| Wylie | e-texts produced with BDRC’s OCR application |
ཕྱ།། །། !། ་། རྒྱ་གར་སྐད་དུ།། ཀུ་ལ་ཨ་ཝ་ལོ་ཀི་ཏེ་ཤྭ་ར་པན་ཙ་ཤི་ཀ་ན་མ་ཏན་ཏྲ་ར་ཛ་ན་མ། བོད་སྐད་དུ། རིགས་ཀྱི་སྤྱན་རས་གཟིགས་དབང་ཕྱུག་ལྔ་བཅུ ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ།། དཔལ་རྡོ་རྗེ་མཁའ་འགྲོ་ལ་ཕྱག་འཚལོ།། དེ་ནས་གསང་བ་དམ་པ་འདི།། འཇིག་རྟེན་རྨོངས་པར་བྱེད་པའི་མཆོག། རིགས་དང་རིགས ་འབྱུང་ཞེས་བྱ་བ།། གསང་སྔགས་མཆོག་ནི་བཤད་པར་བྱ།། དམ་ཚིག་སྤྱོད་པ་ལས་ངེས་གྲོལ།། བྱ་བ་དུས་དག་རྣམ་གསུང་པ།། སྐུ་གསུམ་ཡང་དག་ལྡན་པ་སྟེ།། འཇིག ་རྟེན་མགོན་པོ་འགྲོ་བའི་བདག། འདོད་པའི་དབང་ཕྱུག་འདོད་པའི་ལྷ།། མཐོང་དང་མ་མཐོང་འབྲས་བུ་ཏེ། དེ་ཡིས་སྔགས་ནི་མཚུངས་མེད་པ།། བླ་མའི་ཞལ་ལས ་ཤེས་པར་བྱ།། དྲག་ཤུལ་ཆེ་དང་འཇིགས་གཟུགས་ཅན། ཐིག་ལེ་ལྔ་དང་ཡང་དག་ལྡན།། གཅོད་བྱེད་དང་པོ་དང་གནས་པ།། ཆེན་པོ་ལྔ་ལྔ་དང་ལྡན་པ།། ལྕེ་གཉིས་ཡན་ལག ་མེད་གཉིས་པ།། སྐུ་གསུམ་སྔགས་ཀྱི་འདྲེན་པའོ།། འདི་ཉིད་དྲན་པར་བྱེད་པའོ།། གཙང་མ་རུང་དང་མི་རྩང་ངམ།། ལྷའི་དབང་ཕྱུག་རོལ་བྱེད་མས།། འདོད་ལྷ་བཞིན་དུ ་ཡང་དག་ལྟ།། སྔགས་ཀྱི་མགོན་པོ་འདི་ལ་ནི། བྱ་བར་མི་དགས་བསྒྲུབ་མི་དགས། མཆོད་པ་སྦྱིན་བསྲེགས་མི་དགོས་ཤིང་།། བསམ་གཏན་རྣལ་འབྱོར་ཡང་དག ་རིག་རྒྱན། ལྡནཿདུས་དང་དུས་འཚམས་ངེས་གྲོལ་ཞིང་།། རྩེ་གཅིག་ཡིད་ནི་བརྟན་པ་ཡིས།། ཆོ་ག་བཞིན་དུ་འབུམ་བཟླ་ཞིང་།། ཡང་ན་ཡི་གེར ་རེ་རེ་ལའོ།། ཐེ་ཚོམ་མེད་པར་ཚིག་ཙམ་གྱིས།། ལས་རྣམས་ཐམས་ཅད་བྱེད་པར་འགྱུར། སྙིང་འཁོར་ལོ་ནས་མཐར་ཐུག། གཞན་དང་གཞན་མཆོག་ཁྱེད་བྱེད་དམ།། ་དེ་ནི་བྱེ་བྲག་གཉིས་ལྡན་པར།། ཤེས་ན་ཐམས་ཅད་སོང་བར་འགྱུར།། བསམ་གཏན་རྣལ་འབྱོར་ཡང་དག་ལྡན།། བློ་ལྡན་ལུས་ལ་བཀོད་བྱས་པ།། འགྲོ་ལ་གང ་ཅིའང་རུང་བ་ཡིས།། སྟ་སྟེངས་ལ་སོགས་འགྲུབ་པར་བྱེད།། པདྨའི་ཕྱག་རྒྱ་ཡང་དག་ལྡན།། ཡང་ན་ནམ་མཁའི་ཕྱག་རྒྱའོ།། ལྟེ་བ་ནས་ནི་ཁ་ཡི་བར།། ནུས་པ ་བསམ་དང་ཡང་དག་ལྡན།། གཡོ་ཞིང་དགའ་བའི་ཡུལ་ཅན་ནི། བློ་ཡིས་རྣམ་པར་འཇུག་པར་བྱ།། སྲོག་ནི་རྒྱུའི་ཚད་ཙམ་དང་།། གོ་འཕངས་གཉིས་ཀྱིས་གོམས ་བ་ཡིན།། དེ་ལྟར་རྒོད་པ་བྱས་འགྱུར་ན།། འཇིག་རྟེན་མགོན་པོའི་སྐུ་འདྲར་འགྱུར།། གཞན་དུ་ནས་ནི་བཟླས་པས་ནི། ལས་རྣམས་གང་གིས་འབྱེད་པར་འགྱུར།། ་དེ་ནི་ན་མཁའ་ཁུ་ཚུར་དང་། འབྲས་འདད་སོ་བ་བརྡུང་བ་བཞིན། ཆོ་ག་བསམ་གཏན་སྦྱོར་བ་ཡིས། གང་ཆེ་ལས་རྣམས་རྩོམ་གྱུར་ན། དེ་ཚེ་དེ་ཡིས་ཡིད་ག ་བའི། ལས་རྣམས་ཐམས་ཅད་འགྲུབ་པར་འགྱུར། རང་གཟུགས་བསམ་དང་རང་བཅས་པ། འཚལ་མཆོག་གིས་ནི་འོད་དང་མཚུངས།། སེའུ་ཡིས་མེ་ཏོག ་དང་འདྲ་བ། ལྷའི་ལྷ་ནི་ཕྱག་བཞི་པ།། པདྨའི་གདན་ལ་ཡང་དག་གནས།། ཞགས་པ་ལྕགས་ཀྱུ་འཛིན་པའི་མཆོག། ཕྱག་གིས་མཆོག་སྦྱིན་ལ་བརྩོན་ཅིང་མུ་ཏིག་ནོར ་བུ་དག་གིས་བརྒྱན།། ཕྱག་ན་པདྨ་སྤྱན་ཡངས་པ།། སྣ་ཚོགས་གཟུགས་ཅན་གཟི་བརྗིད་ཆེ།། དཔའ་བོའི་དབང་ཕྱུག་འགྲོ་བའི་མགོན། རྣལ་འབྱོར་མའི་སྙིང་དགར ་བྱེད། སྔགས་ཀུན་གྱིས་ནི་བཞིར་འགྱུར་ལྷ།། དངོས་གྲུབ་ཐམས་ཅད་རབ་བསྒྲུབ་བྱེད། དངོས་པོ་གང་དང་གང་གིས་ནི།། རྣལ་འབྱོར་བསམ་གཏན་ལ་རྩོན་པ།། ་འདི་ནི་བསྐྲོད་པར་བྱེད་པས་སྟེ། དགྲ་རྣམས་འཇོམ་པར་བྱེད་པའི་མཆོག། དཀར་དང་དུད་པ་དམར་བ་འམ།། རྣམ་པར་སྣང་བ་ངེས་པར་སྦྱར།། བསོད་པ་ལ ་ནི་སྐུ་མཆོག་གནག། དེ་བཞིན་གནོན་ལ་སེར་པོར་གསུང་།། ལུག་གིས་གདན་ལ་ཡང་དག་གནས།། རྐན་གྱི་ཕུགས་ནི་འབུགས་པར་བྱེད།། ས་འོག་ལ་སོགས་གང ་གནས་པ།། དེ་རྣམས་ཐམས་ཅད་འགུག་པར་བྱེད།། དོན་མང་ཚིག་རྣམས་བཀྲུ་བ་ནི།། མང་དུ་སྨྲ་བ་ཅི་ཞིག་དགོས།། འཇིག་རྟེན་གསུམ་ན་ལས་རྣམས་ནི། ཡོན་ཏན ་བརྒྱད་དང་ཡང་དག་ལྡན།། རྒྱུར་ཞེ་ན་ཉེ་བར་སྤྱོད་པ་ལས།། གསུང་དང་མ་གསུངས་ཅི་ཡང་རུང་།། རང་གཟུགས་བསམ་གཏན་སྤྱོད་པ་ཡིས།། བྱེད་པར་འགྱུར་ཏེ་ཐེ་ཚོམ ་མེད། ཞལ་ལྡན་བྱེད་པའི་ལྷ་འདི་ནི།། སཱིང་ཁའི་ཆུ་སྐྱེས་དབུས་ན་གནས། སྙིང་ཁའི་ཆུ་སྐྱེས་སྦྱོར་བ་ཡིས།། དབང་དང་སྐྲོད་ཅིང་གསོད་པར་བྱེད། ལྷོ་ནི་སྐུ་མཆོག ་གསུམ་དང་ལྡན།། སྐྲོད་པ་རྣམ་པ་གསུམ་དང་ལྡན།། རྣལ་འབྱོར་མའི་མཁར་གནས་པའི། ལས་དེ་རྟག་ཏུ་བྱེང་པར་འགྱུར། @ ་ཁ་སྦྱར་ལས་དག་ལ།། འབྱིན་པ་རྣམ་པ་གསུམ་ཡང་བྱེད། རྟག་དུ་བརྩོན་པའི་རྣལ་འབྱོར་པ།། མར་མེའི་རྩེ་ལྔར་མི་གཡོར་གནས། སྔར་བཤད་ལྷའི་ལྷ་དབང ་ཕྱུག། དམར་དང་དམར་སྐྱའི་འོད་དང་མཚུངས།། མཚན་ཕྱེད་དུས་སུ་གནས་བྱས་ནས།། རྣལ་འབྱོར་འདི་ཉིད་བརྩམ་པར་བྱ།། དེ་གཟུགས་འཆང་བའི་ལུས་དེ་ནི།། སྔར ་གྱི་བཀོད་པ་ལེགས་སྦྱངས་པ། ཞགས་པ་ལྕགས་ཀྱི་འཆང་བའི་ལྷས།། བསྒྲུབ་བྱའི་ལུས་སུ་ཡང་དག་འགུགས།། ཐམས་ཅད་གསང་བའི་མཁའ་ལ་གནས།། ་ཞགས་པ་ལྕགས་ཀྱུ་གཟི་བརྗིད་ཆེ།། དེ་ཡིས་བསྒྲུབ་བྱ་དགུག་བྱས་ནས།། ལྕགས་ཀྱུ་སྤྱི་བོར་གདབ་པར་བྱ།། འདར་ཞིང་རུ་ཏི་རས་ལྤགས་ལུས།། ཡང་དང་ཡང་དུ་སྐྱུག ་པར་བྱེད།། རུ་ཏི་ར་ནི་ཀུན་ཟག་འགྱུར། སྒོ་དགུ་ལས་ནི་ངེས་པར་འབྱུང་།། བསྒྲིབ་པ་དག་ལས་ངེས་གྲོལ་བ།། ལུས་འདི་ཉིད་ནི་བལྟ་བར་བྱ།། དེ་ཡི་དབུས་ལས་སྔགས ་བཟླས་ཤིང་།། དང་པོའི་ཡི་གེ་དབང་ཕྱུག་མཆོག། འབར་བའི་མེ་དང་འོད་མཚུངས་པ།། རང་གི་ཤེས་རབ་ནུས་པས་མཚན།། དེ་ནི་པདྨའི་གཟུགས་བསྐོར་ཞིང་།། ཁའི ་གུར་ལས་ངེས་པར་འབྱུང་།། སོང་ཞིང་བསྒྲུབ་བྱའི་ཁ་ལ་ཐིམ།། བསྒྲུབ་བྱའི་སྙིང་ཁའི་པདྨའི་བར།། དེ་མཐར་གང་ཅིའང་རུང་བ་ནི། སྙིང་ཁར་གནས་པ་དེ་དག་ཀུན ་མེར་མེར་པོ་རྣམས་ཀུན་བླངས་ནས།། སྒྲོན་མའི་གཟུགས་ཅན་ཡིད་འཕྲོག་པའོ།། དེ་ཡང་གསུམ་པར་ཆོ་ག་བཞིན།། རླུང་གི་ཡི་གེས་རྟོགས་པར་བྱ།། བདག ་གཞན་ཐམས་ཅད་ཐིམས་འགྱུར་ཞིང་།། དངོས་པོ་གཅིག་ཏུ་འགྱུར་བ་མཆོག། བདག་ཉིད་དང་ནི་ནོར་བདག་གིས།། བྲན་གྱི་དངོས་པོར་ཡང་དག་གནས། འཇིག ་འདི་ནས་ས་བདག་རྣམས།། ཐེ་ཙོམ་མེད་པར་ཅིས་མི་འགྲུབ། གཞན་དབང་ལ་སོགས་རྣལ་འབྱོར་པས། སྔགས་ཀྱི་དབང་ཕྱུག་སྦྱར་མི་བྱའོ།། རྒྱལ་སྲི ་བསྒྲུབ་པ་ལ་བརྩོན་པས།། གསང་སྔགས་རྒྱལ་པོའི་དབང་ཕྱུག་སྦྱར།། བུད་མེད་འདོད་པའི་སྲེད་པ་ཡིས།། གང་ཞིག་གཞན་དུ་བྱེད་འགྱུར་ན། བྲང་དབང ་ཏིལ་ཆོ་ག་དག་གམ་ནི།། དེ་མ་ཐག་ཏུ་འཆི་བར་འགྱུར།། རིགས་འབྱུང་སྙིང་པོ་མཆོག་སྦས་པ།། རྟག་ཏུ་སྲོག་བཞིན་བསྲུང་བར་བྱ།། དམ་ཚིག་སྤྱོད་པ་དམན ་གྱུར་ཀྱང་།། གསང་སྔགས་འདྲེན་པ་འདི་བཟླས་ཏེ། འདུ་འཛི་མེད་པར་ཅིག་པུ་ཡིས།། མཁས་པས་འབུམ་འམ་ཁྲི་བཟླས་ན། དེ་ལ་འཕྲལ་དུ་རྟགས་འབྱུང་ཞིང་། ་རིགས་འབྱུང་གོ་འཕང་འཁོར་གསུམ་འགྲུབ།། འཇིག་རྟེན་ཐམས་ཅད་བསྐྱེད་བྱེད་ཅིང་།། ཡང་དང་ཡང་དུ་བསྡུད་པར་བྱེད།། ན་མཁའི་གོ་འཕང་འགྲོ་འགྱུར་ཞིང་།། ་དྲན་པ་ཙམ་གྱི་ཐེ་ཚོམ་མེད།། སེམས་དང་སེམས་མིན་ངེས་སྦྱོར་བས། སེམས་ཀྱིས་སེམས་ནི་ངེས་པར་མཐོང་།། སེམས་ནི་སེམས་ལ་ཐིམ་འགྱུར་ན།། ལུས ་རས་རྒྱནཅན་རྣམས་ལ་ངེས་པར་འཇུག། ནད་མེད་ནད་བཅས་བྱེད་པ་སྟེ།། དེ་བཞིན་ནད་བཅས་ནད་མེད་བྱེད།། སྔགས་ཀྱི་མགོན་པོའི་ད ་ཕྱུག་ནི།། ཞགས་པ་ལྕགས་ཀྱི་འཛིན་པའི་མཆོག། གསུམ་པ་གནས་སྐབས་གསུམ་གནས་པ།། གང་གིས་འཇིག་རྟེན་མགོན་རིག་པ།། སྲེད་མེད་ན་མཁའ་ལྟ་བུ་ཡིས།། འཇིག ་རྟེན་མགོན་པོའི་གོ་འཕང་འགྲོ།། གཞན་དུ་ན་ནི་རྨོངས་པ་ཡིས།། བྱིས་པ་ཟླ་བ་འཛིན་པ་བཞིན།། རང་བཞིན་གོ་འཕང་སྦྱོར་བ་ཡིས།། ལས་གྲུབ་པ་ལ་བརྩོན་འགྱུར་ན།། ། ་ལས་རྣམས་ཐམས་ཅད་འགྲུབ་འགྱུར་ཞིང་།། ཅིག་ཙམ་གྱིས་ནི་ཐེ་ཚོམ་མེད།། ། རིགས་ཀྱི་སྤྱན་རས་གཟིགས་དབང་ཕྱུག་ལྔ་བཅུ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་བ ་རྫོགས་སྷོ།། ། ཤེས་རབ་དབང་ཕྱུག་དད་པ་ཡིས།། ལས་ཀྱི་རྡོ་རྗེ་ལ་ཞུས་ནས།། སྐལ་ལྡན་རྣམས་ཀྱི་དོན་དུ་ནི།། འཇིག་རྟེན་མགོན་པོའི་རྒྱུད་འདི་བསྒྱུར།། དེ་ལས་བསོད་ནམ། ་གང་བསགས་པ།། དྲི་མ་མེད་དེས་འགྲོ་བ་ཀུན། ལོག་པར་ལྟ་བ་ལས་གྲོལ་ཞིང་།། འཇིག་རྟེན་དབང་ཕྱུག་འདྲ་བར་ཤོག། རྒྱ་གར་གྱིས་མཁན་པོ་ད་ཏྲ་ཏི་དཔལ་གྱི་ཞབ ་གྱི་ཞལ་སྔ་ནས།། ལོཙྪ་བ་ཤེས་རབ་དབང་ཕྱུག་གིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། འདི་ལ་པཎྜི་ཏ་བི་མ་ལ་ཤྲི་བྷ་ཏྲ་དང་།། ཡར་ལུང་ལོཙྪ་བ་གྲགས་པ་རྒྱལ་མཚན ་གྱིས་བསྒྱུར་བའི་ལེའུ་གསུམ་དུ་བྱས་པའི་འགྱུར་ཡང་ཡོད།། འགའ་ཞིག་འདི་མར་རྒྱུད་ཡིན་པར་འདོད་དོ།། དགེ་འདིས་མཁའ་ཁྱབ་འགྲོ་བ་མ་ལུས་པ། རྒྱུད་བཞིའི་དགོངས་པ ་རྟོགས་ནས་སངས་རྒྱས་ཤོག། མངྒ་ལཾ།། ་