ལ་སོགས།། མཆོད་པ་བྱས་ནས་སློབ་མ་ལ།། དེ་ནས་སྔགས་རྒྱས་སྤྱན་ཡང་བཟླས།། ཁྲོ་བོ་གཤིན ་རྗེ་གཤེད་པོ་ནི།། འཇིགས་པ་ཕ་རོལ་གནོན་པ་བཞིན།། ལྷ་ཁྱོད་བདག་གི་ནོས་སོ་ཞེས།། དེ་སྐད་སློབ་མས་རབ་ཏུ་བཟླས།། དེ་ནས་རིགས་སྔག་ཆོ་ག་བཞིན།། བླ་མ་དག་ལ་ཕྱག་བྱས་ན། ་མཉེས་པའི་ཡོན་ཡང་དབུལ་བར་བྱ།། ཆོ་ག་བཞིན་དུ་དབང་བསྐུར་ཏེ།། ཁྲོ་བོ་གཤིན་རྗེ་གཤེད་པོ་ཟླས།། ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ་གྱིས་རྩ་བའི་རྟོག་པ་ཕྱི་མའི་ཡང་ཕྱི་མ ་ལས། ཁྲོ་བོའི་རྒྱལ་པོ་གཤིན་རྗེ་གཤེད་དུ་རྟོགས་པ་སྟེ།། ལེའུ་དྲུག་པའོ།། ། དེ་ནས་གཞན་ཡང་གཤིན་རྗེ་གཤེད། ་སྔགས་ནི་རབ་ཏུ་མནོས་ནས་སུ།། མི་རོ་དག་གིས་གོས་བླངས་ནས།། དེ་ལ་དེའི་གཟུགས་བྲིས་མ།། དེ་ནས་མཚོན་རྩི་སྦྱིན་མེད་པས།། བཟང་པོ་སྔ་མའི་བཞིན་དུ་བྱ།། བཟང་པོ་ཁྲུ་གང ་ཚད་དུ་བྱ།། ཡང་ན་ཁྲུ་བཞི་ཚད་དུ་བྲི།། གང་ཚེ་སྔགས་པ་བདག་ཉིད་ཀྱིས།། བྲི་བར་མི་ནུས་དེའི་ཚེ།། བཟོ་བོ་སྣང་བ་བྱས་ནས་སུ།། ཁྲིམས་མནོས་པ་དག་འདྲི་རུ་བཞགས།། ཤི་བའི ་རོའི་སྟེང་དུ་བཞགས།། ཕྱག་ནི་བཅོ་བརྒྱད་རྣམས་ཀྱིས་བརྒྱན།། ཞལ་དྲག་ཞབས་ཀྱང་དྲུག་དང་ལྡན།། འཇིགས་པ་མནན་པ་འཇིགས་འཇིགས་ལྟ།། ཞལ་ཅིག་བཞད་ཅིང་ཞལ་ཅིག ་ཞིཿལྗགས་འདྲིལ་ཞལ་ཅིག་ཆེ་བ་བརྩིགས།། ཞལ་ཅིག་ཞལ་གདངས་ཞལ་ཅིག་ཁྲོས།། ཞལ་ཅིག་འཇིགས་པས་ཕ་རོལ་གནོན།། ཁྲོ་བོ་དེ་ལྟའི་ཞལ་འདྲ་བ།། སྨིན་མ་སེར་ལ ་སྤྱན་ཡང་སེར།། ཇི་སྐད་གསུངས་པའི་མཚོན་ཆ་བསྣམས།། ཕྱག་ན་བསྣམས་པ་བྲི་བར་བྱའོ།། དབེན་ཞིང་འདུ་འཛི་མེད་པ་རུ།། སྔགས་པས་དེ་ལྟར་འདྲིར་བཞགོ། དེ་ལྟར་བྲིས་ནས ་སྔགས་པ་དག། ཅི་རི་མོ་ལ་ནི་ཁ་ལྟས་འདུག། ཆོ་ག་ཤེས་པས་འབུམ་བཟླས་ན།། རི་མོ་བྲིས་པ་དེ་ཉིད་ཀྱིས།། དེ་ནས་ལས་ལ་འཇུག་པར་བྱ།། གཤིན་རྗེ་བཤེད་པོ་འདིའི་སྔགས། ་དྲག་པོ་གང་ཡིན་དེ་བཤད་དོ།། ཨོཾ་ནི་དེའི་དབང་པོ་ཡིན།། ཨ་ཞེས་བྱ་བ་གཉིས་པ་ཡིན།། ཀྲོ་ཞེས་བྱ་བ་གསུམ་པ་ཡིན།། ཏེ་ཞེས་བྱ་བ་བཞི་པ་ཡིན།། ཀ་ཞེས་བྱ་བ་ལྔ་པ་ཡིན།། ཡ་ཞེས་བྱ་བ ་གསང་བ་དྲག། མན་ཞེས་བྱ་བ་བདུན་པ་སྟེ།། ཏེ་ནི་བརྒྱད་པར་ཤེས་པར་བྱ།། ཏ་ནི་དགུ་སྟེ་ཧཱུཾ་དང་བཅུ།། དེ་བཞིན་ཕཊ་དང་ལྷག་པ་སྟེ།། མི་མཉམ་སྔགས་ནི་བཅུ་གཅིག་པོ།། འཇམ་དཔལ ་གྱི་ནི་ཁྲོ་བོ་མཆོག། གཤིན་རྗེ་གཤེད་ཅེས་བྱ་བ་འདི།། རྟོག་པ་ཕྱི་མའི་ཕྱི་མ་སྟེ།། སངས་རྒྱས་ཀུན་གྱིས་མངོན་བསྟོད་པའི།། སྔགས་ནི་དེ་ལྟར་མནོས་ནས་སུ།། གོ་ཆ་བགོས་ནས་བཟླ ་བྱས་ནས།། རིགས་འཛིན་གོ་འཕང་ཐོབ་པར་འགྱུར།། ཨོཾ་ཨ་ཀྲོ་ཏེ་ཀ་ཡ་མན་ཏ་ཀ་ཧཱུཾ་ཕཊ། གཤིན་རྗེ་ལྷ་ཉིད་དོ།། ཨོཾ་ཨ་མྲི་ཏ་ཀུན་ཌ་ལི་སརྦ་བིག་ནན་ཀྲི་ན་ཏ་ན་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཁྲོ་བོ་བདུད ་རྩི་འཁྱིལ་བའོ།། ཨོཾ་འབུད་ཏ་ལོ་རྩ་ནི་སྭཱ་ཧཱ།། སངས་རྒྱས་སྲན་གྱིའོ།། དེ་ནས་གཞན་ཡང་བཟླས་པ་ནི།། གནས་དག་ཇི་ལྟར་ཡིན་པར་བཤད།། དར་ཁྲོད་ཡང་ན་རི་ཡང་རུང་།། ཚང ་ཚིང་པདྨའི་མཚོན་འགྲམ་དུ།། ཁྲོས་ཤིང་གཤིན་རྗེ་གཤེད་པི་ནི།། བཟླས་ན་དངོས་གྲུབ་ཐོབ་པར་འགྱུར།། ཀུ་ཤའི་ནི་བསྟན་ལ་འདུག། རི་མོ་ལ་ནི་ཕྱོགས་འདག་ལ།། ལག་པ་གཉི ་ནི་དྲིས་བྱུག་ལ།། རུ་རག་ཤའི་ཕྲེང་བ་ཐོབ།། ལག་པ་གཉིས་ནི་དྲིས་བྱག་ལ།། སྔགས་པས་རྟག་ཏུ་བཟླས་པར་བྱའོ།། དེ་བཞིན་བདུག་པ་ཨ་ཀ་རུ།། མྱུར་བ་དང་ནི་བུམ་པ་དང ་དེ་བཞིན་ཡི་གེ་འདྲེས་པ་ནི།། ནམ་ཡང་སྨྲ་བར་ཡོད་མི་བྱ།། རྟག་ཏུ་རབ་ཏུ་གསལ་བར་སྨྲ།། ཆོ་ག་བཞིན་དུ་ཡིད་འདས་ན།། རི་མོ་ལ་ནི་སེམས་བཞག་སྟེ། ་མི་ངལ་བའི་སེམས་ཀྱིས་ནི།། བཟླས་པའི་ཡི་གེ་རིམ་བཞིན་བྱ།། འབུམ་ཅིག་བཟླས་པའི་ཐ་མར་ནི།། བསྒྲུབ་པར་བྱ་བ་བཤད་ཀྱི་ཉོན།། མཚོའི་འགྲམ་དུ་དཀྱིལ་འཁོར་ནི།། དུར་ཁྲོད ་མང་བེ་བྲི་བར་བྱ།། དེའི་ནང་ན་རི་མོ་འགྲམ།། སེམས་དཔའ་མཚན་མོ་བཞུགས་ནས་ནི།། གྲོགས་བཟངས་སེམས་ནི་མ་རྨོངས་པར།། གུ་གུ་ལ་བདག་པ་དེ་ཡིས་སྲེགས།། བཟླས་ཤིང་མེ ་ཏོག་ཏུ་སྟོང་།། སྙིང་ཀར་ཕོག་པར་བྱ་བཞིན་དབུལ།། དེ་ནས་ཁྲོ་བོ་གཤིན་རྗེ་གཤེད།། རི་མོ་ལ་ཞུགས་ཁྲོ་བོ་ཡིས།། སྤྱན་སྔར་དེ་ནི་ངེས་པ་རུ།། གཡོ་འམ་ཡང་ན་འགུལ་བར་འགྱུར། ་དེ་ནས་ལྷ་དེ་འགྲུབ་འགྱུར་ནས།། གང་འདོད་པའི་ལས་རྣམས་བྱེད།། གལ་ཏེ་གྲུབ་པར་མ་གྱུར་ན།། གཞན་ཡང་ཅིག་འབུམ་བཟླས་པར་བྱ།། དེ་ནས་དེའི་ཐ་མ་བསྒྲུབ།། དེས་ཀྱང་མ་གྲང ་གསུམ་པོ་ལ།། མཚམས་མེད་ལྔ་རྣམས་བྱས་པ་ལ།། གདོན་མི་ཟ་བར་འགྲུབ་པར་འགྱུར།། གྲུབ་པའི་ལས་རྣམས་གང་དག་འདིར།། བྱེད་པར་འགྱུར་བ་བཤད་པར་བྱ།། བསྒྲུབ་པ ་དཀའ་བའི་ལས་རྣམས་ཀྱང་།། ཡིད་ལ་གང་དང་གང་འདོད་པ།། དེ་དག་ཕྱིན་ཆད་མྱུར་བར་ནི།། རིགས་སྡུག་འཆང་བས་བྱེད་པར་འགྱུར།། རི་རབ་རྩེ་ནས་བསྐལ་པ་སྟོང་།། རི་རབ ་རྣམས་ཀྱིས་རྩེ་མོ་ལ་སཾ།། ཅོད་རོང་རྣམས་ཀྱིས་སྙིང་བར་བྱེད།། ས་ཡང་རབ་ཏུ་འགས་པར་བྱེད།། འབབ་ཆུ་དག་ཀྱང་སྐམ་པར་བྱེད།། དཔུང་རྣམས་མི་གཡོ་གནོད་པར་བྱེད།། སྟོང་ངམ། ་ཡང་ན་འབུམ་ཡང་རུང་།། དེ་མ་ཐག་ཏུ་གསོན་པར་ནས།། གནོད་པ་དང་ནི་རྨོངས་པ་དང་།། དེ་མ་ཐག་ཏུ་འབེབས་པར་བྱེད།། ཤིང་རྟ་འམ་ཡང་ན་གྲུ་དག་གམ།། གླང་པོ་སྟོན་པོ་གནོན ་པར་ནས།། ཕ་རོལ་དཔུང་དག་འཁྲུག་པར་བྱེད།། ཡུལ་ཕྱོགས་མྱུར་དུ་རྨོངས་པར་ནས།། ཁྲོས་ནས་ཡང་གཡོ་བར་བྱེད།། གླེང་དང་ནགས་ཚལ་སྲེག་པར་ནས།། དེ་ནི་གང་བའི་མཆོ ་ཡང་སྐྱེམས།། བསྐམས་པ་དག་ཀྱང་གང་བར་ནས།། སྤྲིན་ཡང་ལེགས་པར་གནོན་པར་ནུས།། ཆར་པ་དག་ཀྱང་འབེབས་པར་བྱེད།། དས་མིན་ཆར་ཡང་བེབས་པར་བྱེད།། ཀླུའི་དབང་པོ་དག ་ཀྱང་འགུགས།། དེ་ནི་ནག་པོས་ཟིན་པ་ཡིན།། མཐོང་ངམ་སྤྲིང་པ་ཙམ་གྱིས་འགྲུབ།། སེར་བ་སོལ་བའི་ཆར་པ་དག། དེ་མ་ཐག་ཏུ་འབེབས་པར་ནུས།། འབྲས་བུ་མེ་ཏོག་མཆོག་རྣམས ་ཀྱང་། ཡལ་ག་དག་གིས་བརྒྱན་པ་ཡང་།། བལྟས་སམ་ཡང་ན་རྡོ་འཕངས་པས།། བློ་བུར་དག་ཏུ་འགྱེལ་བར་བྱེད།། འདི་ནི་སྦར་བ་ཙམ་གྱིས་སུ།། སའི་འོག་ཀྱང་འཁྲུག་པར་བྱེད།། ་དེ་བཞིན་ལྷ་དང་མི་རྣམས་དང་།། གནོད་པ་ཆེན་པོ་འབྱུང་བར་བྱེད།། ཁྲོ་བོའི་རྒྱལ་པོ་འདི་ཡིས་ནི།། ངེས་པར་དབང་དུ་མི་འགྱུར་བའི།། དངོས་པོ་འདས་དང་ད་ལྟར་གིས།། ཕྱིས ་འབྱུང་བ་དག་གང་ཡང་མེད།། ལྷ་དེ་འགྲུབ་པར་མ་གྱུར་ཡང་།། མཐོང་བ་འམ་ནི་ཚིག་གིས་ཀྱང་།། དུག་དང་རིམས་དང་གདོན་ལ་སོགས། ་ཞི་བར་བྱེད་པའི་མཆོག་ཏུ་འགྱུར།། དབང་དུ་བྱེད་དང་ལྡན་པ་དང་།། གས་དེ་དང་སྨྲ་བར་བྱ་བ་དང་།། མིག་འཕྲུལ་ཨ་འཛ་བསྐུ་བ་དང་།། བདུག་དང་དྲིས་བྱུགས་སྦྱོར་བ་ཡིས།། ་ལས་རྣམས་འདི་དག་ཐམས་ཅད་ནི།། བཟླས་པ་བརྒྱ་བྱས་འགྲུབ་པར་བྱེད།། སྔགས་པ་གཏེར་ཆེན་ཡོད་པ་ནི། སོང་སྟེ་བསྲ་བ་བྱས་ནས་སུ།། བགེགས་རྣམས་ཀུན་གྱིས ་མི་འཇིགས་པར།། ནོར་སྟེ་བཟླས་པ་བྱས་པས་ནི།། བདག་གི་ཁྱིམ་ནས་ལེགས་པ་ལྟར།། ཕྲ་མོ་རྣམས་ནི་རྒྱ་ཡི་ཐོབ།། ཧོ་མ་དང་བཟླས་པ་མ་བྱས་ཀྱང་།། གཤིན་རྗེ་གཤེད ་ཀྱི་མིང་ཙམ་གྱིས།། ལྷ་རྣམས་སྐྲག་པར་འགྱུར་བ་ནི།། རིང་པོ་མི་ཐོགས་གདོན་མི་ཟ།། མ་རུང་བར་ནི་བྱ་བ་དང་།། བྱང་སྡེ་མས་དག་ཀྱང་བྱ་བ་དང་།། རྨོངས་དང་གཞན་པའི ་དངོས་གྲུབ་རྣམས།། ལྷས་པ་རྣམ་པ་དུ་མ་ཡང་།། རྟོག་པ་གཞན་གྱི་ཆོ་ག་བཞིན།། རིང་པོར་མི་ཐོགས་འགྲུབ་པར་འགྱུར།། ཡུལ་དང་ཡུལ་གྱི་ཕྱོགས་དག་ཏུ།། གནོད་པ་དང ་ནི་ནད་དག་འབྱིན།། རྨུགས་པ་དང་ནི་གནོད་པ་དང་།། རྨོངས་པ་མི་མཐོང་བྱེད་པ་དང་།། དགུག་པ་དང་ནི་བསྐྲད་པ་དང་།། སྐྱོང་ཞིང་སླར་ཡང་གཡོ་བ་དང་།། ནོར་དགུག་དེ་བཞིན ་གནོད་པ་དང་།། སྐྱེའོ་དག་དང་དགུག་པ་དང་།། རྒྱུན་དུ་འཚེ་ཞིང་འཇིགས་པ་དང་།། འཁྲུག་དང་འཐབ་མོ་སེར་བ་དང་།། བསྒྲེས་པ་གཉིད་ཀྱིས་མནོན་པ་དང་།། གང་ཡང་གཞན ་དག་དེ་འདོད་པ།། སྔགས་པ་གཤིན་རྗེ་བཤེད་དྲན་པས།། དེ་དག་ཐམས་ཅད་བྱེད་པར་འགྱུར།། དེ་ནས་རྟོག་པ་ཕྱི་མ་འདི།། རྟོག་པ་ཆོ་ག་དམ་པའི་མཆོག། ཇི་ལྟར་ཡིན ་པ་དེ་བཤད་དོ།། ལྷ་མ་ཡིན་གྱི་ཕུག་སྒོར་སོང་།། མཁས་པས་བུ་དོན་བཀྲམ་ནས་སུ།། ཁ་ཟས་མི་བཟའ་སྟན་ཅིག་འདག། ཁྲིའི་གྲངས་དང་བཟླས་བྱས་ནས།། དེ་ནས་བུད ་མེད་གཟུགས་མཆོག་ལྡན།། བཟང་མོ་རྣམས་ནི་སྒོར་བྱང་ནས།། བསྒྲུབ་པ་དེའི་འདུན་ད་ནི།། ནང་དུ་གཤེགས་ཞེས་དགའ་བར་བྱེད།། དེ་ནས་གྲོགས་པོ་ཡིད་བཅུག་དང་།། ་བསྒྲུབ་པ་བེ་ནི་ལྷན་ཅིག་ཏུ།། ངེས་པར་དམ་ཚིག་དགེ་གི་ནི།། དེའི་གེནས་སུ་འཇུག་པར་བྱེད།། དེ་བཞིན་ཇི་ལྟར་འདོད་པ་རུ།། གནོད་སྤྲིན་མེའི་མིང་རྣམས་དང་།། ཤ་ཟ་མེ ་འམ་དྲི་ཟ་མོ།། ཡང་ན་གང་འདོད་པའི་ལྷ།། མིང་བྲིས་དེའི་མདུན་བཞག་ནས།། རི་མེ་དེ་ལ་ཉིན་ཅིག་བཞིན།། དེའི་ཚིག་གི་མཐའ་སྦར་ནས།། མི་སྐྱོ་བར་དུ་འབུམ་བཟླས་ནས།། ་བསྒྲུབ་པ་དེའི་ནི་འཇིགས་པར་འགྱུར།། དེ་དག་ཐམས་ཅད་འོང་བར་འགྱུར།། བསྒྲུབ་པ་ཇི་སྲིད་འདོད་པར་ནི།། དེ་རུ་ལུས་རྣམས་བྱེད་པར་འགྱུར།། ལྷ་རྣམས་དང་ནི་ཐམས་ཅད ་དང་། གནོད་སྦྱིན་ལ་སོགས་བསྒྲུབ་པར་བྱ།། འདི་ནི་རྟོག་པ་ཕྱི་མ་ཡང་།། ཕྱི་མ་དག་ཀྱང་བཤད་པར་བྱ།། རི་མཆོག་དག་གི་རྩེ་མོ་ལ།། ཡི་དགས་མང་བ ་དཀྱིལ་འཁོར་ནི།། འཇིགས་པ་མེད་པར་བྲིས་ནས་ཀྱང་།། ཐམས་ཅད་ཤའི་གཏོར་མ་བྱ།། གྲོགས་པོ་སེམས་ནི་དཔའ་བ་དང་།། ཡོན་ཏན་ལྡན་ཞིང་བཟོ་བ་དང་།། མི་རེའི་གོས་ལ་སྔོན་བྲིས ་བའི། རི་མོ་བཞག་ནས་དེ་བཞིན་དུ།། བདག་གི་ཡན་ལག་ཐམས་ཅད་ལ།། རུས་པ་དག་གི་ཁྲག་ཕྱུང་སྟེ།། མིའི་ཐོད་པའི་ནང་དུ་བཞག། ལུས་ལ་ཁྲག་ནི་ཅི་ཕྱིན་པ།། མི་རེའི་སྒྲའི་པིར་དག ་གིས།། དེ་ནས་དེའི་ལུས་དག་དང་།། མིག་ཀྱང་རབ་ཏུ་གསལ་བར་བྱེད།། དེ་ལ་བགེགས་ཀྱང་མང་དུ་འབྱུང་།། དེ་ནི་དཔའ་བོས་སྤྱད་པར་གསུངས།། དཔའ་བོ་དག་གི་ལས་ཀྱང་བྱ།། དེའི་འོག ་ཏུ་བཟོ་བོ་ལ།། དཔའ་བོ་དག་གིས་ཡོན་དང་དབུལ།། དེ་ཉིད་ཡོངས་སུ་རྫོགས་པར་ནི།། གྱུར་གྱི་བར་དུ་ཚུལ་བཞིན་བྲི།། ཐ་མར་དཔའ་བེ་ཅིག་པུ་སྟེ།། རི་མོ་མཚན་མོ་རབ་འབར་བ།། ་རྒོད་དམ་ཡང་ན་གཡོ་ཡང་རུང་།། དེ་ནི་དངོས་གྲུབ་ཐོབ་པར་བཤད།། བུ་མོ་དག་ནི་བླངས་པ་ཡིས།། ན་མཁར་འཕུར་བར་གདོན་མི་ཟ།། དཔལ་ལྡན་ཐོགས་པ་མེད་པར་འགྲོ།། མཚན་མོའང་ཉི ་མ་བཞིན་དུ་འབར།། དཔའ་བོ་དག་གི་གྲུབ་འདི།། རིག་འཛིན་ཀུན་གྱི་ཐོག་མར་འགྲོ།། གྲུབ་པ་དེ་ལ་ལྷ་རྣམས་ཀྱང་།། གདོན་མི་ཟ་བར་ཕྱག་འཚལ་འགྱུར།། རིག་འཛིན་རྣམས་ནི་ཐད་ཀྱང་།། ་ཀུན་ཏུ་བཀུར་བའི་རྒྱལ་པོར་འགྱུར།། ཡང་ན་ཆོ་ག་ཤེས་པ་ཡིས།། མི་དེ་ཤི་བའི་སྔོན་བཞིན་དུ།། བླངས་ཏེ་བསྲེགས་པའི་སྟེང་དུ་བཞག། དེ་ནས་སྲེགས་པ་དེར་འདུག་ནས།། ཅིག་པུ ་རལ་གྲི་བླངས་ནས་སུ།། མཚན་མོ་གཤིན་རྗེ་གཤེད་ཟླས་པ།། འབར་བར་གྱུར་གྱི་བར་དུ་བཟླས།། དུ་བ་ཚ་བར་གྱུར་གྱི་བར།། འབར་བར་གྱུར་པ་དཔའ་དང་ལྡན།། རིག་འཛིན་དུ་ནི་དེ ་འགྱུར་རོ།། དུ་བ་བྱུང་བས་མི་སྣང་བ།། ནམཁར་འགྲོ་བའི་མཆོག་ཏུ་འགྱུར།། དེ་ཚེ་འབར་བར་གྱུར་ན་ནི།། སའི་རྒྱལ་པོ་ངེས་པར་འགྱུར།། རལ་གྲི་མཆོག་དེ་བྱ་བ་ཡང་།། སོར་ནི་སུམ་ཅུ ་རྩ་གཉིས་ཀྱིས།། ཡན་ལག་ཐམས་ཅད་ཡོངས་རྫོགས་པ།། བསྒྲུབ་པར་བྱ་བས་པ་སོ་སྔོ།། དེ་ལྟར་རྟོག་པ་ཕྱི་མ་ཡང་།། མདོར་ནི་ལེགས་པར་བཤད་པ་ཡིན།། དེ་ནས་གཞན་ཡང ་ཕྱག་རྒྱ་ནི།། རབ་ཏུ་འབར་བ་པ་ཅིག་པུ་བཤད།། གཤིན་རྗེ་བཤེད་ཅེས་བྱ་བའི་ལྷ།། གང་གི་གྲབ་པར་གྱུར་པའོ།། ལག་པ་གཡས་པའི་སོར་མོ་ཡིས།། མཐེ་བོང་སྦས་ཏེ་གྱེན་དུ་ནི། ་བསྒྲེངས་པར་བྱ་བའི་ཕྱག་རྒྱ་འདི།། བེ་ཅོན་ཞེས་ནི་བསྒྲགས་པ་ཡིན།། ལྷ་ཉིད་ཀྱིས་ནི་སྔགས་ལྡན་པས།། ལས་རྣམས་ཀུན་ལ་བཅིང་བར་བྱ།། གཤེགས་སུ་གསོལ་དང་གཞགས་པ་དང ་ལས་རྣམས་བྱ་བའི་ཚིག་དག་དང་།། གཞན་ཡང་དགོས་པ་འབྱུང་བའི་ཚེ།། ཚུལ་བཞིན་ཕྱག་རྒྱ་འདི་བཅིངས་ནས།། གཤིན་རྗེ་གཤེད་པ་ཀྱི་སྔགས་བཟླས་སོ།། སྔགས་པ་རྒྱལ་པོའི ་དྲུང་འགྲོ་ན།། མགོ་བཏུ་དབུས་མོ་བཙུག་ནས་སུ།། གདོན་མི་ཟ་བར་དབང་འགྱུར་བ།། བདག་ཉིད་དང་ནི་ནོར་གྱིས་སོ།། འབགས་པ་འཇམ་དཔལ ་གྱི་རྩ་བའི་རྟོག་པ་ཐམས་ཅད་ཀྱི་ཕྱི་མ་ལས། ཁྲོ་བོ་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་འཇམ་དཔལ་ཁྲོ་བོ་གཤིན་རྗེ་བཤེད་ཀྱི་རྒྱལ་པོའི་ཕྱི་མའི་ཡང་ཕྱི་མ་གསང་བ་རྫོགས་སྷོ།། ་ཁྱི་མའི་། ཨོཾ་ཨ་ཀྲེ་ཏི་ཀ་ཡ་མན་ཏ་ཀ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ། འདི་ཡང་བཅོམ་ལྡན་འདས་ཀྱི་སྔགས་གཞནོ།། ཨོཾ་ཨཱ་ཧཱུཾ ་འདི་ཡང་གཞན་ནོ།། ཡི་གེ་བཅུ་གཅིག་རྒྱལ་པོའི།། དེ་ཉིད་བཟླས་པས་འགྲུབ་པར་འགྱུར།། ཁྲོ་བོ་རྣམ་པར་རྒྱལ་བའི།། རྩ་བ་དང་ནི་ཕྱི་མ་དང་།། དེ་བཞིན་ཕྱི་མའི་ཕྱི་མ་འདི།། ་རྟོག་པ་མ་ལུས་བརྒྱད་པ་དག། ལྷ་དེ་རྣམས་ཀྱི་ལེགས་ཐོས་ནས།། འཇིག་རྟེན་འཇིག་རྟེན་འདས་པ་ཀུན།། ཐལ་མོ་རབ་ཏུ་སྦྱར་ནས་སུ།། ཁྲོ་བོ་རྣམ་པར་རྒྱལ་བ་ནི།། གཤིན་རྗེ་བཤེད་ལ ་འདི་སྐད་དུ།། བཅོམ་ལྡན་ཁྱོད་ཀྱི་རྟོག་པ་འདི།། བསྒྲུབ་པ་རྣམས་ལ་ཕན་པའི་ཕྱིར།། རབ་ཏུ་ངོ་མཚར་བཤད་ལགསོ་ཏེ།། བཟླས་དང་ངོམ་དང་མཆོད་ལ་སོགས།། ཁྲོ་བོ་ཆེན ་བེའི་བརྟུལ་ཞུགས་དང་།། དེ་བཞིན་དཀའ་ཐུབ་དྲག་པོ་དང་།། ཇི་སྐད་གསུངས་པའི་བསྲུང་བ་ཡིས།། ཁྲོ་བོ་ཀི་ལི་ཀི་ལི་ལས།། སོགས་པའང་དུས་ལ་བབ་ན་ནི།། བཟློས་པ་པོ། ་ལ་དངོས་གྲུབ་སྟེར།། བཅོམ་ལྡན་འདས་ཀྱི་རྟོག་པ་དང་།། ཁྱད་པར་གྱུར་པ་ཅི་ཞིག་མཆིས།། དེ་ནས་བཟླས་པ་དང་སྦྱིན་བསྲེགས་དང་།། བསྟན་དང་བརྟུལ་ཞུགས་བཀའ་ཐུབ་དང་།། ་མེད་པར་རང་དམ་ཉིད་དུ་ནི།། དངོས་གྲུབ་དམ་པ་ཁྱོད་ཀྱི་གསུངས།། ལྷ་མཆོག་དེ་དག་ཐམས་ཅད་ཀྱིས།། ཕྱག་འཚལ་དེ་སྐད་སྨྲས་པ་དང་། ཁྲོ་བོ་དྲག་ཏུ་བཞད་པ་ཡིས།། ་རབ་ཏུ་དྲག་པོའི་ཚིག་ཏུ་གསུངས།། རབ་ཏུ་བཞད་པ་ཞལ་འཛུམ་པས།། ལྷ་ཡི་ཚོགས་རྣམས་འཇིགས་རྨོངས་མ།། མ་འཇིགས་མ་འཇིགས་ཞེས་གསུངས་པའི།། ཕན་པའི་ཚིག ་ཚིགིས་དབུགས་བྱུང་ནས།། ཁྱེད་རྣམས་ཀྱིས་ནི་གང་སྨྲས་པ།། གྲུབ་དག་ནི་མེད་པར་ཡང་།། སྦྱོར་བ་ཤེས་པས་འགྲུབ་འགྱུར་བ།། ལྷ་རྣམས་ཀུན་གྱི་མཉན་པར་གྱིས།། བདེ་ག་ཤྱེ ་དངོས་གྲུབ་ཅིག་པུ་ལ།། དགེས་པར་རྣམ་པ་ཐ་དད་འགྱུར།། དེ་ནས་ཏིང་འཛིན་ཚུལ་ལས་ནི།། མཚན་མ་དེ་དང་དངོས་གྲུབ་སྟེ།། ཐོག་མར་བྱང་ཆུབ་རྩ་ལ་རྟེན།། ཤེས་རབ་དེ་ལྟ། ་བུ་ཡང་སྒོམ།། སེམས་ཀྱང་རྣམ་པར་མི་རྟོག་པས།། བདེར་གཤེགས་དངོས་གྲུབ་དེ་དག་ཐོབ།། དེའི་གཟུགས་སུ་གྱུར་པར་བྱ།། ས་བོན་མཚོན་ཆ་མང་པོར་ལྡན།། ཁྲོ་བོ་དེའི་ཞལ ་དྲུག་བསྒྱུར།། དྲིལ་བུ་གསིལ་བའི་སྒྲ་ཡང་འཛིན།། ངའི་གཟི་དང་མཐུ་ལྡན་བྱས།། ཀུན་ཏུ་དགའ་བའི་སྙིང་པོར་ལྡན།། གང་གི་ཡིད་ལ་བསྒོམས་པས།། དེ་ལ་ངའི་མཐུ་གཡོ་བྲ ་ཇི་ལྟ་བ་འམ་གང་ཡང་རུང་།། མདུན་ནམ་ཡང་ན་རྒྱབ་ནས་ཀྱང་།། ལས་ཀུན་བྱེད་ནས་འགྲུབ་པར་འགྱུར།། གང་དག་ངའི་ཕྱག་ལྔ་བཅུ།། བེ ་ཅོན་གདེངས་པས་སྡིགས་པར་མཛད།། ཏྲི་ཤཱུལ་རལ་གྲི་དགྲའ་སྟ་ཀུན།། ཐོད་པ་ཤག་ཏི་ཐོ་མར་དབྱུག། དེ་དག་ངའི་ཕྱག་གསུམ་དྲུག། གཡས་པས་བེ་ཅོན་མདའ་རལ་གྲི། གཡོན ་བ་འཁོར་ལོ་རྡོར་རྗེ་འཛིན།། རྡོ་རྗེ་རྩེ་ཅིག་དམིགས་པ་དང་།། བྲལ་བའི་གཉེར་མ་བསྙེར་བ་དང་།། ཁྲོ་གཉེར་བསྙེར་བའི་ལྟ་བ་ཅན།། འཇིགས་པའི་སྦྲུལ་གྱི་རོད་སྟོད་དཀྲིས།། ཐོད ་བ་དག་གིས་རྒྱན་དུ་བྱས།། ཆར་སྤྲིན་སྔོན་པོའི་ཁ་དོག་འདྲ།། ཞལ་གཅིག་སྤྱན་ཡང་མི་ཉམ་པྲ།། འབྲུག་གི་སྒྲ་དབྱངས་སྒྲ་སྒྲོགས་པ།། སྟག་ལྤགས་ནི་བཟའ་གསོལ་བར་དགེས།། ་མཚོན་ཆ་མཆོག་རྣམས་འབར་ཞིང་འཁྲུགས།། སྤྱན་དང་གརྩུག་ཕུད་སྤྱན་དམར་སེར།། ཞབས་གཉིས་བགྲད་པའི་ཆམ་རྔམ་མཛད།། སའི་སྟེང་ན་ཟ་ཟ་འདྲ།། ཆེ་བ་དག་ཀྱང་བརྩིགས ་བའི་ཞལ།། བྱིབས་པ་མ་ཧེ་ལ་ཕྱིབས་པ།། སེམས་དཔའ་རི་མོ་ལ་བྲིས་པ།། བསྒྲུབ་པ་མྱུར་དུ་མཆོད་བྱེད་ན།། དེ་ལ་ང་ནི་མྱུར་བ་རུ།། དགེས་ནས་སྔོན་དུ་ཕྱོགས་པར་བྱེད།། ཇི་ལྟར། ་འདོད་པའི་དོན་རྣམས་ནི།། གདོན་མི་ཟ་བར་འགྲུབ་པར་བྱེད།། རྣམ་པར་གནོན་པའི་གཟུགས་འདི་ནི།། བདུད་ལས་རྒྱལ་བ་ཡིན་པར་བཤད།། ཐོག་མར་བདག་གིས་དམ་ཚིག ་སྦྱིན་སྲུང་མཆོག་ཚུལ་བཞིན་བྱས་ནས་སུ།། རས་ནི་སུམ་ཅུ་སོར་ཚད་ལ།། སྔགས་པ་བཟོ་བོ་ཡོན་ཏན་ཅན།། ཡིད་ནི་བརྟན་པར་བྱ་བའི་ཕྱིར།། དབེན་པའི་གནས་སུ་མི་མངོན་པར། ་ཚོན་རྩི་དགེས་པ་བཟང་པོ་ཡིས།། མི་རེ་ཐོག་མར་བྲི་བར་བྱ།། ཟིན་ནས་ཀྱང་ནི་དབེན་པར་བཞག། སུ་ལ་སྙན་པར་མ་ཡོངས་མི་བྱ།། དེའི་གཟུགས་སུ་གྱུར་པར་བྱ།། ས་བོན ་མཚོན་ཆ་མང་པོར་ལྡན།། ངའི་ཞལ་ནི་ཁྲོས་པར་འགྱུར།། དྲིལ་བུ་གསིལ་བའི་སྒྲ་དང་ལྡན།། ཁྲོས་པོའི་ཞལ་ནི་བཅས་པར་བྱ།། ངའི་གཟི་དང་མཐུ་ལྡན་བྱས།། ཀུན་ཏུ་དགའ ་ནི་སྙིང་པོར་ལྡན།། གལ་ཏེ་དམ་ཚིག་མི་ལྡན་པའི།། སྐྱེ་བོས་རི་མོ་དེ་མཐོང་ན།། མྱུར་དུ་རྣམ་པར་རྨོངས་པར་འགྱུར།། དེ་བས་རྣམ་པ་ཐམས་ཅད་དེ།། སྲུང་བ་དྲག་པོ་ཀུན་ཏུ་བྱ།། ་གྲོང་ངམ་ཡང་ན་གྲོང་ཁྱེར་དུ།། རྣམ་པ་གཞན་དུ་གཞག་གྱུར་ཏམ།། གོང་དུ་མཆོད་པ་མི་བྱས་ན། མྱུར་དུ་འཇིགས་པ་སྐྱེ་བར་འགྱུར།། རི་མོ་ལ་ནི་གནས་པའི་གཟུགས།། དེ་ལྟར ་རྟག་ཏུ་གོམ་བྱས་ཤིང་།། བསྒྲུབས་ཏེ་དེའི་ཡིད་དུ་འགྱུར།། ཇི་སྲིད་གང་དག་གོམ་གྱུར་ཅིང་།། ཀུན་ཏུ་མདུན་ན་གནས་པ་རུ།། གང་ཚེ་མཐོང་བར་གྱུར་པ་ན།། དེ་ཚེ་རི་མོ་མེད་པ ་ཡང་།། ཇི་ལྟ་བའི་ཚུལ་ཉིད་ཀྱིས།། རྟག་ཏུ་སྦྱོར་བ་བྱས་ན་ནི།། སྦྱོར་བ་ཉིད་ཀྱིས་རྟག་པ་རུ།། ཁྲོ་བོ་ཀུན་ཏུ་སྦྱོར་ན་ནི།། དེ་ནས་ལས་རྣམས་ཐམས་ཅད་བྱེད།། འདི་ནི་གསང་བ ་སྙན་པ་ཡིན།། ཡང་ན་བདག་ཉིད་དེ་འདྲ་བ། ཇི་སྲིད་ཅིག་པུ་གྲུབ་པའི་བར།། ཡིད་ལ་ལེགས་པར་སྒོམས་ན་ནི།། དེ་ནས་དེའི་དངོས་གནས་པར།། ་ཡིད་ལ་ཅུང་ཟད་གང་བསམས་པ།། དགོངས་པ་གོམས་པར་བྱས་ན་ནི།། དེ་ཉིད་འབྲས་བུ་ཡོད་པར་འགྱུར།། གང་ཕྱིར་ཁྲོ་བོ་བསྒོམས་པ་ཡིས།། ཁྲོ་བོ་ཡོངས་ཡེ་སྒོམ་ན་ནི།། བཟླས་པ་ལ་སོགས ་མེད་པར་ཡང་།། དངོས་གྲུབ་དམ་པ་ཐོབ་པར་འགྱུར།། བསྒྲུབ་པ་རྣམས་ཀྱི་དམ་ཚིག་ནི།། གལ་ཏེ་སྦྱིན་པར་བྱས་ན་ཡང་།། དེ་ཚེས་ནི་རབ་སྦྱངས་ནས།། ཐོག་མར་སྤོས་ཆུས་གདབ ་བར་བྱ།། ཀུན་ཏུ་ཟླུམ་པོ་བྱས་ན་ནི།། དཀྱིལ་འཁོར་དེ་ནི་ལོགས་ཤིག་ཏུ།། ཀུན་ཏུ་ཟླུམ་པོར་བྲི་བར་བྱ།། ཚོན་རྩི་ནག་པོས་ལེགས་པར་བྲི།། ནུབ་ཕྱོག་སྒོ་གདོད་ཁྲུ་དོ་ཚད།། དེའི་དབུས ་སུ་མཆོག་བྲི་བ།། འགྱིང་ཞིང་ལྡེམ་བག་ཅན་གྱི་ལུས།། ཆར་སྲིན་དང་ནི་བུང་བའི་མདོག། འཇམ་ཞིང་མཉན་པ་དཔལ་དང་ལྡན།། གསེར་གྱི་དྲིལ་བུའི་སྒྲ་དང་ལྡན།། གཡག་རྔའི་བསིལ ་ཡབ་གཡོགས་པ་ཅན།། ཨ་འཛི་ནིའི་རི་ལྟའི།། མ་ཧེ་ཆེན་པོ་དམ་པ་བྲི།། དཀྱིལ་འཁོར་དམ་པ་བྲིས་ཏེ།། བསྲུང་བ་ཆོ་ག་བཞིན་བྱས་ནས།། སྔགས་ཤེས་པས་ནི་མཆོད་བྱས་པ། ་ཆོ་ག་བཞིན་དུ་འདིར་བཤད་དོ།། སྤྱན་དྲང་བདག་དེ་དགག་པ་དང་།། ཨརྒ་གཏོར་མས་མཆོད་པ་དང་།། མར་མེ་བདུག་པ་བསྟན་པ་དང་།། ཐ་མར་སླར་གཤེགས་མཆོད་པའོ།། ་གཟུགས་དགོད་པ་དག་ཐོག་མ་རུ།། ལྷ་དགོད་པ་ཡང་ཡིག་འབྲུས་བསྐྱེད།། ས་བོན་གྱི་བྱ་ཚུལ་གྱིས་བཤད།། དེ་ལ་དང་པོ་ཐམས་ཅད་ནི།། ས་བོན་ཁྲོ་བོའི་གཟུགས་ཡིན་ཏེ།། དེ་ཉིད ་ཕལ་ཆེར་རབ་ཏུ་གྲགས།། ཅིག་པུ་མཚོན་ཆ་ངའི་མཆོག། དེ་ཉིད་དེར་ནི་རྟག་བྱའི།། རྟག་ཏུ་ཚོན་ཆ་འབར་བར་བྱེད།། དེའི་གཟུགས་འདིར་ཅིག་པུ་ལ།། ས་བོན་གྱིས་ནི་བསྐལ ་བའི་ཞལ།། དྲིལ་བུའི་སོན་དྲུག་རྣམས་ཀྱིས།། སྒྲ་རྣམས་དེ་བཞིན་སྒྲོགས་པར་བརྟག། འདི་ནི་ཁྲོ་བོའི་ཞལ་ཡིན་གསུངས།། འདི་ནི་ཐོག་མ་ཉིད་ཀྱི་གཟུགས།། དེའི་མཐུ་ཡང ་ཅི་འདྲ་བ།། ཚུལ་བཞིན་དུ་ཡང་འདིར་བཤད་དོ།། གང་གིས་དྲན་པ་ཙམ་གྱིས་ནི།། བདུད་དང་བདག་པ་གནོད་ལ་སོགས།། མཐུ་རྩལ་གནོན་པས་ཉམ་ནས་སུ།། འཇིགས་ཤིང ་སྤ་གོང་བྱེད་པར་འགྱུར།། ཟུང་ཅིག་པའི་ཚིག་གཉིས་ལྡན།། ཞལ་ཡང་གདངས་ཤིང་འབར་བ་ཅན།། སྙིང་པོ་དག་པར་རྣམ་པར་གཞག། མཚོན་ཆ་འདེབ་པའི་མཐུ་རྩལ་ཅན།། ་དེ་ལྟར་ཁོ་བོའི་རྒྱལ་པོའི་གཟུགས།། ས་བོན་ཞེས་སུ་བྱ་བའི།། སྔགས་ཀྱི་དངོས་པོ་ཤེས་ནས་ནི།། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར།། མཚོན་ཆ་འཕངས་པ་ཙམ་གྱིས ་ནི། དེ་ཡིས་ཀུན་ཏུ་བསྲུང་བར་བྱ།། ས་བོན་བཀོད་པའི་ཚུལ་བཞིན་དུ།། བདག་གི་ལུས་ལ་སྦྱར་བར་བྱ།། གཟུགས་ནི་གཟུགས་ལ་བཞག་ནས་སུ།། མཚོན་ཆ་དེ་ཉིད་ལག་ན་ཐོག། ་ས་བོན་རྣམས་ཀྱང་ཁ་བཞག་སྟེ།། རྐང་པ་གཉིས་ཀྱང་ཚང་ངན་བྱས།། དེ་ནས་ཀུན་ཏུ་ཁྲོས་ནས་སུ།། རང་གི་ས་བོན་དགོད་པར་བྱ།། ཐོག་མ་དག་ལ ་མ་ཡེངས་པར།། སྲུང་བ་དེ་ལྟར་བྱས་ནས་སུ།། དཀྱིལ་འཁོར་དུ་ནི་སྤྱན་དྲངས་ཏེ།། དེ་ནས་མདུན་དུ་མཆོད་པ་བྱ།། སྔགས་ཀྱི་སྙིང་པོ་ཐ་མ་ལ།། ཚུར་གཤེགས་པའི་ཚིག་གཉིས་དང་།། ་རྟག་ཏུ་ལྡན་པར་བྱས་ནས་སུ།། སྤྱན་དྲངས་པ་དག་བྱ་བུར་བཤད།། མེ་ཏོག་གིས་ནི་བདན་བདག་ལ།། བཞུགས་སུ་གསོལ་ཞེས་རྟག་ཏུ་བྱ།། དེ་ལྟ་བུར་ནི་སྤྱན་དྲངས་ནས།། མེ་ཏོག་དག ་གིས་སྔ་མ་བཞིན།། བཞུགས་ཤིག་པའི་ཚིག་གཉིས་ཀྱིས།། ཆོ་ག་བཞིན་དུ་བཞགས་སུ་གསོལ།། ཁྲོ་བོའི་རྒྱལ་པོ་དེ་ལ་ནི།། བཞགས་པར་བྱ་བསྟན་པ་ཡིན།། མེ་ཏོག་སྔགས་ཀྱིས་བཏབ ་པ་ཡིན།། དེ་ལྟར་བཞུགས་པར་བྱས་ནས་སུ།། ཨརྒ་འདི་ནི་བཞེས་ཅིག་ཅེས།། ཚིག་གི་འཇུག་ཏུ་བརྗོད་ནས་སུ།། སྤོས་ཆུ་མེ་ཏོག་སྦར་བ་ཡིས།། ཨརྒ་དེ་ལ་དབུལ་བར་བྱ།། མེ་ཏོག ་བདག་གིས་ཕུལ་བ་འདི།། བཞེས་སུ་གསོལ་ཞེས་བརྗོད་ནས་སུ།། སྤོས་ཆུ་བཟང་པོ་བཏབ་པ་འདི།། མེ་ཏོག་དག་ནི་སྔོན་བཞིན་དབུལ།། སྔགས་པས་རྟག་ཏུ་ཚིག་འཇུག་ལ།། གཏོར་མ ་བདག་གིས་ཕུལ་བ་འདི།། བཞེས་སུ་གསོལ་ཞེས་འཇུག་ཏུ་བརྗོད།། གཏོར་མ་སྣ་ཚོགས་སུ་དབུལ་བར་བྱ།། མར་མེ་བདག་གིས་བུལ་བ་འདི།། བཞོས་སུ་གསོལ་ཞེས་འཇུག་ཏུ ་བརྗོད། བདུག་པ་ཐང་ཆུ་རྣམ་པ་ལྔ།། སྔགས་ཀྱིས་བཏབ་སྟེ་ཕུལ་བར་བྱ།། དེ་ནི་མཆོད་པ་བྱས་ནས་ཀྱང་།། དཀྱིལ་འཁོར་དག་གམ་རི་མོ་ལ།། རང་གི་ཡན་ལག་དགོད་པ་དག། དམ ་ཚིག་ཅན་ལ་བསྟན་ན་ནི།། མཐོང་བ་ཙམ་ནི་ཉིད་ཀྱིས་སུ།། རིག་འཛིན་དམ་ཚིག་ཅན་དུ་འགྱུར།། དེ་ནས་རྟོག་པ་ལ་གསུངས་པའི།། ལས་རྣམས་མྱུར་དུ་བྱེད་པར་འགྱུར།། དེ་ལྟར ་ཁྲོ་བོའི་རྒྱལ་པོ་འདི།། མཆོད་པ་ལེགས་པར་བྱས་ནས་སུ།། བསྒྲུབ་པ་པོ་ནི་མ་ཡོངས་པར།། སྔགས་བརྗོད་སླར་ཡང་གཤེགས་སུ་གསོལ།། སླར་ཡང་གཤེགས་པ་མཛད ་ནས་སུ།། སླར་གཤེགས་པའི་ཚིག་གཉིས་བརྗོད།། མེ་ཏོག་སྙིམ་པ་བཀང་ནས་སུ།། ཕྱག་འཚལ་སླར་ཡང་གཤེགས་སུ་གསོལ།། དཀྱིལ་འཁོར་དག་གམ་རི་མོ་ལ། ་ཆོ་ག་བཞིན་དུ་བསྒྲུབ་པ་ཡིས།། རྟག་པར་མཆོད་པའི་ཆོ་ག་འདིས།། མདོར་བསྡུས་ནས་ནི་བཤད་པ་ཡིན།། བཟླས་པ་དང་ནི་ཧོམ་དག་དང་།། བརྟུལ་ཞགས་བཀའ་ཐུབ་མ ་སྡུད་ཀྱང་།། སྡིགས་ཀྱི་དངོས་འདི་ཤེས་ནས་ནི།། མཆོད་པ་འབའ་ཞིག་དབུལ་བར་བྱ།། འདི་ལ་མཆོད་པ་བྱ་བ་ཉིད།། ཁྲོ་བོའི་རྒྱལ་པོ་རྟག་པ་རུ།། མེ་ཉིས་བྱས་ཡིན་པར་གང ་ཤེས་པ།། སྔགས་པས་དངོས་གྲུབ་ཐོབ་པར་འགྱུར།། རྟག་ཏུ་སྔགས་པས་སེམས་དཔའ་དང་།། རྟག་ཏུ་སྔགས་ཀྱི་བདག་ཉིད་འགྱུར།། རྟག་ཏུ་ཡིད་ལ་བཞེད་པ་དང་།། རྟག་ཏུ ་ཁྲོ་བོར་འདུ་ཤེས་པ།། ལས་རྣམས་ཐམས་ཅད་འགྲུབ་པའི་ཕྱིར།། ཆོ་ག་མདོར་བསྡུས་འདི་ཤད་དོ།། ཁྲོ་བོ་རྣམ་པར་རྒྱལ་བ་འཇམ་དཔལ། ་གྱི་རྩ་བའི་རྟོག་པ་ལས།། གསང་བའི་རྟོག་པར་བརྟོགས་པ་སྟེ།། ལེའུ་དང་བེའོ།། ། མ་མེ་མི་མི་མུ་མཱུ་མཱ་མཱི་མཱ་མཱ་མ།། ་ཡི་གེ་གཟུང་དང་ཡ་བྲལ་བྱེ་བྲག་གིས།། ཐོག་མ་ཐ་མ་ཟུང་ཅིག་ཏུ།། ཟུང་ཅིག་སྦྱོར་བའི་བྱེ་བྲག་གིས།། འཁོར་ལོ་འདི་ནི་ཅི་རིགས་པར།། སྦྱར་བར་བྱ་འདི་བཤད་དོ།། ཁྲོ་བོ་ཞེ ་བྱའི་ས་བོན་འདི།། དཀྱིལ་དུ་བཞག་སྟེ་སོ་སོར་དུ།། དབང་དང་ཁོན་དང་གསད་པ་དང་།། དེ་བཞིན་བསྐྲད་དང་ཞི་བ་དང་།། ཡང་ན་རྒྱས་པར་བྱ་བའི་ཕྱིར།། ཟུང་དང་སྣོལ་བས་མྱུར ་དུ་འགྲུབ།། ཟུང་ཅིག་ཚིག་གཉིས་ཐ་མར་བཞག། ཆེ་གེ་མོ་ཞིག་དབང་དུ་བྱས།། མཚོན་ཆ་མེད་པའི་ས་བོན་བཞག། སྭཱ་ཧཱའི་ཚིག་གིས་བར་དུ་སྦར།། བསྒྲུབ་པར་བྱ་བའི་གཟུགས ་བྱས་ནས།། དེ་ལ་རྐང་པ་རྫི་བ་ནི།། སྔགས་པ་འགྲེང་སྟེ་འདུག་པ་ནི།། རྐང་པ་སྐྱོད་པའི་བར་དུ་བྱ།། རྒྱལ་པོ་དབང་དུ་མ་གྱུར་པ།། དེའི་དབང་དུ་མྱུར་དུ་འགྱུར།། ཅིག་པོ་དེ་ལ ་སྤོས་ནས་སུ།། མྱུར་དུ་གེ་རིམས་བཞིན་བཞག་པའོ།། ས་བོན་གཉིས་པའི་གནས་ལ་ནི།། གནས་ནས་གདོང་ཡང་བསྒྱུར་ནས་སུ།། ཟུང་ཅིག་ཚིག་གཉིས་ཐ་མར་བཞག། ཆེ་གེ ་མོའི་འཛའ་བོ་སྟེ།། སྡང་བ་གྱུར་ཅེས་ཐ་མར་སྦྱར།། བསྒྲགས་པར་བྱ་བ་ཅུང་ཟད་མེད།། བསྒྲུབ་པར་བྱ་བ་གཉིས་ཀ་ནི།། གཟུགས་ནི་འཇིམ་པ་ལས་བྱས་ཏེ།། གཅིག་པུ་དཔའ་བའི། ་མཉམ་ལྡན་པར།། གཉིས་ཀ་ལ་ཡང་རྐང་པས་མནན།། སྔགས་མཁན་དེ་ཡིས་གནན་པ་ཡིས།། མེལ་ཚེ་ཐུན་ནི་བྱེད་ཙམ་གྱིས།། དེ་ནས་བསྒྲུབ་པ་འདོད་པ་བཞིན།། དེ་གཉིས ་ཕན་ཚུན་དགྲང་གྱུར་པ།། ཁྲོ་བོའི་རིམ་བཞིན་བསྒོམས་པས་ནི།། ལན་ཅིག་བྱས་པ་ཙམ་གྱི་འགྱུར།། ས་བོན་གཉིས་པ་དེ་ལས་ཀྱང་།། དྲག་པོའི་རྩལ་གྱིས་སྤོས་པ་སྟེ། ་ཁྲོ་བོ་ཆེན་པོ་མིག་རྩ་དམར།། གནས་ནི་གསུམ་པ་ལ་གནས་ཏེ།། གཡོན་པའི་གནོན་པའི་མནན་པས་ནི།། དྲག་པོའི་ཤགས་ཅན་ལུས་ཀྱིས་མནན།། ཁ་དང་བླ་དང་རྒྱབ་ཀྱང་སྦྱར།། ་དྲིལ་བུ་དཀྲོལ་བའི་སྒྲ་སྒྲོགས་ཤིང་།། ཟུངྒས་ཅིག་ཚིག་གཉིས་ཐ་མར་བཞག། ཆེ་གེ་མོ་ཞིག་བྱ་བའི་དགྲ། སོད་ཅིག་པའི་སྒྲ་ཡང་བརྗོད།། ས་བོན་མཚོན་ཆ་རབ་འབར་བཞག། ་ཁྲོ་བོའི་ལྕགས་ཀྱུར་ཤུ་ལས་གཅོད།། དུར་ཁྲོད་ཐལ་བས་དགྲ་བོའི།། གཟུགས་རྙེན་དག་ནི་བྱས་ནས་སུ།། ཕན་ཚུན་མངོན་དུ་ཕྱོགས་བྱས་ནས།། ལག་གཉིས་ཕན་ཚུན ་བཏུད་བར་བྱ།། དེ་ལྟར་བྱས་ན་མྱུར་བ་རུ།། ཚེ་རིང་བ་དང་ལྡན་པ་ཡང་།། དགྲ་དེ་རིང་པོར་མི་ཐོགས་པར།། ཤིང་ནི་བཅད་པ་བཞིན་དུ་འགྱེལ།། གསུམ་པ་ལ་ནི་འབོདྲ་ནསུ།། ་ཁྲོ་བོའི་ནི་རྒྱལ་པོའི་གནས།། བཞི་པ་ལ་ནི་བསྒྲུབ་པར་འདུག། དྲག་ཤུལ་ཅན་གྱིས་ལུས་སུ་འདུག། ཟུང་ཅིག་ཚིག་གཉིས་ཐ་མར་བཞག། ་ཆེ་གེ་མོ་ཞིག་བྱ་བའི་སྒྲ།། སྐྲོད་ཅིག་པའི་ཚིག་གི་མཐར།། ཡི་གེ་ཧ་ནི་དབུལ་བར་བཞིག། ས་བོན་བསྟན་པ་བཀོད་པ་ལས།། བསྐྲད་པར་བྱ་བ་ཐ་དད་པའོ།། དགྲ་བོའི་ཕྱིར་ནི ་རིངས་པ་རུ།། མེལ་ཙེ་ཐུན་ཅིག་ཙམ་དུ་བསྒོམ།། གྲོག་འཁར་རྩེ་ལས་བླངས་ཏེ།། དེ་ནས་གཟུགས་རྙན་བྱས་ནས་སུ།། སྦྱོར་བ་ཤེས་པས་མ་ཡེངས་པར།། བཟླས་པ ་བདག་ཉིད་དེ་སྟེངས་འདུག། དེ་ནས་མེལ་ཚེ་ཐུན་ཅིག་ལ།། ཁྲོ་བོས་སྡིག་པ་ནོན་ནས་ནི།། འཁོར་གྱི་སྐྱེ་བོ་མྱུར་སྤངས་ནས།། གང་ན་བའི་གནས་སུ་འགྲོ།། དེ་དག ་ཞི་བར་བྱ་འདོད་ན།། བསྒྲུབ་པ་པོ་ནི་མཆོག་དག་གིས།། སྙིང་རྗེ་ཞི་བར་བྱ་བའི་ཕྱིར།། ཆོ་ག་ཚུལ་བཞིན་འདིར་བཤད་དོ།། ཁྲོ་བོའི་འཁོར་ལོ་གནས་ལྔ་ལ།། སྒྲུབ་པ ་བོ་ནི་རིམ་བཞིན་འདག། དེ་ནས་ཡིད་ནི་བདེ་གྱུར་ནས།། རྐང་པ་མཉམ་ཞིང་གདོང་ཡང་ཅིང་།། ཟུང་ཅིག་ཚིག་གཉིས་ཐ་མར་བཞག། སྔོན་བཞིན་ཆེ་གེ་མོ་ཞིག་བྱ།། རབ་ཏུ་ཞི་བར ་གྱུར་ཞེས་བརྗོད།། དེའི་ཐོག་མ་ཐར་མར་ནི།། ཨོཾ་དང་ས་ཧ་སྦར་བར་བྱ།། དེ་ལྟར་ལེགས་པར་བཟླས་ནས་ནི།། དེ་ནས་མེལ་ཚེ་ཐུན་ཅིག་ལ།། དེ་ནས་འཇུག་ཏུ་ཞི་བར་འགྱུར།། རིང ་བེ་མི་ཐོགས་གདོན་མི་ཟ།། སྔོན་བཞིན་ཁྲོ་བོའི་འཁོར་ལོའི།། དྲུག་པའི་གནས་ལ་སོང་ནས་སུ།། རྐང་པ་དལ་བུས་གནོན་པ་ཡིས།། ཅིག་པུ་དལ་བུའི་ཚུལ་འདུག་ནས།། སྔ ་མ་བཞིན་དུ་ཚིག་གི་མཐར།། ཟུང་ཅིག་པའི་ཚིག་གཉིས་སྨྲ།། རྒྱས་པར་གྱུར་ཅིག་པའི་མཐར།། ཨོཾ་དང་སྭཱ་ཧཱ་ཕྱག་འཚལ་སྦྱར།། རྒྱས་པར་འདོད་པས་དགའ་བཞིན་དུ།། མེལ ་ཙེ་ཐུན་ཅིག་རྟག་ཏུ་བཟླས།། ཡིད་ལ་རྒྱས་པར་འདོད་པ་ཡིས།། ཁྲོ་བོའི་འཁོར་ལོ་ལེ་ནི་གནས།། སྙིའི་ཚུལ་དུ་བསྒྱུར་བྱས་ནས།། མེལ་ཚེ་ཐུན་ཅིག་བྱས་པས་ནི།། ཁྲོ་བོའི ་འཁོར་ལོ་བཀའ་ནན་གྱིས།། གང་གསུངས་པ་ནི་མྱུར་དུ་འགྱུར།། ཕྱིས་ཀྱང་རིམས་ཀྱིས་འདི་ལ་གནས།། ལོགས་ཤིག་ཁྲོ་བོའི་འཁོར་ལེའི་བཀས།། རྐང་པ་ཚང་མ་དེ་བཞིན ་བྱས་གདོང་ཡང་དལ་བུས་བསྒྱུར་ནས་སུ།། དེང་བེར་ས་བོན་གང་ཡིན་པ།། དབང་དུ་བྱེད་ལ་རྒྱས་པར་འགྱུར།། དེའི་མཐའ་ཡང་ལྷན་ཅིག་འགྱུར།། མེ་དང་འབར་བར་འདྲ་བ་སྟེ།། ་སྔོན་གྱི་ལས་ནི་གྲུབ་འདོད་ན།། ཤིན་ཏུ་ལེགས་པར་སྦར་བར་བྱ།། དེ་ནི་ཟུང་ལས་བསྐུལ་བ་ཡང་།། སོ་སོ་འམ་ཅིག་ཏུ་རུང་བར་བཤད།། ཁྲོ་བོའི་ནི་འཁོར་ལེའི་མཐུ།། བརྒྱད ་པ་དག་ལ་མྱུར་བར་གནས།། རིམ་པ་ལྔ་མའི་ཚུལ་གྱིས་ནི།། མཁོན་པའི་ས་བོན་བདག་གིས་བསྐུལ།། ས་བོན་ཟུང་ལས་ཕྱེ་བ་དང་།། བརྒྱད་པར་འབྱེད་པར་བསྒྲུབ་པ་ལ། ་མཛའ་བོ་མྱུར་དུ་བཟློག་པའི་ཕྱིར།། ཆོ་ག་བཞིན་དུ་རིམ་པར་སྦར།། རིམ་པ་ལཱ་མའི་ཚུལ་བཞིན་དུ།། མྱུར་དུ་གསད་པར་འདོད་པ་ཡིས། ་ཁྲོ་བོ་ཡི་ནི་འཁོར་ལེའི་གནས།། དགུ་པ་ཨ་བི་ཙེ་རིའི།། ཆོ་ག་འདིས་ནི་དགྲ་བོ་དག། མྱོས་པར་གྱུར་ནས་འཇིག་པར་འགྱུར།། ལྷ་རྣམས་ཀྱིས་ནི་སྦས་པ་ཡང་།། གཤད་པ ་དྲུང་དུ་ཁྲིད་པར་འགྱུར།། རིམ་པ་ལྔ་མའི་ཚུལ་གྱིས་སུ།། ཁྲོ་བོའི་ནི་འཁོར་ལོའི་གནས།། བཅུ་པ་དག་ལ་རིམས་ཀྱིས་གནས།། ཏྲག་ཤུལཱ་ཅན་གྱིས་གནོན།། དེའི་ས་བོན་གྱིས ་ཀྱང་བྱ།། སྔོན་གྱི་ས་བོན་རབ་འབར་བ།། སྔ་མ་བཞིན་དུ་རིམས་ཀྱིས་ཟླས།། སྔར་བཤད་པའི་ལས་གྲུབ་པའོ།། འཁོར་ལོའི་རིམ་པ་བཅུ་གཅིག་པའོ།། གང་ཡིན་པའི་དེ་བཟུང ་ནས།། དེ་ནས་ཞི་བར་བྱེད་པའི།། ས་བོན་དེའི་ཡིས་སྐུལ་བར་བྱ།། སྔར་བཤད་བཞིན་དུ་བསྐལ་བ་དང་།། སྔ་མའི་ལས་ནི་བྱེད་པར་འགྱུར།། ཞི་བ་དག་ལ་གང་གསུངས་པ། ་རྒྱས་པ་དག་ལ་གང་གསུངས་པ།། རྒྱས་པ་དག་ལ་སྦར་བར་བྱ།། འཁོར་ལོ་ཡི་ནི་གནས་ཀྱི་མཆོག། བཅུ་གཉིས་པ་ལ་གནས་ནས་སུ།། དེ་ཡིས་ས་བོན་བསྐུལ་བར་བྱ།། བདག ་གིས་མཐུ་རྩལ་གནོན་རྟགས་པས།། ས་བོན་ཟུང་མ་སྦྱོར་བ་ཡིས།། ས་བོན་མཐུ་ནི་འབར་བ་ཅན།། འཁོར་ལོ་བཀོད་པའི་ལས་རྣམས་ནི།། སྔོན་གསུངས་པ་དག་གྲུབ་པར་བྱེད།། ་དེ་ལྟར་ཁྲོ་བོའི་འཁོར་ལེ་ནི།། ཆོ་གར་བཅས་པ་རྒྱས་པ་དག། གསང་བར་བསྐུལ་བར་བཅས་པའི།། སྦྱོར་བ་མ་ལུས་བཤད་པའི།། ས་བོན་ཟུང་མས་བསྐལ་བ་གང་།། གཉིས་པ་རབ ་ཏུ་བགྲགས་པ་ཡང་།། དེ་འདིར་ས་བོན་གཉིས་པའི།། མྱུར་དུ་འགྲུབ་པར་འགྱུར་བར་བཤད།། ཐ་མའི་ས་བོན་ཐམས་ཅད་ལ།། ཕུལ་བའི་ཚིག་གི་ཉེས་རྟག་ཏུ་སྦར།། ཁྲོ་བོའི་རྒྱལ ་པོའི་དངོས་གྲུབ་ཐོབ།། ཁྲོ་བོ་འཁོར་ལོ་གསང་བ་འདི།། མི་ཤེས་པས་ནི་གང་སྦྱོར་བ།། དེ་འདིར་དངོས་གྲུབ་མི་ཐོབ་ཀྱིས།། མྱུར་དུ་སྟོ་བ་ཐོབ་པར་འགྱུར།། ཟུང་ངམ་ཟུང་མའི ་ཚིག་འདི་ལ།། ཡ་ཐ་དག་དང་ཐ་མ་རུ།། འཁོར་ལོ་བཀོད་པ་བསྟན་པ་འདིའོ།། ཇི་ལྟར་རིམ་པ་ཤེས་ན་ནི།། སྤྲིན་སྲེགས་བཟླས་པ་མ་བྱས་ཀྱང་།། ཁྲོ་བའི་འཁོར་ལོའི་དངོས ་གྲུབ་ཐོབ།། མཱ་མཱི་མཱ་མཱི་མཱ་མུ་དྲུག་རྣམས་ཀྱིས།། དབང་དང་མཁན་དང་གསད་པ་དང་།། བཀྲད་དང་ཞི་དང་རྒྱས་པའི་མཐར།། མཁས་པ་དག་གིས་བསྒྲུབ་པར་བྱ།། དེ་དག ་ཉིད་ལས་བཟློས་པ་ཡིས།། དེ་བཞིན་དུ་ནི་བསྐུལ་བར་བྱ།། ཇི་སྐད་གསུངས་པ་འདི་རྣམས་ནི།། མ་གྲུབ་ན་སྟེ་གཞན་དུ་མིན།། དེ་ལ་མུ་མུ་མི་མི་མེ་མེ་ནི།། རྒྱས་དང་དེ་བཞིན་མཿ ་མ་རུ་འཁོར་ལོ་རྩིབས་ཀྱི་གནས་ན་ནི།། དེ་དང་དེ་དག་གཉིས་སུ་སྦྱར།། དེ་བཞིན་འཁོར་ལོའི་ནང་དུ་ཡང་།། ཁྲོ་བོའི་སྐུ་མཆོག་ས་བོན་ཡང་།། བཞག་ནས་ཚིག་གིས་མཐའ ་མར་ཡང་།། ཁྲོ་བོའི་དྲིལ་བུ་དཀྲོལ་བ་དེ།། འཁོར་ལོའི་མུ་རན་ནང་དག་ཏུ།། ཟུང་ཅིག་པའི་ཚིག་གཉིས་བརྗོད།། མཁས ་བས་འཁོར་ལོ་མིག་གི་ནང་།། ས་བོན་བཀོད་པ་རྣམས་ལ་གནས།། ཁྲོ་བོའི་འཁོར་ལོ་བསྒྲགས་པ་ནི།། བཤད་པའི་ཚུལ་བཞིན་ཆོ་ག་བཞིན།། དེ་ནས་ཇི་སྐད་བཤད་པ ་ཡིན།། དངོས་གྲུབ་རྣམས་ནི་ཐོབ་པར་འགྱུར།། དངོས་གྲུབ་ཚུལ་བཞིན་ཐོབ་འགྱུར་བའི།། དེའི་སྦྱོར་བ་བཤད་པར་བྱ།། ཐོག་མར་ཕྱག་རྒྱ་བཅིངས་ནས་སུ།། སྐུ་ལས་སུ་ནི་སྐུ ་བསྒྱུར་ཏེ།། ལས་རྣམས་ཚུལ་བཞིན་མཐོང་བ་ཡིས།། སྦྱོར་བ་དག་ནི་ལེགས་པར་བྱ།། གདོང་ཡང་ཁ་མིག་རྐང་པ་མཉམ།། རབ་ཏུ་དང་ཞིང་ཞི་བའི་སེམས།། སྙིང་ཡང ་དེ་བཞིན་རབ་དགའི།། དབང་དུ་བྱ་བའི་སྔགས་གསུངས་པ།། ཤིན་ཏུ་མཉམ་པར་བཞག་པས་བསྒྲུབ།། རྐང་པ་ཡ་ཅིག་ཐུང་ངུར་བཞག། གདོང་དང་ན་མཆེན་ནུས་ཏེ ་གནས།། ཁ་དང་མིག་ནི་ཡང་ཅིག་བཙུམ།། ཚུལ་ནམ་གནོད་པ་ཆེན་པོ་བྱས།། བེ་ཅོན་ལ་ནི་མིག་གི་ལྟེ།། བསྒྲུབ་པར་བྱ་བ་བསྒྲུབ་ལ་འབད།། གང་དག་དབྱེ་བར་འདོད་པ་གཉིས།། ། ་དེ་དག་ཕྱེ་བར་བསམ་པར་བྱ།། རྐང་པ་གཉིས་པ་ཏེག་པ་ཡིས།། ཚལ་ནམ་བྱ་བ་སླར་ཡང་བཞག། བཞིན་བསྙེར་ཕྱག་རྒྱ་བཅིངས་ནས་སུ།། ཁྲོ་བོར་ལྟ་ཞིང་ཡིད་ཀྱང་ཁྲོས།། ་རབ་དུ་དཔལ་སྲན་དང་བཅས། རྩལ་གྱི་གནོན་པར་རབ་དུ་འདོད།། སྔགས་པ་སྔོན་བཞིན་སྔར་ཚུལ་གནས།། གང་འདོད་པ་ནི་གཞོམ་བྱའོ།། དེ་ནས་རྐང་པ་ཡ་ཅིག་ཀྱང་།། དྲག་ཤུལ ་ཅན་དུ་རྐྱང་སྟེ་བཞག།། བཟུར་ཏེ་འདུག་པའི་ཚུལ་དུ་གནས།། གདོང་ཡང་ཡོན་པོར་བསྙེར་བར་བྱ།། མཛུབ་མོ་བསྒྲེང་སྟེ་གདོད་པ་དང་།། བེ་ཅེན་ཕྱག་རྒྱ་དག་གིས་སྡིག ་དེ་དག་སྐུད་པར་འདོད་ན་ནི།། མྱུར་དུ་བསྐྲད་པར་བྱས་པར་འགྱུར།། དེ་ནས་རྐང་པ་མཉམ་པར་གཞག། ལག་པ་གཡས་པ་ཐོབ་པར་བྱ།། དཔལ་དང་ལྡན་པས་གཡོན་པ ་སྨད།། ཞི་བར་འདོད་པས་ཞི་བར་འགྱུར།། ཕྱེད་ནི་དཔའ་རབ་བཀག་སྟེ་གནས།། རྐང་པ་གཡས་པ་ཚངམ་བྱེད།། སྔར་ཚུལ་གནས་པས་སྒྲིབས་ན་ནི།། རྒྱས་པར་འདོད་ན ་ཐོབ་པར་འགྱུར།། སླར་ཡང་དེ་བཞིན་ཤེས་བྱ་བ།། བཟློག་སྟེ་བྱིའི་གཞན་དུ་མིནྡ།། གྲུབ་པ་བདག་ཉིད་ཆེན་པོའི།། ཚང་ངམ་རིམ་པ་དྲུག་གསུངས་པ།། དང་པོ་མིང་ནི་ལོག ་བའི་ཕྱོགས།། དེའི་འོག་ཏུ་མ་རྒྱབ་གྱིས་ཕྱོགས།། དེ་བཞིན་ཚང་ངམ་གསུམ་བེ་ནི།། དགྲ་བོ་ཆེ་ཞེས་བསྒྲགས་པ་ཡིན།། བཞི་པ་མཛུབ་མོ་བསྒྲེང་པ་ཡིན།། ལྔ་པ་ལ་ནི་སྟོབས ་ཞེས་བྱ།། དྲག་པ་སྟོབས་པོ་ཆེ་ཞེས་བྱ།། འདི་རྣམས་ཚ་ངམ་དྲུག་ཏུ་བསྒྲགས།། ཚ་ངམ་གདམས་པ་བྱས་པ་ནི།། དགྲའི་འཁོར་རྣམས་གཡིན་སྤོང་བ།། འཁོར་ལོ་མཆོག་ལ་གོམ ་བྱེད་པ།། གྲགས་པ་ཆེན་པོ་ཐོབ་པར་འགྱུར།། ཁྲོ་བོ་ཆེན་པོས་གསུངས་པའི།། རབ་ཏུ་གསུངས་པའི་རྒྱུད་འདི་དཀོན།། ཁྲོ་བོ་རྣམ་པར་རྒྱལ ་བ་འདི།། དེ་བས་ཀྱང་ནི་ཤིན་ཏུ་དཀོན།། ཧོམ་དང་བཟླས་པ་ཡོངས་མི་དགོས།། ཁྲོ་བོའི་རྒྱལ་པོའི་བརྟུལ་ཞུགས་དང་།། དཀའ་ཐུབ་དག་ཀྱང་མི་དགོས།། བསམ་གཏན་སྦྱོར་བ་འང་མི ་དགོས་ཏེ།། གང་རྟོག་པ་པ་ཡང་བ་།། འམང་བ་འདོད་པ་ཅད་ཡེ།། གང་ལའང་འཁོར་ལོ་འབར་ཞིང་གཡོ།། གང་གསུངས་པའི་དངོས་གྲུབ་གནས།། དེ་མ་ཐག་ཏུ་དངོས་གྲུབ་ཐོབ།། དེ་བས་འདི་ནི་གསང་བྱས ་ནས།། ཐམས་ཅད་བསྒྲུབ་པའི་བསྒྲུབ་པ་པོས།། བདག་གི་དོན་མཆོག་གང་འདོད་པ།། ཤིན་ཏུ་ལེགས་པར་བསྒྲུབ་པར་བྱ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པར་རྟོགས་པ།། གསང་བའི་རྟོག ་བར་རྟོགས་པ་སྟེ་གཉིས་པའོ།། །། ཁྲོ་བོའི་རྒྱལ་པོའི་དངོས་གྲུབ་ནི།། སྣ་ཚོགས་ཐོགས་མེད་ཐ་དད་པ།། སྣ་བ་འདོད་ན་ཆོ་ག ་མཆོག། གང་འདོད་བྱས་ན་དངོས་གྲུབ་ཐོབ།། རབ་ཏུ་གསང་བའི་སྔགས་འདི་ནི།། བཏུ་བ་གང་རྣམས་སྔར་གསུངས་པ།། རེ་ཤིག་འདིའི་མཚན་ཉིད་ནི།། གཞན་དག་འདི་ནི་བཤད་པར་བྱ། ་དེའི་ལས་ནི་གང་གསུངས་པ།། གང་དག་ཕྱིས་ཀྱང་འགྲུབ་འགྱུར་བ།། དཔའ་བོ་ཅིག་པུ་འབའ་ཞིག་གིས།། ཐམས་ཅད་ཉིད་དེ་གཞན་དུ་མིན།། ཐམས་ཅད་དེ་ནི་བཤད་པར་བྱའོ།། ་སྔགས་དེས་ལས་རྣམས་ཀུན་བྱེད་དོ།། རྒྱུད་ལ་དངོས་གྲུབ་གང་གསུངས་པ།། དཔའ་བོ་ཅིག་པུའི་མཐུས་ཀྱང་འགྲུབ།། ཨོཾ་ནི་དེའི་ཐོག་མར་ཏེ།། བདེ་བར་གཤེགས་པའི་དམ་ཚིག ་ཡིན།། ཐོག་མ་དང་ནི་གཉིས་པ་དང་།། དྲག་པོ་ཅོག་བྲལ་བའི་ལས།། ཀླད་ཀྱི་འཁོར་གྱི་གནན་པའི་རིགས།། སྔགས་ཀྱི་ཡི་གེ་ཕྲེང་བཀོད་ལ།། སྔགས་རྣམས་ཐམས་ཅད་གསལ་བྱེད ་པའོ།། ཁྲོ་བོའི་རྒྱལ་པོའི་སྙིང་པོ་སྟེ།། ཁྱད་པར་མེད་པར་དེ་ནས་སྦར།། དེ་ནས་ཁྲོ་བོའི་རྒྱལ་པོའི།། སྐྲ་ནི་དེའི་འོག་ཏུ་བསྟན།། སྔགས་པས་སྔགས་རྐུན་གྱིས་མཚན།། དེ་ལ། ་རྟག་ཏུ་རིག་པར་བྱ།། ཐོགས་པ་མེད་པའི་སྔགས་རྣམས་ནི།། བདོག་ཉིད་ཆེན་པོ་ཐམས་ཅད་ཀྱིས།། བསྲུང་ལ་སོགས་པའི་ལས་རྣམས་ཀུན།། གོ་རིམས་བཤད་པ་བཞིན་དུ་བྱ ་ཐམས་ཅད་བདག་ཉིད་ཆེན་པོ་འདི།། བསྲུང་བ་དག་ནི་བྱས་ནས་སུ།། སྔོན་གྱི་ཚུལ་བཞིན་རབ་དབེན་པར།། སྐུ་གཟུགས་དོན་མཆོག་བཞག་ནས་ནི།། ཆོ་ག་ཇི་སྐད་གསུངས་པའི ་ཆོ་ག་བཞིན་དུ་མཆོད་པ་བྱ།། ཉིན་རེ་མེ་ཏོག་ཕྲེང་བ་དང་།། ལན་བདུན་བཟླས་པ་རྣམས་ཀྱིས་ནི།། མཆོད་ནས་ཀ་ར་བི་རའི།། མེ་ཏོག་དམར་པོ་ཁ་འབུས་པའི།། བརྒྱ་ནི ་རྒྱ་རྩ་གྲངས་རྣམས་ཀྱིས།། བུ་དོན་ལ་ནི་ཕོག་པར་དབུལ།། ཆོ་ག་འདི་ནི་དུས་གསུམ་དུ།། ཟླ་བ་གཅིག་ཏུ་བྱས་ན་ནི།། ཁྲོ་བོ་མངོན་གསུམ་ཉེར་གྱུར་ནས།། རྨི་ལམ་དུ་ནི་དངོས ་གྲུབ་སྟེར།། ཆོ་ག་འདི་ལྟར་སྔར་བྱས་ན།། གང་འདོད་པའི་དགོས་པ་དག། དེ་ཚེ་གདོན་མི་ཟ་བར་འགྲུབ།། དེ་ནི་ཆོ་ག་མཆོག་སྦྱིན་པ། ་དེ་ལྟར་ཟླ་བ་མཉེས་བྱས་ནས།། མའི་ལས་རྣམས་གང་བྱས་པ།། དེའི་ཆོ་ག་མདོར་བསྡུས་ནས།། ད་ནི་ལེགས་པར་བཤད་པར་བྱ།། འཆི་ནས་འགྲོ་དང་སྦར་བའི།། དུག་ནི ་རྣམ་པ་གསུམ་དག་དང་།། ལྟོ་ཕྱི་སྲིན་པོར་བཅས་པ་འཇིག། བདག་གིས་བྱས་པའི་ཕྱག་རྒྱའི་སྔགས།། སྦར་བ་ལན་ཅིག་བདག་གི་བསྲུང་།། ཡིད་ལ་བསམ་པ་ཙམ་གྱིས་ཀྱང་།། ་གཞན་དག་གི་ཡང་གཅོད་པར་བྱེད།། བཞི་པའི་རིམ་ལ་སོགས་དེ་ཡང་།། ཐོས་པས་མྱུར་དུ་ཞི་བར་བྱེད།། མ་དང་བྱིས་པའི་གདོན་རྣམས་ལ།། ཐལ་འམ་ཡང་ན་སས་ཀྱང་རུང་། ་བདག་ཉིད་དག་པར་བསམས་ནས་ནི།། བདག་དགར་དགོངས་ནས་པའི་དོན།། གང་དང་གང་དགེ་འདོད་པར་ནི།། བསྒོ་ནས་དེ་དང་དེ་དག་འ་བྱེད།། ཡིད་ལ་བསམ་པས་དེ་དག་ཐར།། རྡོལ ་ལན་གསུམ་བཟླས་པ་ཡིས།། ཆུ་སྲིན་ཀུ་པི་ར་ལ་སོགས།། མཆེ་བ་ཅན་དག་དོག་མེད་པར།། ཆུ་ནས་གསལ་བའི་མཆོག་ཏུ་འགྱུར།། འགྲོ་ཚེ་ཡིད་ལ་བསམ་ནས་ནི།། ལམ་ན་རྐུན་པོ ་འཇིགས་པ་མེད།། སེང་གེ་སྟག་དང་དགྲ་རྣམས་དང་།། ནད་ཀྱིས་འཇིགས་པ་མེད་པར་འགྱུར།། རྒྱལ་པོའི་དྲུང་དུ་འགྲོ་ན་ཡང་།། སྔགས་ཀྱི་སྤྱི་གཙུགས་བཅིངས་ནས་ནི།། རྒྱལ་པོ ་ཁྲོས་པ་མྱུར་བ་རུ།། རྐྱང་ནས་ཐལ་མོ་སྦྱོར་བར་བྱེད།། ཤག་འགྱེད་པ་དང་རྒྱན་པོ་དང་།། མཚོ་དང་མེའི་འཇིགས་པ་དང་།། ཡིད་ལ་དྲན་ཞིང་བཟླས་བྱས་ནས།། མི་བདེ་ཀུན་ལས་ཐར ་བར་འགྱུར།། འཚེ་བ་ཐམས་ཅད་ཞི་བྱའི་ཕྱིར།། མི་བདེ་ཉམ་ཐག་གྱུར་པ་ལས།། སྔགས་འདི་མྱུར་དྲག་བརྗོད་བྱས་ན།། སྤྲིན་དག་མནན་པར་བྱ་བ་དང་།། ཆར་ཡང་མྱུར་དུ་བཅོད་པར ་བྱེད།། གནམ་ལྕགས་སེར་བ་འབབ་པ་ཡང་།། དབྱིག་པའི་ཕྱག་རྒྱས་ཞི་བར་བྱེད།། ཕྱག་རྒྱས་ཅིངས་ལ་དེ་ཉིད་ཀྱིས།། ཡིད་ཀྱིས་སྤྲིན་རྣམས་བརྡབ་པར་བྱ།། དེ་ལྟར་ཕྱག་རྒྱ་བརྡབ ་པར་བྱ།། དེ་ལྟར་ཕྱག་རྒྱ་སྡིགས་ནས་ནི།། སྨིན་འཚམས་དག་ཀྱང་སྦྱར་བར་བྱ་རྣམ་པ་དེ་དག་ཉིད་ཀྱིས་ནི།། གནམ་ལྕགས་སེར་བ་བཅད་པར་བྱ།། སྦྱོར་ལ་མཁས་པས་ཅི་འདོད་པ།། ཆར ་པ་དག་ཀྱང་བཅད་པར་བྱ།། གོས་ནི་སྔོན་པོས་བགོས་ནས་ནི།། ཁོ་ར་ཁོར་ཡུག་བསྲུང་བྱས་ནས།། མིད་པ་ནུབ་ཙམ་ཆུར་འདུག་སྟེ།། གཉིས་གསུམ་ལེགས་པར་བཟླས་པ་ནི།། བརྒྱ ་བྱིན་གྱིས་ནི་སྤྲིན་བསྡུས་ནས།། འདོད་པ་བཞིན་དུ་ཆར་པ་འབེབས།། དེ་ནས་སྤྲིན་ཆེན་ལས་བྱུང་བ།། ཆར་པས་ས་སྟེངས་ཁྱབ་པར་འགྱུར།། ཉི་མ་ལ་ནི་མངོན་ཕྱོགས་ནས།། ཉིན་རེ ་རྟག་ཏུ་བཟླས་བྱས་ནས།། བདག་དེ་ཇི་བཞིན་གཞན་རྣམས་ཀྱི།། ནད་རྣམས་དེ་ནས་མེད་པར་འགྱུར།། རྒྱལ་པོ་དབང་དུ་བྱ་ཡང་རུང་།། ཉུང་ཀར་དཀར་པོ་བཟང་པོ་ལས།། གཟུགས ་བརྙན་ལེགས་པར་བྱས་ན་སུ།། དེའི་གཟུག་ཀྱི་སྟེང་འདུག་ནས།། གང་གི་མིང་སྨོས་ཉིན་བདུན་དུ།། བཟླས་པ་ལེགས་པར་བྱས་ནས་ནི།། དེ་ནི་མྱུར་དུ་ཆོ་ག་འདིས། ་བྲན་བཞིན་དུ་ནི་དབང་དུ་འགྱུར།། ཞག་ཅིག་བསྙུང་བ་བྱས་པ་ཡིན།། རྨང་རིགས་དག་ནི་དབང་དུ་འགྱུར།། ཞག་གཉིས་བསྙུང་བར་དེ་བཞིན་དུ།། བཟླས་ན་རྗེ་རིགས་འདོད་པ་བཞིན།། ཞག ་གསུམ་བྱས་པས་རྒྱལ་རིགས་ཏེ།། ཞག་བཞི་དག་གི་བྲམ་ཟེ་དག། བཟླས་པ་ཆོ་ག་བཞིན་བྱས་ན།། འདོད་པ་བཞིན་དུ་དབང་དུ་འགྱུར།། འབྲུ་དང་ཕུབ་མ་ཐམས་ཅད་ལ།། བུ་དང་བུ་མོ་གང་ཡང་རུང་།། ་དེ་བཞིན་གཟུགས་བརྙེན་བྲིས་ན་ནི།། རྨང་རིགས་ལ་ནི་མཚན་ཅིག་གིས།། རབ་ཏུ་བསྡང་བ་བྱས་པར་འགྱུར།། རྗེ་བུ་རིགས་ལ་ཞག་གཉིས་ཀྱིས།། དེ་སྟེ་ཙོག་པོར་འདུག་ནས་ནི།། དེ་བཞིན ་འཛའ་དང་བྲལ་བར་བྱེད།། ཉིན་ཞག་གསུཾ་དང་བཞི་དག་གིས།། རྒྱལ་རིགས་དང་ནི་བྲམ་ཟེའོ།། དེ་ལྟར་ཇི་སྐད་གསུངས་པའི།། ལས་ཀྱི་བྱའི་གཞན་དུ་མིན།། གང་ཡང་རུང་བའི་གཟུགས ་བརྙན་ནི།། དུར་ཁྲོད་སོལ་བས་ལེགས་པ་རུ།། སྔ་མ་བཞིན་དུ་ལེགས་པར་བྲི།། དེ་ནས་སེང་ལྡེང་ཕུར་པ་ལ།། སྔགས་ཀྱི་སྟོང་དུ་བཟླས་བྱས་ནས།། དེའི་འོག་ཏུ་ལུས་ལ་གདབ།། དགྲ་བོ་དེའི ་མིང་སྨོས་ནས།། དེ་ལ་ཁྲོས་པར་བྱས་ནསུ།། དེ་ནས་དེའི་སྙིང་ཁར་འདུག། ཕུར་བུ་བཏབ་སྟེ་བཟླས་བྱ་བ།། དེ་ཉིད་ལག་པས་བཟུང་ན་སུ།། དུས་གསུམ་ཉི་མ་གསུཾ་བྱས་ན།། དགྲ་བོའི་གང་དུ་བཏབ ་བ་དེར།། གཟེར་ཐབས་དྲག་པོས་བཏབ་ནསུ།། འགུལ་མི་ཕོད་པར་ས་ལ་ལྟུང་།། ཞག་བདུན་ལོན་ནས་འཆི་བར་འགྱུར།། མ་མོའི་གནས་སོང་ནསུ།། ལག་པས་བེ་ཅོན་ཕྱག་རྒྱ་ཅིང་།། ལག་གཡོན་པའི ་མཛུབ་མོ་ཡིས།། ཁྲོས་ཤིང་དགྲ་བེའི་མིང་སྨོས་བཟླས།། དེ་ནས་དགྲ་བི་མོ་གདོན་གྱིས།། ཉན་ནས་སྤྱོད་པ་སྣ་ཚོགས་པས།། འཆི་བར་འགྱུར་བ་དག་ནི་བྱེད།། དེ་ནས་གྲུབ་པ་བཞི་པ་ཡིས།། ཆོ་ག ་དེ་ལ་ཞི་བར་བྱེད།། མ་མོ་རྣམས་ཀྱི་མདུན་འདུག་ནས།། ཞི་བའི་ཆོ་ག་མཁས་པ་ཡིས།། དབང་པོ་བསྡམ་ཞིང་ཉིན་བདེ་བར།། ཉིན་ཞག་གསུཾ་དུ་བཟླས་བྱས་ནས།། དེ་ནས་དེ་ལ་ལས་དེ་ཡིས།། ཞི་བར ་འགྱུར་བར་གདོན་མི་ཟ།། ཉི་མ་ལ་ནི་མངོན་ཕྱོགས་ནས།། ལག་པས་དགྲའི་མགོ་འཇུག་ཅིང་།། དགྲའི་མིང་སྨོས་མནན་ནསུ།། ཉི་མ་བདུན་དུ་བཟླས་བྱས་ནས།། དགྲའི་སླད་པ་ནར་འགྱུར་ལ། ་ཚབས་ཆེན་ཤིང་ལ་ཐུག་པར་འགྱུར།། དེ་ནས་ཐལ་མོ་སྦར་བ་ནས་སུ།། ཉིན་པར་བཟློས་ཤིང་ཞི་བར་བྱ།། ས་སྟེང་རྐང་པ་ཅིག་གིས་འདུག། ཉིན་པར་ལག་པ་གྱེན་དུ་ཀྱང་།། མི་གང་ཁྲོས ་ཤིང་བཟླས་པ་བྱ།། དགྲའི་མིང་སྨོས་ཅི་འདོད་པར།། ཉི་མོ་བདུན་དུ་བཟླས་བྱས་ནས།། ཉི་མ་ནབ་ཀར་དེ་ནས་དགྲ། མི་དགའ་བ་དང་ཉོས་འགྱུར་ཏེ།། གཉེན་དང་འཛའ་བོ་རྣཾས་བོར་ཏེ།། དེ་ནས ་གཞན་ཡང་གནས་འགྲོ། དེ་ལ་འདིར་ནི་ཞི་བ་འམ།། འོན་ཏེ་རྒྱས་པར་བྱ་འདོད་ན།། གཙང་སྦྲ་བྱས་ཏེ་གོས་ཀར་དགོས།། བདེ་ཞིང་བརྟན་པ་མ་གཡོས་པ།། མཆོད་པ་བཟང་པོ་བྱས་ནས།། དེ་བཞིན་གབྱེ ་པྲ་འོགལ་ཕྱག་འཚལ་ནས།། འོ་མ་ཐུང་ཞིང་བཟླས་བྱ་བ།། ཞི་བར་གྱུར་གྱི་བར་དུའོ།། དེ་ལྟར་འདི་ནི་སྣ་ཚོགས་པའོ།། སྦྱོར་བཅས་རྒྱས་པ་བཤད་པ་ཡིན།། ་རྟོག་པའི་ཆོ་ག་བཞིན་དུ་ནི།། མ་གསུངས་པ་ཡང་ལེགས་པར་བསྒྲུབ།། ཁྲོ་བོ་རྣམ་པར་རྒྱལ་བའི་འཇམ་དཔལ་གྱི་རྩ་བའི་རྟོག་པ།། གསང་བའི་རྟོག་པར་རྟོགས་པ་སྟེ།། །། ལེའུ་གསུ་པའོ།། ་། དེ་ནས་གཞན་ཡང་བཟང་པོ་འདི།། ཧེ་ལའི་འཁོར་ལོ་རྒྱས་པར་ནི།། དེ་ནས་བཟང་པོ་གཞན་མེད་པ།། ཇི་ལྟར་ལྷག་པ་བཤད་པར་བྱ།། དང་པོ་ཧེ་ཞེས་གང་གསུང ་པ།། བསྐུལ་བའི་ས་བོན་ཐམས་ཅད་ལའོ།། དེ་ནི་ལེན་དང་འཛིན་པ་སྟེ།། ལས་ལ་མྱུར་དུ་བསྐུལ་བའོ།། དེ་བས་ཐོག་མར་བསྐུལ་བ་དང་།། དོན་བཞིན་དུ་ནི་བཟུང་བ་ལ།། ཁྲོ་བོའི་ནི་རྒྱལ་བའི།། ་ཧེ་ཡིས་འཁོར་ལོ་རིམ་བཞིན་བསྟན།། ཧ་ཧེ་ཧུ་ཧེ་ཧོ་ཧཾ་ཧ།། ཧེ་ཧེ་ཧ་ཧ་ཧི་ཧི་ཧི་ཧི་ཧ་ཧེ་ཧེ། གཉིས་སྦྱར་བ།། ཁྲོ་བོའི་ཚིག་གི་ཐོག་མར་སྦྱར།། ཟུང་ཅིག་པའི་ཚིག་གཉིས་པའོ།། ཟུང་འཇུག ་འཁོར་ལོ་ཐ་མར་དགོད།། མུ་རན་རྩིབས་ཀྱི་མིག་རྣམས།། སྔགས་ལས་བྱུང་བ་རེ་རེའོ།། དོན་རྣམས་ཐམས་ཅད་བསྒྲུབ་པར་བྱ།། བཅུ་གཉིས་དག་ཏུ་གསུངས་པའི་སྔགས།། གནསུ་རི་ལྟར ་བཀོད་པ་དང་།། ཇི་ལྟར་སྨོས་ཤིང་གང་གནས་པ།། ས་སོའི་ལས་ལ་སྦྱར་བར་བྱ།། དེ་ནས་འདི་དག་བཀོད་པ་དང་།། སྔགས་རྣམས་བཏབ་པ་ཚུལ་བཞིན་བཤད།། དེ་ནས་མུ་རན་གསུམ ་པོ་དང་།། དབུས་ཀྱི་མུ་རན་བཟང་པོར་ལྡན།། མཐའི་མུ་རན་དྲུག་པོ་དང་།། རྩིབས་ཀྱི་ཟུང་དྲུག་རབ་བཟང་བ།། རབ་དབེན་འདྲ་འཛི་སྤངས་པའི་སར།། ཆོ་ག་བཞིན་དུ་ལོགས་བྲིས་ནས།། ་དེའི་གནསུ་སྦྱར་བ་དང་།། དེའི་གོ་རིམ་བཞིན་དུ་སྦར།། དེའི་ཚེ་ངམ་གསལ་བའི།། སྔགས་རྣམས་འདི་ནི་བསྡུ་བར་བྱ།། དབུས་དེ་བཞིན་གཤེགས་པའི།། སྙིང་པོ་མཚན་ནས་བརྗོད་པའི་མཆོག ་གཞན་ནས་དེའི་གནས་དག་ལ།། སྔགས་ན་སྒྲུབ་པར་བྱེད་པ་བཞག། མུ་རན་གཉིས་ཏེ་ལ་གནསུ།། ཁྲོ་བོའི་སྙིང་པོ་བཞག་པར་བྱ།། དེ་ནི་ཁྲོ་བོའི་ཞབས་ཀྱི་མནན།། དྲིལ་བུ་དཀྲོལ་བའི ་སྒྲ་ཡང་བསྒྲོགས།། རྩིབས་ནས་ཁྲོ་བོའི་མཐུ་དང་ལྡན།། དབུས་སྙིང་པོ་དག་པར་ལྡན།། རབ་ཏུ་འབར་ཞིང་ངེས་བྱས་ལ།། མུ་རན་གསུམ་གྱི་བར་དུ་སྟེ།། ཐམས་ཅད་དོན་རྣམས་ཀུན་འགྲུབ ་པའོ།། ཧེ་ཧཱི་ཧཱ་ཧཱ་ཧཱི་ཧཱི་ཧཱི་ཧཱི་ཧཱ་ཧཱ་ཧྭེ་ཧྭེ།། གཉིསུ་སྦྱར།། ཁྲོ་བོ་ཆེན་པོའི་ཚིག་དབུས་ནས།། ས་བོན་བཟུང་བའི་ཕྱི་རོལ་བཞག། ཐ་མར་བསྐུལ་བའི་ཚིག་རྣམས་དགོད།། ཁྲོ་བོ་དུ་མས་བསྐུལ ་བའོ།། ཐམས་ཅད་ཀུན་དུ་དོན་རྣམས་ཀུན།། གྲུབ་པའི་ཕྱིར་ནི་འདི་ལ་གནས།། དེ་ལྟར་འཁོར་ལོ་བྱས་པའི།། ཕྱི་ནས་བདུད་རྩི་འཁྱིལ་བ་བཞག། བསྐལ་བའི་ཚིག་རྣམ་བཀོད་པའི ་མཐར།། ཁྲོ་བོ་གཞན་རྣམས་དགོད་པར་བྱ།། དེ་ནས་གཞན་ཡང་རིམ་བཞིན་དུ།། ཁྲོ་བོ་ཆེན་པོ་དགོད་པའི།། བསྐུལ་བར་བྱེད་པ་བཅུ་གཉིས་པ།། འདི་དག་ཚུལ་བཞིན་བཤད་པར་བྱ།། ་པྲའ་@#ཁྲོ་བོའི་རྒྱལ་པོས་ལེགས་གསུང་པ།། དང་པོ་འབར་བའི་ཕྲེང་ཞེས་བྱ།། རྡོ་རྗེ་མེའི་རྒྱལ་པོ་བཞག། རབ་ཏུ་དྲག་པོའི་ཤུགས་བཞགོ།། རབ་ཏུ་དྲགས ་ཤུལ་སྟོབས་པོ་ཆེ།། རྒྱལ་ཆེན་ཁྲོ་བོ་ལྔ་པ་ཡིས།། དྲུག་པ་གཞན་གྱི་མི་ཐུབ་པ།། འཇིག་པར་བྱེད་པ་ཞེས་བྱ་བ།། ཁྲོ་བོ་བདུན་པར་བསྒྲག་པ་ཡིན།། ཟུར་དྲུག་ཁྲོ་བོ་བརྒྱད་པར་བསྒྲགས། ་ཕོང་པ་སྒྲོལ་བ་དེ་བཞིན་དགུ། རབ་ཏུ་འཇོམ་པ་བཅུ་པ་ཡིན།། དེ་བཞིན་ཀི་ལི་ཀི་ལི་ཆེན་པོ་དང་།། བཅིས་སུ་ནི་གསུངས་པ་ཡིན།། ཁྲོ་བོ་རབ་ཏུ་སྣང་བྱེད་པ།། བཅུ་གཉིས་བསྒྲགས་པ་འདི ་དག་ནི།། ཁྲོ་བོའི་རྒྱལ་པོས་ཀུན་དུ་གནོན།། ཐམས་ཅད་རིམ་པ་བཞིན་དུ་གསུངས།། འཁོར་ལོའི་ཕྱི་རོལ་ལ་གནས་ཁོང་།། འབར་ཞིང་དྲག་པོའི་མཐུ་དང་ལྡན།། ཐམས་ཅད་བསྟན་ནས་འཁོད ་བ་ནི།། ཁྲོ་བོ་ཆེན་པོ་སྣང་བྱེད་པ།། མཐུ་རྩལ་ཆེན་པོ་སྟོབས་དང་ལྡན།། ཀུན་ཀྱང་བདུད་རྩི་འཁྱིལ་བའོ།། ས་བོན་སྔ་མ་མཐའ་ཡས་རྣམས།། གུག་སྐྱེད་དྲུག་དང་ལྡན་པར་བྱ།། སྟེང་དུ་ཀླད ་ཀྱི་གོར་གྱིས་མཚན།། ས་བོན་བདུད་རྩི་འཁྱིལ་པའོ།། དང་པོ་དཀྱིལ་འཁོར་ནང་ནས་རྩིག། རྩེག་དང་བཅས་པའི་ཚིག་ཀུན་བསྒྲུབ།། རབ་ཏུ་འབར་ཞིང་སྔགས་ཀྱི་མཐར།། འབར ་བའི་ཕྲེང་བ་ཅན་གྱིས་བསྒྲགས།། ས་བོན་གཉིས་པ་གང་ཡིན་པ།། རྩེག་དང་བཅས་པར་དེ་བཞིན་གནས།། རྡོ་རྗེ་མ་རྒྱལ་ཞེས་བྱ་བ།། ཁྲོ་བོའི་དོན་ཀུན་བསྒྲུབ་བྱེད་པ།། དང་པོ་ས་བོན ་གསུངས་པ་ཡང་།། སྔ་མ་བཞིན་དུ་རྩེག་དང་བཅས།། རབ་ཏུ་ཤུགས་དྲག་ཆེར་གྲགས་པ།། ཁྲོ་བོའི་རྒྱལ་པོ་ཁྲོ་བོར་སྣང་།། སྣང་བྱེད་ཁྲོ་བོའི་རིམ་པ་ལས།། ཙེག་དྲག་དེ་བཞིན་ཁྲོ་བོ་ཆེ།། ་དེ་ནི་སྟོབས་པོ་ཆེ་ཞེས་གསུངས།། དྲུག་པ་འཁོར་ལོའི་ཅོག་མཐའ་ཅན།། གང་གསུངས་ཁྲོ་བོ་རྒྱ་ཆེན་ནི།། དེའི་སྙིང་པོར་གྲགས་པའོ།། མི་ཐུབ་ཁྲོ་བོ་ཆུག་དང་བཅས།། དེའི་གསུམ་པོ ་ཅོག་བཅོས་པ།། དེ་ཡང་དེ་བཞིན་བསྒྲགས་པ་ཡིན།། འཇིགས་པ་ཞེས་བྱ་རབ་ཏུ་ཆེ།། ཁྲོ་འདི་ཁྲོ་བོ་སྣང་བྱེད་པ།། རྒྱ་ཆེན་གྱི་ནི་རིམ་བཞིན་དུ།། བཞི་པ་ཡོངསུ་བསྒྲགས་པ་ནི།། རྩེག་བཅས ་རབ་ཏུ་དྲག་པོ་ཉིད།། ཟུར་དྲུག་ཁྲོ་བོ་དེ་བཞིན་བཞག། དེའི་ས་བོན་ལྔ་པ་ཡི།། འབར་བའི་ཕྲེང་ཆེན་ཞེས་བྱ་གང་།། ཅོག་དང་བཅས་པ་དེ་བཞིན་དུ།། ཁྲོ་བོ་ཕོངས་པ་སྒྲོལ་ཞེས་བྱའོ།། ་ལྔ་པ་རྒྱ་ཆེན་ཞེས་བྱའོ།། ཅོག་དང་བཅས་པར་བསྒྲགས་པའོ།། རབ་ཏུ་འཇོམ་པ་ཞེས་བསྒྲགས་པ།། ཁྲོ་བོ་ཁྲོ་བོར་སྣང་བྱེད་པའོ།། ས་བོན་སྔ་མ་མཐའ་མེད་ལས།། སྔ་མ་ཅོག་བཅས་དེ ་བཞིན་བཞག། ཀི་ལི་ཀི་ལ་བྱ་བའི།། དངོས་གྲུབ་ཐམས་ཅད་རབ་ཏུ་སྟེར།། དེ་བཞིན་དེའི་ས་བོན་ཉིད།། ཙེག་བཅས་དེ་བཞིན་འདིར་བཤདདོ།། ཀི་ལི་ཀི་ལ་ཆེན་པོ་དེ།། ཁྲོ་བོའི་ཁྲོ་བོ ་སྣང་བྱེད་པའོ།། སྔ་མ་བཞིན་དུ་ཅོག་བཅས་བཞག། ཁྲོ་བོའི་རྒྱལ་པོ་དེ་དག་ནི།། ས་བོན་འདི་དག་རྣམ་ཀྱིས་བསྒྲགས།། ཁྲོ་བོའི་རྒྱལ་པོའི་སྦྱོར་བ་ཡིས།། རབ་ཏུ་སྣང་བར་བྱེད་ཅེས་བསྒྲགས། ་@ཁྲོ་བོའི་རྒྱལ་པོའི་འཁོར་ལོའི་གནས།། གཤིན་རྗེ་བཤེད་པོ་ཡིན་པར་གསུངས།། དང་པོ་དེ་ནི་འཁོར་ལོ་བསྟན།། ཁྲོ་བོ་བདུད་ཅི་ཁྱིལ་བ་དང་།། ཁྲོ ་བོའི་བདག་པོ་སྣང་བྱེད་པའོ།། དེ་ལྟར་ཁྲོ་བོ་གསུམ་པ་དང་།། གང་དང་གང་དུ་རབ་སྦྱར་བ།། དེ་དང་དེ་རུ་སྔགས་རྣམ་ནི།། བསྐལ་བར་བྱེད་པས་དེ་བཞིན་བསྐུལ།། ཆོ་ག་ཤེས། ་པས་ནན་ཏན་དུ།། གང་དང་གང་འདོད་བསྒྲུབ་པར་བྱ།། ཁྲོ་བོ་སྒོམ་དང་ལྡན་པ་ཡིས།། ཧེ་ལེའི་འཁོར་ལོ་ཡོངས་བསྐོར་ནས།། བཀའ་བཞིན་བསྒྲུབ་ཏུ་མི་རུང་བ་འང་།། བརྟུལ ་ཞགས་ཧོམ་དང་བཅས་ལ་སོགས།། དེ་ཡིས་དཀའ་བ་མ་བྱས་ཀྱང་།། སྔགས་བཀོད་ཤེས་ན་བསྒྲུབ་པ་པོ།། ཧེ་ལའི་ཁོར་ལོ་ཚུལ་ཤེས་པ།། དེ་ཡིས་དཀའ་བ་མ་བྱས་ཀྱང་།། ་གདོན་མི་ཟ་བར་མྱུར་དུ་འགྲུབ།། བརྟུལ་ཞགས་ཧོམ་དང་གསལ་བརྟན་དང་།། ཇི་སྐད་གསུང་པའི་དཀའ་ཐུབ་ལ།། མངོན་པར་བརྩོན་ཞིང་དད་པའི་བདག། ལོ་གྲངས་བཅུ ་གཉིས་དག་བསྙེན་པ།། རྟོག་ལས་གསུངས་པའི་ལས་རྣམ་བྱེད།། རབ་ཏུ་ཡ་མཚན་སྟོན་པ་པོ།། ཧེ་ལའི་ཁོར་ལོའི་ཚུལ་ཤེས་པས།། རིང་པོ་མི་ཐོག་བདེ་བར་ནི།། ཁྲོ་བོ་བསྒོམ ་པ་དང་ལྡན་ཞིང་།། ཧེ་ལི་འཁོར་ལོའི་གནས་འདུག་ན།། མཁམས་གསུམ་དག་ཀྱང་ལན་ཅིག་གིས།། མ་ཐོག་མྱུར་དུ་གཡོས་པར་འགྱུར།། དེ་བས་རབ་ཏུ་བསྒྲིབ་ན་སུ།། ཁྲོ་བོར ་སྒོམ་པ་གོས་བྱས་ཏེ།། ཧེ་ལའི་འཁོར་ལོ་ལས་བྱུང་སྔགས།། སྦྱོར་བ་དག་གིས་གོས་པར་བྱས།། ཁྲོ་བོ་རྣམ་པར་རྒྱལ་བའི།། རྟོགས་པ་དང་པོ་གང་སྤགས་པ།། དེའི་རྟོགས ་པ་གསང་བཤད་པ།། ཆོ་ག་འདི་ནི་གསང་བའི་མཆོག། ཁྲོ་བོའི་འཁོར་ལོ་སྒྲགས་པ་འདི།། རབ་ཏུ་གསང་བའི་མཆོག་ཡིན་ཏེ།། རྟོག་པ་འདི་དག་ཐམས་ཅད་ཀྱིས།། རབ་ཏུ ་གསང་བ་བཤད་པ་ཡིན།། རྟོག་པ་རབ་ཏུ་གསང་བ་འདི།། འདི་དག་རྣམ་པ་ཀུན་ལ་ཡང་།། ཧེ་ལའི་འཁོར་ལོ་འདྲ་བ་འདི།། འཁོར་ལོ་མ་བྱུང་ཕྱིས་མི་འབྱུང་།། གང་ཞིག་འདིའི ་དོན་ཐོབ་ནས།། ཁྲོ་བོ་བསྒྲུབ་པ་སྒོམ་བྱེད་ན།། དེའི་འདོད་པ་མ་བྱས་ཀྱང་།། འཇིག་རྟེན་ན་ནི་བསྒྲུབ་དཀའ་མེད།། ཧེ་ལའི་འཁོར་ལོའི་གནས་ལ་ནི།། ཇི་ལྟར་འདོད་པ་གནས ་ནས་སུ།། ཁྲོ་བོ་བསྒོམ་དང་རབ་ལྡན་པ།། ཁྲོ་བོའི་གཟུགསུ་གནས་ནི།། རྩེ་བཞིན་དུ་ཡང་ཚིག་གི་མཆོག། བསྒྲུབ་པ་མཆོག་ནི་སྦྱིན་པར་བྱེད།། ཐོགས་པ་མེད་པར་འཇམ ་པས་མཐོང་།། དེ་ལྟར་རིག་པའི་དོན་བཞིན་དུའོ།། ཁྲོ་བོ་རྣམ་པར་རྒྱལ་བའི་རྟོག་པ་ལས་གསང་བའི་རྟོགས་པ་སྟེ།། །། ལེའུ་བཞི་པའོ།། ། ་ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཀུལ་ཅིག་བྱ་བའི་ཚིག་གཉིས་བཞག། སྐུལ་ཅིག་པའི་ཚིག་གཉིས་མཐར།། ཁྲོ་བོ་བདུད་རྩི་འཁྱིལ་པའོ།། ཁྲོ་བོ་ཆེན་པོ་འབར་ཕྲེང་ཅན།། ་པྲའོ།། @#བདུད་རྩི་འཁྱིལ་པ་འདིའི་མཐར།། ཀུན་ཏུ་དང་པོ་གཡོ་བ་དང་།། སྔགས་ཤེས་ཚ་ངམ་ཤེས་པ་ཡིས།། ཧེ་ལའི་འཁོར་ལོ་ལ་གནས་ཏེ།། དང་པོ་གནས ་ལ་འདུག་ནས་ནི།། ཅོན་ཕྱག་རྒྱ་ལན་ཅིག་ཅིངས།། དེ་ནས་ཁྲོ་བོ་སྔགས་བཟླས་པས།། སྔགས་པ་འགྲེངས་ཏེ་འདུག་པ་ན།། རྐང་པ་གཉིས་ནི་བསྒྱུར་བ་དང་།། ཁྲོ་བོ་བསྒོམ་པ་འདི་ལ ་ནི།། སེམས་ནི་རབ་ཏུ་ཞེན་བྱས་ན།། ས་འདི་རབ་ཏུ་གཡོ་བ་འམ།། རི་དག་གཡོ་བའི་བར་དུའོ།། དེ་ནས་འཁོར་ལོ་སྒྲུབ་པ་ཡིས།། གཉིས་པའི་གནས་ལ་སོང་ན་སུ།། ཁྲོ་བོ་ཚིག་གི་མཐར ་གནས་པ།། སྒོམ་ཤིག་ཅེས་པ་རབ་ཏུ་བསྐུལ།། དེ་ཚིག་ཐོག་མར་བཀོད་ནས་ནི།། དེའི་མཐའ་མར་བདུད་རྩི་འཁྱིལ།། དེ་བཞིན་བདུད་རྩི་ཁྱིལ་བའི་མཐར།། རྡོ་རྗེ་མེའི་རྒྱལ་པོའི་སྔགས།། ་རབ་ཏུ་གཡོ་བ་མཛེས་པ་དང་།། ཚ་ངམ་གསལ་བ་དག་ལ་མཁས།། བེ་ཅོན་ཕྱག་རྒྱ་བཅིངས་ནས་ནི།། ཁྲོ་བོ་སྒོམ་པས་སྔགས་བཟླས་སོ།། རབ་ཏུ་སྦྱར་བའི་ཐབས་འདི་ནི།། མཚོ་དང ་རྫིང་དང་ཀྲུང་ཆེན་རྣམས།། ཁྲོས་པས་མྱུར་དུ་སྐམ་པར་བྱེད།། འབབ་ཆུ་དག་དང་གྱེན་དུ་འབེབས།། འཁོར་ལོ་མཐུ་ཆེན་གནོད་ལྡན་པ།། སྔགས་ཀྱི་ཡི་གེ་དགོད་བྱ་སྨན།། རྩིབས ་རྣམས་རིམ་པ་ཀུན་ལྡན་པ།། གཉིས་པོ་དེ་ལས་ཕོངས་ནས་ནི།། དེ་ནས་གསུམ་པའི་གནས་ལ་འདུག། མཐུ་རྩལ་ལྡན་པས་རིམ་པར་མནན།། ཁྲོ་བོ་ཆེན་པོ་ཚིག་གི་མཐར།། བསྐྲད་པ ་བྱོས་ཞེས་ཚིག་གཉིས་བསྐུལ།། དེ་ནི་སྔ་མ་བཞིན་བཀོད་ནས།། དེའི་ཐ་མར་བདུད་རྩི་འཁྱིལ།། ཁྲོ་བོ་བདུད་རྩི་ཁྱིལ་པའི་མཐར།། རབ་ཏུ་དྲག་པོའི་ཤུགས་བཞག་གོ།། རྣམ་པར་བསྒག་བྱེད ་གསལ་བའི།། ཁྲོ་བོའི་ཚ་ངམ་བསྙེམས་བྱས་ན།། གླང་པོ་མྱོས་པའི་ཤུགས་ཅན་བདག། མངོན་དུ་འོང་བར་འགྱུར་བ་དང་།། དེ་མ་ཐག་ཏུ་བསྒྲག་པར་བྱེད།། མྱོས་པའི་ཤུགས་ཀྱིས་རབ་ཏུ་འདོར།། ། ་སླད་དུ་ལོག་ནས་ཕན་ཚུན་དུ།། བསྐོར་ཞིང་མི་དགའ་བར་ནི་འོང་།། གླང་པོའི་རྒྱལ་པོ་དེ་ཉོས་ཤིང་།། བདེ་བར་མ་ཐོབ་བབས་པར་འགྱུར།། བསྒྲུབ་པ་ཁྲོ་བོ་བསྒོམས་པ་ཡིས།། ཆོ་ག་ཚུལ་ནི་དེ ་ཡིན་ནོ།། ཧེ་ལཱི་འཁོར་ལོ་ཞེས་བྱ་བའི།། གཞི་པའི་གནས་ལ་འདུག་ནས་སུ།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ནོན་ཅིག་ཅེས་པའི་ཚིག་གཉིས་བསྐལ།། དེ་ནས་ཆོ་ག་སྔར་བཤད་པས།། བདུད ་རྩི་ཁྱིལ་པ་བཞག་པར་བྱ།། བདུད་རྩི་ཁྱིལ་པ་དེའི་མཐའ།། ཁྲོ་བོ་ཆེན་པོ་སྟོབས་ཆེན་བཞག། ཀུན་ཏུ་སྡོམ་མ་མཛེས་པའི།། ཚ་ངམ་གྱིས་ནི་མི་གཡོར་ནན།། དཔུང་ངམ་ཡང་ན་གླང་པོ ་འམ།། གྲུ་འམ་ཡང་ན་ཤིང་རྟ་འམ།། རྟ་དང་རྔ་མོ་ལུག་ལ་སོགས།། ཁྲོ་བོ་བསྒོམ་པའི་ཚུལ་བཞིན་བྱས།། སྦྱོར་བ་དེ་ལ་གནས་ནས་ནི།། རབ་ཏུ་མནན་པ་བྱས་པར་འགྱུར།། དེ་ནས་ཧེ་ལ་ཞེས ་བྱ་བའི།། འཁོར་ལོ་སྔ་མ་ལ་གནས་ནས།། ཁྲོ་བོ་ཆེན་པོ་ཚིག་གི་མཐར།། དཀྲུགས་ཤིག་དཀྲུགས་ཤིག་ཚིག་གཉིས་བཞག། ཁྲོ་བོ་བདུད་རྩི་ཁྱིལ་པ་ཡང་།། ཐ་མའི་ཚིག་གི་གནས་བནག། ་ཁྲོ་བོའི་རྒྱལ་ཆེན་ཞེས་བྱ་བ།། རབ་ཏུ་འབར་བར་འགྱུར་བས་བྱ།། ཁྲོ་བོ་བདུད་རྩི་ཁྱིལ་པ་ཡང་།། རབ་ཏུ་འཁྲུག་པ་ཞེས་བྱ་བའི།། ཚ་ངམ་མཆོག་གིས ་དུ་ནི། དགྲའི་དཔུང་རྣམས་ཕན་ཚུན་དུ།། རབ་ཏུ་རྣམ་པར་དཀྲུག་པར་བྱ།། དེ་ནས་དྭེ་ལའི་འཁོར་ལོ་ནི།། རིམ་པ་དྲུག་ལ་གནས་ནས་ནི།། ཁྲོ་བོ་ཆེན་པོ་ཚིག་གི་མཐར།། རྨོངས་པར ་འགྱུར་ཅེས་ཚིག་གཉིས་བསྐལ།། ཁྲོ་བོ་བདུད་རྩི་འཁྱིལ་པ་ཡང་།། ཚིག་གི་ཐ་མར་ཀུན་ཏུ་བཞག། ཁྲོ་བོ་གཞན་གྱིས་མི་ཐུབ་པ།། ཆོ་ག་སྔ་མ་བཞིན་དུ་བསྐུལ།། རྨོངས་པར་བྱེད ་པའི་ཚ་ངམ་གྱིས།། ཆོ་ག་བཞིན་དུ་རབ་བསྐུལ་ན།། རི་མོ་དག་ལ་གནས་པ་བཞིན།། འགྲོ་བ་མྱུར་དུ་རྨོངས་པར་འགྱུར།། དེ་ནས་ཧེ་ལའི་འཁོར་ལོ་ནི།། རིམ་པ་བདུན་པ་ལ་གནས ་ནས།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། བསྒྲོགས་ཤིག་བསྒྲོགས་ཤིག་ཚིག་གཉིས་བཞག། ཁྲོ་བོ་འཛིན་པར་བྱེད་པ་ཡིས།། བདུད་རྩི་ཁྱིལ་བ་དག་ནི་བསྐལ།། འཇིགས་པར ་བྱེད་པ་སྒྲ་སྒྲོགས་པ།། ཚ་ངམ་མྱུར་བ་མྱུར་བ་རུ།། དུས་མིན་པར་ཡང་སྤྲིན་གྱིས་ཁྱེབས།། དེ་ནས་འདོད་བཞིན་ཆར་པ་འབེབས།། དེ་ནས་ཧེ་ལའི་འཁོར་ལོའི།། རྩི་བོས་ཀྱི་རིམ་པ་བརྒྱད ་པ་ལ།། གནས་དང་འདིར་ནི་སྔ་མ་བཞིན།། ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། ཧི་ཧི་ས་བོན་གཉིས་བཞག་ནས།། དེ་འོག་ཏུ་ནི་བདུད་རྩི་ཁྱིལ།། ཁྲོ་བོ་ཟུང་དུ་དེ་བཞིན་དུ།། བདུད་རྩི་ཁྱིལ། ་བའི་མཐའ་མར་བཞག། ཁྲོ་བོ་ཚ་ངམ་ཁ་གདངས་པ།། མཆོག་ཅེས་བྱ་བ་མྱུར་བར་ནི།། རྐང་པ་ཡག་གདངས་པའི་བསྟབས།། སད་དང་སེར་བ་རླུང་ལ་སོགས།། དུས་གསུམ་དུ་ཡང་དུས་མེད ་པར།། བསྒྲུབ་པ་ཁྲོ་བསྒོམས་པ་ཡིས།། ཁྲོ་བོའི་སྔགས་ཀྱིས་ཚུལ་བཞིན་དུ།། སའི་སྟེང་དུ་འབེབས་པར་བྱེད།། ཧེ་ལའི་འཁོར་ལོའི་གནས་བརྒྱད་དུ།། བསྒྲུབ་པ་ཡི་ནི་སར་བོར་ནས།། ་ཁྲོ་བོའི་ས་བོན་ཚིག་རྩལ་བ།། དགུ་པ་བཟང་པོ་ལ་གནས་ཏེ།། ཁྲོ་བོ་ཆེན་པོ་ཆེགི་མཐར།། སོང་ཤིག་པའི་ཚིག་གཉིས་བསྐུལ།། ཁྲོ་བོ་བདུད་རྩི་ཁྱིལ་བའི།། ཐ་མར་ཕོངས་སྒྲོལ ་བ་བཞག། ཁྲོ་བོ་སྒོམ་པས་མཛེས་པའི།། ཚ་ངམ་བསམ་པ་བྱས་ནས་ནི།། ཁྲོ་བོ་གཤིན་རྗེ་བཤེད་པོ་བཟླས།། ཁྲོ་བོའི་ཉིད་ཀྱི་ཚིག་གི་གསལ།། ཧཱུཾ་ཞེས་བྱ་བ་བཟང་པོ་ཡི།། ་ཁྲོ་བོའི་དངོས་པོར་བསྒོམ་ནས་ནི།། ཤིང་ཅིག་རྩེ་དང་ཡལ་ག་བདུག། ཡང་ན་ཤིང་ཅིག་རྩེ་ནས་འབྱིན།། རྩི་ཤིང་ནགས་ཚལ་འབྲས་བུ་ཡང་།། མེ་ཏོག་འབྲས་བུ་ཀློག་པ་འམ།། ་ཡང་ན་འདོད་བཞིན་གཡོ་བར་བྱེད།། ལྗོན་ཤིང་ཆེན་པོ་རྣམས་ཀྱང་ནི།། ཇི་ལྟར་འདོད་པར་མི་གཡོར་འགྱུར།། ཧེ་ལ་ཞེས་བྱའི་འཁོར་ལོ་ཡིས།། བཅིབས་ནི་བཅུ་པ་ལ་གནས་ནས།། ་ཁྲོ་བོ་ཆེན་པོའི་ཚིག་གི་མཐར།། སྔ་མ་བཞིན་དུ་བཞག་པར་བྱ།། ཆོ་ག་པའི་ཚིག་གཉིས་བསྐལ།། ཁྲོ་བོ་ཆེན་པོ་རབ་འཛམ་པ།། ཁྲོ་བོ་བདུད་རྩི་འཁྱིལ་པའི་མཐར།། སྔ་མ ་ཐ་འོག@བཞིན་དུ་བཞག་པར་བྱ།། འཇིགས་པར་བྱེད་པའི་ཚང་མ་བྱ།། རིན་ཆེན་དག་གི་རྩེ་མོ་དང་།། སྒོ་དང་ལྕགས་སྒྲོགས་རྣམས་ཀྱིས་ནི།། ་ཁྲོ་བོ་རྒྱལ་པོའི་སྔོན་བཞིན་དུ།། བསྒོམ་ན་རབ་མཆོག་གྲུབ་པར་བྱེད།། ཧེ་ལའི་ནི་འཁོར་ལོའི།། རྩིབས་ནི་བཅུ་ཅིག་ལ་གནས་ཏེ།། ཁྲོ་བོ་ཆེན་པོ་ཚིག་གི ་མཐར།། སྙེལ་ཅིག་ཅེས་པའི་ཚིག་གཉིས་བསྐལ།། ཁྲོ་བོ་ཀི་ལི་ཀི་ལ་ཡང་།། བདུད་རྩི་ཁྱིལ་བ་བསྐུལ་བྱ་བ།། ཚིག་གི་མཐའ་མར་གནས་པ་སྟེ།། ཆོ་ག་བཞིན་དུ་བཤད ་པ་བཞིན།། ཀི་ལི་ཀི་ལ་ཞེས་བྱ་བ།། ཚ་ངམ་མཆོག་ལ་དེ་བཞིན་གནས།། བེ་ཅོན་གྱི་ནི་ཕྱག་རྒྱ་བཅིངས།། གཤིན་རྗེ་བཤད་པོ་བསྒོམ་པར་ནི།། རིན་ཆེན་ཙེ་བར་བསྟན་པ་ཡང་།། ་རྩེ་མོ་ནས་ཀྱང་རྙིལ་བར་བྱེད།། ཡང་ན་རི་ཁར་སྐྱེས་པའི།། བརྟེན་པའི་ཤིང་རྣམས་འགྱེལ་བར་བྱེད།། དེ་ནས་ཧེ་ལའི་འཁོར་ལོའི།། བཅུ་གཉིས་པའི་རྩིབས་ལ་གནས།། ཁྲོ་བོ ་ཆེན་པོའི་ཚིག་གི་མཐར།། ཞུག་ཤིག་པའི་ཚིག་གཉིས་བསྐུལ།། བསྐུལ་ནས་དེའི་མཐའ་མར་ནི།། བདུད་རྩི་ཁྱིལ་པ་བཞག་པར་བྱ།། ཁྲོ་བོ་ཀི་ལི་ཀི་ལ་ཡ།། ཀི་ལི་ཀི་ལ་ཆེན་པོ ་ཞེས།། དེའི་ཐ་མར་བཞག་པར་བྱ།། བྱ་བའི་ཚ་ངམ་དེ་བཞིན་བྱ།། བཻ་ཅོན་ཕྱག་རྒྱ་བཅིངས་ནས།། ཁྲོ་བོ་ཆེན་གླཤིན་རྗེ་གཤེད།། ཡིད་ལ་རབ་ཏུ་གོམ་བྱས་ན།། ཅིག་པ་ཤིང་སྐམ ་རྡོ་ལ་སོགས།། བབས་ནས་བྱུང་སྟེ་ན་མཁར་གནས།། འདོད་པ་བཞིན་དུ་ལྟུང་བར་བྱེད།། འདི་ནི་རང་འབྱུང་ངོ་མཚར་ལ།། འདི་ནི་དུས་གསུམ་སྔོན་དུ་བྱུང་།། སྤྱོད་པ་གཞན་ཡང ་ཐ་དད་པའི།། ཁྲོ་བོའི་བསྒོམ་པ་བྱེད་པར་གསུངས།། ཧེ་ལའི་འཁོར་ལོ་དགོད་པར་ནི།། རབ་ཏུ་གསང་བ་ཡིན་པར་བཤད།། གསང་དང་བཅས་ཤིང་སྦྱོར་བཅས་པའོ།། ཤེས་ནས་དངོ ་གྲུབ་ཐོབ་པར་འགྱུར།། དེ་ནས་གཞན་ཡང་ཅི་རིགས་པའི།། ཚ་དམ་བཅུ་གཉིས་སྦྱོར་བ་དག། མདོ་དང་རྒྱས་པའི་ཚུལ་དག་གཱི། ད་ནི་རབ་ཏུ་བཤད་པར་བྱ།། ཀུན་ཏུ་གཡོ་བ་དང་པོ་ཡིན།། ་དེ་བཞིན་རབ་ཏུ་གཡོ་བར་བཤད།། སྐྲག་པར་བྱེད་པ་གསུམ་པ་ཡིན།། བཞི་པ་ཀུན་ཏུ་སྡོམ་པར་བཤད།། རབ་ཏུ་འཁྲུག་ཅེས་བྱ་བ་ལྔ།། རྨོངས་པར་བྱེད་པ་དེ་བཞིན་དྲུག། མྱུར ་པའི་ཚ་ངམ་དེ་ལ་གནས།། ཁ་གདངས་པ་ནི་རྒྱས་པར་བཤད།། མཛེས་ཞེས་བྱ་བ་དགུ་པ་སྟེ།། འཇིགས་པར་བྱེད་པ་བཅུ་པ་ཡིན།། ཀི་ལི་ཀི་ལ་ཞེས་བྱ་ག། ཀི་ལི་ཀི་ལ་ཆེན་པོ ་དང་།། ཁྲོ་བོ་ཚ་ངམ་བཅུ་གཉིས་པོ།། འདི་དག་རིམ་བཞིན་བཤད་པ་ཡིན།། ཐོག་མར་བསྡིག་པའི་རིམ་པ་ཡིས།། བེ་ཅོན་ཕྱག་རྒྱ་ལྡན་པར་བྱ།། ཕྱི་ནས་རང་གཟུགས་ཅི་བཞིན་དུ།། ་སྔགས་པ་དག་གིས་ཤེས་པར་བྱ།། རང་གི་གཟུགས་ཀྱང་རང་གནས་པ།། བསྡིགས་ཤིང་ཚང་ངམ་བྱེད་ལ་སོགས།། བསྐྲག་པར་བྱེད་པའི་སྒྲ་ནི་ཟབ།། ཁྲོ་བོའི་ལྟ་བ་གདོད་གྱུར ་པ།། རྐང་པ་རྐང་པར་བཞག་པ་དག། ཚ་ངམ་མཚན་ཉིད་བཤད་པ་ཡིན།། རྐང་པ་ཡ་ཅིག་མཐུར་དུ་བཞག། གདོང་ཡང་ནུ་མཆིན་ཡོན་པོར་བྱས།། ཁྲོ་གཉེར་འཇིགས་པར་བྱེད ་#པ་དང་།། གཡོན་པ་འཛུབ་མོ་གཅིག་གི་བསྡིགས།། ཆང་མ་བྱེད་ཅིང་བེ་ཅོན་གདེངས།། གདོང་དང་བཱ་རྐང་གཡོ་བའོ།། ཀུན་ཏུ་གཡོས་པ་བྱ་བ་སྟེ།། ཁྲོ་བོའི་ཚ་དམ ་བསྙེས་དང་བཅས།། ཀུན་ཏུ་གཡོ་བའི་རིམ་གསུམ་པ།། རབ་ཏུ་གཡོས་ཞེས་བྱ་བ་ནི།། ཅུང་ཟད་དུ་ནི་དབུས་དམའ་བའོ།། རབ་ཏུ་གཡོ་བ་རྟག་པར་བྱ།། དེ་བཞིན་དཔུང་བརྐྱང་བ་དང་།། ་རྐང་པ་གཡོན་པ་འདི་སམ་བྲི།། ལག་གཉིས་དྲག་ཏུ་རྡོབ་པ་ནི།། དེ་བཞིན་སྐྲག་པར་བྱེད་པར་བཤད།། བེ་ཅོན་ལ་ནི་ལྟ་བ་དང་།། རྐང་པ་གཡས་པ་གསལ་བར་སྦྱར།། དེ་ནི་ཀུན་ཏུ་སྔོ ་བར་བཤད།། གཡོན་པའི་འཛུབ་མོ་སྡིག་པར་བྱེད།། དཔུང་པ་འདེགས་པ་གཡོ་བྱ་བཞིན།། མིག་ནི་འཛུབ་མོ་གཅིག་ལ་བཏད།། རྐང་པ་གཡས་པ་ཕྱར་བ་ནི།། ཀུན་ཏུ་འཁྲུག་པ་ཞེས་བྱའོ།། ་རྐང་པ་གཡོན་པ་གདེངས་བྱས་ཏེ།། གཡོན་ཕྱོགས་ནི་ཕྱར་ཞིང་བསྐོར།། དཔུང་པ་གཡོན་པ་བེ་ཅོན་གདེངས།། བསྡིགས་པས་ཅིག་ཏུ་རྨོངས་པར་བྱེད།། མྱུར་བའི་ཚ་ངམ་ཞེས་བྱ་བ།། དེ ་ཡིད་དཔུང་བསྡེབས་སྡིག་པའོ།། དེ་ཉིད་ལས་ཁ་གདངས་པ།། ཁ་གདངས་པ་ཞེས་བསྒྲགས་པ་ཡིན།། སྲན་དང་བཅས་པ་བཞི་ནི་བསྐོར།། མཐུ་རྩལ་ཆེ་བའི་སྟབསུ་གསལ།། ཆུའི ་མཐའ་མར་སོ་ཡི་གནན།། ལག་པ་ཕྱར་ཏེ་སྡིག་པར་བྱེད།། སྙེམས་དང་བཅས་ཏེ་སྒྲ་ཡང་འབྱིན།། འཇིགས་པར་བྱེད་པའི་ཧཱུཾ་བསྒྲགས་པ།། ཚང་མ་ལེགས་པར་བཤད་པ་ནི།། ་མཛེས་པའི་ཁྲོ་བོས་གནོན་པའོ།། བཙན་ཐབ་སུ་ནི་བསྐོར་བ་བྱས།། རྐང་པ་གཡས་པ་བཙུག་ཏེ་མནན།། ལག་པ་གཉིས་པ་དྲག་རྡོབ་པ།། བྱས་ནས་འཇིགས་པར་བྱ་བ་ནི།། དེ་བཞིན ་བསྙེམས་དང་བཅས་བཤད་པ།། ཚ་ངམ་བདག་ཉིད་ཆེན་པོ་འདི།། འཇིགས་པར་བྱེད་ཞེས་བྱ་སྟེ།། རྟག་ཏུ་ཁྲོ་བོ་བསྒོམ་པའོ།། མཉམ་པ་མཉམ་པར་བཞག་སྟེ་འདུག། གཡས་པ་ཅུང་ཟད ་མཐོ་བར་བྱ།། དཔལ་དང་ལྡན་པས་གཡོན་པ་སྨད།། གཡོན་པ་སོར་མོ་ཅིག་ནི་སྡིགས།། དཔུང་པ་གཏོགས་ཏེ་བེ་ཅོན་ཕྱར།། རྐང་པ་དང་ནི་གདོང་པ་སྦྱར།། རྟག་ཏུ་ཁྲོ་བོ་སྒོམ་པ་ནི།། ཀི ་ལི་ཀི་ལི་ཞེས་བྱའོ།། ཀི་ལི་ཀི་ལ་ཆེན་པོ་ནི།། དེ་ཉིད་ལས་ནི་རྒྱབ་ཏུ་ལྟ།། ཁྲོ་བོའི་མིག་ནི་ཡ་གཅིག་བཙུམས།། མྱུར་དུ་འཚོང་སྟབས་བྱེད་པའོ།། འདི་ནི་ཚ་ངམ་སྦྱོར་བ་ཏེ།། ཧེ་ལའི ་འཁོར་ལོའི་རྩིབས་རིམ་ལས།། མདོར་ན་ཇི་ལྟར་དགོད་པ་དག། ལེགས་པར་བཤད་པ་འདི་ཡིན་ནོ།། ཧེ་ལའི་འཁོར་ལོའི་མཐུ་སྔགས་དང་།། ཚ་ངམ་གསང་བའི་མཐུ་འགའ་ཡི།། ་ལས་རྣམ་རབ་ཏུ་ངོ་མཚར་བ།། ཇི་སྐད་གསུངས་པའི་ལས་རྣམས་བྱའོ།། བསྒྲུབ་པ་དེ་དག་གསང་རྒྱུད་དང་།། ཧེ་ལའི་འཁོར་ལོའི་འདི་ཤེས་ན།། ཁྲོ་བོ་དངོས་དང་ཅིག་འགྱུར་བས། ་ཁྲོ་བོའི་སྐད་དུ་སྤྱོད་པར་འགྱུར།། རྟོག་པ་འདི་ནི་གསང་བར་བཅས།། གསང་བའི་སྙིང་པོ་མཆོག་ཏུ་བཤད།། ཁྲོ་བོའི་རྒྱལ་པོའི་རྟོག་འདི་ལས།། མཆོག་ཏུ་གྱུར་པ་གཞན་མེད་དེ། ་ཟ་ག#བོ་རྣམ་པར་རྒྱལ་བའི།། རྟོག་པ་ཕྱི་མའི་ཕྱི་མ་འདི།། རབ་ཏུ་གསང་བ་ཞེས་བྱ་འདི།། ཐོས་ནས་གསང་བའི་དོན་སྐོས་འདི།། ལྷ་དེ་ཐམས་ཅད་ཡིད་རང་ནས།། ་ཁྲོ་བོ་མཆོག་ལ་ཕྱག་འཚལ་ཏེ།། ། བཅོམ་ལྡན་འདས་འཇམ་དཔལ་གཤིན་རྗེ་བཤེད་པོ་ཡི་རངས་ཏེ།། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བའི་རྟོག་པའི་རྒྱལ་པོ།། ལེའུ་ཉི་ཤུ་རྩ་གཉིས་པ་རྫོག ་རྒྱུད་ཅེས་བྱ་བ་བཞུགས་སྷོ།། ་རྒྱ་གར་སྐད་དུ།། བྷ་ག་ཝན་ནི་ལཾ་བྷ་ར་དྷཱ་ར་བཛྲ་པཱ་ནི་ཏན་ཏྲམྦ།། བོད་སྐད་དུ།། བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་གྱི་རྒྱུད་ཅེས་བྱ་བ། བེ་ཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་གོས་སྔོན་པོ་ཅན་ལ་ཕྱག་འཚལ་ལོ།། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་དུས་གསུམ་དུ་བཞུགས་པ་རྣམས་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ ་ལྡན་འདས་མི་བསྐྱོད་པ་རྡོ་རྗེ་རིགས་ཀྱི་སངས་རྒྱས་ལྕང་ལོ་ཅན་གྱི་ཕོ་བྲང་ན། བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། རྡོ་རྗེའི་སྡེ་དང་། རྡོ་རྗེ ་ཀུན་འཛིན་དང་། རྡོ་རྗེ་འདུལ་བྱེད་དང་། རྡོ་རྗེ་མི་བཟད་འཇོམས་དང་། རྡོ་རྗེ་གདུག་པ་ཀུན་འདུལ་དང་། རྡོ་རྗེ་དབྱིངས་ལ་སོགས་པ་དང ་རྡོ་རྗེ་གནས་སློབ་པ་ལ་སོགས་པའི་འཁོར་བྱེ་བ་ཕྲག་སྙེད་རྣམས་དང་ཐབས་གཅིག་དུ་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་ལག་ན་རྡོ་རྗེ་ཉིད་ཀྱིས་རྡོ་རྗེ་ཐུགས་ཁར་ལན་གསུམ་གསོར་ཏེ། བཅོམ་ལྡན་འདས་ལན་གསུམ་བསྐོར་བ་བྱས་ནས་ཕྱག ་