| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། སཾཀྵ་པ་པྲ་ཏི་བི་བྷི་ཏན་ཏྲ། བོད་སྐད་དུ། རབ་ཏུ་གནས་པའི ་མདོར་བསྡུས་པའི་རྒྱུད། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ཏིང་འཛིན་ལ་སྙོམས་པར ་ཞུགས་ནས། བརྡུངས་པ་དང་། བྲིས་པ་དང་། འབུར་དུ་བྱས་པ་ལ་སོགས་པ་ལ་རབ་ཏུ་གནས་པའི་ཆོ་ག་གསུངས་པ།། སློབ ་དཔོན་དེ་ཉིད་བཅུ་ཤེས་ཤིང་།། མཚན་ཉིད་ཀུན་དང་ཡང་དག་ལྡན།། ཕྱག་རྒྱ་སྔགས་དང་ཆོག་ཤེས།། ལས་རྣམས་ཀུན་ལ་མཁས ་པས་སོ།། སྐུ་གཟུགས་མཚན་ཉིད་ལྡན་པ་སྟེ།། ཞི་བ་ལ་སོགས་ཉམས་དང་ལྡན།། ཚད་ཀྱིས་ཚད་ལ་ཕབ་ཅིང་བཟང་། ་དེ་འདྲ་རབ་ཏུ་གནས་པར་བྱ།། ཡང་ཐོག་མཆོད་རྟེན་སོགས་གནས་དང་།། ཁྱིམ་དང་ལྷའི་གནས་རྣམས་སུ།། ་སངས་རྒྱས་ལ་སོགས་རབ་གནས་ནི།། ཆོ་ག་དག་དང་ལྡན་བྱས་ལ།། ཆོ་ག་དམན་པར་མི་བྱ་སྟེ།། རབ་གནས་ལྷག་པར་བཀྲ་མི་ཤིས།། འཇིག་རྟེན ་འདིར་ཡང་སྡུག་བསྔལ་ཞིང་།། འཇིག་རྟེན་ཕ་རོལ་འཇིགས་པ་ཆེ།། དེ་བས་བབད་པ་ཐམས་ཅད་ཀྱི།། དངོས་གྲུབ་འདོད་པས་ནན་ཏན་བྱ།། ཆོ་ག་བདག། ་ཉིད་ནུས་པ་ཡིས།། བརྟག་པ་ལས་གསུངས་ཆུ་ལ་ལེག་པ།། དེས་བྱས་བསོད་ནམས་ཆེ་བ་ཡིན།། མཐོང་དང་མི་མངོན་རྣམ་སུ་སྐྱེ།། སྐུ་གཟུགས ་སྔགས་ཀྱི་མཚན་ཉིད་ཀྱིས།། དེ་ལ་བྱིན་རླབ་འཇུག་པར་འགྱུར།། གང་དུ་སྐུ་གཟུགས་མ་ན་རྫོགས་པ།། བྱིན་མ་རླབ་པ་རིང་གནས་པ། ་དེ་ལ་བཀྲ་མི་ཤིས་པར་འགྱུར།། དེ་སྲིད་མཚན་མ་དེར་མི་འོངས།། དཔེར་ན་སྐྱེས་བུ་ལ་ལ་ཞིག། རིག་པའི་མཚན་ཉིད་སྤངས་པ་ན།། འཇིག ་འཏན་ཀུན་གྱིས་མཆོད་མི་བྱེད།། དེ་བཞིན་དུ་ནི་གཟུགས་བརྟེན་ཏེ།། རབ་གནས་མ་བྱས་གཟུགས་བརྙན་ལ།། གང་ཞིག་མཚན་ཅིང་ཕྱག་བྱེད་ལ། ་དམ་ཚིག་བྲལ་ཞིང་སྔགས་དམན་པས།། སྦྱིན་སྲེག་ཐལ་བས་འབྲས་མེད་ཚུལ།། དེ་བཞིན་དུ་ཡང་བསྔགས་གནས་པས།། ཆོས་ལྡན་མཆོད་པ་བྱེད ་པ་གང་།། དེའི་ལས་ཀྱི་རྣམ་སྨིན་གྱིས།། སྐྱེ་བ་རུ་མཆོད་པར་འགྱུར།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསོལ་པ།། བཅོམ་ལྡན་འདས་ཆོས་ཐམས ་ཅད་རབ་ཏུ་མི་གནས་པ་ལ་ཅི་ལྟར་རྒྱལ་བ་རྣམས་ཀྱིས་གནས་པ་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། སངས་རྒྱས་ཀུན་ནི་རབ་ཏུ་ཞུགས།། རབ་ཏུ ་གནས་པ་གང་ནའང་མེད།། ཀུན་ཏུ་མཁའ་ལྟར་གནས་པ་ལ།། གཅིག་ཤོས་ཀྱིས་ནི་རབ་ཏུ་བརྟགས།། འཇིག་རྟེན་ཀུན་རྫོབ་ལ་རྟེན་ནས།། རབ་ཏུ་གནས་པར་རབ ་ཏུ་བརྟགས།། དམ་པའི་དོན་དུ་སྤྱད་པ་ན།། གང་ཞིག་གང་གིས་གང་དུ་བརླབས།། བཟོད་མ་ནས་ནི་སྐྱེ་མེད་ལ།། ཅི་འདྲ་ཇི་ལྟར་རབ་ཏུ་གནས།། དང་པོའི་ལས ་ཅན་སེམས་ཅན་རྣམས།། རྟོགས་པའི་རྒྱུ་རུ་མཛད་པར་ཟད།། དང་པོ་རེ་ཞིག་ཡོངས་སུ་བརྟགས་པའི་གནས་སུ་ཡོངས་སུ་སྦྱང་པར་གདུགས་དང་།། རྒྱལ་མཚན ་དང་བཱ་རེ་དང་། བ་དན་བསྒྲེང་བ་རྣམས་སུ་མཆོག་ཏུ་གསོལ་བ་འདེབས་པས།། གསོལ་བ་བཏང་བའི་བླ་མ་སྤོས་དང་མེ་ཏོག་ལ་སོགས་པ་ལྡན་པས། ཆོས་དང ་རྒྱུ་སྐར་ཤིས་པ་ལ་སློབ་དཔོན་ལེགས་པར་མཉམ་པར་བཞགས་པས། རབ་ཏུ་གནས་པའི་སར་འཁོད་དོ།། སངས ་རྒྱས་དང་བྱང་ཆུབ་སེམས་དཔའ་ལ། སོགས་པས། རིགས་ལྔ་དང་རབ་ཏུ་འབྲེལ་པ་ཡིན་ལ། དེ་དང་རབ་ཏུ་འབྲེལ་བའི་དཀྱིལ་འཁོར་གྱིས་ཆོ་གས་ཡོངས་སུ་བཟུང ་ཞིང་ཐིག་གད་པ་དང་། རྡུལ་ཚོན་གྱི་ལས་དང་། གསོལ་བ་བཏབ་པ་ལ་སོགས་པ་བྱས་ལ། རྩ་བའི་སྔགས་སམ། རྒྱུད་ཀྱི་དགོངས་པས་སའི་སྟེང་དུ་ནོར་བུ ་འམ། སོར་གདུབ་བཅུག་ལ། དེ་ནས་ལྷའི་ཁང་པ་རང་གི་སློབ་མ་དང་པོར་བཅུག་ལ། རྣམ་པ་ཀུན་གྱི་མཆོག་ལྡན་པའི་དེ་བཞིན་གཤེགས་པ་ལ་སོགས་པའི ་སྐུར་བལྟས་པས། ལྷ་ལ་མངོན་པར་ཕྱོགས་ཏེ་ཕྱག་འཚལ་ཞིང་། ཇི་ལྟར་འབྱོར་པའི་མེ་ཏོག་གི་ཐལ་མོ་དང་། དྲི་གཙང་མས་ཆོ་ག་བཞིན་དུ་བརྟགས་ལ། ་ཏིང་ངེ་འཛིན་ལེགས་པར་བཤད་པས། ཞལ་བསིལ་མེ་ཏོག་སྤོས་སོགས་ལྡན།། རྣམ་པར་མེ་ཏོག་སེམས་ཀྱིས་ནི།། མཆོད་རྣམས་ནི་འཕྲལ་བྱས་ལ།། ་མཉམ་པར་བཞག་པའི་སྔགས་འདི་ཡིས།། ལན་གསུམ་བར་དུ་བརྗོད་པར་བྱའོ།། ཨོཾ་ས་མ་ཡ་སྟྭཾ་ས་མ་ཡ་སྟྭཾ་ཨ་ཧཾ། ཇི་ལྟར་སངས་རྒྱས་ཐམས་ཅད ་ནི་དགའ་ལྡན་དུ་ནི་གནས་པ་ན།། ལྷ་མོ་སྒྱུ་འཕྲུལ་ལྷུམ་ཞུགས་ལྟར།། དེ་བཞིན་གཟུགས་བསྟན་འདིར་བཞུགས་ཅིག། འདི་རུ་མགོན་པོ་རྟགས ་བཞུགས་ནས།། བྱང་ཆུབ་སེམས་ནི་བསྐྱེད་པ་ལ།། ཆེ་གེ་མོའི་དོན་སྲད་དུ།། བདག་གི་འབྱོར་པ་ཉིད་ཀྱིས་ནི།། ཅི་འབྱོར་པ་ཡི་མཆོད་པ་རྣམས།། ་མེ་ཏོག་ལ་སོགས་འདི་བཞེས་ཅིག། བདག་དང་སློབ་མར་བཅས་པ་ལ།། རྗེས་སུ་རྩེ་བས་དགོངས་སུ་གསོལ།། ཀུན་གྱིས་འདི་ལ་བྱིན་རླབས་ཅིང་། ་འདི་ཉིད་དུ་ནི་བཞུགས་པར་རིགས།། སྐུ་གཟུགས་སྟ་གོན་ལེགས་བྱས་ལ།། དེ་ནས་རྟག་པར་མཉམ་བཞག་བརྩམ།། སློབ་མ་སྦྱང་བར་གནས་པ་ཡིས། ་དེ་ལྟར་ཐམས་ཅད་སྤྱད་བྱས་ལ།། སྔགས་པའི་མཆོད་པའི་ཆོ་ག་སོགས།། བླ་མ་ཡིས་ནི་གང་བསྒོ་བ།། མཚོགས་པ་ཀུན་བསྒྲུབ་པར་བྱ། ་མཆོད་སྦྱིན་འབྲས་བུ་ཆེན་པོར་འགྱུར།། དེ་ནས་སྔགས་པས་སྙན་གནས་ནས།། གདོལ་པ་སྟིམ་བྱས་མཆོད་ཡོན་དང་།། མཆོད་པ་གཏོར་མ་སྤོས་མེ་ཏོག ་དེ་བཞིན་དུ་ནི་མར་མེ་དང་།། སྔགས་དང་ལྡན་པ་དབུལ་བར་བྱ།། སྐུ་གཟུགས་མདུན་དུ་ཕྱག་བྱས་ལ།། ནམ་བཟའ་སེར་པོ་གཡོགས་བྱ་ཞིང་། ་@དེ་ནས་སྔགས་པས་གདུག་བྱག།། དེ་དག་པསྒྲུབ་དྲིར་དེ་ལ་ནི།། དེ་ལ་ལན་ཅིག་གཏོར་བྱག།། དེ་ནས་དེ་ལ་སྔགས། ་འཛིན།། མེ་དང་དེ་ནས་ནུལས་ཏེ། ཨོཾ་སརྦ་པ་པད་པ་བཛྲ་ས་སདྡྷ། ཞེས་པས་སོ།། དེ་ནས་རྣམ་པ་ཀུན་གྱི་མཆོག་ལྡན་པའི།། དོན་བཞིན་དུ་ནི ་བསྒོམ་བྱས་ཏེ།། དེ་ནས་གནས་གསུམ་དུ་ནི་བསྟིམ།། ཨོཾ་ཧཱུ~ཾ་ཡ་ཡཾ་ཡི་གེ་གསུམ།། ཨོཾ་ནི་སྤྱི་བོ་བསྟིམ་བྱ་ཞིང་།། སྙིང་ཁར་ཧཱུཾ་གི་ཡི་གེར་འགྱུར། ་ངག་གི་ཕྱོགས་སུ་ཨ་ཡིག་གོ། སྐུ་གསུང་ཐུགས་ནི་བསྒྲུབ་པར་བྱ།། གང་གིས་ས་ངོན་གང་ཡིན་པ།། དེའི་ཐུགས་ཁར་དེ་དགོད་དོ།། ཕྱག་རྒྱ་སྔགས་ཀྱིས ་དབང་སྐུར་ཞིང་།། ཅིང་རིགས་སྙན་གསན་པར་ནི་དཔག། གསེར་རམ་དངུལ་ལམ་ཟངས་མ་འམ།། རྡོ་དང་དེ་བཞིན་ཤིང་དང་ནི།། ས་འམ་དེ་བཞིན ་དུང་ཆོས་ཏེ།། ཡང་ན་ཤིང་ལོའི་འདབ་མ་རྣམས།། མཆོད་ཡོན་སྣོད་ཏུ་སྦྱར་བར་བྱ།། དེ་བཞིན་བུམ་པ་གསེར་ལས་སོ།། ཟང ་མས་ནི་མཆོད་ཡོན་ནི།། མཚད་ཡོན་ལས་ལ་རབ་ཏུ་ཤེས།། གལ་ཏེ་ནུས་ཏེ་པ་ལ་རྙེད་ན།། ཇི་ལྟར་རྙེད་པ་ཀུན་ཁྱབ་བྱ།། དེ་ནས་དྲི་ཡི་ཏི་ལ་མར་སོ། ་དུར་བའི་བོན་གྱི་པིར་གྱིས་ནི།། བཀྲ་ཤིས་རྔ་ལ་སོགས་པའི་སྒྲ།། ན་ཆུངས་རྣམས་ཀྱིས་དེ་བཞིན་བརྗོད།། ཏིལ་མར་ལ་སོགས་ཀྱིས་ནི། ཨོཾ་སཿ ་ཏ་ཐཱ་ག་ཏ་ཀ་ཡ་བི་ཤོ་དྷ་ནི་སྭཱ་ཧཱ།། བུམ་པ་ལྔ་འམ་ཡང་ན་བརྒྱད།། ཙན་དན་ལ་སོགས་རྣམས་ཀྱི་བྱུག། སྣ་ཚོགས་དྲི་ཆུས་གང་བ་དང་།། འཁོར་ལོ ་བྱས་ལ་མངོན་སྔགས་ཏེ།། བུ་མོའི་ཁལ་བའི་སྲད་བུ་འམ།། ཡང་ན་ཙོ་བོའི་སྐུད་པའང་རུང་།། ཚོན་ཆེན་བོང་བས་བསྒྱུར་བྱས་ལ།། དེ་ལ་སྔགས་ཀྱིས ་བཀྲི་བར་བྱ།། སྨན་ལྔ་རིན་ཆེན་ལྔ་དང་ནི།། མེ་ཏོག་འབྲས་བུར་ལྡན་པ་སྟེ།། ཀུན་གསུམ་པ་དང་ཡུང་ཀར་ལྡན།། བུམ་པ་མངོན་པར་བསྔགས་པར་བྱ།། ་ཅིག་གཏོར་རྒྱལ་ཞེས་བྱ་བ་དང་།། གཟི་བརྗིད་གཞན་གྱི་མི་བརྗོད་དང་།། བཀྲ་ཤིས་ཞི་རྣམས་སྔགས་ཀྱི་ནི།། ཁྲུས་ཀྱི་ཚད་དུ་མངོན་པར་སྔགས།། འཇམ ་པའི་ཏིལ་མར་དག་དང་ནི།། ཨུ་དུམ་འབར་བའི་ལྕགས་མ་བཟང་།། ཁར་བའི་སྣོད་ཀྱི་ནང་དག་ཏུ།། བཀོད་ལ་རབ་ཏུ་དངུལ་བར་བྱ།། དྲི་ལྔ་ཡིས་ནི་ཡང ་དག་བྱུགས།། ས་བོན་གྱིས་ནི་དེ་དག་དྲུག། སློབ་མཚོགས་དང་བཅས་པ་ཡིས།། སྔགས་ཀྱི་གཙང་སྒྲ་བཀྲུ་བར་བྱ།། བཀྲ་ཤིས་ཞེས་པ་ཡིད་འོང་བའི། ་བློ་དང་ལྡན་པའི་ཚིག་ས་བཅད་བརྗོད།། དོན་མ་སྤྱད་པ་ཇི་བཞིན་དུ།། ཆོ་ག་བཞིན་དུ་མངོན་དབང་བསྐུར།། ་སྔགས་ནི། ཇི་ལྟར་བལྟམ་པ་ཙམ་གྱིས་ནི།། དེ་བཞིན་གཤེགས་ཀུན་ཁྲུས་གསོལ་ལོ།། ཞེས་བྱ་བ་ལ་སོགས་པས་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏོ་ཨ་བྷི ་ཥེ་ཀ་ས་མ་ཡ་ཤྲི་ཡེ་ཧཱུཾ། ལྡུགས་མ་རྣམས་ནི་ཡོངས་སུ་བཀྲུ། རི་མོ་རྣམས་ནི་མེ་ལོང་ལའོ།། དག་བྱེད་ལྔས་ནི་སྔོན་དུ་བསྒོམ།། དུར་བ་ཡིས་ནི་ཉེ་བར ་བྱ།། རས་ས་མེ་ལག་པ་དག་གིས་ནི།། བློ་དང་ལྡན་པས་སྐུ་ལུས་ཕྱི།། གུར་གུམ་པར་དང་བཅས་པས་བསྐུ།། གོས་ཟུང་དག་ཀྱང་སྐུ་ལ་གསོལ།། ་བློ་དང་ལྡན་པས་རིགས་སྔགས་འདི།། དཀྱིལ་འཁོར་དབུས་སུ་བཞུགས་སུ་གསོལ།། ཨོཾ་བཛྲ་དྷི་བ་ས་སྭཱ་ཧཱ། ཨོཾ་བཛྲ་གྷན་དྷེ་སཱ་ཧཱ། ཨོཾ་བཛྲ་ཨ་བ་ར། ་ན་དྷུ་ཥ་ནེ་སྭཱ་ཧཱ། བློ་ལྡན་གྱིས་རང་དམ་ཚིག་བསྲུངས།། ཕྱག་རྒྱ་སྔགས་ཀྱིས་རབ་བསྐུལ་ལ།། ཅི་འདོད་པ་མངོན་པར་བསྐུལ།། ཨོཾ་ཧཱུཾ་ཨཾ་ཛེ་གཾ ་དེ་ལྟར་ཅོད་པན་བཅིངས་ལ་བཞུགས་གསོལ་ཏེ། རྟག་པ་ལས་གསུངས་ཚུལ་གྱིས་སོ།། མདུན་ཕྱོགས་སུ་ནི་བ་ནུབ་ཅིང་།། ཡོང་མིན་ཞིང་དྲང་བ་ཡིས། ་དེ་ལྟར་སྐུ་གཟུགས་མཛེས་པར་དགོང་།། དེ་ལྟར་མིན་ན་སྐྱོན་འབྱུང་འགྱུར།། མེ་ཏོག་སྤོས་དང་དྲི་བཞིན་དྲི།། མར་མེ་ན་མ་གཟའ་སོགས་འབྱོར་གང་། ་དེ་ཀུན་སྔགས་དང་ལྡན་པ་ཡིས།། ལྷ་རྣམས་ལ་ནི་དབུལ་བར་བྱ། ཨོཾ་བཛྲ་པུ་པེ་ཨ་ཧཱུཾ། ཞེས་བྱ་འདི་ལ་སོགས་པས་སོ།། མཆོག་གི་མེ་ཏོག་འདི ་དྲི་ནི།། ཆུ་དང་ཟང་ལས་དེ་བཞིན་སྐྱེས།། མཆོག་དུ་དད་པས་ཁྱེད་ལ་དབུལ།། ཅི་བདེ་བར་ནི་སོ་སོར་བ་ཞེས།། ལྷན་ཅིག་སྐྱེས་དང་བསྒྱུར་ལས་བྱུང་། ་མཆོག་ཏུ་བདུག་པ་འདི་དག་ནི།། བདག་གི་དད་པས་དབུལ་ལགས་ཀྱིས།། ཅི་བདེ་བར་ནི་བཞེས་སུ་གསོལ།། ལྷན་ཅིག་སྐྱེས་དང་བསྒྱུར་ལས་བྱུང་།། ་མཆོག་ཏུ་གྱུར་པའི་དྲི་འདི་ནི།། བདག་གི་དད་པས་འབུལ་ལགས་ཀྱིས།། ཅི་བདེ་བར་ནི་བཞེས་སུ་གསོལ།། མུན་པ་འཇོམས་བྱེད་སྣང་བའི་མཆོག ་མར་དང་ཏིལ་གྱི་མར་མེ་འདི།། ཡང་དག་ཡེ་ཤེས་སྤེལ་བྱའི་ཕྱིར།། བདག་གི་དད་པས་དངུལ་བར་བགྱི།། བཟའ་དང་བཅའ་བ་ཕུན་སུམ་ཚོགས། ་ཁ་དོག་རི་མོ་རྣམས་དང་ལྡན།། ཐམས་ཅད་ལྡན་པའི་ལྷ་བཤོས་འདི།། བདག་གིས་དབུལ་གྱིས་སོ་སོར་བ་ཞེས།། དེ་ལ་སོགས་པ་གང་ཡང་རུང་།། ་ཅུང་ཟད་ཅི་འབྱོར་སྐུ་གཟུགས་ལ།། དེ་དག་ཐམས་ཅད་འདི་ཉིད་ཀྱིས།། རིམ་པ་ཡིས་ནི་དབུལ་བར་བྱ།། སྔགས་ཀྱི ་གཙང་སྦྲ་ལྡན་ཉིད་ཀྱིས།། དེར་ནི་གསེར་གྱི་རང་བཞིན་གྱིས།། ཐུར་མས་སྤྱན་ནི་དབྱེ་བར་བྱ།། ཞལ་ཟས་དེ་དབུལ་བློ་ལྡན་པས།། ཨོཾ་ཙཀྐུ་ཙཀྐུ་ས་མན་ཏ ་ཙཀཱུ་བི་ཤོ་དྷ་ནི་སྭཱ་ཧཱ། ཨོཾ་དེ་བྱ་ཨ་ནེ་ས་མ་ཡ་ཏེ་བྷ་པྲ་ཎ་ནེ་སྭཱ་ཧཱ། དེ་ལྟར་བཟླས་ཏེ་དེ་ནས་ཡང་།། སློབ་མར་རབ་ཏུ་སྔགས་བྱས་ལ། ཁྱོད་ཀྱིས་ང་ལ་གང ་གསོལ་བའི།། སྐུ་གཟུགས་དག་ནི་ཁྱད་པར་དུ།། ཇི་ལྟར་གསུངས་པ་རབ་གནས་པར།། དེ་ནས་དོན་ནི་ངས་བརྟན་ཏེ།། དེའི་དོན་ནི་གྲུབ་ཟིན་གྱིས།། ་ཅི་བདེ་བར་ནི་མཆོད་པར་བྱོས།། དེ་ནས་དམ་ཚིག་དབང་བསྐུར་བར།། ཁྱོད་ལ་བྱས་ཤིང་སྲེག་ལུགས་ནི།། སྟོང་ངམ་ཡང་ན་དེའི་ཕྱེད།། དངར་གསུམ་སྟབས ་ལ་འབྲུ་རྣམས་ཀྱིས།། འོ་མ་ཅན་གྱི་བུད་ཤིང་ལ།། སྦྱིན་བསྲེག་ཁང་བུ་བཞིན་ལུགས་ཀྱང་།། དེ་ཉིད་མར་དང་འོ་མ་འམ།། ལྷག་མའི་ཙ་རུས་ཕུར་བྱས ་ལ་བདག་དང་སློབ་པ་ཐམས་ཅད་ནི།། ཞི་དང་རྒྱས་པ་འཕེལ་བར་བྱ།། ཨོཾ་བཛྲ་ཨ་ཡུ་ཤེས་སྭཱ་ཧཱ། ཨོཾ་གད་ཅན་ཙ་ད་རི་བི་ག་ལ་དི་བ་ད་ཛ་ཧ་ལོ་ཧི་ཏ ་ཀྐ་དེ་ཧི་ད་པ་ཡ་ཨི་དན་ཙ་མེ་ཀ་ར་གྱ་ན་ཀ་རུ་སྭཱ་ཧཱ། ཨོཾ་བཛྲ་སུ་ཥ་ཡེ་སྭཱ་ཧཱ། དེ་ལྟར་བྱས་པ་འབད་པ་ཡིས།། ཁྲོ་བོ་སྟེང་དུ་བཞུགས་པར་བྱ། སྐུ ་གཟུགས་ཀྱི་ནི་སུམ་འགྱུར་ཆའི།། ཚད་ཙམ་དུ་ནི་རབ་ཏུ་རྟག། ཨོཾ་སུ་པྲ་ཏིཥྛ་སྭཱ་ཧཱ། མེ་ཏོག་སྤོས་ཚོགས་སྔོན་འགྲོ་བའི།། ཕྱོགས་སྐྱོང་རྣམས་ཀྱང ་མཆོད་པར་བྱ། ཨོཾ་ཡིན་ཏྲེ་ཡེ་སྭཱ་ཧཱ། ཞེས་བྱ་བས་དབང་ལྡན་ལ་ཐུག་གི་བར་དུ་རོལ་མོའི་སྒྲ་བྱས་ལ་ཡང་དག་པར་མཆོད་དོ།། གཤེགས་སུ་གསོལ ་བར་བྱ་བ་ནི། རྫོགས་སངས་རྒྱས་དང་དེའི་སྲས།། ཚངས་པ་སོགས་ལྷའི་ཚོགས་རྣམས་ལ།། གང་དག་ཆོ་ག་མ་ཚང་བ། དེ་དག་བཟོད་པར་མཛད་པར ་རིགས།། ཀུན་ཏུ་ཞི་དང་རྒྱས་པར་དུ།། ཡོན་བདག་ཆེ་ལ་རང་མཛད་ནས།། སངས་རྒྱས་ཡུལ་དུ་གཤེགས་ནས་ནི།། སླར་ཡང་བྱོན་པར་མཛད་དུ་གསོལ།། ་ས་དང་ཆུ་དེང་མེ་རླུང་གི།། ལྷ་རྣམས་ཀུན་གྱི་སྐུ་གཟུགས་ལ།། བསྐལ་པ་བརྒྱ་རུ་བསྲུང་གནས་མཛོད།། དགེས་ཤིང་ཡིད་བཟང་གྱུར་པ་དང་།། སློབ་དཔོན། ་སློང་མར་བཅས་པ་ཡི།། བུ་དང་ཆ་བོ་བསྲུང་མངོན་ནས།། རབ་གནས་དགེ་བར་གཤེགས་སུ་གསོལ། དཔྱིད་ཟླ་ར་བའམ་དཔྱིཟླ་འབྲིང་།། དགུན་དང་དཔྱིད། ་ཀྱི་ཐ་ཆུངས་སམ། དབྱར་ཟླ་དེ་བཞིན་དབྱར་འབྲིང་པོ།། ཉི་མ་བྱང་དུ་གནས་པའི་ཚེ།། དཀར་པོའི་ཕྱོགས་ནི་གཉིས་པ ་འམ་རིམས་བཞིན་དེ་བཞིན་གསུམ་པ་འམ། གང་ཚེ་གཟའ་དང་རྗེས་འཐུན་པ། ནག་པོའི་ཕྱོགས་ལའང་བཙམ་པར་བྱ།། གང་ཚེ་ཐམས་ཅད་མཐུན ་གྱུར་ན།། མི་རྣམས་མངོན་དུ་འཕེལ་བར་བྱེད།། བཅཝོ་ལྔ་དེ་བཞིན་བརྒྱད་པ་འམ།། བཅུ་གསུམ་པའང་དེ་བཞིན་ནོ།། གནམ་སྟོང་དང་ནི་དེ་བཞིན་དུ། ་ཉི་ཤུ་དགུ་ལ་བྱ་བ་མིན།། ཐམས་ཅད་དུ་ནི་ཆུ་སྟོད་དང་།། སྣར་མ་འགྲོ་ཞུན་དེ་བཞིན་དབོ།། ལག་དང་སྣརུམས་དང་སྣརོན་དང་ནི།། རྒྱལ་དང་ཆུ་སྨད་དེ་བཞིན་ནོ།། ་ཁྲུམ་ས་སྨད་དང་ནི་དེ་བཞིན་ཏེ།། རྒྱུན་སྐར་འདི་རྣམས་ཐམས་ཅད་ཏུ།། སྐྱེ་རྒུ་འཕེལ་ཞིང་དེ་ཡིས་ནི།། རབ་ཏུ་གནས་པ་མཆོག་ཏུ་བྱེད།། སྐར་མ་དབོ་ལ་རང ་གནས་བྱ།། དེས་ནི་ཤེས་རབ་ཆེན་པོར་འགྱུར།། ཡིད་ལ་འདོད་པ་ཅི་ཡང་རུང་།། དངོས་གྲུབ་མེ་བཞིས་སྟེར་བར་འགྱུར།། སྣརུམས་དང་བྱི་བཞིན་དག་གིས ་ནི་བཀའ་རྣམས་ཐམས་ཅད་ཡོངས་ཤེས་འབྱུང་།། ལག་གིས་སྐལ་བཟང་སྣར་མས་ནི།། གཞན་དག་ལས་ནི་རྒྱལ་བར་བྱེད།། མགོ་ཡིས་ཞི་བ ་ཉེ་བར་སྤྱོད།། ཆུ་སྟོང་ཅུ་སྨད་བུ་འཕེལ་འགྱུར།། རྟག་པར་དངོས་གྲུབ་ཁྲུམ་སླད་ཀྱིས།། རྒྱལ་གྱིས་རྟག་པ་ཆེན་པོར་འགྱུར།། སྔོསྣརོན་གྱིས་མཆོག་ཏུ་བདེ་བར་བྱེད།། ལྷ་མཚམས ་ཀྱིས་ནི་མཆོག་སྟེར་འགྱུར།། ཕུར་བུ་ལག་དང་པ་ཝ་སངས།། ཟླ་བ་གཟའ་སྩོགས་ཤེས་བྱ་སྟེ།། འདི་རྣམས་བཟའ་ལྡན་ལས་བྱས་ན།། རབ་ཏུ་གནས་པ་མཆོག་ཏུ་དགེ།། གསུམ་པ ་དྲུག་པ་བདུན་པ་དང་།། བཅུ་དང་བཅུ་གཅིག་ལ་ཟླ་བ།། གཉིས་པ་བཞི་པ་དེ་བཞིན་བརྒྱད།། བཅུ་དང་བཅུ་གཅིག་རྣམས་ལ་ལག། གཉིས་དང་དེ་བཞིན་བདུན་པ་དགུ། དེ་ཞི ་ཕུར་བུ་བཅུ་གཅིག་པ།། དུས་དང་འབྱེར་པ་ལ་རྟེན་ནས།། དེ་ལས་ལྷག་པར་གནས་པར་བྱ།། དྲུག་བདུན་བཅུ་པ་དོར་བ་ཡིས།། པ་ཝ་སངས་ཉིད་དགེ་བ་ཡིན།། དེ་ལྟར་གཟ ་རྣམས་ཐམས་ཅད་ཀྱི།། སྟོང་ལྡན་མི་ལྡན་དེར་ཤེས་བྱ།། གང་ཆེ་ཞི་བའི་གཟའ་རྣམ་དང་།། ཞིང་རྣམས་དགེ་བ་གང་ཡིན་པ།། དབང་པོ་ལྔ་ལ་གསུམ་དེ་བཞིན།། ནོར་འཇོམས་རྣམས ་ནི་སྤོངས་པར་བྱ།། རྗེས་སུ་མཐུན་པར་བྱེད་པ་པོས།། སྐཅིག་དེ་ལ་ཡོངས་འགྱུར་ཞིང་།། རབ་ཏུ་གནས་པ་མཆོག་ཏུ་འགྱུར།། འཁོར་ལོས་བསྒྱུར་རྒྱལ་དབང་པོ་ནི།། ཐོབ་འགྱུར་འདི་ལ་ཐེ ་ཙམ་མེད།། གཟའ་དང་རྒྱུས་སྐར་དེར་མེད་དེ།། བགེགས་དང་ལོག་པར་འདྲེན་པ་མེད།། གཟའ་རྣམ་ཐམས་ཅད་རྗེས་མཐུན་ཞིང་།། བགེགས་དང་རྒྱུ་སྐར་ལྷ་རྣམས་ཉིད།། དེ་རུ་འགྲུབ ་པར་ཀུ་གནས་ཤིང་།། གཟུགས་བཉེན་མཆོད་རྟེན་ལ་སོགས་ཀྱིས།། དངོས་གྲུབ་དག་ནི་སྟེར་བར་བྱེད།། ཡིད་ཀྱིས་ཅིང་ཟད་གང་བསམས་པ།། སྐྱེ་དང་སྐྱེ་བར།། ་འགྲུབ་པར་འགྱུར།། རྒྱན་རྣམ་མ་ལུས་པ་ཡིས་ནི།། ཕྱི་ནས་བཟོ་བོ་རྣམ་ལ་མཆོད།། གང་དག་དེ་ལ་གྲོགས་བྱེད་པ།། གཞན་དག་ཀྱང་ནི་མཆོད་པར་བྱ།། དེ་ནས་དེ་དག་ཐམས་ཅད་དང ་དགའ་བས་འདི་དག་བརྗོད་པར་བྱ།། ཇི་ལྟར་གསུངས་པའི་མཆོད་པ་རྣམས།། བདག་ལ་མཐུན་པའི་ནུས་པ་མེད།། དེ་ཕྱིར་བདག་ལ་ཁྱེད་མཛོད་ལ།། སྔགས་ཀྱི་གཙང་སྒྲ་བཟའ་བཅའ་དག ་གཟུགས་བརྙན་དག་ལ་སྦྱིན་པར་བྱ།། བདེ་གཤེགས་ལྷག་མ་འདི་དག་ནི།། ཟོ་ཞིག་སྡིག་པ་བྱང་བར་འགྱུར།། ཞེས་པསོ།། གླང་པོ་རྟག་དང་ཤིང་རྟ་ནོར།། ཡོན་གྱི་དམ་པ་དབུལ་བར་བྱ།། དེ་ནས ་དེ་ལ་ནན་ཏན་གྱིས།། ལོངས་སྤྱོད་གཡོ་བ་དབུལ་བར་བྱ།། གལ་ཏེ་ལྷན་ཅིག་དགེས་འདོད་ན།། བླ་མ་གུས་པར་དགེས་བྱ་ཞིང་།། དེ་ལྟར་རྣམ་པ་ཐམས་ཅད་དུ།། བླ་མ་ཡང་དག་མཉེས་པར་བྱ། ་དེ་ནས་ཡང་ནི་བརྟུལ་ཞུགས་ཅན།། དགེ་སློང་དགེ་སྙེན་དགེ་སློང་མ།། མཆོག་ཏུ་གུས་པས་མཆོད་བྱས་ལ།། ཇི་ལྟར་འགྱུར་བའི་ཡོན་ཡང་དབུལ།། 6དུང་དང་རོལ་མོའི་སྒྲ་ལ་སོགས།། ། ་གཟའ་བའི་གླུ་དང་གར་རྣམས་དང་།། གཉེན་དང་རིགས་རྒྱུད་འཁོར་རྣམས་ཀྱིས།། རོལ་མོ་ཆེན་པོ་མཚན་མོ་དབུལ།། དེ་ལྟར་ཐམས་ཅད་བྱས་ཟིན་ནས།། གང་དུ་མཆོད་སྦྱིན་དཀྱིལ་འཁོར་ལ། ་ཕུལ་ལམ་དབུལ་བར་བྱེད་པ་རྣམས།། སློབ་དཔོན་ལ་ནི་དབུལ་བ་ཡི།། བཟོ་བོ་ལ་ནི་མི་སྦྱིན་ཞིང་།། དགེ་སློང་རྣམས་ལ་སྦྱིན་བྱའོ།། སློབ་དཔོན་མཆོད་པས་མཉེས་བྱ་ཞིང་། ་ནོར་རྣམས་ཐམས་ཅད་དེ་ལ་དབུལ།། དེ་ནས་དཀྱིལ་འཁོར་བྱུག་བྱ་སྟེ།། བ་ཡི་ལྕི་བས་བྱུག་བྱ་ཞིང་།། རྡུལ་མཚོན་ཆུ་ངོར་དོར་བར་བྱ།། དྲི་ཡིས་ཡང་དག་ལེགས་པར་བྱུག། རབ ་གནས་ཀྱི་ཆོ་ག་རྫོགས་སྷོ།། །། ཁ་ཆེའི་པཎྜི་ཏ་ཛྙཱ་ན་བཛྲ་དང་། འབྲོ་ལོཙཱ་བའི་འགྱུར། འདི་ནི་ཕྱི་ཡིས་དེ་ཉིད་བཅུའི་བར་དུ་བྱས་པའི་བའི་ཕྱིར། ་རྣལ་འབྱོར་གྱི་རྒྱུད་བསྐོར་དུ་གཏོགས་སོ་ཞེས་མཁས་པ་འགའ་ཞིག་གསུང་བ་ལྟར་བྲིས་སོ།། རྒྱུད་འབུམ་ཕལ་ཆེ་བ་ལས་ནི་རབ་གནས་ཀྱི་རྒྱུད་འདི་རྒྱུད་བྱ་རྒྱུད་ཀྱི་ནང་དུ་བྲིས་འདུག ་གོ། བཙུག་དགུའི་རྒྱུད་ཏུ་གྲགས་པ་འདི་ནི། གངས་ཅན་གྱི་མཁས་པ་དག་འདི་ནི་རྒྱ་བར་གྱི་སློབ་དཔོན་དག་གིས་བྱས་པའི་བསྟན་ཆོས་ཡིན་གྱིས། རྒྱུད་མ་ཡིན་ནོ་ཞེས་འདོད་དེ།། ་ཕལ་ཆེ་བ་རྒྱུད་དུ་འདོད་ཅིང་། རྒྱུད་འབུམ་གྱི་དཔེ་ཕལ་ཆེ་བ་ལས་ཀྱང་བྲིས་པ་ལྟར་འདིར་ཡང་བྲིས་མོད། དཔྱད་པའི་བཞིར་སྣང་ངོ་།། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ནི། ཆོས་རྗེས་སྐྱ་པཎྜི་ཏས ་བསྒྱུར་བ། དབང་བསྐུར་བུམ་རྫས་གསུངས་པའི་འཕྲོ་ལ་ལས་འདུག་པ། པང་ལོ་ཙཱ་བ་བློ་གྲོས་བརྟན་པས་འཇུག་རྫོགས་པ་འགྱུར་སྣ།། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རྡུལ་བརྒྱ་ལྔ་བཅུ་པག་དང་། ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོ་ཉི་ཤུ་རྩ་ལྔ་པ་གཉིས། ལ་ལ་དག་མདོ་ཡིན་གྱི་རྒྱུད་མ ་ཡིན་པར་འདོད་པ་དེ་ནི་རིགས་པ་མ་ཡིན་ཏེ། དེ་ལྟར་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དཔལ་མཆོག་དང་པོ ་ལ་སོགས་པ་ཡང་རྒྱུད་མ་ཡིན་པར་འགྱུར་ཏེ། ལྷ་དང་སྔགས་ཀྱི་འཆད་ཚུལ་དང་། ཆོ་ག་ལ་སོགས་པ་གོང་མ ་གཉིས་དང་ཚུལ་འདྲ་བ་འབྱུང་བས། རྒྱུ་མཚན་མཚུངས་པའི་ཕྱིར་རོ།། འདི་བྲིས་དགེ་བས་འགྲོ་བ་རྣམས།། ་དེ་ཉིད་བཅུ་པོ་མཐར་ཕྱིན་ནས།། རྣམ་སྣང་ཆེན་པོས་རྗེས་བཟུང་སྟེ།། སྤྲུལ་བཤད་ཆོས་སྒྲ་སྒྲོགས་པར ་ཤོག། མཾ་བྷ་ལ་བྷ་ཝནྟ་བྲི་དྷོ།། དགེའོ།། བཀྲ་ཤིས།་