CLOSE WINDOW

F474: thams cad gsang ba zhes bya ba'i rgyud kyi rgyal po
Wyliee-texts produced with BDRC’s OCR application

བེ་ཏི་འདི་ལ་ཐམས་ཅད་གསང་བ་འཇིག་རྟེན་གསུམ་རྒྱལ། དཔལ་མཆོག་དང་པོ། ངན་སོང་སྦྱོང་ཆུད། ་དཔའ་བོ་གཅིག་ཏུ་བསླབ་པའི་རྒྱུད་རྣམས་བཞུགས་སྷོ།། ། ་སརྦ་ག་ཧྱ་ན ་མཏནྟ་ར་ཛ། བོད་སྐད་དུ ་ཐམས་ཅད་གསང་བ་ཞེས་བྱ ་ས་བྱ་བའི་རྒྱུད ་ལ་པོ།། ་དཔལ་ལ་ཕྱག ་ཀྱེ་ལྔ་ཡི་བདག་ཉིད་ཅན ་ཀྱི་ལྔ་ཡི་བདག་ཉིད་ཅན། ་མི་རྣམས་ལུས་ལ་ངེས་པར་མཐོང་བ་དག ་རང་སེམས་རབ་ཏུ་བསྒོམ་པར་གྱུར་ན་ནི། ་དངོས་དེར་བསྒོམས་པས་ངེས་པར་སངས་རྒྱས་འགྱུར།། རང ་ཤེས་གསང་བ་དམ་པ་ནི།། སངས་རྒྱས་ཡེ་ཤེས་བླ་མེད་དེ། ་གཉིས་མེད་གཉིས་ཀྱི་ཚུལ་ཅན་ཏེ།། སངས་རྒྱས་རྟག་པར ་རབ་ཏུ་འདུད།། གང་ཡང་བདག་མེད་རབ་ཏུ་འདུད།། གང་ཡང ་བདག་མེད་ལས་བྱུ་ཤིང་།། གཉིས་མེད ་ཡེ་ཤེས་ལས་བྱུང་བ།། སྡུག་དང་མི་སྡིག་རྣམས་སྤངས་པ། ་ཅི་ལའང་ཕྱུག་ནི་མི་འཚའོ།། མ་སྐྱེས་པ་ནི་ཡང་དག་བསྐྱེད། ་སྐྱེས་པའི་འོག་ཏུ་རྟག་པར་ནི།། སངས་རྒྱས་སྐུར་ནི་བསྒོམ་པ ་དེ།། རང་གི་ཡེ་ཤེས་མཆོག་ཕྱག་འཚལ།། གརྣལ་འབྱོར་པ་དང་སེམས ་ཅན་ཀུན།། ཉོན་མོངས་བག་ཆགས་ཀྱིས་སུན་འབྱིན།། ལུས་ཅན་རྣམས་ནི་འཁོར ་གྱུར་པར།། སྡུག་དང་མི་སྡུག་རྣམ་བྱེད་ཡིན།། སེམས་གང་དེ་ཉིད་སྡུག་བསྔལ་ཏེ། ་སེམས་ཅན་རྣམས་ཀྱི་ལུས་འབྱུང་ངོ་།། སེམས་དེ་ཡིས་ནི་རྒྱ་ཉིད་ཀྱིས།། འགྲོ་བ ་སྡུག་བསྔལ་གནོད་པར་འགྱུར།། རྣམ་པར་སྣང་མཛད་རྒྱལ་བ་མགོན།། སངས ་རྒྱས་ཐམས་ཅད་རྟོགས་གྱུར་པ།། སངས་རྒྱས་འཁོར་བ ་སྒྲོལ་བ་པོ།། སེམས་ཅན་ཀུན་ལ་ཕན་པའི་ཕྱིར།། ཐུགས་རྗེའི་ཉམས་དང་ཡང ་དག་ལྡན།། རྒྱུའི་དེ་ཉིད་མཉམ་སྦྱོར་བས།། འབྲས་བུའི་དེ་ཉིད་རྣམས་ཀྱང་བསྒོམ། ་འབྲས་བུའི་དེ་ཉིད་ཡང་དག་བཞུགས།། རྒྱུའི་དེ་ཉིད་མི་འདོད་དོ།། གང་དུ་འདོད་པ ་སྐྱེས་གྱུར་པ།། དེ་ཉིད་འཁོར་བའི་བག་ཆགས་ཡིན།། མཁས་པ་ཡི་ནི་ཆོ་ག་ཡིས།། ་བསྒོམ་པ་རུ་ནི་ཡོངས་སུ་བརྟགས།། གང་ཞིག་སླར་ཡང་གཅིག་འགྱུར་བ།། རྣལ་འབྱོར་པ་ཡི་རྣལ་འབྱོར་བྱུང་།། ་སངས་རྒྱས་རྗེས་དྲན་ལ་དམིགས་ནས།། ཆོས་ནི་རྗེས་སུ་དམིགས་པ་ཡིས།། ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས།། རྐང་གཉིས ་དམ་པ་ཉིད་དུ་འགྱུར།། བྷ་བར་ལིང་ག་རབ་བཞག་སྟེ།། སངས་རྒྱས་སྐུ་ནི་རྣམ་པར་བསྒོམ།། སངས་རྒྱས་རྗེས་དྲན་རྣལ་འབྱོར་པ། ་སངས་རྒྱསི་སྤྲིན་ནི་བསྒོམ་པར་བྱ།། བྷ་གར་ལིང་ག་རབ་བཞག་སྟེ།། རྡོ་རྗེ་ཆོས་ནི་རྣམ་པར་བསྒོམ།། ཆོས་ནི་རྗེས་དྲན་རྣལ་འབྱོར་པ། ་ཆོས་ཀྱི་སྤྲིན་ལས་ཆར་རབ་འབེབས།། མཚན་མ་ལིང་ག་ཞེས་བཤད་དེ།། ཕྱག་རྒྱ་མཚན་མ་རྣམ་པ་བཞི།། འཇོམས་པས་གསག་མ ་ཞེས་བཤད་དེ།། ཉོན་མོངས་འཇོམས་པའི་དམ་པ་ཡིན།། སེམས་ཅན་ཀུན་གྱི་དངོས་ཀུན་གྱི།། རང་སེམས་ཆོས་ནི་བསྡུས་པ་ཡིན།། ་ཆོས་དག་མེད་པའི་སྦྱོར་བ་ཡིས།། བས་ན་རང་ཉིད་འཆི་བར་འགྱུར།། རང་གི་སེམས་ཉིད་རྫོགས་སངས ་རྒྱས།། རྟོགས་པར་བྱ་བའི་སེམས་ཉིད་ཡིན།། རང་གི་སེམས་ཉིད་གསད་དབྱ་བ།། སེམས་ཉིད་ཁོ་ན་གསད་པར་བྱ།། སྦྱོར་དང་སྦྱོར་ཉིད་ཡང ་དག་འབྲེལ།། གང་ཡང་སྲིད་པ་འབྱུང་མ་ཡིན།། གང་ཚེ་སངས་རྒྱས་དེ་ཚེ་ནི།། སྦྱོར་ལྔ་སངས་རྒྱས་བདག་ཅེས་བསྒོམ།། ཏིང་འཛིན་ཡེ ་ཤེས་ལས་བྱུང་བ།། སངས་རྒྱས་ཉིད་ཕྱིར་མདོར་བསྡུས་པས།། སངས་རྒྱས་རྣལ་འབྱོར་མེད་པར་ནི།། རྣལ་འབྱོར་པ་ནི་འཚང་མི་རྒྱ། ་ཕྲ་མོའི་སྦྱོར་བ་ཅི་བཞིན་མཐོང་།། སྟུག་པོའི་དངོས་པོརོ་དེ་བཞིན་ཏེ།། དངོས་དང་དངོས་མེད་ཁྱད་པར་ནི།། བསྒོམ་པ་ཀུན་ཏུ་བརྟགས་པ་ཡིན།། ་དངོས་པོའི་བསྒོམ་པའི་དངོས་མ་ཡིན།། བསྒོམ་པར་བྱ་བ་བསྒོམ་པ་ཡིན།། དངོས་པོ་བསྒོམས་པར་གྱུར་པ་ཡིས།། རང་གི་སེམས་ནི་ཡོངས་སུ ་སྦྱོང་།། སངས་རྒྱས་སངས་རྒྱས་ཡུལ་མ་ཡིན།། སེམས་ཅན་ཡུལ་དུའང་མི་འགྱུར་གྱི།། རང་སེམས་རྟོགས་པས་སངས་རྒྱས་ཏེ།། སངས་རྒྱས་སངས་རྒྱས ་རྟོགས་པར་མིན།། གཉིས་མེད་སྦྱོར་བ་འདི་ལ་ཡང་།། ཏིང་ངེ་འཛིན་གྱི་ཡེ་ཤེས་བརྟག། རྒྱུའི་དེ་ཉིད་ཇི་ལྟར་མཐོང་།། འབྲས་བུའི་དེ་ཉིད་དེ་ཉིད་ཡིན།། རྒྱུལ ་དེ་ཉིད་ཅུང་ཟད་མེད།། འབྲས་བུའི་དེ་ཉིད་དེ་བཞིན་ནོ།། དེ་ཉིད་དེ་ནི་དེ་བཞིན་གཤེགས།། དེ་ལ་རྣལ་འབྱོར་པ་ཀུན་སྤྱོད།། རྒྱུའི་རྒྱུ་ནི་དངོས་པོར་མིན།། འབྲས ་བུའི་དངོས་པོར་འབྲས་བུ་མིན།། རྒྱུ་དེ་འབྲས་བུའི་དངོས་པོར་རུང་།། རང་གི་སེམས་ནི་སོ་སོར་སྣང་།། ཡེ་ཤེས་དེ་ནི་རྒྱུ་དངོས་ཏེ།། གསང་དེ་འབྲས་བུའི ་དངོས་པོ་ཡིན།། གསང་བ་གཉིས་མེད་སྦྱོར་བ་ཡིས།། དེའི་དངོས་པོས་མཆོག་ཡིན་ནོ།། དེ་ཉིད་དེ་ཉིད་རྟོགས་གྱུར་པ།། གསང་སྟེ་གསང་བའི་རྣལ་འབྱོར་པ། ་གསང་བ་དེ་རིགས་ཤེས་པ་སྟེ།། མཆོག་ནི་མཆོག་གི་རྣལ་འབྱོར་པ།། སྡུག་པའི་ངོ་བོར་གང་བཤད་པ།། མི་སྡུག་པ་ཡང་དེའི་དངོས།། སྡུག་དང་མི་སྡུག་གཟུགས ་གང་ཡིན།། མི་མཐོང་དེ་ནི་དེ་བཞིན་གཤེགས།། རྣམ་ཤེས་ཙམ་ནི་མིང་པ་རུ།། རྣལ་འབྱོར་རྣལ་འབྱོར་འབྱུང་མི་འགྱུར།། ཇི་ལྟར་ཡེ་ཤེས་མཆོ་ག་དག་པ། ་དེ་ལྟར་དག་པ་དེ་བཞིན་གཤེགས།། རྣམ་པར་ཤེས་པ་རྣམ་པ་བཞི།། ཕྱག་རྒྱ་བཞིའི་ཆོ་ག་ཡིས།། གསང་བ་གཉིས་མེད ་སྦྱོར་བ་ཡིས།། སྐུ་གསུང་ཐུགས་ནི་ཡང་དག་འབྱུང་།། ཐུགས་ཀྱི་ཕྱག་རྒྱ་ཆེན་པོ་སྟེ།། དམ་ཚིག་ཕྱག་རྒྱ་ཀུན་ཏུ་འགྲོ།། ཆོས་ཀྱི་ཕྱག་རྒྱ་གསུང་གི་སྟེ།། ལས ་ཀྱི་ཕྱག་རྒྱ་སྐུའི་ཡིན།། རྒྱ་ཡིས་རྒྱས་བཏབ་དངོས་པོ་ནི།། གསང་བདག་གསང་བའི་རྣལ་འབྱོར་པའོ།། རང་རིག་པའི་ངོ་བོ་ཡིས།། ཏིང་འཛིན་ཡེ་ཤེས ་བརྟགས་གང་ཡིན།། ལུས་ངག་སེམས་སུ་རྣམས་རྟགས་པའི།། བྱ་བ་རྒྱུད་དུ་རྣམ་རྟགས་པ།། གསང་བ་རྣམ་པ་གསུམ་དུ་བཤད།། རྡོ་རྗེ་ལས་ཅན་སྣ་ཚོགས ་བཞིན།། སངས་རྒྱས་ལྔའི་བདག་ཉིད་ནི།། གསང་བའི་ཡེ་ཤེས་བླ་མེད་ཡིན།། ཕྱག་རྒྱ་བཞི་པོ་གསང་བ་སྟེ།། རྣལ་འབྱོར་པའི་ལས་གྲུབ་བྱེད།། འབྱུང་བ ་ཆེན་པོ་བཞི་པོ་ཡང་།། ཕྱག་རྒྱ་བཞི་ཞེས་བཤད་པ་ཡི།། ཕྱག་རྒྱ་བཞི་ཡི་མཉམ་སྦྱོར་བ།། ལྷ་མོ་བཞི་དང་ཡང་དག་ལྡན།། ས་ནི་སྤྱན་ཞེས་བཤད་པ་ཡིན།། ་ཆུ་ནི་མ་མ་ཀི་ཞེས་བཤད།། མེ་དང་རཱང་ཞེས་གྲགས་པ་ནི།། གོས་དཀར་མོ་དང་སྒྲོལ་མ་ཡིན།། ཆུ་ཡི་ཁམས་ནི་ཆུ་དཀྱིལ་འཁོར།། དབང་ཆེན་ས་ཡི་ཁམས་ཡིན་ཏེ། ་མེ་ནི་མེའི་ཁམས་ཡིན་ཏེ།། རླུང་ནི་རླུང་གི་དཀྱིལ་འཁོར་ལོ།། དབང་ཆེན་ཁ་དོག་སེར་པོ་སྟེ། གྲུ་བཞི་པ་སྟེ་རྒྱས་པ་ཡིན།། ཆུའི་དཀྱིལ་འཁོར་ཟླུམ་པོ་སྟེ། ་དཀར་པོ་མདོག་ཅན་ཞི་བའི་ཡིན།། མེའི་དཀྱིལ་འཁོར་ཁ་དོག་དམར།། གྲཝ་གསུམ་དབང་གི་ལས་ལའོ།། རླུང་གི་དཀྱིལ་འཁོར་གཞུའི་དབྱིབས།། ནག་པ ་གདུག་པའི་ལས་རྣམས་ལ།། འབྱུང་བ་ཆེའི་བདག་ལས་གྲུབ།། ལས་ཀྱི་དངོས་གྲུབ་ཡོན་ཏན་གཞི།། ལས་ཀྱི་དངོས་གྲུབ་དངོས་གྲུབ་མཆོག། འཁོར་ལོས། ་བསྒྱུར་བ་རྣམ་པ་བཞི།། ཞི་བ་ལ་ནི་སྤྱན་གྱི་ཚུལ།། རྒྱས་པོ་པད་མའི་རྡོ་རྗེ་ཅན།། དབང་ལ་རྣམ་པར་སྣང་མཛད་གནས།། རྡོ་རྗེ་ཁྲོ་བོ་མངོན་སྤྱོད་པའོ།། ཞི་བ ་དགེངས་ཁ་བྱ་བ་ཡིན།། དེ་བཞིན་རྒྱས་པ་སྔ་དྲོ་ལ།། བདག་པའི་ལས་རྣམས་ཉི་མའི་གུང་ལ།། དབང་གི་ལས་ནི་མཚན་ཕྱེད་བྱ།། ཞི་ལ་དཀར་པོས་སྦྱར་བར ་བྱ།། སེར་པོ་སྣང་བ་རྒྱས་པ་ལ།། དབང་གི་ལས་ལ་དམར་པོ་སྟེ།། གདུག་པ་ནག་པོ་རབ་ཏུ་སྦྱར།། ཏིང་འཛིན་ཡེ་ཤེས་ལས་བྱུང་བ།། ལས་ཀྱི་སྒྲུབ་པ་དམ་པ ་ཡིན།། བཅོམ་ལྡན་དག་པ་བསྒོམ་བྱ་སྟེ།། སངས་རྒྱས་འགྱུར་ལས་མི་གཡོ་འགྱུར།། བྷ་གའི་དབུས་སུ་གནས་པའི་བདག། རྡོ་རྗེ་དབྱིངས་ནི་དེ་བཞིན་གཤེགས། ་@ལྔའི་བདག་གྱུར་བདག་ཉིད་ནི།། བསྒོམས་ན་གཡོགས་པ་མེད་པར་འགྱུར།། སྙིང་ལ་གནས་པའི་ལྷ་མོ་ཆེ།། རྣལ་འབྱོར ་མ་ནི་རྣལ་འབྱོར་བསྐྱེད།། སངས་རྒྱས་ཐམས་ཅད་བསྐྱེད་མཛད་ཡུམ།། རྡོ་རྗེ་དབྱིངས་ཀྱི་དབང་མོར་བཤད།། འདོད་ཆགས་ཞེ་སྡང་གཏི་མུག་སྟེ།། འདི་དག ་འཇིག་རྟེན་དུག་གསུམ་ཡིན།། སངས་རྒྱས་བཅོམ་ལྡན་དུག་མི་མངའ།། རྡོ་རྗེ་དབྱིངས་ནི་དེ་བཞིན་གཤེགས།། ཆགས་དང་སྡང་དང་རྨོངས་པ་རྣམས།། བསྒོམ ་ན་ཁམས་གསུམ་པ་ཡི་བདག། སངས་རྒྱས་བཅོམ་ལྡན་འདས་འགྱུར་ཏེ།། སངས་རྒྱས་བདེན་པས་དག་བཅོམ་མོ།། རང་སེམས་སོ་སོར་རྟོགས་པ་ཡིས།། ་གཏི་མུག་སེམས་ནི་དེ་བཞིན་གཤེགས།། རྨོངས་པ་ཉིད་ནི་འཇིག་རྟེན་གྱུར།། སེམས་ཅན་ཀུན་ལ་ལྟ་བར་བྱ།། ཞེ་སྡང་སེམས་ནི་དེ་བཞིན་གཤེགས།། ཕྲ་མོའི ་ཡེ་ཤེས་ཡང་དག་བསྐྱེད།། སྡང་གྱུར་རྡོ་རྗེ་ཉིད་དུ་གྱུར།། སེམས་ཅན་ཐམས་ཅད་གཞིག་པར་བྱ།། འདོད་ཆགས་སེམས་ནི་དེ་བཞིན་གཤེགས།། བྱང་ཆུབ ་སེམས་ནི་ཡང་དག་བསྐྱེད།། ཆགས་གྱུར་བཟང་པོ་ཉིད་གྱུར་པ།། སངས་རྒྱས་ཐམས་ཅད་ཆགས་པར་བྱ།། བྱམས་པའི་སེམས་ནི་དེ་བཞིན་གཤེགས།། ང་རྒྱལ། ་ཡང་དག་བསྐྱེད་ནས་ནི།། མཛའ་བོར་གྱུར་ཅིང་ཀུན་ལ་གྱུར།། སངས་རྒྱས་ཀུན་ལ་འཁྱུད་པར་བྱ།། ཆགས་པའི་ལྟ་བས་བྱམས་པ་སྟེ།། ཐུགས་རྗེའི་ཆོས་ནི་སྨྲ ་བ་དང་།། ཀུན་ལ་མི་འཇིགས་སྦྱིན་པ་དང་།། སངས་རྒྱས་ཐམས་ཅད་མཉེས་བྱའོ།། རྣལ་འབྱོར་སྦྱིན་ལས་རབ་དགའ་སྟེ།། ཚུལ་ཁྲིམས་ལྡན་པས་དྲི་མེད་འགྱུར།། ་བཟོད་པ་ལས་ནི་འདི་བྱེད་པ།། བརྩོན་པས་འོད་འཕྲོ་ཅན་དང་ལྡན།། བསམ་གཏན་ལས་ནི་སྦྱངས་དཀའ་བ།། ཤེས་རབ་ཀྱི་ནི་མངོན་གྱུར་མཐོང་།། ཐབས་ཆེན ་ལས་ནི་རིང་དུ་སོང་།། སྟོབས་དང་ལྡན་པས་མི་གཡོ་འགྱུར།། སྨོན་ལམ་གྱི་ནི་ལེགས་བློ་ལྡན།། ཡེ་ཤེས་ལྡན་ལ་ཆོས་ཀྱི་སྤྲིན།། རྒྱལ་བ་དེ་བཞིན་གཤེགས་པ་ནི།། ་རང་རིབ་བདག་ཉིད་བཅུ་གཅིག་གྱུར།། ཕ་རོལ་ཕྱིན་པ་བཅུ་རྣམས་དང་།། སྟོབས་དང་དབང་ནི་རྫོགས་གྱུར་ཅིང་།། ས་བཅུ་ལ་ནི་འདས་གྱུར་པ།། མཚན་མ་བརྟན་གྱུར ་དེ་ལས་ནི།། རྡོ་རྗེའི་ཆུ་ནི་རྫོགས་སངས་རྒྱས།། ཆོས་ཀྱི་བདུད་རྩི་བཅུད་ལེན་ཡིན།། སངས་རྒྱས་ཀུན་གྱི་མཐའ་ཡས་པ།། གཟུང་དང་འཛིན་པ་སྤངས་པ་ཡིན། ་ཆོས་ཀྱི་བདུད་རྩི་བཅུད་ལེན་ཡིན།། རྡོ་རྗེའི་ཆུ་ནི་དག་འབུང་བས།། རྡོ་རྗེ་སློང་གྱུར་རྣལ་འབྱོར་པ།། གདོད་ནས་དག་པར་དེ་ཚེ་གྱུར།། གདོད་ནས་དག་པར་གནས ་གྱུར་པ།། དེ་ནས་བྱང་ཆུབ་སེམས་སུ་འགྱུར།། བྱང་ཆུབ་སེམས་ཀྱི་བདག་ཅན་གྱུར།། བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས ་རྣམ་པར་གྲོལ་བ་ངས་ཀྱི་གཡོགས།། བྱང་ཆུབ་སེམས་ནི་བླ་ན་མེད།། ཡང་དག་བསྐྱེད་གྱུར་རྣལ་འབྱོར་པ།། རྡོ་རྗེ་སེམས་དཔའ་སྙིང་ལ་འདག། སེམས་ཅན ་ཁམས་ནི་མཐའ་ཡས་པའི།། མར་འགྱུར་དམ་ཚིག་འཛིན་བྱེད་དམ།། རྡོ་རྗེ་དམ་ཚིག་གིས་སྦྱང་ན།། རྟག་ཏུ་དམ་ཚིག་གནས་པར་འགྱུར།། ཁམས་གསུམ་ལས ་ནི་ཉམས་དགའ་བ། བུད་མེད་ཅེས་བཤད་ཇི་སྙེད་པ།། ཆོ་ག་བཞིན་དུ་ཀུན་སྒྲུབ་ཅིང་།། ཐུགས་ཀྱི་རྡོ་རྗེ་རྨད་མི་བྱ།། རྡོ་རྗེ་གསུམ་གྱི་སྐུ་ལ་གནས།། དམ་ཚིག་ཕྱག་རྒྱ ་ཇི་སྙེད་པ།། རྡོ་རྗེ་དམ་ཚིག་གསུམ་གྱིས་བྱ།། གསུང་གི་རྡོ་རྗེ་སྨད་མི་བྱ།། རྡོ་རྗེ་སེམས་ལས་བྱུང་བ་ཡི།། ཕྱག་རྒྱ་ཀུན་ནི་བུད་མེད་བཟང་།། དེ་རྣམས་བརྟན་པའི་རྣལ ་འབྱོར་པ།། ཕྱག་རྒྱ་ཐམས་ཅད་དབང་དུ་གྱུར།། འཇིག་རྟེན་ཁམས་ནི་ཐམས་ཅད་དུ།། བུད་མེད་ཅེས་བྱ་ཅི་སྙེད་པ།། ཕྱག་རྒྱ་ཆེན་པོའི་སྦྱོར་བ་ཡིས།། དེ་དག་ཀུན་ལ་ཉེ ་བར་སྤྱད།། གསང་བ་མཆོག་གི་རྣལ་འབྱོར་པ།། ཏིང་འཛིན་ཡེ་ཤེས་དམ་པ་ཡིན།། གལ་ཏེ་དངོས་གྲུབ་མཆོག་འདོད་ན།། ང་རྒྱལ་མ་ཡིན་ཧཱུཾ་མ་ཡིན།། རིག་པ་མ་ཡིན ་སྔགས་མ་ཡིན།། ལག་པ་ཕྱག་རྒྱའང་མི་བཅའོ།། མཆོད་རྟེན་གྱི་ནི་ལས་མི་བྱ།། གླེགས་བམ་དག་ཀྱང་གླ་ག་མི་བྱ།། དཀྱིལ་འཁོར་དག་ནི་མི་བྱ་ཞིང་།། རྡོ་རྗེ་མཆོག ་གསུམ་ཕྱག་མི་བཙལ།། སློབ་དཔོན་སྨད་པར་མི་བྱ་སྟེ།། བླ་མ་སངས་རྒྱས་ཀུན་དང་མཉམ།། ཁྱེད་ཀྱི་སྲོག་ཆགས་བསད་པར་བྱ།། བརྫུན་གྱི་ཚིག་དང་སྨྲ་བར་བྱ།། ་ཁྱེད་ཀྱིས་མ་བྱིན་བླང་བྱ་ཞིང་།། གཞན་གྱི་བུད་མེད་བརྟེན་པར་བྱ།། སྦྱིན་བསྲེག་ཡང་ན་བསམ་གཏན་ནི།། ལུས་ངག་ཡིད་ནི་མི་བྱེད་པ།། གཞན་མིན་སེམས་ཀྱིས་བྱ་བ ་སྟེ།། འདི་ནི་བསོད་པའི་མཆོག་ཡིན་ནོ།། སྔགས་རྣམས་ཐམས་ཅད་རབ་ཏུ་འགྲུབ།། རྣལ་འབྱོར་ཀུན་ཀྱང་རྣམ་ཀུན་ཏུ།། དེ་བས་འབད་པ་ཐམས་ཅད་ཀྱིས།། ་སངས་རྒྱས་ཆོས་ཉིད་བསྒོམ་པར་བྱ།། མ་འདྲེས་ཆོས་ནི་བཅོ་བརྒྱད་པོ།། སངས་རྒྱས་ཆོས་ཞེས་བཤད་པ་ཡིན།། དེ་རྣམས་རྟག་ཏུ་བསྒོམ་པ་ནི།། སངས་རྒྱས ་ཆོས་ནི་བསྒྲུབ་བྱེད་ཡིན།། བསམ་གཏན་བཞི་དང་གཟུགས་མེད་བཞི།། རྟག་ཏུ་ཐོབ་པར་བྱས་པ་དང་།། འགོག་པའི་སྙོམས་འཇུག་དེ་ཡིས་ནི།། སངས་རྒྱས་བྱང ་ཆུབ་རབ་ཏུ་བསྒྲུབས།། བྱང་ཆུབ་མཆོག་ནི་སུམ་བཅུ་བདུན།། ཆོས་སུ་ཡང་དག་བཤད་པ་གང་།། དེ་རྣམས་བསྒོམ་པས་དག་པ་དང་།། བྱང་ཆུབ་སེམས ་དཔའ་འགྲོ་པན་ཡིན།། འགྲོ་བ་རྣམས་ལ་སྤྲོས་པའི་སེམས།། བརྟན་ཞིང་སྙིང་པོ་རབ་བསྒོམས་པ།། ཤེས་རབ་ཡེ་ཤེས་རང ་བཞིན་དག། གསུང་གི་སྒྲ་ནི་རྣམ་པར་སྤངས།། འཇམ་པའི་གསུང་གི་བདག་ཉིད་གྱུར།། རྡོ་རྗེ་སྨྲ་བར་དེ་བཤད་དོ།། ཕ་རོལ་ཕྱིན་པ་ཀུན་གྱི་ཞབས།། ཆོས་རྣམས་ཟམ ་ཅད་རྟོགས་མཛད་པ།། སེམས་ཅན་ཀུན་དོན་སྤྲུལ་པ་ཡི།། རྡོ་རྗེ་ལས་ཞེས་བྱ་བར་བཤད།། སངས་རྒྱས་རྗེས་དྲན་ཡང་དག་གྲུབ།། ཐེག་པ་དམན་པ་རྣམས་སྤངས ་ཞིང་།། བྱང་ཆུབ་སེམས་ལ་རབ་ཞུགས་པ།། རྡོ་རྗེ་སྲུང་བར་དེ་བཤད་དོ།། སྡིག་པ་ཐམས་ཅད་ཟད་བྱེད་ཅིང་།། དེ་བཞིན་ཉོན་མོངས་རྣམས་སྲེག་ལ།། ཉོན་མོངས ་ཟད་པ་ཉེར་ལེན་པས།། རྡོ་རྗེ་གནོད་སྦྱིན་དེ་བཤད་དོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་རྣམས།། བཅིང་པ་རུ་ནི་ཡང་དག་གྱུར།། དེ་ཉིད་དེ་ཉིད་ཡེ་ཤེས་ཏེ།། རྡོ་རྗེ་ཁུ་ཚུར་ཞེས ་བཤད་དོ།། དམ་ཚིག་ཕྱག་རྒྱ་ཞེས་བཤད་དོ།། དམ་ཚིག་ཕྱག་རྒྱ་ཐམས་ཅད་ནི།། རྡོ་རྗེ་བསྡམས་ལས་ཡང་དག་བྱུང་།། རྡོ་རྗེ་ཁུ་ཚུར་གཉིས་གྱུར་པ།། ལས་ཀྱི་ཕྱག་རྒྱ ་ཞེས་བཤད་དོ།། སྡིག་པ་ཐམས་ཅད་ཟད་བྱེད་ཅིང་།། དེ་བཞིན་ཉོན་མོངས་རྣམས་སྤངས་པ།། ང་རྒྱལ་མེད་ཅིང་སྣང་བ་མེད།། མཚན་མ་མེད་ཅིང་ཞེན་པ་མེད།། བདག ་མེད་མཉམ་ཉིད་ཡེ་ཤེས་ནི།། རྡོ་རྗེ་སེམས་དཔའ་ཞེས་བྱར་བཤད།། གསང་བའི་མཉམ་པར་སྦྱོར་བ་འདི།། ཡེ་ཤེས་ཕ་རོལ་ཕྱིན་དགེ་བ།། རྣམ་པ་བཅུ་གཉིས་ཡང ་དང་བྱུང་།། རྡོ་རྗེའི་ཕ་རོལ་ཕྱིན་པའི་འོད།། བྱང་ཆུབ་སེམས་ནི་རབ་བསྒོམས་པ།། ཕ་རོལ་སངས་རྒྱས་ཉིད་སོན་པའི།། ཕ་རོལ་ཕྱིན་ཐོབ་ཡེ་ཤེས་ནི།། རྡོ་རྗེ་སེམས ་མར་བཤད་པ་ཡིན།། བསྡུ་བའི་དངོས་པོ་བཞི་རྣམས་ནི།། ཤེས་རབ་ཕ་རོལ་ཕྱིན་རྡོ་རྗེ།། ཆོས་བཞི་ཅིག་ཏུ་གྱུར་པ་ནི།། རྡོ་རྗེ་རིན་ཚོན་མར་བཤད་དོ།། གསང་བའི་ཡེ ་ཤེས་རྡོ་རྗེ་ཆེ།། དེ་ཉིད་ཕ་རོལ་ཕྱིན་དགེ་བ།། ཕ་རོལ་ཕྱིན་པ་ཆེ་ལས་བྱུང་།། རྡོ་རྗེ་ཆེས་མང་ཤེས་རབ་བྱ།། ཕ་རོལ་ཕྱིན་པའི་དགེ་བ་ནི།། སྦྱོར་བའི་ཐབས་སུ་རབ ་བརྟགས་པ།། རྡོ་རྗེ་ལས་པར་ཤེས་པར་བྱ།། གང་ཕྱིར་དེ་ནི་རེག་པ་དགེ། སྒེག་མོ་སྦྱིན་པའི་ཕ་རོལ་ཕྱིན།། ཚུལ་ཁྲིམས་ཕ་རོལ་ཕྱིན་དགེ་བ།། བརྒྱན་པའི་ཡན་ལག ་ཡིད་འོངས་ཡིན།། བླ་མ་བཟོད་པའི་ཕ་རོལ་ཕྱིན།། ཆེད་དུ་བརྗོད་པའི་ཆོས་པའོ།། གར་མ་བརྩོན་འགྲུས་ཕ་རོལ་བྱིན།། མྱུར་དུ་སངས་རྒྱས་ཉིད་བརྟེན་པའོ།། ་བདུག་པ་ཤེས་རབ་ཕ་རོལ་ཕྱིན།། ཚུལ་ཁྲིམས་ཕ་རོལ་ཕྱིན་དགེ་བ།། མེ་ཏོག་བསམ་གཏན་ཕ་རོལ་ཕྱིན།། འདོད་པའི་འདམ་གྱིས་མགོས་པ།། མར་མེ་སྨོན་ལམ ་ཕ་རོལ་ཕྱིན།། ཕྱོགས་ཀུན་སྣང་བར་བྱེད་པ་ཡིན།། དྲི་ནི་ཐབས་ཀྱི་ཕ་རོལ་ཕྱིན།། དྲི་ནི་བུར་སེལ་དགེ་བ་ཡིས།། སངས་རྒྱས་ཀུན་གྱི། ་ཐབས་ཆེན་པོ།། དབྱེ་བ་རྣམ་པ་བཞི་ཡིས་གནས།། ཐམས་ཅད་འདོད་པའི་ཐབས་ཆེན་པོ།། རྡོ་རྗེ་ལྕགས་ཀྱུ་ཞེས་བཤད་དོ།། བྱང་ཆུབ་སྤྱད་པ་སྤྱོད་བྱེད་པ།། རྡོ་རྗེ། ་ཞགས་པ་ཞེས་བཤད་དོ།། ཐེག་པ་འདི་ལ་བརྟེན་འགྱུར་གང་།། རྡོ་རྗེ་ལྕགས་སྒྲོག་ཞེས་བཤད་དོ།། ཆོས་རྣམས་ཐམས་ཅད་མ་སྐྱེས་ཤིང་།། གདོད་ནས་ཞི་བ་མཁའ ་དང་མཉམ།། དེ་ལྟའི་ཚུལ་འདིར་རབ་འཇུག་པས།། རྡོ་རྗེ་དྲིལ་བུ་ཞེས་བཤད་དོ།། ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས།། སེམས་ཅན་ཀུན་གྱི་དོན་སྟོན་པའི།། སེམས་ནི ་རང་བཞིན་གྱི་འོད་གསལ།། ཟླ་བའི་དཀྱིལ་འཁོར་ཡིན་པར་བཤད།། ཡང་དག་རྡོ་རྗེ་རྟོགས་པ་སྟེ།། འཛིན་པའི་སྟོང་ཉིད་ལྕགས་ཀྱུ་ཡིན།། ཕྲ་རབ་འབིགས་པས ་མདའ་ཞེས་བྱ།། དགྱེས་པས་ལེགས་སོ་ཞེས་བྱ་བ།། སྤྲས་པ་རིན་པོ་ཆེ་རུ་བཤད།། གཟི་བརྗིད་ཅེས་བྱ་ཉི་མའི།། བསྒྲེངས་པས་ཏོག་ཏུ་བཤད་པ་སྟེ།། རྣམ་པར ་དབྱེ་བས་བཤད་པ་བཤད།། འདོད་ཆགས་དག་པ་པད་མ་ཡིན།། ཉོན་མོངས་དག་སྤྱོད་རལ་བྲི་སྟེ།། དཀྱིལ་འཁོར་སྦྱོར་བས་འཁོར་ལོ་ཡིན།། དག་ནི་བརྗོད་པས། ་སྨྲ་བ་ར་བ་ཤད།། ཀུན་ཉིད་སྣ་ཚོགས་རྡོ་རྗེ་ཡིན།། གཉི་གའི་སྦྱོར་བས་གོ་ཆ་ཡིན།། འཇིགས་པའི་སྦྱོར་བས་ཆེ་བ་སྟེ།། ཕྱག་རྒྱའི་སྦྱོར་ཉིད་འཆིང་བ་ཡིན།། དཀྱིལ ་འཁོར་དུ་ནི་གང་བཤད་པ།། ཡིད་ཀྱི་དཀྱིལ་འཁོར་དམ་པ་ཡིན།། གཞལ་ཡས་ཁང་ནི་ཡེ་ཤེས་ཏེ།། སེམས་ཀྱིས་བརྩེགས་པ་སྒྲེང་བ་ཡིན།། ཕྱིའི་གྲུ་བཞི་པ་གང ་ཡིན།། ཚད་ཀྱིས་མཉམ་པ་ཉིད་གྱུར་པ།། བྱམས་པ་ལ་སོགས་སེམས་གང་ཡིན།། ཐིག་བཞི་ཞེས་ནི་བཤད་པ་ཡིན།། ཆོས་ཀྱི་རྗེས་དྲན་སྦྱོར་བ་ཉིད།། གང་དེ་རྡོ ་རྗེ་ཐིག་ཏུ་བཤད།། ལྟ་བ་ཀུན་ལས་རྣམ་གྲོལ་བ།། ཡེ་ཤེས་ཐིག་ཏུ་བཤད་པ་ཡིན།། ཚུལ་ཁྲིམས་ཐོས་ཀྱི་དམ་པ་ནི།། གང་གི་བརྒྱན་དུ་བཤད་པ་ཡིན།། དད་དབང ་ལ་སོགས་སེམས་གང་ཡིན།། རབ་ལྔ་ནི་ཡང་དག་བྱུང་།། རྣམ་པར་ཐར་པ་བཞི་པོ་ནི།། སྒོ་རྣམས་སུ་ནི་ཡང་དག་བཤད།། ཡང་དག་སྤོང་བ་བཞི་པོ་ནི།། རྟ་བབས། ་རྣམས་དང་ཀ་བར་བྱུང་།། དྲན་པ་ཉེར་བཞག་བཞི་པོ་ནི།། ཁྱམས་རྣམས་བཞི་པོ་ཤེས་པར་བྱ།། རྫུ་འཕྲུལ་རྐང་པ་བཞི་པོ་ན།། དེ་ནི་སྒོ་ཁྱུད་རྣམ་བཞི་ཡིན།། བྱང ་ཆུབ་ཡན་ལག་བདུན་པ་ནི།། ཕྲེང་བ་མེ་ཏོག་ཆུན་བརྒྱན་པ།། འཕགས་ལམ་ཡན་ལག་བརྒྱད་པ་ནི།། ཀ་བ་བརྒྱད་ཅེས་བྱ་བར་བཤད།། སྒྲིབ་པ་གཉིས་ལས་རྣམ ་གྲོལ་ཞིང་།། ཏིང་འཛིན་ཡེ་ཤེས་ཡིས་བརྟགས་པ།། ལམ་གྱི་ཡེ་ཤེས་ཁྱད་པར་རྣམས།། རྔ་ཡབ་ཅེས་ནི་ཡང་དག་བཤད།། ཉོན ་མོངས་ཐམས་ཅད་ངེས་གཅོད་ཕྱིར།། ཉོན་མོངས་འཕྲོག་པས་དྲ་བ་སྟེ།། ཡང་དག་སྤྱོད་ཅིང་སྤོང་བ་ཉིད།། སེལ་བའི་སྤོང་བས་ལ་གནས་པ།། ཚོགས་གཉིས་ཀྱི ་ནི་སྦྱོར་བ་ཉིད།། ཉོན་མོངས་པ་ཡི་ཕྱེད་འཕྲོག་པ།། དྲ་བ་ཕྱེད་ཅེས་བྱ་བར་བཤད།། རང་བཞིན་འོད་གསལ་གང་ཡིན་ཏེ།། བྱང་ཆུབ་སེམས་ནི་བླ་མེད་ཡིན།། སེམས ་ནི་དོན་ཀུན་རབ་བསྐྱེད་པ།། ཟླ་བའི་དཀྱིལ་འཁོར་ཡིན་པར་བཤད།། ཤེས་རབ་ཡེ་ཤེས་རང་བཞིན་དག། དེ་ལྟ་བུའི་ཏིང་འཛིན་གྱིས།། ཐར་པ་སྣང་བ་གཟི་བརྗིད ་ཆེ།། ཉི་མའི་དཀྱིལ་འཁོར་ཡིན་པར་བཤད།། མཚོན་རྩི་ལྔ་ནི་ཡང་དག་བཤད།། ལྟ་བ་ལྔ་ཡིས་སྦྱོར་བ་ཡིས།། ཡེ་ཤེས་ལྔ་ཡི་ངེས་སྦྱོར་ཉིད།། སངས་རྒྱས ་ལྔ་ཞེས་ཡང་དག་བཤད།། ནམ་མཁའ་བཞིན་དུ་བདག་མེད་པའི།། རྣམ་ཤེས་ཡེ་ཤེས་དམ་པ་ཡིན།། ཡེ་ཤེས་དེ་ཡིས་རྒྱན་བཤད་པ།། ཆགས་པའི་སེམས ་ཞེས་བྱ་བར་བཤད།། ཆགས་བྲལ་ལས་ནི་བྱང་ཆུབ་འབྱུང་།། ཆགས་པའི་སེམས་ལས་གཞན་ཡིན་ནོ།། དེ་ལ་ཆགས་དང་ཆགས་བྲལ་བ།། བྱང་ཆུབ ་སེམས་ཞེས་ཡང་དག་བཤད།། འཇིག་རྟེན་ཆགས་དང་བྲལ་བས་འདུལ།། ཕྱག་རྒྱའི་དངོས་གྲུབ་ཆགས་ལས་བྱུང་།། དེ་ནི་ཐབས་ཀྱི་བསྒོམ་པ་དག། དངོས་གྲུབ ་ཐམས་ཅད་སྟེར་བ་ཡིན།། ཇི་ལྟར་འཇིག་རྟེན་འདུལ་འགྱུར་བ།། དེ་ལྟར་རྣལ་འབྱོར་པ་ཡིས་སྤྲད།། ཇི་ལྟར་འདུལ་བྱ་དག་གྱུར་པ།། ཞེན་པ་ཀུན་དུ་མཆོད་པར་འགྱུར།། ་མཚན་ཉིད་གང་ཞིག་ཡང་དག་བཤད།། མཚན་ཉིད་དེས་ནི་མཚོན་པར་གྱུར།། སྐུ་གསུང་ཐུགས་ཀྱི་ཕྱག་རྒྱའི།། རྒྱས་བཏབ་ཡེ་ཤེས་ཡིན་པར་བཤད།། ཕྱག་རྒྱ ་བསྒོམས་པས་རྣལ་འབྱོར་པ།། རྟག་ཏུ་ཕྱག་རྒྱའི་བདག་ཅན་འགྱུར།། རྒྱས་བཏབ་དངོས་པོ་ཤེས་ནས་ནི།། བསྒོམས་ནས་ཕྱག་རྒྱ་བཏབ་པར་འགྱུར། ་མཚན་དང་མཚན་ཉིད་འབྲེལ་པ་ནི།། ཤེས་ནས་རྣལ་འབྱོར་ཡང་དག་སྤྱོད།། ཇི་ལྟར་མཚན་ཉིད་ཡང་དག་གྲུབ།། དེ་བཞིན་དག་པ་མྱུར་དུ་འགྲུབ།། གཡས་པའི་ཆ ་ནི་མཚན་མ་ནི།། ཤེས་རབ་ཅན་ནི་རབ་དུ་བསྟན།། གཡོན་གྱི་མཚན་མ་ཇི་ལྟར་མཐོང་།། དེའི་ཐུགས་རྗེ་མཚོན་པའོ།། ཕྱག་ནི་གཉིས་ཀའི་མཉམ་སྦྱོར་ལས།། ཏིང ་འཛིན་གཉིས་སུ་བཤད་པ་ཡིན།། ཞབས་གཉིས་ཀྱི་ནི་མཚན་མ་ཡིས།། ཚོགས་གཉིས་དག་ནི་བསྟན་པ་ཡིན།། སོར་མོ་ལྔའི་མཉམ་སྦྱོར་བས།། དཀྱིལ་འཁོར ་ཡིས་བརྒྱན་པ་ཡིན།། སངས་རྒྱས་ལྔའི་མངོན་བྱང་ཆུབ།། རིམ་པ་བཞིན་དུ་བསྣན་བྱ་སྟེ།། གང་ཞིག་གྲུང་མོ་སྟོན་པ་ནི།། ནམ་མཁའ་ལས ་ནི་བྱུང་བ་མཚོན།། གང་ཞིག་འཛུབ་མོ་སྟོན་པ་ནི།། དེས་ནི་དབང་ཆེན་དཀྱིལ་འཁོར་ཡིན།། སྲིན་ལག་དུ་ན་ཡང་དག་བཤད།། ཆུའི་དཀྱིལ་འཁོར་ཞེས་བཤད་དོ།། ་གརེ་ཞིག་མཐེ་བོ་སྟོན་པ་ནི།། དེ་ཡི་མོ་ནི་མཚོན་པ་ཡིན།། གང་ཞིག་མཐེ་ཆུང་སྟོན་པ་ནི།། རླུང་གི་དཀྱིལ་འཁོར་ཉིད་དུ་འགྱུར།། གང་ཞིག་ལྟེ་བ་སྟོན་པ་ནི།། རྡོ་རྗེ་དབྱིངས། ་ཀྱི་དབང་ཕྱུག་བཤད།། གང་ཞིག་སྙིང་ཁ་སྟོན་པ་ནི།། རྡོ་རྗེ་སེམས་དཔའ་རྗེས་སུ་དཔག། གང་ཞིག་སྨིན་འཚམས་སྟོན་པ་ནི།། རྡོ་རྗེ་རིན་ཆེན་མ་ཞེས་བྱ།། གང་ཞིག་ལྐོག ་མ་སྟོན་པ་ནི།། རྡོ་རྗེ་ཆོས་མར་ཤེས་པར་བྱ།། གང་ཞིག་སྤྱི་བོ་སྟོན་པ་ནི།། རྡོ་རྗེ་ལས་མར་ཤེས་པར་བྱ།། བྱང་ཆུབ་ལྔ་མངོན་བྱང་ཆུབ་པ་འམ།། ཡང་ན་ཡེ་ཤེས་ལྔ ་རྣམས་སམ།། སངས་རྒྱས་ལྔ་དང་ཡང་དག་ལྡན།། དཀྱིལ་འཁོར་བྱང་ཆུབ་ཡིན་པར་བསྟན།། སྔོན་གྱི་སྒྲ་ནི་ཇི་ལྟར་བཤད།། ཕྱི་མར་དེ་ནི་ཡང་དག་བསྟན།། གང་དུ ་ཐོག་མའི་སྒྲར་གྱུར་པ།། དེར་ནི་རྒྱུའི་སྒྲ་རུ་བསྟན།། གང་ཞིག་མིའི་སྒྲར་འགྱུར་བ།། འདིར་ནི་འབྲས་བུར་ཡང་དག་བསྟན།། སངས་རྒྱས་བཅོམ་ལྡན་གཉིས་མི་མངའ། ་རྒྱུ་དང་འབྲས་བུར་ལྡན་འགྱུར་མིན།། གང་ཞིག་ཐོག་མ་མཐའ་མ་མེད།། དེ་ཕྱིར་རྟག་པ་ཞེས་བཤད་དོ།། རང་སེམས་རྟོགས་པས་སངས་རྒྱས་ཏེ།། རྟོགས་པར་བྱ་བ་འང ་སེམས་ཉིད་ཡིན།། སངས་རྒྱས་ཞིང་ཞེས་བཤད་པ་དག། བྱང་ཆུབ་སེམས་སུ་བཤད་པར་བྱ།། རང་བཞིན་དག་པའི་སེམས་ཅན་ནི།། ཀུན་དུ་རིག་པ་ཡང་དག་བཤད།། ་སེམས་ཅན་རང་བཞིན་དག་པ་ཡིན།། བྱང་ཆུབ་སེམས་སུ་ཤེས་པར་བྱ།། དབང་པོར་གྱུར་པ་སྙིང་ཁར་རྡེ་བས།། བརྟན་པ་ཉིད་དུའང་རང་ཉིད་འགྱུར།། སྒྲ་འཛིན་པ་ནི ་རལ་པའི་དབུས།། འོད་དཔག་མེད་པ་མཉམ་བཞག་ཡིན།། ཙུམ་པ་ནར་གྱི་རྗེས་བཤད་པ།། དེ་བཞིན་གཤེགས་པ་རྡོ་རྗེ་གསུང་།། དབང་པོ་གཉིས་ནི་མཉམ་སྤོར་བ།། ་རྣམ་པར་སྣང་མཛད་ཅེས་བཤད་དོ།། བུ་མོ་ལོ་གྲངས་བཅུ་གཉིས་པ།། སྐྱེས་མཆོག་ཐུབ་པས་གང་གསུངས་པ།། ཕ་རོལ་ཕྱིན་པ་བཅུ་གཉིས་སུ།། གསུངས་ཀྱི་གཞན ་དུ་མི་བརྟགས་གོ། བུ་མོ་ལོ་གྲངས་བཅུ་དྲག་པར།། དེ་བཞིན་གཤེགས་པས་གང་གསུངས་པ།། རྡོ་རྗེ་སེམས་སོགས་སེམས་དཔའ་ཡི།། བསྒོམ་པའི་དོན་གྱི་སྒྲ ་ཡིན་ནོ།། ལྷ་མོ་ལོ་གྲངས་ཉི་ཤུ་པར།། འཁོར་ལོ་སྦྱར་བ་ཇི་སྐད་གསུངས།། མཆོད་པ་ཉི་ཤུའི་བདག་ཉིད་ཅན།། ཉི་ཤུ་པ་དེ་རིམས་བཞིན་ནོ།། རང་གི་ཆུང་མ་རང་རིག་ལས། ་བྱུང་བའི་རང་རིག་ཡིན་པར་བཤད།། གཞན་གྱི་ཆུང་མར་གང་བསྟན་པ།། གཞན་སྡུག་གཞན་གྱི་རིག་པ་ཡིན།། གཅི་དང་རྡོ་རྗེ་ཞེས་བཤད་པ། ་རྡོ་རྗེ་ཡེ་ཤེས་བླ་མེད་ཡིན།། གཤང་དང་པད་མ་ཞེས་བཤད་པ།། ཆོས་ཀྱི་ཡེ་ཤེས་རྙོག་མེད་ཡིན།། ཡོངས་སུ་གསལ་བར་རྣམ་པར་ཤེས།། དཀྱིལ་འཁོར་ཐུགས་ཀྱི ་དམ་པ་ཡིན།། སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཡིས།། འབད་པ་ཡིས་ནི་མཆོད་བྱེད་པ།། རང་གི་རྡོ་རྗེ་པད་མར་ལྡན།། དབང་པོ་གཉིས་ལས་བྱུང་བའོ།། རང་གི་ཁུ་བ ་ཐིག་ལེ་ཡིས།། རྡོ་རྗེ་སེམས་དཔར་མཆོད་པར་བྱ།། ཚོགས་གཉིས་ཀྱི་ནི་སྦྱོར་བ་ཡིས།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། གཉིས་མེད་གཉིས་ལ་རབ། ་བསྟན་པ།། ཐུགས་རྗེ་ཉམས་དང་ཡང་དག་ལྡན།། དབང་པོ་གཉིས་དང་མཉམ་སྦྱོར་བས།། རང་གི་ཁུ་བ་མཁས་པ་ཡིས།། རྣལ་འབྱོར་ཆེན་པོ་ཕྱུང་ནས་ནི།། ་དཀྱིལ་འཁོར་ཡང་དག་བྱིན་གྱིས་བརླབ།། དགོད་དམ་རབ་ཏུ་སྨྲ་བ་འམ།། སངས་རྒྱས་རོལ་མོའི་གང་བྱེད་པ།། ལྷ་མོ་བཞིའི་མཉམ་སྦྱོར་བར།། རྒྱུ་དང་མི་རྒྱུ་རྣམས ་ཀྱི་རོལ།། གསར་ཞིང་ལེགས་པར་སྒྲིལ་བ་དང་།། ཚད་དང་ལྡན་ཞིང་མཛེས་པ་ཡིས།། ཤེས་རབ་ཅན་གྱི་ཐིག་གདབ་པ།། སྐུ་གསུང་ཐུགས་ཀྱི་བསྒོམས་པས་སོ།། ་ཟུར་བཞི་པ་ལ་སྒོ་བཞི་པ།། རྟ་བབས་བཞིས་ནི་མཛེས་བྱས་ལ།། ཐིག་བཞི་དང་ནི་ཡང་དག་ལྡན།། དར་དང་མེ་ཏོག་འཕྲེང་བས་བརྒྱན།། གྲཝའི་ས་ཕྱོགས་ཐམས ་ཅད་དང་།། སྒོ་ཁྱུད་ཀྱི་ནི་འཚམས་རྣམས་སུ།། རྡོ་རྗེ་རིན་ཆེན་སྤྲས་པ་ནི།། ཕྱི་ཡི་དཀྱིལ་འཁོར་ཐིག་གདབ་པོ།། རྡོ་རྗེ་ཐིག་གིས་ཡོངས་བསྐོར་ཅིང་།། ཀ་བ་བརྒྱད། ་ཀྱིས་ཉེ་བར་མཛེས།། ཀ་བ་གནས་ཀྱི་ནང་གནས་པའི།། དཀྱིལ་འཁོར་བརྒྱད་པར་བརྟན་པ་དང་།། གྲཝའི་དཀྱིལ་འཁོར་དོར་བར་ནི།། རྡོ་རྗེ་ལྷ་མེ་ཚོགས་ཀྱིས་མཆོད།། ་འཁོར་ལོ་ལྔ་དང་ཡང་དག་ལྡན།། དཀྱིལ་འཁོར་ལྔ་ཡིས་རྣམ་པར་བརྒྱན།། དྲ་བ་དུ་ཕྱེད་ཀྱིས་སྤྲས་ཤིང་།། རྔ་ཡབ་ཀྱིས་ནི་ཉེར་སྤྲས་པ།། ཁྲུ་ནི་བཅུ་གཉིས་བྱ་བ་འམ། ་ཁྲུ་བཅུ་དྲུག་ཏུ་རབ་དུ་བརྟགས།། ཡང་ན་ཁྲུ་ནི་ཉི་ཤུ་ཙམ།། ཉི་ཤུ་ལྔ་དང་ལྡན་པ་ཡི།། ཁྲུ་ནི་ཉི་ཤུ་ལྔ་པ་ཡི།། དཀྱིལ་འཁོར་ཡང་ནི་བྱིན་གྱིས་བརླབ།། སྒོ་རྣམས་ཀྱི་ནི ་དབུས་མཆེ།། ཆ་དགུ་རུ་ནི་རྣམ་དབྱེ་བ།། དཀྱིལ་འཁོར་སྒོ་རུ་བསམས་ནས་ནི།། སྒོ་ཁྱུད་དེར་ནི་བྱ་བ་ཡིན།། སྒོ་ཁྱུད་དཀྱིལ་འཁོར་རྣམ་པ་ནི།། སྙིང་པོའི་དཀྱིལ་འཁོར ་དང་མཉམ་པར།། དགུ་ཆ་རུ་ནི་རྣམ་བསྒོས་ཏེ།། གྲུ་ཡི་དཀྱིལ་འཁོར་དོར་བར་བྱ།། ཐ་མར་བྱམས་དང་ལྡན་པ་ཡི།། དཀྱིལ་འཁོར་ལྔས་ནི་ལྡན་པ་དང་།། ཁ་དོག་ལྔ་ད ་ཡང་དག་ལྡན།། གྲུ་བཞི་པར་ནི་བརྟག་པར་བྱ།། ལྟ་བ་ལྔ་པོ་བགྲོད་དཀའ་ཆེ།། ཁ་དོག་ལྔ་ཡི་དེ་བཞིན་གཤེགས།། སངས་རྒྱས་ལྔ་དང་མ ་སྦྱོར་བས།། ས་ནི་མཚོན་གྱིས་རབ་ཏུ་བསྒྱུར།། དཀྱིལ་འཁོར་ལྔ་པ་དབུས་སུ་ནི།། སངས་རྒྱས་ལྔ་ནི་དགོད་པར་བྱ།། ཁ་དོག་ལྔ་དང་ཏིང་འཛིན་གྱིས།། འདོད་པའི་ཡོན ་ཏན་ལྔ་ཡིས་ཁྱབ།། ཤེལ་དང་ཟླ་བའི་འོད་འདྲ་ཞིང་།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། དེ་བཞིན་གཤེགས་པ་རྣམ་སྣང་མཛད།། དཔའ་ཡི་ལྟོ་བ་དེ་བཞིན ་གཤེགས།། ཨིན་འདྲ་ནི་ལའི་འོད་འདྲ་ཞིང་།། རྡོ་རྗེ་ཐམས་ཅད་གཅིག་བསྡུས་པ།། མི་སྐྱེད་ཡེ་ཤེས་ལས་བྱུང་བ།། རྡོ་རྗེའི་ལྟ་བ་དེ་བཞིན་གཤེགས།། འཛམ ་དབུའི་གསེར་གྱི་འོད་འདྲ་ཞིང་།། སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། སེམས་ཅན་ཀུན་གྱི་དོན་དུ་བྱུང་།། འབར་བའི་ལྟ་བ་དེ་བཞིན་གཤེགས།། དཔའ་བོ། ་ཆེན་པོ་པད་མ་འདྲ།། པད་མར་གེའི་ནོར་བུའི་འོད།། ཆོས་ཀྱི་ཡེ་ཤེས་ལས་བྱུང་བ།། ཆགས་པའི་ལྟེ་བ་དེ་བཞིན་གཤེགས།། མ་རྒད་ཀྱི་ནི་འོད་འདྲ་ཞིང་། ་སངས་རྒྱས་ཐམས་ཅད་གཅིག་བསྡུས་པ།། སངས་རྒྱས་ཀུན་གཅིག་ལས་བྱུང་བ།། བྱམས་པའི་ལྟ་བ་དེ་བཞིན་གཤེགས།། དབུས་མ་སའི་གཞི་དག་པ། ་ནོར་བུ་ཆུ་ཤེལ་མདོག་འདྲ་བ།། ཤར་ཕྱོགས་ཉིད་དུ་སྔོན་པོ་ཆེ།། ལྷོ་རུ་སེར་པོ་ཡང་དག་ལྡན།། ནུབ་ཕྱོགས་དེ་ནི་དམར་པོ་སྟེ།། བྱང་ཕྱོགས་ལྗང་ཁུ་ཡང་དག་ལྡན། ་ཀུན་ཏུ་ཁྱམས་དང་ལྡན་པ་ལ།། སྒོར་ནི་ཁྱམས་དང་བྲལ་བའོ།། གང་ཞིག་དུ་མར་ཡང་དག་བཤད།། སངས་རྒྱས་ཡེ་ཤེས་བླ་མེད་ཡིན།། གཞན་དག་དོན་ཀུན་ཡང ་དག་ལྡན།། ཏིང་འཛིན་ཡེ་ཤེས་དམ་པ་ཡིན།། ནམ་མཁའི་དབྱིངས་ཀྱིས་དབུས་གནས་པས།། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས་རྒྱས་ཀུན་ནི་རྣམ ་བསྒོམས་ལ།། སྤྱན་ནི་དབུས་སུ་བསམ་པར་བྱ།། བཞིན་བཟངས་སྤྱན་ནི་ཡངས་པ་དང་།། ནོར་བུ་ཆུ་ཤེལ་མདོག་འདྲ་བ།། མཚན་རྣམས་ཐམས་ཅད་ཡོངས་སུ ་རྫོགས།། བུད་མེད་སྒྱུ་མའི་མཆོག་འཛིན་པ།། ཕྱག་ཏུ་འཁོར་ལོ་བསྒོམ་བྱ་སྟེ།། ཁམས་གསུམ་པ་ནི་དབང་བྱེད་དང་།། དངོས་གྲུབ་ཀུན་བྱེད་ཡེ་ཤེས་ནི།། འཁོར ་ལོ་ཡིད་བཞིན་ནོར་བུའི་མདོག། ནམ་མཁའ་རྡོ་རྗེ་དབུས་ཆུད་པར།། ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ།། སངས་རྒྱས་སྐུ་ནི་རྣམ་བསྒོམས་པ།། ནམ་མཁའི ་རྡོ་རྗེ་མཆོག་བསྒོམ་མོ།། ཞལ་མཛེས་སྤྱན་ནི་མང་བ་དང་།། ཨུད་དཔལ་སྔོན་པོའི་འདབ་མའི་མདོག། མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། ན་མཁའ ་སྒྱུ་མའི་མཆོག་བསམ་མོ།། ཕྱག་ཏུ་ཨུད་དཔལ་སྔོན་པོ་སྟེ།། ཁམས་གསུམ་པས་ནི་ཕྱག་བྱས་པ།། སངས་རྒྱས་བྱང་ཆུབ་བྱེད་པའི ་མཆོག། གསང་བའི་དངོས་གྲུབ་རྡོ་རྗེ་ཅན།། ནམ་མཁའ་རྡོ་རྗེ་དབུས་ཆུད་པར།། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས་རྒྱས་སྐུ་ནི་རྣམ་བསྒོམས་ལ།། སྟོང། ་པའི་དེ་ཉིད་ལས་བྱུང་བ།། རྡོ་རྗེ་ཡེ་ཤེས་ཞེས་བྱར་བཤད།། ཆོས་བདག་མེད་ལས་ཡང་དག་བྱུང་།། གཉིས་མེད་ཡེ་ཤེས་དམ་པ་དེ།། ཆོས་གཉིས་མཆོག་གི་ཡེ་ཤེས ་ནི།། ཆོས་དབྱིངས་ཡེ་ཤེས་ཡང་དག་བཤད།། འདི་ནི་ཆོས་དབྱིངས་ཡེ་ཤེས་ཏེ།། དེ་ལྟ་བུའི་ཏིང་འཛིན་སྐྱེས།། རྡོ་རྗེ་ཡེ་ཤེས་རང་བཞིན་སེམས།། རྡོ་རྗེ་དབྱིངས ་ཞེས་བྱ་བར་བཤད།། སེམས་ཀྱིས་སྤྲོས་པའི་སྦྱོར་བ་ཡིས།། ཕྲ་མོའི་ཡེ་ཤེས་སོགས་སྦྱོར་བ།། དེ་བཞིན་གཤེགས་ཀུན་ཡེ་ཤེས་ནི།། རྣམ་པར་སྣང་མཛད་ཞེས ་བྱར་བཤད།། བྱམས་པ་སྤྲོས་པའི་སྦྱོར་བ་ཡིས།། སྤྱོད་པ་སྤྱོད་པར་བྱེད་པའི་མཆོག། ཟག་མེད་བསྟན་པར་གྱུར་པ་ཡི།། ཐུགས་ནི་མི་བསྐྱོད་པ་ཞེས་བཤད།། ་ཐུགས་རྗེ་སྤྲོ་བའི་ཚུལ་གྱིས་ནི།། སེམས་ཅན་ཕན་འདོགས་མཛད་པའོ།། ཐུགས་ནི་འགྲོ་དོན་ཡང་དག་ལྡན།། རིན་ཆེན་འབྱུང་ལྡན་ཞེས་བཤད་དོ།། དགའ་བས ་སྤྲོས་པའི་སྦྱོར་བ་ཡིས།། ཐེག་ཆེན་མཆོག་ནི་དྲི་མ་མེད།། ཐུགས་ནི་འོད་གསལ་དག་པ་ནི།། འོད་དཔག་མེད་ཅེས་དེ་བཤད་དོ།། བཏང་སྙོམས་སྤྲོས་པ་མཛད་པའི ་ཐུགས།། སེམས་ཅན་ཐམས་ཅད་རྟོགས་མཛད་པ།། དོན་ཡོད་བླ་མེད་བྱ་བ་ནི།། དོན་ཡོད་གྲུབ་པར་དེ་བཤད་དོ།། བྱང་ཆུབ་རང་བཞིན་ཡེ་ཤེས་མཆོག། དེ་འདིར ་རྡོ་རྗེ་ཞེས་བཤད་དེ།། རྡོ་རྗེ་ཡེ་ཤེས་ལས་བྱུང་བ།། རྡོ་རྗེ་སེམས་དཔར་དེ་བཤད་དོ།། སངས་རྒྱས་ཐམས་ཅད་སྤྱན་འདྲེན་པ།། རྡོ་རྗེ་ལྕགས་ཀྱུ་ཞེས་བཤད་དོ།། ་རྡོ་རྗེ་རིགས་རྣམས་ཀུན་གྱི་རྒྱལ།། རྡོ་རྗེ་རྒྱལ་པོར་དེ་བཤད་དོ།། སངས་རྒྱས་ཐམས་ཅད་ཚོགས་བྱེད་པས།། མཉེས་པར་བྱེད་པས་ཞེས་བཤད་དོ།། བདུད་ཀྱི་སྦྱོར ་བ་ཆགས་པ་ཆེ།། རྡོ་རྗེ་ཆགས་པར་དེ་བཤད་དོ།། སངས་རྒྱས་ཐམས་ཅད་མཉེས་བྱེད་ཅིང་།། ལེགས་སོ་ཞེས་པ་རབ་སྩོལ་བ།། བྱང་ཆུབ་སེམས་དཔའ་དགོའ ་བྱེད་པས།། རྡོ་རྗེ་ལེགས་པར་དེ་བཤད་དོ།། བྱང་ཆུབ་སེམས་དཔའི་སྦྱིན་པ་གང་།། མཁའ་མཉམ་རྡོ་རྗེ་ལས་བྱུང་བ།། དོན་ཡོད་རིན་ཆེན་ཆེན་པོ་དེ།། རྡོ་རྗེ་རིན ་ཆེན་དེ་བཤད་དོ།། མ་རིག་བྲལ་བའི་ཡེ་ཤེས་ནི།། ཚོགས་རྣམས་ལ་ནི་ངེས་པར་བྱུང་།། ཐར་པར་སྣང་བ་གཟི་བརྗིད་ཆེ།། རྡོ་རྗེ་ཉི་མར་དེ་བཤད་དོ།། རྣམ་པ་ཀུན ་གྱི་དངོས་ཡེ་ཤེས།། ཐར་པའི་ལམ་འཇུག་ཐོབ་མཛད་གང་།། ཆོས་ཀྱི་རྒྱལ་མཚན་ཏོག་ཆེན་པོ།། རྡོ་རྗེ་དཔལ་དུ་དེ་བཤད་དོ།། རྡོ་རྗེ ་བཞད་པ་རྣལ་འབྱོར་ཆེ།། སངས་རྒྱས་ཀུན་འཛུམ་རྨད་བྱུང་བ།། འདི་ནི་བྱང་ཆུབ་སེམས་དཔའ་ཆེ།། རྡོ་རྗེ་བཞད་པར་དེ་བཤད་དོ།། སངས་རྒྱས་ཀུན་གྱི་རྣལ ་འབྱོར་ཆེ།། སངས་རྒྱས་ཆོས་ནི་རྟོགས་མཛད་པས།། དེ་བཞིན་གཤེགས་པ་ཆོས་དག་པ།། རྡོ་རྗེ་ཆོས་སུ་དེ་བཤད་དོ།། ཤེས་རབ་རྣོན་པོ་ཐེག་པ་ཆེ།། ཉོན་མོངས ་ཐམས་ཅད་ངེས་གཅོད་མཛད།། ཤེས་བྱའི་སྒྲིབ་པ་བཅོད་པ་པོ།། རྡོ་རྗེ་རྣོན་པོར་དེ་བཤད་དོ།། སངས་རྒྱས་རོལ་མོ་འཁོར་ལོ་ནི།། ཆོས་ཀྱི་འཁོར་ལོ་རབ་བསྐོར ་བ།། སེམས་དཔའ་ཆེན་པོ་ཐེག་པ་ཆེ།། རྡོ་རྗེ་རྒྱུ་ཞེས་དེ་བཤད་དོ།། རྡོ་རྗེ་ཆོས་མར་རྣམ་པར་བསམ།། མཛེས་པའི་ཞལ་དང་སྤྱན་ཡངས་པ།། པད་མ་རག་ལྟ ་བུའི་མདོག། སྐུ་མདོག་དམར་པོ་ཡང་དག་བྱུང་།། ཆགས་པའི་པད་མ་འཛིན་སྟུག་པ།། མཚན་རྣམས་ཐམས་ཅད་ཡང་དག་རྫོགས།། རྒྱན་རྣམས་ཀུན་གྱིས ་རྣམ་པར་བརྒྱན།། རྟག་ཏུ་ཨུད་དཔལ་དམར་པོ་ནི།། སངས་རྒྱས་ཐམས་ཅད་རབ་བསྒོམས་པའོ།། ཆོས་ཀྱི་ཡེ་ཤེས་བྱེད་པ་མཆོག། གསང་བ་དམ་ཚིག་རྡོ་རྗེ ་ཅན།། མཁའ་དབྱིངས་རྡོ་རྗེ་དབུས་ཆུད་པར།། ཟླ་བའི་དཀྱིལ་འཁོར་དམ་པ་བསམ།། སངས་རྒྱས་གཟུགས་ནི་རྣམ་བསྒོམས་ལ།། སྒྲོལ་མ་མཆོག་ནི་བསམ་པར ་བྱ།། ཞལ་མཛེས་སྤྱན་ནི་ཡངས་པ་དང་།། སྣ་ཚོགས་རྒྱན་གྱིས་རྣམ་པར་བརྒྱན།། ཁ་དོག་སེར་པོ་ཉིད་བསམ་ཞིང་།། བུད་མེད་སྒྱུ་མའི་དྲེགས་བདེ་བ།། རྟག་ཏུ ་ཨུད་དཔལ་དམ་པ་ནི།། སེར་པོ་སྣང་བ་བསམ་པར་བྱ།། རྡོ་རྗེ་ཉིད་འཛིན་ལས་བྱུང་བ།། སེམས་ཅན་ཀུན་གྱིས་ཕྱག་བྱས་པའོ།། ཨོཾ་རུ་རུ་སྥུ་རུ་ཛ་ལ་ཏི་ཤཱ ་སིདྡྷི་ལོ་ཙ་ནི་སརྦ་ཨཪྠ་སད་ནི་སྭཱ་ཧཱ།། ཨཽ་ཤང་ཀ་རེ་ཤན་ཏི་ཀ་རེ། གྷ་ཊ་ཊ་གྷ་ཊི་ནི་གྷ་གྷ་ཏ་ཡ་གྷ་ཊ་ཏི་ནི་སཱ་ཧཱ།། ཨོཾ་ཀ་ཏྲེ་བི་ཀ་ཏྲེ་ནི་ཀ་ཏྲེ་ཀ་ཏི་ཀ་ཏེ་སྭཱ་ཧཱ།། ཨོཾ་ཏ་རེ ་ཏུད་ཏ་རེ་ཏུ་རེ་སྭཱ་ཧཱ། རིག་པའི་ལྷ་མོ་བཞིའི།། སྐྲ་ནི་ལུས་ཀྱི་ངོ་བོ་ཡིས།། ཐུགས་ནི་སེམས་ཀྱི་རྣམ་པ་ཉིད།། གསུང་ནི་རྣམ་དག་རྣམ་པ་ཡིས།། མཆོད་ནི་མཆོད ་པའི་བདག་ཉིད་འགྱུར།། སྐུ་གསུང་ཐུགས་ནི་གསང་བ་ནི།། མཁས་པ་ཡིས་ནི་བསྲུང་བྱ་སྟེ།། བསྲུངས་ནས་མཆོག་ཏུ་གསང་བ་ནི།། རྟག་པར་ཀུན་ཏུ་འབྱུང ་བར་འགྱུར།། དངོས་པོ་ཡོངས་སུ་དག་པ་ནི།། མེད་པར་ཀུན་ཏུ་རྟག་མི་འགྱུར།། རྣལ་འབྱོར་པ་ནི་རྣལ་འབྱོར་ཐོབ།། ཚོགས་མེད་ཡང་དག་མི་མཐོང་ངོ་།། ་དེ་བས་གསང་བའི་ཡེ་ཤེས་འབྱུང་།། རྣལ་འབྱོར་ཀུན་ཏུ་འབྱུང་བར་འགྱུར།། ཤེས་རབ་ཕ་རོལ་ཕྱིན་པའི་ཐབས།། ཏིང་འཛིན་ཡེ ་ཤེས་བརྟགས་པ་ཡིན།། ཆོས་རྣམས་ཐམས་ཅད་རྣམ་དག་པ།། དག་པ་ཉིད་དུ་གྱུར་པ་ནི།། ཇི་ལྟར་ལྷ་ཡི་ནོར་བུ་ནི།། རང་གི་འོད་ཀྱི་རྟག་ཏུ་སྣང་།། སྲིད་པ་ཡོངས ་སུ་དག་པ་ཡང་།། རྣལ་འབྱོར་རྣལ་འབྱོར་ཐོབ་བྱེད་ཡིན།། རྡོ་རྗེ་དབྱིངས་ནི་གསང་ཆེན་དུ།། གང་ཞིག་དབང་བསྐུར་མཁས་པ་ལ།། ཐུགས་ཀྱི་གསང་བའི་རྣལ ་འབྱོར་མཆོག། མཁས་པས་དེ་ལ་བཤད་པར་བྱ།། ཐམས་ཅད་གསང་བའི་རྒྱུད་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་པད་མ་ཀ་ར་བར་མ་དང་། ་ཞུ་ཆེན་གྱི་ལོཙྪ་བ་དགེ་སློང་རིན་ཆེན་བཟང་པོས་སྒྱུར་ཅིང་ཞེས་ཏེ་གཏན་ལ་ཕབ་པའོ།། དགེ་ལེགས་འཕེལ།། ་