| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཀྵེ་ཀ་པྲ་ཏི་ཡ། བོད་སྐད་དུ། དབང་གི་རབ་ཏུ་བྱེད་པ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་འཚལ་ལོ།། ཀུན་མཁྱེན་ཡེ་ཤེས་སྐུ་དང་ཉིན ་མོར་བྱེད་པའི་སྐུ་སྟེ་སྤྱན་ནི་པད་མའི་འདབ་ལྟར་རྒྱས།། སངས་རྒྱས་སེང་གེའི་ཁྲི་ཞུགས་ལྷའི་གཙོ་བོ་ཕྱག་བྱས་པ་ལ་སྤྲིས་བཏུད་དེ།། རྒྱལ་པོ་ཟླ་བཟང་ལག ་པའི་པད་མ་སྦྱར་བ་ཡན་ལག་མཆོག་གི་སྟེང་བཞག་ནས།། དཔལ་ལྡན་དུས་འཁོར་རྣལ་འབྱོར་རྩོད་ལྡན་དུས་སུ་མི་རྣམས་གྲོལ་བའི་དོན་དུ་ཞུས།། དབབ་པ་ཡང ་པའི་ཕྱིར་ནས་མགོ་དང་སྙིང་ཁ་སྤྱི་གཙུག་ལྟེ་མགྲིན་དང་།། གསང་བ་ལས་ནི་རྒྱལ་བ་ལ་སོགས་རང་གི་སར་གནས་རྡོ་རྗེ་གསུམ་གྱིས་བསྲུངས།། ལུས་ལ་གོས་དམར ་བགོས་ཅིང་མིག་ཀྱང་བཀའ་སྟེ་སློབ་མ་འདིར་ནི་བཞུགས་པར་བྱ།། ཀུན་རྫོབ་དོན་དུ་བརྟུལ་ཞུགས་མཆོག་གིས་འགྲོ་བར་སོང་བའི་ཉིད་ནི་རྣམས་སྦྱིན།། མནར་སེམས ་མི་བདེན་གཞན་གྱི་བུད་མེད་སྤངས་ཏེ་དེ་གཞིན་གྱི་ནོར་དང་དེ་བཞིན་ཆང་།། བདག་གི་དགེ་བ་འཇོམས་བྱེད་འཁོར་བ་རྡོ་རྗེ་དང་ནི་སྡིག་པའི་ཞགས་པ་ལྔ་པོ་དེ།། གང ་ཞིག་གང་གི་དུས་སུ་ལྷ་དང་མི་ཡི་བླ་མར་གྱུར་པ་དེ་ཡི་མིང་གིས་སྦྱིན།། སྣ་ཚོགས་གཙོ་བོའི་དཀའ་འདིས་སྲིད་པའི་འཇིགས་ལས་སྐྱོང་བར་ཁྱོད་ཀྱང་བསྐྱང་བར ་བྱ། ཚེ་ལོ་ཁ་ནས་མཐོ་ཡི་ཟས་དང་ཚིག་ངན་མཆོད་སྦྱིན་འབྱུང་པོ་ལྷ་མིན་དབང་པོའི་ཆོས།། བ་གླང་བྱིས་པ་བུད་མེད་སྐྱེས་བུ་རྣམས་དང་ལྷ་མའི་བླ་མ་ལྔ་གསོད ་དང་། གྲོགས་དང་མངའ་བདག་ལྷ་མའི་བླ་མ་བླ་མ་དགེ་འདུན་དང་།། དབུགས་འབྱིན་ལ་འཁུ་དང་།། དབང་པོ་རྣམས་ལ་ཆགས་པ་ཞེས་ནི་སྲིད་པའི་བདག ་པོའི་བརྟུལ་ཞུགས་ཉི་ཤུ་ལྔ།། དཔལ་ལྡན་སྔགས་ཀྱི་མངོན་སྔགས་ལག་པའི་པད་མའི་སྦྱོར་ལ་མེ་ཏོག་གཅིག་སྦྱིན་ཏེ། ་དབང་པོ་ལན་གསུམ་སྐོར་ལ་ལག་པར་སྦྱར་ལ་མེ་ཏོག་དཀྱིལ་འཁོར་ལ་ནི་དོར་བར་བྱ།། གང་གི་གནས་སུ་མེ་ཏོག་བཟང་ལྷུང་དེ་ལ་དེའི་རིགས་ངེས་མི་ཡི་བདག་པོ་ཀྱེ།། ་ཕྱི་ནས་དབང་བདུན་རྣམས་གསུམ་དེ་བཞིན་བླ་མེད་འདིར་ནི་སྦྱིན་པར་བྱ།། སྨན་དང་དྲི་ལྡན་རྒྱལ་དང་རྣམས་རྒྱལ་སའི་རང་བཞིན་དག་གམ་གསེར་ནོར་གྱི།། བུམ་པ་རིན ་ཆེན་དང་བཅས་པ་ནི་རྒྱད་ལྔ་མོ་ཀྱིས་ཁྲུས་བྱས་རྒྱལ་པོ་ཀྱེ།། སངས་རྒྱས་དབྱེ་བས་བཅོད་པས་པན་བྱིན་ཏེ་བླ་མ་དམ་པས་དར་སྦྱངས་དང་ནི་ནུས་མ་རྣམས།། རྡོ་རྗེ་དྲིལ་བུ ་ཉི་བཏུལ་ཞུགས་ཀྱང་ནི་ཡུལ་དང་དབང་པོ་ལྡན་ཅིག་སྦྱར།། ཁྲོ་བོ་བྱམས་སོགས་མིང་སྟེ་གསལ་བར་རྒྱལ་བའི་གནང་བར་རྒྱལ་མ་བཅས་སྦྱིན།། རྡོ་རྗེ་དྲིལ་བུ་རབ ་སྦྱིན་སྙིང་རྗེ་ཆོག་གིས་དག་པའི་ཆོས་ནི་བསྟན་པར་བྱ།། རྡོ་རྗེའི་རིགས་ལ་ངེས་པར་སྲོག་བཅད་བྱ་ཞི་རལ་གྲིལ་ནི་བརྫུན་གྱི་ངག། རིན་ཆེན་ལས་གཞན་གྱི་ནོར་འཕྲོག ་རིགས་མཆོག་པད་མ་ལ་ཡང་གཞན་གྱི་བུད་མེད་དབྲོག། ཆད་དང་བུད་མེད་སངས་རྒྱས་ཡུལ་རྣམས་བཟང་པོ་མ་ལུས་འཁོར་ལོ་སྟེན་པར་བྱ།། གྲི་གུག་ལ་ནི་ན་མཁའི་པད ་མར་བུད་མེད་རིགས་ངན་རྣམས་ལ་བརྙས་མི་བྱ།། ལུས་འདི་ནོར་བཅས་སེམས་ཅན་དོན་དུ་སྦྱིན་བྱ་འདིར་ནི་ཁྱོད་ཀྱིས་བསྲུང་བར་མི་བྱའོ།། གཞན་དུ་དཔག་མེད་སྐལ ་པར་རྒྱལ་བས། གསུང་པའི་སངས་རྒྱས་ཉིད་དུ་མི་འགྱུར་རིགས་ཀྱི་བུ།། ཆུ་ནི་སྒྲོལ་མ་ལ་སོགས་ལྷ་མོ་རྣམས་ཏེ་གཅོད་པན་རྒྱལ་རྣམས་དར་སྦྱངས་ནུས་མ་རྣམས། ་རྗེ་དྲིལ་བུ་ཉི་ཟླ་བརྟུལ་ཞུགས་ཡུལ་དང་དབང་པོའི་མིང་དང་བྱམས་པ་སོགས།། རྗེས་གནང་རྫོགས་པའི་བྱང་ཆུབ་དཔལ་ཏེ་སྲིད་པའི་འཇིགས་འཇོམས་དུས་ཀྱི་འཁོར་ལོ ་རིག། སྡིག་པའི་དྲི་མ་འཕྲོག་བྱེད་དབང་བདུན་པོ་འདི་དཀྱིལ་འཁོར་དུ་ནི་ཡང་དག་སྦྱིན།། དབང་བདུན་མངོན་པར་བསྐུར་བའི་དགེ་བའི་ཤུགས་ཀྱིས་ས་བདུན་དབང ་ཕྱུག་ཉིད་དུ་འགྲོ།། བུམ་པ་གསང་བའི་དབང་བསྐུར་བ་ཡིས་ཕྱིར་མི་ལྡོག་སོགས་ངེས་པར་རབ་ཏུ་འཇུག། ཤེས་རབ་ཡེ་ཤེས་དབང་བསྐུར་ཁམས་གསུམ་པོ་ཡིས ་ཕྱག་བྱས་འཇམས་དབྱངས་ཉིད་དུ་འགྱུར།། གཡོ་བའི་དབང་གིས་རྩ་ལྷུང་རྒྱལ་བྱུང་ན་འདི་ནི་དམྱལ་བའི་སྡུག་བསྔལ་ལོ།། དབང་བདུན་ལ་གནས་ཡོན་ཏན་ལྡན་བྱས ་རྩ་བའི་ལྟུང་བ་རྣམ་པར་འགྱུར།། བརྟུལ་ཞུགས་ངེས་པར་བུམ་པ་བསའ་བ་བརྒྱ་ལམ་ན་སྟེ་གོང་མ་དག་ལ་དག་པ་མེད།། གང་ཞིག་རྩ་བའི་ལྟུང་བ་དག་པའི་དོན་དུ་སྔར ་དཀྱིལ་འཁོར་འདིར་ཞུགས་པར་བྱ་སླར་ཡང་རྗེས་གནང་ཐོབ་ལ་ཚོགས་པའི་ནང་དུ་ཐུ་བོའི་མིང་ནི་སྤངས་པར་གྱུར་པའོ།། ་དཔལ་ལྡན་བླ་མའི་སེམས་དཀྲུགས་པས་ནི་བུ་རྣམས་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར།། དེ་ཡི་བཀའ་ལ་འགོམ་པ་གཉིས་པར་འགྱུར་ཏེ་སྤུན་ལ་ཁྲོས་པ ་གསུམ་པར་རིག་པར་བྱ།། བྱམས་པ་སྤངས་པ་བཞི་པར་འགྱུར་ཏེ་བྱང་ཆུབ་སེམས་སྤངས་པས་ཀྱང་མདའ་རུ་འགྱུར།། གྲུབ་མཐའ་སྨོད་པ་དྲུག་པར་འགྱུར་ཏེ ་མ་སྨིན་སེམས་ཅན་ལ་ནི་གསང་བ་སྟེར་བ་རི།། ལུས་ཉོན་མོངས་པ་པ་ཀླུ་སྟེ་དག་པའི་ཆོས་ལམ་དད་པས་ཀྱང་དགུའོ།། སྒྱུ་ཡི་བྱམས་པ་པ་ཕྱོགས་ཏེ་མིང་སོགས ་བྲལ་བའི་བདེ་ལ་རྟོག་པ་དྲག་པོའོ།། དག་པའི་སེམས་ཅན་སྐྱོན་བརྗོད་ཉི་མ་ཡིན་ཏེ་དམ་ཚིག་ཐོབ་གཏོང་བ་ནི་གཞན།། བུད་མེད་རྣམས་ལ་གཤུད་ཤེད་པུར་འགྱུར་ཏེ ་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལའོ།། གཅིག་ནས་ཕྱོགས་ཀྱི་ལོ་བར་ལྷ་དང་རེག་བྱ་དག་ནི་རྣམ་པ་བཅུ་གཉིས་ཡིན།། དེས་ན་མཁྱུད་པར་བྱ་སྟེ་རྒྱ་མཚོ་རོར་བཅས ་གཡོ་བ་ལ་སོགས་ངེས་བསྟེན་བྱ།། ཉི་ཤུའི་ལོ་འདས་ཕྱག་རྒྱ་ཁྲོ་བོ་འབྱུང་པོ་ལྷ་མིན་རིགས་ཏེ་མཆོག་ཏུ་འཇིགས།། དབང་གི་དོན་དུ་དྲུག་དང་བཞི་སྟེ་མཉན་པའི་འབྲས ་ཁུ་སྒོམ་དོན་གཞན།། གང་ཞིག་དཔལ་ལྡན་ཤེས་རབ་ནུ་མར་དང་པོ་རེག་པ་དེ་འདིར་བུམ་པའི་དབང་།། རི་བོང་འཛིན་པ་མྱ་དང་ལྟ་བ་དག་གིས་གསང་བའི་དབང་དུ ་འགྱུར།། ཤེས་རབ་ཡེ་ཤེས་དབང་ལ་རྒྱལ་བའི་རིགས་རྣམས་ཀྱིས་ནི་ཡན་ལག་གདོང་རྣམས་སྤྱད།། རྒྱལ་བ་དག་ལ་དབང་དུ་གསོལ་ཏེ་བླ་མས་སློབ་མ་ལ་ནི ་ཕྱག་རྒྱ་བྱིན།། ཞུན་མར་གསེར་གྱི་མདོག་འདྲ་རྒྱན་རྣམས་དང་ལྡན་བཅུ་གཉིས་ལོ་ལོན་བུ་མོ་བཟང་།། ཤེས་རབ་ཐབས་ཀྱིས་བདག་ཉིད་རང་གི་རྡོ་རྗེ་ནོར་བུས ་ཆགས་བྱས་འདོད་བྱས་ལ།། སློབ་མ་དག་པར་ཤེས་ནས་རང་གིས་ས་བོན་རྡོ་རྗེ་ཡིས་ནི་ཁ་རུ་འཕངས།། ཕྱི་ནས་རང་གིས་ཕྱག་རྒྱ་བྱིན་ཏེ་གཞན་ཡང་གདུང་བའི ་ལམ་ལྡན་གཞན་མའོ།། སྡང་འཁྲུལ་བའི་སེམས་དང་གཡོ་མ་གཞན་དབང་ནད་བཅས་བུ་བཅས་དང་།། དྲོ་ཁང་རྫས་ཞེན་དང་མི་བདེན་པ་དང་བརྩོད་མང་ཡན་ལག ་དམན།། ཤེས་རབ་ཡེ་ཤེས་དབང་ལ་འདི་ནི་བླ་མ་དམ་པས་སྤང་བྱ་མི་དབང་ཀྱེ།། སངས་རྒྱས་བླ་མ་ལ་གུས་དམ་ཚིག་འཛིན་གང་སྔོན་དུ་ཇི་སྐད་གསུངས་བཞིན ་མཆོད།། འགྲོ་བ་དག་གི་ཡིད་ལ་འདོད་ཆགས་འཁྲུས་པར་བྱེད་ཅིང་རྫོགས་པར་སོན་པ་རྫོགས་པའོ།། རི་བོང་འཛིན་བཅུ་སྟེ་ཡན་ལག་མཆོག་ལས་རྫོགས་འབར ་ཐིག་ལེ་བཟང་པོ་འཛག། ཨོཾ་ཌས་དགུག་པར་བྱེད་དེ་ཐིག་ལེ་མ་འཕོས་ཐར་པ་མཆོག་གི་བདེ་བ་སྡེར།། དེ་ནས་དགའ ་བ་ལ་སོགས་དབྱེ་བས་ལྷ་དང་རེག་དང་འཁྱུད་འགྱུར་བདེ་འདི་དག། དང་པོར་མི་རྣམས་མིག་བལྟས་པས་ཀྱང་འདོད་པ་ཡི་ནི་དགའ་བར་འགྱུར།། ཕྱི་ནས་རྫོགས ་པའི་ལམ་ཡང་ནི་རང་གི་ལུས་ལ་མཆོག་གི་དགའ་བ་ཉིད།། འབར་བའི་ཐིག་ལེ་འཛག་པ་དག་ལས་རྡོ་རྗེ་པད་མར་བྲལ་བའི་དགའ་བའོ།། ཐིག་ལེ་གསུམ་མཐའ ་ཟད་པར་སོན་པས་ལྷན་ཅིག་དགའ་རྡོ་རྗེ་ཨོཾ་ཌས་བྱེད།། འདོད་དང་དགའ་བ་དང་ར་དང་མི་འགྱུར་བ་སྟེ་སྦྱོར་བ་བཞི་ངས་དེ་ནི་བཅིངས།། རྫོགས་དང་ནུས་པ་དང་། ་ནི་སྐྱེ་དང་མཆོག་དགར་གྱུར་པས་ཡང་ནི་གཉིས་པའོ།། འབར་དང་ཐིག་ལེ་དང་ནི་བརྒྱལ་དང་དགའ་བྲལ་དང་སྟེ་གསུམ་པ་ཡིན།། ཨོཾ་ཌ་ས་ན་དེ་ཉིད་དེ་ལྷན་ཅིག ་སྐྱེས་དགར་འགྱུར་བ་ཡང་ནི་འདི་ལྟར་བཞི་པའོ།། སེམས་ཀྱི་བསམ་པས་མ་ནུར་འགྱུར་ཏེ་རེག་དང་མཁྱུད་པ་ཡིས་ནི་སྲིད་མོའོ།། རྡོ་རྗེ་ཞུགས་ནས་བུ་མོ་ཡིན་ཏེ ་བྱ་བ་དང་བཅས་ཆ་མོའོ།། ཐིག་ལེ་ལྷུང་ནས་ཆུང་མ་ཡིན་ཏེ་རྣལ་འབྱོར་པའི་ཆགས་བྲལ་གཞན་གྱི་རིགས།། ས་ཆུ་མེ་རླུང་ན་མཁའ་ཆད་པ་དངོས་པོ་འདི ་རྣམས་འབྱོར་པའི་ཕྱག་རྒྱའོ།། རྡོ་རྗེར་ལངས་པས་སྐུའི་ཕྱག་རྒྱ་པད་མར་ཞུགས་པ་གསུང་གི་ཕྱག་རྒྱའོ།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱ་ངེས་པར་རྣལ་འབྱོར ་གསུམ་པོ་འདི་དག་རྣམས་ལ་སྟན།། ཆགས་དང་ཆགས་མེད་ཐོག་མཐའ་མཆོག་གི་དགའ་སྟེར་ར་རྣལ་འབྱོར་བགྲོད་བྱ་བཞི་པ་ནི།། ཕྱག་རྒྱའི ་ཡུལ་མཆོག་རྣམ་བཅུར་འགྱུར་ཏེ་འདི་ནི་དཔལ་ལྡན་མའི་ཞལ། ཞེས་བྱ་བ་འདི་ནི་འཇིག་རྟེན་པའི་རྐུན་རྫོབ་ཀྱིས་དབང་བདུན་པ་དང་གསུམ་པ་སྟེ།། རྣམ་པ་བཅུའོ།། ། ་བཞི་པ་སླར་ཡང་དེ་བཞིན་ཏེ།། ཞེས་གསུངས་པའི་ཕྱིར་དེ་ནི་འཇིག་རྟེན་ལས་འདས་པའི་དབང་བཞི་པའོ།། བཞི་པ་ནི་ཤེས་རབ་ཀྱི་དབང་གསུམ་པར་མི་འགྱུར་ཏེ། ་བཞི་པ་ཞེས་གསུངས་པའི་ཕྱིར་རོ།། བཞི་པ་ནི་ཤེས་རབ་ཡེ་ཤེས་ཡིན་ཏེ་སླར་ཡང་དེ་བཞིན་ནོ་ཞེས་གསུངས་པའི་བའི་ཕྱིར་རོ།། འདིར་བཅོམ་ལྡན་འདས་ཀྱིས་གསུངས ་པ། ཤེས་རབ་ནུ་མར་རེག་པ་གང་གཞན་བདུད་རྩིད་མྱང་གང་ཞིག་ལྟ་བ་གང་། ཤེས་རབ་སྦྱོར་ལས་སྐད་ཅིག་བཞི་པར་བདུད་རྩི་འཕོ་སྟེ་བྱང་ཆུབ་སེམས་ཞུགས་གང་།། ་དེ་དག་ཐམས་ཅད་འཇིག་རྟེན་པར་ངེས་སྙིང་རྗེ་མཆོག་གི་ལམ་གྱི་རྒྱུ་རུ་བསྟན།། རྒྱལ་བ་མཆོག་གི་ཕྱག་རྒྱ་བཟང་ལ་སྦྱར་བ་གང་ནི་འཇིག་རྟེན་ལས་འདས་དབང་།། སེམས ་ནི་དྲི་མ་དང་བཅས་ལས་ཀྱི་ཕྱག་རྒྱ་འགྱུར་ཏེ་རྟགས་ལ་ཡེ་ཤེས་ཕྱག་རྒྱ་ཡང་རྫོགས་པའི་བྱང་ཆུབ་རྒྱུ་རུ་མཆོག་གི་རྒྱལ་བ་བསྐྱེད་མ ་ཕྱག་རྒྱ་བཟང་མོ་བསྒོམ།། བགེགས་མེད་མི་འགྱུར་མུན་པ་ཀུན་འཇོམས་མཁས་ལྟར་ཁྱབ་པ་རྣལ་འབྱོར་གྱིས་ནི་བགྲོད།། ལུས་ལ་གནས་པའི་ཡེ་ཤེས་གཟིགས ་བརྗིད་སྲིད་པའི་སྡིག་འཕྲོག་དུས་ཀྱི་འཁོར་ལོ་རིག། སེམས་ལ་སྣད་པ་ཙམ་སྟེ་རང་གི་ཡིད་ལ་སྐྱེ་ཞིང་མེ་ལོང་གཟུགས་བརྙན་བཞིན།། རྒྱལ་བའི་སྲས་རྣམས་དང ་ནི་སངས་རྒྱས་ཀྱིས་བསྟེན་རྣལ་འབྱོར་བསྟེན་པར་བྱ།། ཡེ་ཤེས་སྣང་བ་རབ་ཏུ་རྒྱས་པས་བདུད་དཔུངས་གཡུལ་བཅད་མ་ལུས་བསྲེག་པར་བྱས།། འདོད་ཆགས ་ལ་སོགས་རྣལ་འབྱོར་པའི་ལུས་ལ་སྟེར་ཏེ་མཉམ་བདེ་རྣལ་འབྱོར་ལས།། ཤེས་རབ་ཡེ་ཤེས་དག་ནི་རྣམ་བཅུར་གྱུར་པའི་སེམས་ཏེ་དེ་ཡི་སྣང་བའོ།། དྲི་བྲལ་ཟླ ་འོད་ལྟ་བུ་མེ་ལོང་གཟུགས་བཞིན་དབང་འདིར་གང་ཞིག་ཞུགས་པ་ཉིད།། དེ་ཕྱིར་མི་མཛད་པའི་ལྷན་ཅིག་སྐྱེས་པ་མི་འགྱུར་བཞི་པ་མྱ་ངན་ལས་འདས་པའི་བདེའོ།། ་གང་ལ་སངས་རྒྱས་རྣམས་ཀྱི་ཞལ་འདིར་ཁ་དང་སྙིང་ལ་གནས་པའི་དཔལ་ལྡན་བླ་མ་དེས།། ན་མཁའ་ཀུན་ཞེས་སེམས་ཀྱིས་མིག་མི་འཛུམས་པས་རྡོ་རྗེའི་ལམ་ལ་ཞུགས ་རྣམས་ཀྱིས།། སྟོང་ལས་དུ་བསྨིག་རྒྱུ་གསལ་ལ་དྲི་མ་མེད་པའི་མེ་ཁྱེར་མར་མེ་ཉིད།། འབར་དང་ཟླ་ཉི་རྡོ་རྗེ་ཡང་སྟེང་མཆོག་གི་ཆ་དང་གང་ཞིག་ཐིག་ལེར་མཐོང་།། ་དེ་དབུས་སངས་རྒྱས་གཟུགས་བརྙན་ཤིན་དུ་ཡུལ་བྲལ་དུ་མ་ལོང་སྤྱོད་རྫོགས་པའི་སྐུ།། རྣལ་འབྱོར་རྩེ་གཅིག་སེམས་ཀྱིས་ན་མཁའ་སྤྲིན་བྲལ་ལ་ནི་ཁེངས་པའི ་ལྟ་བས་བལྟ།། ཇི་སྲིད་ངེས་པར་རི་མོ་ནག་པོ་དྲི་མེད་གསལ་བའི་འོད་ཟེར་དུས་ཀྱི་རྩ་རུ་མཐོང་།། དེ་ལ་ཐམས་ཅད་མཁྱེན་པའི་གཟུགས་ནི་ཆུ་ནང་ཉི་མ་རྙོག ་བྲལ་སྣ་ཚོགས་མདོག། རྣམ་པ་ཀུན་ལྡན་ལུས་བྲལ་བདག་སེམས་ཡིན་གྱི་གཞན་གྱི་སེམས་ནི་མིན་པ་ཉིད།། ཇི་སྲིད་ངེས་པར་བདག་གི་ལས་ལ་འོད་ཀྱིས་འཁོར ་ལོ་ཡོངསུ་བསྐོར་མཐོང་བ་ཡི།། གཟུགས་མཐོང་ནས་ནི་ཉིད་མཚན་རེ་རེའི་དུས་སུ་སྲོག་གི་རླུང་ནི་དགེག་པར་བྱ།། བརྩོན་ལྡན་རྣམས་ལ་ཟླ་བ་དྲུག་གིས་རེག་བྱ་དང ་བྲལ་བདེ་མཉམ་སེམས་ནི་ལམ་དུ་འགྱུར།། ཆགས་དང་ཆགས་བྲལ་ཐོག་མཐའི་སྐད་ཅིག་དག་ནི་གཙོ་བོའི་དབུགས་ཀྱིས་གྲང་སྤེལ་ལོ།། །། ཨོ་ཌ་འབར་བའི་བར ་དང་དགའ་བྲལ་ལྷན་ཅིག་སྐྱེས་པ་ཡེ་ཤེས་དབུས།། གཉིད་དང་རྒྱལ་བའི་དབུས་སུ་རྡོ་རྗེ་པད་མ་གཉིས་སྦྱར་བདེ་བ་གང་ཞིག་ནི། དེ་ཉིད་འཕེལ་བར་བྱ་ཞིང་བླ་མའི ་དབང་གིས་འཕེལ་བར་འགྱུར་འདི་ངོ་འཆར་མེད།། ཉོན་མོངས་བདུད་ནི་བཅོམ་ནས་རྒྱལ་བ་དག་འཇུག་སྟེ་རྣལ་འབྱོར་བཟང་པོ ་རྣལ་འབྱོར་པས།། ས་ཡི་རྣམ་པ་ཡིན་ཡང་སྲི་མིན་ཞུ་བ་ཆུ་སྟེ་ཉིད་མིན་པས་གཤེར་བ་མེད།། མེ་ཡི་རྣམ་པ་ཡིན་ཡང་མེ་མིན་གང་ཞིག་གཡོ་མིན་གཡོ་བ་རླུང་གི་གཟུག ་ཀྱང་རླུང་མ་ཡིན།། སྟོང་པའི་རྣམ་པ་ཡིན་ཡང་མཐོང་སྟེ་དཀར་སྔོ་སྣ་ཚོགས་མདོག་ཆེན་ཁ་དོག་མིན།། རྣམ་པ་ཀུན་ཀྱང་མཐོང་མིན་རང་སེམས་དྲི་མེད་ཉོན་མོངས་བདུད ་སྟོབས་བཅོམ་ཕྱིར་རོ།། སྒྲ་ཆ་ཐིག་ལེ་ཡེ་ཤེས་གོ་འཕང་ལ་གནས་ལུག་གུ་རྒྱུད་ཅིང་རྩ།། སྲོག་དང་ཐུར་སེལ་ལམ་གསུམ་རྗེ་པད་མར་བཅས་ཏེ་པད་མ་ཉིད་རྡོ་རྗེར་ལྡན ་རླུང་གཉིས་འདོམ་པ་དག་གི་དབུས་སུ་ཡུལ་དང་ཡུལ་ཅན་རྣམས་ནི་འགྲོ་དང་འཇུག། དུ་བ་ལ་སོགས་མཚན་འཛིན་གང་ཞིག་ཡང་ནི་ཐམས་ཅད་འདི་དག་གསང་ཆེན་ནོ།། ་དབུས་སུ་སྲོག་ཞུགས་ཉི་མའི་རི་བོང་བཅས་ལ་གནས་གཡས་དང་གཡོན་པ་བཅིངས།། སེམས་ནི་ཕྱག་རྒྱ་རབ་སྦྱར་མཆོག་གི་བདེ་གནས་རྡོ་རྗེ་སྦྱངས་པ་དག་དང་ནི།། ་པད་མར་རྡོ་རྗེའི་སྒྲའམ་ཆུ་སྐྱེས་རྡོ་རྗེ་རང་གི་ལག་གིས་གསོར་བདེ་དོན་དུ།། ས་བོན་མི་གཏོང་བདེ་དེ་འཆི་བའི་འཇིགས་འཇོམས་དཔལ་ལྡན་བླ་མའི་ཞལ་ཉིད་དོ།། ་ས་ནི་ཆུར་འཇུག་ཆུ་ཡང་མེ་སྟེ་རླུང་རྣམས་དག་ལ་འཇུག་པར་འགྱུར།། རླུང་ནི་སྟོང་པ་ལ་བསྟེན་མཚན་དང་མཚན་མ་རྣམ་པ་བཅུ་རུ་འགྲོ། མི་འགྱུར་མཆོག་གི་བདེ ་བ་དུས་ཀུན་ཡེ་ཤེས་སྐུ་ལ་རྣམ་ཀུན་རབ་ཏུ་འགྲོ། མི་རྣམས་སྐྱེ་བ་འདི་ལ་ཡེ་ཤེས་ལས་ནི་རྫུ་འཕྲུལ་འགྲུབ་འགྱུར་མི་ཡི་བདག་པོ་ཀྱེ། འདོད་པས་སྦྲུལ་སྐུ་ངེས ་པར་འབྱུང་སྟེ་དེ་ལས་འདི་ལྟར་རྫོགས་པའི་དག། འབར་བའི་དྲི་མེད་སེམས་ནི་མཆོག་གི་བདེ་བྱེད་ཡེ་ཤེས་ལས་ཀྱང་ཨོ་ཊ་དང་།། དགའ་ལས་ལོངས་སྤྱོད་སྐུ་སྟེ ་མཆོག་དགའ་བྲལ་བཅས་པ་འདི་ཡིས་རིམ་པ་ཡིས།། ངག་སེམས་ཡེ་ཤེས་རྡོ་རྗེ་ལྷན་ཅིག་སྐྱེས་དགའ་ཉིད་ཏེ་བདེ་འབྱུང་འདི་ལས་འགྱུར།། སྲིད་གསུམ་ཕྱག་བྱས་ཆོས ་སུ་བདར་བ་དེ་ལས་ངག་ནི་འབྱུང་བར་འགྱུར།། སྲིད་པའི་འཇིགས་འཇོམས་རྒྱལ་བ་ངེས་པར་ཆོས་ཀྱིས་སེམས་ཏེ་ཉིད་ལས་ཡེ་ཤེས་འདི།། ངེས་པར་ཁ་དོག་དུ་མའི་སྐུ ་དང་དབྱངས་བྲལ་ཆ་དང་ཐིག་ལེན་ད་རིམ་པས་སོ།། སྲིད་གསུམ་ངག་སེམས་ཡེ་ཤེས་རྡོ་རྗེ་བདེ་འབྱུང་དག་པའི་སྐུ་ལའོ།། སད་རྨི་ལམ་རང་བཞིན་གཞན་འདིར་བདག ་ཉིད་བཞི་པའི་རང་བཞིན་ནོ།། ལུས་གནས་དབུགས་ཐིམ་ཡུལ་ལ་སྤྱོད་དེ་མི་གསོའི་སེམས་ཐིམ་པའོ།། ཡེ་ཤེས་ལ་གནས་བུད་མེད་སྦྱར་ལས་སྐད་ཅིག་ཀྱང་ནི ་གིས་སོ།། འཕྲོག་མ་ལ་ཡང་ཆང་བུ་གཉིས་ཏེ་གཉིས་གཞན་ཡང་སྔགས་པས་ཁྲོ་རྒྱལ་གཏོར་མའོ།། མངའ་བདག་རྡོ་རྗེ་ཕོ་ཉ་རྣམས་ལ་ཐོགས་མར་ཚངས་པས ་སྟེང་དག་ཏུའོ།། ཟོས་པའི་ལྷག་མ་འབྱུང་པོ་རྣམས་ཏེ་གཞན་ཡང་དགེ་དྷཱའི་དོན་དུ་སྦྱིན་པའི་ཚིགས་བཅད་བཏོན།། གཉིད་དང་འཇིགས་པ་མཆོད་པའི་དུས ་ལ་ཡན་ལག་དྲག་དང་རིགས་གཉིས་ཀྱིས།། སྤྱི་མགྲིན་སྙིང་ཁ་ལྟེ་གསང་གཙུག་དག་ལ་རང་གི་རྡོ་རྗེས་ཡན་ལག་དགོང་།། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག ་འཚལ་ལོ།། ཨོཾ་ཧྲི་ཧྲེ་དྷ་ཡ་ཡཱ་ན་མ། ཨོཾ་ཧྲི་ས་རི་སཱི་སྭཱ་ཧཱ། ཨོཾ་ཧྲཱི་ཤི་ཥ་ཡེ་བཽ་ཤ་ཊ། ཨོཾ་ཧཱུཾ་ཀ་པ་ཙ་ཡ་ཧཱུཾ། ཨོཾ་ཧྲི་ནཻ་ཊཱ་ཡ་ཝ་ཤ་ཌ། ཨོཾ་ཧྲ་ཨཥྚ་ཡ་ཕཊ་ད ་ནི་དོན་དར་པའི་བདེན་པས་བཞི་པ་སླར་ཡང་དེ་བཞིན་ཏེ། ཞེས་པ་གང་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། བཞི་པ་ཞེས་པའི་ཚིག་གིས་ནི་རྒྱུ་འཐུན་པའི་བདེན ་ང་བཞི་པའོ།། སླར་ཡང་དེ་བཞིན་ནོ་ཞེས་པའི་ཚིག་གིས་ནི་ཤེས་རབ་ཡེ་ཤེས་ཀྱི་དེ་ཉིད་དེ། འོན་ཀྱང་དེ་ནི་ལས་ཀྱི་ཕྱག་རྒྱ་དང་ཡེ་ཤེས་ཀྱི་ཕྱག་རྒྱ་དང་བྲལ་བའོ།། ། ་རྒྱུ་འཐུན་པའི་རང་བཞིན་གྱི་ཕྱིར་དང་། ཕྱག་རྒྱ་ཆེན་པོའི་ཡེ་ཤེས་ལས་ཡང་དག་པར་བྱང་བའི་ཕྱིར་དེ་ན་ལས་ཀྱི་ཕྱག་རྒྱ་དང་།། ཡེ་ཤེས་ཀྱི་ཕྱག་རྒྱའི ་@བྱང་ཆུབ་སེམས་ནུར་འགྱུར། སྤྲུལ་པ་ལ་སོགས་ལས་ནི་ངེས་པར་རིམ་འབྱུང་ཐུགས་ཀྱིས་རྡོ་རྗེ་རྣམ་བཞིའོ།། ་ལྟར་སྲིད་གསུམ་གནས་རྣམས་ཀུན་གཞི་སེམས་ནི་སྲོག་ཆགས་རྣམས་ཀྱི་ཐིག་ལེའི་དབུས།། བདེ་མཉམ་འབྲས་སྟེར་ཁྱབ་བྱེད་ཐར་པའི་རྒྱུ་རུ་རྣལ་འབྱོར་དབང ་པོ་ཡིས་ནི་བསྲུང་བར་བྱ།། མཆོག་བདེའི་གོ་འཕང་རྣལ་འབྱོར་སྐྱེ་བའི་ས་བོན་ཐིག་ལེ་ལྷུང་ན་ཐར་པ་གང་།། དེ་ཕྱིར་འཁོར་བའི་བདེ་བའི་སྐད་ཅིག་རྣལ་འབྱོར ་རྣམས་ཀྱིས་འདིར་ནི་རྣམས་སྦྱང་བྱ།། ། ཨོཾ་ཨེ་ཧཱུཾ་ཧོ།། རིམ་གནས་དང་པོར་འདིར་ནི་རྟག་ཏུ་སྦྱངས་དང་རྟོགས་དང་སྤེལ་བར་བྱ།། ཆང་ནི ་འབར་བར་བྱས་ནས་ཟླ་བ་ཞུ་བ་ལྟ་བུ་རིམ་པས་བསྒོམ་པར་བྱ།། སྣོད་དེ་དག་ལས་ཐིགས་པས་ཡིས་ཀྱང་ཟླ་བའི་ལག་པར་མིང་མེད་དག་གིས་ས་ལ་ནི།། ཕྱི་རོལ ་ཟུར་གསུམ་ཉིན་མོར་བྱེད་པ་དང་འདྲ་དེ་ཡིས་དབུས་སུ་ཟླུམ་པོ་བྱ།། དེ་ཡིས་དབུས་སུ་སྲིད་གསུམ་ལ་གནས་ཡེ་ཤེས་འཁོར་ལོ་སྔགས་པ་ཡིས་ནི་འདིར་བསྒོམ ་བྱ་མཐེ་བོང་དང་ནི་མིང་མེད་གཉིས་ཀྱིས་ཉིན་དང་ཉིན་བཞིན་དུས་སུ་ཚིམ་པར་བྱ།། ཡུལ་དང་གྲོང་བདག་རྣམས་ལ་དང་པོར་འདིར་ནི་གཏོར་མ་ཐོག་མ་ཐ་མའི་མིང ་ཡེ་ཤེས་སུ་མི་འགྱུར་རོ།། འདི་སྐད་དུ་ཡང་། རྣམ་པ་ཀུན་ལྡན་རྣམ་པ་མེད།། བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། ་ཡན་ལག་མེད་པའི་རྩིགས་ལས་འདས།། བསམ་པ་ཏན་ཞི་བའི་རྩེ་མོ་འཛིན།། ཞེས་མཚན་ཡང་དག་པར་བརྗོད་པ་ལས་གསུངས་པའི་ཕྱིར། སེམས ་ཅན་གཞན་ནི་ཐིག་ལེ་དོར་བར་བྱེད་ལ།། བཅོམ་ལྡན་འདས་འདི་ནི་ཐིག་ལེ་འདོར་བར་བྱེད་པ་མ་ཡིན་ནོ།། འོན་ཀྱང་དགའ་བ་དང་། མཆོག་དགའ་དང་། བྲལ ་བ་དང་། ལྷན་ཅིག་སྐྱེས་པའི་བསམ་གཏན་བཞི་པའི་རྩེ་མོ་འཛིན་ཏེ།། འདོད་ཆགས་དང་མ་བྲལ་བའི་ཕྱིར་རོ།། དེ་བཞིན་དུ་ཡང་། རྡོ་རྗེ་དཀྱིལ་དཀྲུང ་སེམས་དག་ནི།། ནོར་བུའི་ནང་དུ་གནས་ལ་ལྟ།། རྒྱུ་འཐུན་ལ་སོགས་བདེ་བ་གང་།། དེ་ནི་དྲི་མེད་འགྱུར་བའི་བར།། ལྟེ་བར་རྒྱུ་འཐུན་ཉིད་དུ་བརྗོད།། རྣམ ་པར་སྨིན་པ་སྙིང་བར་དྲན།། མགྲིན་པར་སྐྱེས་བུ་བྱེད་པ་དང་།། གཙོ་བོའི་སྤྱི་བོར་དྲི་མེད་པ། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། དེ་བས་ན་ཕྱིའི་དགའ་བྲལ ་གྱི་མཚན་ཉིད་འཕོ་བའི་བདེ་བས་ནི་སངས་ཉིད་སྟེར་བ་མ་ཡིན་ཏེ། སྲིད་པ་དང་མྱ་ངན་ལས་འདས་པ་འདི་ལ་རབ་ཏུ་གནས་པའི་ཕྱིརརོ།། ཡང་བཅོམ་ལྡན་འདས་ནི་སྲིད ་བ་དང་མྱ་ངན་ལས་འདས་པ་ལ་རབ་ཏུ་མི་གནས་པ་འཕོ་བ་མེད་པའི་ཡེ་ཤེས་སོ།། སྲིད་པ་ནི་འཕྲལ་སྐྱེ་བའི་གནས་སོ།། མྱ་ངན་ལས་འདས་པ་ནི་རྡོ་རྗེ་ནོར་བུའི་རྩེ་མོ་ལ། ་ཐིག་ལེ་རྣམ་པ་བཞི་འཕོ་བའོ།། རབ་ཏུ་མི་གནས་པ་ནི་བྲལ་པ་ནས་རྡོ་རྗེ་ནོར་བུའི་མཐར་ཐུག་པར་ཕྱིར་མི་འདོར་བའོ།། དེ་བཞིན་དུ་ཡང་། ཐོག་མ་ཐ་མ་མེད་ཞི་བ། དངོས ་ད་དངོས་མེད་ཟད་པའི་གཙོ།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་ཞེས་བརྗོད་པ་ཡིན།། ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ཐོག་མ་ཐ་མ་མེད་ཞེས་བྱ། ་བ་ནི་སྐྱེ་བ་དང་འཇིགས་པ་དང་བྲལ་བའོ།། ཞི་བ་ཞེས་བྱ་བ་ནི་དབང་པོའི་འགྱུར་བའི་འབྲེལ་པའོ།། དངོས་དང་དངོས་མེད་ཟད་པ་ནི་གང་རྟག་ཆད་དང་རྣམ་པར་བྲལ་བའོ།། ། ་གཙོ་བོ་ནི་ཁམས་ཀྱི་མངའ་བདག་གོ།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ་ཞེས་པ་ནི།། རྡོ་རྗེ་ནོར་བུའི་རྩེ་མོ་ལས་འཕོ་བ་མེད་པ་ནི་སྟོང་པ་ཉིད་ཡིན་ལ། འཕྲལ་སྲིད་པའི་སྙིང ་རྗེའོ།། འདི་གཉིས་ཀྱི་དབུས་སུ་གང་ཞིག་གནས་པ་ནི་ལྷན་ཅིག་སྐྱེས་པའི་བདེ་བ་མི་མཛད་པ་སྟེ། དེ་ནི་ཡེ་ཤེས་ཆེན་པོའོ།། དེ་བཞིན་དུ་ཡང་མཁའ་འགྲོ་མ་རྡོ་རྗེ་གུར་ལ ་དང་ངོ་རུ་ནི་བུམ་པའི་དབང་།། གཉིས་པ་གསང་བ་ཞེས་སུ་བརྗོད།། ཤེས་རབ་ཡེ་ཤེས་གསུམ་པ་སྟེ།། ཇི་བཞིན་དེ་བཞིན་གཤེགས་པ་མིན།། ཞེས་གསུངས་པའོ།། དེ་བཞིན་དུ ་ཡང་བཅོམ་ལྡན་འདས་ཀྱིས་རྩ་བའི་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་དག་དང་དེ་བཞིན་དུ། བརྟགས་པ་ཡེ་ཤེས་ཕྱག་རྒྱ་ཡང་། མཆོག་ཏུ་མི་འགྱུར ་སྦྱོར་བ་ཡིས།། ཕྱག་རྒྱ་ཆེན་པོ་ངས་བསྟེན་བྱ།། ཞེས་གསུང་སོ།། འཇིག་རྟེན་ལས་འདས་པའི་དབང་བཅུ་གཅིག་པ་ཞེས་བྱའོ།། ཡི་གེ་ཨོཾ་གྱིས་ནི་སྦྱངས་པར་བྱའོ།། ཡི་གེ་ཨཱ་ས་ནི་སྤེལ་བར་བྱའོ།། ་ཡི་གེ་ཧཱུཾ་གིས་ནི་སྦྱར་བར་བྱའོ།། ཡི་གེ་ཧོས་བདུད་རྩིར་བྱའོ།། ཡི་གེ་ཧཾ་གིས་ནི་སྤྱན་དྲང་བའོ།། ཡི་གེ་ཀྵ་ཡིས་ནི་གཤེགས་སུ་གསོལ་བའོ།། ལག་པ་གཡོན་གྱིས་ནི་སྦྱང་བར་བྱའོ།། ལག་པ ་གཡས་ཀྱིས་ནི་སྤེལ་བར་བྱའོ།། ཐལ་མོ་བཀབ་ནས་སྦར་བར་བྱའོ།། མཁའ་ལྡིང་གི་ཕྱག་རྒྱས་བདུད་རྩིར་བྱའོ།། རྡོ་རྗེའི་ཕྱག་རྒྱས་ནི་སྤྱན་དྲངས་སོ།། ལག་པའི་རྒྱབ་ཀྱིས་གཤེགས ་སུ་གསོལ་ལོ།། ཆང་ལ་ཟླ་བ་ཞུ་ལྟ་བུའི་གཟུགས་སུ་བསྒོམ་ལ། དེ་ནས་གཡོན་གྱི་མིང་མེད་ཀྱིས་ཆང་གི་ཐིག་ལེ་པ་བླངས་ལ། ས་ལ་ཟུར་གསུམ་པའི་ཆོས་ཀྱིས་འབྱུང་གནས ་སྒྲོལ་མར་བྱས་ལ། དེའི་དབུསུ་ཐིག་ལེའི་གཟུགས་ཟླུམ་པོར་བྱའོ།། དེར་མེ་ལོང་གི་དཔྲ་དང་མཚུངས་པར་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅས་པར་བསམས་ལ་དེ་རྣམས་ཚིམ ་པར་བྱ་བ་ནི། ཨོཾ་ཨཿཧཱུཾ། ཞེས་བྱ་སྟེ་སྐུ། གསུང་ཐུགས་རྡོ་རྗེའི་སྔགས་ཀྱི་ཚིག་འདི་རྣམས་ཀྱི་སོ།། དེ་ནས་ཨ་ཨཱ། ཨི་ཨཱི། རི་རི། ཨུ་ཨུ། ལི་ལཱི། ཞེས་པ་རྣམ་པར་ཤེས་པ་ལ ་། སོགས་པའི་ཕུང་པོ་རྣམས་དང་། ན་མཁའ་ལ་སོགས་པའི་ཁམས་ལྔ་རྣམས་ཀྱིའོ།། ཨ་ཨཱ། ཨེ་ཨཱཾ། ཨར་ཨཱར། ཨོ་ཨཽ། ཨལ་ཨཱ་ལ། ཨཾ་ཨཱཿཅེས་པ་དབང་པོ་དྲུག ་དང་། སྒྲ་ལ་སོགས་པ་ཡུལ་དྲུག་དང་། སྒྲ་ལ་སོགས་པ་ཡུལ་དྲུག་གིའོ།། །། ཧ་ཧཱ། ཡ་ཡཱ། ར་རཱ། ཝ་ཝཱ། ལ་ལཱ། ཅེས་པའི་ཐབས་དང་ཤེས་རབ་ཀྱི་རང་བཞིན ་ཁྲོ་བོ་བཅུ་སྟེ། ཞེས་སྡང་རྡོ་རྗེ་ལ་སོགས་པའི་རང་བཞིན་ལས་ཀྱི་དབང་པོའིའོ།། ། ཀ་ཀཱ། གང་། ག་གཱ། བྷ་བྷཱ། དང་། ཙཿ། ཆ་ན། ཛ་ཛ། དྷ་དྷ། 1། ་ཊཊ། ཛབྡ། ཌཱ་ཌ། ཊཱཌྷ། ཎཱརྞ། པ་པཱ་ཕ་ཕཱ་བ་བཱ། དྷབྷྲ། མ་མཱ། ཏེཏྲ། ཐ་ཐཱ། ད་དཱ་དྷ་བྷཱ་ན་ནཱ་ས་སཱ། ཥ་ཥ། ཤ་ཤཱ། དྲཱརྟཱ། ཧཱ་ཧཱ། ཡ་ཡཱ་ར་རཱ་ཝ་ཝ་ལ་ལཱ། ་ཀྵ་ཀྵ། ཞེས་པ་ནི་ཐབས་དང་ཤེས་རབ་ཀྱི་རིགས་སུམ་བཅུ་རྩ་དྲུག་གི་ཚིམ་པར་བྱ་བའི་ཆོ་ག། དབང་གི་རབ་ཏུ་དབྱེ་བ་རྫོགས་སྷོ།། ་བཀྲ་ཤིས། དགེའོ།། འགྲོ་དོན་འཕེལ་བར་ཤོག ་སརྦ་མངྒ་ལཾ། ་