| Wylie | e-texts produced with BDRC’s OCR application |
སྲིད་མིན་རྣམ་སྦྱོང་བ།། ཞི་ཞིང་དུལ་བ་དགའ་བ་སྟེ།། སངས་རྒྱས་སངས་རྒྱས་རབ་རྟོགས་པ།། སངས་རྒྱས་བདག་ཉིད་སངས་རྒྱས་སྐུ།། རྡོ་རྗེ་རབ་སྐྱེས་རྡོ་རྗེ་སེམས། ་ཀུན་ཏུ་བཟང་པོ་ཆེར་བཟང་པོ།། མཚན་མ་དམ་པས་རྣམ་རྒྱན་པ།། ཁམས་གསུམ་བདག་ཉིད་ཁྱབ་པ་པོ།། ཐམས་ཅད་རྡོ་རྗེའི་བདག་ཉིད་གཙོ།། གང་གིས་འདི་བྲིས་ཀླག ་གྱུར་ཏམ།། རྟག་ཏུ་དེ་དོན་འཆང་བྱེད་དམ།། དྲན་ནམ་མཉན་པར་བྱེད་ཡང་རུང་།། ཕྱག་ན་རྡོ་རྗེ་འདྲ་བར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ ་པ་དང་།། རྒྱ་བྱིན་དང་ཚངས་པ་ལ་སོགས་པའི་འཁོར་རྣམས་དང་། ལྷ་དང་མི་དང་། ལྷ་མ་ཡིན་དང་། དྲི་ཟ་དང་གནོད་སྤྲིན་དང་། སྲིན་པོ་ལ་སོགས་པ། བཅོམ་ལྡན་འདས ་ཀྱི་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡི་རང་ངོ་།། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྤོང ་བའི་གཟི་བརྗིད་ཀྱི་རྒྱལ་པོའི་བརྟག་པ།། རྫོགས་སྷོ།། ། སངས་རྒྱས་ལ་ཕྱག་འཚལ་ལོ།། དུར་ཁྲོས་དག་ནང་ཤན་པ་ཡི།། ཁྱིམ་དང་སྲིན་པོའི་གནས ་། རྣམས་སུ།། མངོན་སྤྱོད་ཀྱི་ནི་ལས་བྱ་བ།། ཐབས་ཁུང་ཐ་མ་བར་མ་མཆོག། ཕྱེ་དང་གསུམ་འམ་ཁྲུ་གསུམ་འམ།། ཁྲུ་དག་པ་ནི་བྱས་པ་ལས། ་སྟེགས་བུ་དེའི་ཚད་བརྩིགས་ཏེ།། གྲུ་གསུམ་པ་འམ་མདུང་རྩེ་འདྲ།། ལུགས་ཕྱེ་སོལ་བྱེ་དག་གིས་ནི།། བསྐས་པས་ཐབས་ཁུང་ནག་པོར་བྱ།། དབུས་སུ་རྡོ་རྗེ་རྩེ་དགུ་པ། ་ནག་པོ་ཤིན་ཏུ་འབར་བ་བྲི།། མུ་རན་སྟེང་དུ་རྩེ་གསུམ་དང་།། རྒྱ་གྲམ་པ་ཡི་རྡོ་རྗེས་མཚན།། དེ་ཡི་ཕྱི་རོལ་མུ་ཁྱུད་ལ།། དབྱུག་པ་དང་ནི་དགྲ་སྟ་དང་། རལ་གི་ཤིན ་ཏུ་འབར་བ་བྲི།། དེ་ཡི་ཕྱི་རོལ་ཀེང་རུས་ཏེ།། བདེ་གཤེགས་ལ་སོགས་ཕྱག་རྒྱས་མཚན།། དུད་སྤྲིན་མདོག་འདྲ་དྲང་སྲོང་མཆོག། མི་རོའི་སྟེང་བཞུགས་རྩེ་གསུམ་དང་།། ་གཟར་བུ་ཕྲེང་བ་རིལ་བར་ལྡན།། དེ་ལྟའི་མེ་ལྷ་སྤྱན་དྲངས་ནས།། ལྷོར་ལྟས་ཁྲོས་པའི་སེམས་ཀྱིས་བསྲེག། ཤིན་དུ་གདུག་ཅིང་ཚེར་མར་བཅས།། བསྲེགས་ཤིང་ཡམས ་ཤིང་བྱས་ནས་ཀྱང་།། ཤ་དང་ཁྲག་དང་ལྕགས་ཕྱེ་དང་།། རུས་བྱེ་དག་དང་ཀེ་ཚེ་དང་།། དྲི་ཆེན་དྲི་ཆུ་ལ་སོགས་པའི།། རྫས་རྣམས་ཀུན་ལ་དུག་གིས་ནི།། བསྒོས ་པས་ལན་གྲངས་འབུམ་བསྲེགས་ནས།། དེ་ཡིས་ལོངས་སྤྱོད་འབྱོར་པ་དང་།། གཉེན་དང་འཁོར་དང་བྲན་རྣམས་དང་།། བུ་དང་ཆུང་མར་བཅས་པ་རྣམས།། སྤངས་ཏེ། ་སྲོག་དང་བྲལ་ནས་ནི།། སྡུག་བསྔལ་མི་བཟང་མྱོང་བར་འགྱུར།། མངོན་སྤྱོད་ཀྱི་ལས་རྫོགས་སྷོ།། ། ་རྒྱ་གར་གྱི་མཁན་པོ་ཤན་ཏི་གརྦྷ་དང་། ལོ་ཙྪ་བ་བན་ཛྙཱ་ན་རཀྵི་ཏས་བསྒྱུར་བའོ།། ། རྒྱ་གར་སྐད་དུ། ་སིདྡྷེ་ཨེ་ཀ་བ་ར་མ་ཧཱ་ཏེན་ཏྲ་ར་ཛ་ན་མ།། བོདེ་སྐད་དུ།། དཔའ་བོ་གཅིག་ཏུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ།། འཇམ་དབྱངས་མགོན་པོ་ལ་ཕྱག་འཚལ ་ལོ།། དཔའ་བོའི་དབང་ཕྱུག་སྨྲ་བའི་མཆོག། འགྲོ་བའི་བུ་འཇམ་པ་ཡི།། རྡོ་རྗེ་དཔའ་བོ་གཅིག་སྒྲུབ་པའི།། རྒྱུད་མཆོག་སེམས་ཅན་དོན་དུ་གསུངས།། ལྷ་ཉིད་གསང ་སྔགས་ཚུལ་གྱིས་ཏེ།། སྒྲུབ་པ་ཐམས་ཅད་རབ་སྦྱིན་བྱེད།། སྔགས་པ་དེ་ཉིད་བསྒོམ་པར་བྱ།། དེ་ཉིད་གྲུབ་ན་དེ་ཡང་གྲུབ།། སྔགས་པས་ལུས་ནི་དག་པ་ཡིས།། གང་ཚེ་ཕྲན ་ཚེགས་གྲུབ་པ་ན།། ཞིང་དུ་གྱུར་པའི་ལུས་ལྡན་ལ།། གྲུབ་པ་ཆེན་པོ་རབ་ཏུ་འབྱུང་།། ཡིད་བཞིན་ནོར་བུ་དང་མཉམ་པའི།། སྔགས་པས་འདི་ཡི་རིམ་པ་ཡི།། ས་ལ་སོགས ་པ་ཐོབ་ནས་སུ།། སེམས་ཅན་དོན་ནི་རྟག་ཏུ་བྱེད།། དེ་ལྟར་མཁྱེན་ནས་ཐུགས་རྗེས་ནོན།། རྡོ་རྗེ་འཛིན་སོགས་ཀྱིས་བསམ་ལ།། གྲུབ་པ་ཡི་ནི་གསང་སྔགས་ཚོགས། ་། འགྲོ་བའི་དོན་དུ་རབ་ཏུ་གསུངས།། ཨོཾ་ཨ་ཀ་ལུ་མེ་ལུ།། སྟི་བྷ་ཡ་ཤི་ལ་བར་ཤན།། ཏཱ་ཥཱ་ར་བ་ར་ཤ་ཉ་ཙ། ལུ་ཙ་ཨི་ལུ་ཙྪ་སྭ་ཧཱ། སྔགས་ཀྱི་རྒྱལ་པོ ་འདི་ལེགས་པར་བཟླས་ཏེ། དྲན་པ་ཙམ་གྱིས་སེར་བ་འབབ་པ་རེང་བར་བྱེད་དོ།། ཐལ་བ་ལ་མངོན་པར་སྔགས་ཏེ་གཏོར་ན་ཁ་བ་རེངས་པར་བྱེད་དོ།། གར་འདོད་པ་དེར་འབབ ་པར་བྱེད་དོ།། དེ་ལྟར་ཀློག་དང་ཚུབ་མ་དང་ཐོག་ལ་སོགས་པ་རེངས་པར་བྱེད་དོ།། ཨོཾ་ག་རུ་ཌ་ཧཾ་ས་ཧེ་ཙ་ལ་ཙ་ལ་སྭ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཙམ་གྱིས་སེར་བ་འབབ་པ་རེད ་པར་བྱེད་དོ།། རྫ་རྔ་ལ་ཐོད་ལོ་ཀོར་བྲིས་ཏེ་དབྱུག་པ་ལ་མངོན་པར་སྔགས་པའི་རྫ་རྔའི་སྒྲས་སེར་བ་བཟློག་པར་བྱེད་དོ།། དེ་བཞིན་དུ་དུང་ལ་སོགས་པའི་སྒྲས་ཀྱང་ངོ་།། ཨོཾ་ཧེ་ཧེ ་ཏིཥྛ་ཏིཥྚ་བན་དཱ་ཕ་ཏ་དྷ་ར་ཡ་ནི་རུན་དྷ་ཆེ་གེ་མོ་ཨུ་ར་ཎ་མ་ཎི་སྭ་ཧཱ།། སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཆོ་ག་འབུམ་བཟླས་ན་འགྲུབ་པར་འགྱུར་རོ།། དྲན་པ་ཙམ་གྱིས་ཀློག་དང ་རླུང་དང་། རྡོ་རྗེའི་ཐོག་དང་སེར་བ་དང་ཁབ་ལ་སོགས་པ་བཟློག་པར་བྱེད་དོ།། ཆར་ཆེས་ན་རེངས་པར་བྱེད་དོ།། ཐལ་བ་འམ་ཉུང་དཀར་ལ་སོགས་སྔོན་པར་སྔགས་ནས་བྱི་བ་སྦྲང་བུ ་ཆུ་རིངས་ལ་སོགས་པའི་ཁ་འཆིང་བར་བྱེད་དོ།། ལྡུམ་ངའམ་ཞིང་ལ་བྱ་དང་འབུ་དང་བྱི་བ་ལ་སོགས་པའི་གནོད་པ་བཟློག་པར་བྱེད་དོ།། དུ་ཁྲོད་ཀྱི་རས་ལ་མིང་སྤེལ་དང་བཅས་པའི ་སྔགས་བྲིས་ཏེ།། སྤྲི་ཚིལ་གྱིས་དྲིལ་ལ་དུར་ཁྲོད་ཀྱི་སྦུ་གུར་བཅུག་སྟེ་ཁ་བཀབ་ནས་ས་འོག་ཏུ་སྦས་ན་མངལ་དེ་རེངས་པར་བྱེད་དོ།། དེ་བཏོན་ནས་འོ་མས་བཀྲུས་ཏེ་འབབ་ཆུ་ལ་དོར། ་ན་ཞི་བར་འགྱུར་རོ།། ཡུང་བ་འམ་བབ་བླ་ལས་གྲོ་ག་འམ་རས་སམ་ཤོག་གུ་ལ་བྲིས་ཏེ་སྤྲ་ཚིལ་གྱིས་དྲིལ་ཏེ་གྲོག་མཁར་གྱི་ས་ལ་ལིང་ཁ་བྱས་ཏེ་དེའི་སྙིང་ཁར་བཅུག་ལ།། དེའི་ཐལ ་བས་བཀང་ནས་ས་ལ་སྦས་ན་རྒོལ་བ་འམ་ཕྱིར་རྒོལ་བའི་ཁ་རེངས་པར་བྱེད་དོ།། ཤགས་འགྱེད་པ་ལ་དེའི་གཟུགས་བརྙན་གྱི་ལྕེ་ལ་ལན་བདུན་མངོན་པར་བསྔགས་པའི་ཚེར་མ་འམ ་ཕུར་བུ་བདུན་བཏབ་པས་ཁ་འཆིང་བར་འགྱུར་རོ།། རྫ་པོར་ལོ་ཀར་གྱིས་བྲིས་ནས་ཐལ་བས་བཀང་སྟེ་ཁ་སྦྱར་ནས་ས་ལ་སྦས་ན་སྐྱོན་བརྗོད་པ་རྣམས་ཀྱི་ཁ་བསྡམས་པར་འགྱུར་རོ།། ་རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ལ་ལུག་གི་གཟུགས་བྱས་ཏེ། དེའི་སྙིང་ཁར་སྔགས་ཤོག་ག་ལ་བྲིས་ཏེ་སྤྲ་ཚིལ་གྱིས་དྲིལ་ནས་བཅུག་ན་མི་འགྲོ་བར་བྱེད་དོ།། ཁ་ཡང་། ་བསྡམ་པར་བྱེད་དོ།། མགུལ་བ་འམ་དཔུང་པ་ལ་བཅིངས་ཏེ་འཐབས་ན་ཚོན་ཆ་རེངས་པར་བྱེད་དོ།། གྲོག་མཁར་གྱི་ས་ལ་ཚོགས་བདག་བྱས་ཏེ་རྐང་པའི་འོག་ཏུ་སྔགས་ཀྱི་རྒྱལ ་པོ་འདི་བཞག་ནས་ལམ་གྱི་གཞི་མདོར་ས་འོག་ཏུ་སྦས་ན་འགྲོ་བ་རེངས་པར་བྱེད་དོ།། མནའ་སྐྱེལ་བ་ཡང་རེངས་པར་བྱེད་དོ།། སྔགས་ཀྱི་རྒྱལ་པོ་འདི་གྲོ་ག་འམ་རས་ཤིང་ཤན ་ལ་བྲིས་ཏེ་སྒྲ་ཚིལ་གྱིས་དྲིལ་ལ་དེ་ཉིད་ཀྱིས་གསུས་པར་བཅུག་ན།། རྫ་བུམ་གསར་བ་ཆུ་དྲང་མོས་བཀང་བའི་ནང་དུ་བཅུག་ན་མནའ་སྩལ་བ ་ཡང་རེངས་པར་བྱེད་དོ།། ཆོས་གོས་ཀྱི་སྣ་ལ་མདུད་པ་བྱ་ཞིང་སྔགས་བཟླས་ན་ཆོམ་རྐུན་ལ་སོགས་པ་རེངས་པར་བྱེད་དོ།། ནགས་སུ་བ་མེན་ལ་སོགས་པར་ཅན་དང་ཆེ་བ་ཅན་རེངས ་པར་བྱེད་དོ།། ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་པའི་རྡེའུ་ཆུ་ལ་སྤྱོད་པ་རྣམས་ཀྱི་མཆེ་བ་བཅིངས་པར་བྱེད་དོ།། དུ་ཁྲོད་ཀྱི་རས་ལ་རྡོ་རྗེ་རྒྱ་རམ་གྱི་ནང་དུ་ཕ་རོལ་གྱི་སྡེའི་གཙོ ་བོའི་མིང་བྲིས་སྔགས་དང་བཅས་པ་བྲིས་ཏེ།། དེའི་ཕྱི་རོལ་དུ་ལམ་ཡིག་བརྒྱད་བྲིས་ཏེ། དེའི་ཕྱི་རོལ་དུ་སའི་དཀྱིལ་འཁོར་གཉིས་ཕྱོག་སུ་རྡོ་རྗེས་རྒྱན་པ་བྲིས་ཏེ་སྤྲ་ཚིལ ་ལས་བྱས་པའི་ཚོགས་བདག་གི་གསུས་པར་བཅུག་ལ་ཕ་རོལ་གྱི་དཔུང་གི་འཚམས་སྦས་ན་ཕ་རོལ་གྱི་དཔུང་རེངས་པར་བྱེད་དོ།། ཨོཾ་གཉིས་ཀྱི་བར་དུ་སྔགས་འདི་བྲིས་ལ ་ཐ་ཡི་གེ་གཉིས་ཀྱིས་བསྐོར་བའི་ཕྱིར་ལམ་ཡིག་བརྒྱད་བྲིས་ལ་སའི་དཀྱིལ་འཁོར་གྱིས་མནན་ཏེ་སྣ་ཚོགས་རྡོ་རྗེས་མཛེས་པ་གྲོག་མཁར་གྱི་ས་ལས་བྱས་པའི་བདག་གི་གསུས ་པར་བཅུག་ནས་དུར་ཁྲོད་ཀྱི་རྫ་བུམ་གྱི་ནང་དུ་བཞག་སྟེ། དུར་ཁྲོད་དུ་སྦས་ན་ཕ་རོལ་གྱི་སྡེ་རེངས་པར་བྱེད་དོ།། འབྲས་ཕུབ་ཀྱི་སྦྱིན་བསྲེག་གིས་ཀྱང་ངོ་།། གྲོང་ཁྱེར་ཚིག་ན་མེ ་ལ་མངོན་དུ་ཕྱོགས་ཏེ། སྔགས་འདིས་མངོན་པར་བསྔགས་པའི་ཆུ་སྙིམ་པ་བདུན་གཏོར་བས་ཁྱིམ་གང་བར་འདོད་པ་དེ་མི་ཚིག་གོ། ཐལ་བས་མགུལ་པ་བྱུགས་ན་སྐྱུགས་བཟློག ་པར་བྱེད་དོ།། སྔགས་བཟླས་ཞིང་འཐེ་བོང་དང་མཐེ་ཆུང་གིས་མགལ་པ་ལེགས་པར་མནན་ན་སྐྱིགས་བུ་རེངས་པར་བྱེད་དོ།། མངོན་པར་སྔགས་པའི་ཐལ་བས་མིག་གི་ནད་རེངས་པ ་བྱེད་དོ།། རས་ལ་བྲིས་ཏེ་ཁྱིམ་གང་གི་སྒོའི་སྟེང་དུ་བཞག་པའི་ཁྱིམ་དེར་གཏོར་བ་ལ་སོགས་པ་བཟློག་པ་ལ་བྱེད་དོ།། ཉ་དང་ཤ་དང་འཆང་དང་ཆན་ལ་སོགས་པས་ཡུལ་གྱི ་ཕྱི་རོལ་དུ་གཏོར་མ་རྒྱ་ཆེན་པོ་བྱིན་པ་དང་། ཡམ་ཤིང་ལྔ་དང་འབྲུ་ལྔ་མར་གྱིས་བསྐུས་ཏེ། ཡུལ་གྱི་དཀྱིལ་དུ་ཞི་བའི་ཐབ་ཁུང་བྱས་ནས་སྦྱིན་བསྲེགས་བྱས་ན་བདུད་དང་ཡམས ་ཀྱི་གནོད་པ་སེལ་བར་བྱེད་དོ།། གྲོང་ཁྱེར་ལ་སོགས་པ་གང་ཡང་རུང་བ་སྟེར་བ་ལ་བཟླས་པ་ཙམ་གྱིས་བཟློག་པར་བྱེད་དོ།། རྟག་ཏུ་བཟླས་ན་ལྷ་དང་ལྷ་མ་ཡིན་དང་ཀླུ་རྣམས་ཀྱིས ་གནོད་པར་མི་ནུས་སོ།། དཔལ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་རྫོགས་པར་བྱང་ཆུབ་པའི་དུས་སུ་བདུད་བཞི་གཞོམ་པའི་ཕྱིར།། མཛོད་སྤུ་ནས་བྱུང་བའི ་སྔགས་ཀྱི་རྒྱལ་པོ་འདི་ཡིན་པས་མཛོད་བུའི་ནོར་བུ་ཞེས་གསུངས་སོ།། ལམ་ཀའི་བྱེ་མ་ལ་མངོན་པར་བསྔགས་ཏེ་དོར་བས་སྦྲུལ་རྣམས་སྐྲོད་པར་འགྱུར་རོ།། ཐོད་ལོ་ཀོར ་། ལ་མངོན་པར་སྔགས་ཏེ། ཁྱིམ་གྱི་ལོགས་ལ་བྲིས་པས་དུག་སྦྲུལ་གྱི་ནུས་པས་མི་ཚུགསོ།། ཡང་ན་སྔགས་འདི་གཡམ་པ་ལ་བཟོང་གིས། ་བརྐོས་ཏེ་གྲོང་ཁྱེར་རམ་ཁྱིམ་དུ་བཞག་ན་རི་དགས་མ་པ་དང་། དུག་སྦྲུལ་གྱི་མཆུ་བཅིངས་པར་འགྱུར་རོ།། དེ་བླངས་ན་གྲོལ་བར་འགྱུར་རོ།། མ་བསྒྲུབས་ཀྱང་སྔགས ་འདིས་ལས་ཐམས་ཅད་བྱེད་དོ།། བྱེ་མ་ལ་མངོན་པར་བསྔགས་ཏེ་གཏོར་བས་མཆེ་བ་ཅན་རྣམས་ཀྱི་མཆེ་བ་བསྡམས་པར་འགྱུར་རོ།། ཐམས་ཅད་དུ་སྣ་ཚོགས་རྡོ་རྗེའི་ནང་དུ ་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་དབང་ཆེན་གྱིས་མནན་པ་བྲི་བར་བྱའོ།། དུར་ཁྲོད་ཀྱི་ཤིང་ལ་ཕུར་བུ་བྱས་ཏེ། ལན་བདུན་མངོན་པར་བསྔགས་ནས་སྒོ་ཕུགས་སུ ་སྦས་བཞག་ན་ཚོང་པ་རྣམས་ཀྱི་ཚོང་འགག་པར་བྱེད་དོ།། སྟོན་ན་གྲོལ་བར་འགྱུར་རོ།། ཨོཾ་ཧི་ནི་ཧི་ནི་ཧི་ཙ་ལེ།། ཨ་བྷ་ཡ་མ་ཀ་རི། ཨ་ལུ་ཙ་ལུ། ཤི་ལ་ས་ཧ། བེ་ལུ་ཨཱ་ག ་ས་པ་ཐེ་ར་ཏེ་ཡི། ཨ་ཏནྟ་དྷ་རི། ཁི་ལི་མོ་ཧི། ཐེམ་བྷི། ཛ་ཀ་ར། ཛ་ཧི། ཐ་ཀ་རོཥཱ་ཧི། ཛ་ཋ་སྭ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་མ་སྒྲུབས་ཀྱང་སྔར་བཤད་པའི་ལས་ཁ་ཚེར ་བ་ཐམས་ཅད་བྱེད་དོ།། གཞན་ཡང་སྔགས་པའི་མངོན་པར་འདོད་པའི་དོན་ཐམས་ཅད་བྱེད་པར་ཐེ་ཙོམ་མེད་དོ།། ཚའམ་སྐྱེ་ཚེའམ་འབྲས་ཕུབ་ལ་སྦྱིན་བསྲེགས་བྱས་པས ་ཕ་རོལ་གྱི་དཔུང་སྐྲོད་པར་བྱེད་དོ།། ཨོཾ་བཱ་སཾ་བཱ་ཀ་པཱ་སུ་ཛེ་མོ་ཕཊ་ཨེ་དུ་སྠ་པུ། སྔགས་ཀྱི་རྒྱལ་པོ་འདི་མ་བསྒྲུབས་པར་ཡང་རྟག་ཏུ་བཟླས་བརྗོད་བྱས་ན་འཇིགས་པ་ཐམས ་ཅད་བཟློག་པར་བྱེད་དོ།། རྡོའི་ཆུ་ལ་མངོན་པར་བསྔགས་ཏེ། ཐིག་ལེ་བྱས་ན་གནོད་བྱེད་ཐམས་ཅད་རྨོངས་པར་བྱེད་དོ།། འཁྲོས་པ་རྣམས་སེམས་དང་བར་བྱེད་དོ།། བཅིངས ་པ་རྣམས་བཟླས་པས་གྲོལ་བར་བྱེད་དོ།། ཐ་སྙད་ལས་གྲོལ་བར་བྱེད་དོ།། ཨོཾ་ཥ་ཏོ་ཐི་ཏོ།། ཧུ་ལུ་ཧུ་ལུ་ཛ་ལ་ཛི་ཏོ།། ཧ་ལུ་ཧུ་ལུ། ཨེ་ཏྲེ་བོ་ཏོ་ཐི་ཏོ།། ཧུ་ལུ་ཧུ་ལུ། ཏ་ཏྲེ་བ ་ཏྲ་ཏི་གཙྪ་ཧུ་ལུ་ཧུ་ལུ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་བཟླས་ན་འཁྲུག་པ་དང་། འཐབ་པ་དང་། རྩོད་པ་དང་ཉེ་བར་འཚེ་བ་ལ་སོགས་པ་ཞི་བར་འགྱུར་རོ།། འབྲས་ཕུབ ་ཀྱི་སྦྱིན་བསྲེག་གིས་ཀྱང་ངོ་།། ཇི་ལྟར་རྙེད་པའི་མེ་ཏོག་ལ་མངོན་པར་བསྔགས་ཏེ་ཆུ་ལ་སྦྱར་ན་ཀུན་ལས་ཞི་བ་དང་རྣམ་པར་རྒྱལ་བ་ཐོབ་བོ།། ཐེ་ཚོམ་མེད་དོ།། གྲོང་ཁྱེར ་ཚིག་པ་ན་མེ་ལ་མངོན་པར་ཕྱོགས་ལ་འདུག་སྟེ། མངོན་པར་སྔགས་པའི་ཆུ་སྙིམ་པ་བདུན་གཏོར་ན་ཁྱིམ་གང་བསྲུང་བར་འདོད་པ་དེ་མི་ཚིག་གོ།། མེས་ཚིག་པ་སོས་པར་བྱེད ་དོ།། རྐང་གཉིས་པ་དང་། རྐང་བཞི་པ་འཆི་བ་ན་འབྲས་བུབ་ཀྱི་སྦྱིན་བསྲེག་གིས་ཞི་བར་འགྱུར་རོ།། ཨོཾ་པད་མ་ཨ་ཀྲི་པད་མ་སུ་བྷ་གྷེ་བུ་ཕུ་པུ། སྔགས་འདིས་ཐལ་བ ་ལས་མངོན་པར་བསྔགས་ཏེ་མིག་ལ་སྐས་ན་མིག་ནད་བསྡམས་པར་འགྱུར་རོ།། བྱབས་ན་མིག་རེངས་པར་བྱེད་དོ།། ལན་བདུན་མངོན་པར་སྔགས ་པའི་མིག་གིས་བལྟས་ན་ཁོང་ཁྲོ་བའི་སེམས་དང་བར་འགྱུར་རོ།། ལན་བདུན་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། རྩིག་ངོས ་ལ་ཐོད་ལོ་ཀོར་གྱིས་མིང་སྤེལ་དང་བཅས་པའི་སྔགས་མངོན་པར་བྲིས་ན་མིག་གི་ནད་ཀུན་སེལ་བར་བྱེད་དོ།། མིག་གཉིས་ལ་ལན་བདུན་མངོན་པར་སྔགས་ཏེ། སེམས ་རྩེ་ཅིག་པས་དབེན་པར་སྡུད་པའི་སྐྱེས་བུའི་མིག་གཡོན་པ་མགུལ་ན་ཇི་ལྟར་སེམས་དཔའི་དོན་གྲུབ་བོ།། གཡས་པ་མགུལ་ན་མི་དགེ་བ་སྟོན་པར་བྱེད་དོ།། ཨོཾ་མོ་ཙ་ནི་མོ་ཙ ་ཡ། མོ་ཀཱ་ནི་མོ་ཀྲཱ་ཡ། ཛི་བཾ་བ་རེ་ཏེ་སྭཱ་ཧཱ། འདིས་མངོན་པར་སྔགས་པའི་མར་ཁུ་སྐྱེ་གནས་ལ་བྱུགས་ན་སྟྭཾ་མ་བདེ་བར་བཙའ་བར་འགྱུར་རོ།། བཅིངས་པའི་མདུན ་དུ་ཕྱོགས་ཏེ་ལན་བདུན་མངོན་པར་སྔགས་པའི་ཆུ་སྙིམ་པ་བདུན་ཐུན་གསུམ་དུ་གཏོར་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ།། གུར་གུ་མ་འམ་གྷི་ཝཾ་གིས་གྲོ་གལ་མིད ་སྤེལ་དང་བྲིས་ཏེ་བཅིངས་པའི་མགོ་ལ་བཏགས་ན་བཅིངས་པ་ལས་ཐར་བར་འགྱུར་རོ།། རྟག་ཏུ་བཟླས་པས་ཀྱང་བཅིངས་པ་ལས་གྲོལ་ལོ།། ཨོཾ་ཧ་རི་མརྐ་ཊ་ན་མས ་ཧཱ་པྲ་བ་ཧཱུཾ། ལྷ་སྦྱིན་བན་དྷ་ན་ཏ་མོ་ཀཱ་ཡ་སྭཧཱ། ཐོད་ལོ་ཀོར་ལ་མངོན་པར་སྔགས་ནས་ས་གཞི་འཇམ་པོ་ལ་བྲིས་ཏེ་ཡང་དང་ཡང་དུ་བཟློས་པས་བསྲུབས་ན་བཅིངས་པ་ལས ་གྲོལ་བར་འགྱུར་རོ།། ཡང་ན་ཤིང་ཤན་ལ་མངོན་པར་བྲིས་ཏེ་མགོ་བོ་ལ་བཏགས་ན་བཅིངས་པ་ཀན་ལས་གྲོལ་བར་འགྱུར་རོ།། ཨོཾ་ཏ་ར་ནི་ཏཱ་ར་ཡ། མོ་ཙ་ནི་མོ་ཙ་ཡ། མོ་ཀཱ ་ནི་མོ་ཀཱ་ཡ། ཛི་བཾ་བ་ཏྲ་ཏེ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་དོ།། ལན་བདུན་མངོན་པར་བསྔགས་པའི་མར་ཁུས་སྐྱེ་གནས་ལ་བྱུགས ་ན་སྟྭཾ་མ་བདེ་བར་བཙའ་བར་འགྱུར་རོ།། ལན་བདུན་མངོན་པར་སྔགས་པའི་ཆུ་ཁོར་ཡུ་གསུམ་འཐུངས་ན་སྒྲ་མ་བསྡམས་པ་བདེ་བར་བཙའ་བར་འགྱུར་རོ།། རྟག་ཏུ་བཟླས་ན་རང་ངམ ་གཞན་བཅིངས་པ་ལས་ཐར་བར་བྱེད་དོ།། མགུལ་པ་འམ་དཔུང་པ་ལ་སྔགས་བཏབ་ན་ངན་འགྲོ་ཀན་ལས་བསྲུང་བར་བྱེད་དོ།། ཨོཾ་ཏ་རེ་ཏད་ཏ་རེ་སྭ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས ་སྔར་བརྗོད་པའི་དོན་ཐམས་ཅད་བྱེད་དོ།། གུར་གུམ་བྱི་གྲོ་བ་ལ་མིང་སྤེལ་བཅས་པའི་སྔགས་བྲིས་ལ་སྤྲ་ཚིལ་གྱིས་དྲིལ་ཏེ། རྫས་ཀྱི་ཆུས་གང་བའི་རྫ་བུམ་གསར་པའི་ནང་དུ་བཅུག ་ལ་དྲི་བཟང་པོའི་མེ་ཏོག་གིས་ཐུན་གསུམ་དུ་མཆོད་ན།། འཐབ་པ་དང་རྩོད་པ་ཐམས་ཅད་ལས་རྒྱལ་བར་བྱེད་དོ།། ཨོཾ་ཨེ་རན་ཌ་སྱ་བ་ནི་ཀ་ཀ། གཾ་ག་ཏ་ར་མུ་བ་སྠི་ཏག། པི་བ ་ཏཱ་དྷ་ཏ། པཱ་ཎི་ཡཾ། བེ་ཤ་ལྱ་བྷ་བ་ཏུ་གར་བི་ཎི། སྔགས་འདི་ལན་བདུན་མངོན་པར་སྔགས་པའི་ཆུ་ཁྱོར་བ་གསུམ་འོངས་ཕོ་ཉ་ལ་འཐུང་དུ་བཅུག ་ན་ཧཱུཾ་མ་བདེ་བར་བཙའ་བར་འགྱུར་རོ།། ཨོཾ་ཡ་མ་ར་ཛི་བན་ཏི་ཡཻ་སྭཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་དོ།། མངོན་པར་སྔགས་པའི ་ཆུ་འཐུངས་ན་ཐོར་བ་མི་འབྱུང་ངོ་།། མ་རུངས་པའི་བ་ལ་སོགས་པའི་སེམས་ཅན་གྱིས་རྨ་གཏོད་པ་ལ་ཡུང་བ་དང་ཨ་རུ་ར་དང་རུ་ཏ་ལ་སོགས་པ་ལ་ལེགས་པར་བཟླས་ཏེ ་བྱུགས་པས་སོས་པར་འགྱུར་རོ།། ནད་དང་གནོད་པ་དང་། འབྲུམ་བུ་ཐམས་ཅད་ལ་བཅིངས་པས་སོས་པར་འགྱུར་རོ།། རྟག་ཏུ་བཟླས་ན་ཚེ་ཟད་པ་ཡང་ལོ་བརྒྱ་འཚེ་བར་འགྱུརརོ།། ་ཏིལ་དང་ཞན་མར་རམ་མར་གྱིས་སྦྱིན་བསྲེགས་བྱས་ན་ཐམས་ཅད་ཞི་བར་འགྱུར་རོ།། སྨན་ལ་མངོན་པར་སྔགས་ཏེ་འཐུངས་ན་ནད་ཐམས་ཅད་ལས་ཡོངས་སུ་གྲོལ་བར་འགྱུརརོ།། ་སྔགས་འདི་ལན་བརྒྱས་མར་བཀྲུས་ཏེ་བྱུགས་ན་ནད་སོས་པར་འགྱུར་རོ།། འབྲུ་མར་ལ་མངོན་པར་སྔགས་ཏེ་མགོ་བོ་ལ་མཉེས་ན་མགོ་བོའི་ནད་སེལ་ལོ།། རྨ་མི་འཚོ་བ་ལ ་ཐལ་ཆུ་བླུགས་ན་འཚོ་བར་འགྱུར་རོ།། སྐྲན་ན་ལྔ་བསུས་པར་བར་ཏ་ཀ་བཞགས་ཏེ་མཚོན་གྱིས་བཏུབས་ན་ཀླན་བཏུབས་པར་འགྱུར་རོ།། ནིར་ཀུན་ཐི་དང་ནིམ་པའི་རྩ་བ་དང་། ་རྨ་བྱའི་འཇུག་སྒོ་རྣམས་ཅིག་ཏུ་དྲིལ་ནས་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ཆོས་ཡོན་དབུལ་ལོ།། རིམས་ཞག་གཅིག་པ་དང་། ཞག་གཉིས་པ་དང་། ཞག་གསུམ་པ་དང་། ཞག་བཞི། ་བ་ལ་སོགས་པའི་རིམས་ཟད་པར་བྱེད་དོ།། འབྱུང་པོ་དང་ཡི་དགས་དང་། ཤ་ཟ་དང་བྲམ་ཟེའི་སྲིན་ས་ལ་སོགས་པ་ཉམས་པར་བྱེད་དོ།། བྱིས་པ་མི་འཚོ་བའི་བུད་མེད་ལ་ལན་བརྒྱ ་རྩ་བརྒྱད་མངོན་པར་བསྔགས་པའི་བུམ་པའི་ཆུས་ཁྲུས་བྱས་ན་བྱིས་པ་འཚོ་བར་འགྱུར་རོ།། དཔུང་པ་འམ་མགལ་པ་ལ་གྲོལ་ག་ལ་བྲིས་ཏེ་བཏགས་ན་མངལ་ལ་བསྲུང་བར་འགྱུར།། ་གཡུལ་དུ་སྔགས་དྲན་པས་རྒྱལ་བར་འགྱུར་རོ།། བྱབས་པས་ནད་ཐམས་ཅད་སེལ་བར་འགྱུར་རོ།། ཨོཾ་པཱ་ད་ཙ་ལི་ནེ་སྭ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཚོགས་ལེགས ་པར་བསྒྲུབས་ན་ལས་ཐམས་ཅད་བྱེད་དོ།། ཆུ་ལ་མངོན་པར་སྔགས་ཏེ་འཐུངས་ན་འབྲམ་བུ་ལ་སོགས་པ་མི་འབྱུང་ངོ་།། ཤོ་གུ་ལ་མངོན་པར་བྲིས་ཏེ་སྒོའི་སྟེང་དུ་བཞག་ན་འབྲུམ ་བུ་ལ་སོགས་པ་མི་འབྱུང་ངོ་།། ཉེ་བར་འཚེ་བ་ཐམས་ཅད་བསྲུང་བ་ཆེན་པོའོ།། ཞུན་མར་གྱིས་བསྐས་པའི་ཏིལ་གྱིས་སྤྲིན་བསྲེག་བྱས་ཏེ་བྱ་རོག་གི་བཤོག་པ་བཟུང་ནས་ཁྲི ་བཟླས་ལ་གང་གི་ཁྱིམ་གྱི་ཐོག་ཏུ་བཞག་པ་དེ་སྐྲོད་པར་བྱེད་དོ།། ཨོཾ་བི་ཤ་ཙི་པར་ན་ཤ་ཐ་རི་སརྦ་ཨུ་པེ་དྲ་བ་ན་པ་ནི་སྭཧཱ། རིག་པ་ཆེན་མོ་འདི་རྐང་པ་གཉིས་དང་རྐང་པ་བཞི་པ ་ཉེ་བར་འཚེ་བ་རྣམས་མེད་པར་བྱེད་དོ།། མ་གྲུབ་ཀྱང་ལས་ཐམས་ཅད་བྱེད་དོ།། སྦྱིན་བསྲེགས་ཟླས་པ་འམ་ཁྲུས་སམ་སྐུད་པས་བཅིངས་པ་འམ ་མངོན་པར་སྔགས་པའི་ཆུ་ཁྱོར་བར་འཐུངས་སམ་བྱབས་པས་ནད་ཐམས་ཅད་སེལ་ལོ།། གུར་གུམ་གྱི་ཆུས་གྲོ་ག་ལ་སྔགས་མངོན་པར་བྲིས་ཏེ་མགུལ་པ་འམ་དཔུང་པ་ལ ་བཏགས་ན་ཐ་སྙད་ལས་རྣམ་པར་རྒྱལ་བར་འགྱུར་རོ།། ཞག་བཞི་པ་ལ་སོགས་པའི་རིམས་མི་ཟད་པ་ལས་གྲོལ་བར་འགྱུར་རོ།། སྲིན་པོ་ལ་སོགས་པའི་འཇིགས་པ་སེལ་ལོ།། ། ་འཐབ་པ་དང་འཁྲུག་པ་དང་རྩོད་པ་ལས་རྒྱལ་བར་འགྱུར་རོ།། སྟག་དང་ཆུ་སྲིན་དང་ལྟོ་འཕྱེ་ཆེན་པོ་ལ་སོགས་པའི་གནོད་པས་མི་ཚུགས་སོ།། རྟག་ཏུ་བལྟས་ན་སྐྱེ་བོ་ཐམས ་ཅད་དགའ་བར་འགྱུར་རོ།། ཨ་ཨརྱ་ཏྲི་ཏ་ཡཱ་ཡཱཾ་ཆེ་གེ་མོ་ཙཀྐ་སྟམ་བྷ་ཡ་ཋཿཥཿསྭ་ཧཱ། ཚེས་གང་གི་ཚེ་མི་གང་ན་ངྒེའི་ཚེས་སྤེལ་བའི་སྔགས་ཐོད་ལོ་ཀོར་གྱིས་རྩིབས་ལ་སོགས ་སམ། ཤིང་ལེ་བ་ལ་བྲིས་ནས། ཡ་ཐིག་གིས་སུ་མ་རིམ་དུ་བསྐོར་ན་མིག་ནད་སེལ་ལོ།། ཨོཾ་ཙནྡ་མ་ཧཱ་རོ་ཥ་ན་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བརྗོད་ན་སྡིག་པ ་ཐམས་ཅད་བསྲེག་པར་བྱེད་དོ།། ཀུན་ནས་བསྲུང་བར་བྱེད་དོ།། ཡུངས་ཀར་ལ་སོགས་པས་བརྡེགས་ན་འབྱུང་པོ་ལ་སོགས་པའི་འཇིགས་པ་སེལ་ལོ།། ཁམ་པོར་གསར ་པ་ལ་ཐོད་ལོ་ཀོར་གྱིས་བྲིས་ཏེ་སྒོ་ལ་བཏགས་ན་བྱིས་པ་ཙས་མ་ཐག་པ་རྣམས་བསྲུང་བར་བྱེད་དོ།། སྒྲ་ཚིལ་ལ་གཟུགས་བརྙན་སོར་བཞི་པ་བྱས་ཏེ་དེའི་མིང་སྤེལ་བ་དང་བཅས ་པའི་སྔགས་བྲིས་ཏེ་བཅུག་སྟེ་ཚེར་མས་དེའི་ཁ་ལ་བཏབ་ན་ཕྱིར་རྒོལ་གྱི་ཁ་བསྡམས་པར་འགྱུར་རོ།། རྐང་པ་ལ་བཏབ་ན་འགྲོ་བ་རེངས་པར་བྱེད་དོ།། སྙིང་ཁར་བཏབ་ན་ཁོང་ཁྲོ ་སེལ་བར་བྱེད་དོ།། མིའི་རྐང་པའི་རུས་པའི་ཕུར་བུ་འམ་ལྕགས་ཀྱི་ཕུར་བུས་ཁྲོ་ཞིང་ཡན་ལག་གང་ལ་བཏབ་པའི་ཡན་ལག་དེ་སྐམས་པར་འགྱུར་རོ།། དགྲའི་སྒོར་རྩར་སྦས་ན་སྐྲོད ་པར་འགྱུར་རོ།། དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་སྔགས་ཏེ་སྒོ་ཕྱིབསུ་སྦས་ན་སྐྲོད་པར་འགྱུར་རོ།། རལ་གྲིལ་མངོན་པར་སྔགས་ཏེ་གཡུལ་ན་སྦྱིན་བསྲེག་འབུམ་བྱས་ན་གྲོང ་རྙེད་པར་འགྱུར་རོ།། ཨོཾ་ཧྲི་བྷ་སུ་དྷ་རི་ནི་སྭཱ་ཧཱ། ཨོཾ་ཙན་ཏ་གན་དྷ་ཡེ་སྭ་ཧཱ། ཨོཾ་དད་ཏ་ཡེ་སྭ་ཧཱ། ཨོཾ་ཨ་ཏཱ་ཡེ་སྭཱ་ཧཱ། ཨོཾ་སུ་བྷ་ཏྲ་བྷ་ཡེ་སྭ་ཧཱ། ཨོཾ་གུན་ཏ་ན་ཡེ་སྭཱ་ཧཱ། ཨོཾ་དེ་བྷི་ཡེ་སྭ་ཧཱ། ་ཨོཾ་སར་སཱ་ཏེ་ཡེ་སྭཱ་ཧཱ། གསེར་གྱི་བྱང་བུ་འམ་དངུལ་གྱི་བྱང་བུའི་མེ་ཏོག་འདབ་མ་བརྒྱད་པའི་དབུས་སུ་བ་སུ་དྷ་ར། ཤར་ལ་སོགས་པའི་ཕྱོགས་སུ་ཙན་ཏྲ་གྷནྡྷ་ལ་སོགས་པ་གནོད ་སྦྱིན་མོ་རྣམས་མངོན་པར་བྲིས་པའི་བྱང་བུ་གཉིས་ཁ་སྦྱར་བྱས་པའི་ནང་དུ་མར་དང་སྦྲང་རྩི་དང་ཀ་ར་གུར་རམ་བཅུ་གང་སྟེ། གོང་དུ་བཤད་པའི་ཆོ་གས་སྔར་སྨོས་པའི་ལས་རྣམས ་\ུ0f7f། བྱེད་པར་འགྱུར་རོ།། ཕྱོགས་སུ་འཛམ་བྷ་ལ་ཛ་ལེན་ཏྲ་ཡེ་སྭ་ཧཱ། ཨོཾ་མ་ནི་བྷ་ཏཱ་ཡེ་སྭ་ཧཱ། ཨོཾ་བུ་ན་བྷ་ཏ་ཡེ་སྭ་ཧཱ། ཨོཾ་དྷ་ན་དྷ་ཡེ་སྭཱ་ཧཱ། འཚམས་སུ་ནི། ་ཨོཾ་ཀེ་མི་མ་ལི་ནི་སྭ་ཧཱ། ཨོཾ་པ་པི་ཀུན་དྷ་ལི་མི་ན་སྲ་ཧཱ། ཨོཾ་མུ་ཁེན་ཏྲ་ཡེ་སྭ་ཧཱ། ཨོཾ་བྷ་རན་ཏྲ་ཡེ་སྭཧཱ། ཨོཾ་བྷེ་ཤྲ་མ་ན་ཡེ་སྭ་ཧཱ། ཅེས་གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཡོངས ་སུ་བསྐོར་བ་བཅོམ་ལྡན་འདས་པ་སུ་དྷ་ར་དང་བཅས་པ་གསེར་གྱི་ཁ་དོག་ཅན་དང་ས་བོན་གྱིས་བཀང་བ་བསྣམས་པ། གསུས་འབྱང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་གོང་དུ་བསྟན་པའི ་གནོད་སྦྱིན་གྱི་བདག་པོ་དང་བཅས་པ་ལ་དུས་གསུམ་དུ་མཆོད་པ་བྱས་བསྒོམས་ཤིང་བཟླས་པ་བྱས་ན་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྩོལ་བར་མཛད ་དོ།། ཐོ་རངས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་ལ་བྱིན་ན། བྱ་རོག་གི་སྒྲ་མི་བྲགས་པར་ཆུའི་ནང་དུ་ཞགས་ཏེ་བཟླས་པ་བྱེད་པ་གང་ཡིན་པ་དེའི་གཏེར་མི་ཟད་པ་འཕེལ་བར་འགྱུར་རོ།། ་ཡང་གསེར་ལ་བྱས་པའི་བྱང་བུ་ལ་བ་སུ་དྷ་ར་གནོད་སྦྱིན་མོ་དང་བཅས། བྱང་བུ་གཉིས་ལ་བཅོམ་ལྡན་འདས་འཛམ་བྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡོངས་སུ་བྲིས་ལ་ཁ་སྦྱོར་དུ་བྱས། ་ཏེ་མཉེས་པར་བྱས་ན་དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་བར་མཛད་ན།། གྲུབ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས།། ། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་དང་པོའོ།། ་ཨོཾ་བཛྲ་ཏིཀཱ་ན་དུ་ཁ་ཆེ་ཏ། པྲཛྙཱ་ཛྙཱ་ན་མུར་དྷ་ཡེ། ཛྙཱ་ན་ཀ་ཡ་བ་ཀི་ཤར། ཨར་པ་ཅན་ཡ་ཏེ་ན་མཿ། བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་ཏུ་གྲུབ ་པ་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཕྱག་གཡོན་ཨུད་པ་ལ་སྔོན་པོ་བསྣམས་པ། གཡས་མཆོག་སྦྱིན་པ་བསམས་པ། ཨོཾ་ཨ་ར་ནུད་པན་ན་པྲ་ཀྲི་ཏི་པྲ་བྷ་ས་ར་སུ་བྷ་ཤུདྷ་དྷརྨ་དྷ་དྷ།། ་ཞག་བཅུ་གཉིས་ཀྱིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་ཞིང་ཟླ་བ་དྲུག་ཏུ་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ།། བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་གསུམ་དུ་མཐོང ་ཞིང་ཐོས་པ་ཡང་འཛིན་པ་ཐོབ་པར་འགྱུར་རོ།། ཤ་དག་སྲང་ཕྱེད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་སྔགས་པས་ཐོ་རངས་འོ་མ་འམ་མར་རམ། ཏིལ་མར་ཟླ་བ་གཅིག་ཏུ་འཐུངས ་ན་གླེན་པ་དག་གིས་མེད་པར་འགྱུར་རོ།། ཁུ་ཕྱག་མོས་པའི་སྐད་དང་འདྲ་ཞིང་སྐད་སྙན་ཞིང་ཚིག་གསལ་བར་འགྱུར་རོ།། ཟླ་བ་དྲག་གོམས་པར་བྱས་ན་མ་ཐོས་པའི་བསྟན་ཆོས ་མངོན་དུ་འགྱུར་ཞིང་། ཐོས་པ་ནམ་ཡང་བརྗེད་པར་མི་འགྱུར་རོ།། ཨོཾ་ལ་ཀྱཻ་དམ་ན་མ། རྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་དུ་ཏིང་ངེ་འཛིན་ལ་གནས ་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། རྒྱ་མཚོར་འགྲོ་བའི་ཆུ་ལ་རྒལ་ལ་ཛ་ཏིའི་མེ་ཏོག་གི་བུད་པ་གཅིག་བཟླས་ནས་སྔགས་བརྗོད་ཅིང ་བུད་པ་རེ་རྒྱུན་ཕྱོགས་སུ་བབས་པར་གྱུར་པ་ལས། ཕུད་པ་ཅིག་རྒྱུན་ལས་ལོགས་པར་འོང་སྟེ། སོ་ལ་མ་རེག་པར་མེད་ན་ཐོས་པ་འཛིན ་པ་ལ་གསོལ་བར་མཛད་དོ།། ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་ཆུ་ལ་འབུམ་ཕྲག་བཞི་བཟླས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ།། སྨན་བྷ་མའི་ཕྱེ་མ་བཞི ་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས་དལ་བྱས་ཏེ། ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་དག་པར་མཆོད་དེ་མངར་རམ་མངར་སྐུར་དང་འཐུངས ་ན་ཟླ་བ་དྲུག་གི་ཐོས་པ་འཛིན་པ་བྱེད་པར་འགྱུར་རོ།། ཚིག་གི་བདག་པོ་དབྱངས་བརྙན་པར་ཡང་སྐྱེ་བར་འགྱུར་རོ།། སྔོན་དུ་བསྙེན་པ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ ་འགྲུབ་པར་འགྱུར་རོ།། ཕྱིས་ཟླ་བ་གཟས་ཟིན་པ་འམ། ཉི་མ་གཟས་ཟིན་པ་ན་ལྕགས་ལས་བྱས་པའི་རལ་གྲི་ལག་པས་བླངས་ཏེ་ཟླ་བ་མི་སྣང་བ་ནི་ཇི་སྲིད་གྲོལ་བར ་གྱུར་པ་དེ་སྲིད་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ།། དེ་བཞིན་དུ་འཁོར་ལོ་དང་རྡོ་རྗེ་རྩེ་གསུམ་པ་དང་། མངའ་དང་། ཐོ་བ་དང་། ཞགས ་པ་ལ་སོགས་པ་བསྒྲུབ་པ་བྱས་ཞིང་རིགས་པ་ལ་སོགས་པ་དང་། བཅུད་ཀྱི་ལེན་ལ་སོགས་པ་འདུས་པ་བསྒྲུབ་པར་བྱའོ།། ཡང་ན་མིག་སྨན་ཐིག་ལེ་འམ། རྐང་པ་ལ ་སླུ་བ་འམ་དམ་དུ་བྱ་བའི་རྫས་བསྡུས་ཏེ་བསྒྲུབ་པར་བྱའོ།། འོ་ཐུག་གམ། ཞོ་འམ། ཟན་ནམ་ཟས་དང་མར་ཀར་བཅས་པས་སྣོད་བཀང་སྟེ་ལག་པས་བཀབ་སྟེ་བཟླས་པ ་བྱས་ཏེ་འཐུངས་ན་ལྔ་བརྒྱར་འཚོ་བར་འགྱུར་རོ།། སྲན་མ་ཤ་ཁར་བཅུག་སྟེ་བཟླས་པ་བྱས་ཏེ་མིད་ན་སྡེ་བས་སྦྱོར་དང་། ཐོས་པ་འཛིན་པ་དང་། མཁས་དང་། ཡིད་བཞུད ་བར་འགྱུར་རོ།། པ་མའི་སྦྱིན་བསྲེག་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ།། བིལ་བའི་སྤྲིན་བསྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ ་པར་འགྱུར་རོ།། ཇི་ལྟ་བ་བཞིན་རྙེད་པའི་མེ་ཏོག་གི་སྦྱིན་བསྲེག་གིས་ཀྱང་ངག་གི་དངོས་གྲུབ་བྱེད་དོ།། མར་ལ་བཏགས་པའི་འབྲུ་ལྔ་སྦྱིན་བསྲེག་འབུམ་ཕྲག་བཞི་བྱས ་པ་ཙམ་གྱིས་གནོད་སྦྱིན་མོ་དང་ཀླུ་ལ་སོགས་འགུགས་པར་བྱེད་དོ།། དེ་བཞིན་དུ་ཡམ་ཤིང་རྣམ་པ་ལྔས་ཀྱང་བྱེད་དོ།། རྟག་ཏུ་གོམས་པར་བཟླས་ན་ཚེ་འདི་ཉིད་ལ་སངས་རྒྱས ་ཀྱང་བསྒྲུབ་པར་བྱེད་པར་འགྱུར་རོ།། ཨོཾ་ཧྲིཿཧཱུཾ། སྔགས་ཀྱི་རྒྱལ་པོ་འདིས་འབྲས་བུ་མཉམ་པོ་སྟེར་བར་བྱེད་དོ།། ཨོཾ་ཧྲིཿམ་ཧཱ་མ་ཡ་ཡཀྐ། མ་ཧ་པ་ར་བད་ཏྱེ་ན་མ། རྗེ་བཙུན ་འཕགས་མ་སྒྲོལ་མའི་སྙིང་པོ་འདིས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཨོཾ་པྲ་ཀྲི་ཏི་པ་རི་ཤུད་དྷ། སརྦ་དྷརྨ་པྲ་ཀྲི་ཏི་པ་རི་ཤུདྷོ་ཧཾ། སརྦ་ཨ་ཧ་བྱ་ནན་ཏ་ས་ཏ་ཞེས་བྱ་བ ་འདིས་རྒྱུ་བ་དང་མི་རྒྱུ་བར་བཅས་པའི་སྣ་ཚོགས་དང་། བདག་ཉིད་གཞན་གྱིས་དག་པར་བསམས་ལ། པད་མ་དཀར་པོ་ཁྲུ་བདུན་པའི་ཚད་དང ་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་དབུས་སུ་ཕྱག་གཉིས་པ། པད་མ་དང་མཆོག་སྦྱིན་གྱི་རྣམ་པར་བརྒྱན་པ་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཅན་ལ ་གཅིག་ཏུ་གཞན་ལ་ཕན་འདོགས་པར་བཞུགས་པ། བསྒྲུབ་པ་པོ་རྣམས་ལ་མངོན་པའི་དངོས་གྲུབ་རྩོལ་བ་དགོས་པ་སྟོན་ཀའི་ཟླ་བ་ལྟར་དཀར་བ་ཙན་དན་དཀར་པོའི་འདི་གུས ་བྱུགས་ཤིང་མེ་ཏོག་གིས་བརྒྱན་པ། ནམ་བཟའ་དཀར་པོ་དང་མུ་ཏིག་གི་ཕྲེང་བས་ཐུགས་ཁར་མཛེས་པར་བྱས་པ། སྐ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་སྐ་ལས ་ཡོངས་སུ་སྤྲོས་པའི་འོད་ཟེར་སྟོང་གིས་མཐའ་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ་ལོ་བཅུ་གཉིས་ཀྱི་ན་ཆེད་དུ་འཁྲུངས་པའི་ཅན་གྱི་ངག་གི ་དབང་ཕྱུག་ཆེན་པོར་བདག་ཉིད་རྣམ་པར་བསམ་པར་བྱའོ།། འདུན་དུ་ཤེས་རབ་མ། གཡས་སུ་ཡིད་གཡུང་མ་དང་། རྒྱབ་ཏུ་བློ་ལྡན་མ་དང་། གཡོན་དུ་དྲན་པ་མ་གང ་དུ་སྨོས་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པའི་ལྷ་མོར། དེའི་འོག་ཏུ་ལྟེ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་དཀར་པོ་རྣམ་པར་བསམ་ལ ་དེ་ལས་བྱུང་བའི་ངག་གི་དབང་ཕྱུག་རང་བཞིན་མ་ལུས་པའི་ཕྲེང་བ་རྫུན་མི་འཆད་པར་བྱུང་བའི་རྣམ་པར་བསམ་ཞིང་གཅིག་པུ་དེར་ཕྱོགས་པའི་ཡིད་ཅན་གྱི་སྔགས་པས ་བདག་ཉིད་རང་གི་ལྟེ་བའི་དབུས་སུ་གནས་པ་མི་སྨྲ་བའི་བཟླས་པ་བྱས་ན་ཟླ་བ་གཅིག་ན་དབྱངས་ཀྱི་ངག་རང་དབང་དུ་ཐོབ་པར་འགྱུར་ཞིང་ཟླ་བ་གསུམ་གྱིས་ཚངས་པ་བསད་པས ་ཀྱང་འགྲུབ་པར་འགྱུར།། ཟླ་བ་དྲུག་གིས་དབྱངས་ཅན་དང་ངག་མཉམ་པར་འགྱུར་རོ།། རའི་འི་མ་ཨ་རུ་ར་ཚ་བ་གསུམ་ཡ་ཏ་ཤ་ཏ་སིག་ཀྲུ་སེན་དམ། ལན་བདུན་མངོན་པར ་སྔགས་པའི་མར་དག་ནི། མཐུངས་ན་དབྱངས་ཅན་འགྲུབ་པར་འགྱུར། རའི་འོ་མ་བྲེ་གང་དང་། སྨན་རྣམས་སྲང་གཅིག་ཙམ་གྱི་ཚད། མར་བྲེ་གང་དང་། མཁས་པ ་ཡིས།། རིམས་ཀྱིས་མེ་ཆུང་ལ་བསྐོལ་བྱ།། ཟླ་བ་གཅིག་གིས་ལོང་སྤང་ན།། བླ་མེད་ཚིག་ནི་ཐོབ་འགྱུར་ཞིང་།། ཟླ་དྲུག་ཉེ་བར་ལོངས་སྤྲད་ན།། ངག་གི་དབང་ཕྱུག་མངོན ་གསུམ་འགྱུར།། ཤུ་དག་ཤིང་དངར་སེན་དྷ་བ།། ཨ་རུ་ར་བཅས་སྒལ་ཕུད།། རུ་རྟ་པི་པི་ལིང་ཟི་རར་བཅས།། རྣམ་དག་ངག་ནི་དག་པར་བྱེད།། ལྷ་ལ་མེ་ཏོག་དྲི་བཟང་སོགས།། ་ནང་པར་ཡང་དག་མཆོད་ན་ནི།། ཟླ་དྲུག་གིས་ནི་ཐོས་འཛིན་བྱེད།། ཟླ་བ་གསུམ་གྱིས་ཚིག་བདག་འགྱུར།། ཟླ་བ་གཅིག་གིས་བློ་ལྡན་འགྱུར།། ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ། ་། དབྱངས་སྙན་པ་ནི་སྐྱེ་བར་འགྱུར།། གངས་ཅན་སྐྱེས་པའི་ཨ་རུ་འམ།། གངས་ཅན་སྐྱེས་པའི་ཤུ་དག་ལ།། ཐོ་རངས་ལན་བདུན་སྔོན་སྔགས ་ནས།། ཟླ་གཅིག་ཟོས་ན་ཟླ་དེ་ལ།། ཚིག་བདག་པོ་དང་ཡིད་བཞུངས་དང་།། དབྱངས་སྙན་ཤེས་རབ་ལྡན་པ་ཡང་།། སྐྱེ་བར་འགྱུར་ཞིང་ཟླ་དྲག་གིས།། ཐོས་པ་འཛིན ་པར་ཡང་འགྱུར་རོ།། ཨོཾ་བྷ་ག་བ་ཏི་ནི། བཙེ་མོ།། ཧྲི་ནི་ཡ་ཙ་ས་ར་སར་པ་ཏི་མ་ཧཱ་ཤ་ཏེ་སྭཱཧཱ། པད་མ་ལས་སྐྱེས་པའི་དཀར་པོའི་སྙིང་པོ་འདི་གང་དུ་བཤད་པའི་ལས་ཐམས ་ཅད་བྱེད་པར་འགྱུར་རོ།། ཨོཾ་ཨ་ག་མི་ལི་ནི། ཀ་ནི་ཀ་ནི། ཀྲི་ནི་ཀྲཱི་ནི་སྭ་ཧཱ། བཅོམ་ལྡན་འདས་དཔའ་བོ་ཅིག་ཏུ་གྲུབ་པ་གསུང་གི་རང་བཞིན་མ་ལུས་པའི་པུ་ཏི་བསྣམས ་པ།། ཕྱག་གཡས་པ་ན་ཤེས་རབ་ཀྱི་རལ་གྲི་ཕྱར་བ། གཞོན་ནའི་ཆ་ལུགས་འཇམ་པའི་རྡོ་རྗེ་བདག་ཉིད་བསམས་ལ། མདུན་དུ་ཉི་མའི་ཕྲེང་བ་དབྱངས་ཅན་མོ།། རྒྱབ ་ཏུ་དཔལ་ཆེན་མོ།། གཡས་སུ་སྐྲ་ཅན་མ་རྣམས་རྣམ་པར་བསམ་པར་བྱས་ཏེ། སྟོན་ཀའི་ཟླ་བ་ལྟར་དཀར་བ་བསྒོམ་པར་བྱའོ།། དེ་ལྟར་བསྒོམ་པ་ལ་གནས་ཤིང་ཉེ་བར ་གནས་པ་ཅི་འབྱོར་པའི་མཆོད་པ་བྱས་ཏེ། སྔོན་དུ་བསྙེན་པའི་ཆོ་གས་སྔགས་འདི་གོང་དུ་སྨོས་པའི་རིམ་པས་འབུམ་ཕྲག་གཅིག་བཟླས་པས་དབྱངས་ཅན་གྱི་མར་རམ། ་འབྲི་མོའི་མར་སྲང་གཅིག་ཙམ་ལ་ཡོངས་སུ་བཟླས་ཏེ་བདག་ཉིད་ལ་དབྱངས་ཅན་གྱི་ཕྱག་གིས་ཡོངས་སུ་རྟོག་ཅིང་ཏིང་ངེ་འཛིན་ལ་གནས་པས་བཏུང་བར་བྱའོ།། དེ་ལ ་འབྲི་མོའི་མར་འདི་ནི་འབྲ་མའི་ཁུ་བ་དང་། འོ་མ་དང་། མར་སྲང་བཅུ་གཉིས་དང་། ཡུང་ཀར་དང་ནི་མ་ལི་ཏེ། དྷེ་བ་དྷ་རུར་བཅས།། དེ་དག་ཆང་ནི་སྲང་རེ་དང་།། བི་བི ་ལིང་དང་བྱི་དང་ཀ། སེ་ན་བ་དང་ཀ་རར་བཅས།། དེ་དག་སྲང་ནི་བཞི་ཆར་བཅས།། དེ་ལ་འདི་དག་བླུག་པར་བྱ།། དེ་དག་ཐམས་ཅད་ཆ་མཉམ་པར།། ཆེ་ཆུང་དེ་ལ་བསྐོལ ་བར་བྱ།། དེ་ནས་ཐུངས་པ་ཙམ་གྱིས་ནི།། བླ་མེད་ངག་ནི་དག་འགྱུར་དང་།། མཚན་མ་ཉེ་བར་ལོངས་སྤྱོད་པས།། མི་འམ་ཅི་དང་སྐད་མཚུངས་འགྱུར།། ཟླ་གསུམ ་ཉེ་བར་ལོངས་སྤྱད་པས།། མི་ནི་ཤེས་རབ་གནས་སུ་འགྱུར།། ཟླ་གསུམ་རབ་ཏུ་སྦྱོར་བ་ཡིས།། ཐོས་པ་མཆོག་ནི་འཛིན་པར་འགྱུར།། ཟླ་བ་དྲུག་གིས་མངོན་སུམ་དུ།། ་མི་ནི་ངག་དབང་མཚུངས་པར་འགྱུར།། མཛེ་ཙན་བཅཝོ་བརྒྱད་དག་ཀྱང་ནི།། ཟ་བྱེད་ཚོན་པོ་བདུན་འཇོམས་བྱེད།། ཨོཾ་ཨ་ནན་ཏཾ་ཛྙཱ་ན་ཤྲི་ཡེ་ན་མ།། གོང་དུ་སྨོས་པའི་ལྷ་མོ། ་གཉིས་བསྐོར་བའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་བསམ་ནས། སྔར་བཤད་པའི་རིམ་པས་སྔགས་བཟླས་པ་བྱས་ན་གོང་དུ་སྨོས་པའི་ལས་བྱེད་པར་འགྱུར་རོ།། སོ་སར་བཅད ་དྷི་སྭཧཱ། དབེན་པར་དཀྱིལ་འཁོར་བཅས་ཏེ་བཅོམ་ལྡན་འདས་ངག་གི་དབང་ཕྱུག་དང་བླ་མ་རྗེ་བཙུན་ཡཱ་དག་པར་མཆོད་དེ། བདེ་བའི་སྟན་ལ ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ།། དེ་ནས་ཨོ་སྭ་བྷ་བ་ཤད་དྷོ་སརྦ་དྷརྨ་ཤུད་དྷོ་ཧ~ཾ།། ། ཞེས་པའི་སྔགས་ལན་གསུམ་བར་དུ་བརྗོད་དོ།། བདག་དང་འཇིག ་རྟེན་རང་བཞིན་གྱིས་བླར་དག་པར་བསམ་ལ་སྟོང་ཉིད་མངོན་སུམ་དུ་བྱས་ནས་པད་མ་དཀར་པོའི་སྟེང་དུ་ཟླ་བའི་དཀྱིལ་གྱི་སྟེང་ན་བཞུགས་པའི་སྐུ་མདོག་དཀར་མོར་རྣམ་པར ་བསམ་མོ།། མདུན་དུ་ཉི་མའི་འོད་སྐ་མདོག་དཀར་མོ་ཉི་མའི་དཀྱིལ་འཁོར་ལ་བཞགས། ཨུད་པ་ལ་བསྣམས་པ་དང་། རྒྱབ་ཏུ་ཟླ་བའི་འོད་ཟླ་བའི་དཀྱིལ་འཁོར ་ལ་བཞུགས་པ། ཨུད་པ་ལ་བསྣམས་པ་རྣམ་པར་བསམ་པར་བྱའོ།། དེ་ནས་རང་གི་སྙིང་ལ་འབར་བའི་ཕྲེང་བའི་ཚོགས་ཡོངས་སུ་འཕྲོ་བའི་ཡི་གེ་ཨ་ཡོངས་སུ་གྱུར ་པར་བསམས་ལ། དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབ་བརྒྱད་པ་དག་གི་རང་བཞིན་མ་ལུས་པ་རྣམ་པར་སྨྲས་པ་ཡོངས་སུ་གསལ་བར་བྱེད་པ་རྣམ་པར་བསམ་པར་བྱའོ།། ། ་དེ་ལྟར་གོམས་པར་བྱས་ལ་ཟླ་བ་དྲུག་གིས་སྔོན་མ་ཐོས་པའི་སྟན་ཆོས་ཐམས་ཅད་ཀྱང་གཞུང་གི་སྒོ་ནས་མངོན་སུམ་འགྱུར་ཞིང་ལོ་གཅིག་གི་ངག་གི་དབང་ཕྱུག་དང་མཚུངས ་པར་འགྱུར་རོ།། ཨ་ར་པ་ཙ་ནའི་འཁོར་ལོའི་ཆོ་གའོ།། ཨོཾ་ཝ་ཀི་ཤྭ་རི་མུམ་སྔགས་འདི་སྔ་མ་བཞིན་དུ་བཟླས་ན་གོང་དུ་སྨོས་པའི་འབྲས་བུ་རྣམས་འབྱིན་པར་འགྱུར་རོ།། ་འཁོར་ལོའི་དབུས་སུ་ཡི་གེ་མུཿའབར་བའི་ཕྲེང་བའི་ཚོགས་ཅན་ལྟ་བར་བྱའོ།། ཤེས་རབ་ཀྱི་འཁོར་ལོའི་ཆོ་གའོ།། ཨོཾ་དྷརྨ་དྷ་ཏུ་བ་གི་ཤྭ་རི་མུཾ། སྔར་བཤད་པའི་རིམ ་པས་ལྷ་ལྔ་པོའི་བདག་ཉིད་དུ་བསམ་པ་ལ་ཡི་གེ་མུའི་སྙིང་པོ་ཅན་གྱི་འཁོར་ལོ་རྩིབས་དྲུག་པ་བསམ་པར་བྱའོ།། དེ་ལྟར་རྣམ་པར་བསམ་དུ་གཞུགས་ན་རྒྱལ་བར་འགྱུར་རོ།། ་དོན་གང་ཡང་རུང་བ་ལ་གཏོར་མ་བྱས་ན་དེ་འགྲུབ་པར་འགྱུར་རོ།། དགེ་བ་དང་མི་དགེ་བའི་ལས་གང་འདོད་པ་དེ་བཟླས་པ་ཙམ་གྱིས་འགྲུབ་བོ།། ཨོཾ་ཀ་ཤེ་སྨན་དང་། ཀུ་ཤེས་སྦྲན ་ད་ཏ་ཤུ་ནྱ་བེ་མྦ་ནི། མ་མ་ཏན་ཏ་ཐ་སྤན་ད་ཡ་ཐཱ། སྤན་ད་ཡི་བཛྲི་ནི་སྭ་ཧཱ། མིག་འགུལ་ན་འདིས་བྱབས་པས་ཞི་བར་འགྱུར་རོ།། ཨོཾ་ཛཾ་བྷ་མོ་ཧེ་ཧྲྀ་ད་ཡ་མཱ་གྲ་ཏ་ནི་ཧཱུཾ་ཕཊ་སྭཧཱ། ་སྔགས་ཀྱི་རྒྱལ་པོ་འདི་བྱ་རོག་གི་སྒྲ་མི་གྲག་པའི་དུས་སུ་ལན་གསུམ་མངོན་པར་སྔགས་པའི་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་ཡིད་དུ་འོང་བར་འགྱུར་རོ།། པད་མ་དཀར་པོའི་སྐད ་པའི་ལ་བའི་མར་གྱིས་བྱུགས་ཏེ་སྐར་མ་རྒྱལ་ལ་མ་མེའི་དུ་བ་བླངས་ཏེ་བརྒྱ་རྩ་བརྒྱད་བཟླས་ནས་མིག་ལ་བྱུགས་ན། བུད་མེད་ཐམས་ཅད་ཀྱི་ཡིད་འཕྲོག་པར་འགྱུར་རོ།། ་ཁ་འོག་ཏུ་བལྟ་བའི་མེ་ཏོག་ཅན་གྱི་རྩ་བ་དང་། ཤི་རི་ཁ་དྷ་སྐར་མ་རྒྱལ་ལ་སྦྱར་ཏེ་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་ནས་ཐིག་ལེ་བྱས་ན་རྗེས ་བོ་འཁྲོས་པ་ཡང་དད་པར་བྱེད་དོ།། འཐབ་པ་དང་འཁྲུག་པ་དང་། བརྩོད་པ་ལས་རྒྱལ་བར་འགྱུར་རོ།། ཆོ་ག་བཞིན་དུ་རྟག་ཏུ་བཟླས་ན་གྲོང་ཁྱེར་བསྐྱོད་པར་འགྱུར་རོ།། ་ཨོཾ་སུཾ་བྷ་ནི་སུཾ་བྷ་ནི་ཛཾ་བྷ་ནི་ཛཾ་བྷ་ཨ་མོ་ཧ་ཡ་རཀྐ་ཡ་མཱཾ་བ་ར་དེ་སདྷ་ལོ་ཙ་ནི་སྭ་ཧཱ། སྤྱན་མའི་སྙིང་པོ་སྟེ་འཇིགས་པ་ཐམས་ཅད་སེལ་བར་བྱེད་དོ།། ཞེས་བྱ་བ་དཔའོ་ཅིག ་ཏུ་གྲུབ་པ་རྒྱུད་ཀྱི་རྒྱལ་པོ་ལས་རིམ་པར་ཕྱེ་བ་དང་པོའོ།། རབ་འགྱུར་གུས་པའི་སངས་རྒྱས་ལ།། བླ་མ་ལ་གུས་བརྩོན་ལྡན་ཞིང་།། ཡོན་ཏན་དང་ལྡན་སློབ་མ་ལ། ་སྔགས་ཀྱི་རྒྱལ་པོ་རབ་བསྟན་བྱ།། ཨོཾ་ལྷའི་ཟླ་བ་དྲི་མ་མེད་པ་ལ་ཕྱག་འཚལ་ལོ།། བདེན་པས་འཇིག་རྟེན་འཛིན་པ་ཉིད།། བདེན་པས་ཡོངས་སུ་བཟུང་བ་ཉིད།། བདེན ་པས་ཆོག་གི་འཇིག་རྟེན་གནས།། བདེན་པས་ཚངས་པ་རྟག་ཏུ་གནས།། བདེན་པས་སངས་རྒྱས་དང་ནི་ཆོས།། ཡོན་ཏན་རྒྱ་མཚོ་དགེ་འདུན་ཏེ།། བདེན་པའི་བདེན ་ཚིག་འདི་ཡིས་ནི།། མེ་ལོང་ལ་ནི་མྱུར་དུ་ཞུགས།། །། ཏད་ཡ་ཐཱ། ཨོཾ་ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མེ་རུ་མ་ཎ་ད་ར། པྲ་ཏི་ཀ་ས་ཨ་བི་ཤ་ཨ་བི་ཤི། ཀེ་ལཱ། ་ཤ་ཀུ་ཊ་པུ་ཏ་ཡ་ན་མ།། བདག་གི་དོན་ནམ་གཞན་གྱི་དོན།། དགེ་འམ་ཡང་ན་མི་དགེ་བ།། བདག་གི་དོན་ནི་གང་བསམ་པ།། དེ་དག་ཐམས་ཅད་བདེན་པར་གསུངས།། ་སྔ་དྲོས་ཕྱོགས་གཙང་མར་མཎྜལ་བྱུགས་ཏེ། བུམ་པ་བཞག་ལ་ཡང་དག་པར་མཆོད་དེ། བུ་མོ་གཞོན་ནུ་མ་གྲོང་པའི་ཆོས་ཀྱིས་མ་གོས་པ་གཅིག་ལ་ཁྲུས་བྱས ་ལ།། གོས་གཙང་མ་བགོ་ཞིང་། ཙན་དན་དཀར་པོས་ལུས་ལ་བྱུགས་ལ། དྲི་བཟང་པོའི་མེ་ཏོག་མགུལ་བར་བཏགས་ཏེ་བསྟན་ཤིང་མཎྜལ་བསམ་པའི་དོན ་སྟོན་པར་བྱེད་དོ།། དགོངས་ཀ་མགོ་བོའི་གནས་སུ་མཎ་ཌ་ལ་བྱུགས་ཏེ། བཅོམ་ལྡན་འདས་ལྷའི་བུ་དྲི་མ་མེད་པ་ལ་ཡང་དག་པར་མཆོད་དེ། བརྒྱ་རྩ་བརྒྱད་བཟླས ་ནས་ཉལ་ན་དགེ་བ་དང་མི་དགེ་བ་བསམ་བཞིན་སྟོན་པར་བྱེད་དོ།། རྟག་ཏུ་བཟླས་པ་རྣམས་ལ་འཇིག་རྟེན་གསུམ་གྱི་སྤྱོད་པ་འཆད་པར་བྱེད་དོ།། ཨོཾ་ཤྲ་པ་ཎ་པི་ཤ་ཅི་ནི ་མུན་ཌེ་སྭཧཱ། བ་རུ་རེའི་ཤིང་དྲང་ངམ་ནྱ་གྲོ་ཏའི་ཤིང་དུ་བསྡད་ལ་སྨྲ་བཅད་བྱས་ཏེ། འབུམ་བཟླས་ན་འགྲུབ་པར་འགྱུར་རོ།། འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང ་སྣང་བར་བཤད་དོ།། ཡང་ན་འཁྲུས་བྱས་ཏེ་གོས་གཙང་མ་བགོས་ནས་དབེན་པར་ཁྲི་བཟླས་ན་འགྲུབ་པར་འགྱུར་རོ།། མཚན་མོ་རུ་རྟ་ལ་བརྒྱ་རྩ་བརྒྱད་བཟླས ་ཏེ་རང་གི་གདོང་བཀྲུས་རྐང་པ་བྱུགས་ལ། སྨྲ་བཅད་བྱས་ཏེ་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྨྲ་བར་བྱེད་དོ།། ཨོཾ་ན་མ་ས་པ་ཏ་ནཾ་སཾ ་མྱག་སཾ་བྱཱད་ཌ་ཀོ་ཌི་ནཾ། ཏདྱ་ཐཱ། ཨོཾ་ཙ་ལེ་ཙ་ལེ་ཙུན་དེ་མ་ཧཱ་བི་དྱ་སེ་ཏྱ། བཱ་དི་ནི། བ་ར་ཏེ་ཀ་ཐ་ཡ་ཀ་ཐ་ཡ་སྭཧཱ།། ། སྔར་གསུངས་པའི་ཆོ་གས་མེ་ལོང་ངམ་རལ་གྲི་འམ། ་མར་མེ་འམ་ཆུའི་སྣོད་མ་མཐོང་བ་སྟོན་པར་བྱེད་དོ།། བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ཆུས་གདོང་པ་བཀྲུས་ཏེ་མི་སྨྲ་བར་ཉལ་ན་དགེ་བ་འམ་མི་དགེ་བ་རྨི་ལམ་དུ་མཐོང ་ངོ་།། ཨོཾ་མུ་ཙི་ལི་སྭ་ཧཱ། མོ་ཧ་ནི་སྭཧཱ། ཏད་ཏི་ལི་སྭཱཧཱ། སྔགས་འདི་ཁྲི་བཟླས་ན་འགྲུབ་པར་འགྱུར་རོ།། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད ་པ་རྒྱ་ཆེན་པོ་བྱས་ཏེ། ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ནས། དོན་ཡིད་ལ་བྱས་ཏེ་བཟླས་ཞིང་མི་སྨྲ་བར་ཉལ་ན་རྨི་ལམ་དུ་བཅོམ་ལྡན ་འདས་མངོན་སུམ་དུ་མཐོང་ཞིང་དགེ་བ་དང་མི་དགེ་བ་ཡང་སྟོན་པར་བྱེད་དོ།། ཨོཾ་པྲ་ཙ་ལ་ཧཱུཾ་ཕཊ། བཅོམ་ལྡན་འདས་འཇིག་རྟེན་མགོན་པོ་སྙིང་པོ་འདི་ས་ཡ་ཕྲག ་གཅིག་བཟླས་ན་འགྲུབ་བོ།། སྔར་བརྗོད་པའི་ཆོ་གས་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་བྱེད་དོ།། ཨོཾ་ན་མཿས་མན་ཏ་བྷད་དྷ་ན་མ་ཨ་པ་ཏི་ཧ་ཏ་ཤ་ས་ན་ནི། ་ཏདྱ་ཐཱ། ཨོཾ་ཀུ་རུ་མ་ར་རུ་སི་ན་ད་ར་ཤ་ཡ། ཨད་མ་ནཾ་བྷི་བྷ་ཏི་ས་མུད་བྷ་བ་ཡ་ས་པ་ནི་བི་བེ་ད་ཡ་ཡ་ཐཱ་བྷ་ཏཾ་ཧུཾ་ཧཱུཾ་ཕཊ་ཕཊ་སྭཧཱ། རྗེ་བཙུན་འཇམ་དཔལ་གྱི་ཐང་ཁ་འམ། ་སྐྲ་གཟུགས་སམ་རིང་སྲེལ་ཅན་གྱི་མཆོད་རྟེན་གྱི་དྲུང་དུ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ཏེ་བདུན་ནམ་བརྒྱ་རྩ་བརྒྱད་བཟླས་ན་རང་གི་རྨི་ལམ་མཐོང་ཞིང་གཞན་ལ་ཡང ་སྟོན་པར་བྱེད་དོ།། ཨོཾ་ཀརྣ་བ་ཤོ་ཙི་ཀརྣ་མེ་ཀ་ཤ་ཡ་ཧཱུཾ་ཕཊ།། ཤ་ཟའི་ཤིང་གི་འོག་ཏུ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་གྱིས་མི་སྨྲ་བར་འདུག་སྟེ། ་ཉ་དང་། ཤ་དང་། སྲན་ཆུང་གི་གཏོར་མ་ལ་མངོན་པར་སྔགས་ཏེ། དེ་ལ་བྱིན་ན་ཐུན་གསུམ་སྔགས་བཟླས་ན་ཉི་མ་དང་པོ་ལ་རྟགས་སྟོན་ཏོ།། དེ་ནས་འོངས་ཏེ་འགྲུབ་པར ་འགྱུར་རོ།། དེ་ནས་བརྩམས་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་རྣ་བར་འཆད་པར་བྱེད་དོ།། དྲི་ཟ་བསད་པས་ཀྱང་ཞག་ཉི་ཤུ་རྩ་གཅིག་གིས་འགྲུབ་པར་བྱེད་དོ།། ། ཨོཾ་ཙ་ཏར་བུ་ཛ ་ཥ་ཌ་མུ་ཁ་བི་ཀྲི་ཏ་ནན་ཀརྞྞ་པི་ཤ་ཙི་མ་ཀ་ར་ཥ་ཡ་ཧཱུཾ་ཕཊ། དུར་ཁྲོད་དུ་བཤིན་རྗེ་གཤད་ཀྱི་ཐང་ཀའི་མདུན་དུ་བཟླས་པ་བྱས་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་རྣ་བའི་ཟབ་མོ་འགྲུབ ་པར་བྱེད་དོ།། ཨོཾ་བྷེད་དཱ་ཙུ་ར་མཱ་རེ་ཀེ་སྭ་ཧཱ། རིང་སྲིལ་དང་བཅས་པའི་མཆོད་རྟེན་ནམ། རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་སྔོན་དུ་བསྙེན་པ་ཁྲི་བཟླས་ཏེ། ཕྱིས་ཇི་ལྟར་འབྱོར ་པའི་མཆོད་པ་བྱས་ལ་ཉལ་བའི་དུས་བརྒྱ་རྩ་བརྒྱད་བཟླས་ཏེ། སྔོན་དུ་གར་སྐྱེས། ཕྱིས་གང་དུ་སྐྱེ་བར་འགྱུར།། ཞེས་བསམས་ལ་ཉལ་ན ་རྨི་ལམ་དུ་སྐྱེ་བ་སྣང་བར་ཐེ་ཚོམས་མེད་དོ།། གལ་ཏེ་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་ན་རང་ངམ་གཞན་འགྲོ་བ་ཡན་ཆད་དང་བྲལ་བ་རྨི་ལམ་དུ་མཐོང་ངོ་།། དེ་ལྟར ་མེ་ལོང་ལ་མངོན་པར་སྔགས་ཏེ་བལྟས་ན་གཞོན་ནུ་མ་འམ། གཞོན་ནུམས་གྲེ་བ་དང་བྲལ་བར་མཐོང་བ་དེ་ཟླ་བ་དྲུག་ན་འཆིའོ།། ཤྲོ་ཏ་ཉ་ཛ་ན་དང་། ཨག་བྱ་དཀར་པོའི ་ག་ཤིང་གི་རྩ་བ་ལ་རིལ་ལུ་བྱས་ལ་བརྒྱ་རྩ་བརྒྱད་བཟླས་ཏེ། མིག་ལ་སྐས་ན་ཟླ་བ་དྲག་གི་ནང་དུ་རྐང་གཉིས་པ་འམ། རྐང་བཞི་པ་གང་འཆི་བ་དེ་དག་གི་མགོ་བོ་མེད་པར ་མངོན་སུམ་དུ་མཐོང་ངོ་།། ཨོཾ་ས་པ་ན་པ་ལོ་ཀཱི་ནི་སི་དྷི་ལ་ཙ་ནེ་ས་པ་ནཾ་ཀ་ཐཱ་ཡ་སྭཱ་ཧཱ།། ། སྔགས་ཀྱི་རྒྱལ་པོ་འདི་སྔར་བརྗོད་པའི་ཆོ་གས་ལས་བྱེད་དོ།། ཨོཾ་ཨ་དི་ཏི་ལྷ་སྤྲིན ་བདག་ལ་བྱིན་ཅིག་སྟེར་དུ་ཆུ་གཅིག་སྭས། ཆུའི་ནང་དུ་བསྡད་ལ་ནུབ་མོ་གང་ཡིད་ལ་བྱས་ཤིང་བཟླས་པ་དེ་དེ་ལ་སྟེར་བར་འགྱུར་རོ།། ཡི་གེའི་གྲངས་འབུམ་ཕྲག་གཅིག་བཟླས ་པབྱའོ།། པྲི་ཡང་ཀུའི་མེ་ཏོག་གི་སྦྱིན་བསྲེགས་སམ། པ་ལ་ཤའི་མེ་ཏོག་གི་སྦྱིན་བསྲེག་འབུམ་བྱས་པས་དཔལ་ཆེན་པོ་ཐོབ་པར་འགྱུར་རོ།། འོ་མ་ཅན་གྱི་ཤིང་། ་གིས་བསྲེགས་བྱ་ཞིང་བཟླས་པས་ཡུལ་ཡིད་ལ་བྱེད་པ་དེ་འཐོབ་བོ།། པད་མ་འམ་བིལ་བའི་འབྲས་བུའི་སྤྲིན་བསྲེག་འབུམ་བྱས་ན་རྒྱལ་རིགས་ཀྱི་རྒྱལ་སྲིད་འཐོབ་བོ།། ་གཞན་གྱི་དཔལ་རྒྱ་ཆེན་པོ་འཐོབ་བོ།། ཇི་ལྟར་བསྙེད་པའི་མེ་ཏོག་གིས་སྦྱིན་བསྲེག་འབུམ་ཕྲག་བདུན་གྱིས་འབྱོར་པ་མི་ཟད་པར་འགྱུར་རོ།། ཨོཾ་ཛ་ཡེ་ཛ་ཡེ། ཨོ་ཛ་ཡེ ་ཨ་པ་ར་ཛི་ཏེ་སྭཱ་ཧཱ། སྲིང་མོ་བཞིའི་སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་ག་འབུམ་ཕྲག་བཞི་བཟླས་ན། གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ་ཨོཾ་མེ་གོ་ལ་ཀ་ཡ་སྭ་ཧཱ།། པ་ལ་ཤའི་མེ་ཏོག་ག་མ། ཤམ་ཤིང་གིས་སྤྲིན་བསྲེག་འབུམ་ཕྲག་གཅིག་བྱས་ན་གསེར་སྲང་འབུམ་རྙེད་པར་འགྱུར་ཞིང་། བུ་མོ་དོན་དུ་གཉེར་བར ་འདོད་པ་ཡང་བུ་རྙེད་པར་འགྱུར་རོ།། ཨོཾ་ཀ་མ་ལ་བ་སི་ནི། ཀ་མ་ཧ་ཡ་ཀྲཱི་ར། ཛ་མ་ཧ་དེ་ཧཾ་བ་ར་དེ་སྭཱ་ཧཱ།། །། སྔགས་འདི་ནི་དཔལ་ཆེན་མོའི་སྙིང་པོའོ།། རྟག་ཏུ་བཟླས་པ ་བྱས་ན་ཕུན་སུམ་ཚོགས་པའི་མཆོག་རྙེད་པར་འགྱུར་རོ།། རས་བལ་གྱིས་ས་བོན་གྱི་ཚད་ཙམ་གྱི་རིལ་བུ་དང་རལ་བཏག་པའི་སྦྱིན་བསྲེག་འམ། པད་མའི་སྦྱིན་བསྲེག་འབུམ་གྱིས་རྒྱག ་སྲིད་འགྲུབ་པར་འགྱུར་རོ།། ཨོཾ་ནན་ཏི་ནི་བ་ར་དེ། ཀི་ནི་ཀི་ནི། ཁི་ནི་ཁི་ནི། པྲི་ཡཾ་མེ། དད་པ་བ་སུ་ཤུད་ཏཱང་། རྒ་མའི་སྙིང་པོའི་སྔགས་འདི་ནི་གོང་དུ་བཤད་པའི་ལས་ཐམས ་ཅད་འགྲུབ་པར་འགྱུར་རོ།། ཨོཾ་ཛཾ་བ་མོ་ཧེ་སྭ་ཧཱ། རྗེ་བཙུན་མ་སྒྲོལ་མའི་ཀ་ར་བི་རའི་མེ་ཏོག་གིས་མངོན་པར་མཆོད་དེ། སྔགས་ཀྱི་རྒྱལ་པོ་ཡི་གེ ་འདི་འབུམ་བཟླས་ན་ཡིད་ལ་རེ་བ་རྫོགས་པར་བྱེད་དོ།། ཨོཾ་བ་སུ་དྷ་ར་ནི་སྭཧཱ། ཨོཾ་བ་སུ་སྭ་ཧཱ། ཨོཾ་བ་སུ་ཤྲི་ཡེ་སྭཧཱ། ཨོཾ་ཤྲི་བ་སུ་མུ་ཁེ་སྭཧཱ། ཨོཾ་བ་སུ་བ་ཏི་སི་ཡེ་སྭཧཱ། ་བདག་ཉིད་འཛམ་པ་ལའི་གཟུགས་སུ་བསྒོམས་ལ་རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་བ་སུ་དྷ་ར་གསེར་གྱི་མདོག་ཅན་ཕྱག་གཉིས་ན་མཆོག་སྦྱིན་པ་དང་། གཡས ་ཀྱི་འབྲས་ཀྱི་སྙི་མ་བསྣམས་པ་བསྒོམས་ནས། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་ལ་སོགས་ཕྱོགས་སུ་ལྷ་མོ་བཞིས་བསྐོར་བ་བསྒོམས་ན་ཡིད་ལ་རེ་བ་རྫོགས་པར ་བྱེད་དོ།། བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་ལ་སོགས་པའི་ཚད་དུ་བྱས་ལ་དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ། སྟོང་ཕྲག་བཞི་བཟླས་པ་བྱས་པ་ན། ཟླ་བ ་དྲག་ན་ཡིད་ལ་རེ་བ་རྫོགས་པར་བྱེད་དོ།། ཇི་ལྟར་རྙེད་པའི་མེ་ཏོག་གིས་འབུམ་བཞི་བྱས་ན། དཔལ་ཆེན་པོར་འགྱུར་ཞིང་ཡི་གེ་འབུམ་བཟླས་ན་དཔལ་ཆེན་པོ་འགྲུབ ་བར་བྱེད་དོ།། གུ་གུལ་གྱི་རི་ལུས་སྦྱིན་བསྲེག་འབུམ་བྱས་ན་ཡིད་ལ་རེ་བ་རྫོགས་པར་འགྱུར་རོ།། ཨོཾ་བ་སུ་དྷ་རི་ནི་ཡ་མུ་ཀི་མ་ཀ་ན་ནེ་དེ་ཧི་ད་ར་ས་ཡ་སརྦྦ།། སྔགས ་འདི་ཆུའི་ནང་དུ་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བཞི་ངེས་པར་སྦྱིན་བསྲེག་བྱས་ན། མངོན་པར་འདོད་པའི་བུ་མོ་བརྙེད་པར་འགྱུར་རོ།། མཚན་མོ་འོ་མ་ཅན་གྱི་ཡམ ་ཤིང་གིས་གྲོང་ཁྱེར་གྱི་མིང་ནས་སྨོས་ན་སྔར་བཤད་པའི་འབྲས་བུ་རྣམས་བསྐྱེད་པར་འགྱུར་རོ།། ཨོཾ་བཛྲ་ཏིཀྲ་པ་དཱ་མུ་སྭ་ཧཱ། བདག་ཉིད་ཡི་གེ་མུ་ཡོངས་སུ་གྱུར ་བ་ལས་མེའི་དཀྱིལ་འཁོར་གྱི་ཕུང་པོ་ལྟ་བུས་ཕྱོགས་དེ་ལ་སྣང་བར་བྱེད་པ་ངག་གི་དབང་ཕྱུག་དཔའོ་ཅིག་པུར་ཡུད་ཙམ་རྣམ་པར་བསམ་ལ། རང་གི་སྙིང་ཁར་ཡི་གེ་ཨོཾ་ལས ་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་བརྒྱ་སྟོང་གིས་རྣམ་པར་སྤྲས་པ། འཇིག་རྟེན་གྱི་ཁམས་ཆོ་ག་སྔ་མ་བཞིན་དུ་བྱས་ལ་དུས་གསུམ་དུ་ཚ་ཆུ་ཁྱོར་བ་གསུམ ་གང་གི་མིང་ནས་འཐུངས་ན་དེ་དབང་དུ་འགྱུར་རོ།། ཚ་དང་སྐྱེ་ཚེ་ཆ་མཉམ་པར་བྱས་ལ་གང་གི་མིང་ནས་སྦྱིན་བསྲེགས་བྱས་ན་དབང་དུ་འགྱུར་རོ།། ཨོཾ་ཀུ་རུ་ཀལླེ་ཧྲིཿསྭཱ་ཧཱ། ་རྗེ་བཙུན་མ་འཕགས་མ་སྒྲོལ་མའི་སྙིང་པོ་སྲིད་པ་གསུམ་དབང་དུ་བྱས་པའི་ལས་ཐམས་ཅད་ཐོགས་པ་མེད་པར་ནུས་པར་གྲགས་པ་སྔར་སྨོས་པའི་ཏིང་ངེ་འཛིན་ལ་གནས་ཏེ། ་ཡི་གེ་འབུམ་བཟླས་པ་བྱས་ནས་བྱིས་མེ་ཏོག་དང་བདུག་པ་དང་། བྱུག་པ་དང་བྱེ་མ་དང་། སོ་རྩི་ལ་སོགས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྤོས་དྲི་ཞིམ་པོས་བདག ་དུ་བྱ། ཉིད་ལ་བདུགས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། མེ་ཏོག་དམར་པོའི་སྤྲིན་བསྲེགས་གང་གི་མིང་ནས་བྱས་པ་དེ་དབང་དུ་འགྱུརརོ།། ། ་བཟའ་བ་དང་བཏུང་བ་ལ་མངོན་པར་སྔགས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ།། སྐྱེས་བུ་ཆེན་པོ་དེ་དབང་དུ་བྱེད་པ་ལ་ཉུངས་དཀར་གྱི་སྦྱིན་བསྲེགས་བྱའོ།། ཕྱིས ་ཚེས་གྲངས་དང་སྒྲ་སྐར་དང་ཞག་བཟང་པོ་ལ་བཅོམ་ལྡན་འདས་ལ་མཆོད་པ་ཆེན་པོ་བྱས་ཏེ་གྲོ་ག་འམ། གོས་ལཾ་གུར་གུམ་འམ་གྷི་ཧཾ་ང་གདེ་རུང་ལ་སོགས་པས་ཡུད་པ ་ལའི་རྩིབས་བཅུ་དྲུག་པའི་འཁོར་ལོའི་དབུས་སུ་བསྒྲུབ་པོ་དང་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བྲི་བར་བྱའོ།། འདབ་མ་རྣམས་ལ་ཀུ་རུ་ཀུལླེ་ཞེས་བྱ་བའི ་ཡི་གེས་བརྟེན་པའི་དབུས་སུ་བསྒྲུབ་བྱ་གཅིག་པུའི་མེང་བྲི་བར་བྱའོ།། ཕྱི་རོལ་ཏུ་ཡི་གེ་ཨོཾ་རིམ་པ་གསུམ་དུ་བྱས་པའི་འཁོར་ལོ་ལ་སྐུད་པ་དམར་པོས་བཅིངས་ནས ་སྤྲ་ཚིལ་གྱི་གཟུགས་ཀྱི་སྙིང་ཁའི་དབུས་སུ་བཅུག་ལ་སེང་ལྡེང་གི་མེ་འདག་ལ་དུས་གསུམ་དུ་བསྲོས་ན་རྐང་པས་འགུག་པར་བྱེད་དོ།། སྐྱེས་པ་འམ་བུད་མེད་དབང ་དུ་བྱེད་ན། ཟངས་མའི་ཁབ་ཀྱི་རྐང་པ་ཕུག་ལ་བསྲོས་པས་དབང་དུ་འགྱུར་རོ།། ཡི་གེ་ཡམ་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡོངས་སུ་བསམ་པ་ལ་དེའི་སྟེང ་དུ་བསྒྲུབ་པར་བྱེད་སྐབཤིག་ཅིང་གཅེར་བུ་མགྲིན་པ་ཞགས་པས་བཅིངས་པ། སྙིང་ལ་ལྕགས་ཀྱུས་བསྣུན་པ། རླུང་གི་ཤུགས་ཅན་གྱི་སྔགས་ཀྱིས་ཐམས་ཅད་དྲངས་ཏེ། ་བསྒྲུབ་པའི་རྐང་པར་ལྷགས་པར་བསམ་པར་བྱའོ།། གོམས་པར་བྱས་པས་ནམ་མཁའ་ལ་འདྲེན་མ་ལུས་པ་སྣང་བར་བྱེད་པ་རྣམ་པར་བསམས་ན་ཟླ་བ་དྲག་གིས། ་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར། སྔར་སྨོས་པའི་འབྲས་བུ་རྣམས་འདིར་བསྐྱེད་པར་འགྱུར་རོ།། །། དཔའ་བོ་གཅིག་ཏུ་གྲུབ་པའི་རྒྱུད་ཀྱི་རྒྱལ ་པོ་ལས་ལེའུ་གསུམ་པ་རྫོགས་སྷོ།། ། ཨོཾ་མ་བ་ན། ཨོཾ་བ་སོ་སི་ཏིཀྵ་ནོ་སི། ཨུད་དགྲོ་སཽ། པ་ས་ཀ་ར། ཨུ་མུ་ཀ ་རུ། ཏ་ཧ་ག་ཏྲ་ན། ད་ཧ་མན་སམ། ད་ཧ་ཏེ་ཙ་ན་ཁ་ནྟ་སི་ད་ག་ཨཥྞཱི་ནི་བྷྱོ་མན་ཛ། ཀཾ་དཧ། ལ་བ་ནཾ་བ་ཏ་ཏི། ལ་ནེ་བཙ་ཏི། ཤོ་ནི་ཏཾ་ལ་བོ་ཏི། ད་ཧྱ་མ་ནི་ཧི། ཀུ་ཏོ་ནི་ཏྲ། ་ཀ་ཏོ་ར་ཏི། ཨ་ཏི་བ་ས་ཏེ། ལོ་ཙ་ན་ཤཾ་དེ་ན་དི་ནཾ་ཙ། ཤ་ཏན་ཏ་རེ་ན་ག་རེ་ལོ་ཧ་པྲ་ཀ་ཏེ། ཀྲི་སྣ་སརྦ་ཀྲི་ཧཱ་ར་ག་ལཱཾ། ག་ཏད་ཏྲེ་བྷ་བ་པ་མ་ཎེ་ཧི། ལ་བ་ནཾ་ཙྪི་ན་ད་ནུ་རས ་ཀྲྀ་ཏེ། ཨོཾ་ཙི་ཌི་ཙི་ཌི། བ་ལོ་ལི། ཨ་མུ་ཀ་མུ་ཀ་སྱཱ་དན་ཏ་རི། བ་རཾ་བེ་བ་བ་ས་མ་ན་ཡ་སཧཱ།། སྔོན་དུ་བསྙེན་པའི་ཆོ་ག་ཁྲི་བྱས་ལ། དེའི་འོག་ཏུ་བསྒྲུབ་པ ་བརྩམས་པར་བྱའོ།། ། མེ་ཏོག་དང་ལྡན་པའི་ཤིང་མྱ་ངན་མེད་ཀྱི་རྩ་བར་ཞུགས་པའི་རྗེ་བཙུན་སྤྱན་རས ་གཟིགས་སྐུ་མདོག་དམར་པོ།། ཕྲེང་བ་དང་། ན་བཟའ་དམར་པོ།། རྒྱན་གྱི་རྗེས་སུ་བཞུགས་པ། ཕྱག་བཞི་པ། ཞགས་པ་དང་། ལྕགས་ཀྱུ་དང་། ་གཞུ་དང་། མདའ་རྣམས་བསྒེག་པའི་ཆ་ལུགས་ཅན། སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་དང་བཅས་པར་བདག་ཉིད་བསམས་ལ། དུས་གསུམ་དུ་ཚ་བའི་སྦྱིན་སྲེག ་བརྒྱ་རྩ་བརྒྱད་བྱས་ན། ཉི་མ་བདུན་གྱིས་སྐྱེས་པ་དང་། བུད་མེད་དབང་དུ་འགྱུར་རོ།། ཞག་ཉེར་གཅིག་གིས་སྐྱེས་བུ་ཆེན་པོ་དུས་གསུམ་དུ་ཚ་བའི་སྦྱིན་བསྲེག་བརྒྱ ་རྩ་བརྒྱད་བྱས་ན། ཉི་མ་བདུན་གྱིས་སྐྱེས་པ་དང་། བུད་མེད་དབང་དུ་འགྱུར་རོ།། ཞག་ཉེར་གཅིག་གིས་སྐྱེས་བུ་ཆེན་པོ་དབང་དུ་འགྱུར་རོ།། ཚ་དང་བཙས་པའི ་སྤྲ་ཚིལ་གྱིས་བསྒྲུབ་བྱའི་གཟུགས་སོར་བཞིའི་ཚད་དུ་བྱས་ལ་སེང་ལྡེང་གི་མེ་མདག་དུ་བ་མེད་པ་ལ་དུས་གསུམ་དུ་སྔགས་བརྗོད་པས་སྲོས་ན། གང་གི་མིང་ནས་བཟུང་བ ་དེ་དབང་དུ་འགྱུར་རོ།། རྡོ་རྗེའི་འཆུ་ལ་སོགས་པའི་ཚལ་ལན་བརྒྱ་རྩ་བརྒྱད་བཟླས་པ་བྱིན་པར་བྱ་ཞིང་ཟོས་པ་ཙམ་གྱིས་དབང་དུ་འགྱུར་རོ།། ་ཨོལ་བན་ཨ་བ་སོ་སི་ཏིཀྲཱ་ཎཱ་སི་མུ་འགྲོས་ཧཾ། བག་ལ་ཨ་མུ་ཀ་སུ་ཧྲི། དམ་ས་ངན་ཏེ། ལོ་ཀི་ཙི་ཀ་ད་ཅཀ། མ་མ་ཅིཿ། བཀྲོ་ལི། བི་ཀྲོ་ལི། ་མ་ཧཱ་བི་ཀྲོ་ལི། ཨ་མུ་ཀེ་མེ་ལ་ས་མ་ན་ཡེ་སྭཱ་ཧཱ།། སྔོན་དུ་བསྙེན་པའི་དུས་སུ་ཡང་བསྒོམས་པ་ཙམ་གྱིས་འགྱུར་རོ།། མར་དང་སྦྲང་རྩི་དང་། ་མཁར་བ་ལྷུང་བཟེད་ཀྱི་ནང་དུ་ཆུད་པ་གང་ལ་དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་མངོན་པར་མཆོད་ཅིང་བཟླས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ།། ་པད་མ་དཀར་པོ་སྐུད་པའི་སྡོང་བུ་བྱས་ལ་བ་སེར་སྐྱའི་མར་གྱིས་སོ་མ་བཏང་བའི་ཁམ་པོར་ལ་དུ་བ་ཆགས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པས་མིག་ལ་བསྐས ་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ།། དུར་ཁྲོད་དུ་ཀ་མ་བ་ཆེན་པོ་ལ་པདྨ་ཆེན་པོའི་སྡོང་བུ་དང་། སྣུམ་ཆེན་པོས་ཡར་ངོའི་ཚེས་རྒྱད་དམ། བཅུ་བཞིའི ་མཚན་མོ་དྲ་བ་བསྒྲུབས་ཏེ། དེས་མིག་ལ་བསྐུས་ན་ཐམས་ཅད་དགའ་བར་འགྱུར་རོ།། ། ཨ་མ་ལེ། བི་མ་ལེ། ཀ་ཀུ་མེ་ས་མ་ཡེ། ་ན་བོད་དྷ་བཱ~ཾ། བིན་དྷ་མ། ཨི་ཙ་ལ། དེ་བོ་བོར་ལི། བྷྱོ་དྷི་ཏ་ཡོ་ཏིག་ཛ། ཏི་བིསྨ་ཡ་ཧ་ར་ཛ། ས་མེ་ཏི་བྷ་ར་ཏ། ཡན་དྷ་ཧཱུཾ། དེ་བབྷྱོ། མ་ནུ་ཤེ་བྷྱོ། ་དུ་སྱ་བྱ། གན་དྷར་བ་བྷ། ཤི་ཁྲི་དྲ་ཧྲ་དེ་བ་ཨ་ནན་ཏ། སྲི་གྲི་ཧ་ནི། ཡད་ཨ་པ་ན་ཡ། ཏྲ་མ་ན་ཛ་ཡ། ཛ་ཧ་མི་སྭཧཱ། ་སྔགས་ཀྱིས་རྒྱལ་པོ་འདི་བསྙེན་པའི་ཆོ་ག་བྱས་ལ་ཁང་པའི་མདུན་གྱིས་དབུས་སུ་བའི་ལྕི་བས་བྱུགས་ལ་གྲུ་བཞིའི་བྲིས་ཏེ། ཀུ་ཤ་ཆ་ལེ་པར་གྲམ་ནས་མེ་སྦར་ནས། ་ཨ་དཀར་གྱིས་མེ་ཏོག་བརྒྱ་རྩ་བརྒྱད་བླངས་ལ་སྔགས་བཟློས་ཤིང་། མེ་ཏོག་རེ་རེ་ལ་སྦྱིན་བསྲེགས་བྱས་ན། འདོད་པའི་སྐྱེས་པ་དང་། བུད་མེད་འགུག ་པར་འགྱུར་རོ།། ཞེས་མཁའ་འགྲོ་མ་གསང་བའི་མཛོད་དུ་ཤེས་པར་བྱས་ལ་སྦ་བར་བྱའོ།། དཔའོ་ཅིག་ཏུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོའི་ལེའུ་བཞི ་པའོ།། །། ཟབ་མོ་མངོན་དུ་བྱུང་བ་ཞི་བའི་ཚེ་རྫོགས་སྷོ།། ། རྒྱ་གར་གྱི་མཁན་པོ་ཏི་པཾ་ཀ་ར་ཛྙཱ་ན་དང་། ་བོད་ཀྱི་ལོ་ཚ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར་བའོ།། བདེ་ལེགས་འཕེལ་བར་ཤོག། འདི་ལ་ནག་ཚེ་ལོ་ཚ་བ་ཚུལ་ཁྲིམས་རྒྱལ་མཚན་གྱི་འགྱུར ་ཡང་ཡོད་དོ།། གླེང་བཞི་མེད་པ་ནི། ཁ་ཅིག་ན་རེ། སྟོན་པ་པོ་དང་། བསྡུད་པ་པོ་ཐ་དད་མེད་པར་དགོངས་པ་འམ། ཡང་ན་རྒྱུད་ཀྱི་དུམ་བུ་ཡིན་པས ་མ་བསྟན་ཞེས་བཤད་དོ།། ཁ་ཅིག་འདི་བྱ་རྒྱུད་དུ་བྱེད་དོ།། འགའ་ཞིག་ན་རེ། འདི་ལ་ལྷའི་བསྐྱེད་མཆོག་སོགས་བྱ་རྒྱུད་དང་འཐུན་པའི་ངེས་པ་མེད་ཅིང་། ་འགྲེལ་པ་ལས་ཀྱང་། རང་རང་རྒྱུད་དང་རྟོག་པ་ལ་གནས་པའི་ཅིག་ཏུ་བསྒྲུབ་པ་རྣམས། གཅིག་ཏུ་ཡང་དག་པར་བསྡུས་ཏེ་བསྟན་ཏོ་ཞེས་རྒྱུད་སྣ་ཚོགས་ཀྱི ་དོན་བསྡུས་པར་བཤད་པས། དཔལ་གྱི་རྒྱུད་དང་། བྱ་རྒྱུ་དེ་རྐྱང་པ་ཡིན་པའི་ངེས་པ་མི་སྣང་བས་སྤྱི་རྒྱུད་ལྟ་བུར་ཡང་། འཇམ་དཔལ་གྱི ་གསུངས་ཤིང་བྱ་རྒྱུད་དུ་གྲགས་པས་བཞིན་གཞག་གོ་ཞེས་འཆད་དོ།། འོན་ཀྱང་རྣལ་འབྱོར་གྱི་དབང་མགའ་ཞིག་གིས་གསུངས་ནས། བྱ་རྒྱུད་ནི་མ་ཡིན ་ཏེ། བདག་གི་རྣལ་འབྱོར་མང་དུ་བསྟན་པ་དང་། སྤྱོད་པ་ཅི་བདེ་བས་འགྲུབ་པ་མང་དུ་བསྟན་པའི་ཕྱིར་རོ།། དེས་ན་འདི་རྣལ་འབྱོར་གྱིས་རྒྱུད་ཡིན་ཏེ། ་སྟོན་པས་རྗེས་སུ་གནང་བའི་བཀའ་དང་། འཇམ་དཔལ ་གྱིས་ཀྱང་། བྱ་སྤྱོད་རྣལ་འབྱོར་གྱིས་རྒྱུད་ཐམས་ཅད་ལས་མ་བསྙེན་ཡང་འགྲུབ་པས་ན། ་འགྲུབ་པའི་གསང་སྔགས་ཞེས་བྱ་བ། རྣལ་འབྱོར་གྱི་རྒྱུད་དང་རྗེས་སུ་འཐུན་པར་བསྡུས ་ན་གསུངས་པ་ཡིན་ནོ།། ཞེས་པར་འདོན་པའི་རྗེས་འབྲེང་ནས་བྲིས་པ་ཡིན་ནོ།། དཔའོ ་གཅིག་བསྒྲུབ་རྫོགས་སྷོ།། ། བཀྲིས།་