CLOSE WINDOW

F477:
Wyliee-texts produced with BDRC’s OCR application

། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་ཆོས་ཉིད་བརྙེས་པ། ཆོས་ཐམས་ཅད་སྤྲོས་པ་མེད་པ། ཡང་བདེ་བ་ཆེན་པོ ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཅེས་བྱ་བ། རྡོ་རྗེ་ཆོས་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་དཔལ་མཆོག་དང་པོ་ཐོག་མ་དང་ཐ་མ་དབུས་མེད་པའི་དམ་པ་འདི་གསུངས་སོ།། བྱང ་ཆུབ་སེམས་དཔའ་ཆེན་པོ་རྣམས་ཀྱི་འདོད་ཆགས་ཆེན་པོའི། བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམ་ཀྱི་བདེ་བ་ཆེན་པོའི་དངོས ་གྲུབ་དམ་པ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས། ་ཅད་ཀྱི་བྱང་ཆུབ་ཆེན་པོའི་དངོས་གྲུབ་དམ་པ་ནི་བདུད་ཆེན་པོའི་སྟོབས་རབ་ཏུ་གཞོམ་པའི་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདུད་ཆེན་པོ་རབ་ཏུ་འཇོམས ་པའི་དངོས་གྲུབ་དམ་པ་ནི། ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཁམས་གསུམ་པ་ཐམས་ཅད་ཀྱི་དབང ་ཕྱག་གི་དངོས་གྲུབ་དམ་པ་ནི། སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པའི་ཡོངས་སུ་སྦྱང་བར་འདོད་པའི་རྒྱུའི་ཕྱིར་འཁོར་བ་ཡང་མ་ཆགས་ཤིང་བརྩོན་འགྲུས་ཆེན་པོའི་བྱང་ཆུབ ་སེམས་དཔའ་རྣམས་ཀྱི་སེམས་ཅན་གྱི་ཁམས་མ་ལུས་ཤིང་ལུས་པ་མེད་པ་ཡོངས་སུ་བསྐྱབ་པ་དང་། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་ཆེན་པོའི་དངོས་གྲུབ་དམ་པར་འགྱུར་རོ།། ་དེ་ཅིའི་ཕྱིར་ཞེ་ན།། ཇི་སྲིད་འཁོར་བའི་གནས་སུ་ནི།། མཁས་མཆོག་བདུག་པར་གྱུར་པའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། ཤེས་རབ ་ཕ་རོལ་བྱིན་ཐབས་དང་།། ཡེ་ཤེས་གནས་སུ་བསྒྲུབས་པས་ན།། ཆོས་ཀུན་རྣམ་པ་དག་པའི་ཕྱིར། ཁོར་བ་ཡོངས་སུ་དག་པར་འགྱུར།། ཆགས་ལ་སོགས་པས་འདུལ་ན་ནི།། ་འཁོར་བའི་བར་དུ་རྟག་པར་ཡང་།། འཇིག་རྟེན་བདེ་བྱེད་དེ་སྦྱར་ཕྱིར།། འཁོར་བ་སྲིད་དུ་བདག་ཉིད་འདུལ།། ཇི་ལྟར་བདུ་རབ་དམར་ཡང་།། ཚོན་གྱི་ཉེས་པས་མི་གོས་པས། ་དེ་བཞིན་གནས་པའི་ཉེས་པ་ཡིས།། འགྲོ་བན་རྣམས་ལ་མི་གོས་སོ།། འདོད་ཆགས་ཆེན་པོ་རྣམ་པར་དག། བདེ་བ་ཆེན་པོ་ནོར་ཆེ་ལ།། ཁམས་གསུམ་དབང་ཕྱུག་ཐོབ་པས་ན།། ་སེམས་ཅན་དོན་ལ་མས་བརྟན་པར་བྱེད།། ནང་པར་ལངས་ནས་མཆོག་དང་པོ་ཤེས། རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་གྱི་སྒོའི་ཆོས་ཀྱི་རྣམ་གྲངས་འདི་ཉིན་རེ་ཞིང་འདོན་པ་དང་། ཉན་པ་དང་། ་འཛིན་པ་དང་། ཀློག་པ་དང་། བསྒོམ་པ་དེ་ཡིས་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཐོབ་པར་འགྱུར་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་དངོས་གྲུབ་ཀྱི་མཆོག་ཀྱང་ཚེ་འདི ་ཉིད་ལ་ཐོབ་པར་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་མཆོག་ཀྱང་འགྲུབ་སྟེ།། རྡོ་རྗེ་འཛིན་པ་ཆེན་པོ་ཐམས་ཅད་དམ། དེ་བཞིན་གཤེགས་པར་འགྱུརརོ།། བདེ་བ ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་དཔལ་མཆོག་དང་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ།། རྡོ་རྗེ་གསང་བའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྒོ་རྫོགས ་། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་སེམས་དཔའ་བྱིན་གྱིས་བརླབས་པའི་རྡོ་རྗེའི་གས་པ ་མཆོག་གི་དངོས་གྲུབ་ཀྱི་ཆོ་ག་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའི་རྒྱལ་པོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ ་དང་། གསུངས་དང་། ཐུགས་རྡོ་རྗེ་གསང་བའི་དོན་ཡོད་བསྟན་པའི་ཕྱག་རྒྱས་བཏབ་པ། སྐུ་དང་གསུངས་དང་། ཐུགས་རྡོ་རྗེ་དེ་བཞིན་གཤེགས་པ་ཟད་ཀྱི་དམ་ཚིག་ཆེན ་པོའི་ཆོས་ཉིད་ཀྱི་ཡེ་ཤེས་ཐུགས་ཆུད་པ་ལ་རབ་ཏུ་གནས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱ་བ་སྣ་ཚོགས་པའི་ངོ་བོའི་ལས་ཀྱིས་དུས་གསུམ་དུ་འཇིག་རྟེན་གྱིས་ཁམས་མ་ལུས་པར ་སྤྲོས་པའི་ལས་ཀྱིས་མཐའ་ཅན་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཆེན་པོ་ཟླ་བ་ཕྱེད་པ་དུ་མ་རབ་ཏུ་གནས་པའི་རྡོ་རྗེ་རིན་པོ་ཆེ་རྣམས་ཀྱི་འོད་ཟེར་སྣ་ཚོགས་པ་རྣམ་པར་འཕྲོ་བའི ་འོད་ཀྱི་གསལ་བར་བྱས་པས། གསེར་གྱི་དྲིལ་བུ་བཏགས་པའི་སྣ་ཚོགས་རླུང་གིས་བསྐྱོད་པ་མཛེས་པར་བྱས་པས། མེ་ཏོག་རྣམ་པ་སྣ་ཚོགས་པའི་ཆུན་འཕྱངས་དང་། ་གོས་དང་ལོང་རབ་ཏུ་འཕྱང་བའི་དྲ་བས་ཀྱང་རབ་ཏུ་བརྒྱན་པ། ཁ་ཁྱེར་སྣ་ཚོགས་པ་ལ་ལེགས་པར་གནས་པའི་ལྷའི་བུ་མོ་རྒོད་ཅིང་སྒེ་གལ་གླུ་དང་བར་བྱེད་པས་སྔགས་ཤིང ་བསྟོད་པ། བདེ་བ་ཆེན་པོ་རྡོ་རྗེསེམས་དཔའི་གནལ་ཡས་ཁང་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་དེ་བཞིན་གཤེགས་པ་ཐར་ཅད་ཀྱི་སྐུ་དང་། གསུང་དང་། ་ཐུགས་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས།། དམ་ཚིག་སེམས་དཔའ་ཐམས་ཅད་པ། དབང་བསྐུར་བ་ཐམས་པ། ཐམས་ཅད་མཁྱེན་པའི་ཏིང་ངེ་འཛིན་དང་། ལས་ཐམས་ཅད ་མཆོག་ཏུ་གྱུར་པ། ཁམས་གསུམ་པ་ཐམས་ཅད་འདུལ་བའི་དབང་ཕྱུག་ཐམས་ཅད་བྱེད་པ། ཐམས་ཅད་འབྱིན་པ། འདོད་པ་ཐམས་ཅད། དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་ཐད ་པ། རྟག་པའི་དེ་བཞིན་གཤེགས་པ་ལ་སོགས་པ་བཏབ་པོ།། ཇི་སྲིད་འཁོར་བའི་གནས་འདུག་པ།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། སེམས་ཅན་ཁམས། ་ནི་མཐའ་ཡས་པ།། གཟི་ཅན་སྲིད་པ་ཆོལ་བྱེད་པ།། སྲིད་པ་ངེས་པ་བཞིག་པ་ཡིས།། བདེ་བ་ཆེན་པོ་འཕེལ་བའི་ཕྱིར།། གསང་བའི་རྟོག་པ་མཆོག་བཤད་པ།། རྗེས་སུ ་གནང་བ་བདག་ལ་སྩོལ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཆོས་ཐམས་ཅད་བསྒྲིབ་པ་མེད་པ་ལ་དམིགས་ཏེ། ཐམས་ཅད་འདུལ་བའི་ཐུབས་རྗེ་ཆེན་པོ་སྣ་ཚོགས་རྡོ་རྗེ ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོ་དེ་ལ་སེམས་ཅན་གྱི་ཁམས་མ་ལུས་པ་མེད་པའི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་དང་། སེམས་ཅན ་ཐམས་ཅད་ཡོངསུ་བསྐྱབ་པ་དང་། ཕན་པ་དང་། བདེ་བ་པ་དང་། དངོས་གྲུབ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཡེ་ཤེས་དང་། ལས་དང་། དངོས་གྲུབ་ཀྱི་མཆོག་རྣམས ་ཀྱི་དོན་གྱི་བར་དུ་དེ་བཞིན་གཤེགས་པ་ཐམས་ཅད་དེ་ཁོ་ན་ཉིད་དང་། རྡོ་རྗེ་འཆང་བའི་དེ་ཁོ་ན་ཉིད་ཀྱི་དངོས་གྲུབ་དམ་པའི། ་ཕྱིར། བདེ་བ་ཆེན་པོ་རྡོ་རྗེ་བྱང་ཆུབ་སེམས་དཔའ་ཆེན་པོ་དེ་ལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བསྒྱུར་བ་ཉིད་དུ་དེ་བཞིན་གཤེགས་པ་ཐམས་ཅད་སྐུའི་ཅོད་པར ་དབང་བསྐུར་བ་དང་། རྡོ་རྗེ་ཡང་ལག་པ་གཉིས་སུ་སྦྱིན་ནོ།། འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་རྡོ་རྗེ་ཕྲ་རབ་ཀྱི་ཚོགས་སུ་གཏོགས་པ་དང་། མཉམ་པའི་དེ་བཞིན་གཤེགས་པ་ཐད ་ཀྱི་མགྲིན་གཅིག་ཏུ་རྡོ་རྗེ་འཆང་ཆེན་པོ་ཞེས་བྱ་བའི་མིང་གི་དབང་བསྐུར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་ཐམས་ཅད་བདེ་བ་ཆེན་པོ་དམ ་པ་གྲུབ་པའི་དངོས་གྲུབ་ཐམས་ཅད་ཐོབ་པའི་ཕྱིར། སེམས་དཔའི་དཀྱིལ་མོ་དཀྲུང་བཅས་ཏེ། ལུས་དྲང་པོར་སྲང་སྟེ། གཡོན་པ་སྐུར་བརྟན་ནས་རྡོ་རྗེ་རང་གི་ཐུགས་ཁར་འཇོགས་པའི། ་ཚུལ་གྱིས་བསྣམས་ཤིང་བདེ་བ་ཆེན་པོ་རྡོ་རྗེ་ཞེས་བྱ་བའི་རང་གི་ཕྱབ་རྒྱ་ཐམས་ཅད་བསྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལས་བྱུང་ངོ་།། ཨོཾ་མ་ཧཱ་སུ་ཀ་བཛྲ་ས་ཏྭ་ཛ་ཧཱུཾ་བཾ་ཧོ་སུ་ར་སྟྭཾ། ་དེ་ནས་བྱུང་མ་ཟག་པ་དི་བཞིན་གཤེགས་པ་ཐམས་ཅད་དུ་འདྲེས་ཤིང་བྱོན་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བུ་ཚུར་ཡོངས་སུ་འཛིན་པ་དང་། སླར་ཡང་བྱང་ཆུབ་ཆེན་པོར་མངོ། ་པར་འཚང་རྒྱའོ།། གཞད་པ་ཆེན་པོས་གཞད་པས་འཇིག་རྟེན་གྱི་ཁམས་ཐམས་ཅན་གཡོས་རབ་ཏུ་གཡོས་རྣམ་པར་སྦྱངས་ཏེ། ཁམས་གསུམ་མ་ལུས་པ་བརྒྱས་སྤྲོས་ནས། ་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་སེམས་ཅན་ཐམས་ཅད་བདེ་བ་དང་ཡིད་བདེ་བ་ཐམས་ཅད་ཀྱི་ཡེ་ཤེས་སྐྱེས་པ་བསྐྱེད་དོ།། དེ་ནས་རྡོ་རྗེ་འཆང་ཆེན་པས་དེ་བཞིན་གཤེག ་པ་ཐམས་ཅད་དོན་ཡོད་པ་ཐོགས་པ་མེད་པ་མངོན་པར་འཕགས་པའི་རྡོ་རྗེ་ཆེན་པོ་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། བདེ་བ་ཆེན་པོ་རྡོ་རྗེ་མ་ཚིག་རྣམ་པར་གནོན་པ ་བྱེད་པ་ཞེས་བྱ་བ་སྐུ་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་བདེ་བ་དང་། ཡིད་བདེ་བ་ལ་སོགས་པ་དང་། རྟག་ཏུ་འགྲེལ་ཏོ།། བདེ་བ་ཆེན་པོའི་རྡོ་རྗེ་དང་ལྷན་གཅིག་སྤོད་པའི ་པདམ་ཚིག་སེམས་དཔའ་ཕྱུང་སྟེ། ཕྱོགས་ནད་དུ་གནས་པ་ལས་མདུན་དུ་རྡོ་རྗེ་ཀི་ལི་ཀི་ལའོ།། རྒྱབ་དུ་རྡོ་རྗེ་དྲན་པའོ།། གཡོན་དུ་རྡོ་རྗེ་བསྙེམས་པ། མཚམས་རྣམས་སུ་མཆོད ་པའི་ལྷ་མོ་ཕྱི་རོལ་གྱི་ཁྱམས་ཀྱི་ཟུར་དུ་ལྷ་མོའོ།། སྒོ་རྣམས་སུ་རྡོ་རྗེ་ལྕགས་ཀྱུ་དང་། ཞགས་པ་དང་། ལྕགས་སྒྲོབ་དང་། དྲིལ་བུ་འཛིན་པའི་གཡོག་མོའི་གཙོ་མོ་དང་། ་གསོལ་ཀ་མ་དང་། ཕོ་ཉ་དང་། བྲན་མོ་རྣམས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཁུ་ཚུར་བཅིངས་ནས། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པ་ཞུགས་ནས། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་རང་རྡོ་རྗེ་འཛིན་པའི་དབུས་སུ་བཞུགས་པ་ལ། སེམས་ཅན་ཐམས་ཅད་བདེ་བའི་དོན་དུ།། རྒྱལ་པོ་ཆེན་པོ་ཡང་དག་བསྐྱེད།། གང་ཕྱིར་འདོད་ཆགས་བྲལ་བཟུང་ཕྱིར།། རང་གི ་བཙུན་པོ་ཡང་གསོལ་བར་མཛད།། དེ་ཕྱིར་ཁྱོད་ལ་གསོལ་བ་ནི།། འདུལ་བ་ཡི་ནི་མཆོག་གྱུར་པ། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་རྟོགས་པ་གྲུབ་བརྩོལ་གསུངས།། དེ་ནས ་བཅོམ་ལྡན་འདས་དོན་ཡོད་ཅིང་མཐུ་ཐོགས་པ་མེད་པ་བསྟན་པ་བདེ་བ་ཐམས་ཅད་གྲུབ་པའི་རྡོ་རྗེ་འདོད་པ་མཆོག་ཏུ་འདུལ་བ་རྣམ་པར་གནོན་པ། རྡོ་རྗེ་ཆེན་པོ་གསང་བའི་དམ་ཚིག་ཅེས་བྱ་བའི ་དཀྱིལ་འཁོར་ཆེན་པོར་བཀའ་བསྩལ་ཏོ།། དེ་ནས་ཡང་དག་བཤད་པར་བྱ།། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ།། བདེ་བ་ཆེན་པོ་རྡོ་རྗེ་མཆོག། དམ་ཚིག་མཆོག་ཅེས་བྱ་བ་སྟེ།། ལེགས ་པར་སྤངས་པའི་དཀྱིལ་འཁོར་གྱི།། དེ་དབུས་ཇི་ལྟ་བ་བཞིན་བསྒྲུབ།། ཕྱག་རྒྱ་ཆེན་པོར་གསུངས་པ་ཡི།། རྒྱུད་ཀྱི་དཀྱིལ་འཁོར་བསྒྲུབ་པར་བྱ།། སར་པ་ལེགས་པར་བསྒྲིལ་ནས་ནི།། མདུད ་པ་རྣམས་ནི་མེད་གྱུར་པ། སྲེད་བུ་ཁ་སྦྱར་བས་མཛེས་པ།། ཚོན་རྩི་རྫོགས་པས་བྲི་བར་བྱ།། ཟུར་བཞི་པ་ལ་སྒོ་བཞིཔ།། ཁ་ཁྱེར་གྱིས་ནི་ཡོངས་བསྐོར་བ།། ཁྱམས་ཀྱི་གྲཝའི་འཚམས་ནམ ་སུཿལྷ་མོ་རྣམས་ཀྱིས་རབ་བསྐུལ་བ།། དཀྱིལ་འཁོར་གྱི་ནི་བྲ་རྣམས་དང་།། སྒོ་འཁྱུད་ཀྱི་ནི་འཚམས་རྣམས་སུ།། ཟླ་བ་ཕྱེད་པ་རབ་ཏུ་གནས།། རྡོ་རྗེ་རིན་ཆེན་འབར་བྱེད་པ། ་རླུང་གི་བསྐྱོད་པ་རྩེ་མོ་མཆོག། བ་དན་དྲིལ་བུ་སྒྲ་སྒྲོགས་པ།། དྲ་བ་མེ་ལོང་མེ་ཏོག་ཕྲེང་།། ཕྱི་རོལ་དཀྱིལ་འཁོར་བྲི་བར་བྱ།། དེ་ཡི་ནང་དུ་འཁོར་ལོ་ནི།། དཀྱིལ་འཁོར་བརྒྱད་པ་དང ་འདྲ་བ།། རྡོ་རྗེ་ཐིག་གིས་ལེགས་པར་བསྐོར།། རྡོ་རྗེ་འཁོར་ལོ་ཡང་དག་བྲི།། དེ་ཡི་དབུས་སུ་དགོད་པ་ནི།། རྡོ་རྗེ་སེམས་དཔའ་དགོད་པར་བྱ།། ལུགས་མ་འམ་འབུར་དུ་རྐོས་པ་འམ།། ་ཡང་ན་རི་མོར་བྱས་པ་ཡི།། ཟླ་བའི་མདོག་ཅན་འཛུམ་དང་བཅས།། འོད་ཟེར་དམར་པོ་འོད་འཕྲོ་བ།། སངས་རྒྱས་ཕྲེང་བས་སྤྲས་པ་ཡི།། ཡན་ལག་རྣམ་པར་མཛེས་པ་ནི།། ་སེམས་དཔའི་དཀྱིལ་འདཀྲུང་དག་གིས་བཞུགས།། རྡོ་རྗེ་བསྙེམས་པའི་དམ་ཚིག་མཆོག། ས་མ་ཡ་སྟྭཾ་ཞེས་བརྗོད་ནས།། དབུས་སུ་རྣམ་པར་དགོད་པར་བྱ།། དེ་ཡི་ཕྱོགས་རྣམས ་ཐམས་ཅད་དུ།། སེམས་དཔའ་ཆེན་པོ་ཡང་དག་བྲི།། སྔར་ནི་ཇི་སྐད་བསྟན་པར་བྱ་ཞིན།། དེ་བཞིན་ཆེན་རྩི་ཕྱེ་བས་བྲི།། མདུན་དུ་རྡོ་རྗེ་མཚོན་ཆ་ནི།། སྐུ་མདོག་དམར་པོ་དགོད་པར་བྱ།། ་གཡས་ལོགས་ཕྱག་ན་རྡོ་རྗེ་མ།། སྐུ་མདོག་ཤིན་ཏུ་དཀར་བར་བཤད།། རྒྱབ་དུ་ཆུ་སྲིན་རྒྱལ་མཚན་ནི།། བསྣམས་པ་སྐུ་མདོག་སེར་མོའོ།། གཡོན་ལོགས་ཕྱག་གཉིས་བསྙེམས ་@པ་ནི།། སྐུ་མདོག་སྔོན་མོ་དགོད་པར་བྱ།། མཆོད་པའི་སྤྱི་བོར་ཐལ་སྦྱར་བ།། མཆོད་པའི་ལྷ་མོ་ཡང་དག་དགོད།། སྒེག་མ་གཞད་མ་གླུ་མ་ཆེ། ་གར་མ་ཡི་ནི་ལྷ་མོ་ཚོགས།། སྒོ་རྣམས་སྐྱོང་བ་མཉེས་བྱེད་པ།། ཀུན་ཀྱང་སྒོར་ནི་གནས་པ་སྟེ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་།། དེ་བཞིན་ལྕགས་སྒྲོག་དྲིལ་བུ་ཉིད།། མ་ལུས ་པ་ཧོའི་སྙིང་པོ་ལས་བྱུང་བའོ།། ཏྲིཥྚི་ས་མ་ཡ་ཀེ་ཕཊ། ཧཱུཾ་བཛྲ་ཀི་ལི་ཀི་ལ་ཧཱུཾ་ཧཱུ~ཾ་བཛྲ་སྥར་བཛྲ་བྷན་དྷ། ཧཱུཾ་བཛྲ་རོ་ཤ་ཧཱུཾ་བཛྲ་བྷི་ཊ། དེ་ནས་མཆོད་པའི་ལྷ་མོ་རྣམས་ཀྱི་ནི། ཧཱུཾ་མ་དུ ་བཛྲ་མེ་ག་བྷྲཱུཾ། ཧཱུཾ་ཤ་རཊདྷ་བཛྲ། ཧཱུ~ཾ་བཛྲ་ཤོ་ཤེ་ནི། དེ་ནས་ལྷ་མོ་རྣམས་ཀྱི་ནི། ཧཱུཾ་བཛྲ་ལ་སྱ། ཧ་ལ་སྱཻ་བཛྲེ་ནི། ཨོཾ་བཛྲ་གི་ཏི། ཨོཾ་བྲིད་ཏྱ་བཛྲིན། དེ་ནས་སྐྱོ་བ་རྣམས་སྦྱིན། ་ཛ་བཛྲ་ཨ་བུཾ་ཤ། སྤྱན་འདྲེན་ནོ།། ཧཱུ~ཾ་བཛྲ་བ་ཤ། གསོལ་ཀ་བའོ།། བ་བཛྲ་པོ་ཤ་ཊ། ཕོ་ཉའོ། ཨ་བཛྲ་གྷན་དྷ། བྲན་ནོ།། དེ་ལྟར་ལྷ་མོའི་དཀྱིལ་འཁོར་བཀོད་ནས་དགོད ་པ་བསྟན་པར་བྱའོ།། དེ་ནས་དཀྱིལ་འཁོར་མ་ལུས་པ།། བྲིས་ནས་ཕྱག་ན་རྡོ་རྗེ་ནི།། བུམ་པ་གང་བ་མེ་ཏོག་སོགས།། ཇི་སྙེད་རྣམས་ཀྱི་མཆོད་བྱས།། མཚམས་རྣམས ་སུ་ནི་བཞག་པར་བྱ།། དྲིལ་བུའི་སྒྲ་དང་རྒྱལ་མཚན་བཅས།། བུམ་པ་ཁ་བརྒྱན་དང་བཅས་པ།། ཕྱི་རོལ་སྒོན་གནས་པ་ནི།། ཕྱག་ན་རྡོ་རྗེའི་མདུན་དུ་གཞག། དྲི་ནུས ་གང་བའི་བུམ་པ་ནི།། རྡོ་རྗེ་དང་བསྒྲུབ་བྱ་སྟེ།། འདབ་མ་ལ་ནི་བཟླས་པ་བྱ།། དེ་ལ་འདི་ནི་བདེ་བ་ཆེན་པོའི་དམ་ཚིག་གི་བདུད་རྩིའི་ཆུ་བྱིན་གྱིས་བརླབས་པའི་སྙིང་པོ་སྟེ། ་ཨོཾ་མ་ཧཱ་སུ་ཀ་བཛྲ་ས་མ་ཡ་ཨ་བྷི་ཥ་ཀ་ཛ་ཧཱུཾ་བཾ་ཧོ།། ཨོཾ་ཏ་ག་ཏ། ཞེས་ཉི་ཤུ་རྩ་གཅིག་བཟླས་ཏེ། ཆུ་འདིས་ནི་སྡུག་བསྔལ་ཐམས་ཅད་འཁྲུད་པ་དང་། བདེ་བ་ཐམས ་བསྐྱེད་པས། དབང་བསྐུར་བ་དང་། གསང་བ་ཡང་བྱའོ།། དེ་ནས་རང་གི་དམ་ཚིག་གིས་རྡོ་རྗེ་འཛིན་པ་བསྒྲུབས་ལ། ཛ་ཧཱུཾ་བི་ཧོ་ཞེས་བརྗོད་ཅིང་དགུག་པ་དང་། བཞུག་པ ་དང་། བཅིང་བ་དང་། དེ་ཉིད་དུ་དབང་དུ་བྱའོ།། ཕྱག་རྒྱ་ཆེན་པོར་མཉམ་བཞག་སྟེ། དེ་བཞིན་གཡས་འཛུབ་ལྕགས་ཀྱུར་བྱ། དེ་སྙེད་དབུག་པའི་དངོས་གྲུབ་ནི། ལྷན ་ཅིག་མཆོག་ཏུ་འགུགས་པར་བྱེད།། ཨོཾ་མ་ཧཱ་སུ་ཁ་བཛྲ་ར་སུད་ཤྲི་གྷཾ་མ་ཧ་སུ་ཁུ་བཛྲ་གྷཱ་ཧྱ་ས་མ་ཡ་ཨུ་ན་སྥ་ར་ན་པྲ་སུ་ཏ་བྱ། སུ་ར་ཏ་སྟོ་ཏྲེ་དྷ། ཨུ་དྷོ་ཥ་ཨ་ནུ་རག་ཏོ།། ་སུ་བོ་ཤེ་མེ་བྷ་བེ། ཏེ་ཤ་བྷ་ག་བྷ་ན། ཨན་དྷེ་ནེ་སཱ་ཏ་སུ་ཏྱ་སཾ་དྷེ། མི་རི་མུ་ཏྲ་དྷ་ཡེ། ཛ་ཧཱ་བཾ་ཧོ།། དེ་ནས་བཅོམ་ལྡན་འདས་རང་ཉིད་དཀྱིལ་འཁོར་དུ་བྱོན་པ་ལ། ་དགུག་པ་དང་། བཞུག་པ་དང་། ཤིན་དུ་མནན་པ་དང་། དབང་དུ་བྱ་གྱུར་པ་གྲུབ་པ་དང་། ངོ་མཚར་ཆེ་བའི་ཚེ་འཕྲུལ་དུ་མ་མཐོང་བར་འགྱུར་རོ།། བཅོམ་ལྡན་འདས་རང་ཅི ་གཟིགས་པར་འགྱུར་རོ།། སློབ་དཔོན་རང་ཉིད་འཇུག་པར་འདོད་ན། ཡང་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སློབ་དཔོན་གྱིས་འགྱུར་ཏེ། ་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་རྣམས་ཀྱིས་འགྲུབ་པོ།། དམ་ཚིག་ཀུན་མཁྱེན་པ། ལས་ཐ་མས་ནུས་པ་བྱིན་གྱིས་བརླབ་པར་མཛད་དོ།། འཇུག་པའི་ཆོ་ག་འདིས་སློབ་དཔོན་རང ་ཉིད་ཇི་སྙེད་དྲིས་བྱུགས་ཤིང་། བསྒོས་པ་བརྒྱན་དང་བཅས་པ་མེ་ཏོག་གི་ཕྲེང་བས་ལུས་བརྒྱན་པ། གོས་དམར་པོ་གཉིས་བགོས་ནས་རང་ཉིད་རྡོ་རྗེ་དང་བཅས་པའི་རྡོ་རྗེ་བསྙེམས་པས ་རང་ཉིད་འཇུག་པར་བྱའོ།། རྡོ་རྗེ་གསང་བའི་གླུ་དྲུག་ལྡན་ལ་སོགས་པ་དང་། གྲཱ་མ་ར་དང་རྔ་རེ་བྲ་དང་། གི་རྦའི་ཀླུ་འདི་རྣམས་ཀྱིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་ཅིང ་འདོད་ཆགས་ལ་སོགས་པ་ཡིད་བདེ་བ་ཐམས་ཅད་ཁྱེད་ནི་བསྡུས་པ་སྟེ། ཁྱེད་བདག་ལ་བདེ་བ་རྩོལ་བར་མཛོད་ཅིག། རྡོ་རྗེ་སེམས་དཔའ་དགོངས་པར་མཛོད་ཅིག། བདག་ལ ་བརྟན་པར་མཛོད་ཅིག། མྱུར་དུ་བདག་ལ་དགོས་པར་མཛོད་ཅིག། བདེ་བའི་མཆོག་ལ་ཕྱག་འཚལ་ལོ།། དེ་ནས་ཞུགས་ལ་དྲན་བྱས་ལ། ཐོག་མཐའ་མེད་པའི་སེམས་དཔའ་ནི། ་རྡོ་རྗེ་སེམས་དཔའ་བདེབ་མོ།། ཁྱེད་ནི་ཀུན་ཏུ་བཟང་པོ་སྟེ།། རྡོ་རྗེ་བསྙེམས་པའི་བདག་པོ་ཡིན།། ཁྱབ་བདག་སེམས་ནི་སེམས་དཔའ་སྟེ།། ཏིང་འདི་དེ་བཞིན་རྡོ་རྗེ་འཛི། ་ཀུན་མཆོག་དམ་ཚིག་དངོས་གྲུབ་སྟེ།། རྡོ་རྗེ་སེམས་དཔའ་དེང་གྲུབ་མཛོད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་བྱིན་གྱིས་བརླབས་པར་མཛད་པས། སྔོན་ཆད་མ་བྱུང་བ་གཉིས ་ཀ་སོ་སོར་བདེ་བར་ཉམས་སུ་མྱོང་ཞིང་ཤེས་པ་སྐྱེ་བར་འགྱུར་རོ།། ཕྲ་མོ་དབབ་པར་ཡང་འགྱུར་རོ།། དེ་ནས་བདག་ལ་བཅོམ་ལྡན་འདས་གྲུབ་པར་འགྱུར་རོ།། ཞེས་ཤེས་པར་བྱའོ།། ་དེ་ནས་དེ་བཞིན་དུ་འདུལ་བ་ཅི་འདོད་པའི་བཟླས་པ་བརྗོད་པར་བྱའོ།། དེ་ནས་དེ་བཞིན་དུ་འདུག་པ་ལ་རང་གི་བསོད་ནམས་ཀྱི་བྱིན་གྱིས་བརླབས་ཀྱིས་འདོད་པའི་དངོས་གྲུབ་རྣམས་ཐོབ ་པར་འགྱུར་རོ།། དེ་ནས་བརྩམས་ཏེ་སེམས་དཔའ་ཆེན་པོ་ཐམས་ཅད་འགྲུབ་པར་འགྱུར་རོ།། དངོས་གྲུབ་ཐམས་ཅད་བརྩོལ་བར་མཛད་དོ།། ཕྱག་རྒྱ་ཐམས་ཅད་བདག་ཉིད་ཀྱིས ་བཅིངས་ནས་བསྒྲུབས་ནས་ལས་རྣམས་འགྲུབ་པར་འགྱུར་རོ།། དམ་ཚིག་ཐམས་ཅད་བརྟན་པར་འགྱུར་རོ།། ལས་ཐམས་ཅད་བསམ་པ་ཙམ་གྱིས་བྱེད་པར་འགྱུར་རོ།། བདེ ་བ་དང་ཡིད་བདེ་བ་ཐམས་ཅད་ལ་བར་ཆད་མེད་པ་དང་། གནོད་པ་མེད་པར་འགྱུར་རོ།། ལོ་གཅིག་བསྒྲུབས་པས་ཡིད་ལ་འདོད་པའི་མཆོག་གི་དངོས་གྲུབ་སངས་རྒྱས་ཉིད་ལ་སོགས ་པ་ཐོབ་པར་འགྱུར་རོ།། དེ་ནས་སེམས་ཅན་ཐམས་ཅད་བཞུག་པའི་དོན་དུ་དེ་བཞིན་དུ་རྡོ་རྗེ་སེམས་དཔའ་རྒྱན་གྱིས་བརྒྱན་ནས་རབ་ཏུ་བདེ་བའི་རྡོ་རྗེའི་དམ་ཚིག་གི་རྒྱས་འཇུག ་པར་བྱའོ།། དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བསྐུལ་བར་བྱའོ།། དགུག་པ་བྱས་ནས་འདི་སྐད་བརྗོད་པར་བྱའོ།། སྲིད་པའི་བདེ་བ་རྣམ་དག ་ཕྱིར།། སྔོན་འབྱུང་བའི་གནས་ཀྱིས་དགའ།། འདོད་པ་ཀུན་གྱི་དངོས་གྲུབ་ཆེ།། སེམས་ཅན་ཀུན་དོན་གྲུབ་ཕྱིར་བགྱིད།། དེ་ནས་མཆོད་པ་བྱས་ལུ། རང་གི་ལྷ་གང་ཡིན་པ ་དེའི་དམ་ཚིག་གི་ཕྱག་རྒྱ་མེ་ཏོག་དང་བཅས་བཞུག་པར་བྱའོ།། ཞུགས་ནས་རྣ་བར་འདི་སྐད་ཅེས་བརྗོད་པར་བྱའོ།། འདོད་ཆགས་བྲལ་འདུལ་འཇིག་རྟེན་ནི།། འདོད་ཆགས་བྲལ། ་བས་དག་པར་བྱ།། རྡོ་རྗེ་སེམས་དཔའ་སྦས་པ་ཡིན།། ཆགས་པ་ཆེན་པོ་བདེ་བ་ཆེ།། འདོད་ཆགས་བྲལ་འདྲ་སྡུག་བསྔལ་ནི།། དངོས་པོ་གཞན་ལ་ཡོད་མ་ཡིན།། དེ་ཕྱིར་འདོད་ཀུན ་ཆགས་བྲལ་བ།། ཡིད་འབྱུང་བར་ནི་མ་བྱེད་ཅིག། ཡང་དེ་ནས་སྔགས་འདི་དང་མེ་ཏོག་དོར་བར་བྱའོ།། ཧཱུ~ཾ་མ་ཧ་ཨ་ཏ་བཛྲ་སཱད་ཏི་པྲ་ཏི་བྲི་ཧ་ན་ས་མ་ཡ་སྟྭཾ། དེ་ནས་དང་པོ་གང ་ལ་ལྷུང་བ་དེའི་དང་པོ་ཡིན།། དེ་ནས་དེ་ཁོ་ན་ཉིད་ཆེན་པོ་བརྗོད་པར་བྱའོ།། སྙིང་པོ་ཡང་ཅི་འདོད་པ་བྱིན་ལ་བསྒྲུབ་པར་བྱའོ།། རང་གི་ལྷག་པའི་ལྷའི་དབང་བསྐུར་བས་དབང་བསྐུར་ཏེ། ་ཛིན་ས་དེ་ལགཔ་གེ་ཉིས་སུ་བྱིན་ལ་ཧྲུ་ཞེས་བྱ་བ་ད་པོའི་དེས་གྱི་པང་གེད་དབང་བགྱུར་བས་དབང་གྱུར་བ་བྱའོ།། མམས་ཅད་པ་མ་བདྲན་སུ་ལཁྲི་བ་རྒྱབ་ཅུ། ཨ་། ་མི་གྣིཧྣི་སདྷེ་བཛྲ་ཧོ་ཨ་ཆེ་མོ་ཨ་ཞེས་བྱའོ།། དེ་ནས་ཕྱག་རྒྱས་བཅིང་བ་བསླབ་པར་བྱའོ།། ཇི་ནས་ལྟར་མངོན་པར་འདོད་པའི་མཆོད་པ་བྱས་ལ་བྱེད་དུ་ཡང་བཅུག་ནས། སློབ་མནམ ་ཅི་འདོད་པའི་བཟའ་བ་དང་བལྟུང་བས་ཚིམ་པར་བྱའོ།། རང་ཉིད་ཀྱིས་ཕྱག་རྒྱ་དང་། ཕྱག་རྒྱའི་ལན་དང་གར་བྱེད་དུ་བཞུག་གོ།། དེ་ནས་གཤེགས་སུ་གསོལ་བ་འདི་སྐད་བརྗོད་པར་བྱ་སྟེ། ་རབ་དགའ་རག་ལས་ཐོག་མཐའ་མེད།། འགྲོ་བ་ཐམས་ཅད་འདི་ཡི་མཐུས།། སེམས་དཔའ་ཆེན་པོ་རྡོ་རྗེར་འགྱུར།། སླར་ཡང་འབྱོན་པར་མཛད་དུ་གསོལ།། དེ་ནས་མེ་ཏོག་གཏོར་ལ ་དཀྱིལ་འཁོར་རང་ཉིད་གཤེགས་པར་བསམ་སོ།། ཕྱེ་མ་དང་རི་ལུ་བས་ལ་བཞག་ན་ལས་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ཁོ་ན་ཉིད་ཆེན་པོ་བདེ་བའི་རྡོ་རྗེ་དམ་ཚིག་གི་བདུད་རྩིའི ་ཆུ་བཞག་ན། ཆེ་འཕེལ་བ་ལ་སོགས་པའི་ལས་ཐམས་ཅད་ལ་དགོས་པར་འགྱུར་རོ།། དབང་བསྐུར་བ་ཐོབ་པས་དཀྱིལ་འཁོར་ཐམས་ཅད་ཀྱི་དབང་བསྐུར་བ་ཐོབ་པར་འགྱུར་བས། ་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ།། དེ་ནས་རི་མོ་སྐུ་གཟུགས་བྱས་ཏེ། ཕྱག་མཚན་གྱི་ཕྱག་རྒྱ་དང་། ཕྱག་རྒྱའི་དཀྱིལ་འཁོར་བྲི་བར་བྱའོ། 6། དེ་ནས་མཁས་པར ་མ་གྱུར་ན། མཚན་མ་བཞག་པར་བྱའོ།། དེ་ནས་བྱབ་རྒྱ་བཅིང་བར་བྱ་སྟེ། ཕྱག་རྒྱའི་ཆོ་ག་རྒྱས་པར་བྱའོ།། དེ་ནས་བཅོམ་ལྡན་འདས་དོན་ཡོད་པ་ཐོགས་པ་མེད་པའི་དངོས་གྲུབ ་གྱི་ཆོ་ག་རྒྱས་པའི་དམ་ཚིག་གི་རྡོ་རྗེ་ཞེས་པའི་ཏིང་ངེ་འཛིན་གྱི་ཆོག་རྣམ་པར་གནོན་པར་མཛད་ནས། རྡོ་རྗེ་འཆང་ཆེན་པོས་འདི་གསུངས། ་སོ།། བདེ་བ་ཆེན་པོ་གྲུབ་དོན་དུ།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། རྡོ་རྗེ་སེམས་དཔའ་བསྒྲུབ་པའི་ཐབས།། མྱུར་ཞིང་རྟག་པར་བཤད་པར་བྱ།། ཇི་སྲིད་འཁོར་བ་གནས ་བར་དུ།། དེ་སྲིད་སེམས་ཅན་གདོན་པར་འདོད།། མྱ་ངན་འདས་པ་སེམས་ཅན་དོན།། བྱང་ཆུབ་བསྒྲུབ་ཕྱིར་བྱེད་ནུས་མིན།། དེ་ཉིད་ཀྱིས་ནི་སེམས་དཔའ་རྣམས།། འཁོར་བར་གནས། ་པར་བཞེད་པ་ཡིན།། སེམས་ཅན་མཛད་པ་བཞེད་པ་ཡིན།། ཐམས་ཅད་དག་པའི་ཆོས་མཆོག་ཅན།། སྨིན་པའི་ཕ་རོལ་ཕྱིན་སོགས་ཀྱང་།། བྱང་ཆུབ་སྤོང་མཆོག་དེ་ལྟ་མིན།། སེམས ་ཅན་ཀུན་གྱི་དོན་གྲུབ་ཕྱིར།། ཇི་ལྟ་བ་བཞིན་དངོས་གྲུབ་བསྒྲུབ།། དེ་བཞིན་གཤེགས་པས་མི་འདུལ་བ་སོ།། སེམས་ཅན་དོན་རྣམས་མི་མཛད་དོ།། དངོས་གྲུབ་འདི་ནི་ཚེ་འདིར ་འགྲུབ།། དུས་ཀུན་དུ་ནི་ཐམས་ཅད་བྱེད།། དེ་ལ་འདིར་ནི་བསྒྲུབ་པ་བཤད།། དངོས་གྲུབ་ཤིན་དུ་བརྟག་པ་ཡིན།། གང་གིས་སྲིད་པ་འདི་ཉིད་དུ།། དངོས་གྲུབ་ཤིན་ཏུ་རྟག་པ ་ཐོབ། དཀྱིལ་འཁོར་དག་ཏུ་མ་ཞུགས་པ་འམ།། དམ་ཚིག་རྣམ་པར་སྤངས་པ་འམ།། སྲིད་པ་འདི་ལ་མྱུར་དུ་འགྲུབ།། བསོད་ནམས་མེད་ཀྱང་ཐམས་ཅད་དུ།། གལ་ཏེ་དངོས ་གྲུབ་བསྒྲུབ་འདོད་ན།། རྟག་ཏུ་ཡུལ་དང་ལྡན་གྱུར་ན།། གསང་བའི་མཆོད་པས་ཡང་དག་མཆོད།། རང་གི་ཕྱག་རྒྱས་བསྒྲུབ་པར་བྱ།། དྲུག་ལྡན་ལ་སོགས་སྙན་པའི་གླུ།། ཐམས ་ཅད་ཅི་འདོད་བླངས་ནས་ནི།། ཅི་ནུས་པ་ནི་བཟླས་པ་ཡིས།། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ།། འདིས་ནི་འདོད་པ་ཀུན་དབང་ཕྱུག། ཇི་ལྟར་མངོན་པར་འདོད་པའི་བདག། ་དངོས་གྲུབ་ཐམས་ཅད་གྲུབ་བྱུག། སྐྱེ་དང་རྒས་དང་འཆི་མི་འགྱུར།། འགྲོ་བ་ཐམས་ཅད་ཀྱིས་མཆོད་དང་།། རང་གི་གཉེན་ཡང་རྣམ་དག་འགྱུར།། མཆོག་ཏུ་དོན་ཡོད་ཀུན ་གྱིས་མཆོག། རྡོ་རྗེ་འཆང་ཆེན་ལྟ་བུར་འགྱུར།། བདེ་བ་ཆེན་པོ་རྡོ་རྗེ་གྲུབ་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་བརྩོལ་བའོ།། རྡོ་རྗེ་འཆང་ཆེན་པོ ་བྱང་ཆུབ་སེམས་དཔར་འགྱུར་རོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་འདོད་ན་རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱི་ཕྱག་རྒྱ ་འཛིན་པ། འཛུམ་པ་དང་བཅས་པའི་ངོས་ཐམས་ཅད་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བསྐོར་བ་བྲི་བར་བྱའོ།། དེའི་མདུན་དུ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར ་བཅིངས་ལ་རྡོ་རྗེའི་ཚོག་གིས་འབུམ་བཟླས་ན་ཚེས་བཅཝོ་ལྔའི་ནམ་ཕྱེད་ན་བདུད་ཀྱི་ཚོགས་ཐམས་ཅད་འོང་བོར་འགྱུར་རོ།། དེ་ནས་བདུད་ཀྱི་སྤོབས་ཐམས་ཅད་གཞོམ་པས་བཅོམ་པར། ་འགྱུར་རོ།། ཐོ་རངས་ཀ་དེ་བཞིན་གཤེགས་པ་ཉིད་དམ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉིད་ཐོབ་པར་འགྱུར་རོ།། ་དེ་ནས་རྡོ་རྗེ་འཛིན་པ་ཆེན་པོ་བསྒྲུབ་པར་འདོད་ན་ལུགས་མ་འམ་རྐོ་ས་མ་འམ་རས་ལ་བྲི་བར་བྱའོ།། ཕྱག་ན་རྡོ་རྗེའི་སྐུ་གཟུགས་ཀྱི་དཀྱིལ་འཁོར་བཞིན་དུ་སྔ་མ་ལྟར་བསྒྲུབ་པ་འམ། ་སྐུ་གཟུགས་ཀྱི་ཁྱད་པར་ཇི་ལྟར་ཐོབ་པ་སེམས་ཅན་གྱི་སྒྲུབ་པར་གསུངས་སོ།། ཟླ་བ་དྲུག་གིས་རྡོ་རྗེ་འཆང་ཆེན་པོ་འགྲུབ་པར་འགྱུར་རོ།། དེ་ནས་རྡོ་རྗེ་འཆང་ཆེན་པོ་དགུག་པ་ནི། བདེ་བ ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུ་ཡིས་གྲངས་ནས་བསྒྲུབ་པར་བྱའོ།། ཇི་ལྟར་འདོད་ན་ཟླ་ཕྱེད་ན་འགྲུབ་པར་འགྱུར་རོ།། དེ་ནས་རང་གི་ཕྱག་རྒྱས་བསྒྲུབ་པར་བྱེད་ན། ཕྱག་རྒྱ ་ཆེན་པོ་བཅིངས་ལ་བདག་ཉིད་རྡོ་རྗེ་སེམས་དཔའ་ཡིན་ནོ་ཞེས་བསྒོམ་ཞིང་བསྒོམས་པས་བསྒྲུབ་པར་བྱའོ།། ཇི་ལྟར་འདོད་པས་ཟས་ལ་བདག་ཉིད་བསྒྲུབ་པར་བྱའོ།། ཡང་བསྒོམ་ཞིང ་བསྒོམས་པས་བཟླས་པ་བྱ་སྟེ། ཇི་སྲིད་ཀྱིས་ཟླ་བ་ཕྱེད་ཀྱིས་རྡོ་རྗེ་འཆང་ཉིད་གྲུབ་པར་འགྱུར་རོ།། དེ་ནས་འདོད་པ་ཐམས་ཅད་ཀྱི་དབང་ཕྱུག་བསྒྲུབ་པར་འདོད་ན།། དེ་བཞིན་དུ་སྐུ ་གཟུགས་མདུན་དུ་བཞག་ལ། ལྷ་མོ་དང་བཅས་པས་ཞུགས་ལ་ཕྱག་རྒྱས་བཅིངས་ལ་དེ་སྲིད་ཀྱི་བར་དུ་བཟླས་པས། དེ་སྲིད་དུ་མི་སྣང་བར་འགྱུར་བ་དང་། འདོད་པའི་དབང ་ཕྱག་དང་ཁམས་གསུམ་མ་ལུས་པའི་བདག་པོར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་ཁམས་གསུམ་མ་ལུས་པ་དོན་ཡོད་པའི་ལས་ཀྱི་ཚོགས་ཐམས་ཅད་རང ་བཞིན་གྱིས་གྲུབ་པའི་ཆོས་ཀྱི་ཡེ་ཤེས་རྣམ་པར་རོལ་པར་མཛད་དོ།། མ་བསྒྲུབས་ན་ཕྱག་རྒྱ་ལས་ཀྱི་རྡོ་རྗེའི་རྒྱུན་གྱི་ཆོ་ག་རྒྱས་པར་བཀའ་བ་སྩལ་ཏོ།། དེ་ནས་མ་བསྒྲུབས་ན་སྙིང་པོ ་འདིས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། འདི་ལྟ་སྟེ། བདག་ཉིད་བསྲུང་བ་རྡོ་རྗེ་གསང་བའི་གཙུག་གཏོར་གྱིས་སོ།། ཐམས་ཅད་བསྲུང་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི ་མཛོད་སྤུས་སོ།། ཕྱོགས་ཐམས་ཅད་དང་འཚམས་དང་། དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་འཕྲེང་བ་སོ།། བདུད་ཐམས་ཅད་ཀྱི་སྟོབས་གཞོམ་པ་ལ་ནི་བདེ་བ་རྡོ་རྗེ་གསང ་བ་མི་བསྐྱེད་པ་སོ།། ཚེ་འཕེལ་བར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྫོ་གསང་བའི་བདུད་རྩིས་སོ།། གཟུགས་ཆེན་པོ་ཕུན་སུམ་ཚོགས་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བསང་བའི་གཟུགས་ཅན་གྱིསོ།། ་གཟི་བརྗིད་ནི་ཚེད་ཤིན་ཏུ་བཟང་པོ་རབ་ཏུ་རབ་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ།། སྟོབས་དང་མདོག་འཕེལ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་མཐུས་སོ།། ཧཱུཾ ་དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ཅོད་པན་གྱིས་སོ།། ནོར་ཐམས་ཅད་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབྱིག་གིས་སོ།། རྒྱལ་སྲིད་ཐོབ་པ་ལ་ནི་རྡོ་རྗེ་གིས ་བའི་ཞེས་པ་ས་མ་ལུས་པ་ཐོབ་པ་རྡོ་རྗེ་གསང་བའི་བཙལ་གྱིས་སོ།། ཐམས་ཅད་དབབ་པ་དང་། སྟོབས་ཀྱིས་གར་བྱེད་དུ་བཞུག་པ་དང་། ་དུས་གསུམ་དུ་བདེན་པར་སྨྲ་བ་ལ་ནི། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་སྟོན་དུ་བཞུག་པས་སོ།། པྲ་སེ་ན་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་གསང་བའི་པྲ་སེ་ན་དབབ་པས་སོ།། གདོན ་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི། རྡོ་རྗེ་གསང་བའི་གདོན་ལས་ཐར་པསོ།། གདུག་པ་ཐམས་ཅད་བཞིག་པ་ལ་ནི་རྡོ་རྗེ་གསང་བ་བགེགས་འཇོམས་པས་སོ།། ཐམས་ཅད་རེངས་པར་བྱ་བ་ལ ་ནི་རྡོ་རྗེ་གསང་བ་རེངས་པས་སོ།། ཐམས་ཅད་གཉིད་ལོག་པ་ལ་བྱ་བ་ནི་རྡོ་རྗེ་གསང་བའི་གཉིད་ཀྱིསོ།། ཐམས་ཅད་རྒྱས་གདབ་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་མཁའ་འགྲོ་མ་སོ།། ་ཐམས་ཅད་གསད་པ་ལ་ནི་རྡོ་རྗེ་གསང་བ་མཐར་བྱེད་པས་སོ།། ཐམས་ཅད་བསྒྱེལ་བ་ལ་ནི་རྡོ་རྗེ་གསང་བ་ཧཱུཾ་མཛད་ཀྱིས་སོ།། ཐམས་ཅད་བསླང་བ་ལ་ནི་རྡོ་རྗེ་བསླང་བའི་དམ་ཚིག་བསླང་བས་སོ།། ་ཐམས་ཅད་བཅིང་བ་ལ་ནི་རྡོ་རྗེ་གསང་བས་བཅིངས་པསོ།། ཐམས་ཅད་ཐར་བར་བྱ་བ་ནི་རྡོ་རྗེ་གསང་བའི་ཡི་གེ་མུས་སོ།། འཕྲ་མེན་མ་ཐམས་ཅད་ལ་ན་ཐར་བར་བྱ་བ་དང་། ཤི་བ་གསོ་བ་ལ་ནི་གསང་བ་ཧེ་རུ ་ཀའི་རྡོ་རྗེ་ཡིས་སོ།། མ་མོའི་གདོན་ཐམས་ཅད་ལས་ཐར་བར་བྱ་བ་ལ་ནི་རྡོ་རྗེ་གསང་བ་དྲག་པོ་ཡི་སོ།། ཕྲ་མེན་མ་ཐམས་ཅད་ཀྱི་རྒྱས་གདབ་པ་ལས་ཐར་བར་བྱ་བ་དང་། སྙིང་ཟས་ནས་སྙིང་གཞན་དུ ་དབྱུང་བ་དང་བཅས་པ་དང་། ཤི་བ་གསོ་བ་ལ་ནི་དམ་ཚིག་ཆེན་པོ་གསང་བ་ཧེ་རུ་ཀ་རྡོ་རྗེ་དབང་བསྐུར་བའི་ཕྱག་རྒྱསོ།། གདུག་པ་ཐམས་ཅད་ཀྱི་ཕྱག་གཞིག་པ་ལ་ནི་རྡོ་རྗེ་གསང་བའི་རྡོ་རྗེས་སོ།། ་རིམས་ནད་ཞི་བ་ལ་ནི་རྡོ་རྗེ་གསང་བ་འབར་བའི་ལྟ་བས་སོ།། དུག་ཐམས་ཅད་གཞིལ་བ་ལ་ནི་བཟའ་བ་དང་དབབ་པ་དང་། ཤི་བ་གསོ་བ་ལ་ནི་གསང་བ་ཆེན་པོ་རྡོ་རྗེ་ནོར་བུའི་ཕྱག་རྒྱས་སོ།། ་དུག་ཐམས་ཅད་བདུད་རྩིར་བྱ་བ་ནི་རྡོ་རྗེ་གསང་བའི་དུག་མེད་པས་སོ།། གཤེད་བྱེད་ཐམས་ཅད་དང་། བྱུང་དང་། རོ་ལངས་ཀྱིས་གཞན་གྱི་དཔལ་དབྲོག་པ་བཞིག་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན ་སྲེག་གིས་སོ།། རྩོད་པ་ཐམས་ཅད་དང་། འཐབ་མོ་དང་འཁྲུག་པའི་ཆོས་ཀྱི་བརྩོད་པ་ཞི་བ་ལ་ནི་རྡོ་རྗེ་གསང་བ་ཞལ་རབ་ཏུ་གདད་པསོ།། ཡམས་དང་འཚེ་བ་ཐམས་ཅད་དང་། རྨི་ལམ་ངན ་པ་ཞི་བ་ལ་ནི་རྡོ་རྗེ་གསང་བའི་ཞི་བས་སོ།། གཞན་དཔུང་ཐམས་ཅད་རེངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་། རྨོངས་པར་བྱ་བ་དང་། ལྐུགས་པར་བྱ་བ་དང་། རྒྱས་གདབ་པར་བྱ་བ་དང་། ་གསད་པར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གསང་བ་གཤེད་ཀྱིས་སོ།། འཐབ་མོ་ཐམས་ཅད་ལས་རྒྱལ་བ་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་རྒྱལ་མཚན་གྱི་རྩེ་མོས་སོ།། གདུག་པ ་ཐམས་ཅད་གཞིག་པ་ལན་རྡོ་རྗེ་ལགས་པའི་གས་བས་སོ།། བགེགས་ཐམས་ཅད་ཞི་བར་བྱ་བ་ལན་རྡོ་རྗེ་གས་པའི་བདུད་རྩི་ཐབས་སྦྱོར་གྱིས་ཀྱིས་སོ།། དགྲ་བོ་ཐམས་ཅད་རྣམ་པར ་གཞིག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་རྣམ་པར་འཐོར་བསོ།། བདུད་ཀྱི་སྟོབས་ཐམས་ཅད་གཞོམ་པ་ལ་ནི་རྡོ་རྗེ་གསང་བའི་རབ་ཏུ་འདུལ ་བསོ། བ་སྤྲིན་བསྐྱེད་པ་ལ་ནི་རྡོ་རྗེ་སྤྲིན་གྱིས་སོ།། ཆར་པ་དབབ་པ་ལ་ནི་རྡོ་རྗེ་གསང་བའི་སྤྲིན་གྱིས་སོ།། ཐོག་དབབ་པ་དང་། ཀློག་དང་རླུང་དང་ཆར་ཞི་བར་བྱ་བ་ལ་ནི་རྡོ་རྗེ་གསང ་བའི་སྲིད་བསྲུངས་ཀྱིས་སོ།། སྤྲིན་དང་མུན་པ་དང་ཁུག་སྣ་བཞི་པ་ལ་ནི་རྡོ་རྗེ་གསང་བའི་བདེ་བ་ཆེན་པོའི་སྨན་གྱིས་སོ།། ཀླུ་ཐམས་ཅད་དགུག་པ་ལ་ནི་རྡོ་རྗེ་གསང་བའི་ཕྱག་རྒྱས ་སོ།། ཀླུ་ཐམས་ཅད་དབང་དུབྱ་བ་ལ་ནི་གསང་བ་ཐམས་ཅད་ཀྱི་ནོར་བུའི་ཕྱག་རྒྱས་སོ།། ཀླུ་ཐམས་ཅད་རྗེས་སུ་འབྲང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་ཀླུ་ཐམས་ཅད་འདུལ་བསོ།། ་ཀླུ་ཐམས་ཅད་འབྱིན་པ་ལ་ནི་རྡོ་རྗེ་གསང་བའི་ཀླུ་གནོད་པ་སོ།། ས་མ་ལུས་པ་གཡོ་ཞིང་འགུལ་བ་ལ་ནི་རྡོ་རྗེ་གསང་བའི་ཐར་པས་སོ།། ཆུ་མེད་པར་ཆུའི་ཕུང་པོ་ཤས་ཆེར་གསིལ་ཞིང་དྲི་མ ་མེད་པར་བསྐྱེད་པ་ལ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཀླུའི་ཕྱག་རྒྱས་སོ།། མུན་པ་ཆེན་པོ་སྣང་བར་བསྐྱེད་པ་ལ་ནི་རྡོ་རྗེ་ཉི་མིའི་ཕྱག་རྒྱས་སོ།། རླུང་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་དྲུང་ཐམས ་ཅད་ཀྱིས་སོ།། ནམ་མཁའ་ཐམས་ཅད་གཟུགས་ཀུན་ཏུ་སྟོན་པ་ལ་ནི་རྡོ་རྗེ་གསང་བའི་འཛིན་པས་སོ།། ན་མཁའ་ཐམས་ཅད་དངོས་པོ་འབྱུང་བར་བྱ་བ་ལ་ནི་རྡོ་རྗེ་གསང་བ་འབྱུང་བས་སོ།། ་ནམ་མཁའ་ལ་བདག་ཉིད་བསྟན་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་རྫུ་འཕྲུལ་གྱིས་སོ།། ན་མཁའ་ལ་དེ་བཞིན་གཤེགས་པ་དང་རྡོ་རྗེ་འཛིན་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། ་འཇིག་རྟེན་གྱི་ཁམས་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་གསང་བས་རྣམ་པར་འཕྲལ་པས་སོ།། ན་མཁར་ཤིང་ཐམས་ཅད་ལ་ལོ་མ་དང་མེ་ཏོག་དང་འབྲས་བུ་ཐམས་ཅད་ལ་ནི་རྡོ་རྗེ་གསང་བའི་དུས་ཀྱི ་ཕྱག་རྒྱས་སོ།། ས་ཐམས་ཅད་ལས་འབྲུ་ཐམས་སྨིན་པར་འབྱུང་བ་ལ་ནི་རྡོ་རྗེ་གསང་བཤོད་ཀྱི་ཕྱག་རྒྱས་སོ།། ཐམས་ཅད་ལ་ལྷའི་ཁ་ཟས་དང་བཏུང་བ་དང་གོས་དང་གནས་སར་པ་དང་། ་བུ་མོ་གཞོན་ནུ་འབྱུང་བ་དང་། སྐྱེས་པ་དང་། བུད་མེད་དང་། བྲན་མོ་ཐམས་ཅད་འབྱུང་བར་འབྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བསོད་ནམས་ཀྱི་རྐུ་བས་སོ།། གཡུལ་དུ་དཔུང ་གི་ཚོགས་ཡན་ལག་བཞི་བསྟན་ཏེ། གཡུལ་འགྱེད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་བསྡོམ་པསོ།། སྒྱུ་མ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་བདེ་བ་མཆོག་གིསོ།། བདེ་བ་མཆོག་གི་བྱ་བ་ཐམས་ཅད ་ལ་ནི་རྡོ་རྗེ་སྒྲ་མའི་བྱ་བས་སོ།། རྨད་དུ་འབྱུང་བ་དང་ཆོ་འཕྲལ་ཐམས་ཅད་བསྟན་པ་ལ་ནི་རྡོ་རྗེ་རྨེད་དུ་འབྱུང་བའི་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པས་སོ།། ལན་གདབ་པ་ཐམས་ཅད་ཀྱི་བྱ་བ་ལ་ནི་རྡོ་རྗེ་ལན ་བསྟན་པསོ།། མི་རེངས་པར་བྱ་བ་ལ་ནི་ཤིན་ཏུ་བྲང་བ་སོ།། ཆུང་དབབ་པ་ལ་ན་རྡོ་རྗེ་ནུ་ཤེལ་གྱིས་སོ།། དགོན་པར་གྲོང་དང་ནགས་དང་། ཆུ་བོ་དང་། རྫིང་བུ་དང་། བསྐྱེད་སོས་ཚལ་དང་། ཟས་དང་། སྐོབ་དང་། ་གཟུགས་སྤྲུལ་པ་ལ་ནི་རྡོ་རྗེ་གྲུབ་པས་སོ།། ཆུའི་སྟེང་དུ་འཆབ་པ་དང་། བདག་ཉིད་གཟུགས་མང་པོ་བསྟན་པ་དང་། མི་སྣང་བ་དང་། ན་མཁའ་ལ་འགྲོ་བའི་དངོས་གྲུབ་ལ་ནི ་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱི་སོ།། ལྷ་ལོ་སག་པ་ཐམས་ཅད་མངག་བཞག་པར་བྱ་བ་ལ་ནི་རྡོ་རྗེ་གསང་བའི་བཀའ་བསྒོབས་སོ།། སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ལ་ནི་རྡོ་རྗེ་གསང་བའི་དབང་གི་སོ།། ་མེ་རྒྱུ་བ་ཐམས་ཅད་དྲ་བ་དང་དབབ་པ་དང་། བདེ་བར་སླར་བཞུག་པ་ལ་ནི་རྡོ་རྗེ་གསང་བའི་དངོས་གྲུབ་ཀྱི་ཕྱག་རྒྱས་སོ།། གཟུགས་ཐམ་ཅད་དབབ་པ་དང་། དགུག་པ་དང་། དགོད་པར་བྱ་བ་ལ་ནི་གར ་བྱེད་དུ་བཞུག་པ་དང་། རོལ་པར་བྱ་བ་དང་། སྒོ་ཐམས་ཅད་བྱེད་དུ་བཞག་པ་དང་། ཐམས་ཅད་ཁྱེར་ཏེ་འོང་བ་དང་། འཕྲོག་ཏུ་བཞུག་པ་དང་། ལས་ཐམས་ཅད་བྱེད་དུ་བཞུག་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ ་དམ་ཚིག་གི་བྱིན་དྲས་སོ།། ཐམས་ཅད་རྗེས་སུ་ཆགས་པར་བྱ་བ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཡང་ལས་བྱུང་བས་སོ།། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྩེར་བཞུག་པ་ལ་ནི་རྡོ་རྗེ་ཀི་ལི་ཀི་ལ་ཡི ་གསང་བས་སོ།། ཐམས་ཅད་བརྟན་པར་བྱ་བ་ལ་ནི་རྡོ་རྗེ་ཆུ་སྲིན་གྱི་ཕྱག་རྒྱས་སོ།། ཐམས་ཅད་དང་བར་བྱ་བ་ལ་ནི་རྡོ་རྗེ་བསྒྲིམས་པསོ།། རྨི་ལམ་གདབ་པ་གསོ་བ་ལ་ནི་རྡོ་རྗེ་སློང་མོ་བས་སོ།། ་ཡང་ན་གཞན་དག་གི་མངོན་པར་འདོད་པའི་རྨི་ལམ་མཐོང་བར་བྱ་བ་ལ་ནི་རྡོ་རྗེ་རྨི་ལམ་མཐོང་བ་སོ།། རྨི་ལམ་ཐམས་བཞིག་པ་ལ་ནི་རྡོ་རྗེ་བསྲེག་ལུགས་ཀྱི་སོ།། རྨི་ལམ་བཟང་པོ་ཐམས་ཅད་བསྒྲུབ་པར་བསྟན ་པ་ལ་ནི་རྡོ་རྗེ་རྨི་ལམ་གྲུབ་པས་སོ།། ནད་དང་གདོན་གསལ་བ་ལ་ནི་རྡོ་རྗེ་སྨན་གྱིས་སོ།། རིམས་ནད་ཐམས་ཅད་བཞིག་པ་ལ་ནི་རྡོ་རྗེ་བཅུད་ཀྱི་ལེན་གྱིས་སོ།། དུས་མ་ཡིན་པ་འཆི་བར་བཞིག་པ་ལ་ནི་རྡོ་རྗེ ་དུར་བ་སོ།། དམྱལ་བ་ལ་སོགས་པའི་ངན་འགྲོ་ཐམས་ཅད་བཞིག་པ་ལ་ནི་རྡོ་རྗེ་སྡིག་པ་དྲལ་བ་སོ།། སྐུ་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་སྐུའི་མཆོག་གིས་སོ།། གསུང་ཐམས་ཅད་གྲུབ་པ་ལ ་ནི་རང་གི་ལྕེ་ལ་རྡོ་རྗེ་གསང་བའི་ལྗགས་ཀྱི་མཆོག་གིས་སོ།། ཐུགས་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་ཐུགས་བསྐྱེད་པསོ།། རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་ནི་རབ་ཏུ་དགའ་བའི་རྡོ་རྗེསོ།། དཀྱིལ་འཁོ ་ཐམས་ཅད་རབ་ཏུ་བཞུག་པ་ལ་ནི་རྡོ་རྗེ་འཁོར་ལོས་སོ།། ཕྱག་རྒྱ་ཐམས་ཅད་བཅིང་བའི་ཕྱག་རྒྱག་ནི་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱསོ།། དམ་ཚིག་ཐམས་ཅད་བསྒྲུབ་པ་ལ་ནི་རྡོ་རྗེ་དམ་ཚིག ་གི་ཕྱག་རྒྱས་སོ།། ལས་ཐམས་ཅད་གྲུབ་པ་ལ་ནི་རྡོ་རྗེ་གསང་བའི་མཆོད་པསོ།། ཕུན་སུམ་ཚོགས་པ་ཐམས་ཅད་ལ་ནི་རྡོ་རྗེ་ལྷུང་བ་ལས་གནོན་པའི་ཕྱག་རྒྱ་སོ།། ཐམས་ཅད་མཁྱེན་པ་ཐོབ ་པར་བྱ་བ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱས་སོ།། མཆོད་པ་ཐམས་ཅད་ནི་རྡོ་རྗེ་གར་གྱི་ཕྱག་རྒྱས་སོ།། རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་བདེ་བ་ཆེན་པོའི་རྡོ་རྗེ་སོ།། སེམས་དཔའ་ཆེན་པོ་ཐད ་ཀྱི་དངོས་གྲུབ་དམ་པ་ནི་རྡོ་རྗེ་སེམས་དཔའི་བདེ་བ་ཆེན་པོས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་དས་པ་རྣོ་རྡོ་རྗེ་གསང་བ་དམ་པའི་བདེ་བཆེན་པོས་སོ།། རྡོ་རྗེ་འཛིན་པ་ཆེན་པོ ་ཐམས་ཅད་ཀྱི་དངོས་གྲུབ་དམ་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་ཕྱག་རྒྱ་སོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྒྱལ་པོ་རབ་ཏུ་དགའ་བའི་རྡོ་རྗེ ་གསང་བ་ཆེན་པོའི་ཆོ་ག་རྒྱས་པའོ།། །། དེ་ནས་བཅོམ་ལྡན་འདས་བདེ་བ་ཆེན་པོ་རྡོ་རྗེ་དམ་ཚིག་གི་བྱིན་གྱིས་བརླབས་ཀྱིས་ཆོས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེགས་པ་ཟད ་ཀྱི་ཁུ་ཚུར་ཡོངས་སུ་འཛིན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་བྱིན་གྱིས་བརློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ ་བ་འདེབས་ཞིང་བཞུགས་པར་གྱུར་ཏོ།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། དེ་བཞིན་གཤེགས་པ་མཐའ་ཡས་ཉིད།། དམ་པའི་ས་ལའང་རིགས་བཅས་སྐྱེད་དུ་གསོལ།། དེ་ནས་བཅོམ་ལྡན ་འདས་རྡོ་རྗེ་འཛིན་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་བདེ་བ་ཆེན་པོ་རྡོ་རྗེ་རྣམ་པར་གནོན་པར་མཛད་ནས། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ་དེ་བཞིན་གཤེག་པ་ཐམས ་ཅད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལ་བཞུགས་ཏེ། ཐམས་ཅད་ཀྱི་བདག་ཉིད་མཉམ་པའི་བདེ་བ་ཆེན་པོའི་རྡོ་རྗེའི་ཕྱག་རྒྱ་བསྐྱེད་པའི་གཟུངས་འདི་གསུངསོ།། ཨོཾ་དྷི། དེ་ནས་འདི་གསུང ་པ་ཙམ་གྱིས་རྣམ་པ་དྲུག་ཏུ་གཡོས་སོ།། དེ་བཞིན་གཤེགས་པ་སྲས་དང་བཅས་པ་ཐམས་ཅད་བྱོན་ཞིང་འདུས་ནས་བརྟན་པར་གྱུར་པ་དང་། ཐམས་ཅད་གྲུབ་པའི་ཕྱིར་དཀྱིལ་འཁོར་ཆེན་པོའི ་ཚུལ་ཞུགས་ཏེ། བཞད་པ་ཆེན་པོའི་ཁྱད་པར་གྱིས། རྨད་འབྱུང་ཆེན་པོ་རབ་ཏུ་བཞད། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་སེམས་དཔའ་རྡོ་རྗེ་བསྙེམས་པ་ཡིས ་བཞུགས་ཏེ། བདེ་བ་ཆེན་པོ་དམ་ཚིག་གི་རྡོ་རྗེ་གསང་བ་བཟུང་ཀྱི་དཀྱིལ་འཁོར་འདི་གསུངས་སོ།། ཇི་ལྟར་ཆོས་ཀྱི་ལེགས་བྲིས་པ།། རྡོ་རྗེ་བསྙེམས་པ་རྒྱལ་བའི་མཆོག། ཚོགས་བཅས ་མདུན་ནས་བཞུགས་གསོལ་བ།། ས་མ་ཡ་སྟྭཾ་ཞེས་བརྗོད་ཅིང་།། དེ་བཞིན་གཤེགས་པ་སྲས་བཅས་པ།། རྡོ་རྗེ་མཚོན་ཆ་ཡོངས་སུ་འཛིན།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། ་མེ་ཏོག་ལ་སོགས་སྤྲི་ཐལ་སྦར།། དེ་ལ་འདི་ནི་འཇུག་པ་ལ་སོགས་པའི་ཆོ་ག་རྒྱས་པསོ།། དེ་བཞིན་གཤེགས་པ་ཐམས་ཅད་ཕྱག་བྱ་བའི་ཕྱག་རྒྱས་འཇུག་པར་བྱའོ།། རྡོ་རྗེ་སེམས་དཔའ ་བསྡུས་པས་ན།། རྡོ་རྗེ་རིན་ཆེན་བླ་ན་མེད།། རྡོ་རྗེ་མཆོག་གི་གླུར་བླངས་པ།། རྡོ་རྗེ་ལས་རྣམས་བྱེད་པར་འགྱུར།། ཞེས་བྱ་བའི་རྡོ་རྗེའི་གླུ་འདིས་འཇུག་པར་བྱའོ།། དེ་ནས་ཞུགས་ནས ་ཐམས་ཅད་པའི་ཡེ་ཤེས་ཀྱི་བཟུངས་དགུག་པར་བྱ་བ་སྟེ། བདེ་བ་ཆེན་པོ་རྡོ་རྗེ་ལྗགས་ཀྱུས་སོ།། ཨོཾ་བཛྲ་དྷཱ་རི་སུ་ར་ཏི་མ་ཧཱ་སུ་ཁ་སརྦ་དྷརྨ་ས་མ་ཏ་ཡ་ཨ་ཀར་ཤ་ཡ་སརྦ་ཏ་ཐཱབ་ཏ་ནི་མུ ་ཟླས་པྲ་དང་རྔ་རྩུབ་བོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་ཉེ་བར་གྱུར་པ་ན་དགའ་བ་ལ་སོགས་པའི་མཆེན་མ་འབྱུང་བར་འགྱུར་རོ།། ཆོ་འཕྲུལ་རྣམ་པ་དུ་མ་མཐོང་བར ་འགྱུར་རོ།། དེ་ནས་དེ་བཞིན་དུ་ཆོ་ག་རྒྱས་པར་བྱའོ།། དེ་བཞིན་དུ་བསྒྲུབས་ན་ཡིད་ལ་འདོད་པའི་དངོས་གྲུབ་རྣམ་སུ་འགྱུར་རོ།། དོན་ཡོད་པ་ཐོགས ་པ་མྱུར་དུ་དམ་པ་གྲུབ་པ་ཡང་ཡིན་ཏེ། དེ་ནས་མ་བསྒྲུབས་པར་ཡང་སྙིང་པོ་ལན་གཅིག་བཟླས་པས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། ཐམས་ཅད་བསྲུང་བ་ལ་ནི་རྡོ་རྗེ་གཙུག་གཏོར་གྱི་སོ།། ་སེམས་ཅན་ཐམས་ཅད་དབང་དུ་བྱ་བ་ནི་རྡོ་རྗེ་མཛོད་སྤུས་སོ།། ཆོས་ཉིད་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་ཆོས་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོད་པའི་དངོས་གྲུབ་ནི་རྡོ་རྗེ་མཆོད ་པས་སོ།། གདུག་པ་ཐམས་ཅད་འདུལ་བ་ལ་ནི་རྡོ་རྗེ་ཁྲོ་བོས་སོ།། བྱང་ཆུབ་ཀྱི་སྤྱོད་པ་རྫོགས་པར་བྱ་བ་ལ་ནི་རྡོ་རྗེ་སྤྲོད་པའི་ཕྱག་རྒྱས་སོ།། བདུད་ཐམས་ཅད་གཞོམ་པ་ལ་ནི་བདུད་ཐད ་འཇོམས་པར་བྱེད་པ་སོ།། དེ་བཞིན་གཤེགས་པ་ཉིད་དུ་བྱེད་པ་ལ་ནི་རྡོ་རྗེ་ཡེ་ཤེས་ཀྱི་ཁུ་ཚུར་གྱིས་སོ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་རྡོ་རྗེ་གསང་བའི ་ཆོ་ག་རྒྱས་པས་སོ།། བདེ་བ་ཆེན་པོ་བསྒྲུབ་ཕྱིར་དང་།། འདོད་ཆགས་རྣམ་པར་དག་ཕྱིར་དང་། གདུག་པ་ཐམས་ཅད་གཞོན་པའི་ཕྱིར།། རང་གི་རིག་སྤྲུལ་རྡོ་རྗེ་འཛིན།། དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་དམ་ཚིག་རྣམ་པར་གནོན་པར་བྱེད་པ་ཞེས་པ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་འདི་གསུངས་སོ།། ཧཱུཾ་རག་ཏ་མཛལ་མ་ལ་བྲལ ་ཡ་ཨ་ག་ནེ་པྲ་ཏིབ་ཏོ་མ་ཧཱ་བཛྲ་མ་ཧཱ་སུ་ཁ་རུ་ཏ་བཛྲ་ཀྲོ་དྷ་ཛ་ཧཱུ~ཾ་བི་ཧོ་ཕཊ།། དེ་སྐད་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེའི་རྡོ་རྗེའི་ལས་ཀུན་ནས་དམར་པོ་འབར་བའི ་སྙིང་པོའི་དབུས་ན་སྨིན་མ་འགྱུར་ཞིང་ཁྲོ་གཉེར་བསྡུས་པ་སྨང་ར་སེར་ཞིང་སྲན་འབར་བ། རྡོ་རྗེ་མཆེ་བ་བརྩིགས་པས་མ་མཆུའི་སྒྲོས་གནན་པ་མི་ཟད་པའི་ཞལ་མངའ་བ། དབུ་སྐྲ་གྱེན་དུ་འབར་བ། ་རྡོ་རྗེ་གཞུང་ལ་སོགས་པ་ཡོངས་སུ་འཛིན། བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ།། བཅོམ་ལྡན་འདས་ཁམས་གསུམ་པའི་གདུག་པ་ཐམས་ཅད་འདུལ་བར ་མཛད་ན་རྡོ་རྗེ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་ཆེན་པོར་བྱིན་གྱིས་བརླབས་སོ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། དཀྱིལ་འཁོར་ཐམས་ཅད་ཐིག་གདབ་བྱ།། དེ་ལ་དང་པོར་ཁྲོ་བོ ་བཞག། རབ་དགའ་ལས་བྱུང་ཧཱུ~ཾ་ཞེས་བརྗོད།། ཨུད་པ་ལ་སྔོན་པོའི་མདངས་འབར་བ།། རྡོ་རྗེ་བསྙེམས་པ་འཛིན་པའི་མཆོག། ཞལ་གྱི་མཆེ་བ་ཅུང་ཟད་རྩིགས།། ཁྲོ་བ་དང་བཅས་བཞད ་བའི་ཞལ།། རྡོ་རྗེ་དཀྱིལ་མེ་དཀྲུངས་ཀྱིས་བཞུགས།། འོད་ཟེར་འབར་བ་འཁྲིགས་པའི་འོད།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། ཐམས་ཅད་དུ་ནི་ཁྲོ་བོ་བྲི།། འཇུག་པ་ནི་རབ་ཏུ ་དགའ་བའི་ཁྲོ་བོ་རྡོ་རྗེ་ཡིས་དང་པོ་ཁོ་ནར་སློབ་དཔོན་གྱིས་འཇུག་པ་ལྟར།། སློབ་མ་རྣམས་ཀྱང་དེ་བཞིན་ནོ།། སློབ་དཔོན་ཞུགས་ནས་ཁྲོ་བོས་ལྕགས་ཀྱུ་དེ་ཉིད་དགུག་པར་བྱའོ།། ཧཱུ~ཾ་སུ ་ཏ་བཛྲ་ཀྲོ་དྷ་ཡ་ཧེ་མཧཱ་སུ་ཁ་བཛྲ་ས་དཛ། སརྦ་བཛྲ་ཀ་ལ་ནི་ཧཱུཾ། སརྦ་མུ་ཏྲ་ག་ན་ཏ་བྷན་དྷ་ཏ་ཡ་བྷ། སརྦ་ས་མ་ཡ་བ་ཤི། ཀུ་རུ་ཧོ།། ལས་ཐམས་ཅད ་བསྒྲུབ་པ་ལ་ནི་ཨ། དངོས་གྲུབ་ཐམས་ཅད་གྲུབ་པ་ལ་ནི་ཨཱ། དེ་ནས་རྡོ་རྗེའི་རིགས་རྣམས་དང་། བཅོམ་ལྡན་འདས་དང་བཅས་ཏེ་མཐོང་བར་འགྱུར་རོ།། དངོས་གྲུབ་ཀྱི་མཚན་མ་དགའ་བ་དང་། ་ཁོ་བོ་དབབ་པ་ཡང་ཅུང་ཟད་ཅིག་མཐོང་བར་འགྱུར་རོ།། དེ་ནས་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ།། བསྒྲུབས་ན་ཐམས་ཅད་འགྲུབ་པར་འགྱུར་རོ།། དེ་ནས་མ་གྲུབ་ན་ལན་ཅིག ་བཟླས་པས་ལས་རྣམ་བྱེད་པར་འགྱུར་རོ།། ཁམས་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བར་བྱ་བ་ལ་ནི་རྡོ་རྗེ་ཧཱུ~ཾ་མཇེད་ཀྱི་ཕྱག་རྒྱས་སོ།། སེམས་ཅན་གྱིས་ཁམས་ཐམས་ཅད་འདུལ་བ་ལ་ནི ་རྡོ་རྗེ་ཁྲོ་བོའི་གསང་བ་སོ།། འཇིག་རྟེན་གསུམ་མ་ལུས་པ་ལས་རྣམ་པར་རྒྱལ་བ་ལ་ནི་འཇིག་རྟེན་གསུམ་མ་ལུས་པར་རྣམ་པར་རྒྱལ་བ་སོ།། ཁམས་གསུམ་ཐམས་ཅད་དགུག་པ་དང་། ་བཞུག་པ་དང་། དབང་བ་དང་། གཅིང་བ་དང་། དབང་དུ་བྱེད་པ་དང་། རྨོངས་པ་དང་། རེངས་པ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། རྐྱེན་དང་། གསད་པར་བྱ་བ་ལ ་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་ཁྲོ་བོས་སོ།། ཐམས་ཅད་ལྟུང་བར་བྱ་བ་ལ་ནི་རྡོ་རྗེ་ཕྲ་མོའི་ཁྲོ་བོས་སོ།། ཐམས་ཅད་དབབ་པ་ལ་ནི་རྡོ་རྗེ་བེམས་པོའི་ཁྲོ་བོས་སོ།། ཐམས་ཅད་ངེས ་པར་གནོན་པ་ལ་ནི་རྡོ་རྗེ་གད་རྒྱངས་ཀྱིས་སོ།། ཐམས་ཅད་ཉེ་བར་དགོད་པ་ལ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རབ་ཏུ་དགའ་བ་ལས་བྱུང་བ་རྡོ་རྗེ་གསང་བའི་དམ་ཚིག་གི་ཆོ་ག་ཆོ་ག་རྒྱས་པས ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དོན་ཡོད་པ་ཐོགས་པ་མེད་པ་རྣམ་པར་དག་པའི་ཆོས་བསྒྲུབ་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཡེ་ཤེས་ཀྱི་ཕྱག་རྒྱའི ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ་ཅིང་བཞུགས་སོ།། བདེ་བ་ཆེན་པོ་རབ་བསྒྲུབས་ཕྱིར།། འདོད་ཆགས་ཆེན་པོ་རྣམས་དག་པ།། དག་པ ་ཆེན་པོའི་ཆོ་ག་ཡིན་ཏེ།། པད་མའི་རིགས་ཆེན་བསྐྱེད་པར་མཛོད།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཆང་བ་ཆེན་པོའི་ཆོས་ཐམས་ཅད་ལ་གཟིགས་ནས་རྣམ་པར་གནོན་པར་མཛད་དོ།། བདེ་བ ་ཆེན་པོ་རྡོ་རྗེ་གསང་བའི་པདྨ་ཞེས་བྱ་བའི་སྔགས་འདི་གསུངསོ།། ཨོཾ་ཧྲི་བི་ཧོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཞལ་ནས་དེ་སྐད་གསུངས་པ་ཙམ་གྱིས་པདྨའི་མདང་ཅན་ཟླ་བའི་དཀྱིལ་འཁོར་གྱི་འོད ་མངའ་བ།། པདྨའི་མདངས་ལ་སོགས་པ་ཡོངས་སུ་འཛིན་པ་དེ་བཞིན་གཤེགས་པའི་དབང་བསྐར་འཆང་བ། རལ་པ་དང་། ཅོད་པན་དང་། ན་བཟའ་དམར་པོ་འཆང་བ། པད་མ་ཆེན་པོའི ་སེམས་དཔའ་རྣམས་ཕྱུང་ནས། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུགས་སོ།། བཅོམ་ལྡན་འདས་རང་ཉིད་ཀྱི་ཞལ་རབ་ཏུ་བཞད་པ། ཕྱག་གཡས་པ་ན་རྡོ་རྗེ། གཡོན་པ་ན་པདྨ་འཛིན ་ཅིང་བསྙེམས་པའི་ཚུལ་གྱིས་རྡོ་རྗེ་དཀྱིལ་མོ་བཀྲུངས་གིས་བཞུགས་པའི་དཀྱིལ་འཁོར་རོ།། །། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། ་དཀྱིལ་འཁོར་ཆེན་པོ་ཐོག་གདབ་པོ།། རྡོ་རྗེ་འཇིག་རྟེན་དབང་ཕྱུག་བཞག། པདྨའི་མཚན་མའི་ཚོ་གས་བྲི།། རྡོ་རྗེ་པདྨས་བཀུག་ཅིག་བཅུག་ཅིང་མདུན་དུ་སྤྱན་དྲང་བར་བྱའོ།། ལག་པ་གཉིས་ཀྱི ་ལྕགས་ཀྱུས། ཨོཾ་ཧྲཱི་མ་ཧཱ་སུ་ཁ་བཛྲ་ཨ་བ་ལོ་ཀེ་ཏེ་ཤྭ་ར་ཨ་ཀར་ཤ་ཡ་ས་མ་ཧེ། པྲ་བེ་ཤ་དྷེ་དྷ་མ་བྷ་བ་སེ་དྷ་མི། མུ་དྲ་མན་ཏྲ་ཛ་ཧཱུཾ་བཾ་ཧོ།། དེ་ནས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་མྱུར ་དུ་བྱོན་ནས་ཐམས་ཅད་སྟེར་བར་འགྱུར་རོ།། མཚན་མ་སྣང་བར་འགྱུར་ཏེ། སྒྱུ་མ་རྣམ་པར་དག་པ་ཡང་ཡང་མཐོང་བར་འགྱུར་རོ།། ཆོ་ག་རྒྱས་པ་ཡང་དེ་བཞིན་ནོ།། བསྒྲུབ་པ་བྱསན ་དངོས་གྲུབ་ཐམས་ཅད་དུ་འགྱུར་རོ།། དེ་ནས་མ་བསྒྲུབ་ན་ལན་གཅིག་བཟླས་པ་ས་ལས་ཐམས་ཅད་བྱེད་པར་འགྱུར་རོ།། སྒྲིབ་པ་ཐམས་ཅད་རྣམ་པར་སྤོང་བ་ནི་པདྨ་ཆེན་པོས་སོ།། ཐད ་བསྲུང་བ་ལ་ནི་པདྨའི་གཙུག་གཏོར་གྱི་སོ།། ཐམས་ཅད་རྗེས་སུ་དྲན་པ་ལ་ནི་པདྨའི་ལྟེ་བ་སོ།། ཐམས་ཅད་དག་པའི་ཏིང་ངེ་འཛིན་ཐོབ་པ་ལ་ནི་པད་མ་ཁ་འབྱེད་པས་སོ།། ཐམས་ཅད་དབང་དུ་བྱ་བ ་ལ་ནི་པདྨ་ཆེན་པོ་འདོད་ཆགས་ཀྱིསོ།། སྐྱེས་པ་ཐམས་ཅད་དབང་དུ་བྱ་བ་ལ་ནི་པདྨའི་དབང་གིས་སོ།། རྨི་ལམ་བཏབ་པ་ལ་ནི་པདྨ་ཆེན་པོ་དམར་པོས་སོ།། བཅོམ་ལྡན་འདས་ལས་མཆོག་ཐོབ་པར་བྱ་བ ་ལ་ནི་རྡོ་རྗེ་གསང་བའི་པདྨས་སོ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་བདེ་བ་ཆེན་པོའི་པདྨ་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་ཁམས་གསུམ་མ་ལུས་པའི་བདག་པོའི་དབང་ཕྱུག་ཏུགྱུར་པའི་དེ་བཞིན ་གཤེགས་པ་ཐམས་ཅད་ཡོངསུ་རྫོགས་པའི་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རང་གི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་འདེབས་ཤིང ་བཞུགས་སོ།། བདེ་བ་ཆེན་པོ་རབ་གྲུབ་ཕྱིར།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། ནོར་བུའི་ཆེན་པོ་རིགས་ཀྱི་མཆོག། འགྲོ་བ་འབྱོར་ཕྱིར་བསྐྱེད་པར་མཛོད།། དེ་ནས་བཅོམ་ལྡན་འདས ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་དམ་ཚིག་རྡོ་རྗེ་ཞེས་བྱ་བ་རྣམ་པར་གནོན་པར་མཛད་ནས། བདེ་བ་ཆེན་པོ་རྗེ་རིན་པོ་ཆེའི་རྒྱལ་མཚན་ཞེས་བྱ་བ་བཀའ་བསྩལ་ཏོ།། ཨོཾ་ལི ་ཀྲི་བ་པེ་ཏ་ཏྲེ་ཏི། དེ་ནས་འདི་གསུངས་པ་ཙམ་གྱིས་བཅོམ་ལྡན་འདས་དབང་བསྐུར་བའི་བདེ་བ་ཆེན་པོའི་རྡོ་རྗེ་ནོར་བུ་རིན་པོ་ཆེ་ཕྱུང་ནས། ཕྱག་གཡོན་པར་ཏུ་གནས་སོ།། དེ་ནས་ཡང་ནོར་བུའི ་རིན་པོ་ཆེ་དག་པ་མ་རྒད་རྙོག་པ་མེད་པའི་མདོག་ཅན་རྡོ་རྗེ་རིན་པོ་ཆེ་རང་གི་འོད་ཟེར་གྱིས་དབང་བསྐུར་བ་སོ།། ནོར་བུ་རིན་པོ་ཆེའི་འདབ་མ་ལ་སོགས་པའི་མཚན་མ་ཡོངསུ་བསྣམས་ཏེ། ་བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་བཞུག་སོ།། དེ་ནས་དཀྱིལ་འཁོར་ནི།། དཀྱིལ་འཁོར་ཆེན་པོའི་ཕྱིས་ནི།། དཀྱིལ་འཁོར་ཐམས་ཅད་ཐེག་བཏབ་བོ།། རྡོ་རྗེ ་རིན་ཆེན་བདག་པོ་བཞག། ནོར་བུའི་རིགས་ནི་ཆེན་པོ་བྲི།། རྡོ་རྗེ་རིན་ཆེན་གྱིས་ཕྱག་རྒྱས་བཞུགས་ཏེ། འཛུབ་མོ ་གཉིས་ལྕགས་ཀྱུར་བཅས་ལ་དབུག་པར་བྱའོ།། ཨོཾ་མཧཱ་སུ་ཁ་བཛྲ་བེ་བྷུ་ཏེ། ནར་ཧེ་ན་ཡ་བྷ་བ་བྷན། ཏི་ཨ་ཀ་ཤ་གར་བི་སརྦ་ཏ་ཐ་ག་ཏ་ཨ་གྲ་ས་ཏྱ་མིའི་བ་དེ་ཨ་བྷ་མུ་ཏ་བྷེ་ཏིབྷ ་བ་ཏ་ཊ་སྭཱ་ཧཱ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེའི་སྙིང་པོ་ནོར་བུའི་རིགས་ཐམས་ཅད་དང་ལྷན་ཅིག་ཏུ་ཉེ་བར་བྱོན་པ་དང་། མཚན་མ་མགོའི་བ་སྤུ་ལྡང་བར་འགྱུར་རོ།། ་དེ་ནས་བཅོམ་ལྡན་འདས་ཀྱི་དབང་བསྐུར་རོ་ཞེས་ཤེས་པར་བྱའོ།། དེ་ནས་སློབ་མ་བཞུགས་པར་བྱས་ནས་ཆོ་ག་རྒྱས་པ་ནི་དེ་བཞིན་ནོ།། དེ་ནས་མ་བསྒྲུབ་པར་ལས་རྣམས་ལན་གཅིག ་བཟླས་པར་འགྱུར་རོ།། དབང་བསྐུར་བ་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེའི་མྱུ་གུས་ཡིས་སོ།། ནོར་ཐམས་ཅད་ཐོབ་པ་ལ་ནི་རྡོ་རྗེ་རིན་པོ་ཆེའི་རྒྱལ་མཚན་གྱི་རྩེ་མོས་སོ།། ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བྲ་ལ་ན་ནིརྡོ་རྗེ་ནོར་བུ་རི་པོ་ཆེའི་མཚན་པའི་ཕྱི་བ་རྒྱས་སོ།། གཏེར་ཆེན་པོ་ཐོབ་པ་ལ་ནི་རྡོ་རྗེ་ན་ཆེན་གྱིས་འོག་གི་བྱག་རྒྱས་སོ།། ་རྡོ་རྗེ་དབང་བསྐུར་བ་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་རིན་པོ་ཆེས་འོག་གི་ཕྱག་རྒྱས་སོ།། རྡོ་རྗེ་དབང་བསྐུར་བ་ཐོབ་པར་བྱ་བ་ལ་ནི་རྡོ་རྗེ་རིན་པོ་ཆེའི་ཕྲེང་བས་སོ།། བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོར་དབང་བསྐུར་བ་ལ་ནི་རྡོ་རྗེ་རིན་པོ་ཆེའི་ཕྲེང་བས་སོ།། དེ་བཞིན་གཤེགས་པའི་དབང་བསྐུར་བ་ཐོབ་པ་ལ་ནི་རྡོ་རྗེ་རིན་ཆེན་གྱིས་དབང་བསྐུར་བ་དམ་པའི་ཕྲེང ་བ་སོ།། རྡོ་རྗེ་འཛིན་པ་ཆེན་པོའི་དབང་བསྐུར་བ་ལ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་རྡོ་རྗེ་རིན་ཆེན་གྱི་ཕྲེང་བས་སོ།། ། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་དང་ཡིད་བདེ ་བ་ཐམས་ཅད་ཀྱི་ནོར་བུའི་རྒྱལ་མཚན་གྱི་ཆོ་ག་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་རིགས་ཐམས་ཅད་བསྡུས་པའི་རྡོ་རྗེའི་བྱིན་གྱིས་བརླབས་བརྙེས་པའི་སེམས ་ཅན་ཐམས་ཅད་འཇུག་པའི་རྡོ་རྗེ་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། བཅོམ་ལྡན་འདས་ཀྱིས་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས ་དཔའ་ལ་འདི་གསོལ་བ་བཏབ་པོ།། བདེ་བ་ཆེན་པོ་རབ་གྲུབ་ཕྱིར།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། བདེ་བ་ཆེན་པོ་དོན་གྱི་ཕྱིར།། འགྲོ་བ་ཅི ་བ་དེར་བཞུགས་པར་བགྱི།། དེ་ནས་བཅོམ་ལྡན་འདས་ཐམས་ད་ཅད་ལས་རྣམ་པར་རྒྱལ་བས་འགྲོ་བ་འདུལ་བ་དམ་ཚིག་ཐམས་ཅད་ནོར་བུའི་རིགས་དངོས་གྲུབ་ཐམས་ཅད་རབ་ཏུ ་རྩོལ་བའི་རྡོ་རྗེ་འཆང་བ་ཆེན་པོ་སྟོན་པ་པོ་བསྲུང་བར་མཛད་པ་སྟེ། སྟོབས་དང་དབང་ལ་གནོན་པ་ཐོགས་པ་མེད་པར་རྣམ་པར་གནོན་པ་དོན་ཡོད་པ་གྲུབ་ཐམས་ཅད་རྗེས་སུ་སྟོད་པ། ་དམ་ཚིག་རྡོ་རྗེ་ཕ་རོལ་གནོན་པ་ཞེས་བྱ་བ་རྣམ་པར་གནོན་པར་མཛད་དོ།། བདེ་བའི་དངོས་གྲུབ་ཐམས་ཅད་ཀྱི་དམ ་ཚིག་དོན་ཡོད་པ་མཚུངས་པ་མེད་པ་ཐམས་ཅད་ཀྱི་སྙིང་པོ་འདི་གསུངས་སོ།། ཧོ་ཨ་ཧཱུཾ་ཧྲི་ཏྲཾ། དེ་ནས་དེ་སྐད་གསུངས་པ་ཙམ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་དང་འཇིག ་རྟེན་ལས་འདས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་ཏེ། འདི་ནི་དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཡང་དག་པར་གནས་ནས་དཀྱིལ་འཁོར་ཅིག་ཏུ་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ ་འཆང་ཆེན་པོས་སེམས་ཅན་ཐམས་ཅད་རབ་ཏུ་བཞག་པའི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་ཐམས་ཅད་པའི་དཀྱིལ་འཁོར་ཞེས་བྱ་བ་འདི་གསུངས་སོ།། དཀྱིལ་འཁོར་ཆེན་པོའི ་ཚུལ་གྱིས་ནི།། དཀྱིལ་འཁོར་ཐམས་ཅད་བྲི་བར་བྱ།། དཀྱིལ་འཁོར་ཆེན་པོ་དང་པོ་ནི།། དེ་ཡི་དབུས་སུ་བརྟག་པར་བྱ།། དེ་ཡི་ཕྱོགས་ནི་བཞི་པར་ནི།། རིགས་རྣམས་ཀྱི་ནི་དཀྱི ་འཁོར་བྱ།། དེ་ཡི་དཀྱིལ་འཁོར་མཚམས་ཀྱི་མཐར།། ཕྱི་ཡི་དཀྱིལ་འཁོར་ཚོགས་རྣམས་བྲི།། སྒོ་རྣམས་ཀུན་ཏུ་འཇུག་པ་ནི།། རང་གི་ཕྱག་རྒྱ་རབ་ཏུ་གནས།། རྡོ་རྗེ་ཤུགས་ཀྱིས་འཇུག ་བྱ་ཞིང་།། དཀྱིལ་འཁོར་དམ་པ་ལྔ་བསྡུད།། དེ་ནས་དཀྱིལ་འཁོར་གྱི་ཆོ་བ་རྒྱས་པར་ཐམས་ཅད་དེ་བཞིན་ནོ།། དངོས་གྲུབ་ཐམས་ཅད་དང་ལས་ཐམ་ཅད་ཀྱང་དེ་བཞིན་ནོ།། དེ་ལ་ལྷ་ལ་སོག། ་པ་དམ་ཚིག་སེམས་དཔའ་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལས་རང་རང་གི་རྗེས་སུ་གནང་བ་ནོས་ཏེ། འདི་ནི་སེམས་ཅན་ཀུན་ལ་བདེ་བའི་སླད་དུ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོའི ་ཞབས་ཕྱག་བྱས་ཏེ།། རང་གི་གསང་བའི་སྙིང་པོ་ཕུལ་ལོ།། དེ་ནས་འཇིག་རྟེན་གསུམ་པོས་གསོལ་བ།། ཨོཾ་བྷུ་དྷཱི། དེ་ནས་དཀྱིལ་འཁོར་ནི་ཟུར་བཞི་པ་ལ་སྒོ་བཞི་པ།། ཕྱི་རོལ ་དཀྱིལ་འཁོར་བྲི་བར་བྱ།། དེ་ཡི་ནང་དུ་དགོད་པ་ནི།། དོན་ཀུན་བསྒྲུབ་པར་བྱེད་པ་དང་།། སྦྲང་རྩིར་བྱེད་དང་རྒྱལ་བར་བྱེད།། དངོས་གྲུབ་ཐམས་ཅད་འགྲུབ་པ་ཡི།། བཞག་པ་ཡང་ནི་བྲི་བར་བྱ།། ་སྔར་ནི་ཇི་སྐད་བཤད་པ་བཞིན།། ཆོ་ག་དག་ནི་བཅིངས་པ་དང་།། ཅུང་ཟད་ཁྲོ་ཞིང་ཅུང་ཟད་རྒོད།། གཞུ་ནི་སེ་ལྟར་ཁར་བཅིངས་ལ།། གཡོན་ན་ཁམས་པོར་ཙ་ཤ་ཀ། འཇུག་པ་རྩེ་གསུམ ་ཕྱབ་རྒྱ་སྟེ།། པུས་མོའི་ལྷ་ང་གཙུགས་ན་བྱས་ནས།། ཞུགས་ནས་དམ་ཚིག་བཅིངས་ནས་ནི།། ཡང་དག་དགུག་པ་ཉིད་དུ་བྱའོ།། ཨོཾ་བྷུར་བུ་བ་ས།། སློབ་དཔོན་གྱིས་འཇུག་པ ་ཡིས།། སློབ་མ་ཐམས་ཅད་བཞུགས་པར་བྱའོ།། ཉི་ཤུ་རྩ་གཅིག་བཟླས་པ་ཡིས།། ཐམས་ཅད་ཐམས་ཅད་ཀྱིས་བསྐོར་བ། དོན་ཀུན་གྲུབ་ཕྱིར་སྤྱན་དྲངས་ནས། ་གཏོར་མ་བཏང་བས་འགྲུབ་པར་འགྱུར།། རྡོ་རྗེ་སློབ་དཔོན་ཞུགས་ནས་ནི།། སློབ་མ་རྣམས་ནི་ཞུགས་པར་བྱ།། གསང་བའི་དེ་ཉིད་བརྗོད་བྱ་སྟེ།། དམ་ཚིག་མཆོག་ནི ་@སྦྱིན་ནས་ནི།། གལ་ཏེམ་བརྟགས་པ་སྨྲས་སཔ།། འོན་ཏེ་ཇི་སྐད་བཤད་པའི་ཆོས།། འདིར་ནི་ཀུན་ཏུ་མ་སྤྱད།། ་རྩེ་གསུམ་གྱིས་ནི་ཁྱེད་སྙིང་འཇོམས།། སྟོང་སྟོབས་བརྡུལ་དང་མུན་པ་ནི།། ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ།། མི་གཡོ་གསུམ་པོ་འདི་དག་སྟེ།། ནམ་ཡང་བརྙས་པར་མི་བྱའོ།། ་གང་ཞིག་འདི་དག་བརྙེས་མི་བྱེད།། ཞུགས་པ་ཡང་ནས་ཡང་དུ་ནི།། དཀྱིལ་འཁོར་མཆོད་པ་བྱས་ནས་ནི།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། ཕྱག་རྒྱ་དག་ཀྱང་བསྟན་པ ་བྱ།། དེ་ནས་གར་གྱི་མཆོད་པར་བྱ།། འདོད་པའི་ཡོན་ཏན་ལྔ་ལྡན་པས།། དཀྱིལ་འཁོར་རྟག་ཏུ་མཆོད་པར་བྱ།། དེ་ནས་གསང་བའི་ལྷ་མོས་རང་གི་ཕྱག་རྒྱ་ཕུལ་བ།། ཧྲི་ཧཱུཾ་ཤྲི་བྷ~ཾ། ་དེ་ནས་དཀྱིལ་འཁོར་ནི།། སྲད་བུ་གསུམ་པའི་དཀྱིལ་འཁོར་བྱ།། དཀྱིལ་འཁོར་བཟང་པོ་ཟུར་བཞི་པ།། འཚམས་ཀྱི་ཐིག་དང་ཀ་བ་ཆེ།། བཞི་པ་དག་གི་རིམས་པ་བཞིར།། ་དེའི་དབུས་སུ་དཀྱིལ་འཁོར་ནི།། བཞི་པོ་དག་ནི་རིམས་བཞིན་བྱ།། རང་གི་སྙིང་པོ་བཞི་པ་ཡིས།། རང་གི་སྒོར་ནི་ཕྱོགས་པར་བཞག། ལག་ན་རང་གི་མཚོན་ཆ་ཐོགས།། ་སྲིན་མོ་ཕུབ་ཅན་བཞི་པ་མོ།། ཕག་མོའི་ལག་ན་གཏེར་ཉིད་དེ།། གྲུབ་པ་མོ་ནི་བསྙེམས་དང་བཅས།། དེ་ནས་དང་པོའི་དཀྱིལ་འཁོར་དུ། ཀུན་ནས་དེ ་བཞིན་ཞུགས་ནས་ནི།། སྲིང་མོ་རྣམས་ནི་རང་གི་རྒྱས།། གོ་རིམས་དག་ནི་དེ་བཞིན་དུ།། ཞུགས་ནས་དེ་བཞིན་ཆོག་ཡིས།། སྤོས་ལ་སོགས་པས་མཆོད་པར ་བྱ་དེ་ཉིད་གསང་བ་རབ་བསྒྲུབ་པས།། ཀུན་ཏུ་དགུག་པ་དག་དུ་བྱ།། ཨོཾ་ཀ་མི་ནིར་ཏི་སཱཾ་མ་ཡ་ཏི་བྷ།། རཱཀྐ་སི་མ་རི་སུ་སྟི་མ་ཡ་ཧེ་བྷཱ་བ། ་བར་ཧེ་ཨ་བྱེ་བྱ་ཏ་མ་ཡཱ་ཧི་སྭ། བྲིདི་ཏི་གི་སརྦ་སི་ཏིསྟྭཾ་མ་ཡ་ཧི་བྷེ། ཧྲི་ཧཱཾ་ཤྲི་བྷྱོ།། ། དེ་ནས་ཐམས་ཅད་འབབ་པར་འགྱུར། འབབ་ནས་རབ་ཏུ ་བཞུགས་པར་བྱ།། དེ་ནས་ཕྱག་རྒྱ་བ་ཅིང་བསླབ་སྟེ།། གསང་བའི་དམ་ཚིག་འདིར་བརྗོད་བྱ།། གལ་ཏེ་གསང་བ་ཉིད་མ་བསྒྲུབས་ན།། གང་ཞིག་སེམས ་ཅན་དོན་ཞུགས་དང་།། གང་ཡང་དཀྱིལ་འཁོར་སྟོན་བྱེད་པ།། དེ་རྣམས་ཐམས་ཅད་གསད་པར་འགྱུར།། འདོད་ཆགས་ཞེ་སྡང་གཏི་མུག་དང་།། དེ་བཞིན ་ཟས་དང་སྐོམ་དང་རོ།། ཆོས་དང་ལྡན་པས་བརྟེན་ན་བདེ།། ཆོས་མིན་པས་ནི་སྡུག་བསྔལ་བསྐྱེད།། ཕྱག་རྒྱ་གར་གྱི་མཆོད་པ་ཡིས།། ཅི་འདོད་པས་ནི་རྟག་ཏུ་མཆོད།། ་ཇི་སྙེད་པ་དང་ཅི་འདོད་པས།། ཡུལ་རྣམས་ལ་ནི་བརྟེན་པར་བྱ།། དེ་ནས་ལྷ་མ་ཡིན་ཐམས་ཅད་ཀྱིས་རང་གི་སྙིང་པོ་ཕུལ་ལོ།། ཨོཾ་སརྦ་མ་ཡ་ཙཀྲ་པྲ་བར་ཏ་ཡ་དང་ཤ་ཡ་སརྦ་ཧཱུཾ་ཕཊ། དེ་ནས་དཀྱིལ་འཁོར་ནི། ་ཁྲུ་གང་ཙམ་གྱིས་བསྐོར་བྱས་ལ།། དཀྱིལ་འཁོར་གྲུ་བཞི་ལེགས་པར་བྱ།། སྟེང་དུ་བལྟས་པའི་སྒོ་བྲིས་ནས།། བདེ་མཆོ ་ལ་སོགས་ལེགས་པར་བྲི།། འཁོར་ལོ་འཇུག་པ་ལ་བྱས་ལ།། དབུག་ཅིང་སྤུན་དྲང་བར་བྱའོ།། མེ་ཏོག་བདུག་པ་བཟའ་བ་དང་།། དེ་བཞིན་ཤ་སོགས་གཏོར་མ་བྱ།། ཨོཾ ་བྷིཥྚ་ཙ་ཀྲ་ན་ས་ཤཾ་བྷ་བྷིམ་ཙི་ཏྲ་སུ་ཁ་ཧོ།། རཀྵ་ས་དིད་སརྦ་སུ་ར་དྷེ་བན་ས་ཡོ་ཧི་སརྦ་ཡེ་ཀེ་སྟྭཾ། སཏྱ་ཡ་མེ་སིདྷྱ་སིདྡྷ་ཧ་ཧ་སཱ་ཧཱ།། ། དེ་ནས་སྒྱུ་མ་ཐམས་ཅད་མངོན་པར ་བསྒྲུབ་པར་འདོད་ན་སློབ་དཔོན་ཡང་དེ་བཞིན་དུ་བྱའོ།། དེ་ནས་ཀླུ་རིགས་བཞིས་རང་གི་སྙིང་པོ་བུལ་བ། དེ་ནས་དཀྱིལ་འཁོར་ནི་ཟུར་བཞི་པ་ལ་སྒོ་བཞི་པ།། སྲེད་བུ་ཐམ་ཅད ་ཡང་དག་བྲི།། སྒོ་རུ་ཀླུའི་གདེངས་ཀ་མཆོག། མཚམས་ཀྱི་རྩེ་མོ་འཇུག་མ་མདུད།། དེ་ཡི་དབུས་སུ་ཀླུ་བྲིས་པ།། མཐའ་ཡས་དང་ནི་འཛིན་པ་སྟེ།། ཀླུ་ཡི་རིགས་ནི། ་ཆེན་པོ་རྣམས།། ཤེས་རླན་གྱི་ཀུན་ཏུ་བྲི།། དེ་ནས་ཁྲོས་པས་ཞུགས་ནས་ནི།། ཀླུས་འཛིན་པའི་ཤུགས་ཀྱིས་ནི།། ཁུགས་ནས་དཀྱིལ་འཁོར་དེ་ཉིད་དུ།། སྦྲུལ་གྱི་གདེངས་ཀས ་དགུག་པར་བྱ།། ཨོཾ་གྲི་ཨ་ན་ལ་བཛྲ་ཙི་ཀ་པྲ་ཐཱ་ཙི་དྷ་ར་ས་ཥ་ཡེ་ཧེ་བུ། ས་མ་ཡ་པྲ་བི་ག་ཡུ་པུ། སརྦ་ན་ཀ་ཀུ་ལ་རྒྱན་བུ། ས་མ་ས་པྲ་བི་ཤ་ཡ་བུ། སརྦན་ས་དྷན་ཡ་པུ་པུ་པུ། ་དེ་ནས་ཀླུའི་བུ་ཐམས་ཅད་ལ་ཕུལ། དེ་ལྟར་བྱས་ནས་ལེགས་པར་ཞུགས་ནས་ཤིང་དགའ་བར་འགྱུར་རོ།། ནེས་སློབ་དཔོན་གྱི་གདེངས་ཀ་ཀླུའི་ཕྱག་རྒྱ་དང་ཀླུ་དུག་མེད་པར་བསམ། ་པར་བྱའོ།། དེ་ནས་བཙམས་ཏེ་དུག་ཐམས་ཅད་ཟོས་ན་བདུད་རྩིར་འགྱུར་རོ།། ནོར་རྒྱས་དང་ཡང་ལྷན་ཅིག་ཏུ་རྩེ་བར་བྱེད་དོ།། དུག་ཐམས་ཅད་འབར་བ་དང་བཞིག་པར་ནུས ་པར་འགྱུར་རོ།། དེ་ནས་སྣའི་སྙིང་པོའི་སྦྱིན་པར་བྱ་སྟེ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། འཇིག་རྟེན་ན་ཡང་དུག་གསུམ་ཏེ།། གལ་ཏེ་བདེན་པ ་ལས་འདས་ན།། འདི་དག་གིས་ནི་རྟག་གསོད་འགྱུར། ཁྱོད་ཀྱིས་གློག་ལ་རྙས་མི་བྱ།། སེར་བ་བཟློག་པར་མི་བྱ་སྟེ།། གལ་ཏེ་དངོས་ལྔ་དགའ་ན།། ཅི་ནས ་སྦྲུལ་ནི་གསད་མི་བྱ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། བདེ་བ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་རྡོ་རྗེ་གསང་བའི་ཆོ་ག་རྒྱས་རྒྱས་པསོ།། དེ་ནས་རྡོ་རྗེ ་རིརབ་ཆེན་པོའི་རྩེ་མོ་ཆེན་པོ་ནི་རྡོ་རྗེ་རིན་པོ་ཆེ་འོད་གསལ་བའི་ཕྲེང་བས་བརྒྱན་ཅིང་མདངས་འབར་བའི་ཟུར་བཞི་པ་ལ་སྒོ་བཞི་པ། སྒོ་ཁྱུད་ཀྱིས་ནི་རྣམ་པར་བརྒྱན།། ཁ ་གྱེར་གྱིས་ནི་ཡོངས་སུ་བསྐོར།། རྡོ་རྗེ་ལྷ་མོའི་ཚིགས་ཀྱིས་མཆོད།། ཟླ་བ་བྱེད་པས་རབ་ཏུ་གནས།། རྡོ་རྗེ་རིན་ཆེན་འབར་བྱེད་པ།། རླུང་གིས་བསྐྱོད་པས་རྩེ་མོ་མཆོག ་མེ་ཏོག་ཆུན་པོའི་བརྒྱན་གྱིས་བསྐོར། ་@བདན་དྲིལ་བུ་སྒྲ་སྤོབས་པ།། དྲབ་མེ་ལོང་ཏུབ་མ་། བདེ་བ་ཆེན་པོ་རྡོ་རྗེཿ།། རྡོ་རྗེ་ཀུན་གྱིས་ལེགས་བརྒྱན་པ། ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཆེ།། སངས་རྒྱས་ཀུན་གྱིས་རྗེས་བསྟན་པ།། བྱང་ཆུབ་སེམས་དཔའི་གནས་ཀྱིས་མཆོག། རྡོ་རྗེ་སེམས་དཔའ་ཀུན་གྱི་གནས། ་བདེ་བ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་རིན་ཆེན་མཆོག་ཅེས་བྱའོ།། རྡོ་རྗེ་ཁང་རྩེགས་དབུས་གནས།། བདེ་བ་ཆེན་པོ་རྣམ་པར་བཞུགས།། ཐོག་མཐའ་མེད་པའི་སེམས་དཔའ ་ནི་རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། སེམས་ཅན་ཀུན་གྱིས་སེམས་གང་ཡིན།། བརྟ ་བྱིཕྱིར་ན་དཔའ་ཞེས་བྱ།། མཉམ་པར་བཞག་པའི་ཏིང་འཛིན་ཏེ།། ངེས་པ་ལས་ཏེ་རྡོ་རྗེར་འགྱུར།། སེམས་དཔའ་བྱིན་བརླབས་སྦར་བ་ཡིས།། རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར། ་དེ་ཉིད་བཅོམ་ལྡན་ས་ཆོ་ག་བསྟན།། བྱང་ཆུབ་སྤྱོད་པའི་རྗེས་འཐུན་པ།། རང་སེམས་སོ་སོར་རྟོགས་ལ་སོགས།། སངས་རྒྱས་བྱང་ཆུབ་ཆོ་ག་ཡིན།། རྡོ་རྗེ་ཆེན་པོའི་སངས ་རྒྱས་བདུད།། རྡོ་རྗེ་ཆེན་པོ་འཛིན་པའི་རྒྱུད།། དེ་ཉིད་དེ་བཞིན་གཤེགས་པའི་རིགས།། དེ་ཉིད་རྡོ་རྗེ་རིགས་ཆེན་པོ།། དེ་ཉིད་པད་མའི་རིགས་པ་དག་པ།། དེ་ཉིད་ནོར་བུའི། ་རིགས་སུ་བཤད།། དེ་ཉིད་འདོད་ཆགས་ཆགས་བྲལ་ཉིད།། འདོད་དང་གྲོལ་བ་དེ་ཉིད་དུ།། དུས་གསུམ་སྲིད་གསུམ་མཆོག་གསུམ་སྟེ།། འཇིག་རྟེན་གསུམ་མཆོག་ཁམ ་གསུམ་པ།། མི་གཡོ་ཐམས་ཅད་མཆོག་དེ་ཉིད། བརྟན་པ་སྲ་བ་ནོར་ཆེན་པོ།། སྒྱུ་མའི་སེམས་ཀྱིས་འདུས་བྱས་པ།། ཐམས་ཅད་བྱེད་པ་ཐམས་ཅད་ཉིད།། དང་པོའི ་སེམས་དཔའ་སེམས་དཔའ་ཆེ།། བྱང་ཆུབ་སེམས་དཔའ་བདེ་བར་རྩོལ།། སེམས་དཔའི་དཀྱིལ་དཀྲུང་བཅས་ནས་ནི།། པདྨ་ཡི་ནི་སྟེང་དུ་བཞུགས།། བཙུན་མོའི་ཆོ་ག ་བཅས་སྣ་ཚོགས་པ།། རྡོ་རྗེ་ལྷ་མོས་ཡོངས་སུ་བསྐོར། བདེ་བ་ཆེན་པོ་བསྒྲུབས་པའི་ཕྱིར།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། མ་ལུས་གདུལ་བྱའི་དོན་དུ་ནི། ་དངོས་གྲུབ་ཐམས་ཅད་རབ་བསྒྲུབ་ཕྱིར།། བདག་སོགས་མཛེས་པའི་སེམས་དཔའ་ཆེ།། དངོས་གྲུབ་ཐམས་ཅད་རབ་གྲུབ་ཕྱིར།། དམ་ཚིག་གི་ནི་དམ་ཚིག་མཆོག། རྒྱལ་བ ་ཀྱང་ནི་བསྲུང་བར་བྱ།། རྡོ་རྗེ་བསྙེམས་པ་གསོར་ནས་ནི།། རྡོ་རྗེ་བསྙེམས་པའི་ཚུལ་འཆང་བ།། ཕྱག་རྒྱ་ཐམས་ཅད་རྣམ་དག་ཕྱིར།། རྡོ་རྗེ་སེམས་དཔའ་མཆོག་གྲུབ། ་བྱིར།། བདེ་བ་ཆེན་པོ་རྡོ་རྗེརྗེ། རྡོ་རྗེ་བསྒྲུབ་ཐབས་ཐམས་ཅད་འགྲུབ།། ཡེ་ཤེས་ཕྱག་རྒྱ་ཡང་དག་ལྡན།། སྙིང་པོ་ཆེན་པོ་བླན་མེད།། གང་གིས་བསོད་ནམས་མིརྗེ། ་དང་དེ་བཞིན་དཀྱིལ་འཁོར་མ་ཞུགས་པ།། དོན་ཡོད་ཐོགས་པ་མེད་མཆོག་འགྱུར།། དངོས་གྲུབ་ཐམས་ཅད་པརྙེད་དཀའ ་མིན།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་མཆོག་དེ་དམ་ཚིག་བརྟེན།། དངོས་གྲུབ་ཐམས་ཅད་བསྒྲུབ་པ་ཡི།། རྟོག་པ་ཐམས་ཅད་མྱུར་འགྲུབ་བྱེད།། ཐོག་མཐའ་མེད་ཅིང ་དང་པོར་བྱུང་།། བསོད་ནམས་ཐམས་ཅད་ཆེར་མཐོང་བ།། གཟི་ཆེན་རྣམ་ཀྱིས་བདྲེ་མཆོག་ཕྱིར།། ཨ་ནུ་ར་ག་ཡ་མི་ཞེས་བྱའོ།། ཇི་བཞིན་ཡེ་ཤེས་རབ་འཇུག་པས། ་ཉེ་བའི་སྙིང་པོ་བཅས་སྙིང་པོ།། བསྐལ་པ་དང་པོར་བཅོམ་ལྡན་གསུངས།། དེ་ནས་འདི་ནི་གསུངས་ཙམ་གྱིས།། སངས་རྒྱས་ཐམས་ཅད་སྲས་བཅས་པ།། འདུས ་བར་གྱུར་ནས་གཤེགས་ནས་ནི།། འགྲོ་བ་ཐམས་ཅད་ཕྱུང་མཛད་ནས།། འགྲོ་བ་སྣ་ཚོགས་ཐམས་ཅད་བསྐྱེད།། གཙོ་བོས་དངོས་གྲུབ་དྲིས་གྱུར་པ།། ཇི་ལྟར ་སྐད་ཅིག་གཅིག་གིས་འགྲུབ།། སེམས་དཔའ་ཆེན་པོ་མྱུར་དུ་སྨོས།། དེ་ནས་ཐོག་མར་རང་དཀྱིལ་འཁོར་བྱིན་གྱིས་བརླབས།། རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག། ་ཇི་བཞིན་ཚོགས་བསྒྲུབ་པ་ཉིད།། དེ་ནས་སེམས་དཔའ་མཆོག་འབྱུང་བ།། ཇི་བཞིན་ལས་ཀྱི་རྗེས་འགྲོ་སྟེ།། རྟག་པར་སྡིག་པ་ཀུན་ཏུ་སྤྱོད།། ངན་ཞན་ལེ་ལོ།། ་བསྙོམས་ལས་མཁན།། སྐྱེ་བོ་ཚོགས་གསུམ་མ་གཟིགས་ན།། འཇིག་རྟེན་འདྲེན་ལས་དྲིས་པར་གྱུར།། བཅོམ་ལྡན་ཇི་ལྟར་བྱིན་པ་ལགས།། དགེ་བ་ཐམས ་ཅད་ཀུན་བསྐྱེད་ལ།། དེ་དག་བསྐྱེད་པ་མ་འཚལ་ལགས།། དེ་རྣམས་ཀྱི་ནི་ཅིག་བས་ན་ནས།། རྡོ་རྗེ་སེམས་དཔའ་ཀུན་བྱེད་འབྱིན།། ཚིག་ནི་འདི་སྐད་གསུངས་པ ་ཡིན།། བལ་གྱིས་འཆིང་བ་ལྷོད་གྱུར་པ།། དེའི་ཚིག་དེ་བསན་ནས་ནི།། རྡོ་རྗེ་སེམས་དཔའ་རྡོ་རྗེ་ཆེ།། དེ་བཞིན་གཤེགས་པ། སྲས་བཅས་པའི།། ཐུགས ་རྗེ་ཆེན་པོ་འདི་སྐད་གསུངས།། བདེ་བ་ཆེན་པོ་རབ་བསྒྲུབ་ཕྱིར།། ཤིན་ཆགས་པ་རྣམས། དག་ཕྱིར།། ཀུན་མཆོག་ཆོ་ག་རྒྱས་པ་ནི།། ཐུགས་ལས་འདིར་ནི་བཤད་དུ་གསོལ། ་དེ་ནས་སྟོན་པ་རྡོ་རྗེ་འཛིན།། དངོས་གྲུབ་ཐམས་ཅད་རབ་རྩོལ་བ།། རྟོག་པ་ཐམས་ཅད་བདེ་བ་ཆེ།། རྡོ་རྗེ་གསང་བ་བླ་ན་མེད།། སྙིང་པོའི་ཚུལ་གྱིས་དཔའ་བ་སྟེ།། དཀྱིལ་འཁོར། ་ལ་སོགས་ཆོག་ཆེ།། སྣ་ཚོགས་ཕྱི་མའི་རྒྱུད་དང་བཅས།། དངོས་གྲུབ་ཐམས་ཅད་རབ་གྲུབ་བྱེད།། འཇིག་རྟེན་ཐམས་ཅད་ཁམས་ཆེན་པོའི།། ཕྲ་རབ་རྡུལ་ཐུགས་ལ་བཞུག། ་འདིས་ནི་དངོས་གྲུབ་ཆེན་པོ་འགྲུབ།། བདེ་བ་ངོམ་པ་ཉིད་འགྱུར་ཏོ།། དེ་ནས་བདེ་བར་གཤེགས་དེ་རྣམས།། དག་པའི་ཚིག་ནི་བླ་མེད་པས། དེ་ཚེ་གསོལ་བ་བཏབ་པར་འགྱུར། ་དག་པའི་དཀྱིལ་འཁོར་གྲུབ་སྩོལ་བ།། ཆགས་དང་བྲལ་བ་གདུལ་བྱའི་ཕྱིར།། ཆགས་བྲལ་ཆེན་པོ་སྟོན་མཛད། ་ཀྱེ།། འདོད་ཆགས་བྲལ་རྣམས་དག་བྱའི་ཕྱིར།། རང་ཉིད་ཐུགས་ཀྱི་ཆོ་ག་གསུངས།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་རང་གི་གླུ་འདི་གསུངས་སོ།། དཀྱིལ་འཁོར ་རྟག་པར་མཛད་པ་སྟེ།། རྗེས་སུ་ཆགས་པ་ཐམས་ཅད་ཀྱི།། ཡིད་ཀྱི་སྤྲོ་བ་ཐམས་ཅད་ཀྱི།། རྡོ་རྗེ་སེམས་དཔའ་བསྐྱེད་པའོ།། རབ་ཏུ་དགའ་བའི་འགྲོ་རྣམས་ལ།། བདེ་བ་ཆེན ་པོ་བརྟན་ཞིང་མཐོ།། ཐེག་མ་གྲུབ་པ་མྱུར་མཛོད་ཅིག། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། དང་པོའི་དཀྱིལ་འཁོར་བརྟག་པར་བྱ།། ཕྱག་ན་རྡོ་རྗེས་ཐམས་ཅད་དུ། ་རྡོ་རྗེ་ལྷ་མོ་ལ་སོགས་ཚོགས།། དེ་ནས་བྲི་འམ་བཞག་པར་བྱ།། བྱས་ལ་རབབ་ཏུ་འཇུག་པར་བྱ།། རྡོ་རྗེ་འཛིན་པ་ཡིན་པ་ཡིས།། བུ་མོ་བཟུང་ནས་གཉིས་ཀ་ནི།། རྡོ་རྗེ་བསྙེམ ་མ་དང་བཅས་པའི།། རང་ཉིད་ཕྱག་རྒྱས་འཇུག་པར་བྱ།། རབ་ཏུ་ཞུགས་ནས་དཀྱིལ་འཁོར་ལ།། ལན་གསུམ་བར་དུ་བསྐོར་བར་བྱ།། རྡོ་རྗེ་སེམས་དཔའི་སྤྱན་སྔར་རུ།། ་གསང་བའི་དེ་ཉིད་བརྗོད་པར་བྱ།། ཧཱུཾ་བདེ་བ་ཆེན་པོ་རྡོ་རྗེ།། ཛེ་ཙཱབ་སོ།། ས་མ་ཡ་སྟེ།། ཨ་ནུ་རག་ཏོ་མི་བྷ་བ། དྷྲི་ཡ་མེ་བྷ་བ།། སུ་ར་ཏི་མི་བྷ་ག ་སེ་བོ་ཤོ་མོ་བྷ་བ། ཨ་དྷི་ཏིཥེ་མེ་བྷ་བ། དག་བན། ཨ་ན་དེ་ནེ། ད་ན་བཛྲ་སྭཿ། མ་ཧཱ་ས་ཁ་བཛྲ། གྷཱ་ཧྱ་ས་མ་མེ། སིད་དྷིས་པྲ་ཡད་ཙན་དྷུ་ཨོཾ་ཧ་ཧ་ཧཿ། ་དེ་ནས་རྡོ་རྗེ་ལྷ་མོ་རྣམས་ཀྱིས་ཏེ། མདུན་དུ་དམིགས་པར་བྱའོ།། ཧཱུཾ་བཛྲ་ཏྲེཥྚི་ས་མ་ཡ་ཀེ་མན། ཧཱུཾ་བཛྲ་ཀི་ལི་ཀི་ལ་ཡ་ཧཱུ~ཾ། ཧཱུཾ་སྥ་ར་ནི་བཛྲ་བྷན་དྷ། ཧཱུཾ་ཏུཥྚ་བཛྲ་ར་ནི་བྷན་དྷ ་ཧཱུ~ཾ། དེ་ནས་བཅོམ་ལྡན་འདས་ཀྱིས། མདུན་དུ་འདུག་ལ། བཅོམ་ལྡན་འདས་དེ་བཞིན་དུ་བསྒྲུབས་ལ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། ཐམས་ཅད་ལ་རྗེས་སུ ་ཚོགས་པ་ནི་ཀི་ལི་ཀི་ལ་འདོད་པ་དང་།། ཐམས་ཅད་དྲན་པ་དང་། ཐམས་ཅད་རྗེས་སུ་ཆགས་པ་དང་། བདག་ལ་རྟག་ཏུ་དགེས་པར་མཛོད་ཅིག། ཨོཾ་མཧཱ་སུ་ཁ་སིདྡྷ་བཛྲ་སཏྭ་སིཔྤ ་ཛ་ཧཱུཾ་བ་ཧོ།། སིདྡྷ་ས་མ་ཡ་སིདྡྷ་ཧཱུ~ཾ།། དེ་ནས་བདེ་བ་ཆེན་པོ་རྡོ་རྗེ་ཆུའི་དབང་བསྐུར་བ་དང་། བཏུང་བར་ཡང་བྱའོ།། པན་ཙ་བཛྲ་བཛྲ་གྷཱ་ཧ་བཛྲ་ས་ཏྭ་ཨ་ཧཱུཾ། ཞེས་རང་གི་མཽང་། ་ནས་བརྗོད་ལ་སྡོ་མ་བཞིན་གར་བཟའ་བས་མཆོད་པ་བྱས་ལ།། ཅི་འབྱོར་པའི་ཡུལ་རྣམས་དང་སློབ་མ་དང་བཅས་པས་མཆོད་པ་ཅི་འདོད་པ་བྱས་ལ། སློབ་མ་དཀྱིལ ་འཁོར་དུ་འཇུག་པར་བྱའོ།། འདིར་ཡང་རང་ཉིད་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཆོག་འདུག་པར་བྱའོ།། རྡོ་རྗེ་སློབ་དཔོན་ཐམས་ཅད ་ལ། ཕྱག་རྒྱ་ཐམས་ཅད་ཀྱི་བདག་པོ་དམ་ཚིག་ཐམས་ཅད་ཤེས་པ་ཐམས་ཅད་ཅར་བཅད་པ་དང་། ཕན་ཐོགས་པར་ནུས་པ། ་དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས་པ། ཡེ་ཤེས་ཀྱི་ལས་བྱེད་པ། གཅིག་གིས་ལྷ་དང་། བཅོམ་ལྡན་འདས་འབེབས་པར་བྱེད་པ། རང་ཉིད་བཞུགས་པ། ་ཙམ་གྱིས་སློབ་མ་ཡིན་ཡང་དཀྱིལ་འཁོར་དུ་ཞུགས་པར་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་བཅོམ་ལྡན་འདས་རང་ཉིད་གདོན་མི་ཟ་བར་ཉིད་དམ་ཚིག་ཅན་གྱི་རྡོ་རྗེ ་སློབ་དཔོན་དུ་གྱུར་ནས་འཇུག་པར་བྱེད་དོ།། ཚེ་ག་རྒྱས་པ་ཐམས་ཅད་བྱེད་པར་འགྱུར་རོ།། སྙིང་པོ་འདི་ཡང་བྱིན་གྱིས་བརླབས་ཀྱིས་འཁོར་དུ་མ་ཞགས་པ་ཡང་དཀྱིལ ་འཁོར་དུ་འཇོག་པར་འགྱུར་རོ།། རྡོ་རྗེ་སློབ་དཔོན་དུ་ལན་ཅིག་བཟླས་པར་འགྱུར་རོ།། མི་སོད་པ་དང་། མི་ཚུགས་པ་དང་། ཐམས་ཅད་བྱེད་པ་དང་། སྣ་ཚོགས ་བསྟོན་པ་ཐམས་ཅད་མཐོང་བ་ཐམས་ཅད་ཐོས་པ། ཐམས་ཅད་རིག་པའི་དངོས་གྲུབ་ཐམས་ཅད་པ་དེ་བཞིན་གཤེགས་པ་རྡོ་རྗེ་འཛིན་པ་ཐམས་ཅད་དང་བཅས་པ་འདུས་པ ་མཛད་ནས། གཅོལ་བ་ཡོངས་སུ་སྦྱོང་བའི་དོན་དུ་མཛད་པ་མ་ཡིན་ནོ།། སེམས་ཅན་ཐམས་ཅད་འདུལ་བའི་དོན་དུ་དགེས་པ་ལ་སྡུག་བསྔལ་ལས་འགྱུར་རོ།། ་བཅོམ་ལྡན་འདས་ནི་བདེ་བ་ཆེན་པོའི་རྡོ་རྗེ་འཛིན་པ་རབ་དུ་བརྟན་པ། རབ་དུ་དགེས་པ་རྗེས་སུ་ཆགས་པ་རབ་དུ་སྤེལ་བ། དངོས་གྲུབ་ཐམས་ཅད་པ། ཕུན་སུམ་ཚོགས་པ། ་ཐམས་ཅད་པ། ཐམས་ཅད་མཁྱེན་པ། ལས་ཐམས་ཅད་གྲུབ་པར་བྱེད་པ། དོན་ཡོད་པ་མྱུར་ད་བསྒྲུབ་པར་བྱེད་པའོ།། ཡང་ཅིས་འདྲི་བ་འམ། འདྲིར་འཇུག་པ་འམ། ་ལན་ཅིག་ཀློག་པར་བྱེད་པ། འཛིན་པར་བྱེད་པ་འམ། བསྒྲུབ་པར་བྱེད་ན། དཀྱིལ་འཁོར་དུ་ཞུགས་པས་ཀྱང་མཆོག་གི་དངོས་བྲུ་བ་དང་བཅས་པ་ཐམས་ཅད་བསྒྲུབ་པར ་བྱེད་དོ།། དེ་ལ་རྡོ་རྗེ་བདག་ཉིད་ཇི་ལྟར་འདོད་པ་བཞིན་དུ་འགྱུར་རོ།། དེ་ཅིའི་ཕྱིར་ཞེ་ན། དེ་ལྟར་དོན་ཡོད་པའི་ཐོགས་པ་མེད་པའི་བདག་ཉིད་ཡིན་ཞིང་། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ཡིན་ནོ།། མཆོག་ཏུ་གསང་བའི་བླ་མ་བླ་ན་མེད་པའི་ལས་ཀྱི་ཚོགས་བསྒྲུབ་པར་བྱེད་ན། མི་ཤིག་པར་འགྱུར་རོ།། བདག་ཀྱང་དེ་བཞིན ་གཤེགས་པ་ཐམས་ཅད་དང་ལྷན་ཅིག་པར་འགྱུར་རོ།། དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་འདིའི་དང་པོའི་ལས་ནི་རྡོ་རྗེ་སེན་མོ་ལ་སོགས་པ་གདོང་པ་བཞད་པ་དང་། བཞིན་སྦྱར་བ་དང་། ་རྡོ་རྗེའི་ནོར་བུ་དང་། ཇི་ལྟར་མངོན་པར་འདོད་པ་བསྒྲུབ་པར་བྱའོ།། རྡོ་རྗེ་འཛིན་པ་ཆེན་པོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་སེམས་དཔའི་མཆོག་འགྲུབ་གི། ་རྡོ་རྗེ་གར་བསྐོར་བསྐྱོད་པའི་ལས།། གཡས་དང་གཡོན་པ་བསྐྱོད་པ་དང་།། རབ་ཏུ་བསྐྱོད་པ་བསྐྱོད་པའི་ཚོགས།། བསྐྱོད་པའི་དེ་བཞིན ་གཤེགས་པ་དབུགས་པར་བྱེད། འཇུག་པ་ཡིས་ནི་ཐམས་ཅད་འཇུག། བཅིངས་པ་ཡིས་ནི་བཅིངས་པར་འགྱུར།། ཕྱེས་པ་ཡིས་ནི་དབང་དུ་འགྱུར།། རྡོ་རྗེ་ཀི་ལི ་ཀི་ལ་ཡི།། གུང་མོའི་གདོང་ནི་སྦྱར་བ་དང་།། མཉེས་པ་དང་ནི་བཙིར་བ་དང་།། མཐེ་བོའི་གདོང་གཉིས་བདེ་བར་སྦྱར།། བལྟས་པས་དགའ་བོ་འཚིར་དང་།། ཐམས ་ཅད་དགའ་དང་རྒྱུ་བ་དང་།། མི་རྒྱུ་བ་ཐམས་ཅད་ལྷ་མོའི་གཟུགས་སུ་འགྱུར་རོ།། ཇི་སྲིད་འདི་རྣམས་དང་རོལ་ཅིག་ཅིང་རྡོ་རྗེ་སེམས་དཔའི་བཙུན་མོ་ལ་ཡང་རོལ་པར ་བྱེད་དོ།། རྡོ་རྗེ་ཆུ་སྲིན་མས་བཙིར་བ་དང་། གྱེན་དུ་བཏེག་པ་དང་། མྱང་བ་དང་། དྲུང་དུ་འགྲོ་བ་དང་། མྱུར་དུ་ཟ་བ་རྣམས་ཀྱིས་བསྟན་པའི་ཆགས་པ་བཅིང་བ་དང་། ཐམས ་ཅད་ལས་རྣམ་པར་རྒྱལ་བ་དང་། ཆུ་ནང་དུ་གནས་པ་དང་། ཆགས་པ་དང་། ཐམས་ཅད་ཟ་བ་འགྲུབ་པའོ།། བསྐོར་བས་གཡོ་ཞིང་གཡོ་བ་དང་། ལྷོད་པར་བྱེད་པ་དང་། ་བཅི་རབས་དབུ་ས་མ་ཕན་ཚུན་ལྷན་ཅིག་དགུག་པ་དང་། མགྱོགས་པར་དབུས་མའི་རྡོ་རྗེ་དྲལ་བ་རྣམས་ཀྱིས་ཁྲོ་བོ་ཐམས་ཅད་འབར་བ་དང་། རབ་ཏུ་ཞི་བ་དང་། ཐམས་ཅད་ལ ་རྒྱས་གདབ་པ་དང་། ལྟུང་བ་དང་གསོད་པ་རྣམས་མྱུར་དུ་འགྲུབ་པོ།། མཐེ་བོང་རྡོ་རྗེ་ནང་དུ་ཞུགས་པའི་མཆོད་པ་རྣམས་ཀྱིས་མཆོད་ན་རྡོ་རྗེ་འཆང་ཆེན་པོས་ཀྱང་མཆོད ་པར་འགྱུར་རོ།། དེ་བཞིན་དུ་ལྷའི་བུ་མོ་རྣམས་ཀྱི་མཐེ་བོང་རྡོ་རྗེའི་ནང་དུ་ཞུགས་པའི་ལས་རྣམས་ཀྱི་ལྷའི་བུ་མོ་ཐམས་ཅད་ཀྱང་བཀུག་ནས་རོལ་པ་ལ་སོགས་པའི ་ལས་ཐམས་ཅད་ལས་ཉེ་བར་སྦྱོར་རོ།། རྡོ་རྗེ་ལྕགས་ཀྱུ་མ་ལ་སོགས་པའི་ནང་གྱི་ཁུ་ཚུར་གྱི་ལས་རྣམས་ཀྱིས་འདོད་པའི་དངོས་གྲུབ་ཐམས་ཅད་དོ།། དེ་ནས་དངོས ་གྲུབ་ཐམས་ཅད་ཀྱི་རྒྱུད་ནི། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དང་། དམ་ཚིག་དང་། ཡེ་ཤེས་དང་། ལས་ཀྱི་དངོས་གྲུབ་བྲུབ་པའོ།། དོན་ཡོད་པར་གྲུབ་པ ་མྱུར་དུ་ཐམས་ཅད་བདག་ཉིད་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པས་ཡིད་ཀྱི་འདོད་པ་གྲུབ་པར་འགྱུར་རོ།། དེ་བཞིན་དུ་རང་གི་ཕྱག་མཚན་རྣམས་ཀྱི་དངོས ་གྲིབ་ཐམས་ཅད་འགྲུབ་པར་འགྱུར་རོ།། དང་པོར་ཉིན་རེ་ལན་ཅིག་དུ་ཕྱག་རྒྱ་ཆེན་པོས་སྙིང་པོ་བཟླས།། དེ་རྗེས་ཉེ་བའི་སྙིང་པོ་ཡིས།། ཕྱག་རྒྱ་ཐམས་ཅད་ངེས་སྦྱར་བྱ། ་ཐམས་ཅད་དོན་ཡོད་པར་བསྒྲུབ་པོ།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བའི་རྟོག་པ་མཆོག་ཕྱི་མ།། དེ་ནས་དང་པོའི་དཀྱིལ་འཁོར་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད ་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཕྱག་རྒྱ་ཆེན་པོའི་རྒྱུད་ནི། པད་མ་གཡོན་དུ་དགོད་བྱ་བ།། ཞབས་ཀྱི་པད་མ་ཅི ་བདེ་བར།། རྡོ་རྗེ་དཀྱིལ་མོ་དཀྲུང་བཅས་ནས།། སྐུ་ནི་དྲང་པོར་འཛིན་པ་བདེ།། བསྙེམས་བཅས་རྡོ་རྗེ་གསོར་ནས་ནི།། རྡོ་རྗེ་བསྙེམས་པ་ཡང་དག་འཆང་།། སྐུ་གསུང ་ཐུགས་ཀྱི་རྡོ་རྗེ་ཡིས།། རྡོ་རྗེ་སེམས་དཔའ་རང་ཉིད་འགྱུར།། འདས་ན་རྡོ་རྗེ་སེམས་དཔའ་ཉིད།། སངས་རྒྱས་ཉིད་དམ་སྲས་ཉིད་དམ།། དངོས་གྲུབ་ཀུན་གྱི་དབང ་ཕྱུག་ཉིད།། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། དེ་བཞིན་ཕྱག་རྒྱའི་རྗེས་འབྲང་བས།། མཚན་མའི་ཕྱག་རྒྱ་དང་ལྡན་པའི། ་སེམས་དཔའ་ཆེན་པོ་རང་ཉིད་འགྱུར།། ཕྱག་རྒྱ་ཆེན་པོའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་བཅིང་བ་དང་། བདེ་བ་ཆེན་པོའི་རྡོ་རྗེ་བཤད་དོ།། རྡོ་རྗེ་མདའ་ལ་སོགས ་བའི་བཞི་པོ་འདི་ལས་བྱུང་ངོ་།། འཛུབ་མོ་གཉིས་ཀྱི་ལྕགས་ཀྱུའི་ཕྱི་རོལ་ཏུ་མངོན་པར་ཕྱོགས་པའི་མཐེ་བོང་ཁྱུད་པའོ།། མཐེ་བོ་དག་ཉི་ཀ་ཕྱེ་ལ་འཛུབ་མོ་གཉིས ་ཀྱི་དབུས་མའི་རྩེ་མོ་འདྲེན་ཅིང་སྲིན་ལག་དང་། མཐེ་ཆུང་མཉམ་པར་སྦྱར་ལ་རྩེ་མོ་སོ་སོར་ཁ་བྱེ་བས་ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བའོ།། བརླ་གཉིས་ལ་བསྐོར ་ཞིང་གནས་པའོ།། དེ་བཞིན་དུ་འཚམས་རྣམས་ལ་རྡོ་རྗེ་ཐལ་མོ་བསྐོར་སོ།། སྒོའི་ཕྱག་རྒྱ་རྣམས་ནི་རྡོ་རྗེ་བསྡམས་པའི་ཁུ་ཚུར་གྱིས་སོ།། བདེ་ཆེན་མཆོག་གི་ཕྱག ་རྒྱ་ཆེ།། དེ་བཞིན་དངོས་གྲུབ་རབ་བརྩོལ་བ།། མདའ་སོགས་དམ་ཚིག་སྣ་ཚོགས་པའི།། དངོས་གྲུབ་ཆེན་པོ་མཆོག་བསྟེར་བའོ།། དེ་ནས་ཆོས་ཀྱི་ཕྱག་རྒྱ་ནི། ་ཧོ་བྷི་ཧུ་བྷི་ག་ཧཱུཾ། འདི་རྣམས་ཀྱང་དངོས་གྲུབ་ཐམས་ཅད་བརྩོལ་བའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་རྡོ་རྗེ་མེད་པ་རྣམས་ཀྱིས་རྟོགས་པར་བྱའོ།། གཡོན ་པ་རྡོ་རྗེ་བསྙེམས་པས།། གཡས་པའི་རྡོ་རྗེ་ཁུ་ཚུར་སྟོད་པའི་ཚུལ་གྱིས་སྙིང་ཁར་བཟུང་བ་བྱས་པ་རྡོ་རྗེ་བསྙེམས་པ་སྟེ། རབ་ཏུ་དགའ་བ་བརྟན་པར་བྱེད་ཅིང་དངོས ་གྲུ་བ་ཐམས་ཅད་བཅོལ་བའོ།། མདའ་གཞུ་སྟོད་པས་རྡོ་རྗེ་མཚོན་ཆའོ།། འོག་དུ་འཁྱུད་པའོ།། རྒྱལ་མཚན་བསྒྲེང་བའོ།། བསྙེམས་པ་གཉིས་སྟོད་པའོ།། ་སྒེག་པ་དང་བཅས་པས་མཐའ་མ་ལ་སོགས་པ་ནས་དཀྲོལ་བས་གློག་འགྱུ་བའི་གར་གྱིས་གཡས་སུ་ཡོངས་སུ་བསྐོར་བས་མེ་ཏོག་ལ་སོགས་པའི་ཀ་སུ་ཏའི ་ཐལ་མོ་སྤྱི་བོ་ནས་བབ་སྟེ། རྡོ་རྗེ་ཐལ་མོ་དཀྲོལ་བས་དེ་བཞིན་དུ་སྒེག་པ་དང་བཅས་པས་མཆོད་པ་དོར་བར་བྱའོ།། རྡོ་རྗེ་གར་ནི་ནང་གིར་མཚམས་ལའོ།། ཡང་ན ་ཇི་ལྟར་རྙེད་པ་བཞིན།། མེ་ཏོག་མཆོད་སོགས་དུ་མ་ཡིས།། དངོས་གྲུབ་མཆོག་བརྩོལ་ཐུན་མོང་ཡིན།། དམ་ཚིག་ཕྱག་རྒྱ་སྦྱོར་བས ་མཚན་མ་ཡོངས་སུ་བཟུང་བའོ།། འདི་རྣམས་ཀྱང་དོན་ཡོད་པའི་ལས་བསྒྲུབ་པ་རྣམས་སོ།། རྡོ་རྗེ་ཁུ་ཚུར་གྱིས་བདུད་རྩའི་ཆུ་ཟླའོ།། འཇུག་པའི་ཆོ་གའི་ཕྱག་རྒྱ་བཤད ་པ་ནི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་གྱིས་བྱིན་གྱིས་བརླབས་པའི་གསང་བའི་དམ་ཚིག་ཅེས་བྱའོ།། འཇུག་པའི་ཕྱག་རྒྱ་གཉིས་པ་ནི།། གཡོན་ཐེབ ་འཛུབ་མོའི་གནས་སུ།། གཡས་པ་མཐེ་བོའི་རྟག་ས་བཅུག་པ།། བཙིར་ན་བདེ་བ་སྟེར་བའོ།། འཛུབ་མོ་ལྕགས་ཀྱུ་བཅིངས་པ་དེས།། དཀྱིལ་འཁོར་མཆོག་ཏུ ་འཇུག་པར་བྱ།། ཡང་ན་སེམས་དཔའ་གང་ལ་འཇུག། དེ་དེས་མྱུར་དུ་འགྲུབ་པར་འགྱུར།། རབ་ཏུ་དགའ་བའི་རྡོ་རྗེ་མའོ།། རང་གི་ཁུ་ཚུར་གྱི་རྡོ་རྗེ་བདུད་རྩིའི་ཆུ ་བླངས་ནས་ཆུའི་རྒྱུན་དེས་དབང་བསྐུར་ཏེ། མཐུང་དུ་བཅུག་ན་དབང་བསྐུར་བར་འགྱུར་རོ།། དབང་བསྐུར་ཐམས་ཅད་བྱས་ན་ཚེ་དར་ལ་བབ་པ་དང་། ནད་མེད་པ་དང་། ་དངོས་གྲུབ་ཐམས་ཅད་དང་ལྡན་པར་འགྱུར་རོ།། འདི་ལ་ཡང་རིམས་དང་། གདོན་དང་། དུག་དང་སྦྱར་དུག་དང་། མཁའ་འགྲོ་མ་དང་། ཕྱག་རྒྱ་ལ་སོགས་པས ་གནོད་པ་བྱེད་པར་མི་ནུས་སོ།། དཀྱིལ་མོ་དཀྲུང་གིས་ནི་གར་དང་མཆོད་པ་དབུལ་བར་བྱའོ།། དེ་ནས་མཆོད་པ་ནི་རྡོ་རྗེ་གར་གྱིས་སོ།། རྡོ་རྗེ་གླུ་བླངས་པས་རྡོ་རྗེ་གར་དབུལ ་བར་བྱའོ།། རྡོ་རྗེ་གར་གྱི་མཆོད་པ་དབུལ་བ་ནི་འཁོར་ལོ་སྒྱུར་བའི་གར་གྱིས་རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་ལ་བསྟོད་པས་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བསྒྲེང་བར་བྱ་སྟེ། ་མཐར་བསྒེག་མོ་དགའ་བའི་རྡོ་རྗེ་གསང་བའི་བཞད་པ་དང་བཅས་པའི་ཞལ་དང་། སྤྱན་གཡོ་བས་ཕྱག་འཚལ་བའོ།། བཅོམ་ལྡན་འདས་དགེས་པས་དགའ་བ་ཐམས ་ཅད་ལ་སོགས་པའི་དགེ་བ་དང་། ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ་བརྩོལ་བ་ཡིན་ནོ།། རྡོ་རྗེ་བསྡམས་པ་མ་བཙིར་བ་རང་གི་སྙིང་ཁར་བདེ་བར་དཀྲོལ་ན་དཀྱིལ ་འཁོར་དཀྲོལ་བའོ།། རྡོ་རྗེ་སེམས་དཔའི་བསྒོམས་པས་རེག་དང་། རྡོ་རྗེ་ཡིད་ཀྱིས་གྱེན་དུ་བཏེག་ལ་རིམ་པ་རིམ་པས་ནང་གི་དཀྱིལ་འཁོར་དུ་ཞགས་ནས་དམ་ཚིག ་ཉམས་པར་མི་འགྱུར་རོ།། རྡོ་རྗེ་སེམས་དཔའ་བསྒོམས་པས་དཀྱིལ་འཁོར་ཆགས་ན་དམ་ཚིག་ཉམས་མར་མི་འགྱུར་རོ།། དེ་ནས་ཕྱག་རྒྱའི་རྒྱུད་ནི།། བདེ་བ་ཆེན་པོའི ་རྡོ་རྗེ་སྤྱི་བོ་དང་།། དཔྲལ་བ་དང་། སྙིང་ཁར་བཞག་ལ་ཕབ་སྟེ་ཕྱགས་ཐམས་ཅད་དུ་འབར་བའི་རབ་འབྱུང་བར་འགྱུར་ཏེ།། རྡོ་རྗེ་ཁྲོ་བོའི་རྒྱལ་པོ་ཆེན་པོ་རྣམས ་ཀྱིས་ཀྱང་འཇུག་པར་མི་ནུས་སོ།། སྙིང་ཁར་བསྒོམས་པ་རྡོ་རྗེ་དང་བཅས་པའི་གྱེན་དུ་ཁ་བལྟས་པར་བཏུང་བར་བྱའོ།། རང་གི་གདོང ་ཡོངས་སུ་སྦྱངས་ནས་གདོང་པ་དགྲོལ་བར་བྱའོ།། དབུས་མའི་རྡོ་རྗེ་ལྟ་བར་བྱའོ།། དཔུང་མགོ་གཉིས་སུ་བཞག་ཅིང་སྙིང་ཁར་བཞག་པར་བྱའོ།། དར་སྦྱངས་ཀྱི ་དབང་བསྐུ་ར་བ་མཐོང་བའོ།། སྐྱེ་གནས་ལས་དོང་ཅེ་འབྱིན་པའོ།། སྤྱི་བོར་བཞག་པར་བྱའོ།། རས་ལ་རེག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེ་བརྟགས་ཀྱི ་ལས་ཀྱི་ལྕགས་ཀྱུས་སོ།། ལག་པ་གཡོན་པའི་འཐིལ་ཉེད་ཅིང་བཤུན་པར་བྱའོ།། བསྐོར་ཞིང་བཙིར་ནས་ཁྲོ་བོའི་ལྟ་བས་ལྟ་བར་བྱའོ།། ཡོངས་སུ་བསྐོར་ནས ་ཁའི་མཐར་མཆེ་བ་བསྟན་པའོ།། གཡས་པའི་འཛུབ་མོ་སྡིག་འཛུབ་པོ།། འཛུབ་མོས་ས་ལ་ལྡང་བར་བྱའོ།། མཐེ་བོས་མཐེ་བོང་བརྩིར་བར་བྱའོ།། ཡི་གེ་མུས ་ཕྱག་རྒྱ་དགྲོལ་བར་བྱའོ།། དང་པོའི་རྡོ་རྗེ་མཐེ་ཆུང་གི་རྡོ་རྗེས་བསྣུན་པར་བྱའོ།། དེ་ཉིད་རྣམ་པར་འགྱུར་བའི་གདོང་བ་སོ།། དེ་ཉིད་ཡོངས་སུ་བསྐོར་ནས་དཔྲལ་བར ་གྱེན་དུ་བལྟ་བས་གནས་པས་སོ།། དེ་ཉིད་ཀྱིས་མཁའ་བཏེག་པའི།། རང་གི་གཡོ་ཞིང་བཅུམ་པའི་མིག་གིས་ཕྱག་རྒྱ་བཅིངས་པ་དཀྲོལ་བའོ།། བེ་ཆུང་གི་ནོར་བུས ་རེག་པར་བྱའོ།། འཛུབ་མོ་མཉམ་པོས་ཞགས་ཀྱིས་སོར་མོ་རྗེ་བར་བྱ་སྟེ།། བཟའ་བའི་ཡིད་ཀྱིས་བཞག་པར་བྱའོ།། འཛུབ་མོས་སྦྱིན་བསྲེགས་བྱེད་པའོ།། རབ་དུ ་དགའ་བའི་རྡོ་རྗེས་གདོང་དཀྲོལ་བྱའོ།། སྦྱིན་བསྲེགས་བྱེད་པའོ།། མཐེ་ཆུང་གཉིས་སྐྱེ་གནས་ལ་སྦྱར་ཏེ་ཕྱག་རྒྱ་དྲལ་བར་བྱའོ།། སྲིན་ལག་དང་མཐའ་མ་གཉིས ་སྦྱར།། སོར་མོ་བ་དན་གྱི་ཚུལ་དུ་བསྒྲེང་བར་བྱའོ།། རྡོ་རྗེ་བརྔམས་པའི་ལེགས་པར་བྱེད་པའི་འཛུབ་མེ་མཐེ་བོང་མཉམ་པོར་ཕྱེ་བ་དང་བཀུག་བསྐོར་ནས་དྲལ་བར ་བྱའོ།། རབ་དུ་རྐང་པའི་འཐི་ལོ་ས་ལ་རེག་པའོ།། དང་པོར་རྡོ་རྗེ་སྤྲིན་བསྐྱེད་པའོ།། འཛུབ་མོས་ཆར་བསྐྱེད་པའོ།། འཛུབ་མོས་བཟློག་པར་བྱའོ།། རྡོ་རྗེ་ལྟ་བས ་དཀྱིལ་འཁོར་རོ།། དེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ལོ།། དཀྱིལ་འཁོར་དེ་བཞིན་དུ་བྲིས་ནས་བཅུག་ལ་རྡོ་རྗེ་བསྒྲུབ་པ་པོ་ལག་པ་གཉིས་ཀྱིས ་རྡོ་རྗེ་བཟུང་ནས་རང་གི་ཕྱག་རྒྱ་བསྒོམ་མོ།། རྡོ་རྗེ་ཞེས་བྱ་བ་འདི་ཅི་ཡིན།། སྙིང་པོ་འདི་བསྒོམ་སྟེ། རྡོ་རྗེ་ཚིག་གིས་བཟླས་ནས་དེས་དེ་བཞིན་གཤེགས་པ་ཆེ་བ ་འདི་འམ་གཞན་མ་ཐོབ་པར་འགྱུར་རོ།། རྡོ་རྗེའི་དཀྱིལ་འཁོར་འཁོར་ལོ་ཐམས་ཅད་དམ་ཚིག་ཆེན་པོའི་ཚུལ་བྱས་ལ་འདི་སྨྲས་ཤིག། དད་གཏན་ཕྱག་ན་རྡོ་རྗེ་ལ། ་དེ་བཞིན་གཤེགས་པའི་རིག་དེ་བཞིན།། སེམས་ཅན་ཐམས་ཅད་འགུབ་རུ།། ཁྱོད་ཀྱིས་དེ་ལྟར་བཏགས་པའོ།། དེ་ནས་དེ་ལྟར ་ཁྱོད་ཀྱིས་མ་བྱས་ན་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། དམ་ཚིག་གི་དཀྱིལ་འཁོར་རོ།། ཡང་དཀྱིལ་འཁོར་དེ་བཞིན་དུ་བྲིས་ལ་སློབ་མ་བཅུ་གནས་ལས ་རྣམ་པ་བཞི་བསླབ་པར་བྱའོ།། ལུས་ཐམས་ཅད་ཀྱིས་བཏུད་དེ་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ།། དེ་ལས་ལངས་ཏེ་ཡན་ལག་ལྔས་ཕྱག ་བྱས་ནས། སྡིག་པ་ཐམས་ཅད་ནི་བཤགས་སོ།། དེ་ལས་ལངས་ལ་ཐལ་མོ་སྦྱར་ཏེ་པུས་མེའི་ལྷ་ང་གཉིས་ས་ལ་བཏུགས་ནས་བསོད་ནམས་ཐམས་ཅད་ལ་རྗེས ་སུ་ཡིད་རང་ངོ་།། དེ་ནས་ལངས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ལ་རྡོ་རྗེ་འཛིན་པའི་ཕྱག་རྒྱས་བཅིངས་ལ་ཕྱག་འཚལ་ལོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་རྡོ་རྗེའི་ཚིག་གིས་བཛྲ་བྷྲྀད་བརྗོད་ཅིག། དེས་ནི་དེ་བཞིན་གཤེགས་པ་ཐམས་ཅད་དང་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ།། བཀུར་སྟི་དང་མཆོད་པར ་འགྱུར་རོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་ཡོངས་སུ་རྫོགས་པར་འགྱུར་རོ།། མཆོད་པའི་ཆོ་ག་དང་། དེ་ནས་རྡོ་རྗེ་རིགས་སྤྲུལ་པར་འགྱུར་ཏེ། ་དཀྱིལ་འཁོར་མཐོང་བས་རང་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲིས་ལ་དེའི་གཡས་སུ་སྤྱན་རས་གཟིགས་དབང་པོ།། གཡོན་དུ་རྡོ་རྗེ་ཁུ་ཚུར་རྒྱན་ཐམས ་ཅད་ཀྱིས་བརྒྱན་པའོ།། དེ་ནས་གསོ་སྦྱིན་ཅན་དུས་གསུམ་དུ་ཁྲུས་བྱེད་པ།། དུས་གསུམ་དུ་བཀྲུས་པའི་གོས་གྱོན་པ་སྟོང་ཕྲག་བརྒྱར་བཟླས་སོ།། དེའི་འཇུག་ཏུ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་བཅིངས་ནས་མཚན་ཐལ་བྱུང་བཟླས་ན་ནང་པར་དུ་དེ་བཞིན་གཤེགས་པ་ཐམས་ཅད་གཤེགས་ཏེ་ཞལ་སྟོན་ཏོ།། མཆོག ་ཅི་འདོད་པ་བརྩོལ་ཏེ་སངས་རྒྱས་པའི་བར་དུ་རྩལ་ཏོ།། དེ་ནས་ཡང་ཆོ་ག་བཞིན་ཏེ། རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་པད་མོའི་སྟེང་དུ་བཞུགས ་པར་བྱས་ལ་དེའི་སྤྱན་སྔར་ཕྱག་ན་རྡོ་རྗེ་ཐལ་མོ་སྦྱར་ཏེ་ཅོག་ཙོག་པོར་འདུག་ལ་བཅོམ་ལྡན་འདས་ལ་བལྟ་བར་བྱ། བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་ཕྱག ་ན་རྡོ་རྗེ་ལ་ཐིག་གིས་རྡོ་རྗེ་གསོར། གཡོན་པར་པད་མོ་ཡི་བཅོམ་ལྡན་འདས་ཀྱི་གཡོན་ཕྱོགས་སུ་རྡོ་རྗེ་ཁུ་ཚུར་ཏེ། ཁུ་ཚུར་གཉིས་ཀྱིས་རྡོ་རྗེ་བསྡམས་པར་བྱས་ལ། ་དེ་ཚེས་གཅིག་ནས་བརྩམས་ཏེ་ཟླ་བ་གཅིག་དེ་བཞིན་བཟླས་ལ།། ཟླ་བ་ཚང་ནས་མཚན་ཐལ་བྱུང་བཟླས་ན་དེ་བཞིན་གཤེགས་པ་བྱོན་ནས་མཆོག་ཅི་འདོད་པ་རྩོལ་ཏོ།། ་ཡང་ཆོ་ག་བཞི་ནི་རས་ལ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་བྲིས་པ་ནི་དེའི་སྤྱན་སྔར་འཕྲོག་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེ་བཤད་དོ།། ་འཛུབ་མོ་གཅིག་གིས་ནོར་བུའོ།། མཐེ་ཆུང་རྡོ་རྗེ་སྡིག་འཛུམ་པོ།། འཛུབ་མོས་ས་འོག་ནས་ཆུ་མིག་ཀུག་ལ་སྟོན་པའོ།། བདེ་བ་ཆེན་པོ་རྡོ་རྗེ་མ་ལ་བཟུང་ནས་གཡོ ་བར་བྱའོ།། འཛུབ་མེ་གཉིས་ཀྱི་གདེངས་ཀའི་ཚུལ་བསྟན་པའོ།། རྩེ་མོ་བཞིའི་འོད་ཟེར་གྱིས་མེ་ཏོག་སྟོན་པའོ།། འཛུབ་མོ་རླུང་བསྐྱེད་པའོ།། རབ་ཏུ་དགའ་བའི ་རྡོ་རྗེ་འཛུབ་མེའི་རྩེ་མོས་ལོང་དང་། རོལ་པ་དང་། ནམ་མཁའ་ལ་རྡོ་རྗེ་བལྟ་བ་དང་། སྟེང་དུ་བསྐོར་བར་བྱའོ།། རྡོ་རྗེའི་མདའ་ཤིང་དྲུང་ཐམས་ཅད་དང་། ནགས་དང་། ་བསྐྱེད་མོས་ཚལ་དང་། འབྲུ་ཐམས་ཅད་ལ་བཞག་པར་བྱའོ།། རྣོན་པོས་ས་ཀློག་པར་བྱའོ།། བདག་ཉིད་ཀྱིས་ཐམས་ལྔས་དྲང་བར་བྱའོ།། ཕ་རོལ་གྱིས་དཔུད ་མདུན་དུ་བསྐོར་བར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གློག་འགྱུ་བས་བསྐོར་བར་བྱའོ།། གློག་འགྱུབས་ནམ་མཁའ་ལ་བསྐོར་བར་བྱའོ།། གཡས་པས་གཡོན་ལ ་བརྡེག་པར་བྱའོ།། རྡོ་རྗེ་ཁུ་ཚུར་གཉིས་གཡོ་ཞིང་གཡོ་བ་མེད་ལ་བཞག་པར་བྱའོ།། འཛུབ་མོ་མཉམ་པའི་དཀྱིལ་འཁོར་ནོར་བུའོ།། འཛུབ་མོའི་རྡོ་རྗེ་གདོན ་པའི་མཐེ་བོང་གི་བུ་གར་གཡས་པའི་འཛུབ་མོ་བཞུགས་པར་བྱའོ།། རབ་ཏུ་དགའ་བའི་རྡོ་རྗེས་སྟེང་དུ་ནམ་མཁའ་ལ་བཀལ་བསྐྱོད་པ་དང་། སྐྱེ་གནས་གཡོལ ་དང་། དབུས་མའི་རྡོ་རྗེ་བསྐྱོད་ཅིང་བཙིར་བའོ།། རྡོ་རྗེ་ཡིད་ལས་བྱུང་བ་དང་། རྡོ་རྗེ་ཀི་ལི་ཀི་ལ་དང་། རྡོ་རྗེ་ཆུ་སྲིན་དང་། རྡོ་རྗེ་བསྙེམས་པའི་འཛུབ་མོས་གསོལ ་བ་འདེབས་པར་བྱེད་པས་འཛུབ་མོ་གཉིས་ཀྱིས་རང་གི་མིག་བཀ་བ་ལ་ཡིད་ཀྱིས་ཇི་ལྟར་མངོན་པར་འདོད་པ་བསྒོམ་པར་བྱའོ།། སྦྱིན་སྲེག་བྱེད་པའོ།། འཛུབ་མོས ་རང་གི་མིག་བཙུམ་པར་བྱའོ།། ངོས་བཟུང་བར་བྱའོ།། བཏུང་བར་བྱའོ།། རྩེ་མོ་བསྐྱོད་ཅིང་སྦྱིན་བསྲེག་བྱའོ།། མཐེ་བོང་འོག་ཏུ་རབ་ཏུ་བསྐྱང་ལ་བརྟག་པར་བྱའོ།། ་རྡོ་རྗེ་སྐུའི་ཕྱག་རྒྱ་མཆོག་ནི་མཐེ་བོང་སེམས་དཔའི་དཀྱིལ་མོ་དཀྲུང་གིས་འཛུབ་མོ་རྡོ་རྗེ་ནི་རྡོ་རྗེ་སྐུ་མཆོག་གོ། དབུས་མ་མཉམ་པའི་འོག་སོགས་ཀྱིས་ངག་འབྱིན་པའོ།། ་སྙིང་ཁར་བཞག་ནས་ཨོཾ་བོ་ཏེ་ཙི་ཏ་ཨུད་པ་ཏ་ཡ་མི། ཞེས་བྱ་བ་བསྒོམ་མོ།། མཐེ་བོའི་རྟགས་གཡོན་པའི་མཐེ་བོའི་བུ་གར་བཞག་པའོ།། རྡོ་རྗེ་ཁུ་ཚུར་གཅི ་ཀློག་འབྲུ་བ་ལྟར་བསྐོར་བས་རྡོ་རྗེ་འཁོར་ལའོ།། དེ་རྗེ་བསྙེམས་མད་རྗེ་བཅས་པའོ།། མི་གཙུ་གིས་སྡིག་འདུབ་པོ།། རབ་ཏུ་དགའ་བའི་ད་རྗེག་ཀྱི་ཚུལ་གྱིས ་ཁ་སྦྱར་རོ།། རྡོ་རྗེ་བསྙེམས་མ་བཤད་དོ།། མཐེ་ཆུང་ཟུར་གྱིས་མདུད་པའི་རྩེ་མཉམ་པ་ཡོངས་སུ་བསྐོར་ཏེ། འོག་ནས་བཏེག་པ་འཛུབ ་མོ་མཉམ་པའི་རྩེ་མོ་དབང་བསྐུར་བའི་གནས་སུ་བཞག་ནས་རྡོ་རྗེ་མཛོད་སྤུའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ནི་འོག་ནས་བཤད་པར་བྱའོ།། རྡོ་རྗེ་གར ་གྱི་བཤད་པའོ།། འཛུབ་མོ་ཕྱིར་ཕྱོགས་པ་བསླང་བའི་རྡོ་རྗེ་སྙིང་ཁར་བཛྲ་ཧཱ་ཞེས་བྱ་བ་ནི་ཕྱག་རྒྱ་ཆེན་པོའོ།། དེ་བཞིན་དུ་སྙིང་ཁར་རྡོ་རྗེ་བསྒོམ་ཞིང་མ་ཧཱ་ས་ཏ་ཞེས ་བྱའོ།། ཡེ་ཤེས་ཀྱི་ཁུ་ཚུར་གྱི་ཏ་ཐཱ་ག་ཏོ་ཨ་ཧཾ་བཅོམ་ལྡན་འདས་ཀྱིས་ཕྱག་རྒྱ་ཆེན་པོ་བཤད་དོ།། དེ་ནས་རྡོ་རྗེ་ཁུ་ཚུར་བཅིང་བ་ནི་རྡོ་རྗེ་བསྡམས་པ་བཙིར་བ་ནི་འཛུད ་མོ་བཀུག་གི་ས་རྒྱན།། མཐའ་མ་གཉིས་ཀྱི་ནང་དུ་ནི་མཐེ་བོང་གཉིས་ཀྱི་ཁ་སྦྱར་ལ། དམ་ཚིག་ཆེན་པོ་རྡོ་རྗེ་མཆོག། ཁུ་ཚུར་དངོས་གྲུབ་མཆོག་དུ་བརྩོལ།། རྡོ་རྗེ ་ཁུ་ཚུར་རབ་ཏུ་བརྟག། དེ་ནས་དེ་བཞིན་གཤེགས་པའི་རིགས་ཀྱི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱུས་པ་ནི། ཕྱག་རྒྱ་ཆེན་པོ་རྣམས་ནི་ཏ་ཐཱ་ག་ཏོ་ཧ་ཞེས་བྱ་བས་བཅིང ་བར་བྱའོ།། དམ་ཚིག་མཆོག་གི་མཐེ་བོང་མཐེ་ཆུང་མཉམ་པའོ།། རྡོ་རྗེ་སྣ་ཚོགས་རྡོ་རྗེའོ།། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་ཉིད་དོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས ་དེ་བཞིན་དུ་བཙིར་བའོ།། ལྕགས་ཀྱུ་མ་དེ་བཞིན་ནོ།། རྡོ་རྗེ་བསྡམས་པའི་ཁུ་ཆུར་མཐེ་བོང་གཉིས་ལ་གནས་པ་དམ་ཚིག་གི་ཁུ་ཚུར་ཏེ།། དེ་གཉིས་སུ་བྱས་པ་དེ་བཞིན་གཤེགས ་པའི་ཁུ་ཚུར་རོ།། དེ་བཞིན་དུ་བྱས་པའི་ཁུ་ཚུར་གཉིས་དང་།། དཀྱིལ་འཁོར་ལྔས་ཕྱག་འཚལ་ཞིང་འཇུག་པར་བྱའོ།། འདི་དག་ཀྱང་དངོས་གྲུབ་ཐམས་ཅད་བརྩོལ་བའོ།། ་དེ་ནས་ལས་ཀྱི་ཕྱག་རྒྱ་བཅིང་བ་ནི།། རྡོ་རྗེ་སྐུ་མཆོག་གིས་སྤྱི་གཙུག་དང་། མཛོད་སྒྲ་དང་། སྙིང་ཁར་བཞག་སྟེ་བསྐོར་ཞིང་བསྐོར་བས་ཁུ་ཚུར་དང་། གཙུག་གཏོར་དུ ་བཟུང་བར་བྱའོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གྱི་འཛུབ་མོ་གཉིས་ཀྱིས་བསྡིགས་འཛུབ་བྱ་བ་དང་། སྦྱིན་པའི་ཚུལ་བྱ་བའོ།། གཡོན་པའི་སྙིང་ཁར་བཟུང་སྟེ། ་གཡས་པའི་འཛུབ་མོ་གཅིག་གིས་ས་ལ་རེག་པའོ།། གཡོན་པ་ཁྲོ་བོའི་འཛུབ་མོ་གཡས་པའི་ཁུ་ཚུར་གྱི་ནང་དུ་མངོན་པར་ཕྱོགས་པས། དེ་བཞིན་གཤེགས་པ་ཐམ ་ཅད་ཀྱི་ཁུ་ཚུར་སངས་རྒྱས་ཉིད་མྱུར་དུ་ཐོབ་པའོ།། རྡོ་རྗེ་བསྡམས་པའི་འོག་དུ་བཅིངས་པས་བསྟན་པའི་དཀྱིལ་མོ་དཀྲུང་ངོ་།། དེ་ནས་རྡོ་རྗེ་རིགས་ཀྱི་ཕྱག་རྒྱའི་ཚེ ་ག་རྒྱས་པའི་རྒྱུད་ནི། འཇུག་པའི་ཕྱག་རྒྱ་རབ་ཏུ་དགའ་བའི་རྡོ་རྗེ་ཁྲོ་བོ་དགུག་པའི་ཕྱག་རྒྱ་དེ་ཉིད་དོ།། ཕྱག་རྒྱ་ཆེན་པོ་དེ་རྣམས་དེ་བཞིན་ནོ།། དམ་ཚིག་ནི་འོག་ཏུ་རྡོ་རྗེ ་བསྙེམས་པའི་སོར་མོ་ཐམས་ཅད་འབར་བའི་ནང་དུ་མཐེ་བོང་རྡོ་རྗེ་ནི། རྡོ་རྗེ་ཁྲོ་བ་ཏ་རི་ཏི་རི་སྟེ་རྡོ་རྗེ་འཆང་ཆེན་པོ་བསླབ་པར་བྱེད་དོ།། གནན ་དག་དེ་བཞིན་ནོ།། ཆོས་ནི་དེ་རྣམས་ཉིད་དོ།། ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་ནོ།། ཁུ་ཚུར་གྱི་ཁྱད་པར་རོ།། རྡོ་རྗེ་ཁུ་ཚུར་གྱི་འཛུབ་མོ་སྡིགས་འཛུབ་པོ།། དམ་ཚིག ་ལས་བྱུང་བ་ནི་དེ་བཞིན་ནོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་ཧཱུཾ་མཛད་ལས་བྱུང་བའོ།། ལག་ན་རྡོ་རྗེའི་མཐེ་ཆུང་གདུ་བུར་བཅིངས་པའི་སྡིགས་འཛུབ་ནི་རྡོ་རྗེ་ཧཱུཾ་མཛད་དེ ་གཡོན་རྐྱང་པས་གནས་པའོ།། གཡོན་པའི་འཛུབ་མོ་འཛུབ་མོའི་རྡོ་རྗེ་སྡིག་འཛུབ་པོ།། དེའི་དབུས་དང་ཡི་གེ་ཧཱུཾ་གིས་སོ།། ཁྲོས་པས་ཡི་གེ་ཨ་སྦྱར་བར་བྱའོ།། ཧ་ཧ་ས ་དགོད་པས་བཞད་པར་བྱའོ།། སྙིང་ཁར་རྡོ་རྗེ་བསྒོམས་པས་རྡོ་རྗེའི་ཕྱག་རྒྱ་ཆེན་པོའོ།། དེ་ནས་པདྨའི་རིགས་ཀྱི་ཕྱག་རྒྱའི་ཚེ་བ་རྒྱས་པའི་རྒྱུད་དེ་བཞིན་གཤེགས་པའི་རྡོ་རྗེ ་འཛུབ་མོ་གཉིས་བཀུག་ལ་སྙིང་ཁར་བཞག་པ་ནི་རྡོ་རྗེ་པདྨའོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་དེ་བཞིན་ནོ།། དམ་ཚིག་གི་ཁྱད་པར་དང་། ཁུ་ཚུར་གྱི་ཁྱད ་པར་རོ།། ཁ་འབུས་པ་མཐེ་བོང་འཐེ་ཆུང་ཁ་ཕྱེ་བས་འདབ་མ་བཞིའི་འདབ་མ་ཆེན་པོས་ཐམས་ཅད་བཅིང་བ་ནི་ཇི་ལྟ་བ་བཞིན་ནོ།། ཁུ་ཚུར་གྱི་ཁྱད་པར་ནི་རྡོ་རྗེ་བསྡམས ་པའི་འཛུབ་མོ་གཉིས་བཀུག་ལ་མཐེ་བོང་གཉིས་མཉམ་པར་བརྐྱང་ལ་དབུས་མ་གཉིས་ཕྱི་རོལ་དུ་གནས་པ་དང་བཅས་པས་བཞག་པ་སྟེ། དེ་གཉིས་སུ་བྱས་པ་པདྨའི་ཁུ་ཚུརོ།། ་དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་པད་མ་ཆེན་པོའི་བཤད་པའོ།། དེ་ཉིད་སྤྱི་བོ་ལའོ།། དེ་ཉིད་རྡོ་རྗེ་ལྟ་བས་བལྟ་བར་བྱའོ།། དེ་ཉིད་རྡོ་རྗེ་གཉིས་ཀྱི་མིག་གོ།། དེ་ཉིད་རྡོ་རྗེ་ལེགས ་པར་བྱེད་པའོ།། དེ་ཉིད་དཔྲལ་བར་བྱས་ནས་གསོལ་བ་གདབ་པར་བྱའོ།། དེ་ཉིད་གཡོན་པའི་སྐྱེ་གནས་སུ་མཐེ་བོའི་རྟགས་བཅུག་པའོ།། དེ་ནས་ནོར་བུའི་རིགས་ཀྱི་ཕྱག ་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་ནི། རྡོ་རྗེ་ཐལ་མོ་རབ་ཏུ་བརྐྱང་ཞིང་མཐེ་བོང་མཉམ་པར་ལ་འཛུབ་མོ་བཀུག་པ་བཞག་སྟེ། དཔྲལ་བའི་མཛོད་སྤུའི་ཕྱོགས་སུ་བཞག་ན་དབང་བསྐུར ་བ་ཐམས་ཅད་གསོལ་བའོ།། ཕྱག་རྒྱ་ཆེན་པོ་ལ་སོགས་པའི་ཕྱག་རྒྱ་ཐམས་ཅད་བཅིང་བ་དེ་ནི་དེ་བཞིན་ནོ།། དམ་ཚིག་ནི་རྡོ་རྗེ་བསྡམས་པའི་འཛུབ་མོ་གཉིས་ཕྱིར་བཀུག་པའི ་སོར་མོ་མཉམ་པོའི་ནོར་བུ་འཐེ་བོང་སྟེས་བཀབ་པ་རྡོ་རྗེ་ནོར་བུའོ།། གཞན་རྣམས་ནི་དེ་ལས་བྱུང་བས་སོ།། རྡོ་རྗེ་རིན་པོ་ཆེའི་ཁུ་ཚུར་རོ།། དེ་གཉིས་སུ་བྱས་ནས་རིན་པོ་ཆེའི ་ཁུ་དུར་རོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི། རྡོ་རྗེ་རིན་པོ་ཆེ་བསྒྲེང་བ་སྒྲུབ་བྱའི་ཁུ་ཆུར་རོ།། ཁ་སྦྱོར་བྱས་ནས་སྲིན་ལག་དང་འབེ་ཆུང་མཉམ་པར་བྱེ་བས་མཆོག་གི་དང ་སྦྱངས་འཛིན་པའོ།། དབུས་མ་ནོར་བུའོ།། འཐེ་ཆུང་གི་རྩེ་མོའི་འོག་དུ་གཏོར་བའོ།། རྡོ་རྗེ་བསྡམས་པ་ལས་ནི་འཛུབ་མེའི་ནོར་བུ་རྐྱང་པའི་ཕྲེང་བའོ།། ་རྡོ་རྗེ་རིན་པོ་ཆེ་གསུམ་བདུན་དང་ལོགས་གཉིས་སུ་བཅིང་བར་བྱའོ།། རྡོ་རྗེ་རིན་པོ་ཆེ་མཛོད་སྤུའི་ཕྱོགས་སུ་བཞག་སྟེ།། འཛུབ་མོའི་སྟེང་ད་མདད་པ་བྱས་ཏེ་དར་སྦྱངས་ཀྱི་ཚུལ་དུ་བྱའོ།། ་མཐེ་བོ་གཉིས་ཀྱིས་བརྟན་པའི་དཀྱིལ་མོ་དཀྲུང་བྱས་ལ་འཛུབ་མོ་གཉིས་བཀུག་ནས་དབུས་མ་མཉམ་པོར་ཁ་འབུས་པའི་མཆོག་གི་ལུས་ཅན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི ་སྐུའི་མཆོག་གོ།། དེ་ནས་སྤྱི་བོ་ནས་བརྩམས་ཏེ། མདུན་དང་བཡས་དང་། རྒྱབ་དང་གཡོན་དང་རྒྱབ་དུ་བྱ་བ་བྱས་ནས་དེ་བཞིན་མདུན་དང་རྒྱབ་དང་། ལོགས་གཉིས་སུ་བསྒེག་པ ་དང་བཅས་པས་མཐའ་མ་ལ་སོགས་པ་དཀྲོལ་བ་བྱས་ནས། འབྲེང་བ་འཆིང་བའི་མདུད་པ་བྱ་ཞིང་དར་སྦྱངས་ཀྱི་ཚུལ་དུ་བྱས་ཏེ། རྡོ་རྗེ་སེམས་དཔའི་དབང་བསྐུར་བ་དང་། ་སྲིད་པ་གསུམ་གྱི་དབང་ཕྱུག་ཐམས་ཅད་ཀྱི་མཆོག་རྡོ་རྗེ་སེམས་དཔའ་ཉིད་ཐོབ་པ་ཡིན་ནོ།། དེ་ནས་རྡོ་རྗེ་ཐམས་ཅད་ཀྱི་རྟོག་པ་ནི་གོང་ད་ཇི་ལྟ་བ་བཞིན་ནོ།། དེ་ནས་ཕྱིའི་ཕྱག་རྒྱ ་ཤེས་པར་བྱ་བ་ནི་འདི་ཡིན་ཏེ། ཕྱག་རྒྱ་ཆེན་པོ་ཤེས་ནི་གཡོན་པར་ཁམས་ཕོར་དང་གཡས་སུ་མདའ་བསྟོད་པའི་ཕྱག་རྒྱའོ།། དམ་ཚིག་འཇུག་པ་ནི་འཛུབ་མོ་དང་། གུང་མོ་དང་། ་སྲིན་ལག་མཉམ་པོར་ལེགས་པར་སྦྱར་ལ་རྩེ་གསུམ་པར་བྱས་ལ་འཐེ་བོང་དང་འཐེ་ཆུང་གཉིས་ལུ་གུ་རྒྱུད་ནི་མིང་པོ་རྣམས་ཀྱིའོ།། ཇི་ལྟར་བཟུང་བ་བཞིན་དུ་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ།། ་དམ་ཚིག་གི་གུང་མོ་དང་སྲིན་ལག་རྡོ་རྗེ་བསྡམས་པས་འཛུབ་མོ་དང་སྲིན་ལག་མཐེ་བོ་སོར་མེའི་རྩ་བར་བསྡུས་པ་ནི་སྲིང་མོ་བཞིའི་དཀྱིལ་འཁོར་གྱི་ཕྱག་རྒྱའོ།། གལ་ཏེ་དཀྱིལ་འཁོར ་བརྟག་པར་མི་ནུས་ན་དེའི་ཚེ་འདི་བཅིངས་པས་དཀྱིལ་འཁོར་ཤིན་ཏུ་བརྟགས་པར་འགྱུར་ཏེ། དངོས་གྲུབ་ཐམས་ཅད་ཀྱང་ཤིན་ཏུ་གཡོ་བ་ཡིན་ནོ།། ལྷ་མོ་རྣམས་འདི་ཉིད་ཀྱི་སྤྱན ་དྲང་བ་དང་འཇུག་པར་ཡང་བྱའོ།། དེ་ནས་སྒྱུ་མའི་འཁོར་ལོ་ནི་གཡོན་པའི་སྟེང་ད་སོར་མོ་ཐམས་ཅད་ཤིན་ཏུ་བརྐྱང་པ་དམ་ཚིག་གི་དཀྱིལ་འཁོར་གྱི་འཁོར་ལོ་སྟེ་ལྷ་མ་ཡིན་ཐམས ་ཅད་ཀྱི་སྒྱུ་མ་ཐམས་ཅད་དོན་ཡོད་པར་བསྒྲུབ་པའོ།། གདེངས་ཀ་ཅན་གྱི་དབང་པོའི་འཐེ་བོང་གཉིས་ཀ་རྩེ་མོ་ཕྱི་རོལ་ཏུ་ཕྱོགས་པའི་སོར་མོ་བརྒྱད་ཀྱི་གདེངས་ཀའི་ཚེགས་ཀླུ་ཐམས ་ཅད་དགུག་པ། བཞུགས་པ་དང་། བཅང་བ་དང་། དབང་དུ་བྱ་བའི་དམ་ཚིག་སྟེ། ལྟོ་འཕྱེ་ཆེན་པོའི་ལག་པའོ།། གལ་ཏེ་འདའ་བར་བྱེད་འཆིང་བར་འགྱུར་རོ།། གུང་མོ་སྲིན་ལ།། ་བཞི་པོ་མདུད་པ་བྱས་ལ། མགུ་བའི་ཚུལ་གྱིས་སྟེང་དུ་བསྒྲེར་ཏེ་བསྡུས་ནས་མཐེ་ཆུང་གཉིས་ཀྱིས་རྩེ་མོ་བརྡེག་པར་བྱ་ནུས་ན་དུག་ཐམས་ཅད་འབར་བ་དང་། དུག་ཐམས་ཅད ་@བཅིང་བ་དང་། ཀུན་ལས་བཏུས་ཏེ་བརྡེག་པས་དུག་ཐམས་ཅད་འཇིབ་པའོ།། དེ་ཉིད་ཀྱི་དུག་ཐམས་ཅད་ཟབ་དང་། འབོབ་དང་། དུག་མེད་པ་དང་། ་ཕྱི་རོལ་གྱི་ཆོ་ག་རྒྱས་པའི་རྒྱུད་དོ།། དེ་ནས་རྟོག་པ་ཐམས་ཅད་ཀྱི་བསྒྲུབ་པའི་ཕྱག་རྒྱའི་རྒྱུད་ཀྱི་ཆོ་ག་རྒྱས་པ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་བདེ་བ་ཆེན་པོ་གསང་བའི་དམ ་ཚིག་ཆེན་པོ་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་སྐུའི་ཕྱག་རྒྱ་ལྔ་ནི་ཕྱག་རྒྱ་ཆེན་པོ་ནི་རྡོ་རྗེ་འཆང་ཆེན་པོའི་རིགས་པའོ།། རྡོ་རྗེ་ཧཱུཾ་མཛད་ནི་རྡོ་རྗེ་རིགས་ལའོ།། ཕྱག་རྒྱ་པད་མ ་ཆེན་པོ་ནི་པད་མའི་རིགས་ལའོ།། རྡོ་རྗེ་ནོར་བུ་ཆེན་པོ་ནི་ནོར་བུའི་རིགས་ལའོ།། དེ་ནས་གསུང་གི་ཕྱག་རྒྱ་ནི་སྙན་པའི་ཀླུའི་ཡུལ་ཐམས་ཅད་ཀྱི་ཚུལ་རྣམས་དང་། ནུས་པ་ཇི་ལྟ་བའི ་ཀཱའི་རྒྱན་ཐམས་ཅད་བླངས་ཏེ་བཟླས་པ་ནི། རྡོ་རྗེ་སེམས་དཔའི་རིགས་ལ་རབ་ཏུ་དགའ་བ་རྡོ་རྗེའི་དག་གོ། ལྕེ་དང་མཆུ་གཉིས་རབ་ཏུ་གཡོ་བ་མེད་ཅིང་ངོས་ཤིན་ཏུ་མ་འབྱར་བར ་དབྱངས་དང་བྲལ་བའི་རྡོ་རྗེའི་ངག་དེ་བཞིན་གཤེགས་པའི་རིགས་ལ་སྟེ་རིགས་ཐམས་ཅད་ལ་དགོས་པའོ།། སྤྲིན་གྱི་འབྲུག་སྒྲ་ཡི་གེ་ཧཱུཾ་ཕྲ་མོ་དང་ལྡན་པ་ནི་ཁྲོ་བོའི་རྡོ་རྗེ་ཞེས་བྱ ་བའི་ངག་རྡོ་རྗེའི་རིགས་ལའོ།། ཏིང་ངེ་འཛིན་གྱི་ངག་པདྨའི་རིགས་ལ་སྟེ་ཐམས་ཅད་དག་པའི་པད་མ་ཞེས་བྱའོ།། ཆོས་ཀྱི་ངག་ནོར་བུའི་རིགས་ལ་སྟེ་མཆོད་པ་ནི་ནོར་བུའོ།། ་དེ་ནས་ཐུགས་ཀྱི་ཕྱག་རྒྱ་ལྔ་སྟེ། ཐམས་ཅད་བསྒྲུབ་པར་བྱ་བ་ལ་ནི་རྡོ་རྗེ་སེམས་དཔའི་དངོས་པོས་སོ།། སངས་རྒྱས་རྗེས་སུ་དྲན་པས་དེ་བཞིན་གཤེགས་པའི་རིགས་ལའོ། ་བདག་གམ་བདག་གི་མདུན་དུ་གསད་པར་བྱའོ་ཞེས་བྱ་བ་ནི་རྡོ་རྗེའི་རིགས་ལའོ།། སྲུང་བར་བྱའོ་ཞེས་བྱ་བ་ནི་པདྨའི་རིགས་ལའོ།། ནམ་མཁའ་ཐམས་ཅད ་བསྒོམས་པ་ནི་ནོར་བུའི་རིགས་ལའོ།། དེ་ནས་རྡོ་རྗེའི་ཕྱག་རྒྱ་ལྔ་ནི་རྡོ་རྗེ་རྩེ་ལྔ་པའི་རྩེ་མོ་ལྔ་འོད་ཟེར་གྱི་ཕྲེང་བས་རྩེ་མ་ཡོངས་སུ་ཁྱབ་པ་དང་པོ་བདེ་བ་རྡོ་རྗེ་ཁུ ་ཆུར་གྱིས་རྡོ་རྗེ་སེམས་དཔའི་རིགས་ལའོ།། རྡོ་རྗེ་རྩེ་ལྔ་པ་འོད་ཟེར་དང་བཅས་པ་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་དེ་བཞིན་གཤེགས་པའི་རིགས་ལའོ།། ་འབར་བའི་རང་བཞིན་རྡོ་རྗེ་རྩེ་བཞི་པ་རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེའི་རིགས་ལའོ།། པདྨའི་སྟེང་གི་དེ་བཞིན་གཤེགས་པའི་རྡོ་རྗེ་པདྨའི་རིགས་ལའོ།། རྡོ་རྗེ་ཕྱེད་པ་རྡོ་རྗེ། ་རིན་པོ་ཆེའི་ནོར་བུའི་ཁུ་ཚུར་གྱིས་ནོར་བུའི་རིགས་ལའོ།། དེ་ནས་རིགས་ཐམས་ཅད་རྟོག་པའི་གསང་བ་ཐོགས་པ་མེད་ཅིང་གདོན་མི་ཟ་བའི་དེ་ཁོ་ན་ཉིད་ཀྱི་བདེན་པ་མྱུར ་དུ་མཆོག་དངོས་གྲུབ་ཀྱི་ཆོ་ག་རྒྱས་པ་ཐམས་ཅད་བསྒྲུབ་པའི་རྒྱུད་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་དོན་ཡོད་ཅིང་ཐོགས་པ་མེད་པ་མྱུར་བ་མཆོག་གི་དངོས་གྲུབ ་ཅན་རྡོ་རྗེ་སེམས་དཔས་གསུང་སོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོ་ནི་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གོ།། གསང་བའི་ཕྱག་རྒྱ་ནི་སྙིང ་པོའོ།། ཐུགས་ཀྱི་ཕྱག་རྒྱ་ནི་ཉེ་བའི་སྙིང་པོའོ།། རྡོ་རྗེའི་ཕྱག་རྒྱ་ནི་རྡོ་རྗེ་བསྙེམས་མའོ།། དེ་ནས་ཕྲ་མོ་ལས་ཀྱི་ཕྱག་རྒྱའི་རྒྱུད་དོན་ཡོད་ཅིང་ཐོགས་པ་འདི་ཡིན་ཏེ། མ་མཆུའི ་སྒྲོས་སོ་རྣམས་ཀྱི་གཟུང་ནས་རྡོ་རྗེའི་ལྟ་བས་ལྟ་ཞིང་། ཐམས་ཅད་རྗེས་སུ་དྲན་ཆགས་པ་དང་། དབང་དུ་བྱེད་པ་དང་། རོལ་པ་དང་། བརྟན་པར་བྱེད་པའི་དངོས་གྲུབ ་སྐྲ་ཅིག་གིས་སོ་སོར་ཉམས་སུ་མྱོང་བ་ནི་རྡོ་རྗེ་སེམས་དཔའི་རིགས་ལའོ།། རྡོ་རྗེ་ཕྲ་མོ་བྱིན་གྱིས་བསླབས་ཏེ་དམ་ཚིག་ཙམ་དུ་ལྟ་བ་དེ་བཞིན་གཤེགས་པ་ཐམས་ཅད ་ཀྱི་ཚུལ་ཁྲིམས་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་། རྣམ་པར་གྲོལ་བ་དང་། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་དངོས་གྲུབ་ཐོབ་པར་འགྱུར་བ་ནི་དེ ་བཞིན་གཤེགས་པའི་རིགས་ལས་བྱུང་བའོ།། ཁྲོ་བཉེར་དང་བཅས་པའི་ཁྲོ་བོས་མི་བཟད་པའི་ལྟ་བ་བྱས་ནས་ཤིན་ཏུ་མ་མཁལ་བསྡམས་ནས་ཐམས་ཅད ་ལྟུང་བ་དང་། དབབ་པ་དང་། རེངས་པ་དང་། ཉལ་དུ་བཅུག་པ་དང་། རྒྱས་གདབ་པ་དང་། གསོད་པ་དང་། གཞན་གྱི་དཔུང་རྨུགས་པ་དང་། ཐམས་ཅད ་ཐམས་ཅད་ལས་རྣམ་པར་རྒྱལ་བའི་དངོས་གྲུབ་སྐ་ཅིག་མས་འབྱུང་བར་འགྱུར་བ་ནི་ཁྲོ་བའི་རྡོ་རྗེ་ཁུ་ཚུར་གྱིས་རིགས་ལའོ།། བཙུམས་པ་མེད་པར་བརྟེན་པའི་རྡོ་རྗེ་ལྟ་བས ་ཆུ་མཉམ་པ་ནི་སྒྲིབ་པ་ཐམས་ཅད་རྣམ་སྤོང་བ་དང་། བསྲུང་བ་དང་། ཏིང་ངེ་འཛིན་མངོན་དུ་གྱུར་པའི་དངོས་གྲུབ་བྱང་བ་ནི་པདྨའི་རིགས་ལའོ།། འབར་བའི་ལྟ་བས ་ཞལ་རྣམ་པར་བཞད་པས་དབང་སྦྱར་བ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་ཐམས་ཅད་དང་། མཆོད་པའི་ཆོ་ག་རྒྱས་པའི་དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར་རོ།། ་དེ་ནས་ཕྱག་རྒྱ་ཐམས་ཅད་བཅིང་བ་སྒྲུབ་པ་ནི།། ཉིན་རེ་སྔོན་དུ་ལན་གཅིག་ཏུ།། སྙིང་པོས་ལན་གཅིག་སྒྲུབ་པ་སྟེ།། རང་གིས་བཅིངས་ནས་མདོར་བསྡུས་པས།། ཕྱག ་རྒྱ་ཐམམས་ཅད་འགྲུབ་པར་འགྱུར་ཏེ།། དེ་ནས་ཕྱག་རྒྱ་ཐམས་ཅད་ཀྱི་གསང་བ་བསྒྲུབ་པ་ནི།། སྙིང་པོ་ཕྱག་རྒྱ་སྔགས་རིགས་པའི།། བསྒྲུབ་པ་དེ་ཉིད་རྨད་དུ་བྱུང་། ཅི་ནས ་ཅི་འདོད་བཟླས་པ་ཡིས།། ཉེ་བའི་སྙིང་པོ་གསང་བའོ།། རང་བཞིན་བསྒྲུབ་པ་དེ་བཞིན་དུ། བསོད་ནམས་མེད་པ་རྣམས་ལ་ཡང་།། དེངས་གྲུབ་ཀུན་ལ་འགྲུབ་པར་འགྱུར།། ་དཀྱིལ་འཁོར་མ་ཞུགས་པ་རྣམས་ལ།། སྙིང་པོ་མཆོག་འདི་སྦྱིན་མི་བྱ།། གསང་བའི་གསང་བའི་རྒྱུད་དམ་ནི།། གལ་ཏེ་དངོས་གྲུབ་ཡིད་འོང་འདོད།། གང་གི་ཁྱིམ་དུ་གནས ་གྱུར་པའི།། ཕྱག་རྒྱ་སྡུག་ནི་དགེ་བ་སྟེ།། གཞན་གྱིས་མི་ཐུབ་མི་སོང་ཅིང་།། དངོས་གྲུབ་ཐམས་ཅད་ཐོབ་པར་བྱེད།། སེམས་ཅན་ཐམས་ཅད ་བདེ་དོན་དང་།། བསྒྲུབ་པ་ཐམས་ཅད་བསྒྲུབ་པའི་ཕྱིར།། སྲས་བཅས་ཐམས་ཅད་ཀྱིས།། རྡོ་རྗེ་མཆོག་འཛིན་དེ་ལ་ཞུགས།། བདེ་བ་ཆེན་པོ་རབ་གྲུབ་དང་། ཆགས་པ ་ཆེན་པོ་རྣམ་དག་ཕྱིར།། རྟོག་པ་ཐམས་ཅད་བསྡུས་པའི་རྒྱུད།། སེམས་དཔའ་ཆེན་པོ་བཤད་དུ་གསོལ།། འདིར་ནི་རྟོག་པ་གང་ཞི་བ་བརྗོད།། སྙིང་པོ་ཞེས་ནི་གང་བཤད་པ། ་ཡེ་ཤེས་རྒྱུད་ནི་ཇི་ལྟར་ཡིན།། དཀྱིལ་འཁོར་ཞེས་ནི་བརྗོད་པ་ཅི།། དེར་འཇུག་ཡོན་ཏན་ཅི་དང་ལྡན།། རིགས་ཀྱི་འཁོར་ལོའི་ཁྱད་པར་དང་།། གཞན་ཡང་བསྒྲུབ་པ་ཇི ་ལྟ་བུ།། རྡོ་རྗེ་སེམས་དཔའ་སེམས་དཔའ་ཉིད།། འདི་ཡང་ཇི་ལྟར་དེ་ཉིད་གང་།། ཐོག་མ་ཐ་མ་དེ་ཉིད་དང་།། རབ་ཏུ་དགའ་བའི་ཇི་ལྟར་འགྱུར། དང་པོའི་སྙིང་པོ་འདི ་ཡི་ནི།། དེ་བཞིན་ཉིད་ནི་གང་ཞིག་ཡིན།། ཧཱུ~ཾ་གི་ཀཱ་ནི་གང་གིས་གསུངས།། འདི་ཡི་དོན་ནི་ཇི་ལྟར་བརྗོད།། སེམས་ནི་རྡོ་རྗེ་ཉིད་དང་ནི།། དེ་བཞིན་ཕྱག་ན་རྡོ་རྗེ་ཉིད།། སངས ་རྒྱས་རྣམས་ནི་འབྱུང་བ་ཉིད།། རིགས་རྣམས་ཀྱང་ནི་དེ་བཞིན་དུ།། སངས་རྒྱས་བྱང་ཆུབ་བསྒྲུབ་པ་དང་།། སངས་རྒྱས་བདུད་ཏུ་ཇི་ལྟར་འགྱུར།། རྟོག་པ་རྣམས་ཀྱང་བསྒྲུབ ་པ་དང་།། དང་པོའི་སྙིང་པོ་དེ་ཉིད་དང་།། སྙིང་པོ་ཕྱག་རྒྱ་སྔགས་རིགས་པ།། བསྒྲུབ་པ་དེ་བཞིན་དངོས་གྲུབ་རྣམས། བསོད་ནམས་ཡོད་པས་ཇི་ལྟར་འབྲག། སློབ་དཔོན་ཉིད་དུ་ཇི ་ལྟར་འགྱུར།། མེ་ཏོག་སྤོས་དང་མར་མེ་དང་།། དྲི་རྣམས་རྣམ་ཅི་ཡིན་ཇི་ལྟར་འགྱུར།། མཆོད་པ་ཡང་ནི་ཇི་ལྟར་བྱ།། གསང་བའི་མཆོད་པ་ཇི་ལྟར་ཡིན།། ཀུན་བྱེད་ཀུན་ཟ་སྡིག་པ ་ཅན།། ཤིན་ཏུ་སྡིག་པ་ཇི་ལྟར་འགྲུབ།། དོན་ཡོད་ཐོག་མེད་དངོས་གྲུབ་ཀྱིས།། དེ་རྣམས་ཇི་ལྟར་འགྲུབ་པར་འགྱུར།། གསང་བ་དེ་ཡང་གང་ཞིག་ཡིན།། དེ་ཉིད་དུ་ནི་གང་གིས ་འགྲུབ།། བདེ་བ་ཆེན་པོར་རབ་བསྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། གསང་བའི་དེ་ཉིད་གསང་བ་ནི།། བདག་ཅིག་རྣམ་ལ་ཀུན་བཤེད་གསོལ།། དེ་ནས་བཅོམ ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པའི་ཚིག་གསན་ནས། ཞལ་རབ་ཏུ་བཤད་པ་ཆེན་པོའི་དམ་ཚིག་ཆེན་པོ་ཐམས ་ཅད་ཀྱི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་ཞེས་བྱ་བའི་རྣམ་པར་གནོན་པར་མཛད་ནས།། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མ་འདི་གསུངསོ།། དེ་ལ་རྣམ་པར་མི་རྟོག་པ་རྟོག་པ་ཁྱབ་པའི་རྒྱུད་ནི། ་རྣམ་རྟོག་མེད་པའི་ཏིང་ངེ་འཛིན་ལས། སེམས་ཅན་དོན་ནི་ཡོངས་སུ་བརྟག།། དེ་ནས་རྟོག་པ་བཤད་པ་སྟེ།། རྟོག་པ་ཡོངས་སུ་དག་ཕྱིར་རོ།། དེ་ལ་བདེ་བ་ཆེན་པོ་རྡོ་རྫོགས ་བའི་དཀྱིལ་འཁོར་གྱི་རྒྱུད་ནི་འདི་ཡིན་ཏེ།། ས་ལ་ཡི་གེའི་གནས་བྲི་ནས།། བདེ་བ་ཆེན་པོ་ཞེས་བརྗོད་པ།། དེའི་དམ་ཚིག་རྡོ་རྗེ་སྟེ།། སྙིང་པོ ་ཐམས་ཅད་བསྒྲུབ་བྱེད་པའོ།། དེ་ལ་དཀྱིལ་འཁོར་གྱི་བཤད་པའི་རྒྱུད་ནི།། ཇི་ལྟར་གནས་དང་ཇི་ལྟར་དུས།། ཇི་ལྟར་འཇིག་རྟེན་ཇི་ལྟ་བུ།། འཁོར་ནི་དགོད་པར་བྱ་བ ་སྟེ།། དེ་ལྟ་བུ་ཡི་དཀྱིལ་འཁོར་བྲི།། དེ་ནས་དཀྱིལ་འཁོར་ཐམས་ཅད་དུ་ཞུགས་པའི་རྣམ་པར་སྨིན་པའི་རྒྱུད་ནི།། རྡོ་རྗེ་སེམས་དཔའ་སེམས་དཔའི་འཁོར་བཅས་དེ་ཆེད་དཀྱི ་འཁོར་དུ།། ཞུགས་པའི་བསོད་ནམས་ཅི་འདྲ་བར།། དེ་ལྟར་བྲིས་པ་འདི་དེ་དང་འདྲ།། དེ་ནས་རིགས་ཐམས་ཅད་ཀྱི་འཁོར་ལོའི་ཁྱད་པར་གྱི་རྒྱུད་ནི།། རྡོ་རྗེ་འཁོར་ལོ ་བསྟན་པ་བཞིན།། ལྕགས་ཀྱི་འཁོར་ལོ་དམ་པ་སྟེ།། འབར་བའི་འཁོར་ལོ་དེ་བཞིན་དུ།། པད་མ་འདབ་བརྒྱད་ནོར་བུ་ཆེ།། དེ་ནས་དཀྱིལ་འཁོར་ཐམས་ཅད་བསྒྲུབ ་པའི་རྒྱུད་ནི།། དཀྱིལ་འཁོར་བརྟགས་པར་བྱས་ནས་ནི།། ནང་གི་རིམ་པ་ཞགས་བྱས་ཏེ།། དཀྱིལ་འཁོར་དག་ལ་ཛ་ཧཱུཾ་བཾ་ཧོ།། པྲ་སིདྡྷ་མཾ་བརྗོད་བྱ།། དེ་ནས་རྡོ་རྗེ་སེམས ་དཔའ་ཉིད་རྒྱུད་ནི།། སངས་རྒྱས་ལ་སོགས་འགྲོ་ཀུན་གྱི།། ཐམས་ཅད་བདག་ཉིད་བཅོམ་ལྡན་མཆོག། སེམས་ཅན་འབྱུང་ཕྱིར་སེམས་དཔའ་སྟེ།། རྡོ་རྗེ་སེམས་དཔའ ་རབ་ཏུ་གྲགས།། དེ་ཁོ་ནའི་དམ་ཚིག་ཆེན་པོ་དེ་ཁོ་ན་ཉིད་བཤད་པའི་རྒྱུད་ནི།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། འཁོར་བ་མྱ ་ངན་འདས་དེ་བཞིན།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད་དེ་ནས་ཐོག་མ་ཐ་མ་མེད་པའི་དེ་ཁོ་ན་ཉིད་བཤད་པའི་རྒྱུད་དོ།། ཐོག་མཐའ་མེད་པའི་ཛད་ནི། ནམ་མཁའ་འབྱུང་བ ་ཆེན་པོའི་གནས།། ནམ་མཁའ་སྐྱེ་བ་སྐྱེ་བ་མེད།། རྡོ་རྗེ་སེམས་དཔའ་དེ་བཞིན་ནོ།། དེ་ནས་བཅོམ་ལྡན་འདས་ཀྱི་རབ་ཏུ་དགའ་བའི་བཤད་པའི་རྒྱུད་ནི།། རབ་ཏུ་དགའ ་ཕྱིར་ཉོན་མོངས་ཏེ།། འགྲོ་བ་ཐམས་བདེ་འདོད་པ།། དེ་ལ་བདེ་བ་རྣམ་དག་ཕྱིར།། སྲིད་གསུམ་ལྔ་རོལ་བཅོམ་ལྡན་འབྱུང་།། དེ་ནས་པོའི་དེ་ཁོ་ན་ཉིད་བཤད་པའི ་རྒྱུད་ནི།། ཆགས་པ་ཀུན་ལས་ཆགས་ཆེ།། འདོད་ལྡན་ཐམས་ཅད་སད་པར་བྱེད།། ཆགས་པ་འབར་བ་དྲི་ཟ་བ།། སྙིང་པོ་ཕྱག་ན་རྡོ་རྗེ་ཡི།། དེ་ནས་ཡི་གེ་ཧཱུཾ་གིས་བླ ་བླངས་པའི་རྒྱུད་ནི།། ཀུན་ལས་ཆགས་པ་དགའ་ལས་འདོད།། རབ་ཏུ་དགའ་ལས་ཐམས་ཅད་འབྱུང་།། ཐམས་ཅད་འབྱུང་བར་གྲུབ་པའི་ཕྱིར།། བསྐལ་པ་དང ་པོར་བཅོམ་ལྡན་གསུང་།། དེ་ནས་ཡི་གེ་ཧཱུཾ་གིས་བཟླས་པའི་དོན་གྱི་བཤད་པའི་རྒྱུད་ནི།། མྱུར་དུ་ཐམས་ཅད་རྗེས་ཆགས་པས།། དངོས་གྲུབ་ཐམས་ཅད་རྗེས་སུ་ཆག། ་རྗེས་སུ་ཆགས་པར་བྱེད་མཆོག་ནི།། སྙིང་པོ་བཟླས་པའི་དོན་ཡིན་ནོ།། དེ་ནས་རྡོ་རྗེ་སེམས་དཔའི་རྒྱུད་ནི།། ཀླུ་རྣམས་ཇི་ལྟར་ཁྲོ་བ་ནི། ་བསྡུས་ནས་ཀུན་ཏུ་འཇུག་པ་ནི།། རྡོ་རྗེ་ཐིག་ནི་བརྟན་གྱུར་པ།། དེ་བཞིན་རྡོ་རྗེ་བསྡུས་པའོ།། དེ་ནས་རྡོ་རྗེ་སེམས་དཔའ་འབྱུང་བའི་རྒྱུད་ནི།། ཐམས་ཅད་བདག་ཉིད་སེམས་དཔའ་ནི། ་བདག་གི་བདག་ཉིད་ལ་ཡང་གནས།། རྡོ་རྗེ་སེམས་དཔའ་དངོས་སུ་འདིར།། མྱུར་དུ་ཐམས་ཅད་ལ་ཡང་ཞགས།། དེ་ནས་དེ་བཞིན་གཤེགས་པ་འབྱུང་བ་ཤེས་པའི་རྒྱུད་ནི།། འདོད་ལ ་ཆགས་པ་དགའ་བ་བདེ།། དགེ་ལས་སྡིག་པ་སྡིག་ལས་སྡུག། སྡིག་ལས་ཏིང་ངེ་འཛིན་དུ་བརྟན།། རྡོ་རྗེ་ཉིད་ལས་སངས་རྒྱས་འབྱུང་།། དེ་ནས་དེ་བཞིན་གཤེགས་པའི་རིགས་ལ་སོག ་པ་འབྱུང་བ་ཤེས་པའི་རྒྱུད་ནི།། དེ་བཞིན་གཤེགས་པའི་རིག་དེ་ཉིད།། དེ་ཉིད་རྡོ་རྗེ་རིགས་ཆེན་པོ།། དེ་ཉིད་པདྨའི་རིགས་དག་པོ།། དེ་ཉིད་ནོར་བུའི་རིགས་མཆོག་བཤད།། དེ་ནས ་སེམས་མངོན་པར་བྱང་ཆུབ་པ་ཤེས་པའི་རྒྱུད་ནི།། རང་སེམས་སོ་སོར་རྟོགས་པ་ནི།། བྱང་ཆུབ་སེམས་ནི་ཡང་དག་བྱུང་།། རྡོ་རྗེ་ཉིད་ཕྱིར་སངས་རྒྱས་ཉིད།། བདག་ཉིད་སངས་རྒྱས ་རབ་ཏུ་བསྒོམ།། དེ་ནས་དེ་བཞིན་གཤེགས་པ་བདུད་ཉིད་དུ་ཤེས་པའི་རྒྱུད་ནི།། རང་སེམས་ཉིད་ནི་བདུད་ཡིན་ཏེ།། སེམས་ཉིད་དེ་བཞིན་གཤེགས་པ་ཡིན།། རང་གི་སེམས་ནི་གདུལ ་བའི་ཕྱིར།། སངས་རྒྱས་བདུད་ཉིད་དུ་ནི་འགྱུར།། དེ་ནས་རྟོག་པ་ཐམས་ཅད་ཀྱི་བསྒྲུབ་པ་ཤེས་པའི་རྒྱུད་ནི།། རྟོག་པ་ཀུན་ལས་བསྒྲུབ་བྱ་བ།། རྒྱུ་བ་དང་ནི་མི་རྒྱུ་བ།། རང་གི་ལྷ་ཡི།། ་རྣལ་འབྱོར་གྱིས།། དེ་དག་ཐམས་བསྒྲུབ་པ་བྱ།། དེ་ནས་དང་པའི་སྙིང་པོ་བསྒྲུབ་པ་ཤེས་པའི་རྒྱུད་ནི།། བཟླས་པའི་དོན་ཤེས་ནུས་པ་ཡིས།། རྡོ་རྗེ་སེམས་དཔའ་རབ་བསྒྲུབ་སྟེ།། ། ་ཇི་སྲིད་འདོད་པའི་བཟླས་པ་མཆོག། དངོས་གྲུབ་ཆེན་པོའི་བདེ་བ་སྟེར།། དེ་ནས་སྙིང་པོ་དང་།། ཕྱག་རྒྱ་དང་། སྔགས་དང་། རིགས་པ་བསྒྲུབ་པ་ཤེས་པའི་རྒྱུད་ནི། སེམས ་དཔའ་གང་གི་སྙིང་པོ་དང་།། ཕྱག་རྒྱ་སྔགས་དང་རིག་པ་དང་།། བཟླས་པའི་དོན་དུ་སེམས་དཔའ་ཆེ།། བདག་ཉིད་དམ་ནི་རབ་བསྒྲུབ་བྱ།། དེ་ནས་དངོས་གྲུབ་ཤེས་པའི་རྒྱུད་ནི། ་རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ།། དེ་བཞིན་དེ་བཞིན་གཤེགས་ཀུན་གྱི།། རྡོ་རྗེ་བྱང་ཆུབ་སེམས་དཔའ་ཉིད།། ལས་ཀུན་མཆོག་གི་དངོས་གྲུབ་ཕྱིར།། དེ་ནས་བསོད་ནམས་མེད ་པ་རྣམས་ཀྱི་བསྒྲུབ་པ་ཤེས་པ་རྒྱུད་ནི།། ཅི་འདོད་འཁོར་ལོ་བྲིས་ནས་ནི།། ཅི་ཡང་རུང་བ་འམ་ཐལ་བས་ཀྱང་།། སེམས་དཔའ་ཆེན་པོ་དེར་བཞག་ནས།། ཉིན་ཞག་བཞིར་ནི ་བསྒྲུབ་པར་བྱ།། དེ་ནས་སློབ་དཔོན་ཉིད་ཀྱི་བསྒྲུབ་པ་ཤེས་པའི་རྒྱུད་ནི།། བདེ་བ་ཆེན་པོ་རྡོ་རྗེའོ།། གསང་མཆོག་དམ་ཚིག་གྲོང་ཁྱེར་དུ།། ཇི་བཞིན་རང་ཉིད་རཞུགས་ཏེ། ་བདུད་རྩིའི་ཆུ་ཡིས་དབང་བསྐུར་བྱ།། དེ་ནས་མེ་ཏོག་ལ་སོགས་པའི་མཆོད་པ་ཕུལ་ཤེས་པའི་རྒྱུད་ནི།། རྡོ་རྗེ་ཅན་ལ་མཆོད་པ་ཀུན།། དེ་བཞིན ་གཤེགས་པའི་རིགས་ལ་དཀར།། རྡོ་རྗེ་བདག་ཉིད་ནག་པོ་སྟེ།། དམར་པོ་པདྨ་ནོར་བུ་སེར།། དེ་ནས་དབུལ་བ་ཤེས་པའི་རྒྱུད་ནི།། རྫོགས་པ་འམ་ནི་མ་ཚང་པ།། ཡང་ན་ཇི་ལྟར ་རྙེད་པ་ནི།། རྡོ་རྗེ་གར་སོགས་མཆོད་པ་ཡིས།། རྟག་ཏུ་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་དུས་ཀྱི་མཆོད་པ་ཤེས་པའི་རྒྱུད་ནི།། དྲུག་ལྡན་ལ་སོགས་སྙན་པའི་གླུ།། གླུ་ནི ་ཐམས་ཅད་ཅི་འདོད་པས།། རྡོ་རྗེ་དཔྱིད་མ་ལ་སོགས་དགྲོལ།། མཆོད་པ་དག་ནི་རབ་ཏུ་བྱ།། དེ་ནས་གསང་བའི་མཆོད་པ་ཤེས་པའི་རྒྱུད་ནི།། རྡོ་རྗེ་གར་བཅས་མཆོད་པ་རྣམ། ་གོ་རིམས་ཇི་ལྟ་བཞིན་དུ།། བཟླས་པ་དོན་གྱི་མ་བརྗོད་ཀྱང་།། མཆོག་གི་གྲབ་པ་ཐོབ་པར་འགྱུར།། དེ་ནས་སྡིག་པ་ཆེན་པོ་བྱེད་པའང་ཤེས་པའི་རྒྱུད་ནི།། དཀྱིལ་འཁོར་ལ ་ནི་མ་ཞུགས་ཀྱང་།། ཚུལ་ཁྲིམས་འཆལ་བ་ལགས་པ།། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ནི།། སྡིག་པ་ཀུན་ལས་གྲོལ་བར་འགྱུར།། དེ་ནས་དངོས་གྲུབ་མི་ཐོབ་པའི་རྒྱུ་ཤེས ་པའི་རྒྱུད་ནི།། ཆགས་ལ་སྨད་པར་མི་བྱ་སྟེ།། རྣམ་དག་དེ་བཞིན་བདེ་བ་སྟེར།། བཅོམ་ལྡན་འདས་ཀྱང་ཆགས་པ་ཆེ།། འདི་མ་དག་པས་གྲུབ་མི་འགྱུར།། དེ་ནས ་མཆོག་གི་དངོས་གྲུབ་ཤེས་པའི་རྒྱུད་ནི།། ཇི་བཞིན་ཡུལ་དང་ལྡན་གྱུར་ནས། མཆོག་གི་དངོས་གྲུབ་བསྒྲུབ་པར་བྱ།། རྟོག་པ་ཀུན་ལས་རྣལ་རྣལ་འབྱོར་འདི ་ཚེ་འདི་ཉིད་ལ་བསྒྲུབ་པར་བྱེད།། བདེ་བ་ཆེན་པོ་རྟོག་པའི་རྒྱལ་པོ་ལས་རྟོག་པ་ཐམས་ཅད་ཀྱི་རྒྱུད་ཕྱི་མིའི་ཆོ་ག་རྒྱས་པའོ།། དེ་ནས་བཅོམ་ལྡན་འདས་རྟག་པ་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསང་བ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་རྡོ་རྗེ་རིན་པོ་ཆེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་གཟིག ་པའི་ཡེ་ཤེས་ཀྱི་དབང་ཕྱུག་གི་རྡོ་རྗེ་པད་མ།། དེ་བཞིན་གཤེགས་པ་ཅད་ཀྱི་སྣ་ཚོགས་པའི་མཛད་པ་འཕྲིན་ལས་དམ་པའི་ཆོ་ག་རྒྱས་པའི་རྡོ་རྗེ་ཐམས་ཅད་ལ་ཁྱབ ་པ་མ་ལུས་ཤིང་ལུས་པ་མེད་པའི་རྡོ་རྗེ་ཁམས་རྟག་པའི་ཆོ་ག་རྒྱས་པ་ན་མཁའི་ཁམས་མཐར་ཐུག་པར་ཆོས་ཀྱི་དབྱིངས་སྤྲོས་པ་ཐམས་ཅད་ཁྱབ་པའི་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་འཁོར་ལོ་མངོན་པར་མཁྱེན་པར་མཛད་ནས། དང་པོའི་སྙིང་པོ་གསང་བའི་དེ་ཁོ་ན་ཉིད་ཀྱི་རྡོ་རྗེ་བསྒྲུབ་པའི་རྒྱུད་འདི་གསུངས་སོ།། ་ཇི་སྲིད་འཁོར་བའི་གནས་ལ་བཞུགས།། ཇི་སྲིད་ཐམས་ཅད་གདོན་པར་མཛད།། མྱ་ངན་འདས་བཞུགས་གཟི་བརྗེ་ཅན། སིམ་ཅན་དོན་ནི་ནུས་པ་ཡིན།། དེ་ཕྱིར ་སེམས་དཔའ་དམ་པ་རྣམས།། འཁོར་བ་སྲིད་དུ་འཁོར་བྱ་ཞུགས།། སེམས་ཅན་དོན་ནི་མངོན་པར་ཞེན།། ཐམས་ཅད་དག་པའི་མཆོག་བཅོས ་ཅན།། དེ་བཞིན་གཤེགས་པས་མི་འདུལ་བས།། སེམས་ཅན་དོན་ནི་མི་མཛད་དེ།། འདིར་ནི་རབ་བྲང་དངོས་གྲུབ་མཆོག། དུས་ཀུན་དུ་ནི་ཐམས་ཅད་དུ།། རྡོ་རྗེ་འཆང་ཆེན་ལ་སོག ་པ།། ཇི་ལྟར་བསོད་ནམས་རྣམ་སྨིན་གྱིས།། ཀུན་ལ་མཐོང་བ་ལ་སོགས་ཀྱིས།། རང་གིས་ལས་ཀྱི་མཛད་མི་སྤོད།། དཀྱིལ་འཁོར་ལ་ནི་མ་ཞགས་ཀྱང་།། ཤིན་དུ་མཐོང ་བ་ལ་སོགས་ཀྱིས།། སེམས་ཅན་ཐམས་ཅད་རབ་བརྩལ་མཛད།། ཀུན་ནས་དུས་ཀན་ཐམས་ཅད་ལ།། དངོས་གྲུབ་ཐམས་ཅད་རབ་བརྩེལ་འགྱུར།། རྒྱལ་པོ་རྡོ་རྗེ ་འཆང་ཆེན་པོ།། སྲིད་པའི་དབང་ཕྱུག་ཀུན་གྱི་གཙོ།། དེ་ཕྱིར་བསྒྲུབ་བྱི་འདི་བཤད་བྱ།། དངོས་གྲུབ་ཤིན་ཏུ་བརྟག་པའོ།། གང་གིས་སྲིད་པ་འདི་ཉིད་དུ།། ཤིན་ཏུ་བརྟག ་པའི་དངོས་གྲུབ་ཐོབ།། ལུགས་མ་འམ་ནི་བརྡུང་མ་འམ།། རི་མོ་བྲིས་པའང་འདུས་བྱས་པའི།། ཕྱག་ན་རྡོ་རྗེ་སྐུ་གཟུགས་ནི།། ཇི་བཞིན་བཤད་པར་རབ་བཞག་བྱ།། བདེ ་པ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་གི་དེ་ཁོ་ན་ཉིད་བསྒྲུབ་པ་དངོས་གྲུབ་ཀྱི་ཆོ་ག་རྒྱས་པའོ།། ། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཕྱག་རྒྱ་ཡེ་ཤེས་ཀྱི་སླར་ཡང་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་དངོས་གྲུབ་ཀྱི་རྒྱུད་འདི་གསུངསོ།། ཉིན་རེར་སྔ་རོལ་དུས་ཇི་བཞིན།། དང་པོའི་རྡོ་རྗེ་བདེ་བ་ཆེ།། འདིས་ནི ་རྟག་པ་ཐམས་ཅད་ལ།། ཕྱག་རྒྱ་ཐམས་ཅད་མདོར་བསྡུས་པའོ།། དམ་ཚིག་ཡང་བཅིངས་ནས་འགྲུབ།། ཕྱི་ནས་མ་བསྒྲུབས་ཀྱང་བསྒྲུབ་འགྱུར། དེ་ནས་བཅོམ་ལྡན་འདས ་ཀྱིས་རྡོ་རྗེ་ཆོས་ཀྱི་དེ་ཁོ་ན་ཉིད་ཀྱི་གསང་བའི་སྔགས་འདི་གསུང་སོ།། ལངས་པ་འམ་ནི་འདུག་པ་འམ།། གང་ན་དེར་ནི་གནས་པ་འམ།། ཐམས་ཅད་རྗེས་ཆགས་རྣལ་འབྱོར་གྱིས། ་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་གསང་བའི་དེ་ཁོ་ན་ཉིད་ཀྱི་རྒྱུད་འདི་གསུང་སོ།། གསང་བ་གར་མཆོག་མཆོད་པ་ནི།། ཡང་ན ་མཆོད་པ་ཅི་བདེ་བར།། བྱས་ཏེ་མགོན་པོ་བསྒྲུབ་བྱས་ན།། མཆོག་གི་དངོས་གྲུབ་མྱུར་དུ་ཐོབ།། དེ་ནས་རང་གི་ཕྱག་རྒྱས་བདག་ཉིད་བསྒྲུབ་པའི་རྒྱུད་ནི།། ཕྱག་རྒྱ་ཆེན་པོ་མཉམ ་བཞག་སྟེ།། རང་གི་སྙིང་པོ་ལན་ཅིག་བསྒྲུབ།། བརྟན་ཞིང་ཤིན་ཏུ་དགས་བསྐུལ་ཆགས།། ཤིན་ཏུ་དགས་གྲུ་འགྱུར་བདག་པོ་གྲུབ།། དེ་ནས་ཡི་གེ་ཧཱི་བི་གླུ་བླངས་པ་གྲུབ་པའི་རྒྱུད་ནི། ་རི་བྷི་དང་སོ་རྐྱེར་དང་ལྡན།། ཅི་ནུས་པ་དང་ཅི་འདོད་པ།། དྲི་ཟ་དང་པོ་བླངས་ནས་ནི།། ཡི་གེ་ཧཱུཾ་གིས་གྲུབ་པར་འགྱུར།། ཞེས་བྱ་བ་བཅོམ་ལྡན་འདས་ཆགས་པ་ཆེན་པོའི་རྡོ་རྗེ་སེམ ་@དཔའ་རྡོ་རྗེ་འཆང་ཆེན་པོས་གསུང་སོ།། དེ་ཁོ་ན་ཉིད་ཆེན་པོའི་གསང་བའི་དངོས་གྲུབ་བསྒྲུབ་པའི་རྒྱུད་ནི། དེ་ནས་རྟོག་པ་ཐམས་ཅད་ཀྱི་ལས་ཀྱི་ཕྱག་རྒྱ ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་ཐོག་མ་ཐ་མ་མེད་པའི་འཕྲིན་ལས་ཅན་གྱི་རྡོ་རྗེ་སེམས་དཔའ་གསུངསོ།། ཤིན་ཏུ་རིང་བའི་ཚེ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཆོས་སོ།། ་ཤིན་ཏུ་གཞོན་པའི་ན་ཚོད་འཕེལ་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་བཅུད་ཀྱིས་ལེན་གྱིས་སོ།། གཟུགས་ཆེན་པོ་དང་གཟི་བརྗིད་ཆེན་པོ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་གཟུགས་ཀྱི་གཟི་བརྗིད ་ཀྱིས་སོ།། འདུ་བྱེད་ཆེན་པོ་འཕེལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་འདུ་བྱེད་ཀྱིས་སོ།། ཕྱོགས་ཐམས་ཅད་དང་འཚམས་དང་དཀྱིལ་འཁོར་བཅིང་བ་ནི་བདེ་བ་ཆེན་པོ་རྡོ་རྗེ་བསྐོར་བ་སྟེ། ་ཐམས་ཅད་རྡོ་རྗེ་ཆེན་པོའི་ངོ་བོ་ཉིད་ཁོ་བོའི་རྒྱལ་པོ་ཆེན་པོས་རྡོ་རྗེས་ཀྱང་འཇུག་པར་མི་ནུས་ཤིང་མི་བྱེད་པར་འགྱུར་རོ།། སྲིད་པ་ཐམས་ཅད་བསྲུང་བ་ནི་བདེ། བློའི་རྡོ་རྗེ་བྱིན་གྱིས་བརླབས ་པས་སོ།། བདག་ཉིད་ཀྱིས་དངོས་པོ་ཐམས་ཅད་དམ་གཞན་དག་རྡོ་རྗེ་བྱེད་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་གོ་ཆས་སོ།། མཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བ་ནི་བློ་ཆེན་པོའི་རྡོ་རྗེ་རྒྱལ་མཚན ་མཆོག་གི་དཔུང་བརྒྱན་གྱིས་སོ།། འཐབ་མོ་བསྲུང་བའི་བདེ་བ་ཆེན་པོ་རྡོ་རྗེ་གཞན་གྱིས་མི་ཐུབ་པསོ།། གཞན་གྱིས་དཔུང་ཐམས་ཅད་གཞིག་པ་ནི།། བདེ་བ་ཆེན་པོའི་འཇིག་པར ་བདེ་བ་ཆེན་པོའི་འཇིག་པར་བྱེད་པ་སོ།། གཞན་གྱིས་དཔུང་ཉམས་པ་དང་ལྡང་བ་དང་།། རྒྱས་གདབ་པ་དང་།། ལྟུང་བ་དང་།། གསོད་པ་དང་ནི་བདེ་བ་ཆེན་པོའི་རྡོ་རྗེའི་གློག ་བསྐོར་བས་སོ།། རིམས་ཐམས་ཅད་ལ་སོགས་པའི་ནད་ཐམས་ཅད་དང་།། ནད་ཆེན་པོ་བཞིལ་བ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ལྟ་བས་འཕྲོས་པ་སོ།། དག་ཐམས་ཅད་གཞིག་པ་དང་།། ་དུག་མེད་པར་བྱ་བ་ནི་མདེ་བདེ་བ་ཆེན་པོའི་རྡོ་རྗེ་ལྟ་བས་འཕྲོག་པསོ།། གདོན་ཐམས་ཅད་ལས་སྒྲོལ་བ་ནི་བདེ་བ་ཆེན་པོ་འབྱུང་པོ་བསྐྲད་པས་སོ།། མ་མོ་དང་མཁའ་འགྲོ་མ་དང་། ་གདོན་ཐམས་ཅད་གྲོལ་བ་ཆེན་པོ་དང་། གཞོམ་པ་དང་། སྙིང་གཞན་དུ་དབྱུང་བ་དང་། ཤི་བ་གསོ་བ་དང་། ཚེ་འཕེལ་བ་དང་། ཤིན་ཏུ་བསྲུང་བ་རྣམས་ནི་བདེ་བ་ཆེན་པོ་རྡོ་རྗེ་ཕྱག ་རྒྱའི་ལན་གྱིས་སོ།། ཐམས་ཅད་དབབ་པ་དང་། གསོ་བ་དང་། བཅིང་བ་དང་། གར་བྱེད་དུ་གཞག་པ་དང་། བླ་ལེན་དུ་བཞུག་པ་དང་། སྔར་མ་བྱང་བ་སོ་སོར་བསྟན་པ་དང་། ་སྨད་དུ་བྱང་བ་དང་། ཆོ་འཕྲུལ་བསྟན་པ་དང་། བདེན་པ་ཐམས་ཅད་སླར་བཞུག་པ་དང་། བཀྲོལ་པ་དང་། བསྲུང་བ་དང་། སོས་སུ་བཅུག་པ་པ་རྣམས་ནི་བདེ་བ་ཆེན་པོ་རྡོ་རྗེ་ཕྱག ་རྒྱའི་ལན་གྱིས་སོ།། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་ལ་ཡིད་ཀྱིས་འདོད་པའི་ཕྲ་དབབ་ཐམས་ཅད་གྲུབ་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཕྲ་དབབ་པས་སོ།། རང་གི་ལུས་དང་། ངག་དང ་ཡིད་རྡོ་རྗེ་མཐོང་བ་དང་།། ཐོས་པ་དང་། སྨྲ་བ་དང་། སྟོན་པའི་ཤེས་པ་གྲུབ་པ་ནི་བདེ་བ་ཆེན་པོའི་རྡོ་རྗེའི་བདག་ཉིད་བསྒོམ་པསོ།། ཐམ། ་ཅད་ལས་འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བ་བཀའ་ཤེས་མཐོང་བའི་ཡི་གེ་སྣ་ཚོགས་པ་འམ། དངོས་པོ་ཐམས་ཅད་ཀྱིས་རྣ་བའི་ཤེས་པ་རབ་དུ་བསྒྲུབ ་པ་འཇུག་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་ཐམས་ཅད་མཁྱེན་པསོ།། གློག་དང་། ཆར་དང་། ཐོབ་ཐམས་ཅད་བཟློག་པ་དང་། སྤྲིན་གཞིག་པ་ནི་བདེ་བ་ཆེན་པོ་རྡོ་རྗེ་ཁྲོ་བོའི ་བལྟ་བསོ།། སའི་འོག་ཐམས་ཅད་ལས་སྔར་མ་བྱུང་བའི་འབྲུ་ལ་སོགས་པའི་འབྲུས་འབྱུང་བ་དང་།། ཉེ་བར་ལེན་པ་དང་། ཆུ་མེད་པའི་གནས་ལས་ཆུའི་དངོས་པོ ་འབྱུང་བ་དང་། ཉེ་བར་ལེན་པ་དང་། མུན་པ་ཆེན་པོར་སྣང་བ་ཆེན་པོ་བསྐྱེད་པ་དང་། ཉེ་བར་ལེན་པ་དང་། རླུང་ཐམས་ཅད་ལས་བཀའ་བསྒོ་བ་དང་། ཉེ་བར་ལེན་པ ་དང་། ན་མཁའ་ཐམས་ཅད་ལས་ཡིད་ཀྱིས་འདོད་པའི་དངོས་པོ་ཐམས་ཅད་མཐོང་བ་དང་། ཉེ་བར་ལེན་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་སོ།། ་ཐམས་ཅད་གཞོམ་པ་དང་། རེངས་པར་བྱེད་པ་དང་།། དྲལ་བ་དང་། རྨུགས་པ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་གདབ་པ་དང་། ལྟུང་བ་དང་། རྨོངས་པ་དང་། ་བསད་པ་དང་། ཕྱིར་ལྡོག་པ་ནི་བདེ་བ་ཆེན་པོའི་གདུག་པའི་རྡོ་རྗེ་ཕྱག་རྒྱས་སོ།། ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། གཞུག་པ་དང་། དབབ་པ་དང་། བཅིང་བ ་དང་།། བསྐྲད་པ་དང་།། དྲལ་བ་དང་།། ལྟུང་བ་དང་། ལྟུང་བ་གླང་བ་དང་། འདྲེན་པ་དང་།། བྲན་དུ་བྱེད་པ་དང་།། མངག་བཞག་བཀའ་བསྒོ་བ་བྱེད་པ་དང་།། ཐམས་ཅད ་ཚུར་དྲང་བ་དང་།། ཕར་བཏང་བ་དང་།། བསད་པ་དང་།། སླར་གསོ་བ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་དང་།། དབང་དུ་བྱེད་པའི་བསྒྲུབ་པ་ནི་བདེ་བ་ཆེན་པོ ་རྡོ་རྗེ་ཐམས་ཅད་གྲུབ་པས་སོ།། རིགས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ལ་སོགས་པའི་མཆོག་གི་དངོས་གྲུབ་ཐམས་ཅད་དང་།། མཆོག་གི་དབང་བསྐུར་བ་ལ་སོགས ་པ་ཐམས་ཅད་དང་།། ཕུན་སུམ་ཆོག་པ་ཐམས་ཅད་དང་།། ཐམས་ཅད་རྗེས་ཆགས་པ་ལ་སོགས་པའི་བདེ་བ་དང་།། ཡིད་བདེ་བ་ཐམས་ཅད་རབ་ཏུ་བཞགས་པ་དང་།། ་མཆོད་པ་ཆེན་པོ་ལ་སོགས་པའི་ལས་ཐཾད་མྱུར་དུ་བསྒྲུབ་པའི་ཆོ་ག་རྒྱས་པ་ནི་བདེ་བ་ཆེན་པོའི་རྡོ་རྗེ་མཆོག་གི་དངོས་གྲུབ་ཀྱིས་སོ།། དེ་ལ་བདེ་བ་ཆེན་པོ་རྡོ་རྗེ་གསང་བའི ་དམ་ཚིག་གི་དངོས་པོའི་མཆོག་གི་དམ་ཚིག་གི་ལས་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ།། བདེ་བ་ཆེན་པོ་རྡོ་རྗེ་ནི་རྡོ་རྗེ་སེམས་དཔའི་ཚེ་སྟེར་བའོ།། འདིའི་ལས་ཀྱི་ཕྱག་རྒྱ ་ཐམས་ཅད་བཅིང་བའོ།། དབུས་མའི་རྡོ་རྗེ་བཏུང་བར་བྱའོ།། རྩེ་མོའི་འོད་ཟེར་བྱས་པས་གདོང་ཡོངས་སུ་སྦྱངས་ཏེ། གདོང་དགྲོལ་བར ་བྱའོ། བདག་ཉིད་ཀུན་ཏུ་བསྐོར་ནས་སྙིང་ཁར་དཀྲོལ་བར་བྱའོ།། གཙུག་གཏོར་དང་། ཕྱོགས་ཐམས་ཅད་དང་། དཀྱིལ་འཁོར་བསྐོར་བའོ།། སྙིང་ཁ་དང་། ་ཡིད་ཀྱིས་རྒྱས་དང་། ཕྲག་པ་དང་། སྤྱི་བོ་དང་། དཔྲལ་བར་བཞག་པ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྲེང་བ་བཅིངས་ལ་གོ་ཆ་བྱས་ཏེ།། མདུད་པ་བྱས་ནས་རྡོ་རྗེའི་གནས ་རྣམས་སུ་སླར་ཡང་ཕྲེང་བ་བྱས་པས་རྒྱབ་དུ་མདུད་པ་བྱས་ཏེ། དར་དཔྱངས་བྱའོ།། སྙིང་ཁ་དང་། དཔྲལ་བ་དང་། མགྲིན་པ་དང་། སྤྱི་བོར་བཞག་པར་བྱའོ།། ་དབུས་མའི་དར་མཆོག་གི་བྱ་བ་པའི་གྱེན་དུ་ཁ་བལྟས་པའི་དབྱུག་པ་དང་། འཇིགས་པའི་གདོང་གིས་བལྟའོ།། འབར་བ་བཞིའི་ཚུལ་གྱིས་དོར་ཞིང་ཁྲོས་པའོ།། ། ་རང་གི་སྙིང་ཁར་བཅིངས་ཏེ་ཞི་བའི་ལྟ་བས་རྩེ་མོ་འཕྲོག་པར་བྱའོ།། ལྟ་བས་ཕྲོག་པར་བྱའོ།། དབྱབ་པས་མྱུར་དུ་དགྲོལ་བར་བྱའོ།། ཡོངས་སུ་བསྐོར་ནས་བཞན ་པ་སྟེ། དབུས་མའི་རྡོ་རྗེ་སོར་གཉིས་བསྐོར་བ་བྱས་ན་ཇི་ལྟ་བ་བཞིན་དུ་ལས་བྱེད་དོ།། སྙིང་ཁར་བཞག་སྟེ་དབུས་མ་རྡོ་རྗེའི་ལས་ནི་འདི་ལྟ་སྟེ། སྙིང་ཁར་སྟོད་པ་དང་། ་སྤྱོད་པ་དང་། འཆིང་བ་དང་། གར་བྱེད་དུ་བཞུག་པ་དང་། མགྲིན་པ་གསལ་བ་དང་། རྡོ་རྗེ་རྩེ་མོ་བཅིང་བ་དང་། ཁ་འབུབ་པ་དང་། མགྲིན་པ་གསལ་བ་དང་། བཅིངས་པ ་མྱུར་དུ་དཀྲོལ་བ་དང་། བསྲུང་བ་དང་། བྱ་བའི་ལས་སོ།། སྙིང་ཁར་ཁ་སྦྱོར་བ་སྐྱོད་པའོ།། ཉིན་རེ་ཞིང་སྔ་རོལ་ལ་ལན་གཅིག་ལུས་ཡོངས་སུ་སྲུང་བ་དང་། མགྲིན་པ་གསལ ་བའི་ངག་དང་། སྙིང་ཁར་བཞག་པ་དང་། ཕྱག་རྒྱ་ལ་བལྟ་བ་སྟེ། ཉིན་རེ་སྔ་རོལ་དུ་ལན་གཅིག་དབང་པོ་ཐམས་ཅད་དུས་ཀུན་དུ་བསྐོར་བར་བྱའོ།། དབུས་མ་རྡོ་རྗེས་བྱེད་པ་ནི་ཁྲོ་བོའི ་ལྟ་བས་སོ།། དབུས་མ་རྡོ་རྗེའི་ལས་ནི་འོག་ནས་འབྱུང་སྟེ། ཉེ་བར་ལོངས་སྤྱོད་པ་དང་། ཐམས་ཅད་དབུག་པར་བྱེད་པ་དང་། དབབ་པ་སྦྱིན་པ་དང་། འཕར་བའི་མེ་སྟབ་བྱེད་པ། ་དང་། ཉེ་བར་ལེན་པ་དང་། རླུང་གི་ཚུལ་དང་། ཉེ་བར་ལེན་པ་དང་། ན་མཁའ་བསྒོམ་པ་ལ་དུ་བའོ།། དེ་ནས་དབུས་མའི་རྡོ་རྗེ་ལས་ནི་ཕྱག་རྒྱས་གཞོམ་པ་དང་། རྩེ་མོ། ་གཉིས་སྙིང་ཁར་བཙིར་བ་དང་། སེན་མོ་བྲུད་པ་དང་། མི་རེག་པ་དང་། བཙུམ་པ་དང་། སོར་མོ་མཉམ་པོར་སྙིང་ཁར་བརྡེགས་པ་དང་། ལྟུང་བ་དང་། བློད་པར་བྱེད་པ་དང་། ་ཕན་ཚུན་འརྡེག་པ་དང་། རང་གི་སྙིང་ཁར་རང་བཞིན་བཞག་པའི་ལསོ།། དབུས་མའི་རྡོ་རྗེ་ལས་ནི་མདའ་སྟོད་པ་དང་། ལྕགས་ཀྱུ་གཉིས་ཀྱིས་ཐམས་ཅད་དགུག་པ་དང་། གཡོན་པ་ལ ་གཡས་པས་བཅུག་པ་དང་། རྩེ་མོ་བསྐྱོད་པ་དང་། གདུ་བུར་འཆིང་བ་དང་། མྱུར་དུ་དགྲོལ་བ་དང་། སོ་སོར་མཉམ་པོར་མྱུར་དུ་དྲལ་བ་དང་། ་ལྟུང་བར་བྱེད་པ་དང་། འོག་ནས་བཏེག་པ་དང་། གཡོན་གཡས་པ་དྲང་བ་དང་། ལུས་ཐམས་ཅད་ལ་སྦྱོར་བར་བྱེད་པ་དང་། འོག་ནས་བསྐྱོད་ཅིང་གྱེན་དུ་དྲང་བ་དང་།། ་ཚུར་འདྲེན་པ་དང་། ཕར་བཏང་བ་དང་། གཡོན་དང་གཡས་ཀྱི་དྲང་པོར་བརྡེག་པ་དང་། རང་གི་སྙིང་ཁར་རྩེ་མོ་འདྲེན་པ་དང་། ལས་ཐམས་ཅད་ངེས་པར་སྦྱོར་བར་བྱེད་པའི་ལྷ ་དང་། སྙིང་ཁར་འཁོར་ལོ་བཞུག་པ་དང་། དབང་བསྐུར་བའི་ཕྲེང་བ་དང་། དར་དཔྱངས་འཆིང་བར་བྱེད་པ་དང་། སྙིང་ཁ་ལས་གྲངས་ཏེ་བདེ་བ་ཐམས་ཅད་ཡོངསུ་སྦྱང་བ་དང་། ་གར་གྱི་བླངས་ཏེ་སྤྱི་བོར་དགྲོལ་བའི་ལསོ།། བདེ་བ་ཆེན་པོར་རབ་གྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར།། དོན་ཡོད་ཐོགས་མེད་སྣ་ཚོགས་པའི།། ཕྱག་རྒྱའི་རྒྱུད་ནི ་རབ་ཏུ་བཤེད།། རྡོ་རྗེ་འཛིན་པ་ཆེན་པོ་ཡིས།། སངས་རྒྱས་སྲས་བཅས་ཐམས་ཅད་ཀུན།། སེམས་ཅན་ཐམས་ཅད་མྱུར་གྲུབ་ཕྱིར།། དོན་ཡོད་དངོས་གྲུབ་ཀུན་བརྩོལ་བའི།། ་དཀྱིལ་འཁོར་དག་ཏུ་མ་ཞུགས་པ།། སྡིག་པའི་ལས་ནི་ཀུན་དང་ལྡན།། དེ་དག་ཀྱང་ནི་འགྲུབ་འགྱུར་ཏེ།། བཅིངས་པ་ཙམ་གྱིས་སྡིག་བྱང་ཕྱིར།། གང་ཞིག་ལེ་ལོ་གཉིད་ཀྱིས་སོམ། ་བརྩོན་འགྲུས་བརྟན་ཡང་མ་ཚང་བ།། དཀྱིལ་འཁོར་མེད་པའི་སེམས་ཅན་གང་།། སློབ་དཔོན་ཉིད་བྱིན་མ་བརླབས་པ།། དེ་དག་གྲུབ་མཆོག་རྡོ་རྗེ་ཆེ།། རྡོ་རྗེ་སློབ་དཔོན་ཉིད་དུ། ་འགྱུར།། དོན་ཡོད་མཆོག་དང་སྣ་ཚོགས་པའི། བཅིངས་པ་ཙམ་གྱིས་མྱུར་གྲུབ་བྱེད།། བསམ་པ་ཐམས་ཅད་ཡོངས་རྫོགས་པའི།། མཆོག་གི་དངོས་གྲུབ་ཀུན་ལ ་འཇུག། དང་པོ་འབྱུང་བའི་རྡོ་རྗེ་མཆོག། བདེ་བ་ཆེ་ལས་ཡང་དག་འབྱུང་།། དག་ཅིང་ཤིན་ཏུ་གྲུབ་པ་དང་།། འགྲོ་བ་ཐམས་ཅད་ལ་ཡང་།། དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ ་པ་ལ་གསང་བའི་རྒྱུ་ནི།། ལས་འདོད་ཐོག་མར་ཕྱག་རྒྱ་ནི།། སྐལ་པ་ཇི་བཞིན་སྙིང་པོ་བསྒྲུབས།། རང་གི་བདག་ཉིད་ངེས་སྦྱར་བྱ།། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་རྟོག ་པའི་རྒྱལ་པོ་ཆེན་པོ་ལས། བདེ་བ་ཆེན་པོ་ཐམས་ཀྱི་རྡོ་རྗེའི་དམ་ཚིག་དོན་ཡོད་པའི་དངོས་གྲུབ་གྱི་ཆོ་ག་མཆོག་ཅེས་བྱ་བ་རྒྱུད་བྱེ་མའི་ཆོ་ག་རྒྱས་པ་ཡོངསུ་རྫོགས་སྷོ།། ། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཐར་མ་ཐུག་པའི་སྐུ་དང་། གསུང་དང་ཐུགས་རྡོ་རྗེ་ཐམས་ཅད་ཀྱི་ལས་ཀྱི་སྦྱོར་བས། རྡོ་རྗེ་འཆང་བ ་དང་བཅས་པ་རྣམས་ཀྱི་བདེ་བ་ཆེན་པོའི་རྡོ་རྗེ་གསང་བའི་དམ་ཚིག་རྟོག་པའི་རྒྱལ་པོ་འདི་སེམས་ཅན་གྱི་ཁམས་མ་ལུསུ་པ་ཀུན་ཏུ་ཁྱབ་ཅིང་སྤྲོས་པ། དངོས་གྲུབ་ཐམས ་ཅད་ཀྱི་རྩེ་མོ་ཡོངས་མཐར་མ་ཐུག་པའི་གསུང་རབ་ཡོངསུ་མཐར་ཐུབ་པའི་དོན་དུ་ཐོབ་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་གསོལ་བ་བཏབ ་པ་ཡིན་ནོ།། རྡོ་རྗེ་ན་མཁའ་ཆེན་པོ་ཡི།། ཆོས་ཀྱི་དབྱིངས་ཀྱི་སྤྲོས་པ་མཆོག། རྡོ་རྗེ་ན་མཁའ་ཆེན་པོ་ཡི།། ཆོས་ཀྱི་དབྱིངས་སྤྲོས་པའི་དངོས་གྲུབ་གཏེར།། རྟག་ཏུ་སངས་རྒྱས ་ཐམས་ཅད་དང་།། རྡོ་རྗེ་འཆང་ཆེན་དང་བཅས་པ།། རྡོ་རྗེ་འཆང་བྲི་ཐེག་པ་ནི།། ཡོངས་སུ་མཐར་ཐུག་ནུས་པ་མིན། ཨེ་མཧོ་མངོན་ཞེན་སེམས་ཅན་དང་།། ལེ་ལོ་ཅན་དང་ལས ་ཀུན་ལྡན།། ཐུགས་རྗེ་ཆེན་པོ་རྡོ་རྗེ་ཁྱོད།། བྱང་ཆུབ་སེམས་ནི་བླ་ན་མེད།། བདེ་བ་ཆེན་པོ་རབ་བསྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར། རྟོག་པ་འདི་ནི་མཐར་ཐུབ་པ།། རབ ་ན་ཏུ་བསྒྲུབ་ཕྱིར་མཐར་ཐུག་མཛོད། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསོལ་བ་གདབ་པའི་ཚིག་གསན་ནས། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ ་སེམས་དཔའ་བྱིན་གྱིས་བརླབས་པ་ཞེས་བྱའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་འདི་གསུངས་སོ།། བདེ་བ་ཆེན་པོ་རབ་བསྒྲུབ་དང་།། ཆགས་པ་ཆེན་པོ་རྣམ་དག་ཕྱིར། ་ཐམས་ཅད་དགའ་བ་བསྒྲུབ་དོན་དུ།། ཡོངས་སུ་མཐར་ཐུག་བྱིན་བརླབས་པའི།། གང་གིས་ཚུལ་མཆོག་འདི་ནི་ཉན་གྱུར་པ།། གང་གིས་ཕྱི་ནང་གསང་བ་ཐམས་ཅད་ནས། ་བདེ་ཆེན་མཆོག་གི་རྡོ་རྗེ་མཆོག་གསང་བའི་དངོས་གྲུབ་ཆེ་འདིར་དེ་དག་རྣམས་ལ་བསྟན།། སེམས་ཅན་དོན་དུ་རྒྱལ་བ་ལས་དག་ཕྱིར།། རྣམ་པར་སྦྱང་བར་མཛད་པ་མ་ཡིན་ཏེ།། རྟོག་པ། ་འདི་ནི་བགེགས་མེད་བདུད་ཀྱང་མེད།། དངོས་གྲུབ་འཕེལ་མེད་མིན་པར་བྱིན་གྱིས་བརླབས།། བདུད་དང་བརྟེན་མེད་ཉིད་ནི་བདག་མེད་བྱེད།། བརྟེན་པ་ཉིད་ཕྱིར་འདུལ་བར་མི་བྱེད ་དེ་རྟོག་པ་ཆེན་པོ་མཆོག་འདི་གང་བསྒྲུབ་པ།། མྱུར་དུ་དངོས་གྲུབ་མཆོག་ཕྱིར་བདག་བརྟེན་འགྱུར།། བརྟན་ཞིང་རབ་བགེས་བརྟན་པར་རབ་ཏུ་ཆགས།། བདེ་བ་ཆེན་པོ་ཀུན་བྱེད ་རབ་ཏུ་རྒྱས།། ང་ཡི་དབང་པོའི་སྙིང་པོ་གང་བསྒྲུབ་པ།། དེ་ལ་ང་ནི་རྟག་ཏུ་དངོས་གྲུབ་སྟེར།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་ལེགས་སོ་ཞེས་བྱ་བ་བྱིན་ཏེ། ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། །། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་ཞེས་བྱ་བའི་རྟོག་པའི་རྒྱལ་པོ་དང་པོ་མཆོག་ཏུ་གྲུབ་ཡོངསུ་རྫོགས་སྷོ།། ་དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཕྱག་ན་རྡོ་རྗེས།། དོན་དེ་ཉིད་སླར་ཡང་བསྟན་པར་མཛད་ཅིང་ཞལ་རབ་ཏུ་འཛུམ་པ་དང་བཅས། མཆོག་དང་པོའི། ་རྡོ་རྗེ་བདེ་བ་རྡོ་རྗེ་སྙེམས་པར་གསོར་ནས། རང་གི་ཐུགས་ཁར་སྟོང་པའི་ཚུལ་དུ་འཛིན་ཅིང་། མཆོག་ཏུ་གསང་ཞིང་མཆོག་ཏུ་གྲུབ་པ་དོན་ཡོད་ཅིང་ཐོགས་པ་མེད་པ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད ་པའི་དམ་ཚིག་འདི་རྟོག་པ་ཐམས་ཅད་ཀྱི་སྡིག་པ་དང་། སྒྲིབ་པ་དང་། བདུད་ཐམས་ཅད་འདུལ་བར་བྱིན་གྱིས་བརླབས་པའི་དབང་གིས། མ་གྲུབ། ་པ་རྣམས་ཀྱང་མཆོག་དམ་པར་གྲུབ་པར་བྱེད་པའི་ཚོགས་གསང་བ། ཐོག་མ་ཐ་མ་མེད་པའི་མཚོན་ཆ་མཆོག་གི་མཆོག་དབ་པོ་ཞེས་བྱ་བའི་རྟོག་པའི་རྒྱལ་པོའོ།། དབང་ཕྱུག་ཆེན་པོའི ་ཆེན་པོ།། རྒྱུད་ཕྱི་མ་འདི་རྡོ་རྗེ་འཛིན་པས་གསུངསོ།། དེ་ནས་ཡང་དག་བཤད་བྱ་བ།། འདི་ནི་གནས་ཀྱི་དབང་ཕྱུག་སྟེ།། དེ་ནས་ཐོག་མའི་གནས་ཉམས་དགའ།། ན་མཁའ་ཀུན ་ལ་རབ་ཏུ་གནས།། རྡོ་རྗེ་རིན་ཆེན་འོད་རབ་གསལ།། དྲི་མ་མེད་པའི་མདངས་ཀྱིས་རྒྱན།། ཟུར་བཞི་པ་ལ་སྒོ་བཞི་པ།། སྒོ་ཁྱུད་རྣམས་ཀྱིས་རབ་ཏུ་བརྒྱན་པ།། ཁྭ་ཁྱེར་གྱིས་ནི ་ཡང་དག་བསྐོར།། རྡོ་རྗེ་ལྷ་མོའི་ཚོགས་ཀྱིས་མཆོད།། ཟླ་བ་ཕྱེད་ནི་རབ་ཏུ་གནས།། རྡོ་རྗེ་རིན་ཆེན་འབར་བ་བྱེད།། རླུང་གི་བསྐྱོད་པའི་རྩེ་མོ་ཅན།། བ་དན་དྲིལ་བུ་སྒྲ་སྤྲོག། ་པ། འདྲ་བ་མེ་ལོང་མེ་རྟོག་ཆུན་པོའི་རྒྱན་གྱི་བསྐོར།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་ཀུན་གྱིས་ལེགས་སྦྱོར་བ།། སྒོ་རྡོ་རྗེ་སེམས་དཔའི་བཞུགས་གནས་ཆེ།། སངས་རྒྱས ་ཀུན་གྱི་རྗེས་སྟོན་པ།། བྱང་ཆུབ་སེམས་དཔའི་གནས་ཀྱི་མཆོག། རྡོ་རྗེ་འཛིན་པ་ཀུན་གྱི་གནས།། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། རྡོ་རྗེ་རིན་ཆེན་མཆོག་ཅེས་བྱ།། རྡོ་རྗེ་ཁང་བརྩེགས། ་བཞུགས་གནས་ནི།། བདེ་བ་ཆེན་པོར་རྣམ་དག་བཞུགས།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད། ་རྡོ་རྗེ་བསྙེམས་ཚུལ་བ་བདག་པོའི་བདག། སེམས་ཅན་ཀུན་གྱི་སེམས་གང་ཡིན།། བརྟན་པའི་ཕྱིར་ན་དཔའ་ཞེས་བྱ།། མཉམ་པར་བཞག་པ་ཏིང་འཛིན་ཏེ།། ངེས་པ་ལས་ནི ་རྡོ་རྗེར་གྱུར།། སེམས་དཔའི་བྱིན་བརླབས་སྦྱོར་བ་ཡིས།། རྡོ་རྗེ་སེམས་དཔའ་ཉིད་དུ་གྱུར།། དེ་ཉིད་བཅོམ་ལྡན་སྣ་ཚོགས་པ།། བྱང་ཆུབ་སྤྱོད་པའི་རྗེས་མཐུན་པ།། བདུད་དང ་བདུད་ལས་རྒྱལ་བ་ཉིད།། བྱང་ཆུབ་སངས་རྒྱས་དེ་ཉིད་དོ།། རྡོ་རྗེ་དྲག་པོ་མཐར་བྱེད་ཉིད།། ཕག་ན་རྡོ་རྗེ་ཉིད་ཀྱང་དེ།། དེ་ཉིད་དེ་བཞིན་གཤེགས་པའི་རིགས།། དེ་ཉིད་རྡོ་རྗེའི་རིག ་ཆེན་པོ།། དེ་ཉིད་པད་མའི་རིགས་དག་པོ།། དེ་ཉིད་ནོར་བུའི་རིགས་བཟང་བཤད།། དེ་ཉིད་འདོད་ཆགས་ཆགས་བྲལ་ཉིད།། འདོད་པར་འགྲོ་བ་དེ་ཉིད་དེ།། དུས་གསུམ་སྲིད ་གསུམ་མཆོག་གསུམ་སྟེ།། འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ།། མི་གཡོ་ཐམས་ཅད་མཆོག་དེ་ཉིད།། བརྟན་པ་སྲ་བ་ནོར་ཆེན་པོ།། རྒྱུ་བའི་སེམས་ནི་འདུས་བྱས་པ། ་ཐམས་ཅད་བྱེད་པ་ཐམས་ཅད་ཉིད།། དང་པོའི་སེམས་དཔའ་སེམས་དཔའ་ཆེ།། བྱང་ཆུབ་སེམས་བདེ་རབ་གསོལ།། སེམས་དཔའི་དཀྱིལ་དཀྲུང་བཅས་ནས་ནི།། པད་མ་ཡིནི ་@སྟེང་དུ་བཞུགས།། བཙུན་མོའི་ཚོགས་བཅས་སྣ་ཚོགས་པ།། རྡོ་རྗེའི་ལྷ་མོའི་ཡོངས་སུ་བསྐོར།། བདེ་བ་ཆེན་པོ་གྲུབ་དོན་དུ།། འདོད་ཆགས ་ཆེན་པོ་རྣམ་དག་ཕྱིར།། མ་ལུས་གདུལ་བྱའི་དོན་དུ་ནི།། དངོས་གྲུབ་ཐམས་ཅད་རབ་བསྒྲུབ་ཕྱིར།། དམ་ཚིག་མཆོག་ནི་མ་ལུས་པ།། རྒྱལ་བསྐྱ་ནི་བསྲུང་བར་བྱ།། བསྙེམས ་བཅས་རྡོ་རྗེ་གསོར་བ་དང་།། རྡོ་རྗེ་བསྙེམས་པའི་ཚུལ་འཆང་ཞིང་།། ཕྱག་རྒྱ་ཀུན་མྱུར་གྲུབ་དོན་དུ།། རྡོ་རྗེ་སེམས་དཔའི་མཆོག་གྲུབ་ཕྱིར།། དངོས་གྲུབ་ཀུན་གྱི་ཐབས་ཆེན ་པོ་བསོད་ནམས་ཀུན་གྱི་ཆེར་མཐོང་བ།། ཡེ་ཤེས་ཕྱག་རྒྱར་ཡང་དག་ལྡན།། སྙིང་པོ་ཆེན་པོ་དམ་པ་ཡིན།། གང་གིས་བསོད་པ་རྣམས་མི་ལྡན་པ།། དེ་བཞིན་དཀྱིལ ་འཁོར་མ་ཞུགས་པ་འམ།། དོན་ཡོད་ཐོགས་པ་མེད་མཆོག་འམྱུར།། དངོས་གྲུབ་ཐམས་ཅད་བསྙེད་དཀའ་མིན། བདེ་བ་ཆེན་པོ་རྡོ་རྗེ་ཆེ།། གསང་བ་མཆོག་གི་དམ་ཚིག་བརྟན ་དངོས་པོ་ཐམས་ཅད་བསྒྲུབ་པ་སྟེ།། རྟོག་པ་ཐམས་ཅད་མྱུར་གྲུབ་བྱེད།། ཐོག་མཐའ་མེད་ཅིང་དང་པོ་བྱུང་།། མཆོག་དང་པོ་ཞེས་བྱ་བར་བཤད།། ཚིག་ཀུན་གྱིས་ནི་ཅི་འདོད་དང་། ་ཆགས་པ་ཀུན་གྱིས་ཅི་དགའ་བར།། རྗེས་སུ་ཆགས་པར་བགྱིའོ་ཞེས།། ཇི་བཞིན་འབབ་པའི་ཡེ་ཤེས་འཇུག། ཉེ་བའི་སྙིང་པོར་བཅས་སྙིང་པོ།། བསྐལ་པ་དང་པོར་བཅོམ་ལྡན་གསུ ་ཧཱུཾ། དེ་ནས་འདི་གསུངས་པ་ཙམ་གྱིས།། སངས་རྒྱས་ཐམས་ཅད་སྲས་བཅས་པ།། རྡོ་རྗེ་འཛིན་སྣ་ཚོགས་པ།། སྐ་ཅིག་གིས་ནི་འདུས་པ་འགྱུར།། རྡོ་རྗེ་འཛིན་ཆེན་གྱིས་ཐོག་མར། ་ཡིད་ཀྱི་འཇིག་རྟེན་གསུམ་པོ་ཕྱུང་།། ཇི་ལྟར་འགྲོ་བ་རབ་གྲུབ་ཅེས།། བདེ་གཤེགས་རྣམས་ཀྱིས་དངོས་གྲུབ་དྲིས།། དེ་རྣམས་ཀྱི་ནི་བཀའ་གསན་ནས།། རྡོ་རྗེ་འཛིན་པར་འགྲོ་བ ་ནི། འབྱིན་དང་རྩོལ་དང་སྟོན་པ་པོ།། བྱེད་པས་ཚིག་ནི་འདི་སྐད་གསོལ།། ཆགས་བྲལ་གྱིས་འདུལ་འཇིག་རྟེན་རྣམས།། ཆགས་བྲལ་ཉིད་ཀྱིས་དག་པར་འགྱུར།། ་འདོད་ཆགས་ཆེན་པོ་བདེ་བ་ཆེ།། འདི་ནི་ཇི་ལྟར་འགྲུབ་པར་འགྱུར།། དེ་ཡི་ཚིག་དེ་གསན་ནས་ནི།། རྒྱལ་བ་རང་ཉིད་ཀྱིས་གསུངས་པ།། བྱང་ཆུབ་སེམས་དེ་མའི་ཐོག ་མའོ།། ། ཁྱོད་ནི་ཐབས་ཆེན་ཉིད་ཡིན་ནོ།། ཇི་སྲིད་འཁོར་བའི་གས་སུ་ནི།། མཁས་མཆོག་འདུག་པར་འགྱུར་བའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན ་མི་འདའ་བྱེད་པར་ནས།། ཇི་སྲིད་སེམས་ནི་རྣམ་རྟོག་པ།། ཇི་སྲིད་བྱང་ཆུབ་སྲེད་པ་ཆེ།། བྱང་ཆུབ་སེམས་ཅན་ལ་ཕན་ཕྱིར།། རྡོ་རྗེ་ཅན་གྱིས་ཅི་བདེར་གྱིས།། དེ་ནས་ཐོག་མར ་རང་དཀྱིལ་འཁོར།། དང་པོའི་དཀྱིལ་འཁོར་བྱིན་གྱིས་བརློག། རྡོ་རྗེ་ཀུན་གྱི་དམ་ཚིག་མཆོག། ཇི་བཞིན་ཚོགས་བསྒྲུབ་པ་ཉིད།། དེ་ནས་བཅོམ་ལྡན་འདས་དེ་ན། ་བདེ་ཆེན་རབ་ཏུ་གྲུབ་ཕྱིར་དང་།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར།། གཙོ་བོས་མགོན་ལ་གསོལ་བ་བཏབ།། བཅོམ་ལྡན་ཁྱོད་ལ་གསོལ ་པ་ནི།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། སྙིང་པོ་འདི་ཡི་རྟོག་པ་མཆོག། བདེ་ཆེན་མྱུར་དུ་བསྒྲུབ་བྱེད་པའོ།། དེ་རྣམས་ཀྱི་ནི་ཚིག་གསན་ནས།། རྡོ་རྗེ་སེམས་དཔའ་བདེ ་ཆེན་པོ།། བདེ་བ་ཆེན་པོ་རྡོ་རྗེ་ཆེས།། དཀྱིལ་འཁོར་ཆེན་པོ་བཀའ་བསྩལ་ཏོ།། དེ་ནས་རབ་ཏུ་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ་དམ་པ་སྟེ།། བདེ་བ་ཆེན་པོ་རྡོ་རྗེ་མཆོག། ་དམ་པ་གསང་བ་ཞེས་བཤད་པའོ།། ཐོག་མཐའ་དམ་ཚིག་གསུམ་ཐོབ་པའི།། རྡོ་རྗེ་སློབ་དཔོན་རང་ཕྱག་རྒྱས།། དཀྱིལ་འཁོར་ཀུན་གྱི་ཆོ་ག་ལ།། རྟག་ཏུ་རྡོ་རྗེ་དྲིལ་འཆང་བྱ།། རྟོག ་པ་ཐམས་ཅད་ཡང་དག་འབེབ།། དཀྱིལ་འཁོར་ཐད་བསྒྲུབ་བྱེད་ཡིན།། དམ་ཚིག་ཆེ་གསུམ་ཞེས་བྱ་བའི།། རྒྱ་འདི་ཐམས་ཅད་བསྒྲུབ་བྱེད་ཡིན།། དངོས་གྲུབ་ཆོ་ག་ཐམས་ཅད་ལ།། རྡོ་རྗེ་དྲིལ་བུ་རབ་བསྐུལ ་བས།། ཆོ་ག་ལྷག་གམ་མ་ཆང་ཡང་།། འགྲུབ་འགྱུར་སྨད་པར་མི་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམ་དཔས་གསུང་སོ།། མཆོག་དང་པོ་མཐའ་ཡས་མཆོག། བླ་ན་མེད་ཅིང་མཉམ་མེད་པ།། ནམཁའ་ཀུ ་ལ་རབ་ཏུ་གནས།། མཆོག་དེ་ཡི་གེ་དམ་པ་ཡིན།། དཀྱིལ་འཁོར་གནས་ནི་སྦྱང་བྱས་པ།། དེའི་དབུས་ཆོ་ག་བཞིན།། དངོས་གྲུབ་བྱིན་བརླབ་ཆོ་ག་ཡིས།། དཀྱིལ་འཁོར་དེ་ནི་བསྒྲུབ་པར་བྱ།། གླུ་དང་རོལ་མོའི ་ག་དང་།། མེ་ཏོག་སྤོས་སོག་མཆོད་པ་ཡིན།། ཅི་བསྐྱེད་པ་དང་ཅི་འབྱོར་པ།། མཆོག་དང་པོ་ནི་བརྟག་པར་བྱ།། མཆོད་པ་དང་པོ་མཐའ་ཡས་མཆོག། བླ་ན་མེད་ཅིང་དཔེ་མེད་པ།། ན་མཁའ་ལ་ཀུན་རབ་ཏུ་གན། ་གྲོང་ཁྱེར་དག་ནི་མི་འགྱུར་མཆོག། ཐོག་མ་མེད་མཆོག་རྟག་པ་སྟེ།། སངས་རྒྱས་འབྱུང་བར་རབ་ཏུ་བཞག། ཀུན་མཆོག་མཉམ་པ་ཉིད་བརྟེན་པ།། ལྷག་དང་མ་ཚང་མེད་ཀུན་གང་།། མཐའ་དང་དབུས་མེད་ན་མཁའ་ནི། ་འདི་ནི་དབུའ་མར་རྣམས་རྟག་པ།། ཕྱག་རྒྱའི་སྦྱོར་བ་ཏིང་འཛིན་གྱི།། དེ་ཡི་དབུས་མར་རྣམ་རྟགས་ཉིད།། དེ་ཡི་དབུས་སུ་པདྨའི་གཟུག། ཡུ་བར་བཅས་པ་རབ་ཏུ་བཞག། སྣ་ཆོག་པདྨས་ཡང་དག་ཁེབས། ་ཐམ་ཅད་དག་པའི་བདག་དེ་ཉིད།། དེ་ནས་སྲས་བུ་གཉིས་འགྱུར་དུ།། བྱས་པའི་ཐིག་ནི་གདབ་བྱ་སྟེ།། ན་མཁའ་ཀུན་གྱི་ཚད་ཡིན་ཕྱིར།། ཚད་ནི་ཆད་མེད་པ་ཉིད་ཡིན།། མ་མཉམ་མེད་པ་ཟུར་བཞི་པ།། དྲན་དང་དབང་པོ་སྒོ་བཞི ་སྟེ།། བསམ་གཏན་རྣམ་ཀྱི་རྟ་བབ་བཞི།། ཏིང་འཛིན་ཁྱམ་སུ་བཤད་པ་ཡིན།། ཁྱམས་བརྟན་པའི་རྡོ་རྗེའི་བདག། གཟུགས་རྣམ་ལྷ་མོས་མཆོད་པའོ།། བརྒྱན་རྣམས་ཀུན་གྱིས་བཀྲ་བ་ནི།། བསམ་པ་ཐད་རྫོགས ་བྱེད་པའོ།། གདུལ་བྱས་བསྐྱོད་པ་སྣ་ཚོགས་མཆོག། དམ་ཆོས་མཆོག་སྟེ་ཀུན་ཏུ་འགྲོ།། རླུང་གིས་བསྐྱོད་པ་སྣ་ཚོགས་པའི།། བ་དན་རྩེ་བརྟག་དྲིལ་སྒྲ་སྒྲོགས།། མེ་ལོང་ཡེ་ཤེས་རྟག་མེ་ཏོག། བྱང་ཆུབ་ཡ། ་ལག་མེ་ཏོག་ཕྲེང་།། དྲ་བ་མེ་ལོང་མེ་ཏོག་ཆེ།། མེ་ཏོག་ཕྲེང་བའི་རྒྱན་གྱིས་བསྐོར།། ཀུན་འགྲུབ་མི་འགྱུར་བདེ་བ་ནི།། བདེ་བ་ཆེན་པོ་ཞེས་བཤད་དོ།། བདེ་བ་ཆེན་པོའི་སྐལ་ཡས་ཁང་།། དབང་པོའི་གནས་དེ་བྲི། ་བཱ་བྱ།། ཐར་པ་ཆེན་པོའི་གྲོང་ཁྱེར་མཆོག། ཀུན་མཆོག་དེ་ནི་ལེག་བྲིས་ནས།། ཐོག་མ་ཐ་མ་མེད་པའི་དབྱིངས།། ཕྱོག་ཀུན་མཉམ་པ་ཉིད་བསམ།། དེ་ནི་ཕྱི་ཡི་དཀྱིལ་འཁོར་རོ།། དེ་ཡི་ནང་གི་དཀྱིལ་འཁོར་ནི།། ་དཀྱིལ་འཁོར་བརྒྱད་པ་ལྟ་བུ་ཡིན།། འདི་ནི་རྣམ་ཐར་བརྒྱད་པོ་སྟེ།། དངོས་གྲུབ་ཀུན་གྱི་བདེ་བ་སྟེ།། བྱང་ཆུབ་སེམས་ཐེག་ཆེན་པོ་ཡིན།། མདོ་སྡེའི་འཁོར་ལོ ་@རབ་བསྐོར་བས།། རྡོ་རྗེའི་ཐིག་ནི་ཡོངས་བསྐོར་བས།། རྡོ་རྗེ་འཁོར་ལོ་ཡང་དག་བྲི།། དེར་ནི་སྣ་ཚོགས་པད་མ་ཆེ།། རྡོ་རྗེ་སེམས་དཔའ་དགོད ་བར་བྱ།། ལུགས་མ་འམ་ཡང་ན་བསྐོས་མ་འམ།། བྱས་པ་འམ་ཡང་ན་བྲིས་པ་སྟེ།། འཛུམ་བཅས་ཟླ་བའི་མདོག་ཅན་ལ།། དམར་ཞིང་སྣ་ཚོགས་འོད་འབར་བ།། སངས ་རྒྱས་ཀུན་གྱིས་དབང་བསྐུར་སོགས།། རྒྱན་དང་ནམ་བཟའ་སྣ་ཚོགས་པ།། སེམས་དཔའི་དཀྱིལ་དཀྲུང་དག་གིས་བཞུགས། རྡོ་རྗེ་བསྙེམས་ཚུལ་འཆང་བའི་མཆོག། སུ ་ར་ཏ་སྟྭཾ་ཞེས་བརྗོད་ཅིང་།། རང་གིས་སྙིང་པོས་བཞག་པར་བྱ།། དེའི་ཕྱོགས་ནི་ཐམས་ཅད་དུ།། མཚོན་ནམ་དེ་བཞིན་ཕྱེ་མ་ཡིས།། གོ་རིམས་དག་ནི་ཇི་བཞིན་དུ།། རྡོ་རྗེ་ལྷ་མོ། ་ཡང་དག་བྲི།། རྡོ་རྗེ་ཡ་ཀ་མ་ཌ།། ཧཱུཾ་བཛྲ་ཀི་ལི་ཀི་ལ་ཧཱུཾ།། བཾ་བཛྲ་ཎི་སྨ་ར་ར་ཊ། ཧོ་བཛྲ་ཀ་མེ་ཤ་རི་ཏ། འཚམས་སུ་རྡོ་རྗེ་སེམས་མ་སོགས།། དུས་ཀྱི་རྒྱ་མཆེད་པ་ཡང་དག་བྲི། ་རྡོ་རྗེ་སྦྲང་རྩི་མ་དང་སྤྲིན། སྟོན་དང་དགུན་གྱི་རྡོ་རྗེ་མ།། མེ་ཏོག་བདུག་པ་མར་མེ་ཆེ།། དྲི་སྟེ་བྷྱོར་ཐལ་སྟེར་བ།། རྡོ་རྗེ་རྒྱལ་པོ་ལྷ་མོ་སྟེ།། དེ་རྣམས་ཕྱག་རྒྱ་རབ་བཤད་བྱ། ཨོཾ་མ ་དུ་འཛི་བྷུ་བྱུང་། ཨོཾ་འཛྲམ་གགསུཾ་གུསུ། ཨོཾ་ཤ་རང་བཛྲ་མ་ཨོཾ། ཨོཾ་བཛྲ་ཤན་ན་ཧཱུ~ཾ་ཧཱ། སྒེས་མོ་བཤད་མ་གྲུ་ལེན་མ། པར་མཛད་པ་འི་ལྷ་མོའི་ཚོགས། རྡོརྗེ ་རོལ་མ་འདི་གཽ་ནི།། ཕྱི་རོལ་གྱི་ནི་འཚམས་སུ་བྱ།། ཧེ་ར་བཛྲ་བཱི་ལ་སི་ནི་ཏཱ་ཊ།། ཧ་རི་ཏི་བཛྲ་གཱི་ཏེ་ཏེ་ཏེ། ཧེ་ར་ཏི་བཛྲ་ནརི་ཏེ་པེ་བབེ་བ།། སྒོ་ཡི་གནས་ནི་ཐམས་ཅད་དུ། གསོལ ་ཀ་མ་ནི་བཞི་པ་སྟེ།། རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང་། ལྕགས་སྒྲོག་དེ་བཞིན་དྲིལ་བུ་མའོ།། བཛྲ་ཨ་གུ་ཤ་ཛ། བཛྲ་པ་ཤ་ཧཱུཾ། བཛྲ་ཤ་ཀ་ལེ་བཾ། བཛྲ་གྷན་དྷེ་ཧོ། དམ་ཚིག་མཆོག ་ནི་ཐམས་ཅད་ཀྱིས།། དགོངས་ཞིང་བརྟག་པ་ཉིད་འགྱུར།། རྡོ་རྗེ་ལྷ་མོ་ལ་སོགས་ཚོགས།། དངོས་གྲུབ་ཀུན་ལས་འགྲུབ་པར་འགྱུར།། གསོལ་ཀ་མ་དང་གཡོག་མོ་དང་། བོཿ ་མོ་དང་བྲན་མོའོ།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི།། དེ་ནས་ཀུན་མཆོག་ལ་སོགས་པ།། དངོས་གྲུབ་ཡང་དག་བསྒྲུབ་པར་བྱ།། དམ་ཚིག་མཆོག་ནི་བཅིངས་ནས་སུ།། ཛ་ཧཱུཾ་བ ་ཧོ་ཞེས་བརྗོད་བྱ།། སེམས་དཔའི་དཀྱིལ་དྲང་བཅས་ནས་ནི།། རྡོ་རྗེ་ཅན་གྱི་སྨན་སྔར་འདུག། བདེ་བ་ཆེན་པོ་རྡོ་རྗེ་མཆོག། བདག་པོ་ལྷན་ཅིག་ཡང་དག་དགུག། ཧཱུཾ་མ་ཧཱ་སུ་ཀ ་བཛྲ་ས་ཏ། ཡ་ཧི་ཤ་གྷྲཾ་མ་ཧ་སུ་ཁ་བཛྲ་ཨ་མོ་ཀ་ཡ། མ་ནུ་བ་ལ་ཡ། པྲ་བུདྡྷ་སུ་རོ་ཏསྟི། ཨ་ནུ་ར་ག་ཏོ་མེ་བྷ་བ། སུ་ཏོ་ཤོ་ཡོ་མེ་བྷ་བ། ཤོ་མེ་བྷ་བ། བྷ་ག་བྷན། ནཻན་དྷི་ནི་དྷ་ན། སརྦ ་སཏྭ་སརྦ་སིདྷི་དྷི་མ་མོ་པྲ་ཡང་ཙ་ཨེ་ཤ་ཏཱ་མ་ཀྲི་ཙུ་པྲ་བ་ཤ། ས་མ་ཡེ་བ་དྷི། བ་ཤི་ཀ་རོ་མེ། ཨོཾ་མེར་མུ་ཏཱི་དེ་ཛེ་ཧཱུཾ་བ་ཧོ།། །། འདི་ཡིས་བཅོམ་ལྡན་བརྟག་པ་ནི།། དཀྱིལ་འཁོ། ་དུ་ནི་རང་ཉིད་གཤེགས།། བཀུག་ཅིང་བཅུག་ལ་ཤིན་དུ་བརྟན།། དབང་དུ་གྱུར་ནས་རབ་དུ་གྲུབ།། ཅེས་བཅོམ་ལྡན་འདས་རྡོ་རྗེ་དམ་ཚིག་ཆེན་པོས ་གསུང་སོ།། རྡོ་རྗེ་སློབ་དཔོན་རང་ལྷ་ནི།། འོད་ཟེར་ཀུན་དུ་སྟོན་ལ་སོགས།། མཚན་མའི་རྣམ་པ་མང་པོ་ནི།། ངོ་མཚར་གྱུར་པ་མཐོང་བར་འགྱུར།། དེ་ནས་རྡོ་རྗེ་མཆོད་ཡོན་ནི། ་རྡོ་རྗེ་ཐལ་མོ་ཁ་ཕྱེས་དབུལ།། བུམ་པ་དག་དང་ཇི་སྙེད་པའི།། མེ་ཏོག་སོགས་ཀྱིས་ཡང་དག་མཆོད།། བ་དན་རྩེ་མོ་དྲིལ་བཏགས་པ།། འཚམས་ཀྱི་ཆར་ནི་བཞག་པར་བྱ།། བུམ་པ ་མེ་ཏོག་ལྕུག་མར་བཅས།། བྱི་ཡི་འཚམས་སུ་ལེགས་པར་བཞག། བུམ་པ་སྤོས་ཆུས་གང་བ་ལ།། རྡོ་རྗེ་བཅས་པས་བྱིན་བརླབས་པ།། ལྐུགས་མ་ལས་ནི་ཡོངས་སུ་བཟླ།། དེ་ལ ་བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་གི་ཆུ་ར་བསྒྲུབ་པ་ནི་འདི་ཡིན་ཏེ། ཨོཾ་མ་ཧ་སུ་ཁ་བཛྲ་ཨ་མོ་གྷ་ས་མ་ཡོ་དྷ་ཀ་སི་དྷ། ཨ་བྷི་ཀྵིཉྩ་སརྦ་མུ་ཁ་སོ་མ་ན་ས་ནྱ་དང་ཀུ་རུ་ཀུ་རུ་ཛ་ཧཱུཾ་བཾ་ཧོ ་ཨ། འདི་ལན་ཉི་ཤ་གེ་རྩ་ཅིག་ཡོངསུ་བཟླས་ལ།། བདག་ཉིད་ལ་དབང་བསྐུར་བར་བྱའོ།། གསང་གཏོར་བྱ་བ་དང་། འཐུངས་པས་ཀྱང་སྡུག་བསྔལ་ཐམས་ཅད་གསལ་བ་དང་། ་བདེ་བ་ཐམས་ཅད་འཕེལ་བར་འགྱུར་རོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། དེ་ནས་འཁོར་ལོར་མ་ཞུགས་ཀྱང་།། རང་ཉིད་ཐོག་མར་བྱུང་ཞུགས་ཤིན། ་རྡོ་རྗེ་ཀུན་གྱི་སློབ་དཔོན་ཆེར། རྡོ་རྗེ་དཔོན་རང་བྱིན་བརྗོབ།། དེ་ནས་རྡོ་རྗེ་འཛིན་སློབ་དཔོན།། རང་ཉིད་ཁྲུས་བྱས་དྲིས་ལེགས་བྱུགས།། ཇི་སྙེད་པ་ཡི་རྒྱུན་གྱིས་བརྒྱན། ་ཤིན་དུ་དམར་བའི་གོས་གྱོན་ཤིང་།། མེ་ཏོག་ཕྲེང་བརྟགས་ཁ་དྲིས་བསྒོ།། རྡོ་རྗེ་གར་གྱི་སྦྱོར་བ་ཡིས།། སྤྱི་བོར་མེ་ཏོག་ཐལ་སྦྱར་ནས།། ཕྱག་རྒྱ་ཀུན་གྱི་སྦྱོར་ཆེན་ལྡན།། དཀྱིལ ་འཁོར་བླ་ན་མེད་ཞུགས་ནས།། མི་ཤེས་པ་དང་རྨོངས་པ་འམ།། རྗེད་ངས་དེ་བཞིན་ལེ་ལོ་ཅན།། རྡོ་རྗེ་རི་མོ་གོམ་བྱེད་དང་། དམ་ཚིག་ལས་ནི་འདས་པ་ཡང་།། དེ་བས་འབད་པ ་ཐམས་ཅད་ཀྱིས།། ཕྱག་རྒྱ་རྣལ་འབྱོར་མཉམ་བཞག་དང་།། རྟག་ཏུ་ཤེས་རབ་བསྒོམ་པ་ཉིད།། དཀྱིལ་འཁོར་གྱིས་ནི་ཁྱད་པར་ཏེ།། རྡོ་རྗེ་རི་མོ་དྲི་མེད་པ།། སངས་རྒྱས་ཕྱག་རྒྱ ་ལ་སོགས་ཚོགས།། གནོད་དང་སྨོད་པར་བྱེད་པ་དང་།། ཕྱག་རྒྱ་རྣལ་འབྱོར་མི་སྨོད་དེ།། རྡོ་རྗེ་སེམས་དཔས་གསུངས་པ་ཡིན། རྡོ་རྗེ་གསང་བ་ཞེས་པ་ཡིས། ཞུགས་ནས ་མགོན་ལ་ཕྱག་བྱས་ཏེ།། རང་དགའ་རྡོ་རྗེ་སྒེག་པ་དང་།། རྡོ་རྗེ་གར་གྱི་སྦྱོར་བ་ཡིས།། པད་མ་རྒྱས་པའི་ཞལ་མངའ་བ། གནས་ཏེ་མགོན་ལ་ཕྱག་བྱའོ།། ཞུགས་ནས་དཀྱིལ་འཁོར་དེ་ལ ་ནི། བསྐོར་བ་དག་ནི་ལན་གསུམ་བྱ།། དེ་ནས་མདུན་དུ་འདུག་ནས་ནི། ཁོ་ན་ཉིད་ལན་གཅིག་བརྗོད།། འདོད་ཆགས་ཆེན་པོ་བདེབ་ཆེ།། རྡོ་རྗེ་ཆེན་པོ་ནོར་ཆེ་བ།། དེང་བདག་རྡོ་རྗེ་སེམས ་@#གྲུབ་མཛོད། དེ་ནས་མེ་ཏོག་སིལམ་ནི།། མགོན་ལ་གཏོར་ནས་ཆོ་ག་བཞིན།། དང་པོ་ཤར་བ་ལ་སོགས་པ།། སྟོང་པའི་གླུ་རུ་ལེན་གཅིག་བླང་།། དེ ་ནས་བཅོམ་ལྡན་འདས་ཀྱིས་བསྟོད་པའི་རྒྱལ་པོ་མཚན་བརྒྱ་རྩ་བརྒྱང་བ་དེ་ཁོ་ན་ཉིད་ཆེན་པོ་ནི་འདི་ཡིན་ཏེ།། དཔལ་མཆོག་དང་པོ་སེམས་དཔའ་ཆེ།། དགའ་བ་ཆེན་པོ་དགའ་བ་ཆེ། ་ཀུན་དུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། སེམས་དང་སེམས་དཔའི་ཏིང་འཛིན་མཆོག། རྡོ་རྗེ་རྡོ་རྗེ་མཆོག་ཆེན་པོ།། ཀུན་བཟང་པོ་སྤོང་བ་མཆོག། ་བདུད་དང་བདུད་ནི་རབ་འཇོམས་པ།། ཐམས་ཅད་བྱང་ཆུབ་བྱང་ཆུབ་ཆེ།། སངས་རྒྱས་སངས་རྒྱས་སྐྱེས་མཆོག་སྐྱེས།། ཡི་གེ་ཧཱུཾ་མཛད་ཡི་གེ་ཧཱུཾ།། འཇིག་རྟེན་དབང་ཕྱུག་ནོར་རབ ་གསོལ།། འདོད་ཆགས་ཆེན་པོ་བདེ་ཆེན་པོ།། དུས་གསུམ་སྲིད་གསུམ་མཆོག་གསུམ་ཏེ།། འཇིག་རྟེན་གསུམ་མཆོག་ཁམས་གསུམ་པ།། བསྟན་པ་རང་བྱུང་གསལ་བ་སྟེ། ་རབ་ཕྲང་སྦོམ་དང་ལེགས་བསགས་པ།། རྒྱུ་བར་མཆོག་ཐོབ་མཛད་པ།། སྲིད་པའི་འཁོར་བ་སྦྱོང་མཛད་པ།། ཤེས་རབ་ཐབས་ཏེ་ཚུལ་ཆེན་པོ། ཐོག་མཐའ་མེད་ཅིང་ཐོག ་མཐའ་ཅན།། མདངས་ལྡན་དང་པོར་ཐམས་ཅད་གནས།། སྙིང་པོ་བྱེབ་རྒྱ་སྦྱོར་དམ་ཚིག། དེ་ཉིང་བདེ་བ་མཆོད་པ་སྟེ།། དེ་བཞིན་གཤེགས་པའི་དངོས་གྲུབ་ཆེ།། ཆོས་དང་ས ་ནི་ཁམས་ཆེན་པོ།། དམ་པའི་ཆོས་ནི་ལས་མཆོག་བདག། བྱང་ཆུབ་སེམས་ནི་རབ་སྦྱོར་མཛད།། རྡོ་རྗེ་ཁྲོ་བོ་ཁྲོ་བོ་ཆེ།། དུས་མཐའ་ལྟར་འབར་འདུལ་བཔོ།། འདུལ་མཛད ་ཆེན་པོ་བདུག་པ་མཆོག། ཐམས་ཅད་དག་པ་པདྨ་ཆེ། ཤེས་རབ་ཐབས་ཏེ་ཚུལ་ཆེན་པོ།། འདོད་ཆགས་དག་པ་ཏིང་འཛིན་མཆོག། སྣ་ཚོགས་ནག་པ་དབང་ཕྱུག་ཆེ།། ནམ ་མཁའ་མཐའ་ཡས་རྟག་པའི་དོན།། འབྱུང་པོ་ཐམས་ཅད་གནས་ཆེན་པོ།། འབྱོར་པ་དཔལ་དང་གཙོ་བོ་རྒྱལ།། བསམ་པ་ཐམས་ཅད་རྫོགས་མཛད་པ།། ཕྱག་རྒྱ་འདུད ་ཅིང་ཕྱག་འཚལ་ལོ།། དད་པས་ཁྱེད་ལ་བདག་བརྟེན་བགྱིད།། རྡོ་རྗེ་སེམས་དེ་བདག་གྲུབ་མཛོད།། གང་ཞིག་བསྟོད་པའི་རྒྱལ་པོ་འདི།། ཉིན་རེར་ནང་པར་བརྗོད་བྱེད་དེ།། ་ཆོས་ཀྱི་ཚིག་གིས་ལན་གཅིག་བརྗོད།། དངོས་གྲུབ་ཤིན་དུ་མྱུར་བར་འགྱུར།། གལ་ཏེ་འདིར་བསྒྲུབ་མི་འདོད་ན།། དང་པོ་ཉིན་རེ་དུས་གསུམ་དུ།། བསྟོད་ན་སྡིག་པ་ལ་ངེས་གྲོལ། ་ཞིང་དག་པ་ནི་འགྲུབ་པར་བྱེད།། རབ་དུ་སྡུག་བསྔལ་ཐམས་ཅད་སེལ།། ལན་གཅིག་རབ་དུ་བརྗོད་པ་ཡིས།། དངོས་གྲུབ་ཐམས་ཅད་བསྐལ་བཟང་བྱེད།། ཕུན་སུམ་ཚོགས་པ ་དཔལ་འཕེལ་བར་བྱེད།། གྲུབ་པ་ཀུན་དོན་ཡོན་ཏན་ཅན།། མཚན་བརྒྱ་རྩ་བརྒྱད་དམ་པའོ།། དེ་ནས་གསང་བའི་མཆོད་པས་ནི།། རབ་དུ་དགའ་བས་མགོན་ལ་མཆོད། རང་གི་ཕྱག ་རྒྱ་ལན་གཅིག་ནི།། རང་གི་ཕྱག་རྒྱ་བཅིངས་ཏེ་བསྒྲུབ།། དེ་ནས་ལྷའི་ཆུ་དང་ནི།། དེ་བཞིན་སྐུ་མཆོག་གིས་དབང་བསྐུར།། རང་གི་རྡོ་རྗེ་བྱ་བ་བྱས་ལ། ་སྙིང་པོ་འདིས་ནི་བླང་བར་བྱ།། དེ་ལ་སྙིང་པོར་དབང་བསྐུར་བའི་སྙིང་པོ་ནི་འདི་ཡིན་ཏེ། ཛ་ཙཱ་བི་ཧོ་མ་ཧཱ་སུ་ཁ་བཛྲ་ས་ཏ་ཨ་ཛིབི་ཤེས་ཀན་ཏེ་ཨེ་བྷིའི་ཀཱི་སྟྲ་མི་སརྦ་བཛྲ་མི་ཏ་བ་ཏིདྡྷི ་དྷཱི་མེ་བྷ་བ།། སི་ཏེ་ན་མ་སྟེ་བྷ་བཱན། མ་ཧཱ་བཛྲ་དྷ་ར་ཏ་སྟྭཾ། མ་ཧཱ་བཛྲ་ས་ཏྭ། ཨོཾ་བྷུ་ར་བུ་ས།། །། དེ་ནས་རྡོ་རྗེས་དབང་བསྐུར་བ།། ཕྱག་ན་རྡོ་རྗེས་ཆེ་མིང་མཛད།། རྡོ་རྗེ་འཛིན ་ཆེན་སློབ་དཔོན་དུ།། དེ་ཉིད་དུ་ནི་རབ་གྲུབ་འགྱུར།། དེ་ནས་ཀྱང་ནི་ཅི་འདོད་པར། མཆོག་གི་དམ་པ་བསྒྲུབས་ན་ནི།། རྡོ་རྗེ་གོར་གྱི་མཆོད་པ་ཡིས།། ལེགས་པར་མཆོད་ལ་ཕྱིར ་དབྱུང་བྱ།། དེ་ནིས་བརྩམས་ཏེ་རྡོ་རྗེའི་བདག། རྡོ་རྗེ་ཐམས་ཅད་འཛིན་སློབ་དཔོན།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། རྡོ་རྗེ་སེམས་དཔའི་དངོས་གྲུབ་ཆེ།། ཕྱག་རྒྱ ་ཀུན་བདག་དབང་ཕྱུག་ཆེ།། ཐམས་ཅད་མཁྱེན་པ་དབང་ཕྱུག་ཆེ།། ལས་རྣམས་ཐམས་ཅད་ནུས་ལ་བརྟག། མི་ཚུགས་པ་དང་མི་བསོད་པ།། ཀུན་མཁྱེན་དངོས་གྲུབ་ཐམས ་ཅད་སྟེ།། སེམས་ཅན་ཀུན་གྱིས་རྒྱལ་པོ་ཆེ།། ཚར་གཅོད་པ་དང་ཕན་ཐོགས་ནུས།། ཐམས་ཅད་རྗེས་ཆགས་བྱེད་ཀུན་མཆོག། ཀུན་རིག་པ་དང་ཀུན་གྱི་གནས།། འདོད་པ་ཐམས ་ཅད་ལས་རབ་སྤྱོད།། ཕུན་ཚེགས་ཀུན་གྱི་དབང་ཕྱུག་ཆེ།། ལྷ་ལ་སོགས་པའི་སེམས་ཅན་ཀུན།། བསྒོ་བ་ཐམས་ཅད་རྟག་ཏུ་བྱེད།། རྡོ་རྗེ་སེམས་དཔའ་རྟག་ཏུ་མཐོང་།། ཚེ་འདི་ཉིད ་ལ་གྲུབ་པར་འགྱུར།། དེ་བཞིན་ཐམས་ཅད་དག་པ་དང་།། དེ་ཉིད་ཀྱིས་ནི་དད་པར་ལྡན།། དགའ་ཞིང་རང་བཞིན་དེ་བདག་པོར།། རྡོ་རྗེ་སློབ་དཔོན་འགྱུར་བ་ཡིན།། ཞེས་བཅོམ ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། བདེ་བ་ཆེན་པོ་རྡོ་རྗེ་སློབ་དཔོན་བྱིན་གྱིས་བརླབ་ཅིང་འཇུག་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། །། དེ་ནས་སློབ་མ་འཇུག་པའི་རྒྱུད་རྗེས་སུ ་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། རྡོ་རྗེ་མཆོད་ཡོད་སྙིར་ཁར་བསྐོར།། བཅིངས་ནས་བསམས་གཡོས་བཞིན་གྱིས་ནི།། མགོ་བོས་ཡང ་དག་ཕྱག་བྱ་བ།། དངོས་གྲུབ་ཐམས་ཅད་བསྒྲུབ་བྱེད་ཡིན།། དཀྱིལ་འཁོར་དུ་ནི་རབ་ཞུགས་པ།། བསྐོར་བ་ལན་གསུམ་བྱས་ནས་ནི།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། འགྲོ་བ ་ཀུན་ལ་རབ་གྲུབ་མཛོད།། དེ་ནས་དུས་ཀྱིས་མཆོད་པ་ཡིས།། བདེ་བ་ཆེན་པོ་ཡང་དག་མཆོད།། དེ་བཞིན་དུ་ནི་དབང་བསྐུར་བར། རྡོ་རྗེ་གསང་བའི་སློབ་མ་བཞུག། དེ་ནས་ཇི ་བཞིན་བརྒྱན་ནས་ནི།། རྡོ་རྗེ་སློབ་དཔོན་གྱིས་རབ་བཞུག། སློ་མའི་ཚོགས་རྣམས་བཞུག་ནས་ནི།། ཅི་འདོད་པ་ཡི་དངོས་གྲུབ་ཐོབ།། དེ་ནས་སློབ་མ་བཅུག་ནས་ནི།། དཔའ ་བས་ཆལ་འདི་བརྗོད་བྱ།། རབ་དགེས་རབ་བདེ་བསྟན་པའོ།། རྡོ་རྗེ་སེམས་དཔས་དེང་གྲུབ་མཛོད།། དེ་ནས་མེ་ཏོག་ཕྲེང་བ་ནི།། སྤྱི་བོ་ནས་ནི་མྱུར་དུ་དོར།། ་གང་དུ་མེ་ཏོག་བབ་གྱུར་ཏོ།། ལྷག་པའི་ལྷར་ནི་རབ་གྲུབ་འགྱུར།། དེ་ནས་ལྷའི་ཆུ་ཡིས་ནི།། རྡོ་རྗེ་འཛིན་པ་རང་དབང་བསྐུར།། རྡོ་རྗེ་ཆེན་པོ་རྡོ་རྗེ་ལྔ།། བྱིན་ལ་རྡོ་རྗེ་སྔགས་འདི་བརྗོད།། ་ཨོཾ་མ་ཧཱ་སུ་ཁ་བཛྲ། བཛྲ་ཨ་བྷི་ཀྵེ་ཀེ་ན་ཏི་ཨི་བྷི་ཀྵིཉྩ་མི། མ་ཧཱ་བཛྲ་དྷ་ར།། ཧེ་བཛྲ་ན་མ། སིདྡྷྱ་ན་མ་སཧཱ།། ། གང་ལ་རྡོ་རྗེ་མི་གང་ཞིག་བྱ་བ་ལ་དེ་ཀྱེ་ཞེས་བྱ་བའི་སྒྲ་དང་སྦར་བར་བྱའོ།། ་དེ་ནས་སྙིང་པོ་བྱིན་ལ་ཕྱག་རྒྱ་བཅིང་བསླབས་ནས། ཇི་ལྟར་མངོན་པར་འདོན་པར་བསྒྲུབ་པར་བྱའོ།། རྡོ་རྗེ་སེམས་དཔའི་ཆོ་ག་འམ།། གང་འདོད་རང་གིས་བསྒྲུབ་པ་ལ།། དེ་ཉིད ་ཀྱིས་ནི་དམ་ཚིག་ཉིད།། འཇུག་པ་ལ་སོགས་ཆོ་གར་བཤད།། འཇིག་རྟེན་པ་ནི་སྣ་ཚོགས་དང་།། དེ་བཞིན་འཇིག་རྟེན་འདས་པ་རྣམས།། ཐམས་ཅད་རང་གི་ཚི་ག་ནི།། རྒྱས་པར ་བསྒྲུབས་ན་མྱུར་དུ་འགྲུབ།། འདི་ལ་རབ་ཏུ་འཇུག་ཙམ་གྱིས།། མི་ཚུགས་དང་མི་ལྡོག་པ།། ཉིད་དུ་རྒྱལ་བའི་སྲས་འགྱུར་ཞིང་།། བདེ་ཆེན་རབ་དུ་གྲུབ་པ་སྟེ།། དེ་ནས་རྡོ་རྗེ་འཛིན ་སློབ་དཔོན།། གནས་ནི་དམ་དུ་བགོས་ནས་ཀྱང་།། རང་ཉིད་དང་ནི་གཞན་གྱིས་བསླབ།། དེ་ལ་འདི་ནི་གན་འགྲུབ་པའི།། རྡོ་རྗེ་ཆུས་དབང་བསྐུར་ནས་བརྗོད་པར་བྱའོ།། འདི་ནི་ཁྱོད ་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་བསྲེག་པར་བྱེད།། དམ་ཚིག་མ་འདས་འགྲུབ་འགྱུར་བས།། དངོས་གྲུབ་རྡོ་རྗེ་བདུད་རྩིའི་ཆུ།། དེ་ཉིད་ཆོས་དང་དམ་ཚིག་ནི།། རང་ཉིད ་དང་ནི་གཞན་གྱིས་བརླབ།། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུས་གནས་གནས་པ་འམ།། དད་པ་མེད་པས་དགོད་པར་འགྱུར།། དེ་ལ་འདི་ནི་དེ་ཁོ་ན་ཉིད་དང་།། ་དམ་ཚིག་གསང་བའི་ཆོ་ག་རབ་དུ་སྦྱིན་པར་བྱ་སྟེ།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམ ་ཚུལ་བདག་པོའི་བདག། དེ་ཁོ་ན་ཉིད་མཆོག་གི་གསང་བ་ལྔའི་དེ་ཁོ་ན་ཉིད་ཆེན་པོ་བཤད་པ་བྱས་ནས་བརྗོད་པར་བྱའོ།། བཅོམ་ལྡན་འདས་དེ་ཉིད་ཆོས་ཀྱི་ཆོ་ག་གསོལ་བར་མཛད ་བ་ནི།། སྲིད་པ་ངོ་བོ་ཉིད་ཀྱིས་བདག། ངོ་བོ་ཉིད་ཀྱིས་སྲིད་བྲལ་བྱས།། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པའི་མཆོག་ནི་བྱེད་པ་ཡིན།། དེ་ལ་སྲིད་ནི་རྣམ་པར ་དག་པའི་ཐབས།། རྟོག་པ་ཐམས་ཅད་ཀྱི་གསང་བའི་མཆོག། དམ་ཚིག་ཆེན་པོ་རྟག་ཏུ་བརྟན་པར་བྱ་བ་ནི་འདི་ཡིན་ཏེ།། སྲིད་པའི་བདེ་བ་ཤིན་དུ་ཆུང་།། སྡུག་བསྔལ་ཆེན་པོ ་དག་བྱའི་ཕྱིར།། ཤིན་དུ་བདེ་བ་དམ་པའི་ཐབས།། དམ་ཚིག་རྟག་ཏུ་བརྟན་པར་བྱ།། འདོད་པའི་ལོངས་སྤྱོད་ཐམས་ཅད་ནི།། ཅི་འདོད་པ་ནི་བརྟེན་བཞིན་དུ།། རང་གི་ལྷག་དྷཱའི ་སྦྱོར་བ་ཡིས།། བདག་དང་གཞན་ལ་སྦྱོར་བར་བྱ།། དེ་ལ་རྟོག་པ་ཐམས་ཅད་ཀྱི་གསང་བ་མཆོག་གི་དམ་ཚིག་ཆེན་པོའི་རྡོ་རྗེ་འདི་བརྗོད་པར་བྱ་སྟེ། ་སྲིད་པའི་འཁོར་ལོའི་གནས་སུ་ནི།། ཁམས་མཆོག་བདུག་པར་གྱུར་པའི་ཚེ།། དེ་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའ་བྱེད་པར་ནུས།། གསང་བ་མཆོག ་བི་དམ་ཚིག་ཐབས།། བསོད་ནམས་བྱིན་བརླབས་བསྒྲུབ་བྱེད་པ།། དངོས་གྲུབ་ཀུན་གྱི་དབང་ཕྱུག་བརྟན།། རྒྱུད་དུ་སེམས་ཅན་དོན་བྱེད་པའོ།། དེ་ལྟར་སེམས་ནི་རབ་དང་། ་རྡོ་རྗེ་ཉིད་དུ་གྱུར།། རང་གི་དམ་ཚིག་མི་ཟད་པ་དེ་བ་བསྐྱེད་པར་གྱིས།། དེང་ནི་འགྲོ་ལ་མྱུར་བ་དེ་སངས་རྒྱས་ཐམས་ཅད་དང་།། རབ་དུ་མཚུངས་ཤིང་རྟག་པ་ཉིད་དུ་རྟོགས་པར ་འགྱུར། དེ་ནས་ཁྱོད་ཀྱིས་བཅུད་དང་།། ཁ་ཟས་དང་། གནས་དང་། གླུ་དང་། རོལ་མོ་ལ་སོགས་པའི་མཆོད་པ་རྣམས་ལེགས་པར་བསྟམས་པས་སམ།། བདག་ཉིད་གང ་ལསྲེད་པས་ཀྱང་།། རྡོ་རྗེ་སློབ་དཔོན་ཆེན་པོ་མཆོད་པར་བྱའོ།། རྡོ་རྗེ་སློབ་དཔོན་མེ་ཏོག་སོགས།། ཅི་འདོད་པས་ནི་ལེགས་མཆོད་ཅིང་།། རྡོ་རྗེ་གར་གྱི་མཆོད་པ་ཡིས།། ཡང་། ་དག་པར་ནི་མཆོད་དེ་བྱུང་།། དེ་ནས་རྡོ་རྗེ་འཛིན་སློབ་དཔོན།། གར་གྱི་མཆོད་པས་མཆོད་ནས་ནི།། རྡོ་རྗེ་ཐལ་མོའི་སྦྱོར་བ་ཡིས།། སློབ་མ་ཀུན་གྱིས་རབ་དུ་མཆོད།། རོ་དང་ཁ་ཟས ་གནས་པ་དང་།། གླུ་དང་རོལ་མོ་ཅི་འདོད་པས།། རྡོ་རྗེ་སེམས་དཔའ་དེ་བཞིན་བདག། ཡང་དག་མཆོག་ནས་ཕྱིར་བྱུང་བྱ།། མཆོག་གི་དང་པོ་ཞེས་བྱ་བའི།། དཀྱིལ་འཁོར ་དུ་ནི་གསང་བའོ།། དེ་ནས་བསྒྲུབ་པ་བཤད་བྱ་བ།། དངོས་གྲུབ་ཤིན་དུ་བརྟག་པ་སྟེ།། གང་གིས་སྲིད་པ་འདི་ཉིད་ལ།། དངོས་གྲུབ་རྟག་པ་ཐོབ་བྱེད་པའོ།། འདི་ཡིས་བྱང་ཆུབ ་སེམས་དཔའ་ནི།། སྲིད་པར་གནས་ཤིང་སྲིད་པ་སྤངས།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། རྟག་ཏུ་སེམས་ཅན་དོན་བྱེད་ཀུན།། འདི་ཡིས་ཇི་ལྟར་མཆོག་གྲུབ་པ། ་དེ་ལྟར་བྱང་ཆུབ་སྤྱོད་སོགས་སམ།། དགེ་བའི་ཚུལ་ནི་གཞན་གྱིས་ཀྱང་།། སངས་རྒྱས་ཀུན་སོགས་ཐོབ་མི་འགྱུར།། གདུལ་བྱ་མིན་པ་བསོད་ནམས་མེད།། སངས་རྒྱས ་རྡོ་རྗེ་འཛིན་པ་ནི།། རྣམ་པ་ཀུན་མཐོང་སྣ་ཚོགས་ཀྱིས།། སེམས་ཅན་དོན་བྱེད་མི་ནུསོ།། དེ་བས་རྒྱུན་ཆེན་ལས་གྲུབ་པ།། སངས་རྒྱས་སམ་ནི་རྡོ་རྗེ་འཛིན།། མཐོང ་ལ་སོགས་པས་སེམས་ཅན་དོན།། ན་མཁའ་མཉམ་པར་བྱེད་པ་ཡིན།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། སྲིད་པའི་ངེས་པ་དྲི་མ་མེད།། ནམ་མཁའ་མཐའ་ཡས་སེམས་ཅན ་དོན།། མྱ་ངན་མི་འདའ་བྱེད་པ་ཡིན།། དཀྱིལ་འཁོར་དག་ཏུ་མ་ཞུགས་པ་འམ།། བསོད་ནམས་མེད་པ་འམ་ལེ་ལོ་ཅན།། དེ་ཡང་ཀུན་མཆོག་གྲུབ་པ་ཡིས།། ཚེ་འདི་ཉིད་ལ ་གྲུབ་པར་འགྱུར་ཞེས་བཅོམ་ལྡན་འདས་དོན་ཡོང་གྲུབ་པ་རྡོ་རྗེ་སེམས་དཔས་གསུང་སོ།། དེ་ནས་དོན་ཡོད་ཅིང་ཐོག་པ་མེད་པ་མྱུར་དུ་བསྒྲུབ་པའི ་མཆོག་རྗེས་སུ་སྤང་བར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། ལུགས་པ་འམ་ནི་བསྐོས་མ་འམ།། བྱས་མ་འམ་ནི་བྲིས་མ་འམ།། དང་པོའི་སེམས་དཔའ ་བརྟགས་ནས་ནི།། མདུན་དུ་དེ་ནི་བསྒྲུབ་པར་བྱ།། ཉིན་རེ་བཞིན་ནི་དང་པོ་རུ།། དེ་བཞིན་ཡུལ་དང་ལྡན་བྱང་བས།། དང་པོའི་གསང་མཆོག་ཀྱིས་བཀུག་སྟེ།། ཕྱག་རྒྱ་ཆེན ་པོས་རབ་བྱིནི་བརླབས།། རྡོ་རྗེའི་མི་གཾ་གིས་དེ་བཞིན་བལྟ།། རྡོ་རྗེ་བསྙེམས་ཚུལ་བདག་པོ་རང་།། རྡོ་རྗེ་ཧཱུཾ་ནི་གླུར་ཟློས་པས།། རྡོ་རྗེ་སེམས་དཔའ་བསྒྲུབ་པར་བྱ།། དེ་རྗེས་ཆ་ལུག ་ཇི་བཞིན་དུ།། མཆོག་གི་དང་པོ་རབ་དགེས་པས།། གཟུགས་བརྙན་སོགས་ལ་དང་པོར་ནི།། ཅི་འདོད་པར་ནི་པོ་རབ་དུ་བསྒྲུབ།། འདི་ཡིས་འདོད་པ་ཀུན་དབང་ཕྱུག། འདོད་པ་ཙམ ་གྱིས་འགྲོ་འང་ལྡན།། འདོད་པ་ཀུན་གྱིས་དབང་ཕྱུག་གྲུབ།། ཀུན་མཆོག་དམ་པའི་དབང་ཕྱུག་ཡིན།། ཕུན་སུམ་ཚོགས་ཀུན་བདག་ཐམས་ཅད།། འདོད་ཆགས་ཆེན་པོ་བདེ་བ་ཆེ།། ་ཐམས་ཅད་འདུལ་མཛད་སྣ་ཚོགས་པ།། རྟག་པར་ཀུན་དུ་འདུལ་བཔོ།། དངོས་གྲུབ་ཀུན་གྱི་བདེ་མཆོག་མཆོག། ཕྱག་རྒྱ་ཀུན་བདག་དབང་ཕྱུག་ཡིན།། རྗེ་རྗེ་ཀུན་གྱི་དངོས་གྲུབ་ཆེ ་ཐམས་ཅད་མཁྱེན་པའི་འབྱུང་གནས་ཆེ།། མི་ཚུགས་པ་དང་མི་སོང་བ།། ཐམས་ཅད་བྱེད་ཅིང་ཀུན་གྱི་གནས།། ཁམས་གསུམ་ལས་རྒྱལ་སྣ་ཚོགས་པ།། ཚར་གཅོད་པ ་དང་ཕན་འདོག་པ།། ཀུན་ལ་རྗེས་ཆགས་ཀུན་གྱི་མཆོག། ཀུན་རིག་དངོས་གྲུབ་ཐམས་ཅད་སྟེར།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། རང་གི་རྣམ་འཕྲུལ་རང་སྟོན་བྱེད། ་ཀུན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག་ཆེན་པོས་དབང་ཕྱུག་ཆེ།། གཟུགས་དང་ཚེ་སྟོབས་རྡོ་རྗེ་མཆོག། རྡོ་རྗེ་སེམས་དཔའ་གཉིས་པ་བཞིན།། འགྲོ་བ་རྣམས་ཀྱི ་མཆོད་ཅིང་བརྗོད།། རང་གི་གཉེན་རྣམས་ཀྱིས་བརྟན་པ།། རྒྱལ་པོ་རྡོ་རྗེ་འཆང་ཆེན་ལྟར།། དགའ་དང་འཆི་བ་མེད་པར་འགྱུར།། གལ་ཏེ་རྡོ་རྗེ་སེམས་དཔའ་འམ།། སངས ་རྒྱས་བྱང་ཆུབ་སེམས་ཉིད་འདོད།། དངོས་གྲུབ་ཇི་ལྟར་འདོད་ཉིད།། ཚེ་འདི་ཉིད་ལ་གྲུབ་པར་འགྱུར།། ཕྱི་མ་འམ་ནི་འཇིག་རྟེན་འམ།། རྟོག་ཀུན་ལས་བཤད་ཆོ་ག་འམ། ་རང་ཉིད་ཀྱིས་མཛད་ཀྱིས་རྟག་ཏུ།། དངོས་གྲུབ་ཐམས་ཅད་འགྱུར་ཞེས།། བཅོམ་ལྡན་རྡོ་རྗེ་དངོས་གྲུབ་ཀྱི།། དབང་ཕྱུག་བདེ་བ་ཆེན་པོ་ནི།། རྡོ་རྗེ་འཆང་བ་ཆེ་རྒྱལ་པོ།། ཀུན ་མཆོག་སའི་དབང་པོས་གསུངས།། དེ་ལ་ཇི་ལྟར་ན་རང་གི། ཕྱག་རྒྱ་བསྒྲུབ་པའི་རྒྱུད་ཡིན་ཞེ།། ཕྱག་རྒྱ་ཆེན་པོ་མཉམ་བཞག་ལ།། རང་གི་དང་པོས་ལན་གཅིག་བསྒྲུབས།། ཏྲི་ཧ་སུ་ཏྲ ་བྱས་ན་དག་ཏ། སུ་བོ་ཆུས་ཏེམ་དུ། དེས་ཇི་ལྟར་ན་མིག་ཙུག་གྲུ་ཟློས་པའི་རྒྱས་ཡིན་ཞེས། བི་རི་ཏ་སོགས་ཀྱི་བརྒྱན་ལྡན།། ཅི་ནུས་པ ་དགའ་བ་།། གན་དརས་སོགས་གྲུ་བླངས་པའི།། མི་ག་ཙྪ་གིས་འགྲུབ་པར་འགྱུར།། དེ་ནས་བྱག་རྒྱ་ཐམས་ཅད་ཀྱི་མཆོག་བསྒྲུབ་པའི་རྒྱུད་བཤད་ཏེ།། གལ་ཏེ་ཕྱག་རྒྱ་བསྒྲུབ་འདོད ་ན།། དེ་བཞིན་ཡུལ་དང་ལྡན་བྱུང་བས།། རང་ཉིད་ཀྱིས་ནི་བརྒྱ་བཅིངས་ཏེ།། ཡོངསུ་མི་སྐྱེའི་བར་དུ་བསྒྲུབ།། དེ་ལ་ཇི་ལྟར་ན་དམ་ཚིག་ཐམས་ཅད་བསྒྲུབ་པའི་རྒྱུད་ཡིན་ཞེ་ན། ་དམ་ཚིག་ཕྱག་རྒྱས་བཅིངས་ནས་ནི།། ས་མ་ལ་སྙོམ་ཞེས་བརྗོད་ལ།། རང་གི་སྙིང་ཁར་རིམ་བཞིན་དུའང་།། ཕྱག་རྒྱའི་མཆོག་དེ་བསྒྲུབ་པར་བྱ།། ཇི་ལྟར་ཡི་ག་ཧཱུཾ་གི་གླུ། རི་ཏ ་སོགས་བྱག་རྒྱར་ལྡན།། དེ་ནས་ལས་ཀྱི་ཕྱག་རྒྱའི་མཆོག་བསྒྲུབ་པའི་རྒྱུད་ནི།། རྡོ་རྗེ་གར་གྱི་མཆོད་པ་ཡིས།། ཡོངས་སུ་མི་སྐྱོ་བར་བསྒྲུབས་ན།། མཆོད་པ་ཀུན་སོགས་ལས་རྣམས་ནི། ་ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། རྡོ་རྗེ་འཆང་ཆེན་ཉིད་དང་ནི།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། གཞན་ཡང་དངོས་གྲུབ་ཐམས་ཅད་ནི།། དམ་པ་མྱུར་དུ་འགྲུབ་པར་འགྱུར ་རྟོག་པ་ཐམས་ཅད་ཀྱི་བསྒྲུབ་པ་ཆེན་པོ་དོན་ཡོད་པར་གྲུབ་བསྒྲུབས་པའི་ཆོ་ག་རྒྱས་པའི་རྒྱུད་དོ།། དེ་ནས་རྟོག་པ་ཐམས་ཅད་བསྒྲུབ་པའི་རྒྱུད་ནི།། ཉིན་རེ་རེ་བཞིན་དང་པོར་ལན་གཅིག་ཕྱག་རྒྱ ་བསྒྲུབ་པ་དོན་ཡོད་པ་དངོས་གྲུབ་ཐོགས་པ་མེད་པ་བཤང་བར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་སོ།། ཐམས་ཅད་རྗེ་སུ་མཉེས་པར་བྱ་བ་དང་།། དགུག་པ་དང་། བཅིང་བ་དང་། ་དབང་དུ་བྱ་བ་བསྒྲུབ་པ་ལ་ནི།། དེ་བདེ་བ་ཆེན་པོ་རྡོ་རྗེ་བལྟ་བསོ།། བདེ་བ་དང་། ཡིད་བདེ་བ་དང་། ཕུན་སུམ་ཚོགས་པ་དང་། དངོས་གྲུབ་ཐམས་ཅད་མངོན་པར་འཕེལ་བར་བྱ་བ་ལ་ནི། ་བདེ་བ་ཆེན་པོ་རྡོ་རྗེ་ཆོས་སོ།། ཚེ་དང་ལོངས་སྤྱོད་དང་། གཟུགས་དང་། གཟི་བརྗིད་ཆེན་པོ་མངོན་པར་འཕེལ་བར་བྱེད་པ་ལ་ནི་དང་པོའི་རྡོ་རྗེ་བཅུད་ཀྱིསོ།། དཔལ་མཆོག་དང་པོ་དང་། ་བསྐལ་པ་བཟང་པོ་དང་། གྲགས་པོ་དང་བསྟན་པ་འཕེལ་བར་བྱ་བ་ནི།། དབང་པོ་རྡོ་རྗེ་གྲུབ་པསོ།། སྟོབས་ཆེན་པོ་དང་། ཡེ་ཤེས་དང་། ཆོས་དང་། ལས་གྲུབ་པ་ལ་ནི། དང་པོ་རྡོ་རྗེའི ་སྙིང་སྟོབས་ཆེ་བས་སོ།། རྫུ་འཕྲུལ་དང་། ཆོ་འཕྲུལ་དང་། རྨད་དུ་བྱུང་བ་དང་། རྣམ་པར་འཕྲུལ་པ་ཐམས་ཅད་སྟོན་པ་ལ་ནི།། དང་པོ་རྡོ་རྗེའི་རྣམ་པར་འཕྲུལ་པས་སོ།། ཐམས་ཅད་དུ་ཡི ་བ་དང་།། གཟུགས་ཀྱིས་བདེ་བ་ཐམས་ཅད་མཐོང་བ་དང་། ཐོས་པ་དང་། སྨྲ་བ་དང་། འདྲི་བ་དང་། གྲུབ་པར་བྱ་བ་ལ་ནི། དང་པོ་རྡོ་རྗེ་དོན་ཡོད་པའི་བདེན་པས་སོ།། དབང་པོ་ཐམས་ཀྱིས ་བདེན་པ་མཐོང་བ་དང་། ཐོས་པ་དང་། སྦ་བ་དང་། ཟིལ་གྱིས་གནོན་པ་ལ་ནི་དང་པོའི་རྡོ་རྗེ་དོན་ལོང་བས་འདེན་པསོ།། སྒྱུ་མ་ཐམས་ཅད་དང་། བདེ་བའི་མཆོག་དང་། ལུང་སློབ་དང་། ལིན་ཐོ ་བགྲུབ་པ་ལ་ནི་དང་པོའི་རྡོ་རྗེ་རྨང་དུ་བྱུང་བ་སོ།། གཏེར་ཐམས་ཅད་དབྱུང་བ་དང་།། ནོར་དབྲོག་པ་དང་། རྒྱལ་སྲིད་འཐོབ་པ་དང་། ས་ལ་ཉེ་བར་ལོངས ་སྤྲོད་པ་ལ་ནི། དང་པོའི་རྡོ་རྗེ་དབང་བསྐུར་བ་སོ།། ཡུལ་ཐམས་ཅད་དང་། སྐྱེ་བོ་དང་། གྲོང་ཁྱེར་དང་། ནགས་དང་། ཆུ་བོ་ཉེ་བར་ལོངས་སྤྱོད་པ་ནི།། དང་པོའི་རྡོ་རྗེ་བསྒྲུབ་པསོ།། ་ཐམས་ཅད་ལས་སྔོན་བྱུང་བའི་ལྷའི་ཡུལ་དང་། རིན་པོ་ཆེ་དང་། ཁང་བཟངས་དང་། བཏུང་བ་དང་། གཡོག་འཁོར་ལ་སོགས་པ་སྤྲུལ་ཏེ། ཉེ་བར་ལོངས་སྤྱོད་པ་ལ་ནི། དང་པོ ་རྡོ་རྗེ་སྤྲུལ་པསོ།། སྐྲ་ཅིག་གིས་ཐམས་ཅད་འབྲས་བུ་ལ་སོགས་པ་སྨིན་པ་བསྐྱེད་པ་དང་། ཆུའི་ཕུང་པོ་ཆེན་པོ་འབྱུང་བ་དང་། སྣང་བ་ཆེན་པོ་བསྐྱེད་པ་དང་། ཀླུ་ཐམས་ཅད་དབང ་དུ་བྱ་བ་ལ་ནི་དང་པོའི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་གིསོ།། རྒྱུ་བ་དང་མི་རྒྱུ་བའི་དངོས་པོ་ཐམས་ཅད་བཟའ་བ་དང་། བཏུང་བ་གཙོར་བཞུག་པ་དང་། ལོས་ཐམས་ཅད་ལས་སྦར་བར་བྱ་བ ་ནི་དང་པོའི་རྡོ་རྗེ་དྲོན་ཡོང་བའི་ལས་ཐམས་ཅད་དབང་དུ་བྱེད་པསོ།། དངོས་པོ་ཐམས་ཅད་ལས་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་དང་། རྡོ་རྗེ་འཛིན་པ་དང་། རྡོ་རྗེ ་ལ་སོགས་པ་མཐོང་བ་ལ་ནི། དང་པོའི་རྡོ་རྗེ་བསྙེམས་སོ།། རང་གི་བདག་ཉིད་རྡོ་རྗེ་སེམས་དཔའ་ལ་སོགས་པའི་གཟུགས་ཐམས་ཅད་སྤྲུལ་ཅིང་སྟོན་པ་དང་། མི་སྣང་བ་དང་། ན་མཁའ ་ལ་འགྲོ་བ་དང་། ཤིན་དུ་ཕྲ་བ་དང་། སྦོམ་པ་དང་། དུ་མར་སྟོན་པ་ལ་ནི་དང་པོའི་རྡོ་རྗེ་གཟུགས་སྣ་ཚོགས་ཀྱིསོ།། འཇིག་རྟེན་གསུམ་གྱི་བདག་པོར་གྱུར་པ་ཐམས་ཅད་དབབ་པ་དང་། ་དབང་དུ་བྱ་བ་དང་། བཅིང་བ་དང་། ལས་ཐམས་ཅད་ལས་སྦྱར་བར་བྱ་ལ་ནི། དང་པོའི་རྡོ་རྗེ་ཧཱུཾ་མཛད་ཀྱིསོ།། ལྷ་ཐམས་ཅད་དབབ་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། ལས ་ཐམས་ཅད་ལ་ནི་དང་པོའི་རྡོ་རྗེ་བདག་པོས་སོ།། ཀླུ་ཐམས་ཅད་བདོན་པ་དང་། གདུལ་བ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལ་ངེས་པར་སྦྱར་བར་བྱ་བ་ནི། དབང་པོའི་རྡོ་རྗེ་འབར ་བའི་རྡོ་རྗེས་སོ།། གནོད་སྦྱིན་ལ་སོགས་པ་ཐམས་ཅད་དགུག་པ་དང་། དབང་དུ་བྱ་བ་དང་། ལས་ཐམས་ཅད་ལས་ངེས་པར་སྤང་བར་བྱ་བ་དང་། སྐྲག་པར་བྱ་བ་ལ་ནི་དང་པོའི་རྡོ་རྗེ ་གདོན་འདུལ་བ་སོ།། དཀྱིལ་འཁོར་ཐམས་ཅད་བརྟག་པ་དང་། འཇུག་པ་དང་། མཆོད་པ་དང་། བསྒྲུབ་པ་དང་། ལས་ཐམས་ཅད་ལས་ངེས་པར་སྦྱར་བ་ལ་ནི་དང་པོའི་རྡོ་རྗེ་འཁོར ་ལོ་སོ།། ཕྱག་རྒྱ་ཐམས་ཅད་དགུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། བརྟན་པར་བྱ་བ་ཐམས་ཅད་བསྒྲུབ་པ་ལ་ནི། དང་པོའི་རྡོ་རྗེ་བྱ་བ་རྒྱ་གྲུབ་པ་སོ།། དམ་ཚིག་ཐམས་ཅད། ་དགུག་པ་དང་། བཞུག་པ་དང་། བཅིང་བ་དང་། བསྒྲུབ་པ་ལ་ནི་རིང་པོའི་ཛི་རྗེ་དམ་ཚིག་མཆོག་གིསོ།། ལས་ཐམས་ཅད་རབ་དུ་གྲུབ་པ་དང་། རྣམ་པར་མི་འཇིགས་པར་བྱ་བ་དང་། ་སྨན་པ་ཐགས་པ་ན་པ་དུནགས་པམ་རྣམས་རྒྱས་སོ།། མས་ས་པ་ག་ནས་དང་། ས་པ་། ་རྒྱུ་ནྀ། དང་པོའི་རྗེས་སོ།། སེམས་དཔ་ན་པ་ཐམས་ཅད་ཐུན་པ་ཞུག་པ་དག་། བཅིང་བདག་དབང་དབྱབ་བསྒྲུབབ་སེཾ་ན་རྣཾསེས་དང ་དོན་གས་པརྣམས་དང་ཐུག་པ་དང་། བཞུན་བ་དང་། ཡང་དང་། དང་དབྱུ་དང་།། ཤཱ་བ་རྗེ་ཞི་ག་གིས་སོ།། རྡོ་རྗེ ་དབུག་པ་དང་། བཞུག་པ་དག་། ཡིང་དེ་དག་དང་དབྱིབང་ནི་ང་པོ་རྗེ་འཛིན་པ་སོ།། གིས་གསུང་པོ།། དཀྱིལ་འཁོར་དབུང་དྲུ་ཞུགས་པ་འམ། སྡིག་པ་ཐམས་ཅད་བྱས་པ ་རང་གི་སྙིང་པོས་བསྒྲུབས་པ་འམ། དངོས་གྲུབ་ཐམས་ཅད་འབྲུབ་བར་འགྱུར། མ་བསྒྲུབས་པ་ཐམས་ཅད་འགྲུབ་ག། བྱག་རྒྱ་རྐྱེན་པོ་འགྲུབ་པའོ།། དེ་ནས་དང་པོ་སྙིང་པོས་བསྒྲུབ ་བའི་ཐམས་ཅད་དོནི་སོང་པའི་ཐོགས་པ་མེད་པ། ལས་ཐམས་ཅད་ཀྱི་རྒྱན་གཅིག་ལ་འགྲུབ་པ་རྗེས་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་ཐམས་ཅད་ཀྱི་སྣ་ཚོགས་པའི་ཟིན ་ལས་རྡོ་རྗེ་ཆང་ཆེན་པོས་གསུང་སོ།། དོན་ཡོང་བ་དང་ཐོགས་པ་མེད་པ། བདག་དང་བདག་ཤེགས་ལྷན་ཅིག་དང་། ལས་ཀྱི་རབ་འབྲས་འདིདག་ནི། དངོས་གྲུབ་རྩཝ་ཅིག་གིས་གྲུབཅི ་འདི་ལྟ་སྟེ། ཐམས་ཅད་ཤིན་དུ་བསྲུང་བ་དང་། ཡོངས་སུ་བསྒྲུབ་པ་དང་། ཞི་བ་དང་། བདེ་ལེགས་སུ་བྱ་བ་དང་། ཚེ་མངོན་པར་འཕེལ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་སེམས་དཔའི་གཙུས ་གཏོར་གྱི་ཕྱག་རྒྱསོ།། དཀྱིལ་འཁོར་ཐམས་ཅད་དང་། མཚམས་དང་། དམ་ཚིག་དང་། དངོས་གྲུབ་བཅིང་ཞིང་བསྲུང་བ་ལ་ནི། རྡོ་རྗེ་གར་སོ་སོར་འབྲང་བ་ཆེན་པོས་སོ།། ཉིན ་གསུམ་པ་དང་། ཉིན་བཞི་པ་དང་། སླར་བཟློས་པ་དང་། བརྟག་པ་ཅན་དང་། ཁྱབ་འཇུག་གི་རིགས་ཐམས་ཅད་གསལ་བ་ལ་ནི། རྡོ་རྗེ་གར་རིམས་ནད་མེད་པསོ།། བདུང་བ་ཐམས་ཅད ་དང་། གནོད་བྱེད་དང་། ནང་དང་། མྱ་ངན་དང་། སྡུག་བསྔལ་བ་ཞིག་པ་ལ་ནི། རྡོ་རྗེ་གར་གྱི་སྡུག་བསྔལ་ཞི་བ་སོ།། དུག་དྲང་སྦྱར་བའི་དུག་ཉེ་བར་ཞི་བ་དང་། དབབ་པ་དང་། བཅིང་བ་དང་། ་བཟའ་བ་དང་། བདུད་རྩིར་བྱ་བ་ལ་ནི། རྡོ་རྗེ་གར་གྱི་ཉེ་བའི་དུག་གི་སོ།། གདོན་ཐམས་ཅད་དབབ་པ་དང་། བཅིང་བ་དང་། དམ་ཚིག་འཛིན་དུ་བཞག་པ་དང་། རབ་དུ་དུལ་བ་དང་། ་བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་གདོན་ལས་དབབ་པས་སོ།། ཐམས་ཅད་བཅིང་བ་དང་། ཐར་པ་དང་། དྲལ་བ་དང་། ལྟུང་བ་དང་། སྣང་བ་ལ་ནི་རྡོ་རྗེ་གར་གྱི་རྡོ་རྗེ་ཆེན་པོའི་ཁྲོ་བོས་སོ།། ་མཁའ་པ་ཐམས་ཅད་ཀྱི་ཕྱག་རྒྱ་གཞིག་པ་དང་། གདོན་ཐམས་ཅད་ལས་ཐར་བར་བྱ་བ་དང་། ཤིང་དང་། ཚེ་མངོན་པར་འཕེལ་བ་དང་། ཤིན་དུ་བསྲུང་བ་ལ་ནི་རྡོ་རྗེ་གར་གྱི་བྱག་རྒྱ ་ལས་ཀྱིས་སོ།། སྒྲིབ་པ་ཐམས་ཅད་དང་། རྨི་ལམ་ངན་པ་ཐམས་ཅད་དང་། ལྟས་ངན་པ་དང་། བྱུར་གཞིག་པ་ལ་ནི་རྡོ་རྗེ་གར་གྱི་ནིབས་སོ།། ཐམས་ཅད ་དངང་པ་དང་། བསྐྱོད་པ་དང་། གར་བྱེད་དུ་བཞུག་པ་དང་། ཐམས་ཅད་བདེན་པར་སྒྲར་བཞུག་པ་དང་། པྲ་སེན་ཐམས་ཅད་བསྒྲུབ་པ་ལ་ནི། རྡོ་རྗེ་གར་གྱི་ཐམས་ཅད་འབེབ་པའི ་ཕྱག་རྒྱས་སོ།། ཐམས་ཅད་རྒྱས་གདབ་པ་དང་། གསང་བ་དང་། ཐམས་ཅད་ལྟུང་བར་བྱ་བ་དང་། སྤང་བ་དང་། སླར་གསོ་བ་ལ་ནི། དོན་ཡོད་གྲུབ་པའི་མཁའ་འགྲོ་མ་ཆེན་མོས་སོ།། ་ཐམས་ཅད་རེངས་པར་བྱ་བ་དང་། རྨོངས་པར་བྱ་བ་དང་། བཟའ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་སྲིན་པོས་སོ།། གཞན་གྱི་དཔུང་ཐམས་ཅད་སྐྲག་པར་བྱ་བ་དང་། གཞོམ་པར་བྱ་བ ་དང་། དབང་དུ་བྱ་བ་དང་། ལྟུང་བར་བྱ་བ་ནི་རྡོ་རྗེ་གར་གྱི་གཤད་བྱེད་ཀྱིས་སོ།། ཁྲོ་བོ་ཐམས་ཅད་གསལ་བ་དང་། བཞིན་རོས་དད་པར་བྱ་བ་དང་། བརྩོད་པ་ལས་རྒྱལ་བ་དང་། འཛིན ་བ་ལས་ཐར་པ་དང་། གཡུལ་འགྱེད་པ་ལས་རྒྱལ་བར་གྲུབ་པ་ལ་ནི། རྡོ་རྗེ་གར་གྱི་རྒྱལ་མཚན་མཆོག་གི་དཔུང་བརྒྱན་གྱིས་སོ།། སྦྱིན་ཐམས་ཅད་ཡང་དག་པར་བཟུང་ཞིང་མི་གཡོ་བར ་བྱ་བ་དང་། ཆར་ཆེན་པོ་དབབ་པ་དང་། རླུང་དང་། ཆར་དང་། གློག་དང་། སེར་བ་བཟློག་པ་དང་། དྲོ་བ་དང་། དྲང་བ་གསལ་བར་བྱ་བ་ལ་ནི་རྡོ་རྗེ་གར་གྱི་དབང་པོའི་རྡོ་རྗེས་སོ།། གཟུགས་དང་། སྒྲ་དང་། ་དྲི་དང་། རོ་དང་། རེག་བྱ་ཐམས་ཅད་ཤིན་དུ་གྲུབ་པ་ལ་ནི། རྡོ་རྗེ་གར་གྱི་འདོད་པའི་དབང་ཕྱུག་གིས་སོ།། རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་རྗེ་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱ་བ ་དང་། རྩེ་བ་དང་། ལས་ཐམས་ཅད་ལས་ངེས་པར་སྦར་བ་ལ་ནི། རྡོ་རྗེ་གར་གྱི་དངོས་གྲུབ་ཐམས་ཅད་ཀྱིས་སོ།། ལྷ་ཐམས་ཅད་ལས་དབབ་པ་དང་། ཀླུ་ཐམས་ཅད་དབང་དུ་བྱ་བ ་དང་། གནོད་སྤྲིན་དང་། འབྱུང་པོ་དང་། མ་མོ་ཐམས་ཅད་ལ་ངེས་པར་སྦར་བ་ལ་ནི། རྡོ་རྗེ་གར་གྱི་སྐུ་མཆོག་གིས་སོ།། གནམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ ་ཐམས་ཅད་དབྲོག་པ་དང་། ལྷ་དང་ལྷ་མ་ཡིན་གྱི་བུད་མེད་ཐམས་བརྩེ་བོ་དང་། འཇིག་རྟེན་གསུམ་ལས་རྒྱལ་བ་དང་། འདོད་པའི་དབང་ཕྱུག་ཐམས་ཅད་ལས་རྒྱལ་བ་དང་། དབང་ཕྱུག ་ཆེན་པོ་ཐམས་ཅད་དབྲོག་པ་ནི། རྡོ་རྗེ་གར་གྱི་སྐྱེས་བུ་ཆེན་པོས་སོ།། མཆོད་པ་ཐམས་ཅད་བསྒྲུབ་པ་དང་། ཐམས་ཅད་རྡོ་རྗེ་གར་བྱ་བ་དང་། བདུད་ལ་སོགས་པ་ཐམས་ཅད་རབ་དུ་གཞོམ ་པ་དང་། ཕྱག་རྒྱ་ཐམས་ཅད་བཅིང་བ་དང་། དངོས་གྲུབ་ཀྱི་མཆོག་ལ་སོགས་མ་ལུས་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་རྒྱུན་མྱུར་དུ་གྲུབ་པར་བྱ་བ་ལ་ནི། རྡོ་རྗེ་བྱི་དོན་ཡོད་ཅིང ་ཐོགས་པ་མེད་པར་མྱུར་བའི་ལས་སྣ་ཚོགས་ཀྱི་དངོས་གྲུབ་དམ་པ་སོ།། དེ་ནས་ཕྱག་རྒྱ་ཐམས་ཅད་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་ནི།། ཉིན་རེར་དང་པོ་ལན་ཅིག་ནི།། ཕྱག་རྒྱ་ཐམས་ཅད་རབ ་བསྒྲུབ་བྱེད།། སྙིང་པོ་ཧཱུཾ་མཆོག་བཟླས་ནས་ནི། ཕྱག་རྒྱ་ཆེན་པོ་རབ་བསྒྲུབ་བྱེད། དེ་ཡི་རྗེས་ལ་ཉེ་སྙིང་པོ།། ལས་རྣམས་ཀུན་ལ་ངེས་སྦྱོར་བས། ་དོན་ཡོད་གྲུབ་པས་ལས་རྣམས་ནི།། ཀུན་ལ་ཤིན་དུ་གྲུབ་པར་འགྱུར།། ཕྱག་རྒྱ་ཐམས་ཅད་རབ་བྱིན་བརློབ།། ཕྱག་ན་རྡོ་རྗེའི་ཕྱག་རྒྱ་ནི།། དཀྱིལ་འཁོར་དག་དང་མ་མཐོང་བ།། ་མ་བཤད་པ་ལ་རབ་གྲུབ་འགྱུར།། རྟོག་འདིར་འཇིགས་པ་ཡོད་མིན་ཏེ།། འཁོར་ལོ་མེད་ལ་བརྒྱ་བྱིན་གྱིས།། གང་ཕྱིར་བདག་ལ་བྱིན་བརློབ་པས།། རང་སྲས་རྒྱུ་ནི་འགྱུར་བ ་ཡིན།། སྡིག་པ་ཆེན་པོ་བྱེད་པ་ལའང་། བསམ་པ་ཤེས་ན་སྨིན་པར་བྱ།། འདི་དག་བཅིངས་ཙམ་ཉིད་དགའ་བྱེད།། དངོས་གྲུབ་ཐམས་ཅད་གྲུབ་པར་འགྱུར།། དཔལ ་མཆོག་དང་པོ་རྟོག་པ་ཆེན་པོའི་རྒྱལ་པོ།། བདེ་བ་ཆེན་པོ་དོན་ཡོད་པའི་དམ་ཚིག་གི་ཆོ་ག་རྒྱས་པའི་རྟོག་པའོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། འབྱིན་པ་བྱེད་པའི་བདེ་བ་ཆེ།། བདེ ་ཆེན་རབ་དུ་བསྟན་ཕྱིར་དང་།། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར།། ཐམས་ཅད་ཀུན་དང་མཉམ་ཟད་མེད།། ཀུན་གྱི་བདག་ཉིད་ལ་ཞུགས་ཏེ།། མཉམ་པའི་དངོས་གྲུབ ་མཆོག་སྤྲོས་ནས།། དེ་བཞིན་གཤེགས་པའི་རིགས་བྱུང་ནས།། མཐའ་ཡས་པའི་ཞིང་ཐམས་ཅད་ན།། འཇིག་རྟེན་ཀུན་གྱི་ཁམས་བཅས་པ།། དེ་ཚེ་སངས་རྒྱས་ཐམས་ཅད་ཀྱིས། ་ཏིལ་གྱི་གང་བུ་བཞིན་མྱུར་གང་།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། སེམས་ཅན་ཀུན་འདུན་ཡང་དག་བཞུགས།། སེམས་ཅན་ཐམས་ཅད་མ་དག་པས།། རང་གི་ལས་ཀྱིས་དང ་མི་འགྱུར།། དེ་ཚེ་སེམས་ཅན་ཁམས་རྣམས་ནི།། རང་བཞིན་གྱིས་ནི་གསོའ་བཀའ་ཞིང་།། རང་གི་ལས་ནི་སྤྲིང་དོན་དུ།། བཏང་སྙོམས་ཆེན་པོ་མཛད་པ་ཡིན།། དེ་ནས་བཅོམ་ལྡན ་རྡོ་རྗེ་ཅན།། སེམས་དཔའ་ཆེན་པོ་བདེ་བ་ཆེ།། བྱང་ཆུབ་ཆེན་པོ་ཐུགས་བརྟན་པས།། སྐ་ཅིག་གིས་ནི་ཡང་དག་བསྐུལ།། སེམས་ཅན་ཀུན་ལ་ཕན་བསོད་ནམས།། བྱང་ཆུབ ་སེམས་ནི་བརྟན་པ་བདག། སེམས་ཅན་ཁམས་ནི་རྒྱུད་འགྱུར་བས།། ཤིན་དུ་བཏང་སྙོམས་མ་མཛད་ཅིག། དེ་ནས་སངས་རྒྱས་ཀྱིས་གསུངས་པ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ ་ཅན།། ཐུགས་རྗེའི་བདག་ཉིད་ཅན་གྱི་ཐབས།། བྱང་ཆུབ་སེམས་མཆོག་ཁྱོད་སྨྲོས་ཤིག། དེ་ནས་སྟོན་པ་རྡོ་རྗེ་འཛིན།། དེ་ཚེ་ཀུན་ནས་བྱིན་གྱིས་བརླབས།། བདེ་བ་ཆེན་པོ་རྡོ་རྗེ ་ཆེ།། དཀྱིལ་འཁོར་ཆེན་པོ་དམ་པ་ཡིན།། ཁམས་གསུམ་འཁོར་ལོ་རྒྱ་ཁྱོན་གྱིས།། འཁོར་ལོ་ཆེན་པོ་གདོན་ནས་བྱུང་།། དེ་ཡི་ཁམས་གསུམ་གནས་པ་ཡི།། སེམས་ཅན ་ཐམས་ཅད་ཡང་དག་བསྒྲུབ།། སངས་རྒྱས་ཀུན་སོགས་དངོས་གྲུབ་ལ།། དེ་ཚེ་གང་དག་གྲུབ་པར་འགྱུར།། དེ་ནས་སངས་རྒྱས་ཐམས་ཅད་ནི།། འདུས་ནས་གསོལ་བ་འདེངས་མཛད ་དེ་བཞིན་གཤེགས་པའི་རིགས་ཆེན་པོ།། སངས་རྒྱས་ཀུན་གྱིས་བཤད་དུ་གསོལ།། དེ་ནས་སངས་རྒྱས་ཐམས་ཅད་ཀྱི། སྐུ་གསུང་ཐུགས་ལ་ཡང ་དག་གནས།། སྐུ་གསུང་ཐུགས་ནི་རྡོ་རྗེ་ལ།། ཡང་དག་སྤྲོས་ཏེ་འདི་གསུངས་སོ།། ཨོཾ་བྷ་ཁཾ། དེ་ནས་འདི་ནི་གསུངས་ཙམ་གྱིས།། སངས་རྒྱས་ཐམས་ཅད་འདུས་པས་ནི། ་བདུད་བཅོམ་ལ་སོགས་མཛད་ནས་ནི།། བྱང་ཆུབ་ཆེན་པོར་བྱིན་གྱིས་བརླབས།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། དཀྱིལ་འཁོར་གྱི་ནི་མཆོག་གསུངས་པ།། སེམས་ཅན་ཀུན ་ལ་བདེ་དོན་བྱིར།། རྟོག་པ་ཀུན་གྱི་བདེ་བ་ཆེ།། དེ་ནས་ཡང་དག་བཤད་བྱ་བ།། དཀྱིལ་འཁོར་ཆེན་པོ་དམ་པ་དང་།། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་མཆོག། རྡོ་རྗེ་དཀྱིལ ་འཁོར་དག་བྲི།། འཁོར་ལོའི་ལྟེ་བར་སངས་རྒྱས་ཉིད།། འཛུམ་པའི་སེམས་ནི་མི་སྣང་བ།། སུ་ར་ཏ་ས་མ་ཡ་སྟྭཾ། ཧོ་སིདྷ་མཾ་ཞེས་བྱ་བ་དགོད།། མདུན་དུ་བདུད་ལས་རྣམ ་རྒྱལ་བར།། མཛད་པའི་སངས་རྒྱས་ཡང་དག་བྲི།། གཡས་སུ་བྱང་ཆུབ་སེམས་དཔའ་ཡི།། ནོར་ཆེན་པོས་ནི་དབང་བསྐུར་བ།། རྒྱང་དུ་བྱང་ཆུབ་སེམས་དཔའ་དང་། ་མཉམ་དུ་ཆོས་ཀྱི་འཁོར་ལོ་བསྐོར།། གཡོན་དུ་ལག་ཏུ་རྣམ་འདྲེན་པ།། སྡིག་པ་བསྡམས་པ་འབྱིན་པ་པོ།། དེ་ནས་འདི་ནས་ཀྱི་སྙིང་པོ་ནི། ཨོཾ་བཛྲ་ས་ཀ། བཛྲ་རཱཿ། བཛྲ་དྷརྨཱ། ་བཛྲ་ཀརྨ། དེ་ནས་ཕྱག་རྒྱ་རྣམས་ཏེ།། སཏ་བཛྲ། བཛྲ་ཏྣེ། བཛྲ་པད་མི།། བི་ཤ་བཛྲ། མཚམས་ཀྱི་ཆར་ནི་རྡོ་རྗེ་དང་།། རིན་ཆེན་སྡོང་བུ་ནི་ནོར་བུའོ།། མཚམས་རྣམས་སུ ་ཡང་ལྷ་མོ་སྟེ།། ལྕགས་ཀྱུ་ལ་སོགས་སྒོ་རྣམས་སུའོ།། ཇི་བཞིན་མངའ་མ་ཇི་ལྟ་བར།། འཁོར་ལོ་དེ་ནི་བརྟག་པར་བྱ།། མཆོད་པའི་ལྷ་མོ་སྙིང་ཁར་བཅིངས།། གཡོན་དུ་དེ་བཞིན ་བསྐོར་བར་བྱ།། མེ་ཏོག་དང་བཅས་ཕྱག་རྒྱ་འདི།། སངས་རྒྱས་ཀུན་གྱི་དམ་ཚིག་རིམ།། མེ་ཏོག་བཅས་ཏེ་སྙིང་ཁར་བཅིང་། བསམ་པ་མ་གཡོས་གཏུག་པར་བྱ།། མགོན་ལ་མགོ ་བོས་ཕྱག་བྱས་ལ།། བསྐོར་བ་ལན་གསུམ་བྱས་ནས་ནི།། ཞུགས་ན་ས་མེ་ཏོག་དོར་བར་བྱ།། ཤིན་དུ་གསང་བས་ཡང་དག་དགུག། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར ་བྱ་བ་དང་།། དབང་དུ་བྱ་བ་དང་།། དགུག་པ་དང་། བསྒྲུབ་པར་བྱ་བའི་སྙིང་པོ་འདི་ཡིན་ཏེ།། ཨོཾ་ཨ་ཀ་རོ་མོ་ཁཾ། སརྦ་དྷརྨ་ནཾ་ཨ་དྷྱ་ནུད་པན་ནཱ་ཏ་ཏང་། དེ་ནས་ཆོ་ག་ཇི་བཞིན་དུ།། སྟོན་ལ ་མེ་ཏོག་སིལ་མ་གཏོར།། སངས་རྒྱས་བྱང་ཆུབ་རབ་གྲུབ་ཕྱིར།། འགྲོ་བའི་མགོན་པོ་དེ་ཉིད་བརྗོད།། འདི་ཡིས་དཀུག་ནས་སངས་རྒྱས་ནི།། ཐམས་ཅད་འདུས་པ་ཉིད་དུ་འགྱུར།། ་ཐམས་ཅད་མ་ལུས་སྦྱོར་བ་ཡིས།། དངོས་ཐམས་ཅད་བརྩོལ་བར་མཛད།། དཀྱིལ་འཁོར་དེར་ནི་ཞུགས་པ་ལ།། དངོས་གྲུབ་ཐམས་ཅད་འགྲུབ་པར་འགྱུར།། དགའ་བ་སོགས ་མཚན་མའི་མཆོག། སྣ་ཚོགས་པ་ནི་འབྱུང་བར་འགྱུར།། དེ་ནས་དེ་བཞིན་ཆོ་ག་ནི།། རྒྱས་པས་སློབ་མ་མཆོག་ཏུ་བཞུག། མཆོད་པའི་ཐལ་མོས ་འཁོར་ལོ་ཆེ།། མཆོད་པ་བྱས་ནས་སྔར་བྱུང་བྱ།། སྒྲུབ་པ་དང་ནི་དངོས་གྲུབ་ཀྱང་།། ཆོ་ག་ཇི་བཞིན་རབ་བཤད་བྱ།། རས་ལ་བཅོམ་ལྡན་བདུད་ལ་སོགས།། རྣམ་པར་རྒྱལ ་བ་བརྙེས་པ་བྲི།། བསྒྲུབ་པ་འདི་ལ་ཅི་ཙམ་ནི།། དེ་འདྲའི་སྒྲུབ་པས་འགྲུབ་པར་འགྱུར།། སྐུ་གཟུགས་སོགས་བདུན་ཡང་དག་པར།། ཡེ་ཤེས་ཁུ་ཚུར་ཡོངས་བཟུང་ལ།། ་རྡོ་རྗེ་ཚིག་གིས་ཆོ་བཞིན།། བཟླས་བརྗོད་སྟོང་ཕྲག་བརྒྱ་བྱའོ། མདོར་ན་འབུམ་ནི་རྫོགས་པ་ན།། ཅི་འདོད་དངོས་གྲུབ་ཐམས་ཅད་ནི།། ཚེ་མཆོག་ཉིད་ལ་སངས་རྒྱས་ཉིད། ་ཐོབ་འགྱུར་འདི་ལ་ཐེ་ཚོམ་མེད།། དེ་ནས་དེ་བཞིན་གཤེགས་པའི་ཕྱག་རྒྱ་ཆེན་པོ་བསྒྲུབ་པའི་རྒྱུད་ནི།། ཕྱག་རྒྱ་གང་རུང་གཅིག་བཅིངས་ནས།། བདག་ནི་སངས་རྒྱས་ཡིན་བསྒོམ ་ན། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཆེ།། བརྟན་པ་མྱུར་དུ་ཐོབ་པར་འགྱུར།། དེ་ནས་དམ་ཚིག་བསྒྲུབ་པའི་རྒྱུད་ནི།། སྙིང་ཁར་རྡོ་རྗེ་བཞག་སྟེ། ས་མ་ཡ་སྟེ་ཞེས་བརྗོད་ལ། བཟླས ་བརྗོད་འབུམ་གྱིས་བསྒྲུབས་ནས་ནི།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་ནས་ལས་ཐམས་ཅད་བསྒྲུབ་པའི་རྒྱུད་ནི།། བདུད་ལས་རྒྱལ་བའི་མཆོག་བཅིངས་ཏེ།། ་ཆོས་ཀྱི་འཁོར་ལོར་བདུ་བསྐོར།། མཚུངས་མེད་སེམས་ཅན་དོན་བྱས་ན།། ལས་ཀྱི་བྱབརྒྱ་རྟག་ཏུ་འགྲུབ། ཅེས་བཅོམ་ལྡན་འདས་ཀྱིས་གསུངསོ།། དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་མཆོག་བསྒྲུབ་པའི་ཆོ་ག་རྒྱས་པའི་རྒྱུད་།། དེ་ནས་མ་གྲུབ་དངོས་གྲུབ་མཆོག། ལས་རྣམས་རབ་འཇམ་དམ་པ་སྟེ།། སྡིག་པ་ཀུན་སེལ་སྣ་ཚོག ་པ།། གོ་རིམ་བཞིན་དུ་རབ་བཤད་བྱ། འདི་ལྟ་སྟེ། ནང་ཐམས་ཅད་དང་། མྱ་ངན་དང་། གནོད་པ་དང་། གནོད་བྱེད་དང་། དུག་དང་། སྦྱར་བའི་དུག་དང་། གཤེད་བྱེད་དང་། ་གཡེངས་པ་དང་། རོ་ལངས་དང་། སྔགས་དང་། སྨན་དང་། བགེགས་དང་། ལོག་འདྲེན་དང་། རྨི་ལམ་ངན་པ་དང་། དུས་མ་ཡིན་པར་འོཆི་བ་དང་། རིམས་དང་། གདོན་དང་། ་མཁའ་འགྲོ་མ་དང་། ཉེ་བར་འཚེ་བ་དང་། མགོ་བའི་ནད་དང་། ཉེ་བ་དང་། ཉོན་མོངས་དང་། ལུས་དང་། ངག་དང་། སེམས་ཀྱི་སྡུག་བསྔལ་ཐམས་ཅད་རྣམ་པར་གཞིག་པ་ལ་ནི། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྡུག་བསྔལ་འཕྲོགས་པར་བྱེད་པས་སོ།། ཚེ་དང་། ལོངས་སྤྱོད་དང་། གཟུགས་དང་། ཁ་དོག་དང་། གཟི་བརྗིད་ཆེན་པོ་དང་། མདངས་དང་། ་སྟོངས་དང་། སྡེ་བ་དང་། འཅོན་འསུས་དང་། དཔལ་དག་གལ་པ་དབང་པོ་དང་། བསོང་དཔ་ས་དག་མིང་དང་། ཀུན་པ་དང་། དྲ་པ་དང་། གྲོ་ཐོས་དང་། བཏན་པ་དང་། རྟོགས ་ཏིང་ངེ་འཛིན་དང་།། ཕུང་པོ་ལྔ་དང་། འདུ་བྱེད་དང་། སྐུ་དང་། གསུང་དང་། ཐུགས་འབྲེལ་བ་ལ་ནི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདེ་བ་ཆེན ་བོས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་།། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་དང་། ཡེ་ཤེས་དང་། ་སྟོབས་དང་། ཐབས་དང་། སྙིང་རྗེ་དང་། བསྒྲུབ་པ་དང་། གཟུངས་དང་། ས་དང་། སྤྱོད་པ་དང་། སོ་སོ་ཡང་དག་པར་རིག་པ་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང་། ཆོས་དང་། ་ལས་དང་། སྣ་ཚོགས་པའི་བྱ་བ་དང་། སེམས་ཅན་གྱི་བྱ་བ་དང་། སངས་རྒྱས་ཀྱི་དོན་དང་། སྐུ་དང་། གསུང་དང་། ཐུགས་གྲུབ་པ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས ་གྲུབ་ཀྱིས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཆེན་པོའི་སེམས་བསྐྱེད་པ་དང་། ཀུན་དུ་བཟང་པོའི་ཆོ་གའི་སྤོང་བ་རྫོགས་པར་བྱ་བ་དང་། སེམས་ཅན་ཐམས་ཅད་ཀྱི་དོན ་དུ་འཕོ་བ་དང་། སྐྱེ་བའི་ས་དང་། གཞོན་ནུའི་རོལ་པ་སྟོན་པ་དང་། གཞན་མངོན་པར་བྱུང་བ་དང་། དཀའ་བ་སྤོད་པ་དང་། བྱང་ཆུབ་ཀྱི་སྙིང་པོར་གཤེགས་པ་དང་། བདུད་ཐམས་ཅད ་འདུལ་བ་དང་། བྱང་ཆུབ་ཆེན་པོར་མངོན་པར་བྱང་ཆུབ་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མུ་སྟེགས་ཐམས་ཅད་ཚར་གཅོད་པ་དང་། འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་དང་། ་ལྷ་ལས་བབས་པ་དང་། འདུས་པ་ཆེན་པོའི་བྱིན་གྱིས་བརླབས་པ་དང་། བདུག་པ་ཐམས་ཅད་འདུལ་བ་དང་། འདུལ་བ་ལ་རབ་དུ་བཞུགས་པ་དང་། ངན་འགྲོ་ཐམས་ཅད་ལས་གདོན་པ ་དང་། མདོ་སྡེ་ཐམས་ཅད་སྟོན་པར་མཛད་པ་དང་། རྟོག་པ་ཐམས་ཅད་བྱིན་གྱིས་བརླབས་པ་དང་། རྟོག་པ་ཐམས་ཅད་བརྩོལ་བ་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། ་གསུང་དང་། ཐུགས་ལ་དམིགས་པའི་རྫུ་འཕྲུལ་དང་། ཆོ་འཕྲུལ་འཕྲུལ་པ་ལ་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྣ་ཚོགས་རྡོ་རྗེ་སོ།། ཇི་ལྟར་ཕྱག་རྒྱ་འདི་དག་གིས། བྱང ་ཆུབ་སེམས་ལ་མངོན་བརྟེན་པ།། དེ་ལྟར་བྱང་ཆུབ་སྤོང་སོགས་ཀྱིས། བྱང་ཆུབ་དམ་པ་ཐོབ་མི་འགྱུར།། དོན་ཡོད་བསོད་ནམས་དམ་པ་ཡི།། ལས་ཀྱི་རབ་འབྱམ་བསྒྲུབ་བྱེད་པ།། ་ཆོ་ག་མ་གྲུབ་པ་རྣམས་གྲུབ།། སངས་རྒྱས་ཆོས་ནི་རབ་གཏེར་བྱེད།། རྣམ་པ་ཀུན་དུ་དང་ལྡན་པའི།། སེམས་ཅན་ཀུན་སྦྱིན་པར་བྱ།། དཀྱིལ་འཁོར་དག་ཏུ་མ་ཞུགས་པ།། སྐ་ཅིག། ་གིས་ནི་སྦྱོང་བར་བྱེད།། དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ཆེན་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའི་རྟོག་པའི་རྒྱལ་པོའོ།། ། ་དེ་ནས་སྣ་ཚོགས་ལས་ཆེན་པོའོ།། བདུག་པ་ཐམས་ཅད་འདུལ་བའི་མཆོག། སེམས་ཅན་ཀུན་ལ་རྗེས་སྟོན་མཛད། དེ་བཞིན་གཤེགས་པའི་ཏིང་འཛིན་གྱིས།། དེ་བཞིན་གཤེགས ་བའི་རིགས་བསྐྱེད་པས།། གང་ཕྱིར་ཉེས་བྱས་ཀྱིས་བདུག་པའི།། རང་གི་རང་སེམས་སྤྱོད་པ་ཡི།། ཞི་བར་སེམས་ཅན་ཀུན་གྱི་དོན།། གདུལ་བ ་རབ་དུ་བསྒྲུབ་མི་ནུས།། སངས་རྒྱས་ཀུན་གྱི་བསྒྲུབ་བྱ་བ།། ཞི་བའི་འགྲོ་འདི་ཐམས་ཅད་ཡིན། གང་ཚེ་བདེ་གཤེགས་སེམས་ཅན་དོན།། དམ་པ་མཛད་པར་མི་སྤྱོད་པ།། དེ ་ཉིད་ཀྱི་དངོས་པོ་ཀུན།། གཙོ་བོ་རྡོ་རྗེས་གསོལ་བ་བཏབ།། སེམས་ཅན་ཐམས་ཅད་འདུལ་མཛད་པ།། བཅོམ་ལྡན་འདས་ལ་གསོལ་བ་བཏབ།། ། ཨུ་ཏིཥྛ་ས་མ་ཡ་ཀྲོ་ཏི་ན ་སུཾ་བྷུ་ཛ་ལ་ཧཱུཾ་ཕཊ། དེ་ནས་སྔགས་གསུངས་པ་ཙམ་གྱིས་ཕྱག་ན་རྡོ་རྗེ་འདི་ཉིད་གཙོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། སླར་བྱུང་ནས་ནི་མདུན་དུ་གནས།། ཁྲོ་ཆེན་རྒྱལ་པོ ་ཆེན་པོའི་སྐེ།། སེམས་དཔའི་དཀྱིལ་དཀྲུངས་ཀྱིས་ལེགས་བཞུགས། འབར་བའི་ཕྲེང་འོད་ཀྱིས་གསལ་བ།། སྲེག་པའི་བསྐལ་པ་མེ་གཞན་འདྲ།། གཡོན་པའི་རྡོ་རྗེ་བསྙེམ ་པ་ཆེ།། དྲབ་ཏུ་གསོར་བས་སྐྱོད་མཛད་ཅིང་།། འབར་བའི་རྡོ་རྗེ་རབ་འབར་བས། རྣམ་པར་འཕྲོ་བས་བསྲེག་པ་འདྲ།། འབར་བ་ཆེན་པོ་གསོར་བ་ནི།། བསྐལ་པའི་མེའི་ཕུང་པོ། ་འདྲ།། དང་པོའི་རྡོ་རྗེ་ཁྲོ་གཏོར་བཅས།། རྡོ་རྗེ་མཆོག་འཛིན་པས་གསུངས་པ།། དེ་ལ་རྡོ་རྗེ་ཆེན་པོ་མེ་དང་ཉི་མ་ལྟར་འབར་བ་ཞེས་བྱ་བའི་སྙིང་པོ་འདི་ཡིན་ཏེ། ཧཱུཾ། དེ་ནས་ལི ་ནི་གསུངས་ཙམ་གྱིས།། སྡིག་པ་ཀུན་གྱི་བུང་ཤིང་ཟད།། འཇིག་རྟེན་གསུམ་གྱི་འཇིག་རྟེན་གསུམ།། ཐམས་ཅད་གཡོ་ཞིང་འགུལ་བར་འགྱུར།། ལྷ་ཆེན་ལ་སོགས་ལྔ ་རྣམས་ནི།། གཡོ་བ་མེད་ཅིང་གཡོ་བར་འགྱུར།། རྡོ་རྗེ་འབར་བ་འཁྲུགས་པས་ཀུན།། དེ་བཞིན་འཇིག་པ་ལྟ་བུར་འགྱུར།། ཉན་ཐོས་དང་ནི་རང་རྒྱལ་རྣམས།། མྱ་ངན་འདས ་པས་ཉེ་བར་འགྲོ།། ལྷ་ལ་སོགས་པའི་སྲིད་གསུམ་ཀུན།། དེ་ཚེ་ཀུན་དུ་རྨོངས་པར་འགྱུར།། སངས་རྒྱས་ཐམས་ཅད་འདུས་པ་ཡིས།། སངས་རྒྱས་བྱང་ཆུབ་ཡང་བརྟན ་མཛད།། སེམས་དཔའ་ཀུན་གྱི་ཐབས་ཆེན་པོ།། དམ་པ་ཡང་ནི་ཐུག་སུ་ཆུད།། དེ་ནས་རྡོ་རྗེ་འབར་བའི་མཆོག། འབར་བའི་ཕྲེང་བ་འཁྲུག་པའི་འོད།། རྡོ་རྗེ་མཆེ་བ ་བརྩིགས་པའི་ཞལ།། ཞལ་རས་ཁྲོ་དང་བཅས་པ་ཡིན།། གཡོན་བརྐྱང་བས་ནི་ལེགས་པར་བཞུགས།། སྨན་འབར་འཇིག་སུ་རུང་བ་སྟེ།། དབུ་སྐྲ་གྱེན་དུ་བརྗེ་ཤིང་གཡོ།། ་ཀུན་ནས་འཁྱིལ་ཅིང་འབར་བ་ཆེ།། རྡོ་རྗེ་གསང་བའི་རྣལ་འབྱོར་ཆེ།། མཁའ་འགྲོའི་ཚོགས་ཀྱིས་ལུས་ཅན་རྣམས།། ཕྱུང་ནས་ཀུན་དུ་འགྲོ་བ་རྣམས།། ཐམས་ཅད་དུ་ནི ་འཐོབ་ཁྲིག་རླུང་བསྐྱོད་བསྐལ་བའི་མི་ལྟ་བུ།། འབར་བའི་འགྲོ་བ་ཀུན་དུ་འཁྲུགས།། འཇིག་རྟེད་ཁམས་མ་ལུས་པ།། སངས་རྒྱས་ཐམས་ཅད་སྲས་བཅས་པ།། ཡང་ད ་ནགས་པཔང་ལེགས་བསྒྲུལ་ཏེ།། འཇིག་རྗེ་མམས་ཅད་ཡོངས་སུ་བསྐྱོར།། ཀུན་ནམ་སེམས་ཅ་ད་ན་དང་།། བསྟན་པ་ཐམས་པ་བསྒྲུབ་པར། ་བྲིམ་། འཇིག་རྟེན་གསུམ་དག་རྣམས་དང་། དྷ་དངའི་རྒྱུའི་སེམས་མེད་བྱས།། དེ་ནས་རྡོ་འཛིན་རྒྱལ་པོ།། ཀུན་མཆོགས་རིདབ་དབྱུག་ནི།། དེ་རྣམས་ལནི་ཐུགས་རྗེམས ་འཆི་བསླར་འཆོག་རྟེན་པ་གསུངས།། ཨོ་སུ~ཾ་ཏྤ་མ་ཅིག་ཏུ་བཛིན།། རྒྱུ་བ་དང་ནིམི་རྒྱུ་བ་ཐམས་ཅད་འསྲུང་བ་ནི།། ཐམས་ཅད་དུན་ག~ཾ་གསོས།། སངས་རྒྱམ་དཔའ་བན ་བཏུལ་ཐུ་ཅིང་། རྗེ་ཅན་གྱིས་ཀྱང་རྗེས་བཏུལ།། དེ་ནས་རྡོ་རྗེ་འཛིན་ཁྲོབས།། འབར་བའི་དྲི་རྗེ་གསོར་བྱེད་ཅིང་། ང་མི་མཚིགལ་གནས་ཞེས།། སྣ་ཚོགས་པ་ལང ་བར་བསྒོ།། དེ་རྣམས་ཀྱིས་གསོལ་བ། འདི་སུ་ཞིག་ལགས།། བཅོམ་ལྡན་སྐུ་ནི་ཞི་བ་ལ།། གནོད་སྦྱིན་གཟུགས་ཅན་གང་ལགས་གསུངས།། ཁྱེད་ཀྱི་དམ་ཚིག་ཅི་འདྲ་བ།། ཞུས ་བབདེ་བའི་ཚིག་དུ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ།། འཛི་ནི་སངས་རྒྱས་རྣམ་ཐོལ་བ། གནོད་སྐྱེས་དེ་རྗེག་ནོད་སྦྱིན་ནོ།། དཀོན་པཆོག་གསུམ་དང་དཔོགི། ་དུ། ངས་སྐྱབ་སུ་འགྲོ་བར་གྱིས།། འཇིག་རྟེན་གསུམ་དཔ་འདི་ཐོས་ནས།། ཚོགས་བཅས་ཚོགས་ཀྱི་དབང་ཕྱུག་ཅོས།། བསྐལ་པའི་མིང་དཔུང་བུ་ལ།། འབར ་མཚོན་གྱིས་འཐབ་པར་བསམ།། དེ་རྣམས་ཀྱིས་སྨྲས་པ།། བདག་ཅག་གིས་ནི་སངས་རྒྱས་རིགས།། རྡོ་རྗེ་གནོད་སྦྱིན་ཤེས་མ་ཡིན།། བདག་ཅག་འཇིག་རྟེན་གསུམ་བཅིག། ་གནོད་སྦྱིན་སྒོབས་ཅི་ཞིག་བྱ།། དེ་ནས་རྡོ་རྗེ་འཛིན་ཁྲོས་ནས།། ཁྲོས་གཉེར་དཔྲལ་བར་བསྡུས་ཏེ་གནས།། དེ་ནས་ཁྲོ་གཉེར་ཐམས་ཅད་ནི།། རྡོ་རྗེ་འཛིན་པ་རྗེས་སྤྱོད། ་གཡོན་པ་བསྙེམས་པརྒྱ་བཅས་པས།། སྨིན་མ་ཅན་བསྡུས་པས་རྒོད་ཅིང་།། ན་མཁའ་ཁྱབ་པའི་མདངས་ཀྱིས་ནི།། དྲག་ཏུ་ཁྲོས་བཅས་པས་སྨྲས་སོ།། དེ་ལ་ཁམས་གསུམ ་རྣམ་པར་རྒྱལ་བ་ཉེ་བའི་སྙིང་པོ་སེམས་ཅན་མ་ལུས་པ་ལས་རྒྱལ་བ་ནི་འདི་ཡིན་ཏེ།། ཧཱུཾཿདེ་ནས་སྙིང་མཆོག་འདི་བྱུང་བས།། འཇིག་རྟེན་གསུམ་མཆོག་འཁོར་བཅས་ལ། ་ངེས་རྒྱལ་བཅུ་གཅིག་བཅིངས་པ་དང་།། དམ་ཚིག་བརྟན་པོ་འཛིན་དུ་བཅུག། རྡོ་རྗེའི་དབང་གིས་དབང་བསྐུར་ནས།། ལག་ན་རྡོ་རྗེ་འཛིན་མཆོག་བྱས།། རྡོ་རྗེ་པིང་ནི་བྱིན་ནས་སུ། ་འཇིག་རྟེན་གསུམ་མཆོག་ཏིང་འཛིན་བཞག། དེ་ནས་རྡོ་རྗེ་འཛིན་ཆེན་མཆོག། མགོན་པོ་ཡིས་ནི་གསོལ་བ་བཏབ།། སེམས་ཅན་ཀུན་ལ་རྗེས་སྟོན་པས།། རྟོག་པ་འདི་ནི་བཤད་དུ ་གསོལ།། རྡོ་རྗེ་འཛིན་པས་གསུངས་པ་ཡི།། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ།། འབར་བའི་འཁོར་ལོ་ཡང་དག་བྲི།། དེ་ཡི་དབུས་སུ་བཞག་པར་བྱ།། སྔོན་པོ་འབར་བའི། ་གཟུགས་བཟང་བ།། ཞལ་གཅིག་མཆེ་བ་ཅུང་ཟད་བརྩིགས།། ཞལ་ནི་ཁྲོས་དང་བཅས་པ་བཞད།། སེམས་དཔའི་དཀྱིལ་དཀྲུང ་གིས་ལེགས་བཞུགས།། བསྙེམས་བཅས་ཤས་ཆེར་འབར་བ་ལ།། འོད་ཟེར་འབར་བའི་འོད་འཁྲུགས་པའི།། རྡོ་རྗེ་གསོར་བ་མཛད་ལ་བརྩོན།། དེ་ཡི་ངོས་ནི་ཐམས་ཅད་དུ།། ་རྡོ་རྗེ་རྣལ་འབྱོར་མཾ་ཡི་གཟུགས།། རྡོ་རྗེ་མཚོན་ཆ་མདུང་རྩེ་དང་།། རལ་གྲི་ཞགས་པ་མཆོག་འཛིན་མ།། མཚམས་སུ་མདའ་དང་ཁ་ཊཾ་ཀ།། འཁོར་ལོ་བ་དན་སྣ་ཚོགས་འཛིན། ་རྡོ་རྗེའི་རིགས་ནི་སྣ་ཚོགས་པ།། འབར་བའི་འཁོར་ལོས་ཡོངསུ་བསྐོར།། དཀྱིལ་འཁོར་དགོད་པར་བྱ་བ་ནི།། ཐིག་བདུན་གྱིས་ནི་ནང་དག་ཏུ།། དང་པོ་རྡོ་རྗེ་ཕྱག་རྒྱའི་བདག། ་གཉིས་པ་སྔགས་ཀྱི་ལྷ་མོ་སྟེ། གསུམ་པར་རྡོ་རྗེ་རྒྱལ་པོ་ནི།། རྡོ་རྗེ་ལྷ་མོས་ཡང་དག་བསྐོར།། རྡོ་རྗེ་ཆེན་མོ་སྒེག་མོ་ཡི།། བཞི་པ་གླ་མཁན་མ་ལ་སོགས།། རྒྱལ་རིགས་གསོལ ་ཁ་བྲན་རྣམས་ཀྱིས།། ཁྲོ་བོ་རྣམས་ནི་ལྔ་པ་ལ།། དྲག་པ་རྡོ་རྗེ་པོ་ཉ་མཆོག། གནོད་སྲིན་སྲིན་པོ་གྱིང་ཀ་ར།། དམ་ཚིག་ཅན་གྱི་དྲག་པོ་ཆེ།། དྲག་པོའི་དབང་ཕྱུག་མ་ལ་སོགས།། ་ཕྱི་མའི་དཀྱིལ་འཁོར་དབྱིབས་ས་རྣམས་སུ།། མདོར་ན་མིང་པོ་གསུམ་ལ་སོགས།། ལ་སོགས་པའི་ཚོགས་ཐམས་ཅད།། ལེགས་པར་བྲི་འམ་བཞག་པར་བྱ།། འཚམས ་སུ་ལྷ་མོར་རབ་བཤད་པ།། དེ་རྣམས་ཀྱི་ནི་དབུ་སུ་འང་། རྡོ་རྗེ་ལྕགས་ཀྱུ་སོགས་ཁྲོས་བཅས།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། གོ་རིམ་དག་ནི་ཇི་བཞིན་དང་།། ཆོ་ག་རྒྱས ་པ་ཇི་བཞིན་བྱ།། ཁྲོས་པ་རྡོ་རྗེ་གསོར་བ་དང་།། ཁྲོ་གཉེར་འཛུམ་དང་བཅས་པས་འདུད།། དེ་ནས་ཁྲོ་ཞིང་སློབ་དཔོན་ཆེ།། རྡོ་རྗེ་ཅན་མཆོག་རབ་ཞུགས་ལ།། རྡོ་རྗེ་ཧཱུཾ་མཛད་ཀྱིས ་སྡིག་འཛུབ།། ཧཱུཾ་མཛད་རབ་དུ་སྦྱར་བར་བྱ།། བསྙེམས་དང་བཅས་པས་རྒྱས་གདབ་ཅིང་།། དེ་བཞིན་ཁྲོ་བས་འདུལ་བ་ལ།། རྡོ་རྗེ་འཆང་ཆེན་དགོས་པ་ཡིས།། བདེག་པ་ཉིད་ལ ་རབ་དུ་དགོས།། དེ་ནས་མེ་ཏོག་བླངས་ནས་ནི།། ཁྲོས་པས་བདག་པོ་ཆེ་ལ་གཏོར།། རྡོ་རྗེ་འབར་བའི་ལྕགས་ཀྱུ་ཆེ།། ཡང་དག་པར་ནི་དགུག་པར་བྱ།། ཨོཾ་མ་ཧཱ་བཛྲ་ཛྭ་ལ་ཨ ་ན་ལ་ཪྴ་ཡཱ་ཧི་ཛ། སརྦ་བཛྲ་ཀུ་ལ་པྲ་བེ་ཤ་ཡ་ཧི། བརྦ་མུ་ཏཱ་ག་ནན་བན་དྷ་ན་ཏྲ་ཏྲ། སརྦ་ཨ་ས་ཡ་ན་སན་དྷ་ཡ་བཊ། བརྦ་དྷ་ཥནྟ་དྷ་ཧ་བ་ཙ། བྷསྨི་ཀུ་རུ་མ་ཧ་ཀྲོ་དྷ་ཨ་ག་ནི་བཛྲ་ན་ཧཱུ~ཾ་ཕཊ།། ་ཨཿཿཿ། དེ་ནས་བཅོམ་ལྡན་ཁྲོ་བོ་ཡི།། རྒྱལ་པོ་བརྟན་པ་ཆེ་བྱོན་འགྱུར།། རྡོ་རྗེ་རིགས་ལ་སོགས་པ་ཀུན།། དངོས་གྲུབ་ཐམས་ཅད་གསོལ་བར་མཛད།། དེ་ནས ་ཧཱུཾ་ལ་སོགས་པའི་སྒྲའི།། མཚན་མ་རྣམས་ཀྱང་འབྱུང་བར་འགྱུར།། གལ་ཏེ་སློབ་མ་ལ་སོགས་ལ།། སྙིང་ཁར་དབབ་པ་སྤྲོ་བ་སྐྱེ།། དེ་ནས་རྡོ་རྗེ་ཧཱུཾ་མཛད་ཀྱི།། ཕྱག་རྒྱས་སློབ ་མེ་བཞུག་པར་བྱ།། བཅུག་ནས་དང་པོའི་སེམས་དཔའ་ཡི།། རང་གི་སྙིང་པོ་བརྗོད་པར་བྱ།། ཧཱུཾ་ཧཱུཾ་བཛྲ་པྲ་ཧ་ར་ནི་མ་ཊ། ཧཱུ~ཾ་བཛྲ་ཤུ་ལ་ཨ་གྲི་ནི་ཏྲིཊ།། ཧཱུཾ་བཛྲ་ཀྲྀ་ཤི་ཙིན་དྷ་ཧཾ། ་ཧཱ་བཛྲམམས་པ་ཤེ་། རྡོརྡོ་གུག་པ་དང་། རྡོ་རྗེར་མ་གྲི་དང་། དེ་རྗེགགས་པ་སྟོ། རྡོ་རྗེ་ཁྲིའི་བསྲུང་བལ་འོ།། དེ་ནས་འདི་ནིམས་ཀྱི་བྲག་རྟ་རྡོ་རྗེ་དང་ངནི་མེད་ཐོགས་པ་མེད་པ ་ཤིན་དུ་གྲུབ་པ། སྟོབས་དང་། ཕ་རོལ་གནོན་པ་རྣམས།། སེམས་ཅན་མངོན་པར་རྒྱས་གདབ།། ནུས་རྣམས་བསྐུལ་བར་བྱའོ།། ཧཱུཾ་བཛྲ་གྷ་ཧེ་སིདྡྷ ་བ་ར་མ་ཡོ་ཀི་ཤ་རི་ཧི། ཧཱུ~ཾ་ཧཱུཾ་བཛྲ་ཙན་དྷོ་ཁཱ་བ~ཾ་ཀ་མ་ཧ་བཛྲ་ཀ་པཱ་ལ། མ་ལ་མ་ཀུ་ཏེ་རུ་ལུ་རུ་ལུ་རྟི། ཧཱུཾ་བཛྲ་ན་ན་ཡཱ།། ནེ་ཛེ་ཧཱུཾ་བཛྲ་པྲ་ཏ་ཀ་ཛི།། རྡོ་རྗེ་ཁྲོ་བོའི་མཁའ་འགྲོ་མ་ཆེན་པོ་ལན ་གཅིག་བཟླས་ཏེ་དགོད་པའམ་བྲི་བར་བྱའོ།། བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱིས་སྙིང་པོས་བཞུགས་སུ་གསོལ་ན། དངོས་གྲུབ་ཐམས་ཅད་ལ་དོན་ཡོད་པའི་དངོས་གྲུབ་ཐོབ་པར ་འགྱུར་རོ།། དེ་ནས་དམ་ཚིག་བརྗོད་པར་བྱ་སྟེ། སེམས་ཅན་མང་ལ་བདེ་ཕྱིར་དང་།། བསྟན་པ་ཐམས་ཅད་གྲུབ་པའི་ཕྱིར། སྡུག་པ་འདུལ་བས་བསོད་ནམས་ནི།། འགྱུར་ཞེས ་རྡོ་རྗེ་འཛིན་གྱིས་གསུངས།། དེ་ནས་བཅོམ་ལྡན་འདས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་བཅས་པའི་འཛུབ་མོ་སྦར་བར་བྱའོ།། དེ་ནས་བཅོམ་ལྡན་འདས་བསྡུག་པ་ཐམས་ཅད་དང་། བདུད་ཐམས ་ཅད་དང་། འཇིག་རྟེན་གསུམ་པ་ཐམས་ཅད་ཡང་དག་པར་འདུལ་བ་ཉིད་དུ་བྱིན་གྱིས་བརློབ་པར་མཛད་པར་མཛད་དོ།། དེ་ནས་དབང་བསྐར་བ་རྒྱས་པ་ལ་སོགས་པ་དེ་བཞིན་དུ་ཇི་ལྟ་བ ་བཞིན་དུ་བྱས་ལ། རྡོ་རྗེ་ཁྲོ་བོའི་ལས་བཞི་པོ་བསླབ་པར་བྱ་སྟེ།། བྱག་རྒྱ་རྣམས་ཀྱིས་སེམས་ཅན་རྣམས།། རྒྱས་གདབ་པ་དང་། ཕྱག་རྒྱ་གཞིག་པ་དང་། བསད་པ་དང་། སླར ་འཚོ་བར་བྱའོ།། གང་ལ་ཕྱག་རྒྱ་སྦྱོར་བ་ན། དེ་ནི་བདུག་པ་ཡིན་པར་ཤེས་པར་བྱའོ།། དེ་ནས་འཚེ་བར་བྱེད་པའི་ཕྱག་རྒྱས་འཚོ་བར་བྱས་ལ།། ཤིན་དུ་བསྲུང་བ་རབ་དུ་སྦྱང་བྱས་ན། ་ཤིན་དུ་བསྲུང་བ་ཡིན་པའི་ཕྱིར།། བསྡུག་པ་རྣམས་སླར་ཡང་གནོད་པ་མི་བྱེད་དོ།། དེ་ནས་བརྩམས་ཏེ་སློབ་མ་བཟང་།། རྡོ་རྗེ་ཚོགས་ནི་དུས་ཀྱིས་ཀྱང་།། མི་ཚུགས་པ་དང་མི ་སོད་པར།། ཚེ་འདི་ཉིད་ལ་གྲུབ་པར་འགྱུར།། དེ་ནས་འདིར་བསྒྲུབ་བཤད་བྱ་སྟེ།། ཇི་བཞིན་སྐུ་ནི་དགེ་འདུན་དུ།། རྡོ་རྗེ་བ་སོར་ཞིང་དང་པོར་ནི།། བཟླས་བརྗོད་སྟོང་ཕྲག་བརྒྱ ་བྱའོ།། འབུམ་ཚང་ནས་ནི་སེམས་དཔའ་ཆེ།། རྡོ་རྗེ་སེམས་དཔའ་དང་མཉམ་མཆོག། རྡོ་རྗེ་ཁོ་བོ་རྒྱལ་པོ་ཆེ།། རྒས་དང་འཆི་བ་མེད་པར་འགྱུར།། སྡུག་པ་རྣམས་ནི་རྗེས ་འདུལ་ཞིང་།། སངས་རྒྱས་ཀུན་ལ་རབ་མཆོད་པར།། འཇིག་རྟེན་ཀུན་ལ་ལེགས་སྣང་ཞིང་།། ཅིས་ཀྱང་འཇིག་པ་མེད་པ་རུ།། དེ་ནས་དེ་ཁོ་ན་ཉིད་ཀྱི་སྙིང་པོ་བསྒྲུབ་པ་ནི།། ་འགྲེང་ངམ་ཡང་ན་འགུག་པ་འམ།། འགྲོ་བ་འམ་ཉལ་བར་བྱེད་ན་ཡང་། ཇི་ལྟར་དེ་ལྟར་འབུམ་བཟླས་ན། ཚེ་འདི་ཉིད་ལ་འགྲུབ་པར་འགྱུར།། འདི་ཡིས་འདོད་པའི་དབང་ཕྱུག ་ཀུན།། འདོད་པ་ཙམ་གྱིས་འགྲོ་འོང་ལྡིང་།། དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྲུབ།། ནས་དང་འཆི་བ་མེད་པར་འགྱུར།། འགྲོ་བ་རྣམས་ཀྱིས་མཆོད་པ་དང་། རང་གི་ཉིད། ་རྣམས་ཀྱིས་བརྟེན།། བསྡུག་པ་རྣམས་ནི་རྗེས་འདུལ་ཞིང་།། གང་ལ་འཇིགས་པ་མེད་པ་རུ།། ཞེས་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ཆེན་པོས ་གསུངས་སོ།། །། དེ་ནས་ཕྱག་རྒྱའི་དམ་ཚིག་བསྒྲུབ་པ་ནི།། དེ་བཞིན་དུ་ནི་ཕྱག་རྒྱ་བཅིང་།། བདག་ཉིད་ངེས་པར་བསྲེགས་ནས་ནི།། སྲིད་པ་ཉིད་དུ་ཁྲོ་ཆེན་པོའི།། དངོས་གྲུབ ་ཐམས་ཅད་འགྲུབ་པར་འགྱུར།། དེ་ནས་དམ་ཚིག་བསྒྲུབ་པ་ནི།། བདག་ནི་ཐམས་ཅད་བསང་བྱ་ཞེས།། བརྗོད་ཅིང་ཕྱག་རྒྱ་རྡོ་རྗེ་ཡིས།། དམ་ཚིག་ཕྱག་རྒྱ་བཅིངས་ནས་ནི།། ་བཟླས་ན་རྡོ་རྗེ་འཛིན་འགྲུབ་འགྱུར། དེ་ནས་ལས་ཀྱི་ཕྱག་རྒྱ་བསྒྲུབ།། ལས་རྣམས་དམ་པ་བསྒྲུབ་པ་ནི།། རྣམ་པ་བཞི་པོ་རབ་བྱེད་ཅིང་།། ཐམས་ཅད་བདེ་བའི་ཕྱིར་བཟློས་ན། ་རྡོ་རྗེས་ལས་ཉིད་ཐོབ་པར་འགྱུར།། བསྒྲུབ་པ་ཆེན་པོའི་ཆོ་ག་རྒྱས་པའི་རྒྱུད་དོ།། །། དེ་ནས་དངོས་གྲུབ་བསྒྲུབ་པ་ནི།། རྡོ་རྗེ་ཁྲོ་མཆོག་རྒྱལ་པོ་ཡི།། ལས་ཀྱི་རྒྱུད་ནི་དམ་པ་རྣམས ་གོ་རིམ་བཞིན་དུ་བཤད་པར་བྱ།། འདི་ལྟ་སྟེ། ཐམས་ཅད་བསྲེག་པ་དང་། བསྐྲད་བ་དང་། གཞིག་པ་དང་། རེངས་པར་བྱ་བ་དང་། གཉིད་ལོག་པར་བྱ་བ་དང་། རྒྱས་བགདབཔ ་དང་། རྨོངས་པ་དང་། གཞིག་པ་དང་། བཅིང་བ་དང་། གཟིར་བ་དང་། རལ་བ་དང་། རྡེག་པ་དང་། འབར་བ་དང་། བསྒྱེལ་བ་དང་། གཙོ་བ་དང་། བཅད་པ་དང་། དབྲོག་པ་དང་། བྱེ་བར། ་བྱ་བ་དང་། གཏོར་བ་དང་། རྣམ་པར་གཞོམ་པ་དང་། རིམས་དང་། དུག་དང་། གདོན་གྱིས་འཛིན་དུ་བཞག་པ་དང་།། རྨོངས་པར་བྱ་བ་དང་། གསད་པར་བྱ་བ་ལ་ནི་རྡོ་རྗེ་ཧཱུཾ་མཛད་ཀྱིསོ།། ་ཐམས་ཅད་དགུག་པར་བྱ་བ་དང་།། ངེས་པར་དགོད་པ་དང་། བསྐྱོད་པར་བྱ་བ་དང་། གར་བྱེད་དུ་བཞག་པ་དང་། ཀླུ་ལེན་དུ་བཞུག་པ་དང་། རྒྱལ་དུ་བཞུག་པ་དང་། རྩེ་རབ་ཞུག་པ་དང་། ་ཧ་ཧ་ཞེས་ནོད་དུ་བཞུགས་པ་དང་། འཁོར་བ་དང་། དྲང་བ་དང་། བསྐོལ་བར་བྱ་བ་དང་། ནུབ་པར་བྱ་བ་དང་། དབྱང་བར་བྱ་བ་དང་། འབང་བར་བྱ་བ་དང་། ཉེ་བར་གདེངས་པར་བྱ་བ་དང་། ་སྒྱུར་བ་དང་། ང་རོ་གནོན་པར་བྱ་བ་དང་། དུ་རུ་བཞུག་པ་དང་། རང་ཉིད་བརྡེག་པར་བྱ་བ་དང་། འཆིང་བར་བྱ་དང་། སྐྲ་འབལ་བར་བྱ་བ་དང་། ཞེས་འདྲས་པར་བྱ་བ་དང་། གོས་བཤུ་བ་དང་། ་ཁྲོ་བོ་འབར་བར་བྱ་བ་འ་ནི། ཁྲོ་བོའི་གདོན་གྱི་ཕྱག་རྒྱ་སོ།། ཐམས་ཅད་དགུག་པ་དང་། བཞུག་པ་དང་། དབབ་པ་དང་། པྲ་སེན་བསྒྲུབ་པ་དང་། བདེ་བར་སྨྲ་བར་བྱ་བ་དང་། སྒྱུ་མ་སྟོན ་བ་དང་། ལན་ལྡོན་པ་སྟོན་པ་དང་། དུས་ཚིགས་ཀྱི་འཁོར་ལོ་ཡོངས་སུ་བཟློག་པ་དང་། དུས་མ་ཡིན་པར་ཤིང་ལས་ལོ་མ་དང་མེ་ཏོག་དང་། འབྲས་བུ་སྨིན་པ་སྟོན་པ་དང་། འབྲུ་ཐམ ་ཅད་ཡང་དག་པར་སྟོན་པ་དང་། རིམས་དང་། སྦྱར་བའི་དུག་དང་། གདོན་དང་། དུག་དང་། མཁའ་འགྲོས་ལས་ཐར་བར་བྱ་བ་དང་། གཡུལ་འབྱེད་པ་ཐམས་ཅད་ལས་ཐར་བར་བྱ་བ་དང་། ་གཞན་གྱི་དཔུང་འཇོམས་པ་དང་། ཕྱོགས་དང་། འཚངས་དང་། དཀྱིལ་འཁོར་བཅིང་བ་དང་། ཤིན་དུ་བསྲུང་བ་དང་། ཡོངས་སུ་བསྐྱབ་པར་བྱ་བ། ་དང་། ཐར་བར་བྱ་བ་དང་། སྤང་བ་དང་། དབང་དུ་བྱ་བ་ལ་ནི་ཁྲོ་བོ་ཆེན་པོ་སྣ་ཚོགས་གྲུབ་པས་སོ།། ལྷ་ལ་སོགས་པ་ཐམས་ཅད་ལྟུང་བར་བྱ་བ་དང་། ཀླུ་གདོན་པ་དང་། གནོད ་སྦྱིན་རྗེས་སུ་འབྲང་བར་བྱ་བ་དང་། སྲིན་པོ་སྐྲག་པར་བྱ་བ་དང་། མཁའ་འགྲོ་མ་ལ་སོགས་པའི་གདོན་ཐམས་ཅད་འདུལ་བ་དང་། བདུད་ཀྱི་དཔུང་ཐམས་ཅད་གཞོམ་པ་དང་། མ་མོ ་རྣམས་གདུལ་བ་དང་། གདུག་པའི་ཚོགས་རྣམས་གཏོར་བ་དང་། གདུག་པ་རྣམས་ཚར་བཅད་པ་དང་། གདུལ་བ་དང་། འཇིགས་པ་མེད་པ་དང་། དག་པར་བསྐྱེད་པ་དང་། ནོར་བུ་བཟང ་པོ་དབང་དུ་བྱ་བ་དང་། ནོར་སྨིན་པ་ལས་ནོར་ཐམས་ཅད་དབྲོག་པ། རྣམ་ཐོས་སྲས་མནན་ནས་དཔལ་དྲང་བ་དང་། ལྷའི་བུ་མོ་གཞོན་ནུ་མ་ཐམས་ཅད་དང་རྩེ་འབྲང་བྱ་བ་དང་། ་བརྒྱ་བྱིན་མནན་ནས་བ་སོགས་མ་དབྲོག་པ་དང་། སྐྱེ་མ་བྱེད་ཚར་གཅོད་པ་དང་། ཚངས་པར་ལྟུང་བར་བྱ་བ་དང་། ཁྱབ་འཇུག་འདུལ་བ་དང་། དབང་ཕྱུག་ཆེན་པོ་ལས ་རྣམ་པར་རྒྱལ་བ་དང་། འདོད་པའི་དབང་ཕྱུག་མནན་ནས་དགའ་བ་མོ་དབྲོག་པ་དང་། རྡོ་རྗེ་བསྒྲུབ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསྒྲུབ་པ་དང་། ་དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་བྱ་བ་དང་། རྡོ་རྗེ་སེམས་དཔའ་མཉེས་པར་བྱ་བ་དང་། དགུག་པ་དང་། བཞུག་པ་དང་། དམ་ཚིག་གིས་བཅིང་བ་དང་། དབང་དུ། ་བྱ་བ་བསྒྲུབ་པ་ལ་ནི་རྡོ་རྗེ་ཁྲོ་བོ་རྒྱལ་པོའི་དམ་པའི་དངོས་གྲུབ་ཀྱིས་སོ།། ཞེས་ཀྱང་གསུང་སོ།། ལན་གཅིག་བཟླས་མཆོག་གྲུབ་པ། ཐོག་མའི་རྩ་སྙིང་བཟང་ལན་ཅིག། ་དེའི་འོག་ཏུ་ཁྲོས་གཉེར་གྱིས། བསྒྲུབ་པ་ཐམས་ཅད་བསྒྲུབ་པ་ཡིན། དཔལ་མཆོག་དང་པོའི་རྒྱལ་པོ་ལས།། རྡོ་རྗེ་མེ་དང་ཉི་མ་ལྟར་རབ་དུ་འབར་བའི་རྟོག་པའི་ཆོ་ག་རྒྱས ་པའོ།། །། དེ་ནས་ཏིང་ངེ་འཛིན་ཐམས་ཅད་ནི།། རྣམ་དག་མཆོག་གི་ཆོས་ཉིད་ལས།། སྤྱན་རས་གཟིགས་དབང་ཆེན་པོ།། རྡོ་རྗེ་སེམས་དཔའི་གཙོ་ཆེན་ཡིན། གདུག་པ་ཐམས ་ཅད་འདུལ་དོན་དུ།། རང་གི་རིགས་ནི་ཆེན་པོ་བསྐྱེད།། སངས་རྒྱས་ཀུན་གྱི་ཁྲོ་བོ་ཆེ།། ཐབས་མེད་པས་ནི་ཐབས་ཡིན་ནོ།། འདོད་ཆགས་ལ་སོགས་ཀུན་བསགས་པས། ་མ་དག་སེམས་ཅན་ཁམས་རྣམས་ནི།། དེ་རྣམས་ལ་ནི་རབ་སྤོང་པར།། སྐྱེས་བུ་མཆོག་གིས་རྣམ་པར་མཁྱེན།། མཆོག་དུ་མི་འདུལ་བ་ཉིད་ཀྱིས།། སངས་རྒྱས་ཀྱང་ནི ་མངའ་མི་མཛད།། འཇིག་རྟེན་ཀུན་ལ་འཇིག་རྟེན་མཆོག། རོང་ཉིད་བཟང་པོ་ལ་སྙོམས་ཞུགས།། དེ་ལ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱི་རྒྱལ་པོ་ཆེ ་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའི་ཆོས་ཉིད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེ་བྱིན་གྱིས་བརླབས་པའི་ཕྱག་རྒྱ་ཞེས་བྱ་བའི་ཏིང་ངེ་འཛིན་ཏེ། གང ་ལ་གཟིགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཁམས་གསུམ་པ་ཐམས་ཅད་ཀྱི་དབང་ཕྱུག། ཐམས་ཅད་ཉིད་ཐུག་སུ་ཆུད་པར་གྱུར་པའོ།། །། བསྙེམས་པས ་གཡོན་པའི་པད་མ་ནི།། བཟུང་སྟེ་པད་མ་འབྱེད་མཛད་པས།། ཅི་ནུས་པ་ཡི་ཏིང་འཛིན་གྱིས།། རང་བཞིན་གྱིས་ནི་གཟིགས་པར་མཛད།། ཇི་ལྟར་པད་མ་དམར་པོ་འདི།། ་ཚོན་གྱིས་ཉེས་པ་མི་གོས་པ།། གནས་ཀྱི་ཉེས་པ་སྣ་ཚོགས་པའི།། ཁམས་གསུམ་པ་ནི་དེ་བཞིན་དག། འདི་ལ་གཟིགས་པ་ལ་སོགས་པས།། རྒྱལ་བ་རྣམས་ནི་དབང ་པོར་གྱུར།། དེ་ཡིས་རྡོ་རྗེ་སེམས་དཔའ་ནི།། སྨན་རས་གཟིགས་ཀྱི་དབང་ཕྱུབ་གྱུར།། དེ་བས་བསྒོམ་པའི་སྙིང་པོ་འདི།། དག་པར་བསྒོམས་པས་བསྒོམས་པ་ནི། ་རྡོ་རྗེ་འཆང་ཆེན་རྒྱལ་པོ་ནི།། པད་མ་ཆེན་པོ་དག་འཆང་གྱུར།། གསེར་སྦངས་རི་ཡི་རྒྱལ་པོ་ནི།། རྒྱལ་པོ་ཆེ་དང་མདངས་མཉམ་དང་།། བསྙེམས་པས་གཡོན་པའི་བད་མཆོག ་གིས།། གཡས་པའི་ཕྱོགས་ལ་རྣམ་པར་གཟིགས།། དེ་ནས་པད་མོའི་འདབ་མ་ལ།། པད་མ་ཆེན་པོ་མཆོག་འཛིན་པ།། སངས་རྒྱས་ལ་སོགས་འབྱུང་བ་ཡི།། འཁོར་ལོ ་རྣམས་ནི་འདུལ་བའི་མཆོག། འགྲོ་བ་སྣ་ཚོགས་འདུལ་མཛད་པ།། བཞུགས་པར་རབ་བྲི་བར་བྱ།། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། དེ་ལས་པད་མ་དགེ་བ་དེར། ་འགྲོ་བ་ཐམས་ཅད་རྣམ་སྤང་བའི།། ཇི་ལྟར་འདུལ་བའི་ཚུལ་ཆོག་གིས།། པད་མའི་རིགས་མཆོག་སྟོན་པའི་ཕྱིར།། རྒྱལ་བ་རྣམས་ཀྱིས་གསོལ་བ་བཏབ།། དེ་ནས་ཐམས ་ཅད་འདུལ་མཛད་ཅིང་།། ཤིན་དུ་དཀར་བའི་ཆོས་འཛིན་པ།། རྡོ་རྗེ་ཆོས་ཏེ་རང་རྒྱལ་པོ།། འཇིག་རྟེན་དབང་པོས་བཀའ་བསྩལ་བ།། བྱི་ཡིད་དཀྱིལ་འཁོར་ཆེན་པོ་ལ། བང ་མ་འདབ་མ་བརྒྱད་པོ་བྲི།། དེ་ཡི་དབུས་སུ་སྤྱན་འཛུམ་པ། འཇིག་རྟེན་དབང་ཕྱུག་དགོད་པར་བྱ།། གསེར་སྦངས་ལྟ་བུའི་པད་མ་ནི།། གཡོན་བསྙེམས་ཚུལ་གྱིས་གཟིགས ་མཛད་པ།། རྒྱན་རྣམས་ཀྱིས་ནི་ལེགས་པར་སྤྲས།། སངས་རྒྱས་སྐུ་མཆོག་སྤྱི་བོར་བཞུགས།། དེ་ཡི་ངོས་ནི་ཐམས་ཅད་དུ།། སངས་རྒྱས་སྐུ་ནི་བརྒྱན་པ་བྲི།། རང་གི ་ཏིང་འཛིན་པད་མ་ཆེའི།། ཏིང་ངེ་འཛིན་ལ་རྣམ་པར་གཟིགས།། འཇིག་རྟེན་དབང་པོའི་ལོགས་རྣམས་སུ།། སངས་རྒྱས་ལ་སོགས་རིགས་ཀྱི་ལྷ།། ཞི་བ་སྲེད་མེད་བུ་ཚངས ་པ།། འདོད་པའི་གཟུགས་ནི་པད་མ་ཅན།། སྤྱི་བོར་མཚེར་ཞིང་མགྲིན་པར་འདེགས།། རྟ་མགྲིན་ལྕགས་ཀྱུས་བཅིངས་ནས་ནི།། ཆོས་ཀྱི་ཚིག་གིས་སྤྱན་དྲང་བྱ།། དེ་ནས་པད་མའི ་། ཡོས་ཀུ་ག་ད་ས་། རྫུས་སྒྲུ ་ཧེ་མ་ཧཱ་བི་ཤ་པད་མ་ཙུ་ར་ནེ་སིདྡྷ་ཧཱུཾ་ཕཊ། ཧེ་མ་ཧཱ་བ་ཤ་པད་མ་ཙུར་ནེ་སིདྡྷ་ཧྲཱི། ཧྲི་པད་མ་པད་མོ་ཧཱུཾ་ཨ། ཧོ་བད་མ་ཨ་ཤྲ་ཀྲ་མ་ཧཱུ~ཾ་ཛ།། ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི། ་ཆོ་ག་རྒྱས་པ་བྱས་ནས་ནི།། པད་མ་ཆེན་པོ་མེ་ཏོག་བཅས།། མ་ཡངས་ཡིད་ཀྱིས་ཕྱག་བྱའོ།། དཀྱིལ་འཁོར་ཞུགས་ནས་ཏིང་ངེ་འཛིན།། ལས་བྱུང་གཟུངས་འདི་བརྗོད་པར་བྱ།། ་ཨོཾ་བི་ཤོ་དྷ་ཡ་སྠ་ནཱ་པ་ཡ་ཏོ་ཤ་ཏཾ་ཏ་དུ། ས་མ་ཡ་ཏཱ། ར་ག་ཏི་པཉྩ་ཡེ་ཙི་ཏ་མེ་སརྦ་དྷརཱ་ཤྱ་བཛྲ་ནི་ཙིང་ཏྱ་སེ་སརྦ་དྷརྨ་ཤ་ནེ། གཟུངས་ཀྱི་ཕྱག་རྒྱ་གནས་པ་ནི།། བགྱིས་པས་པདམ ་འཛིན་པ་འགྲུབ།། དེ་ནས་བུམ་པ་འཛུབ་མོ་ལྕགས་ཀྱུར་བཅིངས།། ཆོས་ཀྱི་ཚིག་གིས་ལེགས་སྤྱན་དྲངས།། ཨོཾ་སརྦ་ཏ་ཐཱ་ག་ཏ། ཨ་བ་ལོ་ཀེ་ཤ་ར་པད་མ་ཧ་སྟ། ཡ་ཧི་ཤྲི ་གམ་མི་མི། བཛྲ་སུ་ཏྲ་བ་བཛྲ་ཀཱིཥཱ་བ་བེས་མ་ཡེར་བྱ་བ་ཤི་ཀ་རི་མི།། ཛ་ཧྲུ་ཧོ།། དྷོ་ཤ་ལས་ས་པོ་ས་དྷེ་ཡ་བང་ཏུ་བཛྲ་དྷར་སྟོ།། །། དེ་ནས་འཇིག་རྟེན་མགོན་པོ་མཆོག ་འཇིག་རྟེན་འཛིན་ལ་རང་ཉིད་བྱོན།། འཇིག་རྟེན་ཀུན་མཆོག་འགྱུར་བ་ཡི། ཏིང་འཛིན་ཆོག་ངེས་པར་མཛད།། དེ་ནས་དེ་བཞིན་སློབ་མ་རྣམས།། བཞུག་པའི་ཆོ་ག་རྒྱས་པ་ནི་དངོས་གྲུབ ་ཐམས་ཅད་སྦྱིན་བྱེད་པའི།། ཡེ་ཤེས་དག་ནི་བསླབ་པར་བྱ།། ཏིང་འཛིན་སྙིང་པོ་འདི་ཡིས་ནི།། བསྒྲུབ་པ་ཆེན་པོ་གདོད་ནས་བྱུང་།། འཇིག་རྟེན་ཀུན་གྱི་དབང་ཕྱུག་ཉིད།། གོ ་རིམས་བཞིན་དུ་བཤད་པར་བྱ།། བུད་མེད་རྣམས་ཀྱིས་ནང་བཞུགས་པ་འམ།། བསྡུག་པ་རྣམས་ཀྱི་ནང་ཆུད་པ་འམ།། གང་ཡང་རུང་བར་འདུག་ནས་ནི།། བདེ་མ་ཆེན་པོ་ཡོངསུ ་གཟུངས།། དུས་དང་སྟོབས་ནི་ཇི་བཞིན་དུ།། ཉིན་རེ་ཅི་ནུས་བསྒྲུབ་པར་བྱ།། ཆོ་ག་འདི་ཡིས་འགྲུབ་པར་འགྱུར།། འདོད་ཆགས་ཀུན་བདེ་མྱུར་བས།། འདོད་པ་ཙམ་གྱིས ་འགྲོ་བ་ལྡིང་།། འཇིག་རྟེན་ཀུན་གྱི་དབང་ཕྱུག་རྒྱལ།། རྒ་དང་འཆི་བ་མེད་པར་འགྱུར།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། ཕྱག་ན་རྡོ་རྗེ་ཉིད་དང་ནི།། དངོས་གྲུབ་ཀུན ་གྱི་མཐའ་ཡས་མཆོག། ཚེ་འདི་ཉིད་ལ་ཐོབ་པར་འགྱུར།། དེ་ནས་ཕྱག་རྒྱ་བསྒྲུབ་པ་ནི།། ཕྱག་རྒྱ་བཅིངས་ཏེ་ཏིང་འཛིན་གནས།། དངོས་གྲུབ་ཆེན་པོ་ཉིད་ཐོབ་པོ།། དམ་ཚིག ་དམ་ཚིག་མཆོག་གིས་ཏེ།། ལས་ནི་ལམ་མཆོག་ཕྱག་རྒྱསོ།། བསྒྲུབ་པ་ཆེན་པོའི་ཆོ་གའི་རྒྱུད་དོ།། དེ་ནས་དངོས་གྲུབ་མ་གྲུབ་པའི། ཏིང་ངེ་འཛིན་ལས་ནི་འདྲན་མ་དག། ་དང་པོར་ཏིང་འཛིན་གྲུབ་པ་ནི།། གོ་རིམ་བཞིན་དུ་རང་བཤད་བྱ།། འདི་ལྟ་སྟེ།། སྒྲིབ་པ་ཐམས་ཅད་དང་། སྡིག་པ་དང་། རྨི་ལམ་ངན་པ་དང་། ཡམས་དང་། འཚེ་བ་དང་། ནད ་འགྲོ་བ་དང་། ཉོན་མོངས་པ་དང་། དུས་མ་ཡིན་པར་འཆི་བ་དང་། འཇིགས་པ་དང་། སྐྲབ་པ་དང་། རྗོད་པ་དང་། འཐབ་པ་དང་། བྱིས་པའི་གདོན ་དང་། དམུ་རྒོད་དང་། ཉོན་མོངས་པ་དང་། ངལ་བ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། དབུལ་བ་དང་། བརྙེས་པ་དང་། རེག་ན་མི་བདེ་བ་དང་། བསྐལ་པ་ངན་པ ་དང་། ནད་མེད་པ་མ་ཡིན་པ་དང་། ནོར་རྣམས་ལ་ནི་པད་མ་ཆེན་པོ་ཞི་བས་སོ།། རླུང་དང་། ཁྲག་དང་། བད་ཀན་དང་། འདུས་པ་དང་། ཨ་ཞུ་བ་དང་། རིམས་དང་། སྦྱར་དུག ་དང་། དུག་དང་མཛེ་དང་། འབུམ་བུ་ཕྲ་མོ་དང་། གཡན་པ་དང་། རྐང་ཤུ་དང་། རྐན་དང་། ཆུའི་དམུ་རྫིང་དང་། མཚན་མར་རྡོལ་བ་དང་། ཤ་བཀྲ་དང་། ཟ་བྱེད་དང་། ཁྲག་ཟང ་བ་དང་། ཁུ་བ་ཟད་པ་དང་། ནད་ཐམས་ཅད་དང་། གནོད་པ་དང་། གདོན་དང་། ཕྲ་མན་རྣམས་གསོ་བ་ལ་ནི། པད་མ་ཆེན་པོ་སྨན་གྱི་ཕྱག་རྒྱ་འཛིན་པསོ།། ་ཐམས་ཅད་རྡོ་རྗེས་བྱ་བ་དང་། ཆོས་ཀུན་དང་། གོ་ཆ་དང་། གཙུག་གཏོར་དང་། གཙུག་ཕུད་དང་། འཚམས་དང་། ཕྱོགས་དང་། དཀྱིལ་འཁོར་དང་། ་ས་དང་། ནམ་མཁའ་དང་། རྡོ་རྗེ་གདན་དང་། ཁང་པ་ཆེན་པོ་དང་། རྡོ་རྗེའི་ར་བ་དང་། མེ་འབར་བ་དང་། རྡོ་རྗེ་དང་། དོན་ཡོད་པའི་སོགས་པ་དང་། སྲད ་ལུས་ཡོངས་སུ་བསྐོར་བ་དང་། བུར་བུས་ཡོངས་སུ་གདད་པ་དང་། ཟས་དང་། བཏུང་བ་དང་། གོས་དང་། རྒྱན་དང་། ཕྱག་རྒྱ་དང་། གདུང་བ་ལ་ནི། པད ་མ་ཆེན་པོ་འཇུང་བ་བཅས་བརྡུང་བསོ།། ཚེ་དང་ཐམས་ནད་དང་། སྟོབས་དང་། ཁ་དོག་དང་། གཟི་བརྗིད་དང་། མདངས་དང་། ལང་ཚོ་དང་། བརྩོན་འབྲས ་དང་། སྤྲོ་བ་དང་། ནད་མེད་པ་དང་། དཔལ་དང་། བསྐལ་པ་བཟང་པོ་དང་། ནོར་དང་། འབྲུ་དང་། དབང་ཕྱུག་དང་། འབྱོར་པ་དང་། དངོས་གྲུབ་དང་། ་བློ་དང་། རྙེད་པ་དང་། བཀྲ་ཤིས་དང་། མིང་དང་། གྲགས་པ་དང་། སྙན་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་དང་པ་ལ་ནི་པད་མ་ཆེན་པོ་མཆོག་གྲུབ་པསོ།། དཔལ་མཆོག་དང་པོའི ་རྟོག་པའི་རྒྱལ་པོ་ལས། ཆོས་ཐམས་ཅད་སྒྲིབ་པ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་གོ་ཆ་རྒྱས་པའོ།། དེ་ནས་རྒྱལ་པོ་རྡོ་རྗེ་ཆེ།། ཐམས་ཅད་མི་འགྱུར་ན་མཁའ་ཆེ།། ཐམས་ཅད་དབང ་བསྐུར་ཀུན་གྱི་དོན།། ཀུན་དབང་རིན་ཆེན་ཐམས་ཅད་འཛིན།། ཏིང་ངེ་འཛིན་གྱིས་བྱིན་གྱིས་བརླབས།། དག་པ་ཆེན་པོས་རབ་སད་མཛད།། ཆོས་རྣམས་ལ་ནི་རབ་གཟིགས ་བས།། ཀུན་དོན་དབང་ཕྱུག་གདོན་ནུས་བྱུང་།། ཉིན་ཟླ་དང་ནི་གཟའ་སྐར་ཅན།། ནམཁའ་ཉིད་དུ་གྱུར་བ་ཡིན།། དེ་ནས་རིན་ཆེན་ཏིང་འཛིན་ནི།། ངེས་པས་རྡོ་རྗེ་ཅན་དུ་མཛད། ་@#དེ་ནས་ནམ་མཁའི་རྡོ་རྗེ་ཉིད།། ལྗང་ཁུང་བུཾ་བ.རུས་མཉམ་དང་།། རྡོ་རྗེ་རིན་ཆེན་རྣམས་དགེ་བ།། ནམཁའི་སྙིང་པོར་ཡང་དག་གྱུར། དེ་ནས་བཅོམ ་ལྡན་ཐོག་མ་འདི།། མཛོད་སྤུ་ཀུན་གྱི་གནས་ན་བཞུགས།། ཏིང་ངེ་འཛིན་ལ་རྣམས་གཟིགས་པས།། འཇིག་རྟེན་དབང་ཕྱུག་བདག་པོ་ཉིད།། སངས་རྒྱས་ཐམས་ཅད་སྲས་བཅས ་དང་།། དེ་བཞིན་རྡོ་རྗེ་འཛིན་པ་མཆོག། རྡོ་རྗེ་རིན་ཆེན་དེ་ཡི་ནི།། དེ་ཚེ་དེ་ལ་དབང་བསྐུར་རོ།། རིགས་ཀུན་གྱིས་བརྗོད་དབང་བསྐུར་བས། ལེགས་བསམ་ཐམས་ཅད་རྫོགས་བྱའི ་ཕྱིར།། ཀུན་མཆོག་ཀུན་ལ་དབང་བསྐུར་ནས།། ཤིས་པར་བརྗོད་པ་འདི་གསུངསོ།། ཨོཾ་སརྦ་བཛྲ་ས་ཏྭ་ཨ་ཏི་སྟི་ཥཱ་ཏོ།། ཨོཾ་བྷིཀྵེཉྫ་མི། བྷུར་བུ་བ་སཧཱ།། དེ་ནས་བཟང་པོ ་འདི་གསུངས་ཤིང་།། ལེགས་པར་ཤེས་བརྗོད་དབང་བསྐུར་བས།། རྡོ་རྗེ་རིན་ཆེན་ཆེ་དེ་ལས།། ཆོས་ཀྱི་གཙོ་བོ་འབྱུང་བར་འགྱུར།། བྱུང་ནས་འགྲོབ་ཐམས་ཅད་ནི།། ཅི་རིགས་པར ་ནི་ཀུ་དབང་བསྐུར།། རྡོ་རྗེ་ཅན་གྱིས་དབང་བསྐུར་བའི།། སླར་ཡང་དཀྱིལ་འཁོར་ཚུལ་གྱི་བཞུགས།། བདེ་གཤེགས་ཀུན་གྱིས་བྱིན་བརླབས་པས། རྡོ་རྗེ་རིན་ཆེན་བླ་ན་མེད། ་ཤིན་དུ་དབང་ཕྱུག་ཆེན་པོའི་ཚོགས།། དངོས་གྲུབ་རྩོལ་བའི་རྟོག་པས་གསུངས།། དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་ནི།། ན་མཁའི་འཁོར་ལ་ན་མཁའི་མདོག། ཉི་མ་ཟླ་བ་སྐར་མ། ་དང་།། གཟའ་རྣམས་ཀྱིས་ནི་བརྒྱན་པ་བྲི།། དེ་དབུས་ནམ་མཁའི་སྙིང་པོ་ནི།། བདག་ཉིད་ཐམས་ཅད་དགེས་པ་བཞག། དག་པ་བཻ་ཌཱུཌརྱའི་མདོག་འདྲ་དང་།། འོད་ཟེར ་འབར་བ་སྣ་ཚོགས་འཁྲུགས།། གཡོན་པས་རིན་ཆེན་ཐུགས་ཁར་སྟོད།། གཡས་པ་རིན་ཆེན་རབ་བརྩོལ་བ།། དེའི་ངོས་སུ་སེམས་དཔའ་མཆོག། བཞི་པོ་བཟུང་བཅས ་དམ་པའོ།། དབང་བསྐུར་བ་དང་གཏེར་ཉིད་དང་།། ནོར་བུ་ཆེན་ཆེན་བླ་ན་མེད།། འབྱོར་པ་དཔལ་ནི་ཕུན་སུམ་ཚོགས།། རང་གིས་མཚན་མས་མཆོད་པ་དང་།། དེ་ལ་དེ་རྣམས ་ཀྱི་སྙིང་པོ་འདི་ཡིན་ཏེ།། ཨོཾ་བཛྲ་ས་ཏ་ཛ། བཛྲ་རཏ་ན་ཧྲཱི།། བཛྲ་དྷརྨ་བི། བཛྲ་ཀརྨ་ཧྲི།། །། དེ་ནས་གཟུངས་རྣམས་ཀྱི་སྙིང་པོ་བཤད་དེ། ཨོཾ་པྲ་ཏི་བཛྲ་ན་བཊ། ཨོཾ་བཛྲ ་པྲ་ཏི་ཧི་ཧྲི། ཨོཾ་བཛྲ་མ་ཧཱ་མ་ནི་རཾ།། ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ནི།། ཆོ་ག་རྒྱས་པ་ཇི་བཞིན་བྱ།། ནོར་བུའི་ཁུ་ཚུར་གྱི་བཞུགས་མ།། མཁའ་སྐྱེས་ལ་ནི་མགེ་སོ་ཕྱག ་བྱ།། ཞུགས་ནས་ན་མཁའ་ལས་བྱུང་བ།། དམ་ཚིག་དམ་པ་བརྗོད་པར་བྱ།། ཁྱེད་ནི་ན་མཁའ་ལས་བྱུང་བ།། ཐམས་ཅད་ཀྱི་ནི་ལྔ་པ་ཡིན།། ཨོཾ་སངྒ་བྷ་སདྡྷ་བྷ་བ་ས་ར་མ་ཧཱ ་བཛྲ་རཏ་ན། བྷ་བ་ཏ་ཐ་ཏྲཾ། འདི་ནི་བཟླས་པ་ཙམ་གྱིས་ནི།། མཁའ་སྙིང་དངོས་གྲུབ་ཐམས་ཅད་དང་།། ཕུན་སུམ་ཚོགས་པ་འང་ཤིན་དུ་ནི།། འགྲུབ་འགྱུར་འདིར་ནི་ཐེ་ཙོམ ་མེད། ཅེས་བཅོམ་ལྡན་འདས་རྡོ་རྗེ་རིན་ཆེན་བླ་ན་མེད་པས་གསུངསོ།། དེ་ནས་ནོར་བུའི་ཁུ་ཚུར་གྱི་ལྕགས་ཀྱུས་དགུག་པར་བྱའོ།། ཨོཾ་བྷཱ་ར་ཡ་ཧི་ཛ། ་བྷ་བ་པྲ་སི་ཤ་ཧཱུཾ་ས་གྲི་ཧྱེ་བཾ། བ་བ་ཏ་ཏ་སིདྡྷི་ཧོ་ཏམ།། ། དེ་ནས་བཅོམ་ལྡན་མྱུར་དུ་ནི།། བྱི་ནས་དངོས་གྲུབ་ཐམས་ཅད་དམ།། འབྱོར་པ་ཤིན་དུ་གཡོ་བ་ལའང་།། དོན་ནི་རབ་དུ ་འགྲུབ་པར་འགྱུར།། དེ་ནས་སློབ་མ་ཕྱག་རྒྱ་ནི།། མེ་ཏོག་བཅས་པ་མཆོག་གིས་བཞུག། བཅུག་ནས་དེ་ཉིད་མཆོག་སྙིང་པོ།། བདེན་པ་ལན་གཅིག་བརྗོད་དུ་བཞུག། དེ་ནས ་འབྱོར་པའི་ཕྱོགས་བརྟག་པ།། དཔལ་གྱི་པུན་ཚོགས་མཆོད་པ་ཆེ།། འཇིག་རྟེན་མཆོག་གིས་དངོས་གྲུབ་བླངས།། བདེ་བར་གཤེགས་པ་ཉིད་དུ་ཐོབ།། དེ་ནས་ཕྱིར་བསྒྲུབ་པ ་བཤད།། རྡོ་རྗེ་རིན་ཆེརན་རྒྱལ་མཆོག་གིས།། དཔག་མེད་བཟླས་པས་སྒྲུབ་བྱ་ཞིང་།། ཇི་སྙེད་པ་ཡིས་རབ་དུ་བསྒྲུབ།། འདི་ཡིས་སྐྱེས་མཆོག་འདི་ཉིད་ལ།། འདིར་བཞིར་འགྲོ ་དང་འོང་བར་འགྱུར།། རིན་ཆེན་ཀུན་གྱི་དབང་ཕྱུག་རྒྱ་ལ།། རྒས་དང་འཆི་བ་མེད་པར་འགྱུར།། དངོས་གྲུབ་ཀྱི་དམ་པ་ཐམས་ཅད་ཐོབ་པ་འང་དེ་བཞིན་ནོ།། ཕྱག་རྒྱ་བསྒྲུབ་པ་ནི་དཔའ ་བའི་བྱ་བ་ཉིད་ཀྱིསོ།། དམ་ཚིག་གི་ཕྱག་རྒྱ་བསྒྲུབ་པ་ནི།། དམ་ཚིག་གི་ཁུ་ཚུར་གྱིས་སོ།། དེ་བཞིན་དུ་ལས་བསྒྲུབ་པ་ན།། རབ་དུ་མཆོད་པ་ནི།། དངོས་གྲུབ་བླ་ན་མེད་པ་ཡིན་ནོ།། ཕྱག ་རྒྱ་ཆེན་པོ་བསྒྲུབ་པའི་རྒྱུད་དོ།། དེ་ནས་ཕྱི་རོལ་ལས་རྣམས་ཀྱི།། རབ་འབྱམ་རྒྱུན་ནི་དམ་པ་དང་།། དངོས་གྲུབ་ཆེན་པོ་མ་བསྒྲུབ་པ།། གོ་རིམ་ཇི་བཞིན་རབ་བཤད་བྱ། འདི། ་ལྟ་སྟེ། འབྱོར་པ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། དབྲོག་པ་དང་། བསག་པ་དང་། ལེན་པ་དང་། འདྲེན་པ་དང་། འགུགས་པ་དང་། ་གཏོད་པ་དང་། གཞིག་པ་དང་། འཕེན་པ་དང་། འདེགས་པ་དང་། འབེབས་པ་དང་། བརྡེག་པ་དང་། སྦྱང་བ་དང་། བརྙེད་པ་དང་། ཉོ་བ་དང་། བཙོང་བ་དང་། ཀུན་དུ་འགེད ་བ་དང་། ཉེ་བར་དགོས་པ་དང་། བརྟན་པར་བྱ་བ་དང་། རྡོ་རྗེར་བྱ་བ་དང་། འབྱོར་པ་ཐམས་ཅད་བསྒྲུབ་པ་དང་། འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི། རྡོ་རྗེ་རིན་ཆེན ་ཀྱི་དབང་བསྐུར་བསོ།། དཔལ་ཐམས་ཅད་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་།། དབང་དུ་བྱ་བ་དང་། དབྲོག་པ་དང་། བསག་པ་དང་། ལེན་པ་དང་། འདྲེན་པ་དང་། ་འགུགས་པ་དང་། གཏོག་པ་དང་། གཞིག་པ་དང་། འདེགས་པ་དང་། འབེབས་པ་དང་། བརྡེག་པ་དང་། སྤང་བ་དང་། རྙེད་པ་དང་། ཉོ་བ་དང་། བཙོང་བ་དང་། ཀུན་དུ་འགེད ་བ་དང་། ཉེ་བར་འགོད་པ་དང་། བརྟན་པར་བྱ་བ་དང་། རྡོ་རྗེར་བྱ་བ་འབྱོར་པ་ཐམས་ཅད་བསྒྲུབ་པ་དང་། འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི་རྡོ་རྗེ་རིན་ཆེན་དཔལ ་གྱིས་སོ།། ཕུན་སུམ་ཚོགས་པ་ཐམས་ཅད་དགུག་པ་ལ་ནི། བཅིང་བ་དང་། དབང་དུ་བྱ་བ་དང་། དབྲོག་པ་དང་། བསག་པ་དང་། ལེན། ་པ་དང་། འདྲེན་པ་དང་། འགུགས་པ་དང་། གཏོད་པ་དང་། གཞིག་པ་དང་། འཕེན་པ་དང་། འདེགས་པ་དང་། འབེབས་པ་དང་། བསྡིག་པ་དང་། སྦྱང་བ་དང་། ་རྙེད་པ་དང་། ཉེ་བ་དང་། བཅིང་དང་། ཀུན་དུ་འགེད་པ་དང་། ཉེ་བར་དགོས་པ་དང་། བརྟན་པར་བྱ་བ་དང་། འབྱོར་པ་ཐམས་ཅད་བསྒྲུབ་པ་དང་། འབྱོར་པ་ཐམས་ཅད་ཀྱི། ་མཆོག་བསྒྲུབ་པ་ལ་ནི། རྡོ་རྗེ་རིན་ཆེན་ཕུན་སུམ་ཚོགས་པསོ།། མཆོད་པ་དང་། ཐམས་ཅད་དགུག་པ་དང་། བཅིང་བ་དང་། དབང་དུ་བྱ་བ་དང་། དབྲོག་པ་དང་། བསག་པ་དང ་ལེན་པ་དང་། འདྲེན་པ་དང་། འགུགས་པ་དང་། གཏོང་བ་དང་། འདེགས་པ་དང་། འབེབས་པ་དང་། བརྡེག་པ་དང་། སྦྲང་བ་དང་། རྙེད་པ་དང་། ཉོ་བ་དང་། བཅོད་པ་དང ་ཀུན་དུ་འགེད་པ་དང་། ཉེ་བར་དགོད་པ་དང་། བརྟན་པར་བྱ་དང་། རྡོ་རྗེར་བྱ་བ་དང་། འབྱོར་པ་ཐམས་ཅད་བསྒྲུབ་པ་དང་། འབྱོར་པ་ཐམས་ཅད་ཀྱི་མཆོག་བསྒྲུབ་པ་ལ་ནི། ་རྡོ་རྗེ་མཆོག་བསྒྲུབ་པསོ་ཞེས་ཀྱང་གསུང་སོ།། སེམས་ཅན་ཐམས་ཅད་བ་དོན་དང་། རྡོ་རྗེ་སེམས་དཔའ་རིན་ཆེ་བ།། རང་གི་ཕྱག་རྒྱ་མཆོག་ལེན་བསྒྲུབ།། ཡི་གེ་ཏི་ནི་སྦྱར་བར་བྱ། ་དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ལས། བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ།། རྡོ་རྗེ་རིན་ཆེན་གྱི་རྒྱལ་པོའི་ཆོ་ག་རྒྱས་པའོ།། ། དེ་ནས་རྒྱལ་རྡོ་རྗེ་འཛིན། ་འཇིག་རྟེན་གསུམ་པོ་ཁམས་གསུམ་པ།། འཇིག་རྟེན་གསུམ་བདག་ཐམས་ཅད་པ།། འཇིག་རྟེན་གསུམ་མཆོག་འདུལ་མཛོད་པ།། ཆོ་ག་བཞིན་དུ་བསྒོམ་གྱུར་ཅིང་།། སེམས ་ཅན་དོན་ཕྱིར་ཆོ་ག་བཞུགས། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། རྟག་ཏུ་རྣམ་པར་གནས་པ་ཡིན།། མི་མཉམ་པ་ཡིས་རྟེན་གྱུར་ན།། དུག་ཉིད་དུ་ནི་ཉེ་བར་འགྱུར། ་བདུད་རྩི་ཉིད་ཀྱིས་བརྟེན་གྱུར་ན། བདུད་རྩི་ཉིད་དུའང་འགྱུར་བ་ཡིན།། འདོད་ཆགས་ཚངས་པ་མཆོག་འབྱིན་པ།། ཞེ་སྡང་དྲག་པོའི་ཏིང་འཛིན་གྱིས།། གཏི་མུག་ཁྱབ་འཇུད ་བརྟན་བྱས་ནས།། འཇིག་རྟེན་གསུམ་པོ་བྱིན་གྱིས་བརླབ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། རྟག་ཏུ་གནས་པས་རྟེན་གསུམ་རྣམས།། ཆོས་ཀྱི་བརྟེན་གནས་གསུམ་མཆོག ་སྟེ།། ཆོས་མིན་བརྟེ་ནུ་པ་ངན་སོང་གསུམ།། འདོད་ཆགས་སྦྲང་རྩི་བྱེད་པར་བཤད།། ཞེ་སྡང་རྒྱལ་པོར་བྱེད་ཅེས་གྲགས།། གཏི་མུག་དེར་ནི་བསྒྲུབ་བྱེད་ཅེས།། ཀུན་དུ་བཟང་པོའི ་མིན་ཡིན་ནོ།། ང་ནི་འཇིག་རྟེན་གཅིག་པུ་ཉིད།། འཇིག་རྟེན་གསུམ་དུ་རབ་དུ་བཤད།། ང་ནི་འདོད་པ་གཅིག་པུ་ཉིད།། ཚངས་པ་དྲག་པོའི་གཡུང་དྲུང་ཡིན།། དེ་ནས་གསུམ་པོ་དེ་ཡི་མཆོག ་སྦྱང་ཕྱིར་རྡོ་རྗེ་བཟང་འཛིན་པ།། གཟུངས་ནི་གསུམ་པོ་འདི་དག་ཉིད།། བདག་ཉིད་ཁོ་ན་བུང་བ་ཡིན།། གང་ཕྱིར་འཇིག་རྟེན་འདི་དག་ནི།། རྟག་ཏུ་ཡང ་ནི་འདི་སྐད་སྨྲ།། ཚངས་སོགས་ཀྱིས་འདུལ་ཡང་དག་པའི།། སངས་རྒྱས་བྱང་ཆུབ་སྣོད་མ་ཡིན།། དེ་རྣམས་སྤང་ཕྱིར་བཅོམ་ལྡན་འདས།། རྡོ་རྗེ་འཆང་ཆེན་རང་བཞིན་ནི། གཟུགས ་ནི་གསུམ་པོ་འདིར་མཛད་ནས།། བྱིས་ནི་སངས་རྒྱས་ཉིད་མི་འགྱུར།། དེ་ནས་ཚངས་པ་ལ་སོགས་ལྷ།། འཇིག་རྟེན་གསུམ་ཆོག་དབང་ཕྱུག་ཆེ།། དཀྱིལ་འཁོར་དེར་ནི་གསང་སྙིང་ངོ་པོ།། ་རང་གི་རང་གྲུབ་ཕྱི་རབ་བུལ།། ཨོཾ་བྷ་ར་བྷ་སྭ།། ཟུར་བཞི་པ་ལ་སྒོ་བཞི་པ།། སྒོ་བསྲུངས་ཀྱིས་ནི་རབ་བསྲུངས་པ།། ཁ་གྱེར་གྱིས་ནི་ལེགས་བསྐོར་བས།། ཕྱི་ཡི་དཀྱིལ་འཁོར་བྲི་བར་བྱ།། ་དེ་ཡི་ནང་མ་ཉིད་དུ་ནི།། དཀྱིལ་འཁོར་གཞུའི་དབྱིབས་ཅན་ལ། སྦྲང་རྩི་བྱེད་དང་རྒྱལ་བྱེད་ཉིད།། བསྒྲུབ་པ་ཐམས་ཅད་བསྒྲུབ་པ་ནི།། གོ་རིམས་དག་ནི་ཇི་བཞིན་དུ།། ལེགས་པར་བྲི ་འམ་བཞག་པར་བྱ།། པུས་མོ་གཉིས་ཀྱིས་ཞུགས་པ་དང་།། རྩེ་གསུམ་དམ་ཚིག་གིས་མཚན་པས།། ཞུགས་ཏེ་དམ་ཚིག་བཅིངས་ནས་ནི།། ཨོཾ་བྷ་ར་བུ་བས་སྟི་ན་མ་སྭཱ་ཧཱ། ཉི་ཤུ་རྩ ་གཅིག་བཟླས་པ་ཡིས།། ཐམས་ཅད་ཐམས་ཅད་ཀྱིས་བསྐོར་བ།། ཐམས་ཅད་གྲུབ་ཕྱིར་འོངས་པ་ལ།། ཇི་སྙེད་པ་ལའི་གཏོར་མ་སྦྱིན།། སློབ་དཔོན་རབ་དུ་ཞུགས་པ་ཡི།། སློབས ་ཐམས་ཅད་བཞུག་པར་བྱ།། དེ་ཉིད་གསང་བ་བརྗོད་ནས་ནི།། དམ་ཚིག་མཆོག་ནི་སྦྱིན་པར་བྱ།། གལ་ཏེ་ནི་ཁྱོད་རྩེ་གསུམ་བཅག། སྙིང་པོ་སྡོད་ཟིན་ལ་སྨྲས་སམ།། གཅིག་སྨྲས་པའི ་ཆོས་རྣམས་ནི།། གལ་འདི་ནི་མ་སྤྱད་དམ།། སྙིང་སྟོབས་རྡུལ་དང་མུན་པ་ཉིད།། ཚངས་པ་དྲག་པོ་གཡུང་དྲུང་སྟེ།། མིང་པོ་གསུམ་པོ་འདི་ཉིད་ནི།། ནམ་ཡང་བརྙས་པར་མི་བྱའོ།། ་གང་ཞིག་འདི་རྣམས་བསྒོམ་པ་བསློབ།། ཡང་དང་ཡང་དུ་ཞུགས་པ་ནི།། དཀྱིལ་འཁོར་མཆོད་པ་བྱེད་པ་དང་།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། རང་གིས་ཕྱག་རྒྱ་བརླབས ་ནས་ནི།། དེ་ལ་གར་གྱིས་མཆོད་པ་དང་།། འདོད་ཡོན་རྣམ་པ་ལྔ་པོ་ཡིས།། རྟག་ཏུ་དཀྱིལ་འཁོར་མཆོད་པར་བྱ།། འཇིག་རྟེན་གསུམ་འབྱིན་པའི་རྒྱུད་།། དེ་ནས་སྟོང་པ་རྡོ་རྗེ་འཛིན། ་སེམས་ཀུན་རྗེས་སུ་སྟོན་མཛད་པ།། འཇིག་རྟེན་གསུམ་བྱུང་གྲུབ་དོན་དུ།། སླར་ཡང་སྲིང་མོ་རྣམས་འབྱིན་མཛད།། ཀུན་དུ་ཆགས་དང་ཞེ་སྡང་མངས།། བརྟན་པར་བྱེད་པའི་རྒྱུ་ཡིན་ནོ།། ་དགའ་དང་ཕྲ་དོག་བུད་མེད་ནི།། རབ་དུ་གྲགས་པའི་བྲུབ་ཀུན་གཏེར།། གང་ཞིག་འཇིག་རྟེན་ཀུན་དུ་བཤད།། སྣ་ཚོགས་ཀུན་མཆོད་ལྷ་མོ་རྣམས།། གྲུབ་པ་དང་ནི་ཞི་བར་བཤད།། ཕྱི་རོལ ་སེམས་ཅན་པན་ཕྱིར་དང་། རྟོགས་དོན་ཁོང་དུ་ཆུང་བའི་ཕྱིར། དེ་རྣམས་ཀྱིས་ནི་སྙིང་པོ་དང་།། དཀྱིལ་འཁོར་དེ་བཞིན་དམ་ཚིག་བཤད།། ཧཱུ~ཾ་ཤྲི་བྱ། དཀྱིལ་འཁོར་བཟང་བཆུ་བཞིག ་སྲང་བུ་གསུམ་གྱིས་དཀྱིལ་འཁོར་བྱ།། འཚམས་ཀྱི་ཐིག་དང་ཀ་བ་སྟེ།། བཞི་པོ་དག་ནི་རིམ་པ་བཞིན།། དེའི་དབུས་སུ་དཀྱིལ་འཁོར་ནི།། བཞི་པ ་དག་ནི་དེ་བཞིན་བྱ།། རང་གི་སྙིང་པོ་བཞི་པོ་ཡིས།། རང་གི་སྒོར་ནི་ཕྱོགས་པར་བཞམ།། བསྐལ་བཟངས་གལན་རང་གི་མཚོན།། སྲིན་མོ་བཅན་ཞི་བ་འམ།། ཕག་མོའི་ལག་ན་གཏེར ་ཉིད་དེ།། གྲུབ་པ་མོ་ནི་བསྙེམས་དང་བཅས།། དེ་ནས་དང་པོ་དཀྱིལ་འཁོར་དུ།། དེ་ཀུན་དེ་བཞིན་ཞུགས་ནས་ནི།། སྲིན་མོ་རྣམས་ཀྱི་རང་གི་རྒྱས།། གེ་རིམས་དག་ནི་ཇི་བཞིན་དུ། ་ཞུགས་ནས་དེ་བཞིན་ཆོ་ག་བཞིན།། སྤོས་ལ་སོགས་པས་མཆོད་པར་བྱ།། དེ་ཉིད་གསང་བ་རབ་བསྒྲུབས་པས།། ཀུན་ནས་བཀུག་པ་དག་ཏུ་བྱ།། ཨོཾ་སུ་བྷ་གེ་ར་ཏི་སྟ་མ་མ་ཧི་བྷཱ། ་རཀྵ་སི་མ་རི་སྟ་མ་ཡ་བྷཱུ་བྷ་བ།། པ་ར་ཧི་ཨ་བྷི་དྷ་ས་མ་ཡ་ཧི་སྭ། སིདྷི་ཀེ་སིད་དྷ་སྭ་མ་ཡ་ཧི་ཨི་མ་བྷ་མུ་ཏ་བྷིད་ཧྲི་བྷྲྀ་བྷྱོ།། དེ་ནས་ལུས་ནི་ཐམས་ཅད་ཀྱིས།། དེ་བཞིན་དུ་ནི་ལེགས་ཞུགས ་ལ།། དེ་ནས་ཕྱག་རྒྱ་བཅིངས་བསྟན་ཏེ།། གསང་བའི་མཆོད་པ་བརྗོད་པར་བྱ།། གལ་ཏེ་གསང་འདིམ་བསྒྲུབ་ན།། གང་ཞིག་སེམས་ཅན་དོན་ཞུགས་དང་། གང་ཡང་དཀྱིལ་འཁོར་བསྒྲུབ ་བྱེད་པ།། དེ་རྣམས་ཁྱེད་ཀྱིས་བསད་པར་འགྱུར།། ཆོས་དང་ལྡན་ན་བདུད་རྩི་ཉིང་།། ཆོས་མིན་པས་ནི་དུག་པས་ལྷག། ཇི་སྙེད་པ་དང་དུས་ཇི་བཞིན།། ཡུལ་རྣམས་ཉེ་བར་བསྟན་པ་དང་། ་ཕྱག་རྒྱ་གར་གྱི་མཆོད་པ་ཡིས།། ཅི་བདེ་བར་ནི་རྟག་ཏུ་མཆོད།། སྲིན་མོ་བཞི་ཡི་རྒྱུད་དོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ས་དབང་ཕྱུག་ཀུན་གྱི་མཆོག། འདོད་ཆགས་ཞེ་སྡང་གཏི་མུ། ་ཆེ།། བསྒྲུབ་པ་དག་ནི་རབ་བསྒྲུབ་ཉིད།། འདོད་ཆགས་ལ་སོགས་དུག་བཞིན་ཕྱིར།། ཀུན་ཀྱང་བདུད་རྩི་ཉིད་བྱའི་ཕྱིར།། ཞེ་སྡང་ལས་བྱང་ཀླུ་ཡི་ནི།། དེ་ལ་སྙིང་པོ་འདི་ཡིན་ཏེ། བུར་ཟུར ་བཞི་པ་ལ་སྒོ་བཞི་པ།། སྲད་བུ་ཐམས་ཅད་ཡང་དག་བྲི། སྒོ་ཁྱུད་ཀླུ་ཡི་གདིང་ཀ་མཆོག། འཚམས་ཀྱི་རྩི་མཆོག་འཇུག་མ་འདུད།། དེ་ཡི་དབུས་སུ་ཀླུ་བརྒྱད་བྲི།། མཐའ་ཡས་གདེང ་ཀ་ར་བཅས་པ་ནི།། ཀླ་ཡི་རིགས་ནི་བརྒྱད་པོ་དང་།། ཤེས་རབ་ཅན་གྱིས་ཀུན་དུ་བྲི།། དེ་ནས་ཁྲོས་པས་ཞུགས་ནས་ནི།། ཀླུ་འཛིན་པ་ཡི་ཤུགས་ཀྱིས་ནི།། ཞུགས་ནས་དཀྱིལ་འཁོར་དེ ་ཉིད་དུ།། ། ཨོཾ་ཧྲི་ཨ་སི་ལ་ཛ་བ་པེ། ཨ་སྲི་ཐ་བིན་དྷ་ར་པུ།། ཤ་ཥ་ར་མ་ཧ། ཧ་ཕུ། སརྦ་ན་ག་ཀུ་ལ་གྱད་ལ་པུ། ས་མ་ཡ་པྲ་བེ་ཤ་ཡ་པུ། ཏེ་ཐ་སརྦ་ན་ག་ཕུ་ཊུ་ཀ་པུ། དེ་ལྟར་བྱས ་ན་ལེགས་པར་ཞུགས་ཤིང་དགའ་བར་འགྱུར་རོ།། དེ་ནས་སློབ་དཔོན་གྱིས་དུག་མེད་པར་བྱས་པར་བྱའོ།། དེ་ནས་བརྩམས་ཏེ། དག་ཐམས་ཅད་ཟོས་ནས་ཀྱང་བདུད་རྩིར་འགྱུར་རོ།། ནོར་རྒྱས ་དང་ཡང་བརྩེ་བར་བྱེད་དོ།། དུག་ཐམས་ཅད་སྦར་བ་དང་གཞིག་པ་ནུས་པར་འགྱུར་རོ།། དེ་ནས་གནའི་སྙིང་པོར་སྨིན་པར་བྱ་སྟེ།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། འཇིག་རྟེན་དུ་ནི་དུག ་#། གསུམ་དབ། གལ་ཏེ་བདེ་བ་ལས་འདས་ནས།། འདི་དག་གིས་ནི་རྟག་གསོད་འགྱུར།། ཁྱོད་ཀྱིས་ཀློགས་བརྙེས་མི་བྱ།། སེར་བཟློག་པར་མི་བྱ་ཞིང་། གན ་ཏེ་དངོས་ལ་དགའ་ན།། ཅི་ནས་སྦྲུལ་ནི་བསད་མི་བྱ།། ཀླུའི་དཀྱིལ་འཁོར་རོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། སྡུག་བསྔལ་ཐམས་ཅད་སེལ་བའི་མཆོག། སེམས་ཅན་ཀུན་ལ་བདེ་བའི་ཕྱིར།། ་གདོན་གྱི་དཀྱིལ་འཁོར་བྱུང་བ་ཡིན།། འདོད་ཆགས་ཞེ་སྡང་གཏི་མུག་རྣམས།། ཉེས་བྱས་ཀྱིས་ནི་དུག་ཉིད་འགྱུར།། གདོན་དང་རིམས་དང་སྡིག་པ་དང་།། དམྱལ་བར་ཡང་ནི་གྱུར་པ་ཡིན།། ་དེ་ནས་གདུག་པའི་སྙིང་པོ་ནི།། ཧཱུ~ཾ། ཟུར་བཞི་པ་ལ་སྒོ་བཞི་པ།། གདོན་གྱི་དཀྱིལ་འཁོར་ཀུན་དུ་བྲི།། དེ་ནས་དབུས་དང་གདོན་ལ་སོགས།། ཆོ་ག་རྒྱས་པ་དགོད་པར་བྱ།། དེ་ནས་བཤད ་པ་བཞིན་བཞུགས་ནས།། དགོད་ཅིང་མྱུར་དུ་དཀྱིལ་འཁོར་དུ།། རྡོ་རྗེ་འཛིན་ལ་ཞགས་ནས་ནི།། ཁྲོས་པས་རྐང་པ་གཡོན་པས་གཉེ།། དེ་ནས་གདོན་དང་རིམས་སྡིག་པ།། དམྱལ་བ ་ཐམས་ཅད་རྟག་དུ་ནི།། སྡིག་པ་ཆེན་པོ་བྱེད་པ་ཡང་།། རྡོ་རྗེས་རབ་དུ་འཇིགས་པར་འགྱུར།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། སྡུག་བསྔལ་ཐམས་ཅད་ལས ་གདོན་པའི་རྒྱུད་དོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། ཀུན་མཆོག་དབང་ཕྱུག་དམ་པ་ཡིན།། སེམས་ཅན་ཀུན་དོན་རབ་གྲུབ་ཕྱིར།། དཀྱིལ་འཁོར་ཐམས་ཅད་གསུངས་པ་ཡིན། དེ་གེ་སྦྱོང ་པོ་ནི་འདི་ཡིན་ཡིན་ཏེ། ཨོཾ་ཨ་ཧཱུ~ཾ་ཧྲི་ཏྲ། དེ་ནས་འདི་ནི་གསུངས་ཙམ་གྱིས།། ཀུན་མཆོག་དབང་ཕྱུག་དམ་པ་ཡིན།། གསང་བ་ཆེན་པོ་ལྔ་ཡིས་ནི།། གང་ཚེ་འདུལ་བར་འགྱུར་པ། ་དེ་ཚེ་སྣ་ཚོགས་ཆེར་མཛད་པ།། འགྲོ་བ་འདུལ་བའི་དམ་པ་ཡིན།། དེ་ནས་དཀྱིལ་འཁོར་ཆེན་པོ་ནི།། དམ་པ་ཡང་དག་བཤད་བྱ་སྟེ།། ཀུན་མཆོག་སྣ་ཚོགས་རྣམ་པར་རྒྱལ།། ཀུན ་མཆོག་དབང་ཕྱུག་དམ་པ་ཡིན།། དཀྱིལ་འཁོར་ཆེན་པོ་བྲིས་ནས་ནི།། དེ་ཡི་དབུས་སུ་ཆོག་བཞིན། རྡོ་རྗེ་སེམས་དཔའ་རབ་བཞག་ལ།། རྡོ་རྗེ་ལྷ་མེ་ཚོགས་དཀྱིལ་འཁོར།། དེམི ་ངོས་ནི་ཐམས་ཅད་དུ།། ཀུན་མཆོག་བདག་པོའི་སྐྲ་རྣམས་སོ།། རྡོ་རྗེ་མཆོག་བཅས་མཚན་མ་ནི།། རང་གི་རིགས་ཀྱིས་བསྐོར་བ་བཞག། རྒྱལ་བ་རྡོ་རྗེ་སྲེད་མེད་བུ།། གཟུགས་འཛིན་ཁྲོ། ་བོ་རྣམ་པ་བྲི།། ཁྱབ་བདག་རྡོ་རྗེ་ཅན་རྡོ་རྗེ།། གསུམ་དབང་རྡོ་རྗེ་མདུང་རྣམ་པ།། རྡོ་རྗེ་ཕྲད་པབྱུང་པད་མ་ཅན།། རྡོ་རྗེ་འཛིན་པ་ཚངས་གཟུགས་ལྡན།། ན་མཁའི་སྙིང་པོ་འདོད་གཟུགས ་ཅན།། རྡོ་རྗེ་དང་བསྣམས་མེ་ཏོག་མཚོན།། དཀྱིལ་འཁོར་གྱི་འཚམ་སུ།། རིགས་ཀྱི་ལྷ་མོ་བྲི་བར་བྱ།། རྡོ་རྗེ་དཔལ་མོ་དཀར་མོ་དང་།། རྡོ་རྗེ་སྒྲོལ་མ་མཁའ་རྡོ་རྗེ།། དེ་ནས་དཀྱིལ་འཁོར ་གྱི་བདག་པོ་འདི་རྣམས་ཀྱི་སྙིང་པོ་བཤད་པར་བྱཏེ། ཨོཾ་བཛྲ་དྷར།། ན་ལན་ཆེན་དྷ་ཚིན་དྷ་པྲ་ཏི་ཧན་བཛྲ་བྷེ་ཀྵེན་ཏོ།། བག་ཝན་བཛྲ་ཏ་ཐག་ཏ་ཛ་ནུབི་ཧོ།། བཛྲ་ཏ་ཐཱ་ག་ཏ། བཛྲ་དྷ་རནྟ། ་བཛྲ་ཏ་ཐཱ་ག་ཏ།། ཧཱུ~ཾ་བཛྲ་བྷོདྷ། མ་ཧ་ཡོ་གི་ནི།། གནེ་ཤ་ར་མ་ཧཱ་བཛྲ་ཀུ་ལོ་བ་སྲིན་ཏོ།། བྷ་ག་བན། བཛྲ་ཙན་དྷེ་ཤ་ར། ཨ་ཧ་ཧ་ཧ་ཧ་ཧོ།། བཛྲ་བད་མོ་དྷ། ་བ་ཧོ།། བྷ་ག་ཝན་བཛྲ་ལོ་ཀེ་ཤ་རེ། མ་ཧཱ་བ་མ་སིད་དྷ། ཨོཾ་བྷུ་ར་བུ་བ་སྭ་སསྟི་ན་མ་སྭཱ་ཧཱ།། བཛྲ་པད་མོད་བྷ་བ། ཧེ་བཛྲ་ཀུ་སུ་མ་གུ་དྷ། སརྦ་ཀརྨ་མེ། ས་དྷ་ལ་ཧི་བྷ་ག་ཝ་ན། བཛྲ་ཨ་ཀ། ་ཤ་ཀར་བ་པ་ཌ་ར་ཏྲཾ། བཛྲ་ཨ་ཀ་ཤ་གརྦ་ཨ། ལྡན། མུ་དྲན། མོ་ཡེ་ན། ས་དྷེ་ན། བྷ་ག་ཝ་ཏི། པྲཛྙཱ་བ་ར་མི་ཏེ་སདྷྱ་ཏ། ཙིན་དྷ་བཛྲ་རོ་ཎི་བི་ཀྵེ་ན་སེ་ས་ན་ཏྱཻ་ན་པ་བ་ཀན། ཨོཾ་དྷི་ཤྲི་ཤུ་ཏི ་སྠི་ཏི་བི་ཛ་ཡེ་ཛ་ཧ། བཛྲ་པ་ར་མི་ཏ་ཨོཾ་བཛྲ་གོ་རི་མ་ཧཱ་བི་དྷི་ཏྲི་ཀ་བི་ཛ་ཡེ། ཤ་རི་བཛྲ་ཀྲོ་དྷ། ཨ་ག་ནི་ས་མ་ཡེ། བཛྲ་དྷ་རི་ན་མོ་སྟུ་ཏེ། ཏད་ཡ་ཐཱ། ཨོཾ་ཧི་ལི་མི་ལི། ལི་ལི་ལི་ལི་ལི་ལི། ་བཛྲ་ཀ་མ་མུ་ཀ་ཡེ་སྭཱཧཱ།། བཛྲ་ས་མ་ཡ་ན་མོ།། ཡེ་ནས་ཏེ་ན་བྷ་ག་ཝ་ཏི་བྷད་ཏ་བྷི་ཏ་ར་བྷད་དྷ་ར་བཛྲ། དྷརྨ་པྲ་ཡ་གོ་ན། ཏེ་ནས་ཏེ་ནེ་སདྷ་མཾ། ཨོཾ་ཏ་ར་ཏུད་ཏ་རེ་ཏུ་རེ་སྭཧཱ། བཛྲ་དྷརྨ་ཏ་ཨོཾ་བཛྲ ་ཀརྨ་ནི་བཛྲ་བཛྲན་སིདྡྷི་བི་ཤུདྡྷ་ས་བྷ་ཝ་ཏ་ཐཱག་ཏ་ནོད་བྷ་བ་མོ་ཀེ་ན། སིདྡྷི་མེ་པ་ར་མཀྐི་རེ་ཏད་ཡ་ཐཱ། གེ་ན་ནོར་བཱ་བེ་གན་བཱི་ཤུད་དྷེ། སརྦ་ཨ་བྷི་པྲ་ལ་པ་ཏི་པུ་ར་ནི་སྭཧཱ། ་ཕྱི་ཡི་དཀྱིལ་འཁོར་འཚོམས་རྣམ་སུ།། རྡོ་རྗེ་འཛིན་པར་རང་ཕྱོགས་ནས།། ལྷ་དབང་དང་ནི་ལྷ་མོ་ཉིད།། འཇིག་རྟེན་སྐྱོང་རྣམས་དགོད་པར་བྱ། ཚོགས་ཀྱི་དབང་ཕྱུག་རྡོ་རྗེ་ཡི། ་རོལ་མོ་ཆེ་འབུམ་བརྡུང་བྱེད་པ།། ཕྱིའི་དཀྱིལ་འཁོར་ཁ་ཁྱེར་དང་།། སྒོ་དང་འཚམས་སུའང་བྲིའོ།། སྒོ་རྣམས་ཀུན་དུ་འཇུག་པ་ནི།། རང་གི་ཕྱག་རྒྱ་རབ་དུ་གཞུག། ་དཀྱིལ་འཁོར་དམ་པར་ལྔ་པར་ནི།། དང་པོའི་སྦྱོར་བས་འཇུག་པར་བྱ།། དེ་ནས་དབུས་སུ་འདུག་ནས་ནི།། དང་པོའི་ལྕགས་ཀྱུ་ཚེ་དེ་ཉིད།། སྙིང་པོ་འདི་ནི་བརྗོད་བྱེད་ཅིང་།། ་དགུག་པ་འདི་ནི་འཇུག་པར་བྱ།། ཨོཾ་མ་ཧཱ་སུ་ཁ་བཛྲ་སད་ཏྭ་སིདྡྷ། ཧཱུ~ཾ་སརྦ་ཏ་ཐཱ་ག་ཏ་ཏན། ས་མ་ཡ་ཨ་ཀར་ཤ་ཡ་བཛྲ། སརྦ་ཀུ་ལ་དྷི་བི་དྷརྨ་ཡང་མ་ཡི་ཏ་པྲ་བེ་ཤ་ཡ་ཧཱུཾ། ་སརྦ་ལོ་ཀི་ཤ་རཾ་པྲ་བེ་ཤུ་ས་མ་ཡེ་བྷན་དྷ་ན་མི།། ཡ་སརྦ་རནྡ་དྷི་བོ་མ་ཧཱ་མ་ནིར་ཛ་ན་པ་ཤཾ་ཀུ་རུ་ཧོ་ཧྲྀ་ཧྲི་ཏཾ། དེ་ནས་གསང་བ་ཆེན་པོ་ཡི།། སྙིང་པོ་བཟང་པོ་འདི་བརྗོད་པས། ་རྗེ་འཆང་ཆེན་རྒྱལ་པོ་ནི།། འཁོར་རྣམས་ཐམས་ཅད་དང་བཅས་པར།། དགུག་ཅིང་རབ་དུ་བཅུག་པ་དང་། བདེན་པ་བཅིང་ཏེ་དབང་དུ་བྱས།། དཀྱིལ་འཁོར་རྒྱལ་པོའི་མཆོག ་ཐམས་ཅད།། དངོས་གྲུབ་ཀུན་གྱིས་འགྲུབ་པར་འགྱུར།། དེ་ནས་གོ་རིམས་ཇི་བཞིན་དུ།། དཀྱིལ་འཁོར་ཐམས་ཅད་བསྒྲུབ་པ་དང་།། དངོས་གྲུབ་དེ་རྣམས་ཉིད་དང་ནི། ་ཐམས་ཅད་ཀྱང་ནི་བསྒྲུབ་པར་བྱ།། བདེ་བ་ཐམས་ཅད་མི་འགྱུར་གནས། བདེ་བ་ཆེན་པོ་ཞེས་བཤད་དོ།། རྡོ་རྗེ་འཛིན་བསྒྲུབ་ལ་སོགས།། འདི་ནི་ཅི་འདིར་འགྲུབ་པར་འགྱུར། ་དེ་ལྟར་སྣ་ཚོགས་པ་ཡི་དོན།། སྦྱར་བའི་དོན་གྱི་ཆོ་ག་འགྲོ་བ་དཔག་ཏུ་མེད་པ་འདུལ་བ་མཐའ་མེད་ཅིང་སྣ་ཚོགས་པ་མཉམ་པ་མེད་པ་ཕུལ་དུ་བྱུང་བའི། ་དེ་བཞིན་གཤེགས་པ་ལ་སོགས་པའི་རིགས་ཐམས་ཅད་འཛིན་པའི་བདེ་བའི་མཆོག་བྱེད་པ།། རྒྱལ་བ་ཐམས་ཀྱིས་བྱིན་གྱིས་བརླབས་པའི་སྲིང་པའི་བདེ་བའི་མཆོག་བྱེད་པ་གསུངས། ་པ་ཡིན་ནོ།། དཔལ་མཆོག་དང་པོའི་རྟོག་པའི་རྒྱལ་པོ་ལས།། རྟོག་པ་ཐམས་ཅད་ཀྱི་རྒྱུད་ཀུན་གྱི་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་གྱི་ཆོ་ག་རྒྱས་པ།། ། རྫོག་སྷོ།། ་སངས་རྒྱས་ཐམས་ཅད་གསང་ཆེན་པོ།། དམ་ཚིག་མཆོག་གི་བསྒྲུབ་པ་ནི།། བདེ་བ་ཆེན་པོའི་བཞུགས་གནས་ཏེ།། དངོས་གྲུབ་ཐམས་ཅད་བྱེད་པའོ།། དེ་བཞིན་གཤེགས་པའི་ལྷ ་རྫས་ཀྱི།། རིན་ཆེན་རྒྱལ་པོ་སོགས་ཀྱིས་བརྒྱན།། བདེ་བ་ཆེན་པོ་འདོད་ཆགས་ཆེ།། གླུ་དང་རོལ་མོས་མཉེས་པར་བྱ།། བླ་ན་མེད་པའི་དགའ་བ་ཆེ།། མཆོད་པ་ཀུན་གྱིས་རབ་མཆོད ་པ།། དགའ་བ་ཆེན་པོ་དཔལ་གྱི་གནས།། གཞལ་ཡས་ཁང་པ་དམ་བ་དེར།། མཆོག་ཏུ་མི་འགྱུར་རབ་དགའ་བ།། དམ་པའི་རྒྱལ་པོ་ཡང་དག་བཞུགས།། རྡོ་རྗེ་སེམས་དཔའ་རང་བདག ་ཉིད།། རབ་དུ་དགའ་བར་མི་འགྱུར་མཆོག། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས། ཀུན་དུ་བདག་པོའི་དངོས་གྲུབ་ཆེ།། རྡོ་རྗེ་སྙེམས་ཚུལ་བདག་པོའི་བདག། འདོད་ཆགས་ཆེན ་པོ་ཀུན་གྱི་མཆོག། དེ་ཡི་རྗེས་སུ་བསྒྲུབ་བྱེད་པ།། གླུ་དང་རོལ་མོ་མཐའ་མེད་པ།། བཅོམ་ལྡན་འདས་ཀྱིས་སླར་གསུངས་པ།། ཧཱུ~ཾ། དེ་ཡི་གླུ་འདི་གསུངས་ཙམ་གྱིས།། རྡོ་རྗེ་འཛིན། ་པ་ཐམས་ཅད་ཀྱིས།། གསང་བ་ལྔ་ཡི་དེ་ཉིད་ཆེ།། ཕྱག་རྒྱ་ལྷ་མོ་ཡང་དག་ཕྱུང་།། དམ་པའི་ཕྱག་རྒྱ་རྣམ་པ་བཞི།། སེམས་དཔའི་བྱིན་བརླབས་བླ་ན་མེད།། དེ་ནས་འདི་རྣམས་མི ་འབྱུང་སྟེ།། ཀུན་མཆོག་སོ་སོར་རྟོག་པ་ཡི།། ཀུན་བདེ་བདེ་བ་བླ་ན་མེད། ཀུན་མཆོག་རྣམས་རྒྱལ་མཐོང་བ་ཡི།། ཀུན་གྱི་དབང་ཕྱུག་མཆོད་པ་ཆེ།། གྲུབ་པ་ཕུན་སུམ་ཚོགས་པས་ནི།། ་དགའ་དང་དེ་བཞིན་བདག་པོ་དང་།། རྡོ་རྗེ་ལྷ་མོ་མཐའ་ཡས་མཆོག། དབུས་ན་མདའ་དང་བྲལ་བ་ནི།། རྡོ་རྗེ་སེམས་དཔའ་བྲ་མེད་མཆོག། དེ་ནས་མཆོག་དུ་གསང་བ་ཞེས་བྱ་བ་འབྱུང་སྟེ། ་འདི་ལྟ་སྟེ།། དགའ་བ་ཆེན་པོ་དཔལ་དོན་ཡོད་པའི་དམ་ཚིག་གི་སྐྲ་དང་གསུངས་དང་རྡོ་རྗེ་མ་དང་།། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་གི་རྡོ་རྗེ་ཀི་ལི་ཀ་ལ ་དང་།། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་སོང་བའི་དགའ་བ་འདི་མ་ཚིག་གི་རྣམ་པར་རྡོ་རྗེ་མ་དང་། དགའ་བ་ཆེན་པོ་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྡོ་རྗེ་འདོད་པའི་དབང་ཕྱུས ་མ་སྟེ། འདི་རྣམས་ནི་གསང་བའི་མཚན་མ་དད་པའི་བྱ་བ་དང་།། ཀློག་པར་བྱའོ།། ཀུན་ནས་ཕྱག་རྒྱ་ཐམས་ཅད་ཀྱི།། བཅོམ་ལྡན་རྡོ་རྗེ་སེམས་དཔའ་ནི།། དངོས་གྲུབ་ཀུན་གྱི་བདག་ཞེ ་སྟེ།། མཆོག་ཏུ་གསང་བ་ཞེས་བྱའོ།། དེ་ནས་བསྒྲུབ་པ་བཤད་བྱ་བ།། དངོས་གྲུབ་ཀུན་དུ་རྟོག་པ་ཡིན།། གང་གིས་ཐོབ་པར་གྱུར་པ་ནི།། སྡིག་པ་ཆེན།། ་པོ་བྱས་པ་ཡང་།། གང་གིས་མྱུར་དུ་བསྒྲུབ་ན་ནི།། མ་བསྒྲུབས་པར་ཡང་འགྲུབ་པར་འགྱུར།། རྡོ་རྗེ་སེམས་དཔའ་ཅི་རིགས་པར།། ཉིན་རེའང་ནི་ཟླ་རེ་བཞིན།། དེ་བཞིན་ལོ་ནི ་རེ་རེ་ཡང་།། ཅི་འདོད་པར་ནི་བསྒྲུབ་པར་བྱ།། རས་ལ་བཅོམ་ལྡན་ཛ་བྲིས་བྱས་ལ།། ཀུན་དགའ་དམ་ཚིག་དབང་ཕྱུག་སྟེ།། ཐར་པ་མཆོག་ཏུ་བརྟག་པ་ནི། གང་ཞིག་བྲི་བར་བྱ་བ ་ཡིན།། འཛུམ་བཅས་ཟླ་བའི་མདོག་ཅན་ལ།། འོད་ཟེར་དམར་པོ་འཕྲོ་བ་ཡི།། སངས་རྒྱས་ཀན་སོགས་དབང་བསྐུར་བ།། སྣ་ཚོགས་པ་ཡི་རྐྱེན་གྱིས་བརྒྱན།། སེམས ་དཔའི་དཀྱིལ་མོ་དཀྲུང་གི་བཞུགས།། རྡོ་རྗེ་བསྙེམས་པ་དམ་པའི་མཆོག། གཡོན་པ་དྲིལ་བུ་མཆོག་སྐུ་བསྙེམས།། རྡོ་རྗེ་སེམས་དཔའ་རྣམ་པར་བརྟགས།། ད་ནི་པད་མ ་གཅིག་ལ་གནས།། དེ་ཡི་འདི་ཀྱི་དཀྱིལ་འཁོར་ལ།། བརྟེན་ནས་གསང་བ་ཡང་དག་འབྱུང་།། རབ་དགེས་བདེ་བ་བླ་ན་མེད་།། དང་པོ་པད་མ་དཀར་མོ་སྟེ།། ས་ལ་ཤ་དཀར ་འདྲ་བ་དང་།། གཞན་གྱི་མཚོ་སྐྱེས་སྔོན་པོ་མཚུངས།། རྡོ་རྗེ་བསྟིམས་མ་སེར་མོ་སྟེ།། གཡས་ཀྱི་ཕྱོགས་ལ་ཡང་དག་བརྟེན།། གསུམ་པ་དང་ནི་བཞི་པ་དང་། གཡོན་གྱི་ཕྱོགས ་དང་པོ་དང་ནི་གཉིས་པ་ཅི ་སུ་རབ་དུ་གནས།། བལྟ་ཞིང་ཐལ་མོ་སྦྱར་ནས་ནི།། རྟག་ཏུ་ཕྱག་འཚལ་བྱེད་པ་ཡིན།། རྡོ་རྗེ་ཀི་ལི་ཀི་ལ་ཡ།། དབུས་ཀྱི་རང་མྱ་དགེས་པར་སྤྲོ།། དེ་ཡི་ལོགས་ལ་རྡོ་རྗེ་ཆེལ ་མདའ་ནི་གསོར་བ་ལ་སོགས་པ།། སྙོམས་པའི་ཕྱག་གིས་ཡོངས་འཁྱད་པའི།། ཆུ་སྲིན་རྒྱལ་མཚན་བསྒྲེང་དང་བཅས།། དེའི་ལོགས་ན་བཞད་དང་བཅས།། མཆོད་པས ་བདག་པོ་མ་བརྟེག་པ།། སངས་རྒྱས་རིན་ཆེན་དབང་བསྐུར་མཚན།། ཐམས་ཅད་སྤྱན་གྱི་ཕྱག་རྒྱར་གཟིགས།། རང་ལ་བདག་ནི་ཐུགས་གཏོང་བ།། ཟུར་དུ་ལྟ་ཞིང་ཞུགས་པའོ།། ་རས་རིས་འདི་ནི། མཐོང་བ་ཡི།། རྟག་པའི་བསོད་ནམས་ཐོབ་པར་འགྱུར།། མཆོད་པའི་དོན་དུ་བརྟག་པ་ནི།། ཐར་པ་དམ་པ་བརྟག་པ་ཡིན།། ཞེས་བཅོམ་ལྡན་འདས ་རྡོ་རྗེ་སེམས་དཔས་གསུངསོ།། དེ་ལྟར་དགའ་བ་དམ་པས་ཆགས་པ་རབ་དུ་ཆགས།། དགའ་བ་དམ་པ་མཆོག་སྤངས་གྲུབ་པས་གྲུབ།། རྣམ་རྒྱལ་གསལ་ཞིང་གསལ་བ་ཆེན ་པོར་གསལ།། དགའ་བྱེད་ཀུན་དགའ་མཐོང་བ་ཆེན་པོའི་དཔལ།། མཆོག་ཏུ་གསང་བའི་དཀྱིལ་འཁོར་གྱི།། དེ་ཡི་འཁོར་ལོ་བརྟག་བྱའི་ཕྱིར།། རྣམ་པར་དབེན་པར་བཞུགས ་ན་ཡང་།། ཐོག་མཐའ་མེད་པའི་དག་པ་ཡང་།། དེ་བཞིན་གཤེགས་པའི་ལྷ་རྫས་ཆེ།། རིན་ཆེན་རྒྱལ་པོའི་རྒྱན་དུ་བྱས།། འདུས་པ་རྗེས་ཆགས་རྟོགས་དང་ཅས།། བླ་ར་རྒྱ་ཆེ། ་བླ་ན་མེད།། རྡོ་རྗེ་གླུ་ཡི་ལོངས་སྤྱོད་རྫོགས།། གླུ་ཡི་རོལ་མོ་ཉེ་བར་མཛེས།། མེ་ཏོག་སྤོས་སོགས་རབ་སྦར་ལ།། མར་བེ་གཡོན་པ་བསྙེམས་བཅས་པ། ་རང་དུ་བསྒྲུབས་ནས་ཁམས་གསུམ་པ།། གསང་བ་དམ་པའི་དཀྱིལ་འཁོར་དུ།། དེ་ནས་མཆོག་དགའི་བདག་ཉིད་ཀྱི།། རང་གི་ལྷ་ནི་སྤྱན་དྲང་བྱ།། དེ་ནས་འཁོར་ལོར་བཞུག ་པར་བྱ།། རང་ཉིད་རབ་དུ་ཞུགས་ནས་ནི།། རྡོ་རྗེ་འཛིན་པ་ཀུན་སློབ་དཔོན།། དངོས་གྲུབ་ཐམས་ཅད་རབ་གྲུབ་འགྱུར།། རང་ཉིད་ཁྲུས་བྱས་ལེགས་བྱུགས་ནས།། ཇི་སྙེད་གོས་དང ་རྒྱན་གདགས་ཤིང་།། སྣ་ཚོགས་པའི་གོས་བགོས་ནས།། མེ་ཏོག་ཕྲེང་བས་ལུས་ལ་བརྒྱན།། རྡོ་རྗེ་སྔགས་ཀྱི་སྦྱོར་བ་ཡིས།། སྤྱི་བོར་མེ་ཏོག་བཅས་ཐལ་མོ།། རྡོ་རྗེ་ཡི་ནི་གླུ་འདི ་ཡིས།། གཞལ་ཡས་ཁང་དུ་གར་གྱིས་བཞུགས།། དེ་ལ་འདི་ནི་མཆོག་ད་གསང་བ་དམ་པ་དཔལ་དམ་ཚིག་གསུམ་པ་འཇུག་པའི་མཆོག་ཏུ་གསང་བའི་རྡོ་རྗེའི་གླུའི་ལོངས་སྤོང་མཆོག་ཏུ ་གྲུབ་པ་ཞེས་བྱའོ།། བཅོམ་ལྡན་བདེ་བ་ཆེན་པོ་ནི།། ཐར་པའི་གྲོང་དུ་བཞུགས་པར་བྱ།། ཀན་གྲུབ་དགེས་པའི་བདེ་བ་སྟེ།། དམ་པའི་བདེ་བ་མཆོག་ཏུ་གྲུབ།། །། ཛོ་ཧཱུ~ཾ་བི་ཧོ།། པྲ ་སིདྷི་སྭ།། ཞུས་ནས་མགོན་ལ་ཕྱག་བྱས་ནས། གཡོན་དུ་གཟིགས་པའི་རྡོ་རྗེ་ཡིས།། གཡོན་དུ་བསྙེམས་བཅས་འཆང་བ་དང་།། རོལ་པའི་སྤྱན་ནི་འཛུམ་པའོ།། དེ་ལ་སྙི ་པོ་འདི་ནི་མཆོག་ཏུ་གསང་བ་དམ་པའི་དཔལ་གྱི་དམ་ཚིག་གི་མདུད་པས་མེ་ཏོག་འཐོར་བའི་མཆོག་ཏུ་གསང་བའི་རྡོ་རྗེའི་གྲཝའི་ལོངས་སྤྱོད་ངམ་པ་འགྲུབ་པ་ཞེས་བྱ་བའོ།། ་ཨོཾ་ས་ར་མ་སུ་ཁ་ཨ་ཤ་ཡ་ས་ལ་ལི་ཏ་ས་ནི་ཙི་ཏེ་མི་ཧི་ར་ན་མ་མེ་གཾ་བན། ཛ་ཧཱུཾ་བཾ་ཧོ་ཧི་ཧི་ཧི། ཧི་ཧི། མེ་ཏོག་ཐལ་མོས་རབ་གནས་ཏོ།། དེ་ནས་མགོན་ལ་མེ་ཏོག་གཏོར།། རྡོ་རྗེ ་སེམས་དཔས་དབང་བསྐུར་འགྱུར།། རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་བཅིངས།། དཀྲོལ་ཞིང་རབ་དུ་གསེར་བེར་བྱ།། དེ་ལ་འདྲི་ནི་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་རྡོ ་རྗེ་སེམས་དཔའི་རྡོ་རྗེའི་གླུའི་ལོངས་སྤྱོད་དམ་པའི་དངོས་གྲུབ་ཞེས་བྱ་བའོ།། ཨོཾ་སངས་རྒྱས་ཀུན་གྱིས་གསུངས་པ་ཡི།། རིན་ཆེན་བསགས་ལས་བྱུང་བ་ཡི།། ལྷ་རྫས་ཅོད་པན ་ཞེས་བྱ་བ།། དབང་བསྐུར་བ་ནི་མཆོག་ཏུ་འགྱུར།། བཛྲ་དྷ་ར་ཤི་བཛྲ་ས་ཏོ།། ས་མ་ཡ་སྟེ། ཨོཾ་ཧཾ། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གིས ་ནི་ཕྱག་རྒྱ་ཆེར།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླ།། རྡོ་རྗེ་ལ་དམིགས་འཛུམ་པས་ནི། རྡོ་རྗེ་སེམས་དཔའ་ལྟ་བུར་ངེས།། རྡོ་རྗེ་འཛིན་ཀུན་རྒྱལ་པོ་ནི།། རྡོ་རྗེ་སེམས་དཔའི་ཏིང ་འཛིན་གནས།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས།། མཆོག་ཏུ་གསང་བ་དམ་པའི་དཔལ་བདག་བྱིན་གྱིས་བརླབས་པའི་གཅིག་པུ་བསྒྲུབ་པ་དམ་པའི་དངོས ་གྲུབ་ཅེས་བྱ་བའོ།། དེ་ནས་བསྒྲུབ་པ་གསུམ་བཤད་པར་བྱ་སྟེ། དམ་པ་བརྟག་པའི་དངོས་གྲུབ་ནི།། གང་གིས་ཐོབ་པར་གྱུར་པ་ཡིས།། དམ་པའི་དངོས། ་གྲུབ་བརྟག་པ་སྟེ།། སྡིག་པའི་ཆེན་པོ་བྱས་པ་ཡང་།། གང་ཞིག་མྱུར་དུ་བསྒྲུབ་ན་ནི།། མ་བསྒྲུབས་པར་ཡང་འགྲུབ་པར་འགྱུར།། རྡོ་རྗེ་སེམས་དཔའ་ཅི་རིགས་པར།། ལུགས་མ་འམ། ་ནི་རྐོས་མ་འམ།། བྱས་པ་འམ་ནི་རི་མོར་བྱས་པའང་རུང་།། དང་པོར་སེམས་ནི་རབ་གནས་བྱ།། ཇི་བཞིན་ཆོ་ག་མདུན་དུ་བྱ།། རྡོ་རྗེ་དྲིལ་བུ་རྟག་ཏུ་འཆང་།། ཀུན་ཀྱང་སྤྱན་དྲངས་མཆོད། ་པ་ཆེ།། བྱིན་བརླབས་སོགས་ཀྱིས་བསྒྲུབ་པར་བྱ།། དེ་ལ་ཇི་ལྟར་མཆོག་ཏུ་གསང་བ་དམ་པ་དཔལ་དམ་ཚིགས་གསུམ་པ་ཐམས་ཅད་བསྒྲུབ་པ་སྨན་འདྲེན་པའི་རྒྱུད་དོ།། རང་གི་ལྷ་ཚོག ་ཐམས་ཅད་ནི།། ཕྱག་རྒྱ་ཅི་རིགས་དགུག་པར་བྱ།། ཡན་ལག་མཆོག་ནི་རིམ་པ་ཡིས།། བསྟོད་ནས་ཡན་ལག་གཞག་པར་བྱ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ ་ཐམས་ཅད་ཀྱི་དམ་པའི་དངོས་གྲུབ་སྤྱན་འདྲེན་པའི་གསང་བ་མཆོག་གི་རྡོ་རྗེའི་གླུའི་མཆོད་པའོ།། །། ཛ་པ་ར་མ་ཨ་དྷེ་བཛྲ་དྷ་ར།། བཛྲ་སྭ་སྟ་ཁུ་ཁཾ་པྲ་ཙུརྱ། སུ་ར་ཏ་སྟཾ་མ་པྲ། བྷུ་རྱ ་བྷུ་དྷ་ཧོ།། ཧཱུ~ཾ་དྷན་བཛྲ་ཀརྨ་པ་རམ་ཨོཾ་ཀ་ར་ཀ་ས།། བྷ་བ་པྲ་ས་དྷ་སུ་ཁ~ཾ། སྱོམ་ནི། ས་མ་ཡ། ཨ་དྷེ་སི་དྷི། བཾ་བ་ར་མ་ཨ་དྷེ་མུར་ཏི་དྷ་ར། སརྦ་ལོ་བུར་ཏེ་ཛ། ཡི་ཨ་ཎ། ཡ་པྲ་དྷ་ནཾ། ་ཤུད་ཏྱེ་མུ་ཁི་བྷ་བ།། ཧོ་པྲ་དྷ་ན་པ་ར།། བར་སིདྱཱ་བ་ར་མི། ཤྭ་ར་པྲ་བྷ་བ།། ཧི་ཏ་བྷ་ས་ཏཾ། སམ་བྷི་དྷ་ཛ་ཧཱུཾ་བཾ་ཧོ།། ཧུ་ལུ་ཧུ་ལུ།། ས་མ་ཨ་ཀར་ཤེ་ཏེ། མ་ཧ་ས་ཨོ།། སརྦ་ཏ་ཐཱ་ག་ཏ། ་ས་མ་ཡ་སུ་ར་ཏ་སྟོ།། མ་ཧཱ་པ་ར་མ་ཨ་དྷེ། དེ་ལ་ཇི་ལྟར་མཆོག་ཏུ་གསང་བ་དམ་པའི་དཔལ།། དམ་ཚ་བི་ཐམས་ཅད་གྲུབ་པ་མཆོད་པ་ཆེན་པོ་ཆོ་ག་གང་ཡིན་ཞེ་ན། རང་གི་དམ་ཚིག་ཅི ་རིགས་པར།། མཆོད་པའི་གཟུགས་ནི་ཐམས་ཅད་དང་།། གླུ་དང་རོལ་མོའི་ཚོགས་རྣམས་ཀྱིས།། མཆོད་པས་རབ་དུ་མཆོད་པར་བྱ།། དེ་ནས་དེ་བཞིན་གཤེགས་པ་ཡི།། དམ ་པའི་དངོས་གྲུབ་ཀྱི་མཆོད་པའི་ཆེན་པོའི་ཆོ་ག་དམ་པ་གསང་བའི་དམ་ཚིག་གི་རྡོ་རྗེ་གླུའི་མཆོད་པའོ།། ཐམས་ཅད་ལས་རྗེ་སུ་ཆགས་པའི་བདེ་བ་ལས་སྐྱེས་པའི་བདག་ཉིད་ཀྱི་སེམས ་ཅན་རྡོ་རྗེ་སེམས་དཔའ་རབ་དགའ་བའི་དམ་ཚིག་ལས་བྱུང་བ།། བདེ་བ་ཆེན་པོ་བརྟན་པར་མཐོང་བར་བསྟན་པས།། མྱུར་དུ་འགྲུབ་པར་འགྱུར་རོ།། དེ་ལ་ཇི་ལྟར་མཆོག་ཏུ་གསང་བའི ་དཔལ་གྱི་དངོས་གྲུབ་རྣམ་པ་གསུམ་བྱིན་གྱིས་བརློབ་པའི་བསྒྲུབ་པ་ཆེན་པོའི་སྔགས་ཡིན་ཞེ་ན།། རང་གི་ལྷ་ཚོགས་ཇི་ལྟ་ཡི།། ཕྱག་རྒྱ་ཀུན་གྱིས་རང་བཞིན་བརླབ།། བསམ་གཏན ་ཆེན་པོའི་དེ་ཉིད་ཀྱིས།། རང་བཞིན་གྲུབ་པའི་སྙིང་པོ་བཟླས།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ནང་གི་དངོས་གྲུབ་བྱིན་གྱིས་བརློབ་པའི་ཉེ་བར་བསྡུས་པའི་དམ་ཚིག ་གི་རྡོ་རྗེ་གླུའི་ཉེ་བར་བསྡུས་པའི་དངོས་གྲུབ་ཞེས་བྱའོ།། གྷུ་ཡ་བུརྞཤྲི་ཤན་ཏི་དང་། དགེ་སློང་རིན་ཆེན་བཟང་པོས་བསྒྱུར་བའོ།། ཨ་ན་མཁའ་སྐྱེ་བ་མཚན ་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔའ་བདག་གྲུབ་མཛོད།། ། ཀན་མཆོག་དངོས་གྲུབ་ཆེན་པོ་སྟེ།། དབང་ཕྱུག་ཆེན་པོ ་ལྷག་པའི་ལྷ།། མི་འགྱུར་མཆོག་ཏུ་བདག་གྲུབ་མཛོད།། ཉེས་པ་མི་མངའ་རྟག་པ་ཁྱོད།། འདོད་ཆགས་ཀུན་གྱི་རྗེས་ཆགས་པ།། འདོད་ཆགས་ཆེན་པོ་དགའ་བ་ཆེ།། བཅོམ་ལྡན ་དེ་ཉིད་ཀྱིས་གྲུབ་མཛོད།། ཤིན་དུ་དག་པ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་དུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས་དཔའ་བདག་གྲུབ་མཛོད།། ་དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོའི་ཕྱག་རྒྱའི་མཆོག། གྲུབ་པའི་རྡོ་རྗེ་ཆེར་བསྟོད་པས།། རྡོ་རྗེ་བསྙེམས་བདག་བདག་མཛོད་ཅིག། དཔལ་མཆོག་དང་པོ་བཅོ ་ལྡན་ཁྱོད།། གང་གིས་དོན་དང་གླུ་ཡིས་བསྟོད།། དེ་ནི་དངོས་གྲུབ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོ་ཉིད་དུ་འགྱུར།། ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་མཆོག་ཏུ་གསང་བའི་གླུ ་ཆེན་པོ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་འཆང་གིས་གསུངས་སོ།། དངོས་གྲུབ་ཆོ་ག་འདི་ཡིས་ནི། རྡོ་རྗེ་སེམས་དཔའ་ཡང་དག་རྟོགས།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། ་དབང་ཕྱུག་ཉིད་ནི་རབ་བསྒྲུབ་པོ།། ཀུན་ནས་འོད་ཟེར་སྟོན་ཚོགས་དང་།། སོ་སོར་སྟོན་པའི་རྨད་བྱུང་རྣམས།། རྡོ་རྗེའི་ཚིག་གིས་རབ་ལྟ་བས།། ངོ་མཚར་གྱུར་རྣམས་མཐོང ་བར་འགྱུར།། རྟོག་པ་ཀུན་གྱི་སྣ་ཚོགས་ཆེ།། དངོས་གྲུབ་དབང་ཕྱུག་བདེ་རྣམས་ནི།། རྟག་ཏུ་རང་གིས་བྱིན་བརླབས་པས།། རྡོ་རྗེ་སློབ་དཔོན་གྱིས་ཐོབ་བོ།། ཅེས་བྱ་བ། ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་མཆོག་དང་པོས་གསུངས་སོ།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་ལྷ་ཐམས་ཅད་ཀྱི་བདག་པོ ་བྱིན་གྱིས་བརླབས་པའི་བསྒྲུབ་པ་ཆེན་པོའི་རྒྱུད་ཇི་ལྟ་ཡིན།། རང་ལྷ་རྣལ་འབྱོར་ཇི་བཞིན་དུ།། ལྷ་ཀུན་བདག་ཉིད་སྐུ་རྣམས་ཀྱིས།། རང་ལྷའི་རྣལ་འབྱོར་བདག་ཉིད ་ཀྱི།། རང་ལྷག་ལྷ་ཉིད་བསྒྲུབ་པར་བྱ།། དེ་ནས་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་གྱི་ཀུན་མཆོག་དངོས་གྲུབ་ཆེན་པོའི་བདག་ཉིད་ལ་སོགས་པའི ་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏ་མི་འགྱུར་བ་བླ་ན་མེད་པའི་དགའ་བ་དང་། རབ་དུ་དགའ་བ་དང་། བདེ་བ་དང་། ཡིད་བདེ་བ་ཐམས་ཅད་ཀྱི་དངོས་གྲུབ ་དམ་པའི་ཆོ་ག་རྒྱས་པའི་རྗེ་སུ་བསྒྲུབ་པ་ནི་འདི་ཡིནི་ཏེ། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ།། རྡོ་རྗེ་ཀུན་མཆོག་ཀུན་རྣམས་ཀྱིས།། གླུ་དང་རོལ་མོའི་ཆོ་ག་ནི།། རྡོ་རྗེ་ཉིད ་ཀྱིས་རྗེས་འཆགས་འགྱུར།། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ།། དབྱངས་ཀྱི་རྩ་བ་རྣམས་སད་ནས།། གླུ་དང་རོལ་མོའི་ཆོ་ག་ནི།། དྲིལ་བུ་ཉིད་ཀྱི་རྗེས་སུ་བརྗོད།། རང་ལྷའི ་སྦྱོར་འཇི་བཞིན་དུ།། སྣ་ཚོགས་ཕྱག་རྒྱའི་བདག་པོ་མཆོག། གླུ་དང་རོལ་མོའི་ཚིག་ནི།། དམ་ཚིག་གིས་ནི་རྗེས་བསྒྲུབ་བྱ། འདི་ཡི་རྟོག་པ་ཐམས་ཅད་ལ། རྡོ་རྗེ་འབེབས། ་པས་རབ་སད་ནས།། རང་གི་ལྷའི་དམ་ཚིག་ནི།། ཐམས་ཅད་བཞི་འགྱུར་འགྲུབ་པར་འགྱུར།། མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ ་གྱི་གླུ་ཆེན་པོ་དང་།། རོལ་མོའི་ཆོ་ག་མཆོག་ཏུ་གསང་བ་མཆོག་ཏུ་གྲུབ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། དེ་ནས་དེ་རྗེས་གནས་ཇི་བཞིན།། ཇི་སྙེད་པ་དང་ཅིང་བདེ ་བས།། མི་རྟོག་སོགས་ཀྱི་མཆོད་ནས་ནི།། ཁང་པ་འམ་སྐྱེད་མོ་འཚལ་སོགས་སུ།། བདག་ཉིད་ཅི་འདོད་རབ་བསྒྲུབ་ན།། ཇི་སྙེད་རྒྱན་དང་གོས་དང་ལྡན།། སྣ་ཚོགས་གོས་ཀྱི ་ཡང་དག་ཀླུབས།། མེ་ཏོག་ཕྲེང་བཅས་ཁ་དྲི་ཞིམ།། ལུག་སོ་མ་ནི་བརྡུངས་པ་འམ།། འདུས་མཱནྟ་རི་མོར་བྲིས།། དང་པོའི་འཁོར་ལོ་དེ་མདུན་དུ།། འཆོག་བཞིན་དུ་བཞུགས་གསོལ ་ནས།། རང་ལྷའི་རྣལ་འབྱོར་ཇི་བཞིན་དུ།། རྡོ་རྗེ་དྲིལ་བུ་རང་སད་པས།། ཐམས་ཅད་དགུག་དང་མཆོད་པ་ཆེ།། བདག་བྱིན་བརླབས་སོགས་བསྒྲུབ་པར་བྱ།། སྔོན་དུ་ལན་གཅིག ་བསྒྲུབ་བྱས་ནས།། དེ་ནས་དེ་རྗེས་ཅི་བདེ་བར།། ཅི་འདོད་ནི་སྤོད་ཅི་བདེ་བར།། ཐམས་ཅད་བཟའ་ཞིང་ཐམས་ཅད་བྱེད།། ལངས་པ་འམ་ནི་འདུག་པ་འམ།། རབ་དུ་དགོད་དམ ་སྨྲ་བ་འམ།། ཇི་བཞིན་དེ་བཞིན་དེ་དང་དེར།། ཅི་འདོད་པར་ནི་ཇི་བཞིན་གནས།། གསང་བ་མཆོག་གི་འཁོར་ལོ་ནི།། མེ་ཏོག་སོགས་ཀྱིས་མཆོད་ནས་ནི།། ཇི་བཞིན་དུ་ནི་རྗེས ་བསྒྲུབ་བྱ།། འདིས་ནི་འདོད་པ་ཀུན་དབང་ཕྱུག། འགྲོ་དང་འོང་དང་འདོད་ན་འཕུར།། དངོས་གྲུབ་ཀུན་གྱི་དབང་ཕྱུག་གྲུབ།། རྒ་ཤི་མེད་པའི་གཙོ་བོར་འགྱུར།། རྡོ་རྗེ་སེམས་དཔའ ་གྲུབ་ཆེན་པོ།། ཕྱག་རྒྱ་ཀུན་གྱི་དབང་ཕྱུག་བདག། རྡོ་རྗེ་ཀུན་འཛིན་རྒྱལ་པོ་ནི།། རྡོ་རྗེ་མཚོན་ཆ་ཐམས་ཅད་འཛིན།། མི་ཐུབ་པ་དང་མི་སོད་ཅིང་།། ཐམས་ཅད་བྱེད་ནིང་ཀུན་གྱི་བརྟེན།། ་སེམས་ཅན་ཀུན་གྱི་རྒྱལ་པོ་ཆེ།། ཚར་གཅོད་རྗེས་སུ་བཟུང་བར་ནུས།། ཀུན་མཆོག་རྗེས་སུ་ཆགས་པ་ཆེ།། འདོད་པ་གྲུབ་པ་བདེ་བའི་མཆོག། ཀུན་ལས་རྣམ་རྒྱལ་འགྲུབ་འགྱུར་ཏེ། ་ཀུན་མཆོག་དབང་ཕྱུག་དམ་པ་ཡིན།། དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག། དབང་ཕྱུག་ཆེན་པོའི་གོ་འཕངས་གནས།། རྒྱལ་པོ་རྡོ་རྗེ་ཀུན་འཛིན་པ།། སངས་རྒྱས་ཐམས་ཅད་བསྒྲུབ ་པར་བྱ།། དེ་ལྟར་མཆོག་ཏུ་ཆེས་ཆགས་དགའ།། དགའ་བ་པད་མའི་ར་བ་ཆེ།། མཆོག་ཏུ་གསང་བ་གྲུབ་པ་བླ་ན་མེད་པའི་དངོས་གྲུབ་རྩོལ།། མཆོག་གི་རྒྱལ་མཚན་བསྒྲེང་བ་གང་ཞོག ་རྗེས་སུ་བསྟན་པ་སྟེ།། མཆོག་གི་དངོས་གྲུབ་དབང་ཕྱུག་ཆེན་པོ་དེ་ཉིད་དེས་ཉམས་སུ་མྱོང་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། ། དཔལ་མཆོག་དང་པོ ་ལས་གསང་བ་ཆེན་པོ་དམ་པའི་དཔལ་དམ་ཚིག་གསུམ་དང་དངོས་གྲུབ་ཐམས་ཅད་དགུག་པ་དང་།། མཆོད་པ་ཆེན་པོ་དང་། དགའ་བའི་བྱིན་གྱིས་བརླབས་པ་ལ་སོགས་པ་བསྒྲུབ་པའི་ཆོ་ག ་རྒྱས་པའོ།། གསང་བ་མཆོག་གི་དགེས་པ་དང་།། སངས་རྒྱས་ཀུན་གྱི་རྗེས་བརྟེན་པ།། རྡོ་རྗེ་སེམས་དཔའ་རང་གི་གནས།། ཐམས་ཅད་བདག་ཉིད་རྟག་ཏུ་བཞུགས།། ་ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་དུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། འདི་ནི་རང་བྱུང་བཅོམ་ལྡན་འདས། ་ལྷག་པའི་ལྷ་ནི་གཅིག་པུ་ཉིད།། ཅེས་བྱ་བ་བསྒྲུབ་པར་འགྱུར་རོ།། དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པད་མའི་རབ་ཆེ།། མཆོག་ཏུ་གསང་བ་བླན་མེད་པའི་དངོས་གྲུབ་གསོལ། ་མཆོག་གི་རྒྱལ་མཚན་རྗེས་སུ་བསྒྲེང་བ་གང་ཞིག་བརྟེན་པ་དེ།། མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་དེ་ཉིད་ངེས་ཉམས་མྱོང་བ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་སོ།། ། དཔལ་མཆོག་དང་པོ་ལས་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་དང་། དངོས་གྲུབ་ཐམས་ཅད་དགུག་པ་དང་། མཆོད་པ་ཆེན་པོ་དང་། བདག་ལ་བྱིན་གྱིས ་བརློབ་པ་ལ་སོགས་པ་བསྒྲུབ་པའི་ཆོ་ག་རྒྱས་པའོ།། གསང་བ་མཆོག་གི་དགེས་པ་དང་།། སངས་རྒྱས་ཀུན་གྱི་རྗེས་བསྟན་པ།། རྡོ་རྗེ་སེམས་དཔའ་རང་གི་གནས།། ཐམས་ཅད ་བདག་ཉིད་རྟག་ཏུ་བཞུགས།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། ཀུན་དུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བདག། ་འདི་ནི་རང་བྱུང་བཅོམ་ལྡན་འདས།། ལྷག་པའི་ལྷ་ནི་གཅིག་པུ་ཉིད།། ཅེས་བྱ་བ་འགྲུབ་པར་འགྱུར།། དེ་ལྟར་མཆོག་ཏུ་རྗེས་ཆགས་དགའ་བ་པད་མའི་རབ་ཆེ།། མཆོག་ཏུ་གསང་བདྲ ་ན་མེད་པའི་དངོས་གྲུབ་གསོལ།། མཆོག་གི་རྒྱལ་མཚན་རྗེས་སུ་བསྒྲེང་བ་གང་ཞིག་བརྟེན་པ་སྟེ།། མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད་དེས་ཉམས་སུ་མྱོང་ཞེས་བྱ་བ།། བཅོམ་ལྡན ་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དཔལ་མཆོག་དང་པོ་ལས།། དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་དབང་ཕྱུག ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གིས་དཀྱིལ་འཁོར་མཆོག་ཏུ་གསང་བ་ཡོངསུ་རྫོགས་སྷོ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད ་དམ་ཚིག་ཆེན་པོའི་སློབ་མའི་ཆོ་ག་རྒྱས་པ་རྗེས་སུ་བཟུང་བ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། དེ་ལ་དང་པོ་ཁོ་ནར་རེ་ཤིག་དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་མཆོག་དུ་གསང་བ་དམ་པའི་སྔགས་འདི་ལན་གཅིག་བརྗོད་པས་སེམས་བསྐྱེད་དུ་བཅུག་སྟེ།། ཨོཾ་སརྦ་ཡོ་ག་ཙི་ཏ་ཨུད་པ་ཏ་ཡ་མི། འདི་བརྗོད་པ་ཙམ ་གྱིས་དེ་བཞིན་གཤེགས་པ་ཐམས་ཅད་དང་མི་འབྲལ་ཞིང་ཕྱིར་མི་ལྡོག་པ་དང་། བདུད་ཐམས་ཅད་ཟིལ་གྱིས་གནོན་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་བཞིན་གཤེགས ་པ་ཉིད་དུ་རྟོགས་པར་བྱའོ་ཞེས་བཅོམ་ལྡན་འདས་ཀྱིས་གསུང་སོ།། བྱང་ཆུབ་སེམས་ནི་བླ་ན་མེད་པ།། མཆོག་ཏུ་བསྐྱེད་པར་བྱས་ནས་ནི།། སྙིང་པར ་རྡོ་རྗེ་རབ་བཞག་ནས།། སུ་རེ་ཏཾ་ས་མ་ཡ་སྟྭཾ་ཧོ།། སྙིང་པོས་རྡོ་རྗེ་ཅི་བདེ་བ་སྒྲུབ།། འདི་ཡིས་རྡོ་རྗེ་བསྐུལ་བ་ན།། འདོད་པ་ཀུན་ལས་བསྒྲུབ་པར་འགྱུར།། དེ་ཉིད་བསྐལ་བས་མྱུར་དུ ་ནི།། བྱང་ཆུབ་སེམས་ནི་བླ་མེད་པ།། ཀུན་མཆོག་དངོས་གྲུབ་ཆེན་པོའི་ཕྱིར།། རྡོ་རྗེ་སེམས་དཔའི་ཉིད་དུ་འགྱུར།། ཞེས་བྱ་བའི་མཆོག་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་སོ།། གར་བྱས་སྤྱི་བོར་ཐལ་མོ་སྦྱར།། གོས་ཀྱིས་གདོང་ནི་གཡོགས་པ་རྣམས།། ཅི་འདོད་དངོས་གྲུབ་འདོད་པ་ཡིས།། སློབ་མ་ཐམས་ནད་བཞུག་པར་བྱའོ།། ཅི་འདོད ་དངོས་གྲུབ་སེམས་དཔའ་ཡིས།། སློབ་མོ་མེ་ཏོག་དོར་དུ་བཞུག། ཕྱག་རྒྱ་གང་ལ་དེ་བཅས་པའི།། དེ་ཡི་ལྷ་མོ་བསྒྲུབ་པར་བྱ།། དེ་ནས་གདོང་གཡོགས་དཀྲོལ་བྱས་ལ།། རྣམ་པ ་ཀུན་གྱི་ཡོན་བླངས་ནས།། སངས་རྒྱས་རིན་ཆེན་དབང་བསྐུར་གྱིས།། དམ་ཚིག་གསུམ་ནི་གསལ་བར་སྤྲིན།། ང་ལ་རྡོ་རྗེ་འཆང་ཆེན་པོས།། སྣའི་ཆུ་དབང་བསྐུར་ཏེ་འདི་ལྟར ་བརྗོད་པར་བྱའོ།། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ།། དམ་ཚིག་འདས་ན་བསྲེག་པར་བྱེད།། དམ་ཚིག་བསྲུངསོ་ན་དངོས་གྲུབ་ནི།། རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ།། རྡོ་རྗེ་རྗེ་ལ་བུའི་ཕྱག ་རྒྱུ་ནི།། གལ་ཏེ་དཀྱིལ་འཁོར་མ་མཐོང་སྨྲས།། སྐྱེ་བོ་འདུས་པའི་ནང་ན་གནས།། དད་པ་མེད་པས་གཞང་གང་སྤོད།། ཞེས་བྱ་བས་མནའ་བ་སྒྲག་གོ།། དེ་ལ་སངས་རྒྱས་ཀྱི་རིན ་པོ་ཆེའི་དབང་བསྐུར་བའི་ཆོ་ག་ནི་འདི་ཡིན་ཏེ།། རྡོ་རྗེ་ཆུ་ཡི་དབང་བསྐུར་ནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་དབང་བསྐུར་བའི་གནས་སུ་བཞག་སྟེ། ཨོཾ་སརྦ ་ཏཱག་ཏ་མ་ས་མ་ཡེ་ཨ་དྷི་པ་བྷི་མི་མ་བཛྲ་དྷ་ར།། །། ཞེས་བྱ་བའི་སྔགས་འདིས་རྡོ་རྗེ་ལག་ཏུ་སྦྱིན་པར་བྱའོ།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། རྡོ་རྗེ་འཆང་གི་བརྟུལ་ཞུགས ་ཆེ།། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མཆོག་གི་སེམས་ཆེན་པོ་ཡོངས་སུ་མི་སྤང་བར་རྟག་ཏུ་བསྒྲུབ་པ་ཤིན་དུ་གསང་བ་དེ་འདི ་ཡིན་ཏེ།། ཨོཾ་བཛྲ་གརྦ་དྷི་ཤྲི་བཛྲ་ན་མ་སིདྡྷ་དྷ་ས་མ་ཡ་སྟོ་བྷུར་བུ་བ་སཧཱ།། གང་ལ་རྡོ་རྗེའི་མིང་བཏགས་པ་དེ་ལ་ཀྱེའི་སྒྲ་དང་པོར་སྦྱར་བར་བྱའོ།། དེའི་མིང་དེ་ཡང་ཇི་སྲིད ་བྱང་ཆུབ་སྙིང་པོའི་མཐར་ཐུག་པའི་བར་གྱི་དེ་བཞིན་གཤེགས་པའི་མིང་དུ་འགྱུར།། དེ་ལ་མཆོག་ཏུ་གསང་བ་དམ་པའི་དཔལ་དམ་ཚིག་གསུམ་སྨིན་པ་འདི་ཡིན་ཏེ། ཐོག་མཐའ ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ་ཡང་དགའ་བ་ཆེ།། ཀུན་དུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་ཚུལ་བདག་པོའི་བོདག། ཞེས་བྱ་བ་བཅོམ་ལྡན་འདས ་དཔལ་མཆོག་དང་པོའི་སྐྱེས་བུ་མཆོག་གི་དེ་ཁོ་ན་ཉིད་ཀྱི་གསང་བ་ལྔའི་དེ་ཁོ་ན་ཉིད་བཤད་པར་བྱས་ནས་རྡོ་རྗེ་སྦྱིན་པར་བྱའོ།། འདི་བཅོམ་ལྡན་འདས་སྲིད ་པའི་བདག་པོ་དམ་པ་ཀུན་གྱི་མཆོག་དབང་ཕྱུག་གི་དམ་པ་དེ་བཞིན་གཤེགས་པ་དེ་ཉིད་ཆོས་མཆོག་གི་བཀའ་ཡང་དག་པར་བརྩོལ་བར་མཛོཛད་པ་ནི།། སྲིད་པ་རང་བཞིན་གྱིས་ནི་དག། ་རང་བཞིན་གྱིས་ནི་སྲིད་བྲལ་བས།། རང་བཞིན་དག་པའི་སེམས་དཔའ་མཆོག། སྲིད་པའི་མཆོག་ནི་མཛད་པ་ཡིན།། མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པ་ནི་དྲིལ་བུའོ།། ་དེ་བཞིན་གཤེགས་པ་ཐམས་ཅད་ལ་མཆོད་པར་བྱ་བའམ།། ལྷ་བསྒྲུབ་ནས་དཀྲོལ་བར་བྱའོ།། དེ་ནས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་རབ་དུ་སད་པའི་ཕབ་པ་རྣམས་ཀྱིས་སྒྲིབ་པ ་ཐམས་ཅད་རྣམ་པར་དག་པར་བྱེད་པ་ཡིན་ནོ།། རྡོ་རྗེ་ཐམས་ཅད་འབེབས་པར་བྱེད་པ་དང་།། རབ་དུ་དང་བར་བྱེད་པ་ཞེས་བྱ་བར་གྲུབ་པར་འགྱུར་རོ།། དེ་ནས་སྲིད་པ་དག་པའི་ཐབས ་ཀྱི་མཆོག་རྟོག་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་དམ་ཚིག་རྟག་ཏུ་བརྟེན་པར་བྱའོ།། དེ་ལ་འདི་ནིང་ཁྱོད་ཀྱི།། སྲིད་བདེ་ཤིན་དུ་མྱུར་བར་ནི།། དུ་ཁ་ཆེན་པོ་དག་བྱའི་ཕྱིར།། ཤིན ་དུ་བདེ་བ་དམ་པའི་ཐབས།། དམ་ཚིག་འདི་ནི་རྟག་ཏུ་བསྐྱེད། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ།། ཅི་འདོད་པར་ནི་བརྟན་བཞིན་དུ།། རང་གི་ལྷ་ཡི་སྦྱོར་བ་ཡིས།། བདག་དང་གཞན ་ལ་མཆོད་པར་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་ན་མེད་པའི་མཆོག་ཏུ་གསང་བའི་ཐེག་པ་ཆེན་པོ་དམ་ཚིག་གི་སྦྱོར་བ་ནི་བཅོམ་ལྡན་འདས་ཀྱི་མཚིག་གོ།། དེ་ཅི་། ་ཕྱིར་ཞེ་ན། འདི་ལྟར་དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་།། འདའ་བ་རུ་ནི་མི་མཛད་པས།། ཕྱག་རྒྱ་དམ་ཚིག་ཞེས་སུ་བསྒྲགས།། ཡིད་ཀྱི་སྐུ་ནི་བསྟན་བྱའི་ཕྱིར།། ཞེས་བྱ ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། །། དེ་ལ་འདི་བརྗོད་པར་བྱ་སྟེ།། ཇི་སྲིད་འཁོར་བའི་གནས་སུ་ནི།། མཁས་མཆོག་འདུག ་པར་གྱུར་པའི་ཆེ།། ཇི་སྲིད་མཚུངས་མེད་སེམས་ཅན་དོན།། མྱ་ངན་མི་འདའབྱེད་པར་ནུས།། གསང་བ་དམ་པ་དམ་ཚིག་ཐབས།། བསོད་ནམས་བྱིན་གྱིས་བརླབས་བསྒྲུབས་པ། ་རྟག་ཏུ་དངོས་གྲུབ་ཀུན་དབང་ཕྱུག། སེམས་ཅན་དོན་ནི་བྱེད་པ་ཡིན།། དམ་ཚིག་འདིས་ནི་མཆོག་བསྒྲུབ་ཅིང་།། ཅི་བདེ་བར་ནི་བསྒྲུབ་བྱེད་པ།། ཉེས་པ་སྤྲད་ཀྱང་སྡིག་ཀུན་གྱི། ་རྣམ་པ་ཀུན་དུ་གནོད་མི་འགྱུར།། འདོད་པ་ཆེན་པོ་འགྲུབ་པར་འགྱུར།། ཀུན་དགའ་དམ་ཚིག་དབང་ཕྱུག་དང་།། ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ།། ཀུན་མཆོག་དབང་ཕྱུག་དམ ་བའོ།། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས།། མ་ལུས་བསྒྲུབ་པས་འགྲུབ་པར་འགྱུར།། བདག་གཞན་ཐམས་ཅད་རྒྱས་བཏའ་པས།། ཡང་ན་བསྒྲུབ་བུ་ཀུན་ལ་ཡང་། དོན་། ་@མཆོག་ཏུ་གྲུབ་པ་དང་། རྣལ་འབྱོར་ཐམས་ཅད་རྗེས་གྲུབ་བྱེད།། དཔལ་ལྡན་དུ་ཁ་ཀུན་འཕྲོག་པ།། དམ་ཚིག་འདའ་བ་དཀའ་བའོ།། ཞེས་བྱ ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། ། རྡོ་རྗེ་ལ་སོགས་ཐོབ་འཛིན་པ།། དངོས་གྲུབ་ཀུན་གྱི་བདེ་བ་ཀུན།། བབ་པས་རྡོ་རྗེ་སློབ་མ་ཡིས། ་དཀྱིལ་འཁོར་དུ་ནི་ཉམས་སུ་མྱོང་།། དེ་ནས་ཐམས་ཅད་གཟེངས་བསྟོད་པས།། སངས་ཀུན་གྱི་བདག་ཉིད་དངོས།། རྡོ་རྗེ་མིང་གི་དབང་བསྐུར་བས།། དེ་བཞིན་གཤེགས་ནི ་ལུང་བསྟན་བྱ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལུང་བསྟན་པའི་རྡོ་རྗེ་སེམས་དཔའི་ཆོ་ག་ནི་འདི་ཡིན་ཏེ།། སངས་རྒྱས་ཀུན་གྱི་ཕྱག་རྒྱ་ཆེ།། གཟེངས་བསྟོད་པ་ཡིས་གང ་ལུང་བསྟན།། དེ་ནི་སངས་རྒྱས་ཐམས་ཅད་ཉིད།། རྡོ་རྗེ་མིང་གི་དབང་བསྐུར་བའོ།། ཨོཾ་འདི་ནི་ངས་ལུང་བསྟན་ཏེ།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། སྲིད་པ་ཤིན་དུ་གྲུབ ་པའི་ཕྱིར།། སྲིད་པའི་ངན་འགྲོ་ལས་ཁྱོད་སྟོན།། ཧེ་བཛྲ་ན་མ་ཧཱག་ཏཱ་སིདྷི་ས་མ་ཡ་སྟྭཾ་བྷུར་བྷུ་བ་སྭཱ་ཧཱ།། གང་ལ་གཟེངས་བསྟོད་པ་དང་། ཕྱག་རྒྱ་ཆེན་པོས་ལུང་བསྟན་པའི ་མཆོག་ཏུ་གསང་བའི་ཆོ་ག་བྱས་པ་དེ་ལ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དེ་བཞིན་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་དང་བཅས་པའི་བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་དང ་བཅས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་སློབ་དཔོན་རྣམས་དང་འགྲིན་གཅིག་ཏུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དུ་ལུང་བསྟན་པར་མཛད་དོ།། འདི་ལྟ་སྟེ། ་གཟེངས་བསྟོད་པ་འདི་ཉིད་ཕྱག་རྒྱ་ཆེན་པོ་དང་། མཆོག་ཏུ་གསང་བ་དམ་པའི་དངོས་གྲུབ་ཀྱིས་བྱིན་གྱིས་བརླབས་པ་འདི་དང་།། སྔགས་ཀྱི་སྟོབས་ལ་དད་པར་བྱའོ།། དེ་ནས་ཇི་ལྟ ་བ་བཞིན་དུ་ཞུགས་པ་རྣམས་ལ། དེ་བཞིན་གཤེགས་པ་ལ་སོགས་པ་འདུས་པའི་དབུགས་དབྱུང་བ་སྦྱིན་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་རྡོ་རྗེ་འཆང་དང་བཅས་པ ་པ་ཇི་སྙེད་པ་བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པ་གང་ཡིན་པ་དེ་དག་ཐམས་ཅད་རང་རང་གྱི་དམ་ཚིག་ལ་རྗེས་སུ་ཆགས་པས་འདིར་དགུག་པ་དང་། རབ་ཏུ་གཞུག ་བ་དང་། དབང་དུ་བྱ་བ་དང་། བསྒྲུབ་པ་དང་རྗེས་སུ་བསྒྲུབ་པ་རྣམས་ཀྱི་རྡོ་རྗེའི་དབྱངས་ཐམས་ཅད་བརྟན་པར་འགྱུར་བ་ཉིད་ཀྱིས། འདིར་བརྟན་པར་འགྱུར་བ་ཆོས་ཀྱི་དབྱིངས་ཐམ ་ཅད་ཀུན་དུ་ཁྱབ་པ་ཉིད་ཀྱི་ཀུན་དུ་བཞུགས་པ།། ནམ་མཁའི་ཁམས་ཐམས་ཅད་ཀྱི་རྒྱ་ཆེ་བ་ཉིད་ཀྱི་འདིར་རབ་དུ་བཞུགས་ཤིང་།། ལེགས་པར་རབ་དུ་བཞུགས་པ་གང་ཡིན་པ་དང་། ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་ལ་རག་ལས་པའི་དེ་བཞིན་ཉིད་ལ་ལྷག་པར་དམིགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ ་དཔོན་དེ་བཞིན་གཤེགས་པ་ཐམས་ཅད་འདི་ཡིན་ནོ་ཞེས་བྱ་བ་བྱིན་གྱིས་བརླབས་ནས།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་གི་དམ་ཚིག་གི་སློབ་དཔོན་གྱིས་འགྲིན་གཅིག་ཏུ་ཁྱེད ་རྣམས་ལ་དབྱུགས་དབྱུང་བར་མཛད་པ་ཡིན་ཏེ་དང་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དབུགས་དབྱུང་བ་འདི་ཡིན་ཏེ། གསང་བའི་དཀྱིལ་འཁོར་ངས་པ། ་ནི།། མཐོང་བ་དང་ནི་རབ་བཞུགས་པས།། སྡིག་པ་ཀུན་ལས་ངེས་གྲོལ་ཞིང་།། ཁྱེད་རྣམས་དེར་ནི་ལེགས་པར་གནས།། བདེ་ཆེན་ཐོག་པ་འདི་ལས་ནི།། ་སླར་འཆི་བ་པ་ནི་ཡད་མིན་ཏེ།། མི་ཚུགས་པ་དང་མི་སོང་བས།། ཅིས་ཀྱང་མི་འཇིགས་རོལ་པར་གྱིས།། སྲིད་པའི་སྡུག་བསྔལ་བཟློག་པར་ནི།། སྲིད་པ་ཤིན་ཏུ་གྲུབ་པའི་ཕྱིར།། སྟོན་པ ་མཆོག་ཏུ་གྱུར་པ་ཁྱོད།། སྲིད་པ་ཤིན་དུ་གྲུབ་པ་ཡིན།། དམ་ཚིག་སྙིང་པོ་གྲུབ་པ་ཡིན།། ཁྱོད་ཀྱིས་རྟག་ཏུ་བསྲུངས་པར་བྱ།། སངས་རྒྱས་ཀུན་གྱིས་མཐུན་པར་གསུང་།། དམ་པ ་རྟག་པའི་བཀའ་ཡིན་ནོ།། གང་ཞིག་བསྐྱེད་པ་ཙམ་གྱིས་ནི།། སངས་རྒྱས་ཉིད་དུ་དོགས་མེད་པའི།། བྱང་ཆུབ་སེམས་ནི་བཏང་མི་བྱ།། ཕྱག་རྒྱ་གང་ཡིན་པའོ།། དམ་པའི་ཆོས་ནི ་མི་སྨད་ཅིང་།། ནམ་ཡང་བཏང་བར་མི་བྱའོ།། མི་ཤེས་པ་འམ་རྨོངས་པ་ཡིས།། དེས་ནི་སྨད་པར་མི་བྱའོ།། རང་གི་བདག་ཉིད་ཡོངས་སྤང་ནས།། དཀའ་ཐུབ་རྣམས་ཀྱིས་གདུང་མི་བྱ། ་ཅི་བདེ་བར་ནི་བདེ་བ་བཟུང་།། དེ་ནི་མ་འོངས་རྫོགས་སངས་རྒྱས།། རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས།། ནམ་ཡང་ཡོངས་སུ་མི་སྤང་བྱ།། སློབ་དཔོན་སྤང་བར་མི་བྱ་སྟེ།། འདི་ནི་སངས་རྒྱས ་ཀུན་དང་འདྲ།། སངས་རྒྱས་ཀུན་མཚུངས་བླ་མ་ཡི།། སློབ་དཔོན་ལ་ནི་གང་སྨོད་པ། དེས་ནི་སངས་རྒྱས་ཀུན་སྨད་པས།། རྟག་ཏུ་དུ་ཁ་ཐོབ་འགྱུར་ཏེ།། རིམས་དང་དུག་དང་སྦུར་དུག ་དང་།། མཁའ་འགྲོ་རྣམས་ཀྱི་གཙེས་པ་དང་།། གདོན་དང་ལོགས་འདྲེན་གཏུམ་པོ་ཡིས།། བསད་ནས་སེམས་དམྱལ་ལྟུང་བར་འགྱུར།། དེ་བས་འབད་པ་ཐམས་ཅད་ཀྱི།། རྡོ་རྗེ་སློབ ་དཔོན་བློ་གྲོས་ཆེ།། དགེ་བ་རབ་ཏུ་མི་སྦོམས་པ།། ནམ་ཡང་སྤང་བར་མི་བྱའོ།། བླ་མ་ལ་ནི་གུས་བཅས་ཡོན།། རྗེས་མཐུན་ཁྱོད་ཀྱིས་སྦྱིན་པར་བྱ།། དེས་ནི་རིམས་སོགས་གནོད་པ ་རྣམས།། ཕྱིར་ཞིང་འབྱུང་བར་མི་འགྱུར་རོ།། རང་གི་དམ་ཚིག་སློབ་དཔོན་ནི།། སྤྲིན་མིན་བུ་དང་ཆུང་མ་དང་།། རང་སྲོག་གིས་རྟག་བརྟེན་བྱས་ན།། ལོངས་སྤྱོད་གཡོ་བ་སྨོས་ཅི ་དགོས།། གང་གིས་བསྐལ་པ་བྱེ་བ་ནི།། གྲངས་མེད་པར་ནི་རྙེད་དཀའ་བའི།། སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ།། ཚེ་འདི་ཉིད་ལ་སྟེར་བར་བྱེད།། རྟག་ཏུ་རོང་བ་དམ་ཚིག་བསྲུངས།། ་རྟག་ཏུ་དེ་བཞིན་གཤེགས་པ་མཆོད།། རྟག་ཏུ་བླ་མ་ལ་ཡོན་དབུལ།། འདི་ནི་སངས་རྒྱས་ཀུན་དང་འདྲ།། དེ་བྱིན་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་བྱིན་པ་ཉིད་དུ་འགྱུར།། དེ ་བྱིན་བསོད་ནམས་ཚོགས་ཡིན་ཏེ།། ཚོགས་ལ་དངོས་གྲུབ་མཆོག་ཏུ་འགྱུར།། དེ་ཕྱིར་འདི་ནི་ལེགས་གནས་པས།། དེང་ཁྱོད་སྐྱེ་བ་འབྲས་བུ་བཅས།། རང་བྱུང་དམ་ཚིག་ལྷ་དང ་མཉམ།། དེང་ཁྱོད་གྱུར་པ་ཐེ་ཚོམ་མེད།། སངས་རྒྱས་རྡོ་རྗེ་འཛིན་བཅས་པ།། ཀུན་གྱིས་དེང་ཁྱོད་དབང་བསྐུར་ཏེ།། ཁམས་གསུམ་གྱི་ནི་རྒྱལ་པོ་ཆེ།། རྒྱལ་བའི་བདག་པོར་བརྟན ་པ་ཡིན།། དེ་ནི་བདུད་ལས་རྣམ་རྒྱལ་ཏེ།། གྲོང་ཁྱེར་མཆོག་ཏུ་རབ་དུ་ཞུགས།། ཁྱེད་རྣམས་ཀྱིས་ནི་སངས་རྒྱས་ཉིད།། དེང་འདིར་ཐོབ་པ་ཐེ་ཚོམ་མེད།། ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་དང་།། རྡོ་རྗེ་འཆང་དང་།། བྱང་ཆུབ་སེམས་དཔའ་ཆེན་པོའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ ་མཆོག་ཏུ་བདེན་པས་གསུངས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་སློབ་དཔོན་དང་། སློབ་མའི་མཆོག ་རྣམས་ཀྱི་དབུགས་དབྱུང་བ་འདི་ཡིན་ཏེ། ཕྱིར་མི་ལྡོག་པའི་ཕྱག་རྒྱ་ཡིས།། བྱང་ཆུབ་སེམས་དཔའ་ལྷན་ཅིག་བསྐྱེད།། སངས་རྒྱས་ཉིད་ནི་རྟོགས་བྱ་སྟེ།། ཞེས་བྱའོ།། དེའི་རྒྱུ་གང་ཡིན ་ཞེ་ན། གང་གི་ཕྱིར་ཁྱེད་རྣམས་ཀྱི་བདག་ཉིད་ཐམས་ཅད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་ཀྱི་སེམས་ཆེན་པོ་བསྐྱེད་པ་ཙམ་གྱི་མཐུ་ཉིད་ཀྱི་ཕྱིར་མི་ལྡོག་པར་འགྱུར་རོ།། ཕྱིར ་མི་ལྡོག་པ་ཉིད་ཀྱི་ཕྱིར་ངེས་པའི་ཕུང་པོ་ལ་རྣམ་པར་གནས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངེས་པ་ཉིད། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར ་རྫོགས་པར་སངས་རྒྱས་པར་རྗེས་སུ་རྟོགས་པར་བྱའོ།། དེ་ནས་ཐམས་ཅད་ཀྱི་དཔལ་དམ་ཚིག་སློབ་དཔོན་གྱི་མཆོག་ཏུ་གསང་བའི་དབུགས་དཔུང་བ་ནི་འདི་ཡིན་ཏེ། རྡོ་རྗེ་སེམས་དཔའི ་ཞེས་བྱའོ།། ་བདག་སྦྱོར་བ།། རྣལ་འབྱོར་ཀུན་དང་རྗེས་སྦྱོར་ལྡན།། སངས་རྒྱས་ཉིད་དུ་རྟོགས་བྱ་སྟེ།། མཁས་པས་མཆོག་ཏུ་བརྟག་པ་ཞེས་བྱའོ།། དེའི་རྒྱུ་གང་ཡིན་ཞེ་ན། གང་གི་ཕྱིར་ཁྱེད་རྣམ ་ཀྱི་བདག་ཉིད་ཐམས་ཅད་ཀྱི་རང་གི་དམ་ཚིག་ཡོངས་སུ་བཟུང་བ་གདོན་མི་ཟ་བ་ཉིད་ཀྱི་ཕྱིར།། དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས ་པར་སངས་རྒྱས་པ་ཉིད་དུ་རྟོགས་པར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་རྗེས་སུ་བསྒྲུབ་པ་མཆོག་གི་དངོས་གྲུབ་རྣམས་དེ་བཞིན་གཤེགས་པ་ཐམས ་ཅད་ཉིད་དུ་དོན་དག་རྟོགས་པར་བྱའོ།། དེའི་ཕྱིར་གནས་སྐབས་ཐམས་ཅད་དུ་ཅི་ནུས་པས་དུས་དང་།། ཡིད་མི་བདེ་བ་ཐམས་ཅད་ཀྱི་གནས་སྐབས་མི་འབྱེད་པ་ཁྱེད་རྣམས་ཀྱི་རང་གི་བདག ་ཉིད་ཐམས་ཅད་ཁོ་ན་རྗེ་སུ་བསྲུང་ཞིང་གསད་པར་མི་བྱའོ།། ཇི་སྙེད་པའི་ལོངས་སྤོང་དང་།། ཉེ་བར་སྤོད་པ་ཐམས་ཅད་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ ་ན་མེད་པའི་ཐེག་པ་ཆེན་པོའི་དམ་ཚིག་གི་སྦྱོར་བས་ཡང་དག་པ་མཆོད་ལ། བདེ་བར་བཟུང་བ་དང་། ཡང་དག་པར་འཕེལ་བར་བྱའོ།། བདག་ཉིད་ལ་ཇི་ལྟ་བ་བཞིན་དུ་མངོན་པར་བརྩོན ་པ་དེ་བཞིན་དུ་གཞན་རྣམས་ལ་ན་ཚོད་བསྐྱེད་པ་ཡིན་ནོ།། ལྟ་བ་ལོག་པ་དང་། ཕྱི་རོལ་མུ་སྟེགས་པ་དང་། ཉན་ཐོས་པ་ཐམས་ཅད་དང་། རང་སངས་རྒྱས་ཀྱི་སར་ལྟུང་བས། ལུས ་འདི་ཤིན་དུ་བསད་པ་ཡིན་ནོ།། ངག་ནི་ཤིན་དུ་མི་སྨྲ་བས་སོ།། སེམས་ནི་ཤིན་དུ་འགོག་པ་སོ།། གང་གིས་ཀྱང་ཁྱེད་ཀྱི་ལུས་ངག་ཡིད་ཀྱི་རྡོ་རྗེ་རྣམས།། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་དཔལ་རང་གི་དམ་ཚིག་གི་བླ་ན་མེད་པའི་དངོས་གྲུབ་མཆོག་ཏུ་བརྟག་པ་འབྱུང་བར་འགྱུར་ཞེས་བྱ་བ་ཡང་གསུང་སོ།། ་འདོད་པའི་ལོངས་སྤྱོད་ཐམས་ཅད་ཀྱིས།། ཅིས་ཀྱང་མི་འཇིགས་རོལ་པར་གྱིས།། དམ་ཚིག་འདི་ནི་འདའ་དཀའ་སྟེ།། སྡིག་པ་མེད་ཀྱིས་མ་འཇིགས་ཤིག། ཅེས་བཅོམ་ལྡན་འདས ་འདས་རྡོ་རྗེ་སེམས་དཔའ་མཆོག་ཏུ་བདེན་པས་གསུངས་སོ།། བྱང་ཆུབ་སེམས་དཔའི་འཁོར་གྱི་དཀྱིལ་འཁོར་དང་བཅས་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ལ ་དགོངས་པ་ཡིན་ནོ།། དེ་ལྟར་ཡིད་ནི་རབ་ཏུ་རྡོ་རྗེ་ཉིད་དུ་བྱིས།། རང་གི་དམ་ཚིག་མི་ཟད་བརྟན་པར་གྱིས།། དེང་ནི་འགྲོ་བ་ལམ་བདེ་སེམས་དཔའ་དང་།། རབ་ཏུ་མཉམ་ཞིང་རྟག ་ཏུ་ཉིད་དུ་རྟོགས་པར་གྱིས།། དེ་ནས་རོ་དང་བཟའ་བ་སྤྱོད་པ་བླ། རོལ་མོའི་ཚོད་སོགས་ཀྱིས་ནི་མགོན་མཆོད་ལ།། རྡོ་རྗེ་སློབ་མ་ཆེན་པོས་དེ་ཕུལ་ནས།། རང་དང་གཞན་དག་ཅི ་འདོད་མཆོད་པར་བྱ།། མྱོས་བྱེད་མྱོས་བྲལ་བཏུང་བ་ནི།། ཅི་འདོད་པ་ནི་བརྟེན་པ་ཡིས།། གླུ་དང་རོལ་མོའི་ཆོ་ག་སོག། ཇི་བཞིན་རྗེས་འགྲོའི་བཟླས་པ་བྱ།། རང་གསང ་གས་བླངས་པ་ཡིས།། གླུ་དང་རོལ་མོ་གར་རྣམས་ཀྱིས།། སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་།། རྡོ་རྗེ་སེམས་དཔའི་རོལ་མེ་སོགས།། བུད་མེད་ཚོགས་དང་ལྡན་པ་འས།། རང་ག ་སློབ་མ་དང་བཅས་པ།། ཅི་འདོད་པ་ཡི་ལོངས་སྤྱོད་ཀྱིས།། མཆོད་པ་བྱས་པས་མྱུར་དུ་འགྲུབ།། ཞེས་བྱ་བ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། ་དེ་ལ་གསང་བའི་ཆོ་གའི་གླུའི་ཁྱད་པར་ནི་འདི་ཡིན་ཏེ། ཧཱུཾ། བཅོམ་ལྡན་འདས་དཔལ་མཆོག་དང་པོའི་རྡོ་རྗེ་སེམས་དཔའོ།། ཨ་དེ་བཞིན་གཤེགས་པ་རྣམས་ཀྱིའོ།། ཧི་དཔལ ་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བའོ།། ཨོཾ་པད་མའི་སྙིང་པོའོ།། ཧ་ན་མཁའི་སྙིང་པོའི་སྟེ། བྱང་ཆུབ་སེམས་དཔའ་ཆེན་པོ་ན་མཁའི་སྙིང་པོ་ཡིན་ནོ།། ཞེས་བྱ་བས ་གསུངས་སོ།། རང་གསང་སྙིང་པོའི་གླུ་དག་ནི།། ཡི་གེ་ལྔ་པོས་བྱ་བ་སྟེ།། རང་གསང་ཆོ་ག་བླངས་པ་འདི།། མཆོག་སུན་གཤེགས་པ་ཀུན་གྱི་ཡིན།། དེ་ནས་མཆོག་ཏུ་གསང ་བ་རྡོ་རྗེའི་གླུའི་མཆོད་པ་ནི།། རྡོ་རྗེ་དྲིལ་བུ་མཉམ་སོགས་བཅས།། རྣམ་པར་དབེན་པར་རོལ་མོ་དཀྲོལ།། རང་བསད་ཚོ་གས་གླུ་བླངས་པ།། གཡས་པའི་རོལ་མོས་རབ་དུ་བསྒྲུབ། ་དེ་ནས་མཆོག་དུ་ཤིན་དུ་བསང་བའི་རྡོ་རྗེ་བར་གྱི་མཆོད་པ་ནི།། འཛིན་པ་དང་བཅས་འཛིན་པ་ཆེ།། གར་ནི་རབ་དུ་བྱས་ནས་ཀྱང་།། དཀྱིལ་འཁོར་འདྲ་བའི་གར་བྱས་ནས།། ཡོངསུ ་བསྐོར་བར་རབ་མཆོད་བྱ།། དེ་ནས་མཆོག་དུ་གསང་བ་བྱག་རྒྱ་སྣ་ཚོགས་པའི་མཆོད་པ་ནི།། རྡོ་རྗེ་སེམས་དཔའ་ལ་སོགས་ལྷའི།། རྟོག་པ་ཐམས་ཅད ་རྣམ་འཕྲུལ་བ།། གཏམ་རྒྱུད་ཕྱག་མཚན་ཕྱག་རྒྱ་ཡི།། གང་ཞིག་གང་དེ་རོལ་མོ་ཡིན།། གསེར་རམ་ཡང་ན་དངུལ་དང་ནི།། དེ་བཞིན་ཤིང་ལས་བྱས་པ་ཡི།། རང་གི་ལྷ་ཡི་གདོང ་རྣམས་ཀྱིས།། གྲུབ་པའི་ཕྱག་རྒྱ་གར་རྣམས་བྱ།། དཀྱིལ་འཁོར་གང་དང་གང་བརྟན་པ།། ཕྱག་རྒྱ་སྣ་ཚོགས་མཆོད་པ་ཡིས།། སློབ་མའི་ཚོགས་ནི་དེ་དང་དེ།། བཟླས་ཤིང་ཐམས ་ཅད་དུ་མཆོག་དུ་བཞུག། སྣ་ཚོགས་ཆོ་ག་འདི་ཡིས་ནི།། སྡིག་པ་ཀུན་ལས་རྣམ་གྲོལ་འགྱུར།། བསོད་ནམས་ཀུན་ཀྱང་འཕེལ་འགྱུར་ཏེ།། རྟག་ཏུ་བསྲུང་བར་འགྱུར་བ་ཡིན།། ་རིམས་དང་གདོན་དང་དུག་དང་ནད།། སྦྱར་དུག་མཁའ་འགྲོའི་ཆེ་བ་དང་།། བདུད་དང་བསོད་པར་བྱེད་པ་རྣམས།། འདིས་ནི་རབ་ཏུ་ཞི་བར་འགྱུར།། དངོས་གྲུབ་དག་ནི་ཕུན་སུམ་ཚོགས།། ་གསང་བ་ཇི་བཞིན་བདག་པོ་རྣམས།། སངས་རྒྱས་ཀུན་གྱི་མཆོག་ཉིད་ཀྱི།། རྣལ་འབྱོར་དམ་པ་ཐོབ་པར་འགྱུར།། ཞེས་བྱ་བ་ཤིན་དུ་བསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་སོ།། དེ་ནས་ཕྱག་རྒྱ་སྣ་ཚོགས་པའི་མཆོད་པའི་ཆོ་ག་རྒྱས་པ་ལྷག་པའི་ལྷ་ཐམས་ཅད་རེ་རེའི་མཆོག་དུ་གསང་བ་འཇུག་པ་རྡོ་རྗེ་གླུའི་མཆོད་པའི་ཆོ་ག་རྒྱས་པ་མངོན་པར་བརྗོད་ནས། ་རྡོ་རྗེ་སློབ་དཔོན་བྱི་ལས་བྱ་བ་འམ།། དེ་ལས་གཞན་ཅི་འདོད་པའི་གླུ་དང་རོལ་མོ་རྣམས་ཀྱིས་རྟོག་པ་ཐམས་ཅད་ཀྱིསྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོད་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་སྟེ། དེ ་ལ་རེས་ཤིག་ཐོག་མ་ཁོ་ནར་བཅོམ་ལྡན་འདས་དཔལ་མཆོག་དང་པོ་རྡོ་རྗེ་སེམས་དཔའ་མཆོག་ཏུ་གསང་བའི་དམ་ཚིག་འཇུག་པའི་གླུའི་མཆོད་པ་ནི།། ཐམས་ཅད་རྗེས་སུ་ཆགས་པའི་བདེ་བ ་དམ་པའི་ཐུགས་རྡོ་རྗེ་སེམས་དཔའི་ཁྱོད་ནི་རབ་དགའདམ་ཚིག་སྟེ། བདེ་བ་ཆེན་པོ་བརྟེན་ཞིང་མཐོ་བ་གསོལ་འགྱུར་ཅིང་།། སོ་སོར་རྟོགས་ནས་མངོན་དུ་ཕྱོགས་ནས་མྱུར་བསྒྲུབ་ཤིག། དེ ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་ཀྱི་མཆོག་དུ་གསང་བའི་དམ་ཚིག་འཇུག་པའི་རྡོ་རྗེའི་གླུའི་མཆོད་པ་ནི།། རྡོ་རྗེ་སེམས་དཔས་བསྡུས་པས་ན།། རྡོ་རྗེ་རིན་ཆེན་བླ་ན་མེད། ་རྡོ་རྗེ་ཆོས་ནི་གླུར་བླངས་པས།། རྡོ་རྗེ་ལས་ནི་བྱེད་པར་འགྱུར།། དེ་ནས་རྡོ་རྗེའི་རིགས་ཐམས་ཅད་ཀྱི་དཔལ་མཆོག་དུ་གསང་བའི་དམ་ཚིག་འཇུག་པའི་མཆོད་པ་ནི།། ཧཱུཾ། རྡོ་རྗེ་མདའ་གཞུ ་དང་བཅས་ཁྱོད་ལ་འདུད།། རྡོ་རྗེ་ཆགས་པའི་དམ་ཚིག་འཕེལ་ཁྱོད་ལ་འདུད།། ཁ་འི་འཛིན་དུས་རྡོ་རྗེ་ཁྱོད་ལ་འདུད།། རྡོ་རྗེ་དྲིལ་བུ་བསྐྱོད་དཔལ་ཁྱོད་ལ་འདུད།། དེ་ནས་པད་མའི་རིགས ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་འཇུག་པའི་རྡོ་རྗེའི་གླུའི་མཆོད་པ་ནི།། ལ་ལར་སྐྱེ་བོ་མ་རུངས་པའི་སྲོག་འཕྲོག་བྱེད་པ་དྲག་པོའི་སྐུ།། ལ་ལར་འགྲོ་མཐའ་དག་འདུལ་ཕྱིར་ཤིན་དུ་ནོ་པ ་འཁོར་ལོ་འཛིན་པའི་སྐུ།། ལ་ལར་པད་མའི་གདན་གྱི་ཤིན་དུ་ཞི་བའི་སྐུ་སྟེ་འགྱུར་བ་མེད་པ་སྟེ།། ལ་ལར་ཤིན་དུ་འབར་བའི་འདོད་པའི་དམ་ཚིག་པད་མའི་རྒྱལ ་པོ་བདག་བསྒྲུབ་ཤིག། དེ་ནས་ནོར་བུའི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་དམ་ཚིག་འཇུག་པའི་རྡོ་རྗེ་གྲུའི་མཆོད་པ་ནི།། དབང་བསྐུར་ཐམས་ཅད་དབང་ཕྱུག་དམ་པ་ལས།། ཡང ་དག་བསྒྲུབས་ཤིང་མི་ཟད་གཏེར་གྱི་མཆོག། ཀུན་མཆོག་རྒྱལ་མཚན་རྣམ་རྒྱལ་བསྒྲེང་བ་ལས།། རྡོ་རྗེ་རིན་ཆེན་དཔལ་དག་ལེགས་མཆོད་གྱུར།། དེ་ནས་མིང་པོ་གསུཾ་གྱི་གྷར་བྷུ་བ་སཧཱ།། ་དེ་ནས་སྲིང་མོ་བཞི་རྣམས་ཀྱི། ཧྲི་ཧྲཱི་ཤྲཱི་བྷྱོ།། དེ་ནས་ཀླུའི་རིགས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་ཕུ་པུ།། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེའི་སྡིག་པ་ཐམས་ཅད་ཀྱི་དཀྱིལ ་འཁོར་གྱི་རྡོ་རྗེ་གླུའི་མཆོད་པ་ནི།། ཨོཾ་སརྦ་ཨ་གྷ་མ་ལ་མི་དེ་མ་བཛྲ་དྷ་ར་ཀྲ་མ་བ་མར་དྷ་བི་ཀ་ར་བན་ཛ་ཨུད་པ་དྷ་ཡ། ན་ཤ་ཡ། ཧ་ན་ད་པ་ཙསྨི་ཀུ་རུ་ཀཱ་དྷ་ཧཱུཾ་ཀ་ར་མན་དྷི་ནི། དེ་ནས་ཐམས་ཅད་ཀྱི ་མཆོག་དབང་ཕྱུག་དམ་པའི་དཀྱིལ་འཁོར་ཆེན་པོའི་མཆོག་ཏུ་གསང་བའི་དམ་ཚིག་གི་རྡོ་རྗེ་གྲུའི་མཆོད་པ་ནི།། ལ་ལར་དྲི་མེད་ཟླ་བའི་དཀྱིལ་འཁོར་སྟོང་གི་འོད་ཀྱི་སྐུ་ནི་རྣམ་པར་མཛེས། ་ཡར་འཇིག་དུས་ཉི་མ་འཆར་ཀ་བྱེ་བའི་འོད་ཟེར་ཚོགས་ནི་འཇིགས་ཆེན་འབར།། ལ་ལར་མདངས་དང་འོད་ཟེར་ལྡན་དེ་བཞིན་ནི་བ་རྒྱལ་བའི་སྐུ་འཛིན་པ།། ལ་ལིར་ཤིན་དུ་མཛེས་པའི ་གཟུགས་འཆང་མཆོག་གི་མངའ་དང་བཅས་པའི་གཞུ་འཛིན་པ། ལ་ལར་གདུལ་བྱ་རྣམ་པར་སྤང་བྱིར་བརྩོན་པའི་རྡོ་རྗེ་སེམས་དཔའ་ཁྱོད་ལ་མཁའ་བཞིན་བཞུགས།། མ་ལུས་འདུལ ་བ་མཁས་པའི་བདེ་བ་དམ་པ་ཉིད་ཕྱིར་བདག་ལ་གྲུབ་གྱུར་ཅིག། དེ་ནས་མཆོག་ཏུ་གསང་བའི་ཆོག་དམ་པའི་མཆོག་དཔལ་དམ་ཚིག་གསུམ་གྱི་འཇུག་པ་གླུའི་མཆོད་པ་མཆོག་ཏུ་གྲུབ་པ ་ནི་འདི་ཡིན་ཏེ།། དངོས་གྲུབ་ཀུན་གྱི་བདེ་བ་ཉམས་དགའ་བའི།། ཐར་པའི་གྲོང་ཁྱེར་བཅོམ་ལྡན་བདེ་ཆེན་འཇུག། མཆོག་ཏུ་བདེ་བ་དམ་པའི་དངོས་གྲུབ་ཀྱིས།། ཛ་ཧཱུ~ཾ་བ~ཾ་ཧེ་རབ་དུ་གྲུབ ་པར་མཛོད་ཅིག། དེ་ནས་མཆོག་ཏུ་ཤིན་དུ་གསང་བའི་ཆོ་ག་མཆོག་དུ་གསང་བ་བླ་ན་མེད་པའི་དམ་ཚིག་བླ་ན་མེད་པའི་མཆོག་དུ་ཤིན་དུ་གསང་བ་རྡོ་རྗེ་གླུའི་མཆོད་པ་མཆོག་ཏུ་ཤིན་དུ་གྲུབ་པ ་ཞེས་བྱ་བ་མངོན་པར་བརྗོད་ནས། ཤིན་དུ་མཆོག་གི་དེ་ཁོ་ན་ཉིད་རྡོ་རྗེ་གླུའི་མཆོད་པའི་གླུ་གར་ཚོ་གས་ཇི་ལྟ་བ་བཞིན་དུ་རྗེས་སུ་བསྒྲུབ་པ་ནས་སོ་སོར་རྗེསུ་བསྒྲུབ་པར་བྱའོ་ཞེས་བྱ་བ་དང་། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་ཤིན་དུ་གསང་བ་བླ་ན་མེད་པའི་རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས་པའི་དམ་ཚིག་ཆེན་པོའི་མཆོད་པ་མཆོག་ཤིན་དུ་གྲུབ་པ་ཡིན་ནོ་ཞེས་བྱ་བ ་ཡང་གསུངསོ།། སྣ་ཚོགས་ཆོ་ག་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་བསྡུས་པ་ཡིན།། ཀུན་མཆོག་སྣ་ཚོགས་ཆེན་པོ་ཡི།། རྣལ་འབྱོར་དབང་ཕྱུག་རབ་ཏུ་གྲུབ།། ཞེས་བྱ་བ་ཤིན་དུ་གས ་པ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། དེ་ལྟར་དཔལ་མཆོགས་དང་པོའི་རྟོག་པའི་ཆོ་ག་རྒྱས་པ་གཏམ་རྒྱུད་སྣ་ཚོགས་ཅན། མཆོག་དུ་གསང ་བ་ཡི་རོལ་མོ་བླ་ན་མེད་པའི་དངོས་གྲུབ་ཉམས་དང་ལྡན་པ་སྟེ།། གང་གི་སྣ་ཚོགས་པ་ཡི་རྒྱལ་མཚན་མཐོན་པོ་དང་ལྡན་ཀུན་དུ་རྗེས་བསྟན་པ།། མཆོག་གི་དངོས་གྲུབ་བདེ་བ་ཆེན་པོ་ཉིད ་ནི་དེ་ཡིས་ཉམས་སུ་མྱོང་།། དེ་ནི་ཡོང་མཆོག་ཏུ་བསོད་ནམས་ལྡན།། ཆོ་ག་མཆོག་ཏུ་བརྟག་ཏུ་བརྟག་པ་སྟེ།། ཀུན་མཆོག་གསང་བ་ཆེན་པོ་ནི།། དངོས་གྲུབ་ཐམས་ཅད་མྱུར་བསྒྲུབ ་བྱེད།། གང་ཞིག་གྲོང་ཁྱེར་མཆོག་དགེས་པ།། ཞུགས་ཏེ་བསྒྲུབ་པར་བྱེད་རྣམས་ནི།། ཤིན་དུ་མཆོག་གི་འདོད་པ་ཡི།། དངོས་གྲུབ་དབང་ཕྱུག་བདེ་ངེས་ཐོབ།། གང་གིས་དངོས་གྲུབ ་མ་ཐོབ་དང་།། བསོད་ནམས་ཕུན་བུམ་ཚོགས་བྱེད་པ་རྣམས།། དཀྱིལ་འཁོར་མཆོག་ཏུ་རབ་ཞུགས་ན།། བསྒྲུབ་པ་དེ་འདིར་རབ་གྲུབ་འགྱུར།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། ་སྙིང་པོ་སོགས་ཀྱིས་མ་གྲུབ་ན།། ཉེ་བའི་སྙིང་པོས་བསྒྲུབ་བྱས་ཀྱང་།། མ་ཞུགས་འདིར་ཞུགས་གྲུབ་པར་འགྱུར།། དཔལ་མཆོག་དང་པོ་རྩ་རྒྱུད་དུ།། དེ་བཞིན་མྱུར་དུ་གྲུབ་པ་མིན།། ་ཇི་ལྟར་དང་པོའི་ཁྱིམ་ཞུགས་ནས།། རྡོ་རྗེ་དཀྱིལ་འཁོར་བསྒྲུབ་པ་ལྟར།། དཀྱིལ་འཁོར་ཆེན་པོ་བསྒྲུབ་པ་ཡིས།། དེ་ལྟར་ཐམས་ཅད་གྲུབ་པ་མིན།། ཇི་ལྟར་མཆོག་ཏུ་གནས་པ་ཡིས། ་དམ་ཚིག་ཁང་བཟང་མཐོང་བ་ཡིས།། དམ་ཚིག་རྣམ་པར་ཉམས་པ་དང་།། སྒྲིབ་པ་ཀུན་གྱིས་སྒྲིབས་པ་དང་།། བདུད་སོགས་གདོན་གྱིས་རེག་པ་ཡང་།། རྟག་པའི་ཐར་པ་ཐོབ་པར། ་འགྱུར།། དཀྱིལ་འཁོར་དུ་ནི་མ་བཞུགས་པ་འམ།། ཡང་དཀྱིལ་འཁོར་མ་གྲུབ་པ་འམ།། སླར་ཡང་མཆོག་ཏུ་རབ་ཞུགས་ན།། དེ་དག་མྱུར་དུ་འགྲུབ་པར་འགྱུར།། སྒྲུབ་མིན་འདིར ་ནི་ཅུང་ཟད་མེད།། དངོས་གྲུབ་ལས་དང་བདེ་དེ་བཞིན།། དངོས་གྲུབ་ཐམས་ཅད་བཞི་འགྱུར་དུ།། རྟོག་པ་ཀུན་ལས་བསྒྲུབ་པར་བྱ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་སོ།། ། དཔལ་མཆོག་དང་པོའི་ས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཔལ་དམ་ཚིག་ཆེན་པོའི་དཀྱིལ་འཁོར་གྱི་ཆོ་ག་ཤིན་དུ་གསང་བ།། །། རྫོགས་སྷོ།། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འཇིག་རྟེན་གསུམ་གྱི་དམ་ཚིག་གི་གསང་བའི་ཆོ་གའི་མཆོག་ནི་འདི་ཡིན་ཏེ།། སངས་རྒྱས་ཆོས་དང་དགེ་འདུན་སྟེ།། དམ་ཚིག་ཆེན་པོ ་གསུམ་འདི་ཡིན།། བྱང་ཆུབ་སེམས་དཔའ་མཆོག་འཛིན་པའི།། རང་ལ་དཀོན་མཆོག་གསུམ་བྲི་བྱ།། ཆོ་ག་དང་བཅས་རྡོ་རྗེ་མཆོག། ཆོ་ག་སོགས་ཀྱི་རྣམ་པར་བརྒྱན།། རྡོ་རྗེ་མཚོན ་ཆ་བརྗོད་པ་དང་།། པད་མ་རིན་ཆེན་འཆང་བའོ།། འཁོར་ལོ་དེ་ནི་བརྟགས་ན་སུ།། གསང་བ་དཀྱིལ་འཁོར་དམ་པའོ།། ཅི་རིགས་པར་ནི་བསྒྲུབ་བྱས་ནས།། གསུམ་འགྱུར་དུ་ནི ་འགྱུར་བ་ཡིན།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་ཆེན་པོ་ཞེས་བྱ་བའི་སྙིང་པོ་མཆོག་གི་དངོས་གྲུབ་མ་ལུས་པ་སྟེར་བ་འདི་ཡིན་ཏེ།། ཨོཾ་བྷྲཱུཾ་ཁཾ། ་ཁྱིམ་འམ་ཡང་ན་ནགས་ཚལ་ལམ།། སྔ་མ་བཞིན་དུ་རྒྱན་ནས་ནི།། མཚོན་ཆ་མཆོག་གི་ཆོ་ག་ཡིས།། ཐམས་ཅད་ཆོག་བྱས་ནས་འདིར་བརྗོད་བྱ།། དེ་ཉིད་ཀྱིས་ནི་བཅོམ་ལྡན་འདས། ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས།། ལྟ་ངན་རྣམས་ལ་ཕན་པའི་ཕྱིར།། འདི་དག་མྱ་ངན་འདས་པ་སྟོན།། མ་ལུས་འདུལ་བ་ལ་སོགས་པས།། བརྟན་ཞིང་ངེས་པའི་གོ ་ཆ་བགོས།། ཤིན་དུ་སྲིད་པ་ལ་གནས་མཆོག། ཆོ་ག་ལ་སོགས་བགོས་པ་ཡིན།། སངས་རྒྱས་ཆོས་དང་དགེ་འདུན་ཞེས།། དཀོན་མཆོག་གསུམ་དུ་གྱུར་པ་ཡིན། སྲིད་པ་ཤིན་དུ། ་གྲུབ་པ་ཡི།། རྣམ་པར་དག་པའི་དཔལ་མཛད་མཆོག། ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་རྡོ་རྗེའོ།། དེ་ནས་མཆོག་ཏུ་གསང་བའི་ཆོས་ཉིད ་དྲིལ་བུ་ནི།། ཐམས་ཅད་ན་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ནམ་མཁའ་དང་མཉམ་སྦྱོར་བ་ཡིས།། ཀུན་མཆོག་མཉམ་པ་ཉིད་དུ་གསལ།། ཞེས ་བྱ་བ་ནི་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའོ།། དེ་ནས་ཚིག་ཆེན་པོ་གསུམ་གྱི་སྙིང་པོ་ཞེས་བྱ་བ་ནི། ལོངས་སྤྱོད་ཀུན་ལ་ལོངས་སྤྱོད་པ།། རང་ལྷ་བདག་ཉིད་གུས་བརྟེན་ན།། དཀོན ་མཆོག་གསུམ་ལ་མཆོད་པའི་མཆོག། བདག་གིས་བྱ་ཞེས་བརྗོད་ཅིང་མཆོད།། ཞེས་བྱ་བ་ནི་དེ་བཞིན་གཤེགས་པའི་རྣལ་འབྱོར་བསྒྲུབ་པའོ།། ཐབས་ཀྱི་ཆོ་ག་འདི་ཡིས་ནི། ་འདོད་པའི་ཡོན་ཏན་ལྔ་རྣམས་ཀྱང་།། བཟའ་མིན་པ་ཡང་བཟའ་བཅས་ན།། རྟག་པའི་དངོས་གྲུབ་ཐོབ་པར་འགྱུར།། ཞེས་བྱ་བ་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི ་དམ་ཚིག་ཆེན་པོ་གསུམོ།། དེ་ལྟར་བརྗོད་ནས་སྙིང་པོ་བྱིན་ལ།། ཕྱག་རྒྱ་བཅིང་བ་སློབ་དུ་བཅུག་ནས་ཇི་ལྟར་མངོན་པར་བསྒྲུབ་པར་བྱའོ།། དེ་ནས་རྡོར་འཛིན་སློབ་དཔོན་གྱིས།། རྡོ་རྗེ་མཆོད ་པས་མཆོད་ནས་ནི།། ཅི་འདོད་པ་ཡི་མཆོད་པ་ཡིས།། སློབ་མ་ཐམས་ཅད་མཆོད་དུ་བཞུག། ལོངས་སྤྱོད་ཀུན་ལ་ལོང་སྤྱོད་ཀྱང་།། དཀོན་མཆོག་གསུམ་པོ་ལ་ཕུལ་ལ།། འདོད་པས། ་བདག་དང་གཞན་རྣམས་ལ།། མཆོད་པ་ཉིད་དུ་འགྲུབ་པར་འགྱུར།། དཔལ་མཆོག་དང་པོ་ལ་མཆོག་ཏུ་གསང་བའི་ཆོ་གའོ།། ། དེ་ནས་རྡོ་རྗེ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་མཆོག་དུ་གས ་བའི་ཆོ་ག་ནི།། རས་ལ་བཅོམ་ལྡན་བྲིས་བྱས་ཏེ།། རྡོ་རྗེའི་རིགས་ཀུན་བདག་པོ་ནི།། རྡོ་རྗེ་ཉི་མ་མེ་ལྟར་འབར།། ཆོ་ག་ཇི་བཞིན་མཆོག་ཏུའོ།། དེ་ཡི་པད་འདབ་གཅིག་བཞུགས་པ།། ་དེ་ཡི་འོད་ཀྱི་འཁོར་ལོར་བརྟེན།། གསང་བའི་རྡོ་རྗེ་རྣལ་འབྱོར་ཆེ།། མཁའ་འགྲོ་མ་རྣམས་ལོགས་ལ་བྲི།། དང་པོར་དཀར་དང་དམར་བ་དང་།། གཞན་ནི་ཐལ་བ་ལྟར་དཀར་བ། ་གསུམ་པོ་དཀར་དང་ལྡང་བ་སྟེ།། བཞི་པ་གསེར་དང་དྲི་མེད་པའོ།། རྡོ་རྗེ་གསུམ་པོའི་དབང་ཕྱུག་གྲུབ།། རྡོ་རྗེ་བཊ་བསྒྲེང་དང་བཅས།། རྡོ་རྗེ་འདོད་མ་མི་ལྟར་འབར།། དེའི་ལོགས་ལ ་མཚན་མ་བསྟོད།། རྡོ་རྗེ་ཁྱབ་འཇུག་མ་རྡོ་རྗེའི། འཁོར་ལོ་བསྟོད་པ་དེ་བཞིན་གཞན། རྡོ་རྗེ་དྲིལ་བུ་བངནམ།། དེ་ཡི་ལོགས་སུ་གཡོན་བསྙེམས་མ། རླུང་ཟང་མཆེ་བ་བརྩིགས་པ་ཡིས། ་ཁྲོ་དང་བཅས་པས་ཞལ་བཞད་པ།། རང་བདག་ལ་ནི་ཐུགས་གཏད་ཅིང་།། སྐུ་ནི་ཟུར་གྱི་ཕྱོགས་ལ་བྲི།། དེ་ནས་འདིར་ནི་སྙིང་པོ་ནི། ཧཱུཾ། དེ་ནས་ཉེ་བའི་སྙིང་། ་བོ་ནི།། རྡོ་རྗེ་དྲིལ་སོགས་ལྷན་ཅིག་ཏུ།། རྣམ་ཡང་རལ་པ་གདུང་བ་ཡིས།། ཧི་ལི་གླུ་དང་རོལ་མོ་ནི།། རྡུང་ཞིང་ཟུར་བཞི་རབ་དུ་བསྒྲུབ།། ཞེས་བྱ་བ་ནི་འདིར་བཟླས་པའི་ཆོག་ལོ།། འཁོར ་ལོ་དེ་ནི་བཏགས་བྱས་ནས།། གསང་བའི་དཀྱིལ་འཁོར་དམ་པ་ནི།། མཚོན་ཆ་མཆོག་གི་ཚི་ག་ཡི།། ཆོ་ག་ཐམས་ཅད་རྒྱས་པའོ།། དེ་ནས་དེ་ཁོ་ན་ཉིད་དང་།། ཆོས་དང་དམ་ཚིག་གི་ཚེ། ་ག་སྦྱིན་པ་ནི།། རྟག་ཏུ་ཆགས་པ་ལས་བྱུང་ཁྲོ།། རྡོ་རྗེ་མེ་ཡི་ཕུང་པོའི་སྒྲ།། འབར་བའི་རྡོ་རྗེ་ཁྲོ་བོ་ཆེ།། རབ་འབར་བ་ཡི་ཚོགས་ཀྱི་སྐུ།། རྡོ་རྗེ་འབར་བའི་རྣལ་འབྱོར་ཆེ།། མཁའ་འགྲོ། ་མ་རྣམས་ཀུན་ཏུ་འ། ཞེས་བྱ་བ་ནི་རྡོ་རྗེའོ།། དེ་ནས་ཆོས་ནི་ཐམས་ཅད་ནི་ན་མཁའི་མཚན་ཉིད་དེ།། ནམ་མཁའ་ལ་ཡང་མཚན་ཉིད་མེད།། ན་མཁའ་དང་མཉམ་རྣལ་འབྱོར་པས།། ། ་ཐམས་ཅད་མྱུར་བ་ཉིད་དུ་འགྲུབ།། ནམ་མཁའ་ཀུན་མཆོག་སྦྱོར་བ་ཡིས།། ཐམས་ཅད་ན་མཁའ་ཞེས་བརྗོད་ཅིང་།། རྡོ་རྗེའི་ཕྱག་རྒྱས་རྒྱས་བཏབ་པས།། འཇིག་རྟེན་གསུམ་ཡང་ཟ ་བར་བྱེད།། ཅེས་བྱ་བའི་རྣལ་འབྱོར་གྱི་མཁའ་འབྲི་མའི་མཆོག་ཏུ་གསང་བའི་དམ་ཚིག་གོ།། ཆོ་ག་འདི་ཡིས་ཐམས་ཅད་དུ།། མཉམ་པར་གཞག་པས་བསྒྲུབ་པར་བྱ།། ཀུན་མཆོག ་དངོས་གྲུབ་ཆེན་པོ་ཡི།། ལས་ཀྱི་ཚོགས་རྣམས་མི་ཟད་པའོ།། ཞེས་བྱ་བའོ།། དེ་ནས་ཇི་ལྟ་བ་བཞིན་དུ་དེ་བཞིན་གཤེགས་པའི་ཆོ་གས་རང་གི་ཕྱག་རྒྱ་རྣམས་ཀྱིས་གར་མཆོད་པ་བྱས ་ན་གྲུབ་པར་འགྱུར་རོ།། དཔལ་མཆོག་དང་པོ་ལས་རྡོ་རྗེ་རྣལ་འབྱོར་གྱི་ཆོ་གའོ།། ། དེ་ནས་མཆོག་དུ་ཕྲ་བ་དང་།། ཤིན་དུ་བཟང་བའི་རྡོ་རྗེ་ཡི།། གྲུབ་ཆེན་གསང་བའི་རྣལ་འབྱོར་གྱི། ་མཁའ་འགྲོ་མའི་འཁོར་ལོས་བཤད།། གྲོང་ཁྱེར་བསྐྱེད་མོས་ཚལ་སོགས་ནི།། ཇི་ལྟ་བ་བཞིན་རྒྱན་བྱིས་ནས།། རྡོ་རྗེ་འཛིན་ཀྱང་སློབ་དཔོན་གྱིས།། ཇི་བཞིན་དུ་རབ་བསྒྲུབས་པ་འི།། ་ཡིད་འོང་བཞི་དང་ལྷན་ཅིག་དང་།། རང་གི་ཕྱག་རྒྱས་མེ་ཏོག་གཏོར།། ཇི་ལྟ་བ་བཞིན་གྲོང་ཁྱེར་འཇུག། གཡོན་པ་ལ་ནི་གྱེན་དུ་བསྟོད།། རྡོ་རྗེ་དྲག་པོའི་བཞད་ཆེན་པོ།། སྒྲ་སྒྲེགས་མཆོག ་གི་ཕྱག་རྒྱ་ཡིས།། འཇུག་སྟེ་མགོ་ལ་ཕྱག་འཚལ་བྱ།། དེ་ལ་ཕྱག་ནི་འདི་ཡིན་ཏེ།། ཨོཾ་ཞེས་བྱ་བ་བརྗོད་ལ།། ཤིན་དུ་དགའ་བའི་དབུགས་ཀྱི་རླུང་གིས་དྲུག་ལྡན་དང་བར་མའི་རུ་ལུ ་རུ་ལུ་བླང་སྟེ།། འདི་ནི་རྡོ་རྗེ་དྲག་པོ་ཕྱག་འཚལ་བའི་སྒྲ་སྒྲོགས་པའི་མཆོག་ཅེས་བྱ་བ་འདིར་རྡོ་རྗེ་ཕྱག་གི་ཕྱག་རྒྱ་སྟེ། ཕྱག་རྒྱ་ཐམས་ཅད་དང་། གཞན་རྨོངས་པ་དང་། ཐོགས་པ་མེད ་པའི་དངོས་གྲུ་ཐམས་ཅད་དང་།། ལས་ཐམས་ཅད་ལས་དགོས་ཤིང་མཆོག་ཏུ་གྲུབ་པའོ་ཞེས་བྱ་བ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཆོག་ཏུ་གསང་བ་འདི་གསུང་སོ།། ་དེ་ནས་ཡིད་འོང་དང་བཅས་པ།། མེ་ཏོག་སིལ་མདོར་ནས་ནི།། རྡོ་རྗེ་བང་མའི་དབང་བསྐུར་གྱིས།། དམ་ཚིག་གསུམ་ནི་གསལ་བར་སྦྱིན།། དེ་ལ་རྡོ་རྗེ་བང ་མའི་ཕྱག་རྒྱ་ནི་འདི་ཡིན་ཏེ།། པད་མ་ལ་ནི་ཐོག་པ་ལ་བྱ་སྟེ།། དེ་ཡང་རྡོ་རྗེས་བྱིན་གྱིས་བརླབས་པས་ན་རྡོ་རྗེ་པད་མ་ཞེས་བྱའོ།། དེ་ནས་འདིར་ཕྱག་རྒྱ་བཅིང་བ་ནི།། སོར་མོ་ཐམས་ཅད ་ཕན་ཚུན་སྦྱར།། ཀུན་མཆོག་རྩེ་མོ་དང་བཅས་པ།། མཐེ་བོ་རྡོ་རྗེས་བཀབ་པ་ནི།། རྡོ་རྗེ་པད་མ་ཞེས་གྲུབ་པོ།། རྡོ་རྗེ་པད་མའི་ཕྱག་རྒྱ་འདིས།། རྡོ་རྗེ་སེམས་དཔའི་དབང་བསྒྱུར་བའི་སྦྱོར་བ་དང་། ་རྡོ་རྗེ་པད་མ་རིན་པོ་ཆེ་ཆེན་པོའི་ཅོད་པན་གྱིས་དབང་བསྐུར་བར་བྱའོ།། འདིས་དབང་བསྐུར་བ་ཙམ་གྱིས་དེ་བཞིན་གཤེགས་པ་རྣམས་ཀྱི་ཤིན་དུ་གསང་བ་དང་།། དྲག་པོ་དང་། རབ་ཏུ་གཏུམ ་བ་དང་།། མ་རུངས་པའི་སེམས་ཅན་རྣམས་ཐལ་བར་བརླག་ནས་ཐམས་ཅད་རྣམ་པར་རྒྱལ་བ་ཁམས་གསུམ་མ་ལུས་པའི་སྟོབས་ཆེན་པོ་དང་ལྡན་པའི་འཁོར་ལོ་བསྒྱུར་བའི་དེ་བཞིན ་གཤེགས་པ་ཐམས་ཅད་ཅེས་བྱ་བར་བྱིན་གྱིས་བརློབ་པར་འགྱུར་བ་དང་།། མཆོག་ཏུ་བརྟག་པའི་བསྲུང་བར་ཡང་འགྱུར་རོ་ཞེས་མཆོག་དུ་ཤིན་དུ་གསང་བ།། བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་གསུངས།། དེ་ཉིད་ཀྱིས་ནི་རྡོ་རྗེ་བཟུང་།། ཆོས་ཀྱི་དྲིལ་བུ་དཀྲོལ་བར་བྱ།། དམ་ཚིག་གིས་ནི་ཕྱག་རྒྱ་ཆེ།། བྱིན་གྱིས་བརླབས་ནས་སྙིང་པོ་བཟླ།། རྡོ་རྗེ་ལ་སོགས ་ཐོབ་པར་བཟུང་།། རྡོ་རྗེ་སེམས་དཔའ་གཉིས་དང་དྲ།། རྡོ་རྗེ་རྣལ་འབྱོར་དབང་ཕྱག་ཐུག། རྡོ་རྗེན་གྱིས་བྱིན་བརླབས་འགྱུར།། བྱུང་ཟེར་རྣམས་ཀྱང་འབེབས་འགྱུར་ནས། ་བརྟེན་པའི་རྡོ་རྗེ་ཕབ་པ་ཡིས།། རྡོ་རྗེ་དང་བཅས་ཕྱག་མཚན་འཛིན།། རྣལ་འབྱོར་མ་རྣམས་རབ་དུ་འགྱུར།། དེ་ལ་ཐོག་མར་རེ་ཤིག་རྡོ་རྗེ་ཉི་མ་མེ་ལྟར་འབར་བ་ཆེན་པོ་རབ་དུ་རློག་པ་ཞེས ་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཁྲོ་བོའི་རྒྱལ་པོའི་མཆོག་དང་པོ་ཡང་དག་པར་འབེབས་པར་བྱེད་པ་སྟེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཐབས ་ཀྱི་མགོན་དུ་འཛིན་པའི་ཁྲོ་བོ་མེ་ལྟར་འབར་བའི་རྡོ་རྗེ། རྡོ་རྗེ་དང་བཅས་པའི་ཁ་ཌ་ཀྭའི་རྒྱལ་མཚན་དང་ངེས་པར་སྦྱོར་བ།། བ་དན་དང་བཅས་པའི་དྲིལ་བུ་འབར་བའི་རྡོ་རྗེ་མཉམ་པའི ་བདག་པོ་ཤིན་དུ་ཁྲོ་བ་འབེབས་པས་སྒེག་པ་དང་བཅས་པའི་སྲིན་འཚམས་ཁྲེ་གེ་ཉེར་ཤིན་དུ་འཇིགས་པར་འཇིགས་པར་བྱེད་པའི་སྲན་སེར་པོ་དང་ལྡན་པའོ།། དེ་བཞིན་གཤེགས ་པ་ཐམས་ཅད་ཀྱི་རྡོ་རྗེའི་འཇིགས་པ་ཆེན་པོས་འཇིགས་པར་བྱེད་པའི་སྨན་གྱིས་ལྟ་བའི་ཕྱག་རྒྱ་འདིས་སྟོང་ཕྲག་བརྒྱ་བཟླས་པས་ཐམས་ཅད་བསྒྲུབ་པར་མཛད་དོ།། དེ་བཞིན་གཤེགས ་པ་ཐམས་ཅད་རྗེས་སུ་ཆགས་པ་དང་།། དགུག་པ་དང་། བཞུགས་དོ་དང་། དབང་དུ་བྱ་བ་དང་། འབེབས་པར་ནུས་སོ།། ཐམས་ཅད་ནམཁ་འ་སྐོར་བའི་ཡོན་ཏན་དང་། ལན་གཅིག ་བརྗོད་པཙམ་གྱིས་ཁམས་གསུམ་མ་ལུས་པའི་ཁོངས་སུ་ཆུད་བའི་རྡོ་རྗེ་བདུད་ལ་སོགས་པའི་བདུད་ཐམས་ཅད་དང་།། དེ་བཞིན་གཤེགས་པ་ཐམས་ཅད་པབ ་བ་དང་།། དྲག་པོ་དང་། རབ་ཏུ་གཏུམ་པ་དང་།། མ་རུངས་པའི་སེམས་ཅན་རྣམས་དང་།། མཁའ་འགྲོ་མ་དག་པོ་ཐམས་ཅད་དང་། གང་ཞིག་ཉན་ཐོས་དང་། རང་སངས་རྒྱས་རྣམས་དང་། ་དེ་དག་ཀྱང་ཐལ་བར་རླག་པར་འགྱུར་ན།། དགྲ་བོ་ལ་སོགས་པ་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས།། དོན་ཡོད་ཅིང་ཐོགས་པ་མེད་པ་དང་། དངོས་གྲུབ་ཐམས་ཅད་དང་།། ལུས་ཀྱི་ཆོག ་རྣམས་དགོངས་ཤིང་མཆོགས་ཏུ་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཐབས་ཤིན་དུ་དྲག་པོ་འདིའི་ངག་གི་བཟླས་པ་ནི།། སྣའི་དབུགས་ཕྲ་བ་ཉིད་ཀྱིས་བདེན་པ ་རྡོ་རྗེའི་ཚིག་གིས་གྲུབ་པ་ཡིད་ཀྱིས་འདོད་པ།། ལས་ཐམས་ཅད་ཀྱི་དངོས་གྲུབ་ཀྱི་ཚོགས་རྣམས་ལ་དམ་པ་མཆོག་ཏུ་གྲུབ་པའོ།། ཧཱུཾ། དེ་ནས་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི ་དབང་ཕྱུག་མའི་ལྷ་མེ་ཆེན་མོ་རྣམས་ཀྱི་བཤད་པར་བྱ་སྟེ།། དེ་ལ་ཐོག་མ་ཁོ་ནར་རེ་ཤིག་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཞེས་བྱ་བའི་ལྷ་མོ་ཆེན་མོ་རྡོ་རྗེ་གཞུ་དང་མངའ་གཏོང་བའི་ཕྱག ་གཡེན་པ་སྟེ།། རྡོ་རྗེ་ཅན་གྱིས་བལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་བསྒྲུབ་པར་མཛད་པ་དང་།། སྒེག་པ་དང་བཅས་ཤིང་གཡོ་བའི་སྤྱན་གྱི་ཟུར་གྱིས་གཟིགས་པའི་ཕྱག་རྒྱས་བཏབ་པ ་ཙམ་གྱིས་ཐམས་ཅད་ལ་རྒྱས་ཐེབས་པར་མཛད་པ་དང་།། དོན་ཡོད་ཅིང་ཐོགས་པ་དངོས་པོ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། བཅོམ ་ལྡན་འདས་ཡུམ་འདིས་རྡོ་རྗེ་ཕྲ་མོ་གཡོན་པའི་ཁྲོ་བོ་བཟླས་པ་ནི་ཡིད་ཀྱིས་འདོད་པས་དངོས་གྲུབ་ཐམས་ཅད་དང་།། ལས་ཀྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ།། ཧཱུཾ་གཉིས ་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་དམ་ཚིག་གི་ཕྱག་རྒྱའི་ལན་ཞེས་བྱ་བའི་ལྷ་མོ་སྟེ།། དབུས་སུ་རང་གི་ལྷག་པའི་ལྷ་བསྟོད་པའི་ཞལ་འཛུམ་པའི་སྤུན་ནུང་ཞིག་འཛུམས་ཤིང་།། དགའ་བ་ཆེན་པོ ་རྡོ་རྗེ་ཅན་གྱི་ལྟ་བའི་ཕྱག་རྒྱ་འདིས་ཐམས་ཅད་བསྒྲུབ་པར་མཛད་པ་དང་། ཙུམ་པ་ན་དང་།། འཁྱུད་པ་ལ་སོགས་པའི་རིག་པའི་ཕྱག་རྒྱས་བཏབ་པ་ཙམ་གྱིས་ཐམས་ཅད་ལས་རྒྱས ་འདེབས་པར་མཛད་པ་དང་། ཕྱག་རྒྱ་ཐམས་ཅད་འཇོམས་པར་མཛད་པ་དང་།། ཐམས་ཅད་ཀྱིས་གསོད་པར་མཛད་པ་དང་།། དོན་ཡོད་ཅིང་ཐོགས་པ་མེད་པ་དངོས་གྲུབ་ཐམས་ཅད་དང་། ་ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་བྱེ་བྲག་འགྲིན་པའི་དབྱངས་ཀྱི་རྡོ་རྗེ་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱི་འདོད་པའི་དངོས ་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་མཆོག་དུ་གྲུབ་པའོ།། ཧཱུ~ཾ་གསུམ་པ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ་ཐལ་བར་གློག་པ་ཞེས་བྱ་བའི་ལྷ་མོ་ཆེན་མོ་སྟེ། ་བཅོམ་ལྡན་འདས་རྡོ་རྗེ་ཆེན་པོ་དང་། ཁཾ་ཀའི་རྒྱལ་མཚན་འཆང་བསྒེག་པ་དང་བཅས་པའི་བཞང་པས་སྨིན་འཚམས་ཀྱི་ཁྲོ་གཉེར་གྱི་ཁྲོ་བོའི་སྤྱན་ཏེ། ་རྡོ་རྗེ་ཆེན་པོ་ཁྲོ་བོ་ཀི་ལི་ཀི་ལ་ཁྲོ་བོའི་སྨན་གྱི་ལྟ་བའི་ཕྱག་འདིས་ཐམས་ཅད་བསྒྲུབ་པ་མཛད་དོ།། ཨོཾ་བཛྲ་ཞེས་བྱ་བ་དང་།། རུ་ལུ་རུ་ལུ་སྭཱ་ཧཱི་ཞེས་བྱ་བ་ཙམ་གྱིས་བདུད་ཐམས་ཅད་འཇོམ ་པ་དང་། དོན་ཡོད་ཅིང་ཐོག་པ་མེད་པའི་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་མཆོག་ཏུ་གྲུབ་པའོ།། ཧྲཱི། བཞི་པོ་ནི་རྡོ་རྗེ་ཆེན་པོ་འདོད་པའི་མེ་འབར་བ ་ཐལ་བར་ཀློག་པ་འཆི་བ་སློང་བ་ཞེས་བྱ་བ་གཡོན་བསྙེམས་པ་གཡས་པས་རང་གི་སྤྱི་བོར་རྡོ་རྗེ་དྲིལ་བུ་བསྐྱོད་པར་མཛད་པ་སྒེག་པ་དང་བཅས་པ་དེའི་སྤྱན་ནི་དུ་གདངས་པ་སྟེ།། རྡོ་རྗེ་རྒྱལ་པོ ་དྲིན་གྱི་སྤྱན་གྱི་ལྟ་བའི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་མཛད་པ།། ཁུ་ཚུར་དང་། ཐལ་ལྕག་ལ་སོགས་པ་དང་། བཞད་གང་དང་། རྡེག་པ་དང་། ཕྱག་རྒྱས་བཏབ་པས་འཆི་བ་ཐམས་ཅད ་བསློང་བར་མཛད་པ།། དོན་ཡོད་པ་ཐོག་པ་མེད་པའི་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་དགོངས་ཤིང་གྲུབ་པའོ།། དེ་ནས་བཅོམ་ལྡན་འདས་ཡུམ་འདིའི་དྲིལ་བུའི ་དབྱིངས་ཀྱི་རྡོ་རྗེ་ཁྲོ་བོའི་བཟླས་པ་ནི་ཡིད་ཀྱིས་འདོད་པས་དངོས་གྲུབ་ཐམས་ཅད་དང་། ལས་ཀྱི་ཚོགས་རྣམས་ལ་མཆོག་ཏུ་གྲུབ་པའོ།། ཥྚིཿདེ་ལ་སོགས་པ་མཐའ་ཡས་མཆོག། ཆེས་དཔྱིང ་མཉམ་པ་མི་མཉམ་པ།། ནམཁའི་ཁམས་ལྟར་གྲངས་མེད་ཅིང་།། རྡོ་རྗེ་ཉིམ་ལས་བྱང་བ།། རྣ་མཁའ་ཀུན་གྱི་གནས་སྐབས་ཀྱི།། དཀྱིལ་འཁོར་འདི་ལ་རབ་དུ་བཞུགས།། རྡོ་རྗེ་མཆོག ་གི་རྣལ་འབྱོར་གྱི།། དབང་ཕྱུག་མ་ལུས་ཀུན་ནས་འབེབས།། དེ་ནས་རྡོ་རྗེ་རྣལ་འབྱོར་པ་སྟོན་པ་དེས་རྣལ་འབྱོར་པ་རང་གི་ལོགས་དག་ཏུ་དགོད་པ་ཡིན་ནོ།། ཟླས་པ་དཀྱིལ་འཁོར་རྣམ་པ ་ཡི།། དཀྱིལ་འཁོར་གྱིས་ནི་དགོད་པར་བྱ།། དགོད་ནས་ཐམས་ཅད་ཀུན་མཆོག་གི། དངོས་གྲུབ་དམ་པ་བསྒྲུབ་པར་བྱ།། ཐམས་ཅད་དགུག་དང་མཆོད་པ་ཆེ།། བདག་བྱིན་བརླབས ་སོགས་བསྒྲུབས་པ་ཡིས།། ཤིན་དུ་གསང་བའི་དཀྱིལ་འཁོར་དེ།། བརྟག་པ་དང་ནི་བསྒྲུབས་ནས་ཀྱང་།། རྡོ་རྗེ་འཛིན་ཀུན་སློབ་དཔོན་གྱི།། རྡོ་རྗེ་སློབ་མ་རྣམ་བཞུག་བྱ།། དེ་རེ་ཤིག། ་ཐོག་མ་ཁོ་ནེར་སློབ་དཔོན་གྱིས་བཅུག་སྟེ།། ཚོགས་ཀྱི་དཀྱིལ་འཁོར་དུ་དམ་ཚིག་གསུམ་གྱིས་བརླབས་ཏེ།། རྡོ་རྗེ་རྣལ་འབྱོར་མ་རྣམས་ལོགས་དག་ཏུ་བཞག་ནས།། སྐྱེས་པ་རྣམ ་ཀྱང་བཞག་ཅིང་བྱང་ཆུབ་སེམས་ཀྱིས་རྡོ་རྗེ་ཆེན་པོ་ཁྲོ་བོའི་དམ་ཚིག་དང་།། སྡོམ་པ་དག་ལེན་དུ་བཞུག་པར་བྱའོ།། ཁྱེའུ་དང་བུ་མོ་རྣམས་རབ་དུ་བཞག་ལ་ཚོགས་དང་བཅས་པའི་རང ་ཉིད་ཀྱིས་ཞུགས་ཏེ། བསྲུང་བ་དང་། སྐྱོང་བ་དང་། སྦ་བ་ཐམས་ཅད་བྱའོ།། དེ་ནས་འདིར་སློབ་མ་གཞུག་པའི་ཆོ་ག་རྒྱས་པ་ནི།། བྱང་ཆུབ་སེམས་ནི་བླ་མེད་པ།། མཆོག་ཏུ་བསྐྱེད་པ ་བྱས་ནས་ནི།། གར་བྱས་སྤྱི་བོར་ཐལ་སྦྱར་མཆོད།། སློབ་ས་ཐམས་ཅད་བཞུག་པར་བྱ།། ཅི་དོད་པའི་དངོས་གྲུབ་བསྐྱེད།། སློབ་ས་མེ་ཏོགདོར་དུཿ ་བཞུག། རྣལ་འབྱོར་མ་ཡི་གང་ལ་བབས།། དེ་དང་དེ་ནི་ལྷ་མོ་འགྲུབ།། དེ་ནས་གདོང་གཡོགས་དཀྲོལ་ནས་ནི།། རྣམ་པ་ཀུན་དུ་ཡོན་བླངས་ནས།། རྡོ་རྗེ་པད་མའི་དབང་བསྐུར་གྱིས།། ་དམ་ཚིག་གསུམ་ནི་གསལ་བར་སྨིན།། འདིར་གནས་བསྒེག་དང་དབང་བསྐུར་ནི་དེ་ཉིད་དོ།། དེ་ལ་འདིར་དམ་ཚིག་གསུམ་སྨིན་པ་ནི་འདི་ཡིན་ཏེ།། མི་བྱེད་པ་དང་སོ་སོར་རྟོགས། གདུག ་པ་ཐམས་ཅད་གནོན་པ་དང་།། སངས་རྒྱས་ཀུན་དངོས་རྡོ་རྗེ་ནི།། བྱང་ཆུབ་སེམས་ནི་ཆེ་ཞིང་བརྟེན།། མཚོན་ཆ་དེ་ནི་རྒྱལ་ཀུན་གྱི།། ཀུན་དུ་བཟང་པོའི་ལག་ཏུ་སྦྱིན།། བསྟན་པ་ཐམས ་ཅད་གྲུབ་པའི་ཕྱིར།། དེ་ཕྱིར་ཕྱག་ན་རྡོ་རྗེ་ཡིན།། དེ་ནས་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་མཆོག་ཏུ་གསང་བ་ནི།། རྟག་ཏུ་ཆགས་པ་ལས་བྱིང་ཁྲོ།། རྡོ་རྗེ་སེམས་དཔོའ་གདུལ་བའི་ཕྱིར།། ་རྡོ་རྗེ་ཉི་མ་མེ་ལྟར་འབར།། མཆོག་ཏུ་འཛིན་པ་བྱེད་པ་ཡིན།། དེ་ནས་མཆོག་ཏུ་གསང་བའི་རྣལ་འབྱོར་གྱི་མཁའ་འགྲོ་མ་རྣམས་ཀྱི་གསང་བའི་མཆོག་གི་དེ་ཁོ་ན་ཉིད་ནི། རྡོ་རྗེ་ཉི་མ ་འབར་ལས་བྱུང་།། དེ་བཞིན་གཤེགས་པའི་གྲིབ་མ་འདི།། སྤྲུལ་ཏེ་མ་ལུས་བསྡུད་ལ་སོགས།། གདུག་པའི་ཁྲག་ནི་གསོལ་བར་སྤྱོད།། ཞེས་བྱ་བ་ནི་གསང་བའི་མཆོག་གི་དེ་ཁོ་ན་ཉིད།། ་དེ་ནས་འདིར་མཆོག་ཏུ་གསང་བའི།། ཆོས་ཉིད་འབེབས་པའི་དྲིལ་བུ་ནི།། ཤིན་དུ་གདུག་པའི་དྲག་པོ་དང་།། བདག་པོ་གྲོགས་པོ་བུ་རྣམས་དང་།། ཤིན་དུ་གཉིད་ནི་ལོག་པས་དག། ་རྡོ་རྗེ་མཆོག་ནི་འཛིན་པས་གསུངས།། ཞེས་བྱ་བ་ནི་བཅོམ་ལྡན་འདས་ཀྱིས་གསུངསོ།། མཆོག་ཏུ་གསང་བའི་ཆོས་ཉིད་འབེབས་པའི་ཁཱ་ཊྭཱ~ཾ་ཀ་རྒྱལ་མཚན་དང་བདན་གྱི་དྲིལ་བུ ་ཐམས་ཅད་འབེབས་པ་ནི། རབ་ཏུ་བསྒྲུབ་པར་བྱེད་པ་དང་།། ཐམས་ཅད་ལྟ་བར་བྱེད་པ་དང་།། སློང་བར་བྱེད་པའོ།། དེ་ནས་རྣལ་འབྱོར་མཆོག་གི་དམ་ཚིག་ནི།། ཁྲག་ཆེན་གབུར ་དང་བཅས་པ།། ཙན་དན་དམར་དང་སྐུར་བ་ནི།། ཚེགས་ཀྱི་ནང་དུ་རབ་ཞུགས་ནས།། རྡོ་རྗེ་དང་བཅས་རྡོ་རྗེ་འཛིན།། སྲིན་ལག་མཐེ་བོའི་རྩེ་མོ་ཡིས།། ན་མཁའ་ཐམས་ཅད་སྦྱོར ་མཆོག་ལྡན།། ཟླ་བའི་བཏུང་བ་བཞིན་མྱངས་ནས།། རྟག་པའི་དངོས་གྲུབ་ཐོབ་པར་འགྱུར།། འདོད་པ་ཀུན་ལ་ལོངས་སྤྱོད་ཅིང་།། ཅི་འདོད་པར་ནི་བརྟེན་བཞིན་དུ།། ན་མཁའ ་ཀུན་མཆོག་སྦྱོར་བ་ཡིས།། དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར།། ན་མཁའི་མཆོག་ཀུན་སྦྱོར་བ་ཡིས།། ན་མཁོའ་ཐམས་ཅད་ཞེས་བརྗོད་ཅིང་།། རྡོ་རྗེ་ཕྱག་རྒྱས་བཏབ་པ ་ཡི།། འཇིག་རྟེན་གསུམ་ཡང་ཟ་བར་བྱ།། དངོས་གྲུབ་ལས་དང་དེ་བཞིན་བདེ།། འདི་ལ་ཅུང་ཟད་མི་བསྒྲུབ་མེད།། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་ཀྱིས།། དངོས་གྲུབ་མ་ལུས ་བསྒྲུབ་པར་འགྱུར།། དོན་ཡོད་མཆོག་ཏུ་གྲུབ་པ་དང་།། གདུག་པ་ཐམས་ཅད་གནོན་པར་བྱེད།། དུ་ཁ་ཀུན་འབྲོག་དཔལ་དང་ལྡན།། རྣལ་འབྱོར་འདི་ནི་ལས་ཀུན་བྱེད།། ཞེས་བྱ ་བའི་ཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དོང་བཟའ་བ་སྐྱེད་བགྲོ། རོལ་མོའི་མཆོད་པ་ཚོགས་ཀྱི་མགོན་ལ་མཆོད།། ཕུལ་བ་དི་མེས་རྡོ་རྗེ་བྲས་ཏེ། ་འདོད་པས་བདག་དང་བཞིན་རྣམས་མཆོད་པར་བྱ།། མྱོས་བྱས་མྱོས་བྱེད་བཏུང་བ་ནི།། ཅི་འདོད་པར་ནི་བརྟེན་པ་ཡིས།། རྡོ་རྗེ་ཉི་མ་མེ་འབར་སོགས།། ་ཇི་བཞིན་རྗེས་འགྲོའི་བཟླས་པས་བཟླ།། རང་གསང་ཆོ་ག་བླངས་པ་ཡི།། གླུ་དང་རོལ་མོ་གར་རྣམས་དང་།། སྣ་ཚོགས་ཕྱག་རྒྱའི་མཆོད་པ་དང་།། ཁམས་གསུམ་རྣམ་རྒྱལ་ལ་སོག ་པ།། བུད་མེད་ཚོགས་དང་བཅས་པ་ཡི།། མཆོད་པ་རྒྱ་ཆེན་ཐམས་ཅད་དང་།། ཅི་འདོད་པའི་ལོངས་སྤྱོད་ཀྱིས།། མཆོད་པ་བྱས་ན་རབ་དུ་བསྒྲུབ།། ཞེས་བྱ་བ་མཆོག་ཏུ་གསང ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་པ་ལ་སོགས་པའི་དབུགས་དབྱུང་བ་སྦྱིན་པར་བྱ་སྟེ།། འགྲོ་བ་ཀུན་གྱི ་ཁམས་རྣམས་ཀྱིས།། ཕྲ་རབ་རྡུལ་དང་མཉམ་པ་འདི།། རྟོག་པའི་རྒྱལ་པོ་གྲུབ་པ་སྟེ།། སངས་རྒྱས་ལ་སོགས་མཆོག་གྲུབ་པའོ།། གང་ཞིག་བློ་ནི་དཔག་མེད་པའི།། ཁྱད་པར། ་དུ་ནི་དམིགས་མི་འགྱུར།། དེ་བཞིན་མཐོང་བས་བདེ་བ་ནི།། དམ་པ་ཐམས་ཅད་བསྡུས་པའོ།། ཟད་པ་ཐམས་ཅད་ཟད་གྱུར་དང་།། འཕེལ་བ་ཐམས་ཅད་འབེལ་བར་འགྱུར།། ་གང་ཞིག་མཐོང་བས་མི་སྣང་འགྱུར།། གང་ནས་ཀྱང་ནི་འཇིགས་མེད་སྤྱོད།། དྲག་པོ་དབང་པོ་ཉེ་དབང་བཟླ།། ཉི་མ་མཁའ་འགྲོའི་ཚོགས་དཀྱིལ་འཁོར།། ཁྲོས་ནས་ཡིགེ ་ཧཱུཾ་ཙམ་གྱིས།། མ་ལུས་པར་ནི་ཐལ་བར་བྱེད།། རྣལ་འབྱོར་མཁའ་འགྲོ་མ་དཀྱིལ་འཁོར།། མཆོག་ཏུ་ཞུགས་ཏེ་མཐོང་ནས་ནི།། སྡིག་པ་ཀུན་ལས་རྣམ་གྲོལ་ཏེ།། ཁྱེད ་རྣམས་དེར་ནི་རབ་དུ་གནས།། སླར་ཁྱོད་འཆི་བ་ཡོད་མིན་ཏེ།། ཁྱད་པར་དུ་ནི་ངན་འགྲོ་མེད།། གཞན་གྱིས་མི་ཐུབ་མི་སོད་ཅིང་།། ཅིས་ཀྱང་མི་འཇིགས་དགའ་བར་གྱིས།། ་ཤིན་དུ་སྲིད་པའི་དངོས་གྲུབ་རྣམས།། སྟོན་པའི་མཆོག་ཏུ་གྱུར་པ་ཡིན།། དམ་ཚིག་སྡོམ་པ་གྲུབ་པ་འདི།། རྟག་ཏུ་ཡང་ནི་བསྒྲུབ་པར་བྱ།། སངས་རྒྱས་ཀུན་གྱིས་མཐུན་པར ་གསུངས།། དམ་པ་རྟག་པའི་བཀའ་ཡིན་ནོ།། བྱང་ཆུབ་སེམས་ནི་སྤང་མི་བྱ།། དམ་ཆོས་དེ་བཞིན་དམ་ཚིག་དང་།། སློབ་དཔོན་སྨད་པར་མི་བྱ་སྟེ།། གང་ཕྱིར་རྡོ་རྗེ་འཛིན་ཀུན ་དེ།། སེམས་ཅན་ཀུན་ལ་ཕན་ཕྱིར་དང་།། ཐེག་པ་ཐམས་ཅད་གྲུབ་པའི་ཕྱིར།། གདུག་པ་འདུལ་བས་དག་པ་ཞེས།། རྡོ་རྗེ་མཆོག་ནི་འཛིན་པས་གསུངས།། ཤིན་དུ་གདུག་ཅིང ་གཏུམ་པ་དང་།། བདག་པོ་གྲོག་པོ་བུ་རྣམས་ཀྱང་།། ཕྱག་རྒྱའི་རྣལ་འབྱོར་མངོན་སྦེད་ཀྱིས།། ཤིན་དུ་གཉིད་ལྡོག་ཏུ་བཞུག། རྟག་ཏུ་རང་གི་དམ་ཚིག་བསྲུངས།། རྟག་ཏུ་དེ ་བཞིན་གཤེགས་པ་མཆོད།། རྟག་ཏུ་བླ་མ་ལ་ཡང་དབུལ།། དེ་ལ་ཕུལ་ན་འབྲས་བུ་ཆེ།། དེ་བྱིན་སངས་རྒྱས་ཐམས་ཅད་ལ།། རྟག་ཏུ་བྱིན་པ་ཉིད་དུ་འགྱུར།། དེ་བྱིན་བསོད ་ནམས་ཚོགས་ཡིན་ཏེ།། ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར།། དེང་ཁྱོད་སྐྱེ་བ་འབྲས་བུར་བཅས།། གང་ཕྱིར་འདི་ལ་རབ་དུ་གནས།། དམ ་ཚིག་རྒྱལ་པོ་དང་མཉམ་པར།། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས།། སངས་རྒྱས་རྡོ་རྗེ་འཛིན་ཀུན་གྱིས།། དེ་རིང་ཁྱོད་ལ་དབང་བསྐུར་བས།། ཁམས་གསུཾ ་གྱི་ནི་རྒྱལ་སྲིད་ཆེའི།། སྟོབས་དཔལ་འཁོར་ལོ་བསྒྱུར་བ་ཡིན།། རྡོ་རྗེ་དམ་པའི་གསང་མཆོག་རྣལ་འབྱོར་མའི།། མཆོག་གི་དམ་ཚིག་གསང་བ་མཐོང་ནས་ནི།། བདུད ་ལ་སོགས་པའི་ཤ་ཟོས་ཞེས་ནས་ནི།། དེ་བཞིན་གཤེགས་སྦྱོར་ཐོབ་ནས་ཁྱོད་གྲུབ་ཡིན།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། དཔལ་མཆོག་དང་ལྷས ་མཆོག་ཏུ་གསང་བའི་རྡོ་རྗེ་རྣལ་འབྱོར་གྱི་མཁའ་མགྲོ་མའི་དཀྱིལ་འཁོར་གྱི་ཆོ་ག་ཤིན་དུ་མཆོག་ཏུ་གྲུབ་པའོ།། དེ་ནས་འཕགས་པ་སྤན་རས་གཟིགས་དབང་ཕྱུག་གི་མཆོག ་ཏུ་གསང་བ་འགྲོ་བ་འདུལ་བའི་མཆོག། རས་ལ་བཅོམ་ལྡན་བྲི་བར་བྱ།། པད་མ་གར་གྱི་དབང་ཕྱུག་སོགས།། གློག་གི་འཁོར་ལོ་ཡོ་ངས་བསྒྱུར་བའི།། འཁོར་ལོའི་རྣམ་འཕྲུལ ་གར་རྣམས་ཀྱིས།། པད་མ་ལ་སོགས་ཕྱག་མཚན་འཛིན།། ཕྱག་རྒྱ་འཁོར་ལོ་ལྟར་མཛད་པ།། དེ་ཡི་ལོགས་ནི་ཐམས་ཅད་ལ།། ཁྲོ་གཉེར་མ་སོགས་བྲི་བར་བྱ།། དྲག་པོ་ལ་སོག ་ཕྱག་མཚན་གཟུགས།། པད་མའི་ལྷ་མོ་པད་མར་བཅས།། དཀྱིལ་འཁོར་དང་ནི་བརྟག་བྱས་ནས།། གསང་བའི་དཀྱིལ་འཁོར་དམ་པ་ནི།། མཚོན་ཆ་མཆོག་གི་ཆོ་ག་ཡིས། ་ཐམས་ཅད་བྱས་ནས་འདིར་བརྗོད་བྱ།། དེ་ཉིད་སངས་རྒྱས་བཅོམ་ལྡན་འདས།། སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྟེ།། འདུལ་བའི་ཐབས་ཀྱི་དག་པ་ཡིན།། རོལ་མོའི་གྲཝར་ནི་མཛད ་བ་ཡིན།། ཞེས་བྱ་བ་མཆོག་གི་རྡོ་རྗེ་སྟེ།། ཇི་ལྟར་པད་མ་དམར་པོ་འདི།། གནས་ཀྱི་ངེས་པ་སྣ་ཚོགས་ཀྱི།། མཚོན་གྱི་ངེས་པས་མི་གོས་པའོ།། ཞེས་བྱ་བ་ནི་མཆོག་ཏུ་གསང་བའི་ཆོས ་ཉིད་ཀྱི་དྲིལ་བུའོ།། ཆོ་ག་གང་དང་གང་དག་གི། འགྲོ་བ་རྣམས་ནི་འདུལ་འགྱུར་བ།། པད་མ་དག་མཆོག་རྣལ་འབྱོར་བདག། དེ་དང་དེ་ཡི་དགེ་བར་བྱ།། ཞེས་བྱ་བ་ནི་རྡོ་རྗེ་ཐམས་ཅད་ཀྱི་ཆོས ་ཀྱི་དམ་ཚིག་གོ།། དེ་བཞི་ཇི་ལྟ་བ་བཞིན་དུ་བང་མ་གར་གྱི་མཆོད་པས་མཆོད་ལ་ཆོ་ག་ཐམས་ཅད་རྗེས་སུ་སྤང་པར་བྱའོ།། དེ་ནས་བཅོམ་ལྡན་འདས་ན་མཁའི་སྙིང་པོ་དོན་ཐམས་ཅད་གྲུབ ་བའི་ཆོ་ག་སྟེ།། ཉི་མའི་དཀྱིལ་འཁོར་བྲིས་ནས་ནི།། རས་རིས་དེ་ནི་བློ་གྲོས་ཆེ།། ལྗང་ཁུ་བཻ་རརྱ་དང་མཚུངས།། ན་མཁའི་སྙིང་པོ་བྲི་བར་བྱ།། དེ་ཡི་པད་མ་གཅིག་ལ་གནས།། དེ ་ཡི་འོད་ཀྱི་དཀྱིལ་འཁོར་བརྟན།། དབང་བསྐུར་བ་དང་གཏེར་མ་དང་།། རྒྱལ་མཚན་མཆོག་མངའ་མཆོག་ཆེན་མོ།། གསང་བའི་དཀྱིལ་དམ་པ་དེའི།། འཁོར་ལོ་བརྟག་པར་བྱས་ནས་ནི།། ་མཚན་ཆ་མཆོག་གི་ཆོ་ག་ཡིས།། ཆོག་རྒྱས་པོ་ཇི་བཞིན་པའོ།། དེ་ནས་རྡོ་རྗེ་མཆོག་གི་ནི།། ཉིམ་འདི་ནི་དམ་པ་སྟེ།། དེ་བཞིན་གཤེགས་པ་ཐམས་ཅད་མཐོང་།། ནམཁའི་སྙིང་པོ་བཅོམ ་ལྡན་འདས།། བསམ་པ་ཐམས་ཅད་རྫོགས་ཕྱིར་རོ།། དེ་ནས་ཆོས་ཀྱི་རིན་པོ་ཆེའི་དྲིལ་བུ་ནི།། བསམ་པ་ཐམས་ཅད་གྲུབ་རྣམས་ཀྱིས།། ནོར་གྱི་བསམ་པ ་གྲུབ་པ་མཆོག། དེ་ཡང་འདོད་པ་རབ་གྲུབ་ཕྱིར།། འདོད་ལས་ཐར་པའི་བདེ་བ་ཆེ།། ཞེས་བྱ་བའོ།། སྤྲིན་མིན་རྣམས་ནི་སྨིན་བྱས་ཏེ།། འདོད་པ་ཀུན་གྱི་བདེ་བ་རྣམས།། བདག་ཉིད ་དང་ནི་གཞན་རྣམས་ལ།། བསམ་པ་ཐམས་ཅད་རྫོགས་ཕྱིར་རོ།། ཞེས་བྱ་བ་ནི་དམ་ཚིག་གི་མཆོག་གོ། དམ་ཚིག་འདི་ཡིས་མཆོག་ཏུ་ནི།། རྡོ་རྗེ་སེམས་དཔའ་བདེ་བ་ཆེ།། མྱུར་དུ ་ཡང་དག་དམ་པ་མཆོག། མི་འགྱུར་མཆོག་ནི་གྲུབ་པར་མཛོད།། དེ་ལྟར་གསང་བ་མཆོག་གི་ཚུལ་དག་ནི།། ཇི་བཞིན་ཆོ་ག་མཆོག་ཏུ་རྒྱས་པ་སྟེ།། མཆོག་ཆེན་དེས་ནི་རྟོག་པ་ཐམས་ཅད ་ཀྱི།། སྙིང་པོ་ཁྱད་པར་དངོས་གྲུབ་ཐོབ་པར་འགྱུར།། དཔལ་མཆོག་དང་པོ་ལས། རྟོག་པ་ཐམས་ཅད་ཀྱི་བསྒྲུབ་པའི་ཆོ་གའོ།། དེ་ནས་གྲུབ་ཆེན་ཐམས་ཅད་ཀྱི།། བསྒྲུབ་པའི་མཆོག་ནི ་བདེ་བ་ཆེ།། རྡོ་རྗེ་སེམས་དཔའ་བྱག་རྒྱ་ཆེ།། རྟོག་པ་ཀུན་མཆོག་གྲུབ་པའི་ཕྱིར།། སྣོང་པ་ཡིན་པའི་སེམས་ཅན་ནི།། སྡིག་པ་ཐམས་ཅད་བྱེད་རྣམས་ལ།། མཐོང་བ་ལ་སོགས་སེམས་ཅན་དོན། ་སེམས་དཔའ་ཆེན་པོ་མཛད་པ་མིན།། མཐོང་མེད་ལོང་བདེ་རྣམས་ནི།། བསོད་ནམས་མེད་ཚོགས་རྟགས་ལྡན་ལ།། རྡོ་རྗེ་སེམས་སོགས་སེམས་དཔའ་མཆོག། མཐོང་བའི་ཐབས་ཀྱི་རྒྱུ ་རྣམས་ནི།། རྡོ་རྗེ་སེམས་སོགས་སེམས་མཆོག་གི། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། དམ་ཚིག་མཆོག་ནི་བཅིངས་པ་སྟེ།། དམ་ཚིག་འདལག་དཀའ་བའོ།། རྡོ་རྗེ་སེམས་དཔ ་སོགས་སེམས་དཔའ་ནི།། གང་ཕྱིར་སྐྲ་རྣམས་བསྟན་པོ་ནི།། དེ་ཡི་ཕྱག་རྒྱར་གྲགས་པ་སྟེ།། དངོས་གྲུབ་ཀུན་ཕྱིར་དེ་དག་སྤྲུལ།། གང་དག་བཟུང་བ་ཙམ་གྱིས་ནི།། རྡོ་རྗེ་སེམས་དཔའ ་ལ་སོགས་མཆོག། མཐོང་ཞིང་མངོན་པར་མཐོང་བ་ཉིད།། མཆོག་ཏུ་བསྡུས་པར་གྱུར་བ་ཡིན།། ཕྱག་རྒྱ་བཅིང་བ་ཙམ་གྱིས་ནི།། གང་ཕྱིར་བསྡུས་པར་གྱུར་པ་སྟེ།། རྡོ་རྗེ་སེམས ་སོགས་སེམས་དཔའ་རྣམས།། ཉམས་པས་འཇིགས་པས་རབ་གྲུབ་འགྱུར།། ཇི་ལྟར་རྒྱལ་པོ་རྣམས་ཀྱི་བཀའོ།། རྟགས་ཀྱི་ཕྱག་རྒྱ་འདའ་དཀའ་བ།། ཕྱག་རྒྱ་རྒྱལ་བ་ཀུན ་གྱིས་ཀྱང་།། འདའ་བར་ནུས་པ་མ་ཡིན་ནོ།། སངས་རྒྱས་ཉིད་དེ་རྡོ་རྗེ་འཛིན།། དེ་ལྟར་བསྐལ་པ་བྱེ་བས་ཀྱང་།། ཐོབ་པར་མི་འགྱུར་མྱུར་དུ་ནི།། ཇི་ལྟར་ཕྱག་རྒྱ་མཆོག་བཟུང་བའོ།། ་ཇི་ལྟར་འདུལ་ལྡན་འཇིག་རྟེན་ནི།། དེ་ལྟར་དངོས་གྲུབ་གུས་པ་ཡིན།། དེ་ཡི་ཐབས་ནི་ཕྱག་རྒྱ་སྟེ།། དངོས་གྲུབ་ཐམས་ཅད་མཆོག་ཏུ་བྱེད།། གང་ཞིག་བཅིང་བ་ཙམ་གྱིས་ནི། འདུས ་ནས་བདེ་བ་ཆེན་པོ་རྣམས།། རྡོ་རྗེ་སེམས་སོགས་ག་ཅིག་གིས།། བྱིན་གྱིས་བརླབས་པ་བརྟན་པར་མཛོད།། ཞེས་བྱ་བའོ།། དེ་ནས་འདི་གསུངས་ནས་བཅོམ་ལྡན་འདས་ཀྱིས་མཁས ་ཤིང་ཕྱོགས་ཏུ་ཕྲ་བ་དང་། ཟབ་པ་དང་། རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་དག་པ་ཐོག་མ་ཐ་མ་མེད་པ།། མི་ཟད་ཅིང་ཟད་པ་མེད་པ།། དོན་ཡོད་ཅིང ་ཐོགས་པ་མེད་པ།། ཤིན་དུ་མཆོག་ཏུ་དགའ་བ་ཡང་འདུས་པའི་བདེ་བ་ཆེན་པོ་དང་།། ཡིད་བདེ་བ་མ་ལུས་ཤིང་ལུས་པ་མེད་པའི་སེམས་ཅན་གྱི་ཁམས་ཐམས་ཅད་ཀྱི་དངོས་གྲུབ་ཆེན་པོའི ་དབང་ཕྱུག་ཆེན་པོ་མཆོག་ཏུ་མི་འགྱུར་བའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག། རྡོ་རྗེ་དབབ་པ་རྣམས་ཀྱིས་རབ་དུ་སད་པར་མཛད་ནས།། བདེ་བ་ཆེན་པོ་རྡོ་རྗེ་གསང་བ་དོན་ཡོད་པའི་མཆོག ་གསང་བ་ཞེས་བྱ་བའི་མཚོན་ཆ་མཆོག་ཏུ་གསང་བའི་ཆོ་ག་རྒྱུད་ཕྱི་མའི་མཆོག་བྱིན་གྱིས་བརློབ་པར་མཛད་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གི་བདག་ལ་བྱིན ་གྱིས་བརླབ་པ་བསྒྲུབ་པ་གཅིག་པུའི་ཆོ་ག་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། ཉི་ན་རེ་སྔོན་དུ་ལན་གཅིག་ཏུ། ཕྱག་རྒྱ་ཆེ་དང་སྙིང་པོ་བཟླས། ་ཀུན་གྱི་ཕྱག་རྒྱར་བ་གྲུབ་པའི།། བདག་བྱིན་བརླབས་པ་གཅིག་པུས་འགྲུབ།། ཅེས་བྱ་བ་ནི་མཆོག་ཏུ་གྲུབ་པའོ།། དེ་ནས་མཆོག་ཏུ་གསང་བ་བདག་ལ་བྱིན་གྱིས་བརླབས་པ་གཅིག་པུས། ་བསྒྲུབ་པའི་ཆོ་ག་མཆོག་ཏུ་གྲུབ་པའོ།། ལན་གཅིག་དམ་ཚིག་གསུམ་མཆོག་ཏུ།། གསང་བ་དམ་པའི་ཁང་པར་ནི།། རྡོ་རྗེ་སོགས་ཐོབ་བཟུང་ན།། རྡོ་རྗེ་ཅན་གྱིས་བྱིན་བརླབས་འགྱུར།། དེ ་ནས་ཤིན་དུ་མཆོག་ཏུ་གསང་བའི་བདག་ལ་བྱིན་གྱིས་བརླབས་པ་གཅིག་པུས་བསྒྲུབ་པའི་ཆོ་ག་རྒྱས་པའི་ཁྱང་པར་ཤིན་དུ་མཆོག་དུ་གྲུབ་པ་དང་།། རྡོ་རྗེ་དྲིལ་བུ་ཀུན་བདག་ཉིད།། སྣ་ཚོགས ་ཕྱག་རྒྱའི་སྐུར་བདག་ལྡན།། ཕྱག་རྒྱ་ཀུན་གྱི་རྣལ་འབྱོར་བདག། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། གྲུབ་པའི་ཆོ་ག་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ་ཡང་དག་བསྡུས།། ཀུན་མཆོག ་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ཉིད་བྱིན་བརླབས།། དོན་ཡོད་རབ་དུ་བདག་བྱིན་བརླབས།། རང་བཞིན་ཉིད་ཀྱིས་ཐམས་ཅད་དུ།། མདོར་ན་ཕྱག་རྒྱ་ཐམས་ཅད་ནི། ་རང་ཉིད་བཅིངས་ནས་འགྲུབ་པར་འགྱུར།། བདག་བྱིན་བརླབས་དང་དོན་ཡོད་ཕྱིར།། མྱུར་དུ་འབད་མེད་དངོས་གྲུབ་རྣམས།། ལས་ཀྱི་ཚོགས་ཀྱིས་བསྒྲུབ་པ་ཡི།། དངོས་གྲུབ་ཀུན ་མྱུར་འགྲུབ་པར་འགྱུར།། འདི་ཡིས་ཅུང་ཟད་མི་འགྲུབ་མེད།། དངོས་གྲུབ་ལས་ཀྱང་དེ་བཞིན་བདེ།། ཐམས་ཅད་བྱིན་བརླབས་བསྒྲུབས་པ་ཡིས།། མི་འགྱུར་བ་ནི་ཀུན་བསྒྲུབ་བྱེད ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། ། དཔལ་མཆོག་དང་པོ་ལས།། དངོས་གྲུབ་ཐམས་ཅད་བྱིན་གྱིས་བརླབས་པའི་ཆོ་ག་མཆོག་ཏུ་གསང་བ་ཞེས་བྱེ་བའོ།། ་དེ་ནས་མཆོག་ཏུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་བཤད་པར་བྱའོ་ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། དེ་ལ་ཐོགས་མར་རེ་ཤིག་ལ་ཛ་རེ་ནི་རྣལ་འབྱོར་གྱི ་སྐད་ཀྱི་དབྱིངས་སོ།། འདི་ཡིང་བརྩོན་པ་ཡིན་ཞེས་བྱ་བའི་སྐད་ཀྱི་དབྱིངས་ཀྱི་དོན་ནོ།། གང་གིས་བརྩོན་པ་ཡིན་ཞེ་ན།། སྨྲས་པ།། རང་གི་ལྷག་པའི་ལྷ་རྗེས ་སུ་དྲན་པར་སྦྱོར་བས་ན་རྣལ་འབྱོར་རོ།། སླར་ཡང་གཞན་ནི་ཡང་དག་བསྡུ་བ་དང་།། ཡང་དག་ཀུན་དུ་སྦྱོར་བ་དང་ཡང་དག་པར་སྦྱོར་བ་ཞེས་བྱ་བའི་རྣལ་འབྱོར་བརྗོད་པའི་རྣམ་གྲངས་སོ།། ་ཡང་དག་པོར་ཀུན་དུ་སྦྱོར་བ་ཡིན་ཞེ་ན།། རང་གི་ལྷག་པའི་ལྷ་རྗེས་སུ་དྲན་པའི་རྣལ་འབྱོར་རྗེས་སུ་བསྒྲུབ་པས་རང་གི་ལྷག་པོའི་ལྷའི་རྣལ་འབྱོར་བསྒྲུབས་པའི་སྦྱོར་བ་ཞེས་བྱ་བའོ།། ་དེ་ལྟར་ཇི་ལྟར་ཐམས་ཅད་ཀྱི་རྣལ་འབྱོར་ཡིན་ཞེ་ན། དམ་ཚིག་རྣལ་འབྱོར་ནི་ཐམས་ཅད་ཀྱི་རྣལ་འབྱོར་ཞེས་བྱ་བ་ཡིན་ནོ།། དེ་བཞིན་གཤེགས་པ་ཀུན་གྱིས་ཀྱང་།། འདའ་བ་རུ་ནི་མི་མཛད ་པས།། ཕྱག་རྒྱ་དམ་ཚིག་ཅེས་སུ་བསྒྲགས།། ཡིད་ཀྱི་གཟུགས་ནི་བརྟན་ཕྱིར་རོ།། དེ་ལ་རྗེས་སུ་བསྒྲུབ་པའི་རྣལ་འབྱོར་ནི།། དམ་ཚིག་གི་རྣལ་འབྱོར་རོ།། ཐམས་ཅད་ཀྱི་རྣལ་འབྱོར། ་ཞེས་བྱའོ།། འདི་ལྟ་སྟེ། རྫས་མང་པོ་ཡང་དག་པར་སྦྱར་བ་ཞེས་བྱ་འ་གྲུབ་པ་དེ་བཞིན་དུ།། ཐམས་ཅད་བདག་ཉིད་ཕྱག་རྒྱའི་སྒོར་བས་ཡང་དག་པར་ཀུན་དུ་སྦྱོར་བས་ན་ཐམས་ཅད་ཀྱི ་རྣལ་འབྱོར་ནི་དམ་ཚིག་གི་རྣལ་འབྱོར་རོ།། དེ་ལ་ཇི་ལྟར་ན་ཐམས་ཅད་ཀྱི་བདག་ཉིད་ཀྱི་རྣལ་འབྱོར་ཡིན་ཞེ་ན། སངས་རྒྱས་ཀུན་བདོག་ཡང་དག་སྒོར།། ཇི་ལྟ་བ་ནི་དབྱིབས་སུ་ལྡན།། བདང ་ཉིད་བདག་ཉིད་ཉིད་ལ་ནི།། བཀོད་པས་རྗེས་སུ་བསྒྲུབ་པར་བྱ།། ཞེས་བྱ་བ་ནི་རང་གི་དམ་ཚིག་གི་རྣལ་འབྱོར་ཞེས་བྱའོ།། དེ་ལ་རྗེས་སུ་བསྒྲུབ་པ་ནི།། ལྷག་པའི་ལྷ་ནི་གང་གང་གི། ་ཕྱག་རྒྱ་གང་དང་གང་འཆིང་བ།། དེ་དང་དེའི་རྣལ་འབྱོར་གྱིས།། ཕྱག་རྒྱ་དེ་དང་དེ་སྦྱོར་བྱ།། ཞེས་བྱའོ།། དེ་ནས་མཆོག་ཏུ་གསང་བའི་རབ་མཆོག་གི་རྗེས་སུ་བསྒྲུབ་པའི་ཆོ་ག་རྒྱས་པ ་མཆོག་ཏུ་ཤིན་དུ་གྲུབ་པ་ནི།། བདག་ནི་སངས་རྒྱས་ཐམས་ཅད་ཉིད།། གཟི་བརྗོད་ཅན་ནི་ཉིད་ཀྱང་ཡིན།། རང་གི་ལྷ་ཡི་རྣལ་འབྱོར་གྱིས།། དེ་ཕྱིར་བདག་ཉིད་བརྟག་པར་བྱ།། ཕྱག་རྒྱ ་ཐམས་ཅད་ཀྱི་རྣལ་འབྱོར་ཆེན་པོ་མཆོག་ཏུ་གསང་བ་ཞེས་བྱའོ།། དེ་ནས་མཆོག་ཤིན་དུ་གསང་བའི་མཆོག་གི་རྗེས་སུ་བསྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་ཤིན་དུ་མཆོག་ཏུ་གྲུབ་པ་ནི་རང ་ལྷའི་སྦྱོར་བ་ཇི་བཞིན་དུ།། སྣ་ཚོགས་ཕྱག་རྒྱའི་དབང་བསྐུར་ལྡན།། ཕྱག་རྒྱ་ཀུན་བདག་རྣལ་འབྱོར་བདག། མི་འགྱུར་མཆོག་ཏུ་གྲུབ་པར་འགྱུར།། རྟོག་པ་ཐམས་ཅད་ཀྱི་སྣ་ཚོགས ་ཆེན་པོའི་དམ་ཚིག་མཆོག་གི་རྣལ་འབྱོར་ནི་ཡང་དག་པར་ཀུན་དུ་སྦྱོར་བ་ཞེས་བྱའོ།། དེ་ནས་སླར་ཡང་གཞན་མཆོག་ཏུ་གསང་བ་མཆོག་གི་རྗེས་སུ་བསྒྲུབ་པའི་ཆོ་ག་རྒྱས་པའི་ཁྱད་པར་མཆོག ་ཏུ་གྲུབ་པ་ལས་ཀྱང་ཤིན་ཏུ་གྲུབ་པ་ཞེས་བྱ་བ་ནི།། རྡོ་རྗེ་སེམས་དཔར་བདག་སྦྱོར་བའི།། ཇི་བཞིན་དབྱིངས་དང་བཀུར་ལྡན་པའི།། ཀུན་དགའ་ཕྱག་རྒྱའི་རྣལ་འབྱོར་བདག། མི་འགྱུར ་མཆོག་ནི་གྲུབ་པར་འགྱུར།། འདི་ནི་སངས་རྒྱས་ཐམས་ཅད་ཀྱི།། དམ་ཚིག་གསལ་བའི་རྗེས་སུ་འགྲོ་བ།། རྣལ་འབྱོར་ཀུན་བདག་གྲུབ་པ་སྟེ། ་གསལ་ཤིང་ཤིན་དུ་གྲུབ་མཆོག་ཡིན།། འདི་ཡིས་མི་འགྲུབ་ཅུང་ཟད་མེད།། དངོས་གྲུབ་ལས་ཀྱང་དེ་བཞིན་བདེ། ལས་ཀྱི་ཚོགས་ཀྱི་དངོས་གྲུབ་དང་།། དངོས་གྲུབ་མ་ལུས་མྱུར ་དུ་འགྲུབ།། ཞེས་བྱ་བ་ནི་གསང་བའི་དམ་ཚིག་གི་རྣལ་འབྱོར་ཏེ།། ཤིན་དུ་མཆོག་ཏུ་རབ་ཏུ་གྲུབ་པའོ།། འདོད་པ་ཀུན་ལས་ལོངས་སྤྱོད་ཅིང་།། ཅི་འདོད་པར་ནི་བརྟེན་པའོ།། རྣ་ལ ་འབྱོར་དག་ནི་འདི་དག་གིས།། རང་གི་བདག་ཉིད་རབ་མཆོད་བྱ།། ཞེས་བྱ་བ་ནི་དེ་བཞིན་པི་བི་ཐམས་ཅད་ཀྱི་ཤིན་དུ་གསང་བ་བླ་ན་མེད་པའི་ཐེག་པ་ཆེན་པོའི་རྣལ་འབྱོར།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དཔལ་རང་གི་དམ་ཚིག་གི་རྣལ་འབྱོར་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་དགའ་བའི་དམ་ཚིག་རྣལ་འབྱོར་ཐམས་ཅད་ཀྱི་བླ་ན་མེད་པའི་བཅུད་ལེན ་གྱི་མཆོག་གི་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་རྒྱལ་པོ།། དེ་བཞིན་གཤེགས་པ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའོ།། རྡོ་རྗེ་སེམས་དཔའ་མཆོག་གི་ཚེ་དང་། ན་ཚོད་གཞོན་པ་དང་། ་ནད་མེད་པ་དང་།། གཟུགས་དང་། ཁ་དོག་དང་། གཟི་བརྗིད་དང་། སྟོབས་དང་། སྒྲེ་བ་དང་། དངོས་གྲུབ་མཆོག་ཐམས་ཅད་དང་། དཔལ་དང་། བསྐལ་པ་བཟང་པོ་དང་། དགའ་བ་ཆེན ་པོ་དང་། ཤིན་དུ་བདེ་བ་དང་། ཡིད་བདེ་བ་ཐམས་ཅད་དམ་པ་མཆོག་ཏུ་གྲུབ་པའོ།། ཇི་སྲིད་མ་ལུས་ཤིང་ལུས་པ་མེད་པའི་བ་ལུས་པའི་དངོས་གྲུབ་ཆེན་པོ་དམ་པ་ཐམས་ཅད་ཀྱི་དབང ་ཕྱག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་གྲུབ་པ་སྟེ། རྒྱས་བཏབ་པ་ཙམ་གྱིས་སྐ་ཅིག་གིས་རབ་ཏུ་འགྲུབ་པ་ཡིན་ནོ།། དེ་རྒྱུ་གང ་གི་ཕྱིར་ཞེ་ན། འདི་ལྟ་སྟེ།། སྤྱོད་པ་ཕྱག་རྒྱ་ལ་རག་ལུས།། ཕྱག་རྒྱ་རྣལ་འབྱོར་ལ་གནས་པ། རྣལ་འབྱོར་ཁྱད་པར་རིགས་བསྒྲུབ་བྱ།། རྣལ་འབྱོར་དམ་ཚིག་གིས་སྒྲུབ་བྱེད།། སེམས་ནི་སྟོང ་པ་སྒྱུ་མར་མཚུངས། ལུས་བྲལ་དང་བར་མགྲུང་སྟེ།། ལུས་དེ་ཡང་ནི་རྩིག་པ་འདྲ། བྱ་བ་མེད་ཅིང་སེམས་དང་བྲལ།། ལུས་ཀྱང་སེམས་དང་བྲལ་བ་སྟེ།། སེམས་ཀྱང་ལུས་དང་བྲལ་བ་སྟེ། གྲུབ་པ ་མ་ཡིན་དེ་བཞིན་འདི།། ཕྱག་རྒྱ་རྣལ་འབྱོར་ཆོ་གར་བརྗོད།། ཇི་ལྟར་ལུས་ནི་སེམས་ཀྱིས་དང་། སེམས་ཀྱང་ལུས་ཀྱིས་འགྲུབ་འགྱུར་བ། དེ་བཞིན་ཕྱག་རྒྱ་རྣལ་འབྱོར་གྱིས།། རྣལ་འབྱོར་དམ་ཚིག ་བསྒྲུབས་པསོ།། དེ་ལྟར་དམ་ཚིག་རྣལ་འབྱོར་དག། ཕན་ཚུན་ན་ཡང་རྟག་བདག་ཉིད།། དེ་བཞིན་གཤེགས་པ་འགྲུབ་པར་འགྱུར། ཞེས་བྱ་བ་ནི་ཤིན་ཏུ་མཆོག་ཏུ་གསལ་བ་མཆོག་ཏུ་གྲུབ་པ་བཙོ ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ལ་ཇི་ལྟར་ཕྱག་རྒྱ་ཐམས་ཅད་དང་།། རྣལ་འབྱོར་དག་རྗེས་སུ་བསྒྲུབ་པ་ཡིན་ཞེ་ན། ཕྱག་རྒྱ་སྐུ་ནི་བསྟན་པའི་ཕྱིར།། སྡུག་བསྔལ་གྱིས་ནི་གཡོ་འགྱུར་རམ། ་བྱ། ཡང་ན་འཆི་བ་ཐོབ་པར་འགྱུར།། དེ་ནི་རྣལ་འབྱོར་སེམས་ལས་བྱུང་།། ཡིད་བདེ་བ་ཡིད་རབ་དུ་བསྒྲུབ།། ཡིད་མི་བདེ་བ་གཡོ་བའམ།། ཡང་ན་འཕྲོག་པ་ཐོབ ་པར་འགྱུར།། དེ་ཕྱིར་འབད་པ་ཐམས་ཅད་ཀྱིས།། ཕྱག་རྒྱའི་རྣལ་འབྱོར་རྗེས་བསྒྲུབ་བྱེད།། དཀའ་ཐུབ་མེད་ཅིང་བཅིངས་པ་མེད།། བདེ་བ་དགའ་བས་བསྒྲུབ་པར་བྱ།། ཞེས་བྱ་བ་ནི ་མཆོག་ཏུ་གསང་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ན། སུང་སོ།། དེ་ལ་དམ་ཆོག་ཐམས་ཅད་ཀྱི་རྣལ་འབྱོར་རྗེས་སུ་བསྒྲུབ་པའི་བདེ་བ་གང་ཞེ་ན། འདོད་ཆགས་ཀུན་ལ་ལོང་སྤྱོད་ཅིང་། ་ཅི་འདོད་པར་ནི་ཧེ།། རླུང་གི་ལྷའི་རྣལ་འབྱོར་གྱིས།། བདག་དང་གཞན་རྣམས་མཆོད་པར་བྱ། ཞེས་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བླ་ན་མེད་པའི་ཐོག་པ ་ཆེན་པོ་ཡང་ཆེན་པོའི་རྣལ་འབྱོར།། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་མཆོག་ཏུ་བདེ་བ་ཞེས་བྱའོ།། དེ་ལ་དམ་ཚིག་ཐམས་ཅད་ཀྱི་རྣལ་འབྱོར་རྗེས་སུ་བསྒྲུབ་པ་དེ་གང་ཡིན་ཞེ་ན། དཀའ ་ཐུབ་ངེས་པ་མི་བཟད་པས།། དུ་ཁ་ལྡན་པས་མྱུར་དུ་བསྐམས།། དུ་ཁ་ཡིས་ནི་སེམས་གཡེངས་འགྱུར།། རྣལ་འབྱོར་ལ་ནི་སྦྱོར་བ་མིན།། དེ་ཕྱིར་ཅི་འདོད་ལ་སྐྱོང་གང་།། ཀུན་ཟ་དེ ་བཞིན་ཐམས་ཅད་བྱེད།། ཅི་འདོད་བྱ་བ་ལ་སྤོད་པ།། ཅི་འདོད་པར་ནི་སྤྱོད་པ་སྤྱོད།། ལངས་པ་འམ་ནི་འདུག་པ་འམ།། གང་དང་གང་དུ་འཇུག་པ་དང་། དགོད་པའས་ནི་སྨྲ་བ་འམ། གང་དག ་དེ་རུ་ཇི་བཞིན་དུ།། དཀྱིལ་འཁོར་དུ་ནི་མ་ཞུགས་པའམ།། སྒྲིབ་པ་རྣམས་དང་ལྡན་པ་ལ།། རང་གི་ལྷའི་རྣལ་འབྱོར་བདག། ཚིག་གིས་ཀྱང་ནི་དེ་བཞིན་འགྱུར།། དེ་ཉིད་རྣལ་འབྱོར་འདི ་ཡིས་ནི།། ཐམས་ཅད་ཉིད་ནི་སྒྲུབ་པར་བྱ།། ངན་སྤོང་སྡིག་པ་ཐམས་ཅད་ཀྱིས།། རྣམ་པ་ཀུན་དུ་གནོད་མི་འགྱུར།། འདོད་པ་ཆེན་པོ་ཀུན་བདག་ཉིད།། དབང་ཕྱུག་དམ་པ་འགྲུབ་པར ་འགྱུར།། ཐམས་ཅད་རྡོ་རྗེ་འཛིན་རྒྱལ་པོ།། ཀུན་མཆོག་དབང་ཕྱུག་དམ་པའོ།། སངས་རྒྱས་བྱང་ཆུབ་སེམས་དཔའ་ཉིད།། རྣལ་འབྱོར་འདི་ཡིས་རྙེད་སླ་ན།། དངོས་གྲུབ་རྣམས་དང ་ལས་མཆོག་གི། ཚོགས་རྣམས་གཞན་ལྟ་སྨོས་ཅི་དགོས།། དོན་ཡོད་མཆོག་ཏུ་གྲུབ་པ་དང་།། ཕྱག་རྒྱ་ཐམས་ཅད་རྗེས་བསྒྲུབ་བྱེད།། དཔལ་ལྡན་དུ་ཁ་ཀུན་འཕྲོག་པའི། ་རྣལ་འབྱོར་འདི་ནི་མི་འགྱུར་མཆོག། ཞེས་བྱ་བ་མཆོག་ཏུ་ཡིད་བདེ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། དེ་ལ་རྣལ་འབྱོར་ཐམས་ཅད་བཅིང་བ ་ཇི་ལྟར་ཡིན་ཞེ་ན།། བསམ་པ་མེད་ཅིང་ཐམས་ཅད་སྤུ།། དེ་བཞིན་ཐམས་ཅད་བསམས་ནས་ནི།། ཡེ་ཤེས་གཙོ་ལ་སྙོམས་འཇུག་པ།། རང་བཞིན་ཉིད་དུ་སྙོམ། ་པར་ཞུགས།། དེ་ལ་ཇི་ལྟར་རྣལ་འབྱོར་ཐམས་ཅད་བཅིང་བ་དང་ལུང་བསྟན་པ་ཡིན་ཞེ་ན།། རང་གི་ལྷའི་སྦྱོར་བ་ཡིས།། དངོས་གྲུབ་ཐམས་ཅད་རབ་སྦྱོར ་བས།། ཡེ་ཤེས་ཙམ་ལ་སྦྱོར་བས་འདིར།། རྣལ་འབྱོར་ཞེས་ནི་བརྗོད་པ་ཡིན་ཞེས་བྱ་བ་ནི་ཕྱག་རྒྱ་ཐམས་ཅད་ཀྱི་རྣལ་འབྱོར་གྱི་ཆོ་ག ་མཆོག་ཏུ་ཤིན་དུ་གསད་པ་ཞེས་བྱའོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཐམས་ཅད་རྣལ་འབྱོར་དང་།། ནལ་བྱོར་ཆེན་ཆེན་པོ་དང་།། ཤིན་དུ་རྣལ་འབྱོར ་བཅིང་བ་དང་།། ལུང་བསྟན་པ་གསུངས་ཏེ།། རྡོ་རྗེ་སེམས་དཔའ་བདག་སྦྱོར་བས། མཆོད་པ་ཀུན་གྱི་རྗེས་སྦྱོར་བ།། རྣལ་བྱོར་ཞེས་ནི་བརྗོད་པར་བྱ།། དེས ་འདི་ལྟར་བརྗོད་པར་བྱ་སྟེ།། དེ་ཉིད་ཆེན་པོ་འདིས་གྲུབ་མེད།། མཆོག་ཏུ་མཆོག་གི་བདག་ཉིད་ནི།། སོ་སོ་སྐྱེ་བོ་ལ་བརྗེད་མིན།། རྡོ་རྗེ་སློབ་དཔོན་བླ་མ་མཆོག། དེ་ཉིད་དད་པའི་རྗེས་འབྲང ་བ།། ཐམས་ཅད་རྣལ་འབྱོར་ཆོ་ག་སྒོར།། གཞན་རྣམས་ལ་ནི་རིམས་ཀྱི་སོ།། འདི་ལ་བསྒྲུབ་མ་ནི་ཅུད་ཟད་མེད།། དངོས་གྲུབ་ལས་དང་བདེ་བ་དང་།། ཐམས་ཅད་རྣལ་འབྱོར་རྗེས་བསྒྲུབ་པ། ་མི་འགྱུར་ཐམས་ཅད་བསྒྲུབ་པར་བྱེད། རྣལ་འབྱོར་ཆོ་ག་གསལ་བ་འདི།། གཅིག་བུ་འང་ག་ལ་ཡོད་གྱུར་ན།། གཞན་གྱི་མི་ཐུབ་མི་སོད་ཅིང་།། བདད་ལ་སོགས་པས་གནོན་མི་འགྱུར།། ་དེ་ནས་རྒྱལ་པོ་རྡོ་རྗེ་འཛིན།། རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། རྣལ་འབྱོར་དབང་ཕྱུགར་འགྲུབ་འགྱུར།། ཞེས་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་གསུང་སོ།། དཔལ་མཆོག་དང་པོ་ལས། ཤིན་དུ་གསང་བའི་རྣལ་འབྱོར་ཐམས་ཅད་ཀྱི་ཆོ་ག་མཆོག་ཏུ་གསང་བའོ།། དེ་ནས་རྟོག་པ་ཐམས་ཅད་དོན་ཡོད་ཅིང ་ཐོགས་པ་མེད་ཅིང་མཆོག་ཏུ་མཁས་ཤིང་པྲ་བ་རྒྱ་ཆེ་ཞིང་ཟབ་པ་བསམ་གྱིས་མི་ཁྱབ་ཅིང་ཤིན་དུ་ཚད་མེད་པ།། མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས ་གྲུབ་ཐམས་ཅད་རབ་ཏུ་བསྒྲུབ་པར་བྱེད་པ་མཆོག་ཏུ་གྲུབ་པའི་ཕྱག་རྒྱའི་རྒྱུད་བཤང་བར་བྱའོ།། ཞེས་བྱའོ།། ཕྱག་རྒྱ་ཐམས་ཅད་ཡེ་ཤེས་ཀྱི་རྒྱུད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་སོ།། གཡོན་པའི་ཕང་བར་དགོད་པ་ནི། ཞབས་ཀྱི་པད་མ་ཅི་བདེ་བར།། སེམས་དཔའི་དཀྱིལ་མོ་དཀྲུང་བཅིངས་ཏེ།། རང་ཉིད་ལུས་ནི་དྲང་པོར་འཛིན།། རྡོ་རྗེ་གསོར་བས་ཀུན་ལ ་རྒྱལ།། མཆོག་གི་དངོས་གྲུབ་ཀུན་གྱི་ཕྱིར། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། རྡོ་རྗེ་སེམས་དཔའ་ཉིད་དུ་འགྱུར།། འདིས་ནི་རྡོ་རྗེ་སེམས་དཔའ་མ།། སངས་རྒྱས་ཉིད་ནི་གཟི་ཅན་ཉིད། ་དངོས་གྲུབ་ཀུན་གྱི་དབང་ཕྱུག་ཡིན།། ཚེ་འདི་ཉིད་ལ་གྲུབ་པར་འགྱུར།། ཞེས་བྱ་བ་ཐམས་ཅད་ཀྱི་བདག་ཉིད་བསྟན་པའི་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། དཀྱིལ ་འཁོར་དུ་ནི་མེ་ཞུགས་ཀྱང་།། ཕྱག་རྒྱ་ཆེན་པོ་ཡོངས་བཟུངས་པ།། བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་།། ཕྱག་བྱས་མཆོད་ཅིང་བཀུར་བར་འགྱུར།། གང་གིས་འདི་མཐོང་ཕྱག་བྱེད ་དང་། བསྟོད་པ་དང་ནི་མཆོད་པར་བྱེད།། སྟོན་པ་མཐོང་དང་ཕྱག་བྱེད་དང་།། དེ་ཡིས་དང་པོ་མཆོད་པར་འགྱུར།། དངོས་གྲུབ་ཀུན་གྱི་ཆགས་ཆེན་པོའི།། བདེ་བ ་ཕུན་ཚོགས་དབང་ཕྱུག་ཆེ།། ཕྱག་རྒྱ་ཆེན་པོས་གྲུབ་འགྱུར་ཏེ།། རྡོ་རྗེ་སེམས་དཔའ་གཉིས་པ་འདྲ།། ལྷ་ལ་སོགས་པའི་དངོས་གྲུབ་ཀུན།། ལས་ཀུན་གྱིས་ནི་བདེ་བ་ཡང་།། ཕྱག་རྒྱ ་ཆེན་པོའི་བྱིན་བརླབས་ཀྱིས།། ཁྱད་པར་དུ་ནི་རབ་དུ་འཇུག། དེ་ཡིས་མི་འགྲུབ་གང་ཡང་མེད།། དངོས་གྲུབ་ལས་དང་དེ་བཞིན་བདེ།། ཕྱག་རྒྱ་ཆེན་པོའི་བྱིན་བརླབས་པས།། བསྒྲུབ་པའི ་སྟོབས་ཀྱིས་མཆོག་ཀུན་འབྱུང་།། དེ་ནས་ཐོག་མ་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་དཔའ་ཆེན་པོ་ཀུན་གྱི་དཀྱིལ་འཁོར་ཆེན་པོ་ཐམས་ཅད་ཀྱི་དམ་ཚིག་དང་། ཆོས ་དང་། ལས་དང་། གདོན་མི་ཟ་བར་དགུག་པ་དང་། གཞག་པ་དང་། འབེབས་པ་དང་། རྗེ་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། བསྒྲུབ་པ་ཐམས་ཅད་དང་། མཆོག་ཏུ་བསྒྲུབ་པ་ཐམས ་ཅད་དམ་ཚིག་ཆེན་པོའི་ཕྱག་རྒྱ་བདེ་བ་ཆེན་པོ་རྡོ་རྗེ་གསང་པོའི་དམ་ཚིག་ཞེས་བྱའོ།། དེ་བཅིང་བ་ནི་འདི་ཡིན་ཏེ།། སོར་མོ་ཐམས་ཅད་མཉམ་སྦྱོར་བས།། རྡོ་རྗེ་ཐལ་མོ་ཞེས་བརྗོད་དོ།། ཀུན ་མཆོག་ནང་དུ་བསྡོམས་པ་ཡིས།། རྡོ་རྗེ་བསྡམས་པ་བཤད་པ་ཡིན།། རྡོ་རྗེ་བསྡམས་པའི་ནང་དུ་ནི།། འཛུབ་མོ་མཐོ་བོ་ཡང་དག་སྦྱར།། གཡས་པའི་མཐེ་བོང་བརྟགས་ཀྱི་ནི།། རྩེ་མོ། ་བཀུགས་ནས་བཙིར་བར་བྱ།། མདའ་ལྔ་བསྡུས་པ་བཅིངས་ནས་ནི།། དབུས་མ་བཅིངས་པའི་ནང་དུ་གནས།། མཐེ་བོང་ཐེ་ཆུང་རྡོ་རྗེར་བསྒོམས།། དེ་ཡི་བྷ་ཁའི་རྡོ་རྗེ་མཆོག། རྡོ་རྗེ་བསྡམ ་པ་དེ་བཅིངས་ནས།། དབུས་མའི་རྡོ་རྗེ་སྔགས་ཀྱི་གཉིས།། དགུག་པའི་ཚུལ་ནི་འདི་ཉིད་ཀྱིས།། རང་གི་སྙིང་ཁར་སྔགས་ཀྱུ་བརྡེག། ལྕགས་ཀྱུའི་རྒྱལ་པོ་འདི་ཡིས་ནི།། རྡོ་རྗེ་སེམས་དཔའ ་རྒྱལ་པོ་ཆེ།། དགའ་བ་རྡོ་རྗེ་སྔགས་ཀྱུ་དགུག། སླར་ཡང་ཉེ་བའི་སྙིང་པོས་བསྒྲུབ།། སྙིང་ཁར་རྡེག་པ་དྲག་པོ་ནི།། རྗེསུ་ཆགས་པའི་ཡེ་ཤེས་གསུངས།། སྙིང་པོ་ཕྲོག་པས་དབང་གྱུར ་དགེས།། མྱུར་དུ་བྱོན་ནས་གྲུབ་པར་འགྱུར།། ཞེས་བྱ་བ་བཅོམ་ལྡན་འདས་ཆགས་པ་ཆེན་པོ་དང་། བདེ་བ་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་འཆང་ཆེན་པོས་གསུངས་སོ།། དེ་བཞིན་དུ་དེ ་བཞིན་གཤེགས་པ་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའི་རྡོ་རྗེ་ལ་སོགས་པ་དང་།། བརྟན་པ་དང་། གཡོ་བའི་དངོས་པོ་ཐམས་ཅད་རྒྱས་བཏབ་པས་འོངས་ཏེ།། མྱུར་དུ་གྲུབ་པར་འགྱུརརོ།། ་གལ་ཏེ་མ་འོངས་ན་འཇིགས་པར་འགྱུ་རོ།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ཞེས་བྱ་བའི་སྙིང་པོ་མཆོག་གི་ཕྱག་རྒྱའོ།། རྡོ་རྗེ་མཆོད་ཡོན་རྡོ་རྗེ་ཐལ་མོ་ཤིན་དུ་རབ་དུ་བརྐྱང་བའི་ཐལ་མོའོ།། ་དེ་ནས་དང་པོ་རྡོ་རྗེའི་ཕྱག་རྒྱའི་དབུས་མའི་རྡོ་རྗེ་བཟུང་བའི་མེ་ཏོག་གི་ལྕུག་མས་བཟླ་བར་བྱའོ།། རྡོ་རྗེའི་ཆུ་དང་རྡོ་རྗེ་ཁུ་ཚུར་གྱིས་དབང་བསྐུར་ན་ཐམས་ཅད་ཀྱི་བདག་པོ་ཉིད་དང་། ཚེ་འཕེལ་བ ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ལ་དགོས་པ་ཡིན་པས་བཏུང་བར་བྱས་ན་གྲུབ་པ་ཐམས་ཅད་འཇོམས་པ་ཡིན་ནོ།། དེ་ནས་དང་པོའི་དཀྱིལ་འཁོར་དུ་འཇུག་པའི ་བྱག་རྒྱ་བརྟེན་པ་ནི།། བ་དན་གསུམ་དང་ཁ་ཊ་ཀ། བཅིངས་ནས་ཅི་ནུས་པར་ནི་དགའ།། རྡོ་རྗེ་གར་བསྐོར་དཀྲོལ་བ་ཡི།། ཡོངས་སུ་བསྐོར་བས་འཛིན་པ་ཆེ།། ཀ་པུ་ཏའི་ཁ་སྦྱོར་ནི།། སྤྱི་བར ་བཞག་སྟེ་བབ་ནས་ནི།། སྒེག་བཅས་འཛུབ་མོ་མཐེ་ཆུང་སོགས།། དཀྲོལ་ནས་རྡོ་རྗེ་ཅན་ལ་དབུལ།། འདི་ཡིས་འཁོར་ལོར་མ་ཞགས་ཀྱང་།། རྡོ་རྗེ་སློབ་དཔོན་ཉིད་ཐོབ་འགྱུར།། རང་ཉིད ་ཞུགས་པ་ཙམ་གྱིས་ཀྱང་།། མཆོད་པས་དོན་ཡོད་གྲུབ་ཕྱིར་རོ།། ཡོངས་སུ་རྫོགས་པ་འམ་མ་ཚང་བ།། ཡང་ན་སླར་ཡང་ཇི་སྙེད་པའི།། མེ་ཏོག་ལ་སོགས་མཆོད་མཚན་པས།། ཐུན་མོང ་དངོས་གྲུབ་བརྩོལ་བའོ།། བ་དན་གསུམ་མཆོག་ཁ་ཊྭཱཾ་ཀ།། སྒེག་བཅས་ཐ་མ་ལ་སོགས་དཀྲོལ།། ཀློག་འགྱུ་མཆོག་ཏུ་བསྐོར་བ་ཡི།། རྡོ་རྗེ་གར་ཞེས་དེ་བཤད་དོ།། སྒེག་མོ་དགའ་བའི་རྡོ་རྗེ་ནི།། ་རྡོ་རྗེ་གང་གི་མཆོད་པས་མཆོད་པ་དང་།། སྒེག་པ་དང་བཅས་པའི་འཛུམ་པའི་མིག་གིས་ཕྱག་འཚལ་བས།། རྡོ་རྗེ་སེམས་དཔའ་དང་། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཆགས་པར་བྱས ་ན།། ཕྱག་བྱེད་དུ་བཞུག་པའོ།། རྡོ་རྗེ་ཐལ་མོ་བསྐོར་བས་མ་ལུས་པར་བྱས་ནས་ཐམས་ཅད་ལ་བསྟོད་པའི་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་ནི་རྡོ་རྗེ་བསྡམས་པའི་མ ་བོ་བརྟན་པའི་དཀྱིལ་མོ་ཀྲུང་འཛུབ་མོ་གཉིས་བཀུག་པ་ནི་ལུས་ཐམས་ཅད་དབུས་མ་མཉམ་པའི་ཁ་འབུས་པའི་མཆོག་གི་ཡན་ལག་ཅན་ནི་སྤྱི་བོར་བཞག་ལ་གཡས་སུ་ལོགས་ཐམས་ཅད་ལ་ཙེ ་པན་བཅིངས་ལ།། མདུན་དུ་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མདུད་པའི་ཚུལ་བྱས་ཏེ།། ཕྲེང་བ་བཅིང་བ་བྱས་ལ་རྒྱབ་དུ་དེ་བཞིན་དུ་མདུད་པ་བྱས་ལ་སྒེག་པ་དང་བཅས་པས་མཐེ་ཆུང་ལ་སོགས་པ་དཀྲོར ་ཏེ། ལོགས་གཉིས་ལ་དར་སྤངས་བཅིངས་པའི་ཚུལ་དུ་བྱས་ལ་མཉམ་པའི་ཐལ་མོས་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའི་དབང་བསྐུར་བར་འགྱུར་བ་ཡིན་ནོ།། དེ་ནས་རྡོ་རྗེ་སེ་བ་ཆེན་པོའི ་རྡོ་རྗེའི་ཆུས་དབང་བསྐུར་བ་བྱ་སྟེ།། ཐམས་ཅད་ཀྱི་རྡོ་རྗེ་སློབ་དཔོན་ཉིད་དང་།། རྡོ་རྗེ་འཆང་ཆེན་པོ་ཉིད་དུ་འགྱུར་བ་ཡིན་ནོ།། རྡོ་རྗེ་ཁུ་ཚུར་གྱིས་རྡོ་རྗེ་རྩེ་ལྔ་པ་རྡོ་རྗེའི་འོད་ཟེར་འབར་བའི་རྩེ ་མོ་ཅན་ཁ་དོག་དམར་མེ་སྦྱིན་པར་བྱའོ།། སློབ་མས་ཀྱང་སློབ་དཔོན་ལ་ཡོན་ཕུལ་ལ།། དེ་ནས་མེ་ཏོག་ལ་སོགས་པའི་དབང་བསྐུར་བ་ཐམས་ཅད་། ཐམས་ཅད་ཀྱི་སློབ་དཔོན་ལས་རྡོ།། ་རྗེ་ཐལ་མོ་བསྐོར་བའི་ཕྱག་འཚལ་བའི་ཕྱག་རྒྱས་བླང་བར་བྱ་སྟེ། དེ་ལྟར་ན་དཀྱིལ་འཁོར་ཐམས་ཅད་ཀྱི་ཆོ་གའོ།། དེ་ནས་དངོས་གྲུབ་ཐམས་ཅད་ཀྱི་དབང་ཕྱུག་གྲུབ་པའི་རྡོ་རྗེ་འཆང ་ཆེན་པོའི་རྒྱལ་བའི་བསྒྲུབ་པའི་ཕྱག་རྒྱའི་རྒྱུད་ནི།། བདེ་བ་ཆེན་པོ་གསང་བ་ཆེན་པོའི་སྔགས་ཀྱུས་རང་གི་སྙིང་པོའི་སྔགས་ལན་གཅིག་བརྗོད་པས་རྡོ་རྗེ་སེམས་དཔའ་སྤྱན་དྲང་བའོ།། ་སེམས་དཔའི་དཀྱིལ་མོ་དཀྲུང་དང་ལྡན་པས་རྡོ་རྗེ་གར་གྱི་མཆོད་པ་འཕུལ་བས་གློག་འགྱུ་བའི་གར་དང་།། རྡོ་རྗེ་ཁུ་ཚུར་ཡོངས་སུ་བཟུང་བ་སྲ་བསྐུམ ་པ་དང་བཅས་པའི་རྡོ་རྗེ་བསྙེམས་མའི་རྡོ་རྗེ་མཚོན་ཆ་མ་ལ་སོགས་པ་བསྒྲེང་བར་བྱས་ལ་སྒེག་མོ་དགའ་བའི་རྡོ་རྗེ་མས་ཕྱག་བྱའོ།། རྡོ་རྗེ་གླུས་ནི་གླུ་ལེན་ཅིང་།། བཟླས་པའི་དོན་ནི ་བདེ་བར། རྡོ་རྗེ་གར་གྱི་མཆོད་པ་ཡིས།། ཡང་དྲུག་མཆོད་ན་མྱུར་དུ་གྲུབ།། དེ་ལས་དང་པོ་རྡོ་རྗེ་གསང་བའི་གླུའི་དབང་པོ་ལ་སོགས་པ་རྣམས་ཀྱིས་བླང་བར་བྱ་སྟེ། ཐམས་ཅད ་རྗེས་སུ་ཆགས་པ་བདེ་བ་དམ་པའི་ཐུགས།། རྡོ་རྗེ་སེམས་དཔའ་ཁྱེད་ནི་རབ་དུ་དགའ་བ་ཡིན།། བདེ་བ་ཆེན་པོ་བརྟན་ཞིང་མཐོ་བར་བདག་གྱུར་ཅིག། སོ་སོར་རྟོགས་ཤིང་མྱུར་དུ་བསྒྲུབ ་ཤིག་འཕྱག་འཚལ་ལོ།། རྡོ་རྗེ་གླུ་ནི་འདི་ཉིད་ཀྱིས།། བདེ་ཆེན་ལ་ནི་ལན་ཅིག་བསྟོད།། རྗེས་སུ་ཆགས་ནས་ཤིན་དུ་དགས།། བརྟན་པར་གྱུར་ནས་གྲུབ་པར་འགྱུར།། ཕྱག་རྒྱ་ཆེན ་པོས་ལན་གཅིག་ཏུ་སྙིང་པོས་བདག་ཉིད་ལ་བྱིན་གྱིས་བརླབས་པར་བྱའོ།། ཤིན་དུ་གཡོ་མེད་ལྕེ་རྩེ་དང་། སོ་དང་ཆུ་གཉིས་ཡང་དག་ལྡན།། རྡོ་རྗེ་གང་ནི་དབྱངས་དང་བྲལ།། རིགས ་ཀུན་རབ་དུ་བསྒྲུབ་པར་བྱེད།། རི་བྷི་ཏ་སོ་ཧཱུཾ་གི་གླུ། རྒྱན་ལྡན་ཅི་འདོད་ཅི་ནུས་པར།། དྲུག་ལྡན་ལ་སོགས་སྙན་པའི་གླུ། གྷ་ར་དྷ་ར་རྦའི་གླུ་མཆོག་བླང་།། ངག་འདི་མཆོག་ཏུ་གྲུབ་པ་ཡིན་ཏེ། ་འདོད་བླ་མ་ཀའི་ཀླུ། ་ཟླས་པ་ཐམས་ཅད་ལ་དགོས་པ་ཇི་སྲིད་མངོན་པར་འདོད་པའི་བཟླས་པའོ།། བཟླས་པའི་དོན་ནི་ཉེ་བའི་སྙིང་པོ་ཤེས་པ་ཡིན་ཏེ།། རྡོ་རྗེ་སེམས་དཔའ་བསྒྲུབ་པའོ།། ཕྱག་རྒྱ་ཆེན་པོས ་རང་ལ་བྱིན་གྱིས་བརླབས་ནས་རྡོ་རྗེའི་ལྟ་བས་དེ་བཞིན་དུ་ལྟ་ཞིང་རྡོ་རྗེ་བསྙེམས་པས་འཛིན་ཅིང་ཧི་གི་གླུའི་བཟླས་པས་བཅོམ་ལྡན་འདས་བསྒྲུབ་པར་བྱའོ།། ལན་ཅིག་བསྒྲུབ་པ་ནི་ཇི་ལྟ་བ ་བཞིན་མངོན་པར་འདོད་པའི་བཟླས་པས་སོ།། དེ་ནས་དེའི་འོག་ཏུ་ཇི་ལྟར་མངོན་པར་བརྩོན་པ་དང་།། ཇི་ལྟར་འདོད་པ་དང་། ཇི་ལྟར་མངོན་པར་འདོད་པ་དང་།། ཇི་ལྟར་བྱིན་གྱིས་བརླབས ་ནས་ཡི་གེ་ཧཱུཾ་གི་གླུའི་བཟླས་པས་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་ཤུགས་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་པོ་ཐམས་ཅད་ཇི་ལྟ་བ་བཞིན་དུ་འདོད་པ་དང་།། ཇི་ལྟར་དགའ ་བབསྒྲུབ་པའོ།། དེ་ནས་ཕྱག་རྒྱ་ཆེན་པོ་ནི།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། དེ་བཞིན་གཟུགས་ཀྱི་རྗེས་འབྲང་བས།། མཚན་མའི་ཕྱག་རྒྱར་ཡང་དག་ལྡན།། སེམས་དཔའ་ཆེན ་པོར་རང་ཉིད་འགྱུར།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི།། བདེ་བ་ཆེན་པོ་རྡོ་རྗེ་བཤད་པའོ།། འདི་ལས་རྡོ་རྗེ་མདའ་ལ་སོགས་པ་འབྱུང་བ་ཡིན་ནོ།། འདི་ལྟ་སྟེ།། ཕྱི་རོལ་ཁ་བལྟས་པའི ་འཛུབ་མོ་གཉིས་བཀུག་པ་ཙམ་ནི་རྡོ་རྗེ་མདའོ།། མཐེ་བོང་ཡོངས་སུ་བཅིང་བ་ནི་རྡོ་རྗེ་ཀི་ལི་ཀི་ལལོ།། མཐེ་བོང་གཉིས་ཁ་བྱེ་ནས་འཛུབ་མོ་གཉིས་ཀྱི་རྩེ་མོས་དབུས་མ་འདྲེན་པའི་སྲིན་ལག ་དང་མཐེ་ཆུང་མཉམ་པའི་ཁ་བྱེ་བ་ནི་རྡོ་རྗེ་ཆུ་སྲིན་ནོ།། བརླ་གཉིས་ལ་ནི་བསྐོར་ཞིང་གནས་པ་ནི་རྡོ་རྗེ་འདོད་པའི་དབང་ཕྱུག་མའིའོ།། རྡོ་རྗེ་ཐལ་མོ་རང་གི་སྙིང ་ཁར་བསྐོར་བས་སྒེག་པ་དང་བཅས་པའི་མིག་གིས་བལྟ་ཞིང་མགོ་བོས་ཕྱག་བྱས་ལ་སྒྲི་བོར་གཞག་ལ་ཕབ་ལ་གྱེན་དུ་གཏོར་བ་ནི་འོག་ཏུ་ཀླགས་པ་དང་།། མཐེ་བོང་སྦར་ནས་བསྐོར་བ་དང་། ་རབ་དུ་བརྐྱང་ཞིང་བྱུག་པ་དང་།། མེ་ཏོག་དང་། སྤོས་དང་། མར་མེ་དང་། དྲི་འབུལ་བའི་རྡོ་རྗེ་མཆོད་པ་རྣམས་སུ་བརྗོད་པ་ཡིན་ནོ།། ཕྱིའི་འཚམ་རྣམས་སུ་རྡོ་རྗེ་ཐལ་མོ་སྙིང་ཁར་བསྐོར ་བས་བསྒེག་མའོ།། གཡས་པའི་འཛུབ་མོས་དགུག་པའི་དབྱུག་པ་གཡས་པས་དགུག་པས་རྡོ་རྗེ་པི་ཝང་བདུང་ཞིང་རྡོ་རྗེ་གླུའི་མངོན་པར་བསྟོད་པའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་གར ་བྱས་ལ་སྤྱི་བོར་ཐལ་མོ་བཅིངས་པའོ།། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་པའི་གཡས་པའི་འཛུབ་མོ་ལྕགས་ཀྱུའོ།། མཐེ་བོང་གཉིས་ཀྱིས་མ་དད་པའོ།། འཛུབ་མོ་དང་མཐེ་བོང ་གཉིས་ཀྱིས་མདུད་པའོ།། གཉིས་ཀྱི་ནང་དུ་མཐེ་བོང་བཅིངས་པའོ།། དེ་ནས་གསང་བའི་དམ་ཚིག་རྣམས་ནི་བདེ་བ་ཆེན་པོའི་རྡོ་རྗེའི་དམ་ཚིག་གསང་བའི་ལྕགས་ཀྱུའོ།། དེ་ལས་བྱུང་བ་ནི། ་འཐེབ་འཛུབ་རྩེ་སྦྱར་དབུས་ཀྱི་རྩེ།། མིག་འབྲས་ལྟར་བྱས་འཛིན་པའོ།། དབུས་མ་རྡོ་རྗེའི་འོག་དུ་ནི།། མཐེ་བོང་གིས་མནན་པཙིར་བར་བྱ།། རྡོ་རྗེ་འདྲེན་མ་དང་འདྲ་བ།། སྲིན་ལག ་མཐེ་ཆུང་ཁ་ཕྱེ་བ།། བསྐོར་ནས་པུས་སོར་བཞག་པ་སྟེ།། གཞན་རྣམས་ཐམས་ཅད་ཇི་བཞིན་བཤད།། དམ་ཚིག་གི་རྡོ་རྗེ་འབྲེབས་པ་འཛུས་གཉིས་བཀུག་པ་གཉིས་སུ་བྱས་ནས ་རྡོ་རྗེ་ཁུ་ཚུ་རོ།། དེ་ནས་ལས་དང་དམ་ཚིག་གི་ཕྱག་རྒྱ་ནི།། རྡོ་རྗེ་དང་བཅས་པའི་ཁུ་ཚུར་གཉིས་ཀྱིསོ།། འདི་ལྟ་སྟེ།། གཡོན་པ་བསྙེམས་པས་གྲཡས་པ་བསྟོང་པའི་ཚུལ་གྱིས་སྙིང ་བཟུང་བ་ནི་རྡོ་རྗེ་བསྙེམས་མའོ།། སྟོང་པ་དང་བཅས་པས་སྙིང་ཁར་འཛིན་པའོ།། རྡོ་རྗེ་གཉིས་སྟོང་པའི་ཚུལ་དུ་ཀི་ལི་ཀཱི་ལལོ།། རྒྱལ་མཚན་བསྒྲེང་བའོ།། བསྟིམས་མ་གཉིས་སྟོང་པ་ནི། ་འདོད་པ་ཐམས་ཅད་ཀྱི་རྡོ་རྗེ་དབང་ཕྱུག་མའོ།། འཚམས་རྣམས་སུ་རྡོ་རྗེ་གར་བཤད་པའོ།། སྒེག་མོ་ལ་སོགས་པ་ཡང་དེ་བཞིན་ནོ།། རྡོ་རྗེ་དགའ་བ་རྣམས་ཀྱི་ནི་གཡོན་པའི་མདུད་པའི ་ལག་པ་གཡས་པ་སྟེང་དུ་ཕྱུང་བས་རྡོ་རྗེ་བཀའ་བསྒོ་བ་བྱེད་པའོ།། དེས་གཡས་པ་སྟོང་པའོ།། འཛུབ་མོ་དང་མཐེ་བོང་འཁྲིག་མ་བཟུང་སྟེ་མདུད་དེ་བཙིཅི་བའོ།། རང་གི་སྙིང་ཁར་རྡོ་རྗེ་ཕྲ་བ ་དཀྲོལ་བའི་ཚུལ་ལོ།། འདི་རྣམས་ཀྱིས་ཐམས་ཅད་དགུག་པ་དང་། བཅིང་བ་དང་། བཞུག་པ་དོན་ཡོད་པར་བསྒྲུབ་པར་བྱའོ།། ཞེས་བྱ་བ་ཡང་གསུང་སོ།། ཇི་བཞིན་གྲུབ་མཆོག་མཚན་མ ་རྣམས།། དངོས་གྲུབ་ཆེན་པོ་མྱུར་དུ་གསོལ།། དང་པོའི་ཕྱག་རྒྱ་དགེ་འདི་དག། དཀྱིལ་འཁོར་མེད་པ་རྣམས་ཀྱང་གྲུབ།། དེ་ནས་དངོས་པོ་མེད་པའི་ཕྱག་རྒྱ་ཆེན་པོ་བཅིང་བ་ནི།། དང་བེ་རྡོ་རྗེས་བྱས། ་བཞིའི་ཕྲེང་བའི་ཚུལ་དུ་བསྒྲུབ་པར་བྱའོ།། འཛུམ་པ་དང་། དགུག་པ་དང་། བརྟན་པ་དང་། ལས་རྣམས་སྟབས་སོ།། སྔགས་དང་། སྙིང་ཁ་དང་། དབང་བསྐུར་བ་དང་། ་སྤྱི་བོར་བཞག་པར་བྱའོ།། དབུས་མའི་རྡོ་རྗེ་སྙིང་ཁ་དང་། རྟགས་དང་། ཁེ་དང་། དབང་བསྐུར་བའི་གནས་སུ་བཞག་ནས་བཏུང་བར་བྱའོ།། འཛུབ་མོ་དང་། དབུས་མ་དང་། སྲིན་ལག་དང་། ་མོཐེའུ་ཆུང་གི་རྡོ་རྗེའོ།། སྙིང་ཁ་དང་།། ལྕེ་དང་། སྤྱི་བོར་བསྟོད་པའོ།། ན་མཁར་བསྐྱེད་པའོ།། འཛུབ་མོ་དང་། སྲིན་ལག་འབར་བ་དང་། སྙིང་ཁར་དགའ་བ་དང་། རང་གི་ལུས་ལ་བསྐོར་བའོ།། ་ཐམས་ཅད་དུ་བསྐོར་ནས་དབང་པོ་ཀུན་ལ་བཞག་པོར་བྱའོ།། དབུས་མའི་རྡོ་རྗེ་དབང་པོ་ཐམས་ཅད་ལ་རེག་པའོ།། རང་གི་ལས་བྱེད་པས་སོ།། དབང་བསྐུར་བར་གཞན་ནས་དེ་བཞིན་དུ་དངོས ་གྲུབ་བྱེད་པའོ།། ས་ལ་བཞག་ནས་བྱའོ།། ཐམས་ཅད་དུ་བསྐྱེད་ནས་ཡིད་ཀྱིས་སྤྲུལ་པར་བྱའོ།། འཛུམ་པ་མེད་པའི་ཁྲོ་ཞིང་འབར་བ་གཡོན་པའི་ལྟ་བས་བལྟ་བའོ།། གཟའ་བ་དང་བཏུང་བ་དང་། ་རྐང་པ་བསྐྱོད་པ་དང་། སྤྱི་བོ་བཀའ་བསྒོ་བའོ།། ཐམས་ཅད་དུ་བསྐོར་ཞིང་ཐམས་ཅད་རྗེས་སུ་དྲན་པས་སོ།། མཐེ་ཆུང་དང་། མཐེ་བོང་དང་། དབུས་མའི་རྡོ་རྗེ་བཞི་བསྐོར་བར་བྱའོ།། འཛུབ ་མོ་གཉིས་ཀྱི་ཡི་གེ་ཧཱུཾ་དང་བཅས་པས་དག་པར་བྱའོ།། དབུས་མ་རྡོ་རྗེ་དཔྲལ་བར་ཕྲད་ལ་མིག་བྱེད་པསོ།། རང་གི་སྙིང་ཁར་བཅིངས་ལ་གཡོ་བ་མེད་ཅིང་མ་བཙུམས་པའི་ལྟ་བས་འོག་ཏུ་བལྟ ་ཞིང་ཚྭ་དྷི་ཞེས་བརྗོད་པར་བྱའོ།། ནོད་སྦྱིན་ལ་སོགས་པའི་གདོང་བ་བྲིས་ནས་ངོས་དབུབ་པར། ན་ཕྱོགས་སུ་བགཞན་གས་པར་གྱུར་རོ།། ཁ་དིདུསུ་པགགས་པ ་དུ་ཞུགས་པར་འགྱུར་རོ།། ཕྱག་བྱས་ན་མཆོད་པར་འགྱུར་རོ།། སྙིང་ཁས་གྲུབ་པར་འགྱུར་རོ།། ཅིག་ཅར་དུ་སོར་མོ་ཐམས་ཅད་བྲལ་བ་ནི་ཡིད་ཀྱི་ལ་སོ།། བཅིངས་ནས་ཛ་ཧཱུ~ཾ་བི་ཧེའི་དབུས་མ ་ཕྱི་རོལ་དུ་བཅིངས་པས།། སྤྱི་བོ་དང་།། སྙིང་ཁ་དང་། ཕྱོགས་རྣམས་བསྐོར་བའོ།། སྙིང་ཁར་བཞག་ནས་རང་གི་རྡོ་རྗེ་བསྒོམས་པའོ།། རང་ཉིད་བྱང་ཆུབ་སེམས་དཔའ་བསྒོམ་པའོ།། ་རང་ཉིད་དེ་བཞིན་གཤེགས་པོ་རྗེས་སུ་དྲན་པའོ།། རང་ཉིད་རྡོ་རྗེ་འཆང་ཆེན་པོའི་རྗེསུ་དྲན་པའོ།། དེ་ནས་ལས་ཀྱི་ཚོགས་ཐམས་ཅད་བསྒྲུབ་པ་ཕྱག་རྒྱའི་རྒྱུད་ནི།། རྡོ་རྗེ་གར་ལས་བྱུང ་བའི་ཕྱག་རྒྱ་རྡོ་རྗེ་གར་བདག་དང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཀྱང་དོན་ཡོད་ཅིང་ཐོགས་པ་མེད་པའོ།། རྡོ་རྗེ་སྐུ་མཆོག་གི་གཙུག་གཏོར་གྱི་ལས་ནི།། རྡོ་རྗེ་སེམས་དཔའ ་བཙིར་བ་དང་། དབུས་མའི་ནོར་བུ་དང་། བསྐོར་བ་དང་། སོར་མོ་ཐམས་ཅད་ཀྱི་རྡོ་རྗེ་དང་། སོར་མོ་ལྷག་མའི་འོད་ཟེར་གྱི་འཁོར་ལོའོ།། ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཕྱོགས་ཀྱི ་འཁོར་ལོ་བསྐོར་བའོ།། ཁར་བསྐོར་བའོ།། སྙིང་ཁར་ཕབ་ཅིང་འབྱར་བར་བྱེད།། ས་ཕྱོགས་ཐམས་ཅད་དུ་རྡོ་རྗེ་མེ་འབར་བའི་རབ་སྟེ། ཁྲོ་བོ་ཆེན་པོ་འབར་བའི་རྡོ་རྗེ་བདག་གིས་ཀྱང ་འཇུག་པར་མི་ནུས་པའོ།། དམ་ཚིག་བརྗོད་པར་བྱའོ།། གྲུབ་པ་ལ་ཙ་མོ།། སེམས་དཔའི་རྡོ་རྗེའི་ལྟ་བའི་འབྲོག་པ་རྣམས་ཀྱིས་གསུམ་དང་། བཞི་དང་། ་ཕྱིར་མི་ལྡོག་དང་རྟག་ཏུ་འབྱུང་བ་དང་། དཔག་ཏུ་མེད་པ་ནི་བསྐོར་ཞིང་བཙུམ་པ་མེད་པའི་མིག་གིས་རབ་དུ་ཞི་བའོ།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་མཐེ་ཆུང་གི་ལྕགས་ཀྱུའི་མདུད་པ་དང་། ་འཛུབ་མོ་གཉིས་མཉམ་པའི་ལས་ནི་སྙིང་ཁར་རབ་དུ་བཞག་པའོ།། བྱབ་པའོ།། འཛུབ་མོའི་རྩེ་མོ་གནོན་པར་བྱའོ།། རྒང་པས་རབ་དུ་བཞག་པའོ།། ཡོངས་སུ་བསྐོར་ནས་དེ་བཞིན ་དུ་མཛོད་སྤུར་བཞག་པར་བྱའོ།། ཁ་ཊ་ཀ་གཉིས་ཀྱིས་རྡོ་རྗེ་བཅིང་བའི་མཐེའུ་ཆུང་རྡོ་རྗེའི་ལེགས་པར་བྱེད་པའི་ཚུལ་གྱིས་ཉེ་བར་འཕེལ་བའོ།། བསྡུ་བའི་ཚུལ་ལོ།། རྡོ་རྗེ་བརྡེག ་པའོ།། ཐལ་མོས་འཕྲོག་པའོ།། རྡོ་རྗེ་བརྡུང་བའོ།། རྡོ་རྗེ་བསྡམས་པའི་འཛུབ་མོ་གཉིས་བཀུག་ཅིང་བསྙམས་ལ་ནང་དུ་བཞུག་སྟེ་མཐེ་བོ་གཉིས་ཁ་ཕྱེ་བའི་མཆེ་བ་ནི་རྡོ་རྗེ་གནོད་སྦྱིན ་གྱི་ཕྱག་རྒྱའོ།། དེས་ཐིལ་ཕྲ་བར་བདབ་བོ།། འཛུབ་མོའི་སྲན་བྲུད་པའོ།། དབུས་མའི་རྡོ་རྗེ་བསྟན་པའོ།། བྱབས་ནས་མྱུར་དུ་ཕྱག་རྒྱ་དཀྲོལ་བའོ།། སོར་མོ་སྦར་ནས་རྡོ་རྗེ་གཙུག ་གཏོར་རོ།། དན་གསུམ་པ་གཉིས་གྱེན་དུ་ཁ་བལྟ་བ་དང་། འོག་ཏུ་ཁལྟ་བའི་འཛུབ་མོ་དང་། དབུས་མ་དེ་དག་འདུས་པའི་རྡོ་རྗེ་ཧཱུ~ཾ་མཛད་ཀྱི་ལསོ།། མདུད་པ་བཙིར་བ་ནི། ཅིག་ཆར་དུ ་ཕྱག་རྒྱ་དཀྲོལ་བའོ།། བཙིར་ནས་བྲལ་བ.ལོ།། དབུས་མས་བསྣུན་ཏེ་ན་མཁའ་ལ་ལྟུང་བའི་ཚུལ་ལོ།། སློང་བའི་ཚུལ་ཡང་ངོ་།། བ་དན་གསུམ་པ་གཉིས་མཉམ་པའི་མཐེ་ཆུང་རྩེ་མ ་དབུས་མས་མདུད་པས་ཡོངས་སུ་བསྐོར་ལ་དབང་བསྐུར་བའི་གནས་སུ་འཛུབ་མོ་རྩེ་མོ་བཞག་པའོ།། དབྱེ་བ་ནི་ཡི་གེ་ཧཱུཾ་གིས་སོ།། གདོན་ལས་དགྲོལ་བ་ནི་ཡི་གེ་མུ་ཡིས་སོ།། འཆི ་བསློང་བ་ནི་ཡི་གེ་ཨ་ཡི་སོ།། ཚེ་འཕེལ་བ་ནི་ཡི་གེ་ཧཱུཾ་གི་གླུའོ།། ཤིན་དུ་བསྲུང་བ་ནི་ཡི་གེ་ཧཾ་གི་ཆོས་ཀྱི་ངག་གིས་སོ།། པད་མ་ཆེན་པོ་བཅང་ནས་ཇི་སྲིད་འདོད་པའི་བཟླས་པའོ།། ཡང་ན ་པད་མའི་ཁུ་ཚུར་གཡོན་པ་བསྙེམས་པས་མར་དང་། ཏིལ་མར་དང་། ཏིལ་དང་། འབྲས་དང་། ཁམས་ཀྱི་ཕྱེ་མའི་སྤྲིན་བསྲེག་མཆོག་ཏུ་གྲུབ་པ་སྟེ། ཏིལ་མར་དང་། འབྲས་དང་། ་ཁམས་ཕྱེ་མའི་སྤྲིན་བ་སྲེག་མཆོག་ཏུ་གྲུབ་པ་སྟེ།། ཨོཾ་ནི་བ་ར་ན་སརྦ་དྷརྨ་ཏཱ་བཛྲ་ཧཱ་ནི་ཧཾ། ཨོཾ་བཱི་ར་ཛོ་བི་ག་ཏ། སརྦ་དྷརྨ་བཛྲ་ཧ་རི་ནི་ཧཱ། ཨོཾ་སརྦ་ནོ་བ་མ་སརྦ་དྷརྨ་པྲི་ཏ། བྷི་དྷ་བཛྲ་དྷ་རི། ་ནི་ཧི། ཨོཾ་ནི་ར་ཏི་ནི་ཏ་སརྦ་དྷརྨ་ཏ་བཛྲ་ཧི་རི་ནི་ཧཾ།། ཨོཾ་སམ་བྷ་བ་བྷ་ས་ར་སརྦ་དྷརྨ་བཛྲ་ཧ་རི་ནི་ཧཾ། ཀ་ཏ་ཀ་གཉིས་ཀྱིས་རྡོ་རྗེ་བསྡམ་པ་ལེགས་པར་བྱེད་པའི་ཚུལ་གྱིས་སེན་མོ་བྲུད་པའོ།། ་འོག་དང་སྟེང་དུ་རྡོ་རྗེ་བསྡམས་པ་བསྐྱོད་པསོ།། རྡོ་རྗེ་བསྡམས་པའི་མཐེ་ཆུང་ལ་སོགས་པ་བཀྲོལ་བས་གར་རོ།། རྡོ་རྗེ་བསྡམས་པའི་འཛུབ་མོའི་རྡོ་རྗེ་དག་འབྱིན་པའོ།། རྡོ་རྗེ་བསྡམས ་པའི་མཐེ་ཆུང་ལ་སོགས་པ་བཀྲོལ་བས་གར་རོ།། བདེ་བ་ཆེན་པོ་དོན་ཡོད་པའི་དམ་ཚིག་གི་ལྕགས་ཀྱུས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ ་རྡོ་རྗེ་སེམས་དཔའ་ལ་སོགས་པ་རྣམས་གཟུགས་བརྙན་གྱི་ཚུལ་གྱིས་གསལ་བར་སྟོན་པ་དང་། སྒྲ་བརྙན་གྱི་ཚུལ་གྱིས་སེམས་ཅན་ཐམས་ཅད་དང་བདག་ཉིད་ལ་བདེན་པ་ཐམས་ཅད ་ཐོས་སུ་བཞུག་པའོ།། རྡོ་རྗེ་ཁྲོ་བོ་ཁུ་ཚུར་གཉིས་བཅིངས་ནས་རྡོ་རྗེ་ལྟ་བའི་ལསོ།། འདི་ལྟ་སྟེ། འཛུམ་པ་མེད་པའི་ལྟ་བ་སྦྱིན་པའོ།། མིག་འབྲས་སྟེང་དུ་ཡོངས་སུ་བསྐོར་བའོ།། ་བཙུམས་པར་མྱུར་དུ་ལྟུང་བའོ།། འོག་ནས་བསླང་བའོ།། བྱབ་པ་ཡང་ངོ་།། རྡོ་རྗེ་ཁུ་ཚུར་གཉིས་བཅིང་ནས་འཛུབ་མོ་བཀུག་ཅིང་ཡོངས་སུ་བསྐོར་ཏེ་མཆེ་བ་རྣམ་པར་བརྩིགས་པ ་འཇིགས་པའི་གདོང་གིས་གཡོ་བ་མེད་པ་ཉིད་དོ།། ཡན་ལག་ཐམས་ཅད་སོད་པར་འགྱུར་བསོ།། རབ་དག་ཉིད་ལོག་ཅིང་ཁ་གདངས་པའོ།། རང་གི་སྙིང་ཁར་རྡེག་པའོ།། མར་དུ་མྱང ་བའོ།། རྡོ་རྗེ་ཁུ་ཚུར་གཉིས་བཅིངས་ནས་ཁ་གདངས་ཏེ། འཇིགས་པར་བྱེད་པའི་ཁ་དང་ལྡན་པ་སྐྲ་གྱེན་དུ་རྗེས་པའི་སྤྱི་བོས་འོག་ན་གྱེན་དུ་བསླང་བར་བྱ་བའི་ལས་ནི་ཡི་གེ་བྷྱོ་དང་། ་རྡོ་རྗེ་ཁུ་ཚུར་དོར་བ་དང་། ཁུ་ཚུར་གནས་དང་། ཡི་གེ་ཧཱུཾ་དང་བཅས་པའི་ཡན་ལག་གི་མཆོག་གི་སྔགས་འཇུ་བ་དང་། རང་ཉིད་མྱུར་དུ་ཁྲོ་བས་ལྟུང་བའོ།། རྡོ་རྗེ་གནོད་སྦྱིན་གྱི་ཕྱག་རྒྱ་སྲིན་ལག། ་དང་མཉམ་པར་ཁ་བྱེ་བའི་བ་དན་རྒྱལ་མཚན་མཆོག་གི་དཔུང་བརྒྱན་གྱི་ལས་ཀྱི་ཕྱག་འཚལ་བ་དང་། རྒོད་པ་དང་། ལྕེ་བསྐྱོད་པ་དང་། དཔུང་པ་གཉིས་བསྙམས་པས་བསྟོད་པ་དང་། ་རྒྱལ་མཚན་བསྒྲེང་བའོ།། སེམས་དཔའི་དཀྱིལ་མོ་དཀྲུང་གིས་གནས་ཤིང་རྡོ་རྗེ་གསོར་བ་ཉིད་ཀྱིས་ནི།། ན་མཁར་དབུགས་གཏོང་བ་དང་།། ཀུན་དུ་བསྐོར་ཞིང་བཙུམས་པའི་ལྷ། ་བས་ཆར་འབེབས་པའི་ཚུལ་དང་།། ཁྲོ་བོ་རྡོ་རྗེ་ཉི་མ་མེ་ལྟར་འབར་བའི་བཟླས་པ་དང་། ལྟ་བ་འཕྲོག་པ་དང་། གྲང་བས་ཡན་ལག་བསྐོར་ཞིང་ཐམས་ཅད་དུ་འབར་བར་བྱེད་པས ་ངོ་འབབས་པའོ།། རྡོ་རྗེ་བསྡམས་པའི་གཡོན་པའི་འཛུབ་མོ་བཀུག་པའི་ཤིང་བུ་གཡས་པའི་འཛུབ་མོ་བརྡུང་བ་ནི་རྡོ་རྗེ་པི་ཝང་ངོ་།། རྡོ་རྗེ་བསྡམས་པའི་མཐིལ་དག་མཉེའོ།། ་ཁ་དབུས་མཉམ་པའི་དབུས་མ་ལྕེའོ།། རབ་དུ་དགའ་བ་རྡོ་རྗེའི་ཕྱག་བྱའོ། བདེ་བ་ཆེན་པོ་རྡོ་རྗེ་མཆོད་པའི་ལས་ནི།། དང་པོ་གླུའི་བཟླས་པའི་ཇི་སྲིད་མངོན་པར་འདོད་པའོ།། ་གཡོ་བ་མེད་ཅིང་རྒོད་པ་དང་། དགུག་པ་ནི་རབ་ཏུ་དགུག་པའི་རྡོ་རྗེ་ལྕགས་ཀྱུ་མ་སོ།། རང་གི་མ་མཆུ་དག་ནི་ནིང་དུ་ཡོངསུ་བཟུང་ངོ་།། རབ་དུ་དགའ་བའི་རྡོ་རྗེའི་ངག་གིས་ཡིད་ཀྱི ་འདོད་པའི་བཀའ་སྒོ་བ་ཡང་སྟེ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཡང་སྦྱོར་བ་དེས་ཀྱང་འདའ་བར་མི་ནུས་ན་བརྟན་པ་དང་གཡོ་བའི་དངོས་པོ་གཞན་ལ་སྨོས་ཀྱང་ཅི ་དགོས་པའོ།། རྡོ་རྗེའི་ཐལ་མོ་མཐོ་བ་གཉིས་སེམས་དཔའི་དཀྱིལ་མོ་དཀྲུང་གིས་འཛུབ་མོ་བསྒྲེང་བ་ནི། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མཆོག ་སྟེ། འདི་སྐ་ཅིག་ཙམ་བཟུང་བའི་ཤིན་དུ་བྱིན་གྱིས་བརླབས་ནས། བཅོམ་ལྡན་འདས་གཟུང་ཞིང་མཆོད་ནས་བསྒྲུབ་པར་འགྱུར་བ་དང་།། དངོས་གྲུབ་ཐམས་ཅད་ལས་གྲུབ ་བ་དང་། དགོས་པ་ཡིན་ནོ།། སྤྱི་བོར་བཞག་སྟེ་སྟེང་ནས་གཡས་སུ་དབབ་པར་བྱའོ།། ས་ལ་བཞག་ནས་ཁྲོས་ག་ཉེར་གྱི་གྱེན་དུ་དྲང་བར་བྱའོ།། གནོད་སྦྱིན་གྱི་གཟུགསྲ་བརྙན ་བྲིས་ལ་དེའི་སྙིང་ཁར་བཞག་པོར་བྱས་ན་མངག་བཞུག་དུ་འགྱུར་རོ།། དབང་ཕྱུག་ཆེན་པོའི་གནས་སུ་ཁྲོ་ཞིང་བཟླས་པར་བྱའོ།། མ་མོའི་གནས་སུ་བཅིངས་ལ་ཡི་གེ་བྷོ་སྦར་བར་བྱ་སྟེ། ་མ་མོ་འཁོར་དང་བཅས་པ་ཐམས་ཅད་བསྙེན་བཀུར་དང་། རོལ་མོ་ལ་སོགས་པའི་བཀའ་སྒོ་བ་ཐམས་ཅད་བྱེད་པར་འགྱུར་རོ།། རྡོ་རྗེ་གསོར་བའི་ཕྱག་རྒྱ་ཁྲོ་བ་དང་བར་གཞོད་པའི་གདེབ ་གིས་ལས་འདི་ལྟར་བྱ་བ་ཡིན་ཏེ། ལུས་ངན་པོ་རྐང་པ་གཡོན་པས་གནན་ནས་བསྒྲུབ་པར་བྱའོ།། མདུན་དུ་གཞོན་ནུ་མ་བསྒྲུབ་ཅིང་མིག་གཉིས་ཀྱི་འཕྲོག་པ་སྦྱར་བར་བྱའོ།། བྷ་ག་བྲིས ་ནས་བལྟས་ཏེ་བསྒྲུབ་པར་བྱའོ།། དབང་ཕྱུག་ཆེན་པོ་རྐང་པ་གཡོས་པས་མནན་ལ་ཡིགེ་ཧཱུཾ་སྦྱར་བར་བྱའོ།། འདོད་པའི་དབང་ཕྱུག་རྡོ་རྗེ་མདའི་བསྣུན་ཏེ། དེ་ནས་འོག་ཏུ་ཁ་བལྟ་བར་བཞག་སྟེ། ་གསོར་བར་བྱའོ།། རྡོ་རྗེ་གསང་བའི་མཆོད་པས་བདེ་བ་ཆེན་པོའི་དོན་ཡོད་པའི་དམ་ཚིག་ཞེས་བྱ་བའི་བཤད་པའི་ཐམས་ཅད་བྱེད་པ་ནི་རྡོ་རྗེ་ཁུ་ཚུར་གཉིས་ཀྱི་གོ་ཆ་བཅིང་བར་བྱས་ལ་སྤྱི་བོ ་དང་། དབང་བསྐུར་བའི་གནས་སུ་གཉིས་གཉིས་བཞག་ལ། ལོགས་གཉིས་ལ་གཉིས་དང་། ཕྲེང་བའི་ཚུལ་གྱིས་དེ་བཞིན་དུ་དར་སྤངས་བཅིངས་པའོ།། གཡོན་པ་རྡོ་རྗེའི ་མདའ་འབང་བའོ།། རྡོ་རྗེ་བསྙེམས་མའོ།། ཕྱག་རྒྱ་ཆེན་པོ་ཡང་ངོ་།། དཔལ་མཆོག་དང་པོ་ལས་ཕྱག་རྒྱ་ཐམས་ཅད་ཀྱི་རྒྱུད་ཀྱི་ཆོ་ག་རྒྱས་པའོ།། དེ་ནས་དེ་བཞིན་གཤེགས་པ་ཐམས ་ཅད་ཀྱི་ཕྱག་རྒྱའི་རྒྱུད་ནི་སེམས་དཔའི་རྡོ་རྗེ་མའོ།། དེ་བཞིན་དུ་ཕྱི་མ་ཐམས་ཅད་ཀྱི་ཁུ་ཚུར་རོ།། རྡོ་རྗེ་རིན་ཆེན་གྱི་དབང་བསྐུར་བས་དབང་བསྐུར་བར་བྱས་ན་རྡོ་རྗེ་རྩེ་ལྔ་པ་འོད་ཟེར ་དང་བཅས་པ་སྦྱིན་པར་བྱའོ།། མཆོད་པ་ནི་མཉམ་པའི་ཐལ་མོས་ཇི་ལྟ་བ་བཞིན་དུ་གྱེན་དུ་གཏོར་བ་ལ་སོགས་པ་རྣམས་ཀྱིས་སོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཉིས་བཅིང ་བ་ནི་གཡོན་པའི་འཛུབ་མོ་ཕྱི་རོལ་དུ་ཁ་བལྟས་པའི་ཁུ་ཚུར་ཁ་ནང་དུ་བལྟས་པས་བཟུང་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱང་ཆུབ་མངོན་པར་རྫོགས་པར་བྱང་ཆུབ་མཆོག ་གི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་ཞེས་བྱ་བར་བརྗོད་པ་སྟེ། དོན་ཡོད་ཅིང་ཐོགས་པ་མེད་པ་འདི་བཅིང་བས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར། ་མི་ལྡོག་པ་དང་། འབྲས་བུ་དང་ལྡན་པ་དང་། བདུད་ལ་སོགས་པ་གཞན་ཐམས་ཅད་ཀྱིས་ཐུབ་པར་མི་འགྱུར་རོ།། ཕྱག་རྒྱ་འདི་དག་གིས་ནི་དེ་བཞིན ་གཤེགས་པ་ཐམས་ཅད་ཉིད་དུ་རྟོགས་པར་བྱས་ཏེ། དེ་མཆོད་ན་དེ་བཞིན་གཤེགས་པ་ཐམས་ཅད་མཆོད་པར་འགྱུར་རོ།། དེ་ལ་ཕྱག་རྒྱ་ཆེན་པོ་ཐམས་ཅད་ཀྱི་ཆོ་ག་རྒྱས་པའོ།། ་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་ནི་པད་མ་ཆེན་པོའི་རྡོ་རྗེའི་ཕྱག་རྒྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་ནི་བཤད་དོ།། རྡོ་རྗེ་ལས་ཀྱི་ཕྱག་རྒྱ་བཤད་པའོ།། རྡོ་རྗེ་ཐལ་མོ་འོག ་ཏུ་བརྐྱང་ལ་མཐེ་བོང་དང་འཛུབ་མོ་བཅིངས་པ་སྙིང་ཁ་ལས་བཏེག་ཏེ་དབང་བསྐུར་བའི་གནས་དེར་རབ་དུ་བཞག་པ་ནི་རྡོ་རྗེ་རིན་ཆེན་མའོ།། དེ་ཉིད་གྱེན་དུ་ཁ་བལྟ་བའི་འཛུབ་མོ་གཉིས ་ཕྱིར་བཀུག་པས་རྡོ་རྗེ་པད་མའོ།། སེམས་དཔའ་རྡོ་རྗེ་མ་ནི། ཕྱི་རོལ་དུ་དབུས་མ་བཅིངས་པའོ།། ཆོས་ཀྱི་ཕྱག་རྒྱའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི། རྡོ་རྗེ་ཁུ་ཚུར་ལ་མཐེ་བོང་ལ་གཞག ་པས་དེ་བཞིན་གཤེགས་པའི་ཁུ་ཚུར་རོ།། དེ་བཞིན་གཤེགས་པའི་ཁུ་ཚུར་གཡོན་དུ་བཅིངས་པས་དེ་བཞིན་གཤེགས་པའི་ཁུ་ཚུར་ཞེས་བཤད་དོ།། གཡོན་པ་ཆོས་གོས་དང ་བཅས་པ་རང་གི་སྙིང་ཁར་བསྟོད་པའི་ཚུལ་གྱིས་བཟུང་སྟེ། གཡས་པས་ནོན་ཅིང་རབ་དུ་རྒྱལ་བར་བྱེད་པ་ཞེས་བྱ་བ་སྟེ། དེས་བདུད་ཀྱི་སྟོབས་རྣམས་འཇོམས་པའོ།། དེ་ཉིད་ཡོངསུ ་བསྐོར་ཏེ་བྱེན་དུ་ཁ་བལྟ་བར་བཟུང་བས་གཟེངས་བསྟོད་ཞེས་བྱ་བ་ལྟུང་བ་སློང་བར་བྱེད་ཅིང་ལུང་སྟོན་པར་བྱེད་པའོ།། དེ་ཉིད་ཆོས་མཐའ་མར་པད་མའི་འདབ་མཁ་འ་བྱེད་པ་ཆོས་འབྱུང་སྟེ། ་ཆོས་ཐམས་ཅད་སྦྱོར་བར་བྱེད་པའོ།། དེ་ཉིད་བ་དན་གསུམ་གྱིས་བཟུང་བ་སློང་བར་བྱེད་པ་སྟེ།། གདོན་མི་ཟ་བར་དངོས་གྲུབ་རྩོལ་བར་བྱེད་པའོ།། འདི་རྣམས་གཡས་པས་ལས་བྱེད ་ཅིང་དོན་ཡོད་པ་དོང་བཅིང་བ་ཙམ་གྱིས་གྲུབ་པའོ།། ལྷག་མ་ནི་ཇི་ལྟ་བ་བཞིན་དུ་བཟུང་བསོ།། དེ་ནས་ལས་ཀྱི་ཕྱག་རྒྱ་རྣམས་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁུ་ཚུར་གྱིས་ནང ་གཟིར་བའི། སྙིང་ཁར་བཞག་པའོ།། བྱབས་པའོ།། ཁུ་ཚུར་གྱིས་འཕྲོག་པའོ།། བཟའ་བའོ།། ཁྲོས་ནས་གཏོར་བར་བྱའོ།། ཕུར་བུས་གདོན་པའོ།། རྟིང་པ་ལ་བརྟག་པའོ།། ་ཡི་གེ་ཨོཾ་བྲིས་ནས་དབྱི་བར་བྱའོ།། ཡི་གེ་ཧཱུཾ་དང་བཅས་པས་བརྡེག་པར་བྱའོ།། མཚོན་ཆ་བྲིས་ནས་དབྱི་བར་བྱའོ།། ཀུན་དུ་སྤྲིན་བསྲེག་བྱའོ།། སྤྱི་བོར་བཞག་ལ་ལྟ་བས་བྱབ་པར ་བྱའོ།། སྟེང་དུ་ཁ་ཊ་ཀ་བཟུང་བའོ།། རང་གི་ཁྱིམ་དུ་བསྐོར་བར་བྱའོ།། འཇུག་པར་བྱའོ།། སྙིང་ཁ་ར་ནས་གདོན་པར་བྱའོ།། ལུས་ལ་བསྐོར་བར་བྱའོ།། ངག་འབྱིན་པའོ།། སྙིང་ཁར ་བཙིར་བར་བྱའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་ཆེན་པོ་ནི་སྐུ་མཆོག་བརྟན་པར་བྱའོ།། དབང་ལ་བཞག་པར་བྱའོ།། ཁལ་བྱའོ།། དེ་བཞིན་དུ་བསྐོར་བས་བྱའོ།། དཔྲས ་བར་བཞག་པར་བྱའོ།། སྙིང་ཁར་དཔུང་པ་གཉིས་ལའོ།། བརླ་གཉིས་ལའོ།། ཕྲེང་བའི་འཆིང་བའོ།། དབང་པོ་རྣམས་ལའོ།། སྤྱི་བོ་ལའོ།། གདོད་པ་ལའོ།། ་ཁ་ལ་གཏོག་སོ།། ཐམས་ཅད་དུ་བསྐོར་བར་བྱའོ།། ཕྱོགས་རྣམས་སུ་བྱའོ།། རང་དང་གཞན་དག་དེ་བཞིན་གཤེགས་པའི་རྗེས་སུ་དྲན་པའོ།། སྙིང་ཁ་ལསོ་གྱེན་དུ་འདྲེན་པའོ།། སྙིང་པ ་བཞག་ནས་དགྲའ་བ་བསྐྱེད་པར་བྱའོ།། སངས་རྒྱས་ཉིད་བསྐྱེད་པར་བྱེད་དོ།། སངས་རྒྱས་ཉིད་བསྒོམ་པའོ།། ཕུང་པོ་ལྔ་ལ་བཞག་པར་བྱའོ།། རྫ་མཁན་གྱི་འཁོར་ལོ་ལྟར་བསྐོར་བར ་བྱའོ།། ལུས་རྗེས་སུ་དྲོན་པའོ།། ལྕེར་བཞག་པར་བྱའོ།། ཡིད་ཀྱིས་མངོན་པར་གདུད་པར་བྱའོ།། གཏོང་བ་རྗེས་སུ་དྲན་པའོ།། ཚུལ་ཁྲིམས་སོ།། བྱམས་པའོ།། བརྩོན་འགྲུས་སོ།། ་ཏིང་ངེ་འཛིན་ནོ།། ཤེས་རབ་བོ།། ཡེ་ཤེས་སོ།། སྟོབསོ།། ཐབས་སོ།། རྡོ་རྗེའོ།། ངེས་པར་བརྗོད་པའོ།། གཟུང་སོ།། སའོ།། སྤྱོད་པའོ།། སོ་སོ་ཡང་དག་པར་རིག་པའོ།། ཆོསོ།། ་ལས་སོ།། ལུས་སྣ་ཚོགས་པའོ།། སེམས་ཅན་གྱི་དོན་ནོ།། ལུས་སོ།། ངག་གོ།། ཡིད་དོ།། རྡོ་རྗེ་ཆེན་པོའོ།། ཨོཾ་བི་དྷི་ཙི་ཏེ་བཛྲ། ཨོཾ་ས་མོན་ཏ་ལ་ཏྲེ་ན་རོ།། ཨོཾ་ཎྜིན་དྷ་མ་ནི། ཨ་ཨ་ནི་རཏ། ་ཨོཾ་ཛི་ཤེ་ཤི་བར་ཏེ། ཨོཾ་སརྦ་བྷི་ག་ཛྙཱ་ནེ། ཨོཾ་མ་ཧ་ར་ག་དྷརྨེ། ཨོཾ་བྷི་རཱ་ཀ་བ་ཙེ། ཨོཾ་སརྦ་ག་མི་ནི། ཨོཾ་བཛྲ་དྷི་དྷི་ཙི་ཏིཙྪ། ཨོཾ་སརྦ་ཏ་ཐཱ་ག་ཏེ། ཨོཾ་སམ་བྷ་བ་བྷི་ཤུད་དྷམ་ཏ་ཛྙཱན་བྷི་ཤུད་དྷེ། ་ཨོཾ་ཀརྨ་བྷི་ཤུདྷ་ནེ། ཧཱུ~ཾ་སུ~ཾ་དྷ་བཛྲི་ནི་ཕཊ། ཨོཾ་ཀ་མ་ར་ཀེ། ཨོཾ་ཛྭ་བཛྲ་ནི། ཨོཾ་ཧཱུ~ཾ་སརྦདྷརྨ་ནི།། ཨོཾ་ཧྲི། ཨོཾ་ཨ་ཀ་ར་མུ་ཁི། ཨོཾ་པྲད་ཛཱ་བ་ར་མི་ཏེ་ཨ། བཾ་ཧཱུཾ། ཨོཾ་ཨ~ཾ་སརྦ་ཏ་ཐཱ་ག་ཏ་ཀ་བ ་གྲེ། ཨོཾ་སརྦ་ཏ་ཐཱ་ག་ཏ་བག་བི་ཤ་དྷེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙི་ཏེ་བཛྲ་རེ།། །། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་གི་ཕྱག་རྒྱ་ནི། དབྱངས་ཤིན་དུ་ཟབ་པའི་སྒྲ་དང ་ལྡན་པའི་ཕྱག་རྒྱ་ཆོས་ཀྱི་ངག་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ངག་ཐོགས་པ་མེད་པ་གྲུབ་པའོ།། དེ་ལ་བཟླས་པ་ནི་དེ་བཞིན་གཤེགས་པ་རྗེས་སུ་དྲན་པས་སོ།། ་བསྒྲུབ་པ་ནི་དེ་བཞིན་ནོ།། ལས་ལ་ཉེ་བར་སྦྱོར་བ་ནི། དེ་བཞིན་གཤེགས་པ་རྗེས་སུ་དྲན་པའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་བཅིང་བའོ།། རྡོ་རྗེ་ཉི་མ་མེ ་ལྟར་འབར་བའི་ཕྱག་རྒྱ་བཅིང་བ་ནི། དེ་ལ་ཕྱོག་རྒྱ་བཅིང་བ་ནི་པ་བདག་ཉིད་ཐམས་ཅད་ཀྱི་རྡོ་རྗེས་སོ།། དམ་ཚིག་ཕྱག་རྒྱའི་རྒྱུད་ནི་བསྡམས་པ་ནང་དུ་བཅིངས་ལ་སོར་མོ་ཐམས ་ཅད་ཀྱི་འབར་བའི་དཀྱིལ་འཁོར་གྱི་ནང་དུ་མཐེ་བོང་གི་རྡོ་རྗེ་བཞག་པ་ཁམས་གསུམ་ཐམས་ཅད་བསྲེག་པ་དང་། འཚེད་པ་དང་། ཐལ་བར་བྱེད་པར་ནུས་ཏེ། བཅོམ་ལྡན་འདས ་ཀྱང་དབང་དུ་བྱེད་པར་འགྱུར་ཏེ། དེ་ཉིད་ཀྱིས་གཡོན་པའི་ཁྲོ་བོའི་སོར་མོས་བསྡིག་འཛུབ་བྱ་ཞིང་གཡས་པའི་ལྕགས་ཀྱུས་དགུག་པར་བྱས་ན་ཐམས་ཅད་འགུག་པའོ།། རྡོ་རྗེརྒྱུ ་མཛད་ཀྱི་ཕྱག་རྒྱ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཁྲིག་མའི་རྡོ་རྗེ་མཐེ་ཆུང་ལྕགས་ཀྱུས་བཅིངས་ཏེ། དེས་བསྡིག་འཛུབ་བྱ་ཞིང་། ལས་ཐམས་ཅད་དང་། ་དངོས་གྲུབ་ཐམས་ཅད་ཉམས་སུ་མྱོང་བ་ཡིན་ནོ།། རྡོ་རྗེ་ཐལ་མོས་འཛུབ་མོ་བཅིངས་ལ་ཁྲོ་གཉེར་མཐུར་དུ་བཞག་པར་བྱ་ཞིང་། རྡོ་རྗེའི་སོར་མོ་མེ་སྟག་མྱུར་དུ་ཁྲོ་ཞིང་གཡོ་བ་ནི་རྡོ། ་རྗེ་ཁྲོ་གཉེར་ཏེ། ཐམས་ཅད་བསྲེག་པར་བྱེད་པ་དང་། ཐམས་ཅད་འདུལ་བར་བྱེད་པ་དང་། རབ་དུ་འདུལ་བར་བྱེད་པ་ནི་ཁྲོ་གཉེར་གྱི་ཕྱག་རྒྱའོ།། རྡོ་རྗེ་ཐལ་མོ་ལེགས་པར་བསྐོར་བས ་གཡོན་པའི་འཛུབ་མོ་ལྕགས་ཀྱུས་སྟེ། དགུག་པ་དང་། བཞུག་པ་དང་། བསྒྲུབ་པ་ཐམས་ཅད་ལ་དོན་ཡོད་པའོ།། རྡོ་རྗེ་པད་མ་དབུས་མ་མཉམ་པའི་ཁ་དབུས་ཀྱི་མཛོད་དོ།། རྡོ་རྗེ ་བསྡམས་པ་མཐེ་བོང་དང་འཛུབ་མོའི་གདུ་བུས་གཡས་པའི་ཧཱུཾ་གིས་འཛུབ་མོ་བཟུང་སྟེ། ཐམས་ཅད་དགུག་པ་དང་། བཞུག་པ་དང་། མཆོག་ཏུ་གྲུབ་པའོ།། རྡོ་རྗེ་ཧཱུཾ་མཛད་ལས ་བྱུང་བ་ནི་གཡས་པའི་འཛུབ་མོ་གཡོན་པའི་ཡི་གེ་བཟུང་བ་སྟེ། གཞུ་རྒྱུད་འདྲེན་པས་ཞེས་བྱ་བར་ཐམས་ཅིང་རྗེ་སུ་ཆགས་པར་བྱེད་པ་དང་། འབིགས་པར་བྱེད་པའོ།། རྡོ་རྔོ་བསྡམས ་བཻ་རྡོ་རྗེ་ཧཱུཾ་མཛད་ཀྱི་མཆོག་གོ།། རྡོ་རྗེ་བསྡམས་པའི་གཡོན་པའི་རྡོ་རྗེ་ཁུ་ཚུར་གཡས་པ་རྩེ་གསུམ་གྱིས་མཚན་པ་ཡོངས་སུ་བཟུང་བ་སྟེ། ཐམས་ཅད་དྲལ་བར་བྱེད་པའོ།། རྡོ་རྗེ་ཧཱུཾ ་མཛད་ཀྱི་གཡས་པའི་ཁུ་ཚུར་གྱི་མཐེ་ཆུང་ཡང་དག་པར་བརྐྱང་བ་གཡོན་པའི་ལག་པའི་སྟེང་དུ་བཞག་པ་ནི། ཁ་བཀ་བསྒྲེང་བ་སྟེ། འདུག་པ་ཐམས་ཅད་ཀྱི་ཕྱག་རྒྱ་བྱེ་ཞིང་བྲལ་བར ་བྱེད་པའོ།། རྒྱས་འདེབ་པ་དང་། གསོད་པ་དང་། ཟ་བ་ལ་སོགས་པའི་ཡོ་བྱད་ཐམས་ཅད་གཡས་པས་འཁོར་ལོ།། གཟུང་བའི་ཚུལ་བསྟོད་ཅིང་དོར་བ་སྟེ། ཐམས་ཅད་གཅོད་པ ་བ་དང་། གསོད་པར་བྱེད་པའོ།། རྡོ་རྗེ་ཆེན་པོ་ཁྲོ་བོའི་རྡོ་རྗེའོ།། གཡས་པའི་རྡོ་རྗེ་འབེབས་པ་དང་། སྦར་བ་སྒོ་ཞིང་གཡོ་བའི་འདབ་མ་ཅན་གྱི་བ་དན་གསུམ་པའོ།། རྡོ་རྗེ་བསྡམས་པའི ་མཐེ་བོང་དང་འཛུབ་མོ་གཉིས་ཀྱི་རྡོ་རྗེ་ལས་བྱུང་བའི་སྲིན་ལག་མཉམ་པར་སྦྱར་ཞིང་མཐེ་ཆུང་ཁ་བྱེ་བའོ།། དཔལ་ཐམས་ཅད་བྱེད་པ་དང་། གདུག་པ་ཐམས་ཅད་རབ་དུ་འཇོམས ་བར་བྱེད་པ་དང་། ཐམས་ཅད་འབེབས་པ་ཨཱ~ཾ་རྡོ་རྗེ་སེམས་དཔའི་དབང་བསྐུར་བཤད་པའོ།། རྡོ་རྗེའི་རིགས་ཐམས་ཅད་ནི། རྡོ་རྗེ་ཐལ་མོ་མཉམ་པར་བྱས་ལ། འཛུབ་མོ་གཉིས་ཀྱི ་དར་སྤངས་ཅིང་། མཐེ་བོ་སྲིན་ལག་རྡོ་རྗེ་ནི། ཡོངས་སུ་བསྐོར་ཏེ་དབང་བསྐུར་རོ།། འབར་བའི་རྡོ་རྗེ་རྩི་ལྔ་ཕྱག་བྱས་ནས་བཟུང་བར་བྱའོ།། ཅི་འབྱོར་པས་སློབ་དཔོན་ལ་ཡོན་དབུལ་ཏེ། ་དངོས་གྲུབ་ཐམས་ཅད་ཀྱི་ཕུན་སུམ་ཚོགས་པ་རྣམས་འགྲུབ་པར་འགྱུར་རོ་ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། རྡོ་རྗེ་བྲག་རྒྱ་ཏི་རི་ཏི་རིམས་འབྱུང་བ་སྟེ། དོ ་ཡོད་པ་ཐམས་ཅད་བསྒྲུབ་པར་བྱེད་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཞི་ནི་དམ་ཚིག་ཕྱག་རྒྱའི་ལྷ་མོ་རྣམས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལས་ཀྱི་དམ ་ཚིག་ནི་རྡོ་རྗེ་ཁུ་ཚུར་གཡོན་པ་གཉིམས་པ་ཐམས་ཅད་བསྒྲུབ་པ་དང་། གཡས་པའི་རྡོ་རྗེ་ཁུ་ཚུར་གྱིས་གསོར་བ་སྟེ། འདིས་ཐམས་ཅད་ལས་རྒྱལ་བ་དང་། འབར་བ་དང་། བསྲེག་པ་དང་། ་ལྟུང་བ་དང་། རྒྱས་བཏབ་པ་དང་། བསད་པ་དང་། སློང་བ་དང་། ཁམས་གསུམ་ལས་རྣམ་པར་རྒྱལ་བ་དང་། བརྟེན་པ་དང་། གཡོ་བ་ཐམས་ཅད་ལས་ངེས་པར་སྦྱོར་བ་དང་། དངོས་གྲུབ་དང་། ་མཆོག་ཐམས་ཅད་བསྒྲུབ་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་རྡོ་རྗེ་ཁུ་ཚུར་བསྡིག་འཛུབ་འཛུབ་མོའི་ཁྲོ་བོའི་ཁུ་ཚུར་རོ།། དེ་དག་གི་ལས་དམ་ཚིག་གི་ཕྱག་རྒྱ་ནི།། འཛུབ་མོའི་སོར་མོ་གཉིས ་ཀྱིས་ཐམས་ཅད་དགུག་པའོ།། སྙིང་ཁར་ཅིག་ཤོས་དང་གཡས་པས་གདུག་པ་ཐམས་ཅད་གསོད་པའོ།། འཁྲིག་མའི་འདུད་པས་གཡས་པའི་ཁྲོ་བོ་དགུག་པས་ཐམས་ཅད་དགུག་པ་དང ་རབ་དུ་བཞུག་པའོ།། སྟོང་པ་དང་བཅས་པའི་མདའ་འབངས་པའོ།། དེ་བཞིན་དུ་རྡོ་རྗེ་རྩེ་གསུམ་པ་ལ་སོགས་པའི་རྡོ་རྗེ་གར་གར་གྱི་སྦྱོར་བས་རང་གི་དམ་ཚིག་ཕྱག་རྒྱ་གྱེན་དུ་འཕངས་པའོ།། ་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་གཉིས་སུ་བྱས་ལ། རྡོ་རྗེ་ལྷ་མོ་རྣམས་ཀྱི་ལས་ཀྱི་ཕྱག་རྒྱ་སྟེ། རྡོ་རྗེ་གར་གྱི་སྦྱོར་བས་རང་གི་དམ་ཚིག་གི་ཕྱག་རྒྱ་སྟེང་དུ་དོར་བ་སྟེ། ཐམས་ཅད་ལས་རྒྱས་གདབ་པ་དང་། ་བསྒྲུབ་པ་དང་། གསང་བ་དང་། འབེབས་པ་དང་། འཚོ་བར་བྱེད་པ་ནི་རྡོ་རྗེ་གར་གྱི་མཆོད་པའོ།། དེ་ནས་ངག་གི་ཕྱག་རྒྱ་ནི་སྤྲིན་གྱི་སྒྲ་སྒྲོགས་པའི་ཡི་གེ་ཧཱུཾ་པྲ་བའི་སྒྲ་དང་བཅས་པའི་ཁྲོ། ་ཞིང་གསལ་བ་ནི་ཁྲོ་བོ་ཆེན་པོའི་རྡོ་རྗེ་དག་གོ།། བསྒྲུབ་པའི་དོན་དུ་བསྒྲུབ་པར་བྱའོ།། དེ་ནས་མ་གྲུབ་ན་ལས་ཀྱི་ཕྱག་རྒྱ་བཅིང་བའོ།། བསྒྲུབ་པ་ནི་དེ་བཞིན་དུ་ཕྱག་རྒྱ་ཆེན་པོས་ལན་གཅིག ་ཏུའོ།། ལས་ལ་ངེས་པར་སྦར་བའི་ཁྲོ་གཉེར་གྱིས་སོ།། རྡོ་རྗེ་ཧཱུཾ་མཛད་ལས་བྱུང་བའོ།། སྐྱེ་ཚེ་དང་བཅས་པའི་ཏིལ་མར་རྣོན་པོའི་སྦྱིན་བསྲེ་ག་ནི་གཡས་པསོ།། དེ་ཉིད་ཀྱིས་བཏང་བའོ།། ་དེ་ཉིད་ཀྱིས་ཐམས་ཅད་འཆིང་བའོ།། གཡོ་བ་མེད་པ་ཉིད་དོ།། གཉིད་ལོག་པ་བརྟེན་པའོ།། ཁྲོ་བོའི་རྡོ་རྗེ་ལྟ་བའི་སྡིགས་འཛུབ་བོ།། ཕྱག་རྒྱ་གློང་བར་འགྱུར་བའོ།། འཛུབ་མོ ་གཉིས་ཡང་དག་པར་སྦར་ནས་ཕྱེ་བའོ།། དེ་དག་ཉིད་ཀྱིས་གདུབ་བཅིང་བའོ།། དེ་ནས་དྲལ་བའོ།། གཡས་པས་བརྡེག་པའོ།། འཛུབ་མོ་གཉིས་ཀྱིས་འབར་བའོ།། གཡས་པའི ་འཛུབ་མོ་དབུས་མ་ལྟུང་བའི་ཚུལ་ལོ།། འཛུབ་མོ་གཉིས་ཀྱིས་འབར་བར་བྱེད་པའོ།། གཅོད་པའོ།། ལག་པ་གཉིས་མཉམ་པའོ།། ཐམས་ཅད་དུ་སོར་མོ་ཐམས་ཅད་དོར་བའོ།། ་ཅིག་ཅར་དུ་ཕྱག་རྒྱ་དཀྲོལ་བའོ།། སྐྲང་ཞིང་གཡོ་བས་བསྡིགས་འཛུབ་བོ།། གཡས་པའི་འཛུབ་མོའི་གདེངས་ཀ་བསྐྱེད་པས་བསྡིགས་འཛུབ་བོ་གཡས་པའི་འཛུབ་མོ་མཆེ་བས ་བཟུང་བའོ།། ངུ་བ་དང་། དགོད་པ་དང་། སྐྱུག་པ་ལ་སོགས་པ་བསྟན་པའོ།། འཛུབ་མོ་གཉིས་ཀྱིས་སེ་གོས་བརྡེབས་པའོ།། གཡོན་པའི་སྟེང་དུ་གཡས ་པ་ཉེ་བར་བཞག་པའོ།། ས་ལ་རབ་དུ་བཞག་པའོ།། བསྐྱོང་བར་བྱབའོ།། གར་བྱའོ།། བརླབ་པར་བྱའོ།། ཐམས་ཅད་དུ་བརླབ་པར་བྱའོ།། ཧ་ཧ་ར་དགོད་དགོད་པའོ།། བསྐོར་བའོ།། ་དགུག་པར་བྱའོ།། དྲང་བར་བྱའོ།། བཏང་བར་བྱའོ།། ཡོངས་སུ་བསྐོར་ནས་ནུབ་པར་བྱའོ།། དེ་ནས་དོར་བའོ།། མྱུར་དུ་དོར་བའོ།། དེ་བཞིན་དུ་ཀུན་ནས་འདྲེན་པའོ།། དེ་བཞིན་དུ ་དུ་གྱེན་དུ་དྲང་བའོ།། རང་ཉིད་ཀྱིས་ང་རོ་བྱའོ།། བདག་ཉིད་ལ་བརྡེག་པར་བྱའོ།། སྙིང་ཁར་བརྡེག་པར་སྨིན་པར་བྱའོ།། རང་ཉིད་ཀྱིས་རང་གི་སྒྲ་འབལ་བར་བྱའོ།། སྡང་བ་བསྡམས་པའོ།། ་རང་གིས་བསྟོད་པར་བྱའོ།། གཡས་པའི་འཛུབ་མོ་ལྕགས་ཀྱུའོ།། དེ་ཉིད་ཀྱིས་རབ་དུ་བཞག་པའོ།། གཡས་པའི་སེ་གོལ་ལྕེ་སྟེག་ནི་འཛུབ་མོ་གཉིས་ཀྱིས་སོ།། ཡན་ལག་ལ་བསྡུ ་གསང་། དུ་བསྐོར་བའི་འཁྱིལ་བའོ།། ཁྲོ་བོའི་བལྟབས་ཤིང་དྲུང་རྣམས་ལ་ཡིད་ཀྱིས་ཀྱི་དོད་པའོ།། དེ་བཞིན་དུ་ས་ལའོ།། ལྟ་བའོ།། སྨིན་མའོ།། སེའོ།། བུའོ།། ཕྱག་རྒྱ་བརྡེག་པའོ།། ་རྒྱལ་མཚན་བསྒྲེང་བའོ།། འཁོར་བ་དང་བཅས་པའི་འཇིག་ཀྱི་སྟོབས་སོ།། འཛུམ་པ་མེད་པར་ལྟ་བའོ།། དེ་བཞིན་འབར་བ་འཆིང་བའོ།། གཙུག་གཏོར་ལ་འཛུབ་མོའི་རྡོ་རྗེ་བཞག་པ ་བྱའོ།། དེ་བཞིན་སྙིང་ཁར་རོ།། ཕྱག་རྒྱ་དེ་དགྲོལ་བའོ།། ཕྱག་རྒྱ་ཟུར་དུ་བསླང་བའོ།། འཛུབ་མོའི་རྩེ་མོ་བརྟན་པར་སྦྱར་བའོ།། ལྟ་བས་སྟེང་ནས་འོག་ཏུ་ལྟུང་བའོ།། འོག་ནས་གྱེན་དུ ་འདྲེན་པའོ།། ཡི་གེ་ཧཱུཾ་ཁྲོས་པས་སོ།། འཇིག་བྱེད་ཀྱི་ལྟ་བས་སོ།། རྡོ་རྗེ་ཁ་ཊཾ་ཀ་བྲལ་བས་ཁྲོས་པ་སོ།། རྡོ་རྗེ་སྙིང་ཁོར་བསྒོམ་པའོ།། རྡོ་རྗེ་རྩེ་གསུམ་གྲལ་བའོ།། གདུག་པའི་དཀྱིལ ་འཁོར་གཞིག་པར་བྱའོ།། ཡི་གེ་ཧཱུཾ་གིས་སོ།། ཧིའོ།། གཡས་སུ་དབུགས་དབྱུང་བའོ།། དེ་ཉིད་ཀྱིས་དོང་རྩེ་གསོར་བའོ།། ཁྲོ་བོའི་ལྟ་བ་དེ་བཞིན་དུའོ།། ཁུ་ཚུར་གཡས་པས་གནན ་ཏེ། གཡོན་པས་སོ་བཟུང་ནས་དགུག་པར་བྱའོ།། དོང་རྩེ་གསོར་བ་ནི་གཉིས་ཀྱིས་སོ།། གཡོན་པའི་དྲིལ་བུ་དྲལ་བའོ།། དེ་བཞིན་དུ་རྡོ་རྗེ་ཧཱུཾ་མཛད་ཀྱི་གཡས་པས་ཁུ་ཚུར་གཡོན་པའི་རྡོ་རྗེ། ་ཁྲོ་བོས་གནན་ཏེ་མཐེ་ཆུང་གི་གདུ་བུ་གྲོལ་བའི་རྡོ་རྗེ་ཁུ་ཚུར་གྱིས་འཕྲོག་པར་བྱའོ།། གཡས་པའི་དྲིལ་བུ་བྲལ་བའོ།། ཆགས་པ་དང་བྲལ་བ་ལྟུང་བ་ནི་ཡིད་ཀྱིས་སོ།། འཁོར་ལོ་བྲལ་བའོ།། ་རྩེ་གསུམ་བྲལ་བའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་གཡོ་བ་གསང་བའི་རྡོ་རྗེ་ཁུ་ཚུར་གྱིས་མནན་ཏེ། དེ་བཞིན་དུ་གད་བུ་དཀྲོལ་བས་འཕྲོག་པར་བྱའོ།། རྡོ་རྗེ་དང་། བྱང་ཆུབ་སེམས་དཔའ་དང་། དེ་བཞིན ་གཤེགས་པ་ཐམས་ཅད་དང་། རྡོ་རྗེ་འཆང་ཆེན་པོ་མདུན་དུ་དྲན་པས་རྗེས་སུ་བསྒྲུབ་པར་བྱའོ།། རྡོ་རྗེ་ཁྲོ་བོ་རྒྱལ་པོའི་ཕྱག་རྒྱའི་རྒྱང་ངོ་།། དེ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག ་གི་ཕྱག་རྒྱའི་རྒྱུད་ནི། པད་མ་ཆེན་པོ་རྡོ་རྗེ་ཐལ་མོ་ཁ་འབུས་པ་དང་། དབུས་མ་དང་། མཐེ་བོང་དང་། མཐེ་ཆུང་ཁ་བྱེ་བའི་འདའ་མ་བཞིན་པ་ཆོས་ཉིད་ཐམས ་ཅད་ཐོབ་པ་དང་། ཐམས་ཅད་རྗེསུ་ཆགས་པར་བྱེད་པའོ།། ཕྱག་རྒྱ་ཆེན་པོ་རྣམས་ནི་དེ་བཞིནོ།། དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་པད་མ་བཤད་པའོ།། པདྨའི་རིགས་རྣམས་ཀྱིས་ནི་རྡོ་རྗེ ་བསྡམས་པ་ལས་བྱུང་བའོ།། དེ་ལ་པད་མའི་དེ་བཞིན་གཤེགས་པ་ལ་སོགས་པ་རྣམས་ནི་ནང་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའོ།། དེ་བཞིན་གཤེགས་པའི་པད་མའ་བང་བར ་གྱེན་དུ་ཁ་བལྟ་བའི་ཏིང་ངེ་འཛིན་གྱི་མིང་ཅན་གྱི་ཕྱག་རྒྱ་པད་མའི་སྤྱན་ཞེས་བྱའོ།། རྡོ་རྗེ་པད་མ་ཆེན་པོ་ནི་རྡོ་རྗེ་པད་མའི་སྙིང་ཁར་རྡོ་རྗེ་བཅིང་བ་རྡོ་རྗེ་པད་མའི་ཚིགས་པ་ཞེས་བྱའོ།། ་པད་མ་ཆེན་པོའི་བདག་པོའི་འཛུབ་མོ་མཉམ་པ་འོག་ཏུ་ཁ་བལྟ་བ་བང་བར་བཟུང་བར་པད་མའི་སྒྲོལ་མ་ཞེས་བྱ་བའི་ཕྱག་རྒྱའོ།། པད་མ་ཆེན་པོའི་གདན་རིན་པོ་ཆེ་གཉིས་བཟུང ་ཞིང་པད་མ་སྦྱིན་པའོ།། འདི་རྣམས་ཀྱི་ཆོས་ཉིད་ཐམས་ཅད་ལས་ཐོབ་པ་དང་། ཐམས་ཅད་རྗེ་སུ་ཆགས་པ་དང་། སྲིད་པའི་སྡུག་བསྔལ་གྱི་ཚོགས་ཐམས་ཅད་ལས་སྒྲོལ་བ་དང་། ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པ་ཤིན་དུ་གྲུབ་པ་ཞེས་བྱའོ།། རྡོ་རྗེ་རྩེ་གསུམ་བྲལ་བའོ།། དེ་ནས་པད་མའི་ལྷའི་བདག་པོ་རྣམས་ཀྱི་ཕྱི་རོལ་གྱི་བསྡམས་པ་ལས་བྱུང་བའོ།། ་དེ་ལ་དོན་ཡོང་རྒྱལ་པོ་ནི་འོག་ཏུ་འཛུབ་མོ་གཉིས་ཀྱི་ཁ་འབུས་པ་ཁྲོ་གཉེར་ལ་བཞག་པར་བྱ་སྟེ། པད་མའི་ཁྲོ་གཉེར་གྱི་སྨན་ནོ།། རྡོ་རྗེ་བསྡམས་པ་གྱེན་དུ་འབར་བ་ནི་འགྲིན་སྔོར་གྱིའོ།། ་གཡོན་པའི་འཛུབ་མོའི་དབྱུག་པ་མཐེ་བོས་ཡོངས་སུ་བཟུང་སྟེ། དུང་གི་དབྱིབས་དེ་གཡས་སུ་མཐོ་བོས་བསྒྲེང་བའི་ག་ཏ་སྟེ།། མཐེ་ཆུང་མཉམ་པའི་ཁ་འབུས་པའི་པད་མ་དང་། ་སོར་མོ་ལྷག་མ་ཡང་དག་པར་བརྐྱང་བའི་འཁོར་ལོ་ནི་པད་མ་ཁྱབ་འཇུག་མའོ།། པད་མ་ལས་བྱུང་བའི་འཛུབ་མོ་གཉིས་བཀུག་པའི་ལྕགས་ཀྱུ་དང་། སོར་མོ་ལྷག་མ་ཁ་ཕྱེ་བའི་བད ་མ་ལས་བྱུང་བ་ཞེས་བྱའོ།། རྟ་འགྲིན་ནི་འཛུབ་མོ་གཉིས་ཤིན་དུ་སྦར་བའི་ལྕོགས་ཀྱུ་རྒོད་མའི་ཁ་ཤིན་དུ་རབ་དུ་རྐྱང་བའི་སྲིན་ལག་གི་རྩེ་མོ་དང་། མཐེ་ཆུང་གཉིས་རབ་དུ་བརྐྱང་བ་སོ།། ་སོར་ཕྱེ་ལ་གཡོ་ཞིང་བཟུང་བ་ནི་པད་མའི་ལྕགས་ཀྱུ་ཞེས་བྱའོ།། འདི་རྣམས་ཀྱིས་དབང་བསྐུར་བ་ཐམས་ཅད་དང་། ལས་ཐམས་ཅད་དང་།། དགུག་པ་ཐམས་ཅད་ཀྱི་དངོས་གྲུབ ་དོན་ཡོད་པའོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་མཆོག་གི་དབང་བསྐུར་བ་ལ་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཤད་པའོ།། དེ་ནས་ལས་ཀྱི་ཕྱག་རྒྱ་ནི་ཁ་ཊཾ་ཀ་བཅིངས་ནས་པད་མའི ་རིགས་ཐམས་ཅད་ཀྱི་དམ་ཚིག་ཇི་ལྟ་བ་བཞིན་དུ་བཟུང་བསོ།། ངག་གི་ཏིང་ངེ་འཛིན་གྱི་བཟུང་དགུག་པ་ནི་ཆོས་ཀྱི་ངག་གིས་བཟླས་པའི་དོན་ཤེས་པའོ།། པད་མེ་ཆེན་པོ་བཅིངས་ནས་ཡིད ་ཀྱིས་སྤྲིན་བསྲེག་བྱའོ།། སེམས་ཀྱིས་ཞི་བར་བྱའོ།། དངོས་པོས་བསྲུང་བར་བྱའོ།། རྣམ་པར་སྤང་བར་བྱའོ།། ཞེས་བྱ་བ་བསྒྲུབ་པར་བྱའོ།། ལས་ཐམས ་ཅད་ཀྱི་ཕྱག་རྒྱའི་ཚོག་སོ།། འཕགསོ་པ་སྤྱན་རས་གཟིགས་དབང་ཕྱུག་གི་ཕྱག་རྒྱའི་རྒྱུད་དོ།། དེ་ནས་ན་མཁའི་སྙིང་པོའི་ཕྱག་རྒྱ་ཆེན་པོ་ནི་དེ་བཞིན་ནོ།། དམ་ཚིག་གི་ཕྱག་རྒྱ་ནི ་རྡོ་རྗེ་རིན་ཆེན་ཏེ། མཐེ་བོ་དང་འཛུབ་མོའི་སོར་མོ་བཞི་རྩེ་མོ་བསྐུམས་ནས་འོག་ཏུ་རབ་དུ་རྐྱང་ལ་བསྡུས་ཏེ། དབང་བསྐུར་བ་རྡོ་རྗེ་ཐལ་མོ་དབང་བསྐུར་བ་ཐམས་ཅད་ཐོབ་པའོ།། ་དེས་ཇི་ལྟ་བ་བཞིན་དུ་དབང་བསྐུར་བའོ།། དེ་ཉིད་སྙིང་ཁར་རོ།། གྱེན་དུ་ཁ་བལྟ་བའོ།། དེ་ཉི་ཁུ་ཚུར་རོ།། ཁུ་ཚུར་སྤྱི་བོར་བཞག་ལ་མེ་ཏོག་ལ་སོགས་པའི་མཆོད་པ་དབུལ་བར་བྱའོ།། ་འདི་ཉིད་གཉིས་སུ་བཞག་ནས་ལས་ཀྱི་ཕྱག་རྒྱར་བཟུང་བར་བྱའོ།། དབང་བསྐུར་བ་ཐམས་ཅད་ཀྱི་རིན་པོ་ཆེའི་གཏོར་གྱི་མཆོད་པ་ཐོབ་པའི་དོན་དུ་ཡང་དག་པར་རྫོགས་པའོ།། བཅོམ ་ལྡན་འདས་ཀྱི་ལས་ཀྱི་དམ་ཚིག་ནི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པའོ།། གཡོན་པའི་ཁུ་ཚུར་སྙིང་ཁར་བསྟོད་ནས་གཡས་པའི་ནོར་སྦྱིན་པས་བཀྲོལ་བའོ།། ནོར་བུའི ་ཁུ་ཚུར་གྱི་ཕྱག་རྒྱ་གཉིས་ཀྱིས་སོ།། སྙིང་པོའི་ངག་ཀླུའི་རྒྱལ་པོས་ཟླ་བ་སྟེ། བཀའ་བསྒོ་ཞིང་དེ་བཞིན་དུ་ལས་ལ་ངེས་པར་སྦྱོར་བའོ།། གལ་ཏེ་གྲུབ་ན་དབང་བསྐུར་བར་གནས་པའི་རྡོ་རྗེ ་རིན་ཆེན་གྱིས་ནཱམཁའི་ལས་ཐམས་ཅད་ཀྱི་བཀའ་བསྒོ་བ་འོ།། ཆོས་ཀྱི་ཕྱག་རྒྱ་ཐམས་ཅད་ཀྱི་ཚོགས་ནི་འདྲིའོ།། དོན་ཡོངད་ཐོགས་མེ་གྲུབ་པ་དང་།། ལས་ཀྱི་ཚོགས་ནི་བསྒྲུབ་པ་སྟེ། ་ངག་གི་ཕྱག་རྒྱའི་བཀའ་བསྒོབས། ཐམས་ཅད་མྱུར་དུ་མཁའ་ལས་བྱུང་། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། དབང་བསྐུར་བ་ཐམས་ཅད་ཀྱི་ཚིག་རྒྱས ་པའི་རྒྱུད་དོ།། དེ་ནས་ཕྱིའི་ཕྱག་རྒྱའི་རྒྱུད་ནི།། ཕྱག་རྒྱ་ཆེན་པོ་ནི་གཡོན་པར་ཁམ་ཕོར་དང་། གཡས་ན་མངས་བསྟོད་པའོ།། དེ་རྣམས་ཀྱི་དམ་ཚིག་ནི་འཇུག་པ་ལས་བྱ་སྟེ། ལག་པ ་གཉིས་ཀྱི་མཐེ་བོང་དང་། མཐེ་ཆུང་གི་གདུ་བུས་ལུགུ་རྒྱུད་བཅིང་བ་བྱས་ལ། འཛུབ་མོ་དང་དབུས་མ་དང་སྲིན་ལག་བསྙམས་ཏེ་རྩེ་གསུམ་པས་མཚོན་པ་མིང་པོ་རྣམས་ཀྱིའོ།། ཇི་ལྟ། ་བ་བཞིན་དུ་བཟུང་བས་ལྷ་མོ་རྣམས་ཀྱིའོ།། རྡོ་རྗེ་བསྡམས་པའི་དབུས་མ་དང་སྲིན་ལག་གི་སོར་མོའི་རྩེ་མོ་དང་མཐེ་ཆུང་བཞིའི་རྩེ་མོ་འདུས་པ་ནི། ལྷ་མོ་རྣམས་ཀྱིས་འདའ་བང ་བར་བཀའ་བའི་དམ་ཚིག་གོ།། སྲིང་མོ་བཞིའི་དཀྱིལ་འཁོར་ཕྱག་རྒྱའོ།། གང་གི་ཚེ་དཀྱིལ་འཁོར་རྟག་པར་མནུས་ན། དེའི་ཚེ་འདི་བཅིངས་ཏེ་བལྟས་ན་དཀྱིལ་འཁོར ་བརྟག་པ་དང་། མཐོང་བ་དང་། མཆོད་པས་མཆོད་ཅིང་འགྲུབ་པར་འགྱུར་རོ།། གདེངས་གཅན་གྱི་དབང་པོ་རྣམས་ཀྱི་ནི་མཐེ་བོང་བཅིངས་ནས་ཕྱི་རོལ་དུ་ལ་བལྟས་པའི་སོར་མེའི་གང། ་ཀ་བསྒྲེང་བ་སྟེ། ཀླུ་ཐམས་ཅད་དགུག་པ་དང་། བཅིང་བ་དང་། དབང་དུ་བྱེད་པའིའདས་ཚིག་སྟེ། གལ་ཏེ་འདའ་བར་བྱེད་ན་འཆི་བར་འགྱུར་རོ།། ལྟོ་འཕྱེ་ཆེན་པོའི ་ལག་པ་ཕྱེ་བའི་ལག་པ་སྟེ། ལས་ཐམས་ཅད་བསྒྲུབ་པར་བྱེད་པའོ།། དབུས་མ་དང་སྲིན་ལག་བཞིན་འདུད་པ་ལེགས་པར་བྱེད་པའི་སྤོར་བས་ཉེ་བར་བསྟོད་ཅིང་བསྡུས་ལ་མཐེ་ཆུང ་གཉིས་ཀྱིས་བརྟག་པར་བྱ་སྟེ། ཉེ་བར་འཕེལ་བར་དུག་ཐམས་ཅད་འབར་བའོ།། ཀུན་ནས་བསྡུས་ན་དུག་ཐམས་ཅད་འཆིང་བའོ།། འདི་ཉིད་ཀྱི་དུག་ཐམས་ཅད་བཟའ་བ་དང་། འཕོ ་བ་དང་། དུག་ཐམས་ཅད་མེད་པར་བྱའོ།། བདུག་པའི་དཀྱིལ་འཁོར་རྡོ་རྗེ་ཁུ་ཚུར་གྱིས་པའི་རྡོ་རྗེ་ཁྲོས་ནས་མྱུར་དུ་གཞིག་པར་བྱའོ།། ཕྱིའི་ཕྱག་རྒྱའི་རྒྱུད་དོ།། དེ་ནས་བཅོམ་ལྡན ་འདས་ཐམས་ཅད་ཀྱི་མཆོག་གི་དབང་ཕྱུག་དམ་པ་སྣ་ཚོགས་པའི་སྐུ་ཆེན་པོ་སྣ་ཚོགས་པའི་ཕྱག་རྒྱ་ནི།། རྡོ་རྗེ་ཐལ་མོ་མཉམ་བཞག་ནས། བ་དན་གསུམ་ནི་ཡོངས་བཟུང་བས། ་རྡོ་རྗེ་ཁྱབ་འཇུག་ཞེས་བྱ་བས།། འདོར་ན་ཐམས་ཅད་གཅོད་པར་བྱེད།། རྡོ་རྗེ་འཁོར་ལོའི་ཕྱག་རྒྱས་བསྙེམས་པའི་སྒྲ་ཐམས་ཅད་ཀྱི་མགོ་ཐམས་ཅད་གཅད་ནས་མཆོག་ཏུ་ཕུལ་དུ། ་བྱུང་བ་ཐམས་ཅད་གྲུབ་པའོ།། མཐེ་ཆུང་མཐེ་བོ་དང་འབྲེལ་བ་ཡི།། ལག་གཉིས་སྟེང་དང་འོག་ཏུ་ནི།། དབུས་མ་གསུམ་གྱིས་རྩེ་གསུམ་མཚོན།། རྡོ་རྗེ་འཛིན་མ་ཞེས་བསྒྲུབ་པའོ།། ་རྡོ་རྗེ་དམ་ཚིག་གི་ཕྱག་རྒྱ་རྡོ་རྗེ་གཏུམ་པོའི་དབང་བྱུགས་ཞེས་བྱ་བ་དོན་ཡོད་པའི་དམ་ཚིག་གོ།། རྡོ་རྗེ་བདས་མཉམ་བཞག་ནས། གང་དེར་ཇི་བཞིན་དེ་བཞིན་དུ།། ཤིན་དུ་ཐོབ་དཀའ་སངས ་རྒྱས་ཀྱང་།། བསྒྲུབ་པ་པོས་བཟླས་པས་བྱེད།། རྡོ་རྗེ་ཆོས་ཉིད་ཀྱི་ཅེས་བྱ་བའི་ཕྱག་རྒྱ་སྒྲོལ་མའོ།། རྡོ་རྗེ་ཐལ་མོ་སྦྱར་ནས་ནི།། འཛུབ་མོ་བསྐྱམས་པའི་ཕྱི་རོལ་དགུག། མཐེ་བོང་རྡོ་རྗེ ་བཀབ་པ་སྟེ།། རྡོ་རྗེ་ཆེན་པོའི་ནོར་བུ་གཏེར།། རྡོ་རྗེ་ནོར་བུ་ཞེས་བྱ་བའི་ཕྱག་རྒྱའོ།། དེ་ནས་ཀྱེ་ཐམས་ཅད་དབོང་ཕྱུག་དམ་པས་བསྒྲིབ་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས ་ཀྱི་ཕྱག་རྒྱའི་རྒྱུད་ནི་འདི་ཡིན་ཏེ། དེ་ལ་དང་པོ་རེ་ཤིག་དང་པོའི་དངོས་གྲུ་བརྒྱ་རབ་དུ་བསྒྲུབ་པར་བྱེད་པའི་ཕྱག་རྒྱ་ཆེན་པོ་སྟོང་འགྱུར་ཏེ།། ཇི་ལྟ་བ་བཞིན་དུ་དམ་ཚིག་ཕྱག་མཚན་རྣམས་ཀྱི ་ལག་པ་གཡས་པ་དང་གཡོན་པ་དག་གི་རྡོ་རྗེ་ཆེན་པོའི་སྦྱོར་བས་ལས་ཐམས་ཅད་ཀྱི་དངོས་གྲུབ་རབ་དུ་བསྒྲུབ་པར་བྱེད་པའི་སྟོང་འགྱུར་དུ་འགྱུར་ཏེ། རྡོ་རྗེ་བསྡམས་པ་ནང་དུ་བཅིངས་སོ།། ་དེ་ལྟར་རང་གི་ཕྱག་མཚན་གྱི་ཁུ་ཚུར་རྡོ་རྗེ་གར་ལས་བྱུང་བའི་ཕྱག་སྟོང་དང་པོའི་ལས་ཀྱི་ཚོགས་རྒྱ་བསྒྲུབ་པར་བྱེད་པའི་རྡོ་རྗེ་ལས་བྱེད་པ་གསུམ་པའོ།། དེ་ལག་པ་གཡས་པ་དང་གཡོན ་པའི་ཚིག་ཤོས་ཀྱིས་ལས་ཐམས་ཅད་བསྒྲུབ་པར་བྱེད་པའི་ལས་ཀྱི་ཕྱག་རྒྱ་སྟོང་བཞིའོ།། དེ་ལྟར་མ་ལུས་པའི་ཕྱག་རྒྱ་བཅིང་བ་ནི་ལག་པ་གཅིག་གིས་ཕྱག་རྒྱ་ཐམས་ཅད་བཅིང་བ་རབ་དུ ་བསྒྲུབ་པའོ།། དེ་ལྟར་འགྲོ་བ་ཀུན་དོན་དུ། འཁོར་ལོ་དམ་ཚིག་ལས་དང་བཅས།། ཀུན་མཆོག་དབང་ཕྱུག་དམ་པ་མིན། རྡོ་རྗེ་སེམས་དཔའ་བསྒྲུབ་པར། ་མཛད།། དེ་ལྟར་གསང་བ་རྒྱ་ཆེ་སླད་དུ་བྱུང་།། མཆོག་ཏུ་འགྲོ་བ་ཐམས་ཅད་སྤོང་བྱེད་པ།། མཆོག་གི་དང་པོ་བླ་མ་བླ་ན་མེད།། གསལ་བའི་རྒྱུད་ནི་ང་ཡིས་ཡང་དག་བཤད། དཔལ ་མཆོག་དང་པོའི་རྟོག་པ་ཆེན་པོ་ལས།། རིགས་ཐམས་ཅད་ཀྱི་རྟོག་པའི་རྒྱུ་དེ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། གསང་བ་ཀུན་གྱི་བདག་བརྟན་པས།། དེ་ཉིད་ཕྱག་རྒྱའི་རྒྱུད་ཆེན ་བོ།། མཚོན་ཆ་དམ་པ་འདི་གསུངསོ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྟོག་པ་ཐམས་ཅད་ཀྱི་གསང་བའི་དཀྱིལ་འཁོར་གྱི་རྟོག་པའི་ཚོགས་མཆོག་ཏ་མཁས་ཤིང ་ཕྲ་བ་རྒྱ་ཆེ་བ་ཟབ་པ་བསམ་གྱིས་མི་ཁྱབ་པ། ཚད་མེད་པ་གསལ་ཞིང་མཉམ་པ་མེད་པ། བླ་ན་མེད་པའི་བླ་མ་མཐར་ཐུག་པའི་དངོས་གྲུབ་ཀྱི་གསང་བ་བསྒྲུབ་པ་མ་ལུས་པ་མེད ་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་རྣམས་བསྒྲུབ་པའོ།། དོན་ཡོད་ཅིང་ཐོགས་པ་མེད་པ་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གསང་བས་གསུངས་སོ།། ་མ་མཆུ་ས་རྣམས་ཀྱིས་བཟུང་ལ་དགའ་བ་ཆེན་པོས་དང་པོའི་རྡོ་རྗེ་ལྟ་བས་བལྟ་ཞིང་བྱེད་པ་དག་གི་མ་ལུས་ཤིང་མ་ལུས་པ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས ་བསྒྲུབ་པར་བྱེད་པའོ།། བདེ་བ་ཆེན་པོའི་གསང་བ་ཆེན་པོའི།། རྡོ་རྗེ་སྤྱན་ཞེས་བྱ་བའི་བྱབ་རྒྱའོ།། དེ་བཞིན་བྱེ་བ་ཐམས་ཅད་ཀྱི་བཤང་པ་ཆེན་པོས་རྒོད་ཅིང་བརྟན་པའི་རྡོ་རྗེ་བལྟ་བའི། ་བྱེད་པ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ལས་རྣམས་བསྒྲུབ་པར་བྱེད་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྨན་ཞེས་བྱ་བའི་ཕྱག་རྒྱའོ།། ཁྲོ་གཉེར་དང་བཅས ་བའི་ཁྲོ་བོའི་རྡོ་རྗེ་བལྟ་བ་དང་བཅས་པའི་བྱེད་པ་དག་དང་། སྣའི་དབུགས་ཆེན་པོའི་ཡི་གེ་ཧཱུ~ཾ་གིས་རྡོ་རྗེ་ཐམས་ཅད་ཀྱི་དངོས་གྲུབ་བསྒྲུབ་པ་སྟེ། རྡོ་རྗེ་ཉི་མ་ལྟར་མེ་འབར་བའི་ལྟ་བུའི ་སྤྱན་ཞེས་བྱ་བའི་བྱ་བ་རྒྱའོ།། བདེ་བ་ཅུང་ཟད་འཛུམ་པས་དངོས་གྲུབ་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་རྡོ་རྗེའི་ལྟ་བའི་བྱེད་པ་རྣམས་ཀྱི་མཆུ་མཉམ་པའི་ཏིང་ངེ་འཛིན་ལ་སོགས་པའི ་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་སྒྲུབ་པར་བྱེད་པ་སྟེ་པད་མ་ཆེན་པོའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། བསྙེམས་པ་དང་བཅས་པ་ཏིང་ངེ་འཛིན་པ་ཉིད་ཀྱིས་པྲ ་བར་འཛུམ་པའི་ལྟ་བའི་བྱེད་པ་རྣམས་དང་། བཞིན་འཛུམ་པ་དང་བཞད་པས་ན་མཁའ་ལས་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་བསྒྲུབ་པར་བྱེད་པ་སྟེ།། རྡོ་རྗེ་ཆེན་པོའི ་ནོར་བུའི་སྤྱན་ཞེས་བྱ་བའི་ཕྱག་རྒྱའོ།། དོན་ཡོད་ཐོགས་མེད་གྲུབ་པ་དང་།། བསྟན་པའི་བདག་ཉིད་འཇིགས་མེད། སངས་རྒྱས་ཀུན་དང་བདག་གིས་ཀྱང་། གསང་བའི་ཕྱག་རྒྱ ་ལེགས་གྲུབ་སྩོལ།། དཀྱིལ་འཁོར་དུ་ནི་མ་ཞུགས་ཀྱང་། ཚུལ་ཁྲིམས་འཆལ་པ་ལ་སོགས་པ།། ཕྱག་རྒྱ་སྦྱོར་བའི་སྟོབས་ཀྱིས་ནི།། དངོས་གྲུབ ་ཐམས་ཅད་ཐོབ་པར་འགྱུར་རོ།། དེ་ནས་དེའི་ཕྱིར་ཆོ་ག་དང་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་མཆོག་དང་པོ་མཆོག་ཤིན་དུ་མཁས་ཤོང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི ་ཁྱབ་པ་སྟེ།། མཆོག་གི་མཆོག་ནི་དང་པོ་དང་།། མཆོག་དང་གསང་བ་དམ་པ་སྟེ། འཛུམ་པའི་ཕྱག་རྒྱ་ལ་སོགས་ཚོགས། རྡོ་རྗེ་སེམས་དཔས་གསུངས་པ་ཡིན།། རྡོ་རྗེ་འཆང་ཆེན ་སློབ་དཔོན་ནི།། མཆོག་དང་པོ་ཡི་རབ་དགའ་བས།། སྙིང་པོ་ལ་སོགས་རྣམ་མེད་ཀྱང་།། མྱུར་དུ་ཐམས་ཅད་བསྒྲུབ་པར་བྱེད།། སྙིང་པོ་ཕྱག་རྒྱ་སྔགས་རིག་པ།། བསྒྲུབ་པ་འདི ་ནི་སྨད་འབྱུང་སྟེ། དངོས་གྲུབ་ཐམས་ཅད་རབ་བསྒྲུབ་པས།། མ་གྲུབ་རྣམས་ཀྱང་འགྲུབ་པར་འགྱུར།། གང་ཞིག་གྲུབ་པར་མ་གྱུར་ཀྱང་།། བསོད་ནམས་ཕུན་ཚོགས་མི་ལྡན་པ། ་བདག་ཉིད་དམ་ནི་རྡོ་རྗེ་སེམས།། བསྒྲ་བཱ་ནས་དེ་ནི་མྱུར་དུ་འགྲུབ།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། སྙིང་པོ་སྲོགས་དང་ཉེ་སྙིང་པོ།། བསྒྲུབ་པར་བྱས་ནང་མ་འགྲུབ་ན། འཛུམ ་བའི་ཕྱག་རྒྱས་བསྒྲུབ་པར་བྱ།། དེ་བྱེར་ནང་གསང་བཙུན་མོ་འདི།། རྡོ་རྗེ་སེམས་དཔའ་དགའ་བ་ཆེ།། དགེ་བདེ་ཡིས་མྱུར་དུ་འགྲུབ།། དེ་ཉིད་ཆེན་པོ་འདི་བསྒྲུབ་པས།། དམ་པ་མཚོ། ་གི་བདག་ཉིད་ནི།། གསང་བ་མཆོག་གི་བསོད་ནམས་ལྡན།། སོ་སོའི་སྐྱེ་བོ་ལ་བརྗོད་མིན།། དེ་ཉིད་གྲུབ་པའི་རྗེས་འབྲང་བའི།། རྡོ་རྗེ་སེམས་དཔའགྲུབ་པ་གང་།། གལ་ཏེ་དངོས་གྲུབ་མཆོན། ་འདོད་ན། དེ་བཞིན་གཞན་ལ་སྤྲིན་མི་བྱ།། གང་གིས་གྲུབ་པར་མ་གྱུར་ན།། དེ་ལ་དེ་ཉིད་སྦྱིན་པར་བྱ།། དེ་བཞིན་འཛུམ་པས་མྱུར་དུ་ནི།། བདག་བྱིན་བརླབས་པས་འགྲུབ་པར་འགྱུར། ་དེ་ཉིད་ཆེན་པོ་དག་པ་འདི།། རྡོ་རྗེ་ཅན་གྱི་མཚོན་ཆ་མཆོག། ཕྱག་རྒྱའི་རྒྱུད་ནི་བླ་མེད་པ།། མཆོག་ཏུ་གསང་བཤད་པ་ཡིན།། དེ་ཉིད་དུང་པའི་རྗེས་འབྲང་གི། རྡོ་རྗེ་སློབ་དཔོན་ཀུན་མཆོག ་ལ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། གཞན་རྣམས་ལ་ཡང་དེ་བཞིན་སྤྲིན།། ཕྱག་རྒྱའི་རྒྱུད་ནི་ཅིག་པུ་འདི།། བདག་ཉིད་གང་ལ་ཡོང་གྱུར་ན།། བདུད་ལ་སོགས་པ་རྣམས་ཀྱིས་ནི། ་མི་ཐུབ་པ་དང་མི་སོད་འགྱུར།། དེ་ལས་རྒྱལ་པོ་རྡོ་རྗེ་འཛིན།། ཀུན་མཆོག་དངོས་གྲུབ་ཀུན་སྩོལ་བ།། ཀུན་སྩོལ་ཀུན་བྱེད་ཐམས་ཅད་དུ།། བཀའ་བགྲོ་བ་ཀུན་གྲུབ་པར་འགྱུར།། དཔལ ་མཆོག་དང་པོ་གསང་བའི་བླ་མ་དམ་པ་དཔལ་རང་གི་དམ་ཚིག་གི་བླ་ན་མེད་པ་མཆོག་ཏ་གསང་བའི་ཕྱག་རྒྱའི་ཆོ་གའོ།། དེ་ནས་བཅོམ་ལྡན་འདས་དང་པོ་རྡོ་རྗེ་སེམས་དཔའི་མཆོག་ཏུ་མཁས ་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་པ་མཐའ་མེད་ཅིང་ཤིན་དུ་མཐའ་ཡས།། ཚད་མེད་ཅིང་གཞལ་དུ་མེད་པ་བླ་ན་མེད་པ་དོན་ཡོད་ཅིང་ཐོགས་པ་མེད་པའི་མཆོག་གི་དེ་ཁོ་ན་ཉིད་ཀྱི་སྙིང ་པོ་མཆོག་ཏུ་ཕྲ་ཞིང་མཆོག་ཏུ་གསང་བའི་སྙིང་པོ་མཆོག་ཏུ་གསང་བ་ཞེས་བྱ་བ་ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཆེན་པོའི་དི་འོང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས ་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མཆོག་ཏུ་མི་འགྱུར་བའི་དམ་པ་བླ་ན་མེད་པའི་དགའ་བ་དང་། རབ་དུ་དགའ་བ་ཐམས་ཅད་དང་། བདེ་བ་དང་ཡིད་བདེ་བའི་དངོས་གྲུབ་ཀྱི་མཆོག ་བསྒྲུབ་པར་བྱེད་པ་མཆོག་གི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ།། ཞེས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། བཙུམ་པ་ན་འཁྱུད་པ་ལ་སོགས་པའི་བཅོམ་ལྡན་འདས་མཆོག་དང་རྗེ ་རྗེ་སེམས་དཔའི་ཕྱག་རྒྱ་ཐམས་ཅད་ནི་དགའ་བ་ཆེན་པོའི་དཔལ་དོན་ཡོད་པའི་དམ་ཚིག་གི་རྣལ་འབྱོར་ཞེས་བྱ་བ་གང་བརྗོད་པའོ།། དེ་གང་དང་གང་ལ་ཉེ་བར་སྨིན་པ་དེ་དང་དེར་བཅོམ་ལྡན་འདས་ནི། ་ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། བྱིན་བརླབས་མཆོག་ནི་རྟགས་མཛད་ནས། རྡོ་རྗེ་སེམས་དཔའ་མྱུར་དུ་གྲུབ།། ཙུམ་པ་ན་ཁྱད་པ་ལ་སོགས་པའི ་རིག་པའི་ཕྱག་རྒྱུའི་རྒྱས་བཏབ་པ་ཙམ་གྱིས་ཀྱང་མ་ལུས་ཤིང་ལུས་པ་མེད་པ་དང་། ལྷག་མ་མེད་པ་ཐམས་ཅད་ཀྱི་མཆོ་ག་དབང་ཕྱུག་ཆེན་པོའི་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས ་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ཀྱིས་འདོད་པ་རྣམས་བསྒྲུབ་པར་བྱེད་པ་ཡིན་ནོ།། ཞེས་བྱ་བ་ཤིན་དུ་མཆོག་ཏུ་གསང་བའི་ཕྱག་རྒྱའོ།། རྣམ་པར་འཕྲུལ་པ་དང་བཅས་པའི་འཛུམ་ཞིང་གཡོ ་མིག་ཟུར་གྱིས་བལྟ་བའི་བྲབ་རྒྱ་སྟེ། བཅོམ་ལྡན་འདས་ཀྱི་དགའ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་མངའ་ཞེས་བྱ་བས་རྒྱས་བཏབ་པས་ཐམས་ཅད་རྗེས་སུ་ཆགས་པ་དང་།། དགུག་པ་དང་། ་དབང་དུ་བྱ་བ་དང་། དངོས་གྲུབ་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ཀྱི་འདོད་པ་རྣམས་བསྒྲུབ་པར་བྱེད་པའོ།། འཛུམ་ཞིང་ཅུང་ཟད་ཆེ་བའི་མིག་གི་བལྟ་བ་ནི ་མཆོག་ཏུ་དགའ་བའི་དཔལ་རྡོ་རྗེའི་སྲན་ཞེས་བྱ་བའི་ཕྱག་རྒྱ་ཐམས་ཅད་བསྒྲུབ་པར་བྱེད་པ་སྟེ། འདིས་ལྟ་ཞིང་བཏུང་བར་བྱའོ།། འདི་ནི་བཅོམ་ལྡན་འདས་ཀྱིས་རབ་དུ་དགའ་བ་ཆེན་པོ ་དཔལ་རྡོ་རྗེ་དོན་ཡོད་དགའ་བའི་བནོད་ཀྱིས་ལེན་གྱི་མཆོག་གི་དངོས་གྲུབ་ཅེས་བྱ་བའི་ཕྱག་རྒྱ་སྟེ། ཚེ་ཟད་པ་ཐམས་ཅད་ཀྱང་འདིས་རྡོ་རྗེ་སེམས་དཔལ་ན་ཚོད་གཞོན་པ་དང་། ནད་མེད་པ་དང་། ་གཟུགས་དང་། སྟོབས་དང་། གཟི་བརྗིད་ཀྱི་སྟོབས་དང་།། སྤྲོ་བ་དང་། དངོས་གྲུབ་ཀྱི་མཆོག་ཐམས་ཅད་དང་། དཔལ་དང་། བསྐལ་པ་བཟང་པོ་དང་། ཤིན་དུ་བདེ་བ་ཐམས་ཅད་དང་། ་ཡིད་བདེ་བ་དང་། དངོས་གྲུབ་ཀྱི་མཆོག་ཐོབ་པ་སྟེ། ཇི་སྲིད་དངོས་གྲུབ་ཀྱི་མཆོག་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཆོག་མཆོག་ཏུ་དམ་པ་གྲུབ་པ་སྟེ། བཅོམ་ལྡན་འདས ་ཡུམ་གྱི་རྒྱས་བཏབ་པ་ཙམ་གྱིས་སྐ་ཅིག་མ་ཅིག་གིས་འགྲུབ་པོ།། བསྙེམས་པ་དང་བཅས་པའི་གཡོན་པའི་མི་རྒོད་ཅིང་བསྟོད་པ་ནི་བཅོམ་ལྡན་འདས་དགོས་པ་ཆེན་པོའི་དཔལ་དོན་ཡོད ་པའི་དགའ་བའི་རྒྱལ་མཚན་མཆོག་གི་དཔུང་བརྒྱན་ཞེས་བྱ་བའི་བྲག་རྒྱ་སྟེ། འདིས་རྒྱས་བཏབ་བས་ཐམས་ཅད་ལས་རྣམ་པར་རྒྱལ་བར་བྱེད་པ་དང་། ་ཕྱག་བྱེད་དུ་བཅུག་པ་དང་། རབ་དུ་བསྒྲུབ་པར་བྱེད་པ་དང་། ཇི་སྲིད་མཆོག་ཐམས་ཅད་གྲུབ་ཅིང་དངོས་གྲུབ་ཆེན་པོ་ཉིད་རབ་དུ་བསྒྲུབ་པར་བྱེད་པའོ།། སྒེག་པ་དང་བཅས་པའི་ལྟ་བ་དང་། ་འཛུམ་པ་དང་། གཡོ་ཞིང་ཕྱག་འཚལ་བ་དང་ལྡན་པའི་བཅོམ་ལྡན་འདས་ཀྱི་ཕྱག་འཚལ་བའི་ཕྱག་རྒྱ་སྟེ།། དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་པའི་བདག་པོའི་དབང་ཕྱུག་ཀི་ཡི་ཀཾ། ་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ། འདིས་རྡོ་རྗེ་སེམས་དཔའ་ཉིད་ནི་བཅོམ་ལྡན་འདས་མཆོག་དང་པོ་རྡོ་རྗེ་སེམས་དཔའ་དགའ་བ་ཆེན་པོའི་དཔལ་རྡོ་རྗེ་དོན་ཡོད་དགའ་བ་ལ་བརྩོན་པ་ཞེས་བྱ ་བ་མཆོག་ཏུ་གསང་བའི་རྡོ་རྗེ་འཛུབ་མོའི་ཕྱག་རྒྱ་སྟེ། འདིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཐམས་ཅད་ཀྱི་སློབ་དཔོན་མཆོག་དང་པོའི་གྲི་ནི།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི། ་དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་ཀུན་རྒྱལ་པོ་སྟེ།། མི་འགྱུར་མཆོག་ནི་འགྲུབ་པར་འགྱུར།། རྣམ་པར་འཕྲུལ་པ་དང་བཅས་པའི་རིག་པའི་འཛུམ་པའི་ཕྱག་རྒྱས ་བཏབ་པ་ཙམ་གྱིས་ཐམས་ཅད་ཀྱི་མཆོག་གི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་པོ་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ཀྱིས་འདོད་པ་ནས། ་བསྒྲུབ་པར་བྱེད་པའོ།། སརྦ་ཀུ་རུ་ཡ་ཐ་སུ་ཁཾ་ཞེས་བརྗོད་པར་བྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐེག་པ་ཆེན་པོའི་མདོ་སྡེའི་དབང་པོའི་རྒྱལ་པོའི་བཅོམ་ལྡན་འདས ་ཕྱག་ན་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཕྱག་རྒྱ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐེག་པ་ཆེན་པོའི་མངོན་པར་རྟོགས་པའི་གསང་བའི་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས ་བྱ་བ་འདི་རང་བཞིན་གྱིས་འོད་གསལ་བའི་ཕྱིར་ཆོས་ཐམས་ཅད་རྣམ་པར་དག་པ་ལ་སོགས་པའི་མ་ལུས་ཤིང་ལུས་པ་མེད་པའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆོས་ཐོབ་པའི ་ཡེ་ཤེས་དང་། མངོན་པར་ཤེས་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་རྣམས་བསྒྲུབ་པར་བྱེད་པའོ།། རྣམ་པར་འབྲལ་པ་དང་བཅས ་པའི་འཛུམ་ཞིང་སྨིན་མའི་ཁྲོ་གཉེར་གྱི་རྡོ་རྗེའི་ཁྲོ་བོ་རྡོ་རྗེ་ལྟ་བའི་ཕྱག་རྒྱ་ནི། བཅོམ་ལྡན་འདས་ཀྱི་རྡོ་རྗེ་ཁྲོ་བོ་ཀི་ལི་ཀི་ལ་ཞེས་བྱ་བའི་ཕྱག་རྒྱ་སྟེ།། འདིས་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའ ་ལ་སོགས་པའི་བརྟེན་པ་གཡོ་བའི་དངོས་པོས་ཐམས་ཅད་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱེད་པ་དང་། འབེབས་པ་དང་། གར་དང་། གླུ་དང་། བདེན་པའི་ངག་ཐམ་ཅད ་དང་། གྲོལ་བ་དང་། པྲ་དབབ་པ་ཐམས་ཅད་སྒྲུབ་པ་དང་། སྒྱུ་མ་ཐམས་ཅད་དང་། རྨད་དུ་བྱུང་བའི་ཐམས་ཅད་སོ་སོར་སྟོན་པ་དང་། སྣ་ཚོགས་པའི་གཟུགས་ཐམས་ཅད་ཀྱི་བྱ་བ་ཐམ ་ཅད་སྟོན་པ་དང་། གནོད་པ་དང་། འདུལ་བ་དང་། གསོད་པ་དང་། ཐམས་ཅད་ཕྱིར་འདྲེན་པ་དང་། ཐམས་ཅད་བསྒྲུབ་པ་དང་། མཆོག་གི་དངོས་གྲུབ ་ལ་སོགས་པ་གཞལ་དུ་མེད་པའི་དངོས་གྲུབ་ཐམས་ཅད་ཀྱི་ཚོགས་རྣམས་བསྒྲུབ་པར་བྱེད་པའོ།། ཐམས་ཅད་དག་པའི་ཏིང་ངེ་འཛིན་གྱིས་ཐམས་ཅད་མཉམ་པ་ཉིད་ཀྱིས ་གཟུགས་སྣ་ཚོགས་པའི་བྱ་བ་རབ་དུ་འཇུག་པའི་མཆོད་པ་བྱིན་གྱིས་བརླབས་པ་ནི་རྡོ་རྗེ་པད་མ་ཞེས་བྱ་བ་ནི་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི ་ཕྱག་རྒྱ་སྟེ། ཐམས་ཅད་རྣམ་པར་སྦྱང་བ་དང་། བསྲུང་བ་དང་། ཡོངས་སུ་སྐྱོང་བ་དང་། རིམས་ཐམས་ཅད་དང་། དུག་དང་། སྦར་བའི་དུག་དང་། གདོན་དང་། ནང་དང་། མཁའ ་འགྲོ་མའི་ཕྱག་རྒྱ་ཉེ་བར་ཞི་བ་དང་། ཤི་བ་ཡང་དག་པར་གསོ་བ་དང་། དབང་ཕྱུག་ཐམས་ཅད་ཐོབ་པ་དང་། གཟུགས་སྣ་ཚོགས་པའི་བྱ་བ་ཐམས་ཅད་དུ་འཇུག་པ་ལ་སོགས་པའི ་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་དངོས་གྲུབ་མཐའ་ཡས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཏིང་ངེ་འཛིན་གྱིས་རབ་དུ་བསྒྲུབ་པར་བྱེད་པའོ།། ན་མཁར་ཕྲ་བར་བསྐྱོད་པ ་ངག་གིས་རོལ་ཞིང་རྣལ་འབྱོར་ཐམས་ཅད་ཀྱིས་རྗེ་སུ་ཆགས་པར་བྱ་སྟེ། འདིལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་ནམཁའི་སྙིང་པོ་རྡོ་རྗེ་བྱིན་གྱིས་བརླབས་པ་ཞེས་བྱ་བའི་ཕྱག་རྒྱ་སྟེ། ་འདིས་རྒྱབ་པས་བཅོམ་ལྡན་འདས་རྗེ་སུ་ཆགས་ཤིང་དགེས་པ་དང་། བརྟན་པ་རྗེས་སུ་ཆགས་ནས་ན་མཁའ་ཐམས་ཅད་ཀྱི་བདག་ཉིད་ཀྱི་ཀུན་དངོས་པོ་ཉིད་ཀྱི་ཕྱིར་བསམ་པ་ཐམས་ཅད ་ཡོངས་སུ་རྫོགས་པ་དང་། མཆོག་གི་དངོས་གྲུབ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་ཡིད་ལ་འདོད་པ་རྣམས་བསྒྲུབ་པར་བྱེད་པའོ་ཞེས་བྱ་བ་གསུངས་སོ།། ་གསང་བ་དམ་གསུངས་པ་ཡིན།། མིག་སོགས་ཕྱག་རྒྱས་བཏབ་པ།། རྡོ་རྗེ་སེམས་དཔས་གསུངས་པ་ཡིན།། རྡོ་རྗེ་ཀུན་འཛིན་སློབ་དཔོན་གྱིས།། ཙུམ་པ་ན་དང་འཁྱུད་སོགས ་ཀྱིས།། ཐམས་ཅད་རྣལ་འབྱོར་རྗེས་བསྒྲུབ་སྟེ།། མྱུར་དུ་ཀུན་ལས་རྒྱས་བཏབ་བྱ།། སྙིང་པོ་ཕྱག་རྒྱ་སྔགས་རིག་པ།། བསྒྲུབ་པ་འདི་ནི་སླང་འབྱུང་སྟེ།། གྲུབ་པ་མེད་པ་རྣམས་ལ་ཡང ་དངོས་གྲུབ་ཐམས་ཅད་རབ་བསྒྲུབ་བྱེད།། གང་ལ་དངོས་གྲུབ་མིང་བྱུར་དང་།། བསོད་ནམས་ཕུན་ཚོགས་མེད་པ་ཡང་།། བདག་ཉིད་རྡོ་རྗེ་སེམས་དཔའ་ལ།། རྒྱས་གདབ་མྱུར་དུ་འགྲུབ ་པར་འགྱུར།། གལ་ཏེ་རྡོ་རྗེ་སེམས་དཔའ་མཆོག། སྙིང་པོ་ལ་སོགས་ཉི་སྙིང་པོས།། བསྒྲུབས་ཀྱང་འགྲུབ་པར་མ་གྱུར་ན།། བཙུམ་པ་སོགས་ཀྱིས་རྒྱས་གདབ་བྱ།། གང ་ཕྱིར་གསང་བའི་ཕྱག་རྒྱ་འདི། དངོས་གྲུབ་ཀུན་གྱི་བདེ་དམ་པ།། རྡོ་རྗེ་སེམས་དཔའི་མཆོད་པ་མཆོག། དེ་ཡིས་མྱུར་དུ་འགྲུབ་པར་མ་གྱུར་ན།། དེ་ཉིད་ཆེན་པོ་འདི་བསྒྲུབ་པ།། མཆོག ་@གི་བདག་ཉིད་དམ་པ་སྟེ།། མཆོག་གི་གསང་བ་བསོད་ནམས་ལྡན།། སོ་སོ་སྐྱེ་བོ་ལ་བརྗོད་མིན།། རྡོ་རྗེ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དང ་པའི་རྗེས་འབྲང་ལ།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། སྤྲིན་ཏེ་གཞན་ལ་སྤྲིན་མི་བྱ།། ཕྱག་རྒྱའི་རྒྱུད་འདི་འབའ་ཞིག་གི། བདག་ཉིད་གང་ལ་ཡོད་གྱུར་ན།། བདུད་ལ་སོག ་པ་ཐམས་ཅད་ཀྱིས།། མི་ཐུབ་པ་དང་སོད་མི་འགྱུར།། དེ་ལ་རྒྱལ་པོ་རྡོ་རྗེ་འཛིན།། ཀུན་མཆོག་དངོས་གྲུབ་ཀུན་རྩོལ་བ།། ཐམས་ཅད་མཛད་ཅིང་ཐམས་ཅད་མཁྱེན།། ་ཐམས་ཅད་བསྒྲུབ་པར་མཛད་པ་ཡིན།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུང་སོ།། དཔལ་མཆོག་དང་པོ་ལས་མཆོག་དུ་གསང་བ་ཞེས་བྱ་བའི་ཕྱག་རྒྱའི ་རྒྱུད་ཕྱག་རྒྱ་བཅུ་པ་རྫོགས་སྷོ།། །། དེ་ནས་མཆོག་ཏུ་མཁས་ཤིང་ཕྲ་ལ་ཟབ་ཅིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་ཅིང་ཤིན་དུ་མཐའ་ཡས་པ་ཚད་མེད་ཅིང་གཞལ་དུ་མེད་པ ་བརྗོད་ཀྱིས་མི་ལྡང་ཞིང་རབ་དུ་ཁྱབ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བའི་ཕྱག་རྒྱའི་རྒྱུད་བཤད་པར་བྱའོ་ཞེས་བྱ་བ་བཅོམ་ལྡན་འདས་མཆོག་ཏུ་གྲུབ་པའི་རྡོ་རྗེ་སེམས་དཔས ་གསུངས་སོ།། དེ་ལ་ཕྱག་རྒྱ་བཅུའི་བདག་ཉིད་ཐམས་ཅད་བསྐྱེད་པར་བྱེད་པའོ།། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའི་བདེ་བ་ཆེན་པོའི་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བའོ།། ་སྔོན་དུ་དང་པོའི་དངོས་གྲུབ་ཐམས་ཅད་ཀྱི་མཆོག་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལས་ཀྱི་ཚོགས་མྱུར་དུ་བསྒྲུབ་པར་བྱེད་པ་སྟེ།། བདག་ཉིད་ཐམས་ཅད་ཀྱིས་བསྒྲུབ ་པར་བྱའོ།། དེ་ལ་འདི་སྐུའི་ཕྱག་རྒྱ་སྟེ། བ་དན་གསུམ་པ་དང་། ཁ་བ~ཾ་ཀའི་ཕྱག་རྒྱ་བཅིངས་ནས་གཡོན་དྲིལ་བུཾ་དང་བཅས་ཤིང་གཡས་སློང་བའི་ཚུལ་གྱིས་བྱ་སྟེ། སྒེག་པ་དང ་བཅས་པའི་འཛུབ་མོ་ལ་སོགས་པར་དཀྲོལ་བའི་གར་གྱི་རྡོ་རྗེ་འདོད་པའི་དབང་ཕྱུག་མ་བསྟོད་པ་སྟེ། ཐམས་ཅད་ཀྱི་མཆོག་དངོས་གྲུབ་ཆེན་པོ་དབང་ཕྱུག་ཆེན་པོའི་མཆོག ་གི་ཕྱག་རྒྱ་དགའ་བ་ཆེན་པོའི་དཔལ་དོན་ཡོད་པའི་དགེས་པའི་དམ་ཚིག་དངོས་གྲུབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་མ་ཞེས་བྱ་སྟེ། དེས་རྡོ་རྗེ་བསྙེམས་མ་ཡོངས་སུ་བཏང ་པར་བྱས་ནས་དངོས་གྲུབ་བཞི་འགྱུར་རོ།། རྡོ་རྗེ་བསྙེམས་མ་དེ་ཉིད་ཀྱིས་རྒྱས་བཏབ་ན་མཆོག་གི་དངོས་གྲུབ་ཆེན་པོའི་དབང་ཕྱུག་ཆེན་པོའི་བདག་ཉིད་མི་འགྱུར་བའི་མཆོག་གོ།། ་མདའ་གསོར་བའི་རྒྱས་ན་རྡོ་རྗེ་ལྷ་མོ་རྣམས་ཀྱང་རྗེས་སུ་ཆགས་པར་བྱེད་ན།། བུད་མེད་གཞན་རྣམས་ལྟ་སྨོས་ཀྱང་ཅི་དགོས། རྡོ་རྗེ་ཀི་ལི་ཀི་ལས་རྒྱས་བཏབ་ན་ལྷ་དང་ལྷ་མིན ་ཡིན་གྱི་བུད་མེད་ཐམས་ཅད་རོལ་བར་བྱེད་ཅིང་མ་གྲུབ་ན་ཡང་ཐམས་ཅད་བསྒྲུབ་པར་བྱེད་པ་ཡིན་ནོ།། ཆུ་སྲིན་གྱི་རྒྱལ་མཚན་བསྒྲེང་བའི་ཕྱག་རྒྱ་འདིས་ཐམས་ཅད་ལས་རྣམ་པར ་རྒྱལ་བ་དང་། གསོད་པའོ།། རྡོ་རྗེ་འདོད་པའི་དབང་ཕྱུག་མས་ཡོངས་སུ་དགོད་ཅིང་ཕྲེང་བ་དོར་བའི་ཕྱག་རྒྱས་རྒྱས་བཏབ་པ་ཙམ་གྱིས་དབང་བསྐུར་བ་ཐོབ་བོ།། ་མཆོག་བསང་བའི་རས་རིས་ཀྱི་ཕྱག་རྒྱ་ཇི་ལྟ་བ་བཞིན་དུ་བརྗོད་པར་བརྗོད་པར་བྱའོ།། བདེ་བ་ཆེན་པོ་དོན་ཡོད་པའི་དམ་ཚིག་གི་མཆོད་པས་རབ་དུ་དགའ་བ་མ་ལ་སོགས་པའི་མཆོད་པ ་ཐམས་ཅད་ཐོབ་པ་མི་ཟད་པའོ།། རྡོ་རྗེ་བསྟོད་པའི་ཕྱག་རྒྱས་སྲིད་པ་གསུམ་པོ་ཐམས་ཅད་བསྐྱོད་པ་དང་། རབ་དུ་འབྱེད་པའོ།། རྡོ་རྗེ་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་རྐང་པས་ལྷའི་གཟུགས ་བརྙན་མནན་ཅིང་རྒྱས་བཏབ་ནས་སྡིག་འཛུབ་བྱས་ཏེ། ལྷ་ལ་སོགས་པའི་སེམས་ཅན་དེ་དང་དེ་རིང་པོ་མི་ཐོགས་པར་རྒྱས་བཏབ་པས་བཀའ་བསྒོ་བ་ཐམས་ཅད་དང་ལས་རྣམས་བྱེད་པར ་འགྱུར་རོ།། སྟན་མཐོན་པོ་ལ་དཀྱིལ་མོ་དཀྲུང་བྱེད་པས་གདུག་སྟེ། རྐང་པ་གཡོན་པས་རྡོ་རྗེ་སེམས་དཔའི་གཟུགས་བརྙན་ཡང་མནན་ནས་རྡོ་རྗེ་གསོར་ཞིང་རྡོ་རྗེ་སེམས་དཔའ་ཡང་མནན ་ནས་དངོས་གྲུབ་དུ་འོང་བ་ཐམས་ཅད་དང་། ཕུན་སུམ་ཚོགས་པ་རྣམས་ཉམས་སུ་མྱོང་ན་ལྷ་ལ་སོགས་པའི་སེམས་ཅན་རྣམས་སྤོས་ཀྱང་ཅི་དགོས།། གཡོན་པའི་རྡོ་རྗེ་ཁུ་ཚུར་གྱིས་རང་གི། ་རྟགས་བཟུང་ནས། གཡས་པས་རྡོ་རྗེ་ལ་སོགས་པའི་བསྟོད་པའི་ཚུལ་གྱིས་འཛིན་ཅིང་ཡིད་ལ་འདོད་པའི་ལྷའི་བུ་མོ་ཐམས་ཅད་ལ་རྒྱས་འདེབས་ཅིང་སྟོབས་ཀྱི་རོལ་བར་བྱེད་པ་འམ། ་བསྒྲུབ་པར་བྱེད་སྟེ། རྡོ་རྗེ་སེམས་དཔའི་ཕྱག་རྒྱ་ཆེན་པོའོ།། དེ་ནས་དམ་ཚིག་གི་ཕྱག་རྒྱ་ནི།། བདེ་བ་ཆེན་པོ་རྡོ་རྗེ་དོན་ཡོད་པའི་དམ་ཚིག་ལས་བྱུང་བ་ནི་བཅུ་སྟེ། སྙིང་ཁར་སེན་མོས ་རྡེག་པའོ།། ལྕགས་ཀྱུ་རྡེག་པའོ།། གཡོན་པའི་ལྕགས་ཀྱུ་ལ་གཡས་པས་བཞུགས་པའོ།། ལྕགས་ཀྱུའི་རྩེ་མོ་བཙིར་བའོ།། ཕན་ཚུན་སེ་ནི་མོ་བླུན་པའོ།། སྙིང་ཁར་བྱབ་པའོ།། ་ལྕེ་མཉམ་པར་འབྱིན་པའོ།། སྙིང་ཁར་རྡོ་རྗེ་བརྟན་པར་རབ་དུ་བཞག་པའོ།། རྡོ་རྗེས་བྱབ་པའོ།། རྩ་བའི་ཕྱག་རྒྱ་ཡང་ངོ་།། འདི་རྣམས་ཀྱིས་དངོས་གྲུབ་དང་། ཕུན་སུམ་ཚོགས་པ་དང་། ་བདེ་བ་དང་། ཕྱག་རྒྱ་དང་། དམ་ཚིག་དང་། དཀྱིལ་འཁོར་དང་། ཆོས་དང་། ཡེ་ཤེས་དང་། ལས་དང་། བདེ་བ་ཆེན་པོ་ཐམས་ཅད་ཀྱི་དངོས་གྲུབ་རྣམས་དོན་ཡོད་པ་ཐོབ་པར་འགྱུར་རོ།། ་དེ་ནས་གསང་བའི་དམ་ཚིག་གི་རྡོ་རྗེ་བསྡམས་པ་ལས་བྱུང་བའི་ལས་བཅུའི་དབུས་མའི་ལྕགས་ཀྱུས་སོ།། མཐེ་བོ་རྡོ་རྗེའོ།། དེ་ཉིད་ཀྱི་མཐིལ་བྲུང་བའོ།། འཛུབ་མེའི་རྡོ་རྗེ་དེ་ཉིད་ཀྱིས ་ལྕགས་ཀྱུ་གཉིས་སོ།། དབུས་མའི་རྡོ་རྗེའོ།། དེ་ཉིད་ཀྱིས་སོར་མོའི་རྩེ་མོ་བཅིང་བར་བྱའོ།། སྲིན་ལག་གི་རྡོ་རྗེའོ།། དེ་ཉིད་ཀྱིས་སོར་མོ་དག་གི་རོལ་མོའོ།། མཐེ་ཆུང་གི་རྡོ་རྗེའོ།། དེ་ཉིད་ཀྱི ་མཐེ་བོང་གཉིས་ཀྱིས་སེན་མོ་བཙིར་བའོ།། འདི་རྣམས་ཀྱི་རྒྱས་བཏབ་པས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དངོས་གྲུབ་ཐམས་ཅད་རྗེས་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། དགུག་པ ་དང་ཕརོལ་པ་དང་། ཆགས་པས་བཅིངས་པ་དང་། ཐམས་ཅད་སླར་བཞུག་པ་དང་། གར་བྱེད་དུ་བཞུག་པ་དང་། རྒོད་དུ་བཞུད་པ་དང་། གསོད་པའོ།། ་དེ་ནས་ལས་ཀྱི་དམ་ཚིག་གི་ཕྱག་རྒྱ་བཅུ་ནི།། རྡོ་རྗེ་གར་གྱི་མཆོད་པས་ལྷ་དང་ལྷ་མ་ཡིན་གྱི་བུ་མོ་ཐམས་ཅད་དང་། བུ་མོ་གཞོན་ནུ་མ་ཐམས་ཅད་བརྟན་པ་རྗེ་སུ་ཆགས་པ་ནི་རྡོ་རྗེས་བལྟ་བསོ།། ་རབ་དུ་དགའ་བའི་བསྒྲུབ་པ་ནི། མ་མཆུ་ནང་དུ་གཡོ་བར་བྱེད་པས་མྱང་བ་དང་། བཏུང་བ་སོ།། ཆགས་པས་བརྟན་ཞིང་གཡོ་བ་ནི་དབུགས་རིང་པོར་བཏབ་པ་སོ།། དེ་ནས་ལས་འདོད་པ ་ཐམས་ཅད་ཀྱི་དབང་ཕྱུག་ཐོབ་པ་ནི་དཔུང་པ་གཉིས་བསྟོད་པའོ།། ཐམས་ཅད་ཀྱི་བསྟོད་པར་འགྱུར་བ་ནི་སྙིང་ཁར་བཞུགས་པ་སོ།། ཡོད་པ་ཐམས་ཅད་སྙད་པ་ནི་མིག་གིས་དགུག་སོ།། ་འདོད་པའི་ཆགས་པ་རྙེད་པ་ནི་དབུགས་དང་བཅས་པའི་དམན་པའི་གདོང་གིས་ལྟ་བ་སོ།། ཐམས་ཅད་འབེབས་པའི་ཆོ་ག་ནི་རེང་གི་སྙིང་ཁར་བསྐྱེད་པའི་ལས་རྣམས་ཀྱི་སོ།། འདོད་པའི ་ཆགས་པ་གསང་བ་ནི་དབུགས་བཏང་བས་རང་ཉིད་ལྟུང་བར་བྱེད་པས་སོ།། འདོད་པ་ཐམས་ཀྱི་རྗེས་སུ་སྤྱོད་པ་ལ་སོགས་པའི་ལས་ཐམས་ཅད་བྱེད་པ་ནི་བཀའ་བསྒོ་བསོ།། དེ་ནས་རྡོ་རྗེ ་སེམས་དཔའ་ལ་སོགས་བརྟན་པ་དང་གཡོ་བའི་དངོས་པོ་ཐམས་ཅད་ལ་ཉེད་པར་སྦྱོར་ན་དོན་ཡོད་པས་བསྒྲུབ་པས་སྐ་ཅིག་མ་ཉིད་ཀྱི་བརྟེན་ཞིང་མི་འགྱུར་བའི་དངོས་གྲུབ་ཀྱི་རྒྱས་བཏབ། ་ནས་འགྲུབ་པར་འགྱུར་རོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངསོ།། དེ་ནས་ལས་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་བསྙེམས་མའི་ཕྱག་རྒྱས་ཐམས་ཅད་བསྒྲུབ་པའོ།། རྡོ་རྗེ་མཚོན ་ཆམས་ཐམས་ཅད་ལས་རྣམ་པར་རྒྱལ་བ་དང་། རྗེས་སུ་ཆགས་པའོ།། རྡོ་རྗེ་ཀི་ལི་ཀི་ལས་རབ་དུ་དགའ་བའི་རིག་བྱ་དང་། དངོས་གྲུབ་ཐམས་ཅད་བདེ་བར་གྲུབ་པའོ།། རྒྱལ་མཚན་བསྒྲེད ་པས་འཐབ་མོ་ཐམས་ཅད་ལས་རྣམ་པར་རྒྱལ་བའོ།། རྡོ་རྗེ་འདོད་པའི་དབང་ཕྱུག་མས་བདག་པོ་ཆེན་པོ་ཉིད་དོ།། རྡོ་རྗེ་གསོར་བས་ཐམས་ཅད་འདུལ་བའོ།། རྡོ་རྗེ་དོར་བར་བྱས་ན་ཐམ། ་ཅད་གསོད་པར་འགྱུར་རོ།། རྡོ་རྗེ་དྲོར་བས་ཐམས་ཅད་གསོད་པ་དང་། ཐམས་ཅད་འཕྲོག་པསོ།། གཡོན་པ་བསྙེམས་ཤིང་གཡས་པའི་རྡོ་རྗེ་ཁུ་ཚུར་གྱི་ལས་རྣམས་ཀྱི་སྒྱུ་མ་དང་། རྫུ ་འཕྲུལ་ཐམས་ཅད་དང་། སོ་སོར་སྟོན་པ་དང་། རྨུགས་པ་དང་། རེངས་པ་དང་། གཉིད་ལོག་ཏུ་བཞུག་པ་དང་། བསྐོར་བ་དང་།། བསྐྲང་བ་དང་། འབྲུ་དང་། བཏུང་བ་འབོད་དེ། དབང་དུ་འདུ ་བ་ལ་སོགས་པའི་ལས་ཐམས་ཅད་བསྒྲུབ་པར་བྱེད་པའོ།། རྡོ་རྗེ་འབེབས་པའི་དམ་ཚིག་གི་ཕྱག་རྒྱ་བཙུ་ནི་རྡོ་རྗེ་ཐལ་མོ་ལས་བྱུང་བའོ།། རྡོ་རྗེ་སྐུ་མཆོག་གི་དངོས་གྲུབ་མཆོག་ཐམས་ཅད་དེ།། ་འཛུབ་མོ་གཉིས་ཀྱི་ལྗགས་ཀྱུས་དངོས་གྲུབ་ཐམས་ཅད་དོ།། རྡོ་རྗེ་གནོད་སྦྱིན་གྱི་བདུད་ཐམས་ཅད་ལ་སོགས་པའི་གདུག་པ་འདུལ་བའོ།། དེ་ཉིད་ཀྱི་མཐེ་བོ་རྗེས་བཀབ་པས་ཐམས་ཅད ་སྐྱེད་པའོ།། དེ་ཉིད་ཀྱི་མཐེ་བོ་གཉིས་གཙུག་གཏོར་རྡོ་རྗེ་ཐམས་ཅད་བསྲུང་བའོ།། མཐེ་བོང་རྡོ་རྗེ་ནང་དུ་བཅུག་པ་དེ་ཉིད་ཀྱིས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་སེམས་ཅན་ཐམས་ཅད། ་རྗེས་སུ་ཆགས་པ་དང་། དགུག་པ་དང་། དབང་དུ་བྱེད་པ་བསྒྲུབ་པ་ལ། མཐེ་ཆུང་རྡོ་རྗེའི་སོར་མོ་གཉིས་ཀྱི་རྩེ་མོ་འཛུབ་མོ་གཉིས་ཀྱིས་ལེགས་པར་བཟུང་བས་མཐེ་བོ་ནི་དཔལ་དགུ། ་བ་དང་། དབང་དུ་བྱེད་པའོ།། གནོད་སྦྱིན་གྱི་རྒྱལ་མོ་དེ་ཉིད་ཀྱིས་ནོར་སྤྲིན་ལས་ནོར་ཐམས་ཅད་དང་དཔལ་འཕྲོག་པའོ།། དེ་ཉིད་ཀྱིས་དབུས་མ་གཉིས་ཀྱི། ་སྲིན་ལག་གི་རྩེ་མོ་གཉིས་ཡོངས་སུ་བཙིར་བས་བདུད་ལ་སོགས་པའི་གདོན་ལས་གྲོལ་བ་དང་། དབང་དུ་བྱས་ནས་ལས་ཐམས་ཅད་ལ་སྦྱོར་བའོ། 3། རབ་དུ་དགའ་བའི་རྡོ་རྗེས་ཡུལ ་ཐམས་ཅད་ཀྱི་མཆོག་བསྒྲུབ་པའོ།། དེ་ནས་གསང་བའི་ཕྱག་རྒྱ་བཅུ་རབ་དུ་དགའ་བའི་རྡོ་རྗེ་ལས་བྱུང་བའོ།། རྡོ་རྗེ་སེམས་དཔའ་མནོན་ནས་རྡོ་རྗེ་ལྷ་མོ་རོལ་དུ་བཞུག་པའོ།། དེ་ཡང ་རབ་དུ་དགའ་བའི་རྡོ་རྗེ་ཆེན་པོས་རྒྱས་བཏབ་པསོ།། རྡོ་རྗེ་དང་བཅས་པའི་རབ་དུ་དགའ་བའི་རྡོ་རྗེའོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆགས་པ་དང་བྲལ་བའི་འཁོར་ལོ་དྲལ་བའོ།། ་འཛུབ་མོ་དང་། དབུས་མ་དང་། སྲིན་ལག་གི་འཁོར་ལོ་བསྒྲེང་བར་བྱས་ལ།། མཐེ་བོ་དང་མཐེ་ཆུང་རྣམས་དྲལ་བར་བྱས་ཏེ། རབ་དུ་དགའ་བའི་རྡོ་རྗེ་བསྒྲུབ་པ་དེ་ཁོ་ན་ཉིད་ཀྱིས་བཏབ ་ཅིང་བསྒྲུབ་པར་འགྱུར་རོ།། བཙིར་ན་འདོད་པ་ཐམས་ཅད་བརྟན་པར་བྱེད་པའོ།། འཛུབ་མོ་ལྕགས་ཀྱུས་འདོད་པ་ཐམས་ཅད་ཀྱི་བདེ་བ་འགུག་པའོ།། འཛུབ་མོས་ཕྲ་དོག་ལ་སོགས་པའི ་འདོད་པ་ཐམས་ཅད་ཀྱི་དུ་ཁ་རབ་དུ་ཞི་བའོ།། རྟག་སུ་བསྐྱོད་པས་རབ་དུ་དགའ་བ་འབེབས་ཤིང་དེ་ནས་བསྒྲུབ་པའོ།། སྐྱེ་གནས་གཡོ་བས་བུད་མེད་དང་སྐྱེས་པ་དག་གི་རབ་དུ་དགའ་བ་ལ ་འཇིག་རྟེན་ལས་འདས་པའི་བླན་མེད་པའི་འདོད་པ་ཐམས་ཅད་ཀྱི་བདེ་བ་ཆེན་པོ་ཤིན་དུ་མཐའ་ཡས་པའོ།། བསྐོར་བཅིང་བས་ཇི་སྲིང་ལོའི་བར་དུ་འདུས་པ་དང་བྲལ་བས་ཡང་ངོ་།། རྟགས ་ཀྱི་སེན་མོས་གཡོན་གྱི་འཐིལ་བྲུད་པས་ཤིན་དུ་བརྟན་པའི་འདོད་པ་ལ་ཆགས་པ་ཉིད་འགྱུར་ཏེ། གཞན་མི་འདོད་པ་དང་མི་ལྟ་ཞིང་གཞན་ལ་མི་འགྲོ་བར་ཤིན་དུ་བདེ་དེ་ཡིད་བདེ་བ་སྟེར་བའི ་བུད་མེད་ཐམས་ཅད་གྲུབ་པར་འགྱུར་རོ།། སྐྱེ་གནས་ཀྱི་སེན་མོ་བྲུད་པས་སྐྱེས་བུ་རྣམས་སོ།། དེ་ནས་ཐམས་ཅད་ཀྱི་བདག་ཉིད་གསང་བའི་ཕྱག་རྒྱ་བཅུ་སྟེ། དེ་ལ་ལུས་ཐམས་ཅད་ཀྱི ་ཕྱག་རྒྱ་ནི།། རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་འཁྱུད་ལ་མཆུ་སོ་རྣམས་ཀྱི་བཟུང་ཏེ། རྨོངས་པས་བདེ་བ་སྟེང་དུ་བསྒྲུབ་པས་རབ་དུ་དགའ་བའི་དངོས་གྲུབ་ཀྱིས་རྡོ་རྗེ་སེམས་དཔའ་ཤིན་དུ ་འགྲུབ་པར་འགྱུར་རོ།། མཆོག་དང་པོའི་དངོས་གྲུབ་ཀྱིས། སུ་ར་ཏི་སྟོ།། ཞེས་བཅོམ་ལྡན་འདས་ལ་བརྗོད་ཅིང་དེ་ཁོ་ན་ཉིད་བསྐུལ་བ་འགྲུབ་པར་འགྱུར་རོ།། རབ་དུ་དགའ་བའི་ཡེ་ཤེས ་ཐམས་ཅད་བསྒྲུབ་པའོ།། ལག་པ་གཡོན་པའི་གསང་བའི་ཁུ་ཚུར་ཀ་བ་ན་ཐམས་ཅད་བསྒྲུབ་པའོ།། བདེ་བ་ཆེན་པོ་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་ཆེན་པོའི་ལྟབས་ཐམས་ཅད་གྲུབ་པའོ།། སྨིན ་མགྱེན་དུ་བཏེག་པས་ལྟུང་བ་སྤོང་བའོ།། རང་གི་མ་མཆུ་ནང་དུ་མྱང་བས་བསྐལ་པ་བཟང་པོ་ཆེན་པོ་གྲུབ་པའོ།། རང་གི་སྐྱེ་བསྐྱོད་པས་རང་ཉིད་ཀྱི་བདེན་པ་ཐམས་ཅད་དང་། དེ་ཁོ་ན་ཅི། ་གསལ་ཞིང་མི་སླུ་བར་སྨྲའོ།། རང་གི་ལུས་ལ་འབེབས་པས་གཟུགས་ཐམས་ཅད་ཡོངས་སུ་བསྒྱུར་བ་སྟེ།། རྡོ་རྗེ་སེམས་དཔའ་འམ་སངས་རྒྱས་སུ་ཡང ་འགྱུར་བ་ཡིན་ནོ།། རང་གི་བདག་ཉིད་རྡོ་རྗེ་བསྒོམས་པས་ན་མཁའ་ལ་འགྲོ་བའོ།། དེ་ནས་དང་པོའི་ལས་ཐམས་ཅད་ཀྱི་ཕྱག་རྒྱ་བཅུ་ནི་རྡོ་རྗེ་ཐལ་མོ་ཁ་ཊ~ཾ་ཀ་སོ།། དང་གྲུབ་ཐམས་ཅད ་རྡོ་རྗེ་ཁུ་ཚུར་དག་གིས་སོ།། དེ་བཞིན་གཤེགས་པའི་ཁུ་ཚུར་དག་གིས་དངོས་གྲུབ་ཐམས་ཅད་དོ།། ཐམས་ཅད་གསོད་པ་ནི་ཁྲོ་བོའི་རྡོ་རྗེ་ཁུ་ཚུར་དག་གི་སོ།། ཐམས་ཅད་སྤང་བ་ནི་བ ་མའི་ཁུ་ཚུར་དག་གིས་སོ།། ནོར་ཐམས་ཅད་དབྲོག་པ་ནི། ནོར་བུའི་ཁུ་ཚུར་གྱིས་སོ།། ཐམས་ཅད་འབེབས་པ་ནི་ཐམས་ཅད་འབེབས་པའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་གར ་བྱེད་དུ་བཞག་པ་ནི་ཁ་ཊི་ཀ་གཏོར་བའི་ཁུ་ཚུར་གྱིས་སོ།། ཐམས་ཅད་སླར་བཞག་པ་ནི་འཛུབ་མོ་མཉམ་པའི་ལྕེའི་ཁུ་ཚུར་དག་གིས་སོ།། ཐམས་ཅད་བསྟོད་པ་ནི་བརྟན་པའི་ཁུ་ཚུར ་དག་གིས་སོ།། ཐམས་ཅད་བཞུག་ཅིང་དོན་ཡོད་པར་བསྒྲུབ་པ་ནི་རྡོ་རྗེ་ལྕགས་ཀྱུའི་ཁུ་ཚུར་དག་གིསོ།། དེ་ནས་རྡོ་རྗེ་ཁུ་ཚུར་གཉིས་ཀྱིས་ཅི་འདོད་པའི་ལག་པའི་སོར་མོའི་ཕྱག་རྒྱ་བཅུ་སྟེ། ་དོན་ཡོད་ཅིང་ཐོགས་པ་མེད་པར་སྐ་ཅིག་མ་ལུས་མྱུར་དུ་ལས་རབ་དུ་འགྲུབ་པར་བྱེད་པའོ།། འདི་ལྟ་སྟེ་བི་ཝང་དང་། གླིང་བུ་དང་། རྫ་རྔ་དང་། ཀུ་མུ་དྷ་དང་། ཆ་ལང་དང་། རྔ་བོ་ཆེ་དང་། ་རྔ་ཟླུམ་དང་། རྔ་བ་དང་། ཧ་དང་། འགུན་ཛ་དང་། ཏི་མི་ལི་དང་། འདི་རྣམས་ཀྱིས་རྒྱས་བཏབ་ན་ཐམས་ཅད་རྗེ་སུ་ཆགས་པ་དང་། དབང་དུ་བྱེད་པ་དང་། འབེབས་པ་དང་། རིམས་དང་། ་དུག་དང་། སྦྱར་དུག་དང་། གདོན་ལས་གྲོས་པ་དང་། གསོད་པ་དང་། འཐབ་མོ་ལས་རྣམ་པར་རྒྱལ་བ་དང་། ཕུན་སུམ་ཚོགས་པ་ཐམས་ཅད་ཐོབ་པ་ཡིན་ནོ།། ཞེས་བྱ་བ་བཅོམ་ལྡན་འདས ་རྡོ་རྗེ་སེམས་དཔས་གསུང་སོ།། འདོད་ཆགས་ཆེན་པོ་རྣམ་དག་ཕྱིར། ཆགས་པ་ཆེན་པོས་རྣམ་དག་པས།། རྡོ་རྗེ་སེམས་དཔའ་ཆེན་པོ་ཡིས།། ཕྱག་རྒྱའི་རྟོག་པ་རབ་དུ་བརྟགས།། རྡོ་རྗེ ་སློབ་དཔོན་སློབ་མ་མཆོག། དེ་ཉིད་དད་པའི་རྗེས་འབྲང་བ།། རྟོགས་པ་ཙམ་གྱི་སྐ་ཅིག་གིས།། དོན་ཡོད་ཀུན་གྲུབ་བདེ་བ་བརྩོལ། ཞེས་བྱའོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ ་གྲུབ་པ་ཞེས་བྱ་བའི་རྒྱུད་རྫོགས་སྷོ།། །། དེ་ནས་མཆོག་ཏུ་མཁས་ཤིང་ཕྲལ་ཟབ་ཅིང་རྒྱ་ཆེ་བབས་མི་གྱི་མི་ཁྱབ་པ་ཤིན་ཏུ་མཐའ་ཡས་འདས་པ་ཚད་མེད་ཅིང་གཞལ་དུ་མེད་པ།། ་མ་ལུས་ཤིང་ལུས་པ་མེད་པའི་མཆོག་གི་དངོས་གྲུབ་ཆེན་པོ་བདག་ཉིད་ལ་སོགས་པའི་དངོས་གྲུབ་ཐམས་ཅད་ཀྱི་ལུས་ཀྱི་ཚོགས་མཆོག་ཏུ་དམ་པ་གྲུབ་པ་ཞེས་བྱ་བ། རྡོ་རྗེ་གར་ལས་བྱུང ་བའི་ལས་ཀྱི་ཚོགས་ཐམས་ཅད་ཀྱི་ཕྱག་རྒྱ་བཤད་པར་བྱའོ།། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་གསུང་སོ། ཕྱག་རྒྱ་ཆེན་པོ་མཉམ་བཞག་ནས། སྒེག་བཅས་འཛུམ་སོགས ་དཀྱིལ་བ་ཡིས།། ལས་ཀྱི་ཕྱག་ཆེན་པོ་ཡི། ཐམས་ཅད་གར་གྱིས་བསྒྲུབ་པར་བྱ། བདེ་བ་ཆེན་པོ་རྡོ་རྗེ་གསང་བའི་ལྕགས་ཀྱུར་འཁྱུད་པར་དུ་ལས་ཀྱི་ཕྱག་རྒྱ་བཅིངས་ཏེ། བརྒྱ་ཕྲག་དང་པོ། ་མཆོག་ཏུ་བསྒྲུབ་པ་སྟེ། རྡོ་རྗེ་དམ་ཚིག་གི་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་བསྡམས་པ་བཅིངས་ནས་ནི།། ཁ་སྦྱོར་ནང་དུ་གསལ་བ་སྟེ།། མཆོག་དང་པོའི་གསང་ཆེན་གྱིས། ལས་ཀྱི་ཕྱག་རྒྱ་ཆེ ་རྒྱ་ཡིནཿཞེས་བྱ་བ་རྡོ་རྗེ་ལྷ་མོ་གསང་བ་ཐམས་ཅད་ཀྱི་ཕྱག་རྒྱའོ།། རྡོ་རྗེ་གར་གྱི་མཆོད་པ་ཆེ།། ཐལ་མོ་སྤྱི་བོར་བཟུང་ནས་ནི།། ལས་ཀྱི་ཕྱག་རྒྱ་བསྒྲུབ ་བར་བྱ།། བད་མ་རྣམས་དང་སྦར་བར་བྱ། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོད་པ་ཆེན་པོའི་ལྷ་མོ་རྣམས་ཀྱི་ཕྱག་རྒྱའོ།། རྡོ་རྗེ་བསྙེམ་སོ་མས་གར་བྱ་ཞིང་།། བསྒེག་བཅས་མི་ཐེ ་ཆུང་སོགས་དཀྲོལ་བས།། དེ་ཉིད་བཅིངས་ནས་གར་བྱ་ཞིང་།། ཕྱི་མ་རྒྱ་ནི་འབྱུང་བ་ཡིན།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་ལས་དོན་ཡོད་པའི་དམ་ཚིག་གྲུབ་པའི་དབང་ཕྱུག ་ཆེན་པོའི་མཆོག་གི་ཕྱག་རྒྱ་བརྒྱ་པའོ།། རྡོ་རྗེ་ཐལ་མོ་མཉམ་བཞག་ནས།། ཐམས་ཅད་ཉིད་ནི་བསྒྲུབ་པར་བྱ།། མཆོག་དང་པོའི་ལས་ཆེན་པོ།། ཕྱག་རྒྱ་རྒྱ་མཆོག་གཞན ་ཡིན་ནོ།། ཞེས་བྱ་བ་རྡོ་རྗེ་ཐལ་མོ་ཐམས་ཅད་ཀྱི་ཕྱག་རྒྱའོ།། མདའ་ལྔ་བསྡུས་པ་བཅིངས་ནས་ནི།། ལས་ཀྱི་ཕྱག་རྒྱ་བདེ་བ་རྒྱ།། རབ་དུ་དགའ་མཆོག་མ་དཀྲོལ་བར།། བདེ་བ ་ཉིད་དུ་མངོན་པར་སྦྱར།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་མཆོག་ཏུ་གསང་བའི་འདོད་པ་མའི་ཕྱག་རྒྱ་བརྒྱའོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། ཇི་བཞིན་ཕྱག་རྒྱ་མཆོག་སྦྱོར་བ། ་ལས་ཀྱི་ཕྱག་རྒྱ་སྣ་ཚོགས་བརྒྱ།། མཆོག་དང་སོར་ནི་རབ་དུ་བརྟག། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ལྷ་མོའི་ཕྱག་རྒྱའོ།། རྡོ་རྗེ་ལྷ་མོའི་ཁཱ་ཊེ་ཀོ། ་བྷྲཱུཾ། ལུས་ཀུན་གྱིས་ནི་གར་བྱ་ཞིང་།། རྡོ་རྗེ་ལྷ་མོ་གྲུ་གླང་ཞིང་།། དང་པོའི་ཕྱག་རྒྱ་རྒྱ་ཆེན་པོ། ཞེས་བྱ་བ་བརྗོད་དོ།། ཇི་ལྟར་གང་དུ་རྒྱ་གསུངས་པ།། རོལ་མོ་མཆོག་གི་ཕྱག་རྒྱའི ་ཚོགས།། རོལ་མོ་འདུད་ཞིང་གླུ་ལེན་པ།། ཕྱག་རྒྱ་ཀུན་གྱི་གསལ་བ་ཆེ།། ཞེས་བྱ་བ་རྡོ་རྗེ་ཐམས་ཅད་ཀྱི་ལྷའི་བུ་མོའི་ཚོགས་ཀྱི་ཕྱག་རྒྱ་བརྒྱ་སྟེ། ཕྱག་རྒྱ་སྟོང་མཆོག་ཏུ་གྲུབ། ་པའོ།། དེ་ལ་སོགས་པ་མཐའ་ཡས་མཆོག། ཆོས་དབྱིངས་མཉམ་དང་མི་མཉམ་པ། ན་མཁའི་ཁམས་ལྟར་གྲངས་མེད་པའོ།། ཕྱག་རྒྱའི་རྒྱལ་མོ་གྲུབ་མཆོག་གཏོ་། ་ཀུན་མཆོག་དངོས་གྲུབ་ཆེན་པོའོ།། དབང་ཕྱུག་ཆེན་པོ་མཆོག་གྲུབ་ཕྱིར།། ན་མཁའ་ཀུན་གྱི་གོ་སྐབས་ཀྱི།། དཀྱིལ་འཁོར་འདིར་ནི་རབ་དུ་ཞུགས། དམ་པ་མཆོག་ཏུ ་གྲུབ་པ་དང་།། དམ་པ་མཆོག་ཏུ་གྲུབ་པར་བྱེད།། མཆོག་གི་དམ་པ་རྒྱུད་ཆེན་པོ།། དམ་པ་མཆོག་གི་དངོས་གྲུབ་སྟེ།། རྡོ་རྗེ་སློབ་དཔོན་སློབ་མི་མཆོག། དེ་ཉིད་དད་པའི ་རྗེས་འབྲང་ལ།། ཕྱག་རྒྱ་ཀུན་གྱི་ཚུལ་འདི་ནི།། བསྟན་པར་བྱ་སྟེ་གཞན་ལ་མིན།། དེ་ལྟར་མཆོག་ཏུ་མི་འགྱུར་དམ་པའི་དངོས་གྲུབ་བདེ་བའི་མཆོག། མཆོག་ཏུ་རྣམ་དག་རྡོ ་རྗེ་བདེ་གྲུབ་མཐའ་ཡས་འབྲས་བུར་ལྡན།། དཔལ་མཆོག་དང་པོ་གསལ་བའི་དེ་ཉིད་མཆོག་གི་སྐུ་ཡི་ཚལ།། མཆོག་ཏུ་བརྟག་པའི་ཚུལ་འདི་ཡོངསུ་མཐར་ཐུག་པའོ།། དཔལ ་མཆོག་དང་པོ་ལས། དམ་པ་མཆོག་ཏུ་གྲུབ་པ་ཞེས་བྱ་བ་ཕྱག་རྒྱའི་རྒྱུད་རྫོགས་སྷོ།། །། དེ་ནས་སེམས་དཔའ་ཆེན་པོ། ་ཀུན།། རྡོ་རྗེ་འཛིན་དང་བཅས་པའི་མཆོག། རྡོ་རྗེ་འཆང་ཆེན་གཙོ་བོ་ནི། མགོན་ལ་བདེ་གཤེགས་རྣམས་ཀྱིས་གསོལ།། ཀུན་མཆོག་ན་མཁའ་ཆེན་པོ་ཡི།། དངོས ་@། གྲུབ་དབང་ཕྱུག་རབ་གྲུབ་ཕྱིར།། རྟོག་པ་ཐམས་ཅད་ཀུན་བསྡུས་པའི།། དེ་ཉིད་སེམས་དཔའ་ཆེན་པོས་གསུངས།། རྣམ་རྟོག་མེད་པའི་ཆོས ་རྣམ་ལ།། རྟོག་པའི་དོན་ནི་གང་བརྗོད་པ།། གང་གི་རྒྱུད་ནི་ཕྱི་མ་དང་།། དང་པོའི་གནས་མཆོག་ཇི་ལྟར་ལགས།། ཐོག་མ་ཐ་མ་མེད་ཉིད་དང་།། དེ་བཞིན་རྡོ་རྗེ་སེམས ་དཔའ་ཉིད།། རབ་དགའ་ཉིད་དང་བཟང་པོ་ཉིད།། རྡོ་རྗེ་བསྙེམས་བདག་ཇི་ལྟར་ལགས།། སེམས་དང་སེམས་དཔའི་ཏིང་ངེ་འཛིན།། དེ་བཞིན་རྡོ་རྗེ་རྡོ་རྗེ་འཛིན།། ་རྡོ་རྗེ་འཆང་ཆེན་ཉིད་དང་ནི།། བྱང་ཆུབ་སྤྱོད་པ་ཇི་ལྟར་ལགས།། བདུད་དང་བདུད་ལས་རྒྱལ་བ་ཉིད།། བྱང་ཆུབ་སངས་རྒྱས་ཇི་ལྟར་ལགས།། རྡོ་རྗེ་གཏམ་པ་མཐར ་བྱེད་ཉིད།། ཕྱག་ན་རྡོ་རྗེ་ཇི་ལྟར་ལགས།། ཇི་ལྟར་དང་པོའི་རིགས་བྱུང་དང་།། འདོད་དང་ཐར་པ་ཇི་ལྟར་ལགས།། ཇི་ལྟར་མགོན་པོ་རྣམ་གསུམ་དང་།། ཁྱེད་ནི་ཇི་ལྟར་ཐམས ་ཅད་ཉིད།། དང་པོའི་སྙིང་པོ་ཇི་ལྟར་བྱུང་།། དེ་ཅི་ཉེ་སྙིང་ཇི་ལྟར་ལགས།། བདེ་ཆེན་རྡོ་རྗེ་ཆེན་པོ་ཡི།། དོན་ཡོད་དམ་ཚིག་ཇི་ལྟར་ལགས།། དཀྱིལ་འཁོར་ཞེས་ནི་ཇི་ལྟར་གསུངས།། ་དེ་ཡི་རྣམ་སྨིན་ཇི་ལྟ་བུ།། ཐིག་གདབ་པ་དང་བརྟག་པ་ཡི།། དངོས་གྲུབ་ཇི་ལྟར་གསུངས་པ་ལགས།། གསང་བ་ལྔ་ཡི་དེ་ཉིད་ཆེ།། ཇི་ལྟར་གྱུར་པ་ཇི་ལྟ་བུ།། དཀྱིལ་འཁོར ་བདག་པོ་རྣམས་དང་ནི།། རིགས་རྣམས་གསལ་བ་ཇི་ལྟར་ལགས།། ཐམས་ཅད་དབང་བསྐུར་དེ་ཉིད་དང་།། ཕྱག་མཚན་ཚོགས་ཀྱི་དེ་ཉིད་དང་།། ཐམས་ཅད་དགག་དང་མཆོད ་པ་བྱེད།། བདག་བྱིན་བརླབ་སོ་བསྒྲུབ་པ་སྟེ།། དེ་ནི་དེ་ཉིད་གསང་བ་དང་།། དོན་ཡོད་པ་དང་མཆོག་ཉིད་དང་།། མི་འགྱུར་དམ་པ་གྲུབ་པའི་ཕྱིར།། ཐམས་ཅད་བདག་ཅག ་རྣམས་ལ་གསུངས།། ཞེས་བྱ་བ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་གི་མདོ་གསུངསོ།། དེ་ནས་སྟོན་པ་རྡོ་རྗེ་འཛིན།། རྟོག་པ་ཀུན་གྱི་བདག ་ཆེན་པོ།། ཐེ་ཚོམ་ཚོགས་རྣམས་གསན་ནས་སུ།། དེའི་ལན་ནི་གསུངས་པ་ཡིན།། དེ་ལ་རྟོག་པའི་དོན་གྱི་རྒྱུད་ཇི་ལྟར་ཡིན་ཞེ་ན། རྣམ་རྟོག་མེད་པའི་ཆོས་རྣམས་ལས།། ་སེམས་ཅན་དོན་ནི་ཡོངས་རྟགས་པས།། དེ་ནས་རྟོག་པར་གསུངས་པ་སྟེ།། རྟོག་པ་ཡོངས་སུ་དག་ཕྱིར་རོ།། དེ་ནས་རྒྱུད་ཕྱི་མ་ལྟར་ཡིན་ཞེ་ན།། རྒྱུད་ནི་རྒྱུན་ཞེས་བྱ་བར་བཤད།། ་ཕྱི་མ་ལྔ་མར་ཡང་དག་བྱུང་།། དེ་ཉིད་གསང་བའི་གསང་བ་དང་།། ཕྱི་མ་དང་བཅས་རྒྱུད་དུ་འདོད།། དེ་ལ་དང་པོ་གནས་ཞེས་བྱ་བའི་རྒྱུད་ཇི་ལྟར་ཡིན་ཞེ་ན།། ན་མཁའ་ཀུན་ལ་རབ ་ཏུ་གནས།། རྡོ་རྗེ་ཀུན་གྱི་རང་བཞིན་མཆོག། བདེ་བ་ཆེན་པོ་དགའ་བ་ཆེའི།། གྲོང་ཁྱེར་དེ་ནི་མི་འགྱུར་མཆོག། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་རྟོག་པ་ཐམས ་ཅད་ཀྱི་རྟོག་པའི་དེ་ཁོ་ན་ཉིད་ཅེས་བྱ་བ་འདི་གསུང་སོ།། །། དེ་ལ་ཐོག་མ་དང་ཐ་མ་མེད་པའི་རྡོ་རྗེ་སེམས་དཔའཇི་ལྟར་ཡིན་ཞེ་ན། ན་མཁའ་སྐྱེ ་བ་མཚན་ལྡན་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ་རྡོ་རྗེ་ཆེ་རང་བཞིན།། རྡོ་རྗེ་སེམས་དཔའ་ཞེས་བྱར་བརྗོད།། དེ་ནས་བཅོམ་ལྡན་འདས་གང་ཡིན་ཞེ་ན། ་ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ།། རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། མི་འགྱུར་རབ་ཏུ་དགའ་བ་མཆོག། དེ་ནས་བཅོམ་ལྡན་འདས་དགའ་བ་ཆེན ་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཉེས་པ་མེད་ཅིང་ཤིན་ཏུ་བརྟག། འདོད་ཆགས་ཀུན་གྱི་རྗེས་ཆགས་པ།། དེ་ཉིད་འདི་ནི་གསང་བ་འདི།། འདོད་ཆགས་ཆེན་པོ་དགའ་བ་ཆེ།། ་དེ་ལ་ཀུན་ཏུ་བཟང་པོ་ཉིད་ཇི་ལྟར་ཡིན་ཞེ་ན། ཤིན་ཏ་དྲག་པོ་ཀུན་གྱི་མཆོག། གདོད་ནས་གྲོལ་བ་དེ་བཞིན་གཤེགས།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། བྱང་ཆུབ་སེམས ་དཔའ་ཆོ་ག་མཆོག། དེ་ལ་རྡོ་རྗེ་བསྙེམས་པའི་བདག་པོ་བཅོམ་ལྡན་འདས་ཇི་ལྟར་ཡིན་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ཕྱག་རྒྱའི་མཆོག ་རྡོ་རྗེ་དབང་ཕྱུག་ཆེར་བསྐོར་བས།། རྡོ་རྗེ་བསྙེམས་པའི་བདག་པོའི་བདག། ཞེས་བྱ་བ་བཅོམ་ལྡན་འདས་དཔལ་མཆོག་དཔའ་བོའི་སྐྱེས་བུའོ།། དཔལ་མཆོག་དང་འོད་ཉིད ་འདི།། རྡོ་རྗེ་སེམས་དཔའ་གང་གིས་བརྗོད།། དངོས་གྲུབ་ཀུན་གྱི་འབྱོར་པ་རྣམས།། དེ་ལ་ཐམས་ཅད་གྲུབ་པར་འགྱུར།། ཞེས་བྱ་བ་མཆོག་གི་དེ་ཁོ་ན་ཉིད་བཅོམ་ལྡན་འདས ་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་དེའི་འོག་ཏུ་ལས་ཀྱི་བྱ་བས་བཅོམ་ལྡན་འདས་ཐམས་ཅད་ཀྱི་མཆོག་ཉིད་དུ་བཤད་པར་བྱའོ།། །། ཞེས་བྱ་བ་བཅོམ་ལྡན་འདས་རྡོ་རྗེ ་སེམས་དཔས་གསུངསོ།། དེ་ལ་བཅོམ་ལྡན་འདས་ཀྱི་སེམས་ཇི་ལྟར་ཡིན་ཞེ་ན། བསམ་གྱིས་མི་ཁྱབ་རྒྱ་ཆེ་བ།། དངོས་གྲུབ་ཀུན་བདེ་མི་འགྱུར་བ།། ཐམས་ཅད་ཁྱབ་ཅིང ་དྲི་མ་མེད།། བྱང་ཆུབ་སེམས་ནི་བདག་བརྟན་པ།། དེ་ནས་འདི་ཡི་ལས་ཀྱི་ཁྱད་པར་ནི།། སེམས་ཉིད་བརྟན་པ་ཉིད་སེམས་དཔས།། ཏིང་འཛིན་དེ་ལ་མཉམ་པར་བཞག ་རྣམ་ཤེས་ལས་ནི་རྡོ་རྗེ་ཀུན།། རྡོ་རྗེ་ལས་ནི་རྡོར་འཛིན་འབྱུང་།། དེ་ལ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཇི་ལྟར་ཡིན་ཞེ་ན།། སེམས་དཔའི་བྱིན་བརླབས་སྦྱོར་བ་ནི།། བདག ་ལ་བྱིན་བརླབས་མཆོག་གྲུབ་པ།། ཉིན་རེ་བསྒྲུབ་པར་བྱེད་ན་དེས།། རྡོ་རྗེ་སེམས་དཔའ་ཉིད་ཐོབ་འགྱུར།། དེ་ལ་བཅོམ་ལྡན་འདས་ཀུན་ཏེ་བཟང་པོའི་སྤྱོད་པ་ཇི་ལྟར་ཡིན་ཞེ་ན། ་སྙིང་སྟོབས་རྡུལ་དང་མུན་པས་ཀྱང་།། གང་ཕྱིར་སེམས་ཅན་དོན་འགྱུར་བས།། དེ་བས་ངས་ནི་ཀུན་ཏུ་བཟང་།། བྱང་ཆུབ་སྤྱོད་པའི་རྗེས་འཇུག་པའོ།། དེ་ལ་ཇི་ལྟར་བཅོམ ་ལྡན་འདས་བདུད་ཉིད་དང་བདུད་ལས་རྒྱལ་བ་ཇི་ལྟར་ཡིན་ཞེ་ན།། སེམས་ཉིད་ཁོ་ན་བདུད་ཡིན་ཏེ།། སེམས་ཉིད་དེ་བཞིན་གཤེགས་པའོ།། ་རང་སེམས་གདུལ་བར་བྱ་བའི་ཕྱིར།། བདག་ཉིད་བདུད་ཉིད་གྱུར་པ་ཡིན།། དེ་ལ་ཇི་ལྟར་བཅོམ་ལྡན་འདས།། མངོན་པར་རྫོགས་པས་བྱང་ཆུབ་དང་།། སངས་རྒྱས་གང ་ཡིན་ཞེ་ན་ཏེ།། རང་སེམས་སོ་སོར་རྟོགས་པའི་ཕྱིར།། བྱང་ཆུབ་སེམས་མཆོག་རྡོ་རྗེ་ཉིད།། དེ་ཕྱིར་དེ་ཉིད་སངས་རྒྱས་ཉིད།། བདག་བྱིན་བརླབས་མཆོག་གྲུབ་ཕྱིར་རོ།། ་དེ་ལ་ཇི་ལྟར་བཅོམ་ལྡན་འདས་ཕྱག་ན་རྡོ་རྗེ་ཡིན་ཞེ་ན།། མི་ཕྱེད་སོ་སོར་རྟོག་པ་དང་།། གདུག་པ་ཐམས་ཅད་ངེས་པར་གནོན།། སངས་རྒྱས་ཀུན་དངོས་རྡོ་རྗེ་སྟེ།། བྱང་ཆུབ ་སེམས་ནི་བརྟན་པ་བདག། ཀུན་དུ་བཟང་པོ་ལག་ཏ་ནི།། མཚོན་ཆ་དེ་ནི་རྒྱལ་བས་འབྱིན།། བརྟན་པ་ཐམས་ཅད་གྲུབ་པའི་ཕྱིར།། དེས་ན་ཕྱག་ན་རྡོ་རྗེ་དེས།། དེ་ལ་ཇི་ལྟར ་རིག་པ་ལས་བྱུང་བ་ཤེས་པའི་རྒྱུད་གང་ཡིན་ཞེ་ན།། ཤེས་རབ་ཕ་རོལ་ཕྱིན་པ་ཡུམ།། ཡབ་ནི་ཐབས་ལ་མཁས་པ་སྟེ།། རྡོ་རྗེ་སེམས་དཔའ་གདུལ་བྱའི་ཕྱིར།། རིགས་རྣམས་རབ་ཏུ་བྱུང ་བའོ།། དེ་ལ་བཅོམ་ལྡན་འདས་འདོད་པ་དང་ཐར་པ་གང་ཡིན་ཞེ་ན།། བཅོམ་ལྡན་འདས་ནི་ཆགས་པ་ཆེ།། དངོས་གྲུབ་ཐམས་རྗེས་ཆགས་ཕྱིར།། དངོས་གྲུབ་ཐམས་ཅད་མི་འགྱུར་བ་དེ། ་བདེ་བ་ཆེན་པོ་ཞེས་བརྗོད་པའོ།། དེ་ལ་ཇི་ལྟར་བཅོམ་ལྡན་འདས་རྣམ་པ་གསུམ་གང་ཡིན་ཞེ་ན།། བདག་ནི་དུས་གསུམ་མཐའ་ཡས་ཕྱིར།། ང་ནི་སྲིད་གསུམ་གདུལ་བྱའི་ཕྱིར།། ། ་གསུམ་མཆོག་དཀོན་མཆོག་གསུམ་ཀུན་ཕྱིར།། འཇིག་རྟེན་གསུམ་ང་ཁམས་གསུམ་ང་།། དེ་ལ་བཅོམ་ལྡན་འདས་ཐམས་ཅད་ཉིད་ཡིན་ཞེ་ན།། ང་ནི་རྟག་པ་ཐམས་ཅད་དེ།། ་བསོད་ནམས་ཀུན་མཆོག་ཆེ་བའི་ཕྱིར།། གཡོ་བ་སེམས་ཀྱིས་འདུས་བྱས་ཕྱིར།། རྒྱུ་བ་ཐམས་ཅད་ང་ཡིན་ནོ།། ཞེས་བྱ་བ་རང་གི་སེམས་ཀྱི་ལས་ཀྱི་བྱ་བའི་དེ་ཁོ་ན་ཉིད་རྡོ་རྗེ་སེམས ་དཔས་གསུང་སོ།། དེ་ལ་ཇི་ལྟར་དད་པའི་ཀླུ་བྱུང་བ་ཤེས་པ་ཡིན་ཞེ་ན།། སྲིད་པ་ཤིན་ཏུ་གྲུབ་པ་ཡི།། དབང་ཕྱུག་ཆེན་པོ་མཆོག་གྲུབ་ཕྱིར།། གཟི་ཅན་སེམས་ཅན་དོན་མཛད ་ཕྱིར།། བསྐལ་པའི་ཐོག་མར་བཅོམ་ལྡན་གསུངས།། དེ་ནས་དེ་གང་ཡིན་ཞེ་ན།། འདོད་ཆགས་ཆེན་པོ་བཅོམ་ལྡན་འདས།། རབ་ཏུ་དགའ་བ་མི་འགྱུར་མཆོག། གསང་བའི ་ཕྱིར་ནི་སྙིང་པོ་བརྗོད།། ཡི་གེ་ཧཱུཾ་ནི་མི་འགྱུར་མཆོག། དེ་ནས་ཉེ་བའི་སྙིང་པོའི་དེ་ཁོ་ན་ཉིད་ཤེས་པ་ནི།། དེ་ཉིད་གསང་ཞིང་གསང་བ་དང་།། སྙིང་པོ་རབ་ཏུ་བརྗོད་པར་བྱ།། ། ་ཉེ་བའི་སྙིང་པོ་ཉིད་དུ་བརྗོད།། དེ་ལ་ཇི་ལྟར་བདེ་བ་ཆེན་པོའི་དོན་ཡོད་པའི་དམ་ཚིག་གི་བཤད་པའི་རྒྱུད་ཡིན་ཞེ་ན།། དངོས་གྲུབ་ཀུན་གྱིས་མི་འགྱུར་བདེ།། བདེ་བ་ཆེན་པོ་ཞེས ་བརྗོད་དོ།། རྡོ་རྗེ་དེ་ཉིད་དོན་ཡོད་གྲུག། དམ་ཚིག་འདའ་བར་དཀའ་བའོ།། ཞེས་བྱ་བའི་མཆོག་དམ་པའི་གྲཝ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས ་གསུངས་སོ།། དེ་ལ་ཇི་ལྟར་དཀྱིལ་འཁོར་གྱི་རྒྱུད་ཀྱི་དོན་ཤེས་པ་ཡིན་ཞེ་ན།། ཇི་ལྟར་གནས་དང་འཁོར་ལོ་དང་།། ཇི་ལྟར་འགྲོ་བ་དགོད་པ་དང་།། དེ་འདྲའི་འཁོར་ལོ་ཚོགས ་ཀྱིས་སྤྲུལ།། དེ་ནས་རྣམ་པར་སྨིན་པ་ཤེས་པ་ནི།། རྡོ་རྗེ་སེམས་སོགས་ལྷ་རྣམས་ཀྱིས།། འཁོར་ལོ་མངོན་གསུམ་མཐོང་བ་ཡིས།། རྟག་པའི་བསོད་ནམས་ཅི་འདྲ་བ།། ཕྱི་ནས ་བྲིས་ནའང་དེ་བཞིན་ནོ།། དེ་ནས་ཐིག་གདབ་པའི་ཆོ་ག་ནི།། ཤེས་རབ་ཅན་གྱིས་དཀྱིལ་འཁོར་བྲི།། ཕྱོགས་ཀུན་མ་ཉམས་པ་ཉིད་མི་གསལ།། ཤར་དང་ནུབ་དང་བྱང་དང་ལྷོ། ་ཐིག་བཞི་གདབ་པས་དཀྱིལ་འཁོར་བརྒྱད།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་བར།། བཀའ་བ་བརྒྱད་ཀྱིས་ཉེར་མཛེས་ཤིང་།། སྒོ་བཞི་རྟ་བབ་ཁ་ཁྱེར་དང་།། དྲ་བ་དྲ་ཕྱེད ་ལ་སོགས་རྒྱན།། དེར་བདག་པ་ཡི་དོན་ཤེས་ནི།། རྡོ་རྗེ་སེམས་དཔའ་ཇི་ལྟ་བུ་ཡིན་ཞེ་ན།། ནམ་མཁའ་སྐྱེ་བ་མཚན་མེད་ཕྱིར།། ཐོག་མ་ཐ་མ་མེད་པའི་མཆོག། སེམས་དཔའ ་རྡོ་རྗེ་ཆེ་རང་བཞིན།། དཔལ་མཆོག་དང་པོ་ཞེས་བྱར་བརྗོད།། དེ་ནས་བཅོམ་ལྡན་འདས་གང་ཞེ་ན། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། ་རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ།། རབ་ཏུ་དགའ་བ་མི་འགྱུར་མཆོག། ཞེས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པས་གསུངསོ།། དེ་ནས་སྤྱན་རས་གཟིགས་དབང་ཕྱུག་གི་ནི།། པད་མ་རཿ། ་དང་མཚུངས་པ།། ཐམས་ཅད་དག་པ་བླ་ན་མེད།། རྡོ་རྗེ་སེམས་དཔའ་རང་ཉིད་བདག། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ཉིད།། དེ་ནས་པད་མའི་རིགས་ཁོ་ན་ཉིད་ནི།། ་རྡོ་རྗེ་ཆོས་ནི་རབ་གྲུབ་ཕྱིར།། སེམས་ཅན་ཐམས་ཅད་རྣམ་དག་ཕྱིར།། པད་མ་ཆེན་པོའི་རིགས་དག་པ།། ཏིང་འཛིན་ཡེ་ཤེས་ཀུན་ནས་བསྡུས་ཞེས་བྱའོ།། དེ་ལ་ཇི་ལྟར་ནས། ་མཁའི་སྙིང་པོ་ཡིན་ཞེ་ན།། ཐམས་ཅད་ན་མཁའ་བཅོམ་ལྡན་འདས།། སེམས་ཅན་བསོད་ནམས་མཐོ་ཞིང་ཆེ།། ནམ་མཁའི་སྙིང་པོ་སེམས་དཔའ་ང་།། དེ་ནས་ནོར་བུའི ་རིགས་རྣམས་ཀྱིས།། དབང་བསྐུར་བ་དང་གཏེར་དང་ནི།། རྡོ་རྗེ་རྒྱལ་མཚན་མཆོད་པ་ཆེ།། ནོར་བུ་ཆེན་པོའི་རིགས་གྲུབ་པ།། བསམ་པ་ཐམས་ཅད་ཡོངས་རྫོགས ་པའོ།། ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཆེན་པོ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེ་ནས་རིགས་ཐམས་ཅད་ཀྱི་དབང་བསྐུར་བ ་ཤེས་པ་ནི།། སངས་རྒྱས་རིན་ཆེན་རྡོ་རྗེ་ཕྱེད།། རྡོ་རྗེ་རིགས་ལ་རྡོ་རྗེ་དབྱེ།། སྤྱན་རས་གཟིགས་ལ་རྡོ་རྗེ་སྐུ།། ནོར་བུ་ནོར་བུས་འཛིན་པའོ།། དེ་ནས་མཆོད་པའི་ཕྱག་མཚན ་གྱི་དེ་ཁོ་ན་ཉིད་ནི།། ཀུན་མཆོག་དངོས་གྲུབ་ཆེན་པོ་ཡི།། དབང་ཕྱུག་ཆེན་པོ་མཚོན་ཆེ་ཆེ།། གསང་བ་ལྔ་ཡི་དེ་ཉིད་ཆེ།། རྡོ་རྗེ་རྩེ་ལྔ ་ཞེས་བརྗོད་དོ།། དེ་ནས་རིགས་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་ཤེས་པ་ནི།། སངས་རྒྱས་ཐམས་ཅད་སངས་རྒྱས་ཉིད།། སྣ་ཚོགས་བྱ་བ་རྡོ་རྗེ་ཅན།། ལོ་ཀ་དབང་ཕྱུག་རྡོ་རྗེ ་ཆོས།། ནོར་བུ་ནོར་ཀུན་བསགས་པའོ།། ཞེས་བྱ་བ་དབང་བསྐུར་བ་ཐམས་ཅད་ཀྱི་ཕྱག་མཚན་གྱི་དེ་ཁོ་ན་ཉིད་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་གསུངས་སོ།། དེའང་འདི ་ལྟར་ཐམས་ཅད་དགུག་པའི་རྒྱུད་ཡིན་ཞེ་ན།། རྟོག་པ་ཀུན་གྱི་གསང་ཆེན་གྱི།། རྡོ་རྗེ་ལྕགས་ཀྱུ་དྲིལ་བཅས་པས།། བཀག་སྟེ་དེ་ནས་བསྒྲུབ་པ།། དྲིལ་བུ་ཉིད་ཀྱིས་བྱ་བ་ཡིན།། ་ཇི་ལྟར་མཆོད་པ་ཐམས་ཅད་ཀྱི་ཆོ་ག་ཡིན་ཞེ་ན།། རྟོག་པ་ཀན་གྱི་གསང་ཆེན་གྱི།། རབ་ཏུ་དགའ་བས་མཆོད་ནས་ནི།། གླ་དང་རོལ་མོ་རྣམ་འཕྲལ་བས།། མཆོད་དེ་སླར། ་ཡང་རྣལ་འབྱོར་མཆོད།། དེ་ལ་ཇི་ལྟར་དངོས་གྲུབ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པའི་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་ཡིན་ཞེ་ན།། རྟོག་པ་ཀན་གྱི་གསང་ཆེན་གྱི། ་ཕྱག་རྒྱ་ཀུན་གྱིས་ལེགས་བྱིན་བརླབས།། དམ་ཚིག་ཆེན་པོ་དེ་ཉིད་ཀྱིས།། རང་ཉིད་བསྒྲུབས་ནས་སྙིང་པོ་བཟླ།། ཐོག་མཐའ་མེད་པའི་སེམས་དཔའ་ནི།། རྡོ་རྗེ་སེམས་དཔའ ་དགའ་བ་ཆེ།། ཀུན་ཏུ་བཟང་པོ་ཀུན་བདག་ཉིད།། རྡོ་རྗེ་བསྙེམས་པའི་བདག་པོའི་བདག། ཞེས་བྱ་བ་མཆོག་དང་པོའི་སྐྱེས་བུའོ།། དེ་ལ་ཇི་ལྟར་རང་གི་ལྷག་པའི་ལྷ་ཐམས་ཅད་ཀྱི ་བསྒྲུབ་པ་ཆེན་པོའི་རྒྱུད་ཡིན་ཞེ་ན།། བརྟན་པ་དང་ནི་གཡོ་བ་དང་།། རྟོག་པ་ཀུན་ལ་གྲུབ་བྱ་གང་།། རང་གི་ལྷག་པའི་ལྷ་སྦྱོར་བས།། དེ་དག་ཐམས་ཅད་བསྒྲུབ་པར་བྱ།། ་དེ་ནས་ཐམས་ཅད་རྗེས་སུ་བསྒྲུབ་པའི་རྒྱུད་ནི།། རྡོ་རྗེ་དྲིལ་བུ་འཛིན་གྱུར་ནས།། རྡོ་རྗེ་དྲིལ་བུ་རབ་སད་ཅིང་།། རྟོག་པ་ཐམས་ཅད་རྗེས་བསྒྲུབ་པས།། མཆོག་དང་པོ་སོགས་གྲུབ་པར ་འགྱུར།། དེ་ལ་ཇི་ལྟར་འབད་པ་མེད་པར་ཐམས་ཅད་བསྒྲུབ་པའི་རྒྱུད་ཡིན་ཞེ་ན།། བསྒྲུབ་བྱ་ཅི་འདོད་བསྒྲུབ་ནས་ནི།། ཕྱི་ནས་ཇི་ལྟར་འདོད་པ་ཡི།། ཅི་འདོད་སྤྱོད་པ་ལ་སྤྱོད་ཅིང་།། ་ཐམས་ཅད་བྱེད་ཅིང་ཐམས་ཅད་བཟའ།། ལངས་པ་འམ་ནི་འདུག་པའམ།། གང་དག་དེ་རུ་ཆགས་པ་འམ།། རྒོད་པ་འམ་ནི་སྨྲ་བ་འམ།། གང་དེར་ཇི་བཞིན་དེ་བཞིན་ནོ།། ་དབང་པོ་གང་དང་གང་ལ་འགྱུར།། དེ་དང་དེ་ཡི་ངོ་བོར་བྱ།། དེ་ནས་དཀྱིལ་འཁོར་བྲི་བའི་ཆོ་ག་བཤད་པ་ནི།། དཀྱིལ་འཁོར་བདག་པོ་གང་ཡིན་པ།། རྣལ་འབྱོར་དཀྱིལ་འཁོར ་ཆོ་ག་ཡིས།། དཀྱིལ་འཁོར་བྲི་བར་བྱ་བ་ནི།། དཀྱིལ་འཁོར་བསྟན་པར་གྲུབ་པ་ལས།། དཀྱིལ་འཁོར་བརྟག་པའི་ཆོ་གའོ།། དེ་ནས་གསང་བ་ལྔའི་བདག་ཉིད་བཤད།། ཐོག ་མ་མེད་པའི་སེམས་ཉིད་ནི།། དཔལ་མཆོག་དང་པོ་ཞེས་བརྗོད་པས།། བདག་པོ་མཆོག་ནི་དབང་ཕྱུག་མཆོག། ཀུན་མཆོག་འདོད་ཆེན ་འཛུམ་པ་ཆེ།། གསང་བ་དེ་ཉིད་ཕྱིར་དཀར།། དངོས་གྲུབ་ཐམས་ཅད་བདག་པོ་ཉིད།། དེ་ལྟ་ཇི་ལྟར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། བརྟག་པ་མི་བསྐྱོད་རིན་ཆེན་འབྱུང་།། ་དཔག་མེད་དོན་ཡོད་གྲུབ་པ་ནི།། རྒྱལ་པོ་བཞི་ཡི་རང་བཞིན་ནོ།། དེ་ནས་རྡོ་རྗེ་རིགས་ཀྱི་ནི།། ཤིན་ཏུ་བདུག་པ་དྲག་པོ་ནི།། ཚོགས་དང་བཅས་པ་འཇིགས་བྱེད་པ།། ཉི་མ་འཆར ་ཀའི་འོད་ལྟ་བུ། རྡོ་རྗེ་འཛིན་པ་རང་ཉིད་ཡིན།། མཉམ་པར་མ་བཞག་རྣལ་འབྱོར་གྱི།། རང་གི་ལྷག་པའི་ལྷ་འབྱོར་པས།། དེ་ཉིད་རྣལ་འབྱོར་འདི་ཡིས་ནི།། ཐམས་ཅད་ཉིད་ནི ་བསྒྲུབ་པར་བྱ།། སངས་རྒྱས་ཀུན་དངོས་ཐམས་ཅད་ནི།། རྟག་ཏུ་མཐོང་ཞིང་གྲུབ་པར་འགྱུར།། དམ་ཚིག་ཆེན་པོ་དེ་ཉིད་ནི།། མཁས་པ་གང་ཞིག་དང་པས་ཀློག། དེ་ནི་སྡིག ་ཀུན་དང་བྲལ་བས།། དངོས་གྲུབ་ཀུན་གྱི་དབང་ཕྱུག་འགྱུར།། ཞེས་བྱ་བ་དམ་ཚིག་ཆེན་པོའི་དེ་ཁོ་ན་ཉིད་དོ།། དེ་ལྟར་དཔལ་མཆོག་དང་པོའི་ཆོ་ག་ཉམས་མཆོག་གི་བླ་མ་གསལ། ་མཆོག་ཏུ་གསལ་བ་བསྒྲུབ་པའི་ཆོ་ག་བདེ་མཆོག་མྱུར་དུ་གྲུབ་ཕྱིར་གསོལ།། ། རྡོ་རྗེ་མཆོག་འཛིན་དང་བཅས་བདེ་གཤེགས་སྲས་བཅས་རྣམས་ཀྱིས་བྱིན་བརླབས་པ།། བདེ་ཆེན། ་དམ་པའི་རྡོ་རྗེ་མཆོག་འཛིན་དགའ་ཆེན་མཆོག་གིས་དེ་གསུངས་སོ།། དཔལ་མཆོག་དང་པོ་ལས་མཆོག་ཏུ་གསང་བའི་ཆོ་གའོ།། །། དེ་ནས་སྟོན་པ་རྡོ་རྗེ་འཛིན། ་མཁའ་ལྟར་ཐུག་མེད་ཀུན་ཏུ་འགྲོ། སངས་རྒྱས་ཀུན་གྱིས་བསྟོད་ནས་ནི།། རྟོག་པའི་མཐར་ཐུག་དོན་གསུངས་སོ།། བདག་གི་སྙིང་པོ་དང་པོ་འདི་ཞི་མཆོག་ཆེན་པོའོ།། ་བདེ་ཆེན་མཆོག་གི་མཆོག་དང་རྗེས་སུ་ཆགས་པ་ཆེ།། ཀུན་མཆོག་སེམས་དཔའ་རྣམས་ཀྱི་རྟག་ཏུ་འབྱུང་གནས་ནི།། ཀུན་མཆོག་འབྱོར་པའི་དབང་ཕྱུག་ཉིད་ནི་གསོལ ་བ་ཡིན།། མཐའ་ཡས་པ་དང་ཐོབ་མེད་མཐར་ཐུག་མེད་པ་ནི།། མཆོད་བྱ་ཆེན་པོ་ཐམས་ཅད་རྣམས་ཀྱི་ཚུལ་ཆེན་པོ།། ན་མཁའ་དང་མཚུངས་མཆོག་གི་དངོས་གྲུབ ་ཆེན་པོ་འཕེལ་བ་རྩོལ།། དེ་ནི་སུས་ཀྱང་མཐར་ཐུག་བྱེད་པར་ནུས་མ་ཡིན།། སེམས་ཅན་རྣམས་ནི་དམན་ལ་ཞན་ཅིང་ཉུང་ལ་དགའ།། དད་པ་མེད་ཅིང་སྲ་བར་བྱེད་ལ ་མ་སྤངས་པ།། རྟག་ཏུ་རྗེས་སུ་ཆགས་ཤིང་ཆགས་བྲལ་ལ་ཆགས་པ།། དེ་རྣམས་ལ་ནི་ཕན་ཕྱིར་འདི་ནི་མཐར་ཐུག་པའོ།། གང་གི་ཁྱིམ་ན་འདི་གནས་གང་གིས་རབ་ཏུ་བསྒྲུབ ་པ་འམ།། ཡང་ན་ཇི་བཞིན་གསུངས་པ་རྟག་ཏུ་འདིར་བསྒྲུབ་བྱེད།། སོ་སོར་ཉམས་སུ་མྱོང་བའི་མཐུ་ཡིས་ཐམས་ཅད་དུ།། བདུད་ཀྱི་ལ་སོགས་རྣམས་ཀྱིས་དེ་ནི་གནོད ་མི་ནུས།། རྡོ་རྗེ་འཆང་སོགས་སྐུ་ནི་གང་གིས་བསྒྲུབ་བྱེད་པ།། གཟུགས་བརྙན་ལ་སོགས་ཐམས་ཅད་འདིར་ནི་ཇི་བཞིན་གསུངས།། དེས་ནི ་ཐམས་ཅད་སོ་སོར་ཉམས་མྱོང་ནུས་པར་ལྡན།། བདུད་ཀྱི་ལོ་སོགས་རྣམས་ཀྱིས་དེ་ནི་གནོད་མི་ནུས།། གང་ཞིག་རྡོ་རྗེ་འཆང་སོགས་གཟུགས་བརྙན་ལ་སོགས་པ། ་ཇི་ལྟར་འདོད་པ་འདི་དག་རབ་ཏུ་བསྒྲུབ་པར་བྱེད།། རབ་ཏུ་འདོད་པས་ཡི་གེ་ཧཱུཾ་ཡང་བྲིས་ནས་ནི།། འདོད་པའི་དངོས་གྲུབ་དེ་ཡིས་གཏེར་བཞིན་ཐོབ་པར་འགྱུར།། ་རྒྱལ་པོ་རྣམས་ཀྱིས་རྣམ་པར་སྦྱང་བ་མཛད་པ་ནི།། གང་ལ་དོན་ཀུན་དག་ཕྱིར་མཛད་པར་མི་འགྱུར་མིན།། འདིར་ནི་བགེགས་མེད་བདུད་རྣམས་ཀྱང་ནི་ཡོད ་མ་ཡིན།། རྟོག་པ་དངོས་གྲུབ་འཕེལ་ཞིང་བྱིན་གྱིས་བརླབས་པ་ཡིན།། ད་ནི་བདུད་ཉིད་མི་འགྱུར་བརྟན་མེད་ཉིད་མི་འགྱུར།། བརྟན་པ་ཉིད་ཕྱིར་ང་ནི་བརྟན ་པར་མཛད་པ་ཡིན།། རྟོག་པ་འདི་ནི་མཆོག་ཆེན་གང་གིས་བསྒྲུབ་བྱེད་པ།། དེ་ལ་ང་ནི་དངོས་གྲུབ་མྱུར་དུ་བསྒྲུབ་པར་བྱེད།། དངོས་གྲུབ་ཆེན་པོ་ཐམས་ཅད་དུ་རྗེས་སུ་ཆགས། ་ཤིང་ཤིན་ཏུ་མཉེས་པ་དང་། ཤིན་ཏུ་བརྟན་པ་དང་། ཤིན་ཏུ་རྒྱས་པ་དང་། རྟག་ཏུ་རྒྱ་ཆེ་བར་འགྱུར་བ་ཡིན་ནོ།། གང་ཞིག་མཆོག་གི་རྒྱལ་པོ་སྙིང་པོས་བསྒྲུབ་བྱེད།། རྒྱལ ་བ་ཐམས་ཅད་དགེས་ཤིང་རྒྱལ་བ་མཆོད་པར་མཛད།། དེ་དག་གྲགས་པ་ཆེན་པོ་ཐོབ་ནས་དེ་ནས་བདེ་བ་ཐོབ།། དེ་ཕྱིར་འདི་ལ་དད་ནིང་གུས་པར་བྱ་བ་ཡིན།། དེ་ནས་རྒྱལ་བ། ་རྣམས་ཀྱིས་བཅོམ་ལྡན་འདས་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ།། ཡབ་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས།། སྲས་མཆོག་སངས་རྒྱས་སྲས་ནི་ལེགས་སོ་ལེགས། ་རྡོ་རྗེ་མཆོག་ནི་རྡོ་རྗེ་འབྱུང་བ་ལེགས།། དམ་པ་ཆོས་ཀྱི་བདག་ཉིད་ལེགས་སོ་ལེགས།། སངས་རྒྱས་རྣམས་ཀྱིས་ཡང་དག་བྱིན་བརླབས་པ།། རྟག་ཏུ་མི་འགྱུར་དོན་ཡོད ་གྲུབ་པ་ཆེ།། ཇི་ལྟར་དང་པོ་གྲུབ་པ་དེ་བཞིན་དུ།། ཕྱི་ནས་ཀྱང་ནི་དེ་བཞིན་གྲུབ་པར་འགྱུར།། དེ་ལྟར་དག་ཆེན་གསུངས་ནས་ནི།། སྲས་དང་བཅས་པའི་སངས་རྒྱས ་རྣམས།། རྡོ་རྗེ་སེམས་དཔའ་ཆེན་པོ་ཡི།། གསུངས་ལ་རྗེས་སུ་ཡི་རངས་མཛད།། དཔལ་མཆོག་དང་པོ་ལས།། རྟོག་པའི་རྒྱལ་པོ་ཐམས་ཅད་ཀྱི་མཆོག། ་རྫོགས་སྷོ།། ། ཐུགས་དམ་པའི་སྙིང་པོ་མཐོ་ལིང་དུ།། རྒྱ་གར་གྱི་མཁན་པོ་པན་ཊི་ཏ་མཁས་པ་ཆེན་པོ་མན་ཏ་ཀ་ལ་ཤ་དང་། སྒྲ་སྒྱུར་གྱི་ལོ་ཙྪ་བ་ཆེན་པོ ་ལྷ་བཙན་པོ་དགེ་སློང་ལྷ་ཞི་བ་འོད་ཀྱི་ཞལ་མངའ་ནས། ཀྱིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་བབ་བོ།། ། ལོ་ཙྪ་བ་ཆེན་པོ་རིན་ཆེན་བཟང་པོ་ཡིས། ་དཔལ་མཆོག་དང་པོའི་རྒྱུད་འདི་བསྒྱུར་བ་ལ། བར་བར་དཔེ་མ་རྙེད་པར་མ་འགྱུར་བ། བདག་གིས་འབད་པས་དཔེ་བཙལ་བ་རྙེད་པས་བསྒྱུར། ་དགེ་ལེགས་འཕེལ་བར་ཤོག། ་