| Wylie | e-texts produced with BDRC’s OCR application |
། རྒྱ་གར་སྐད་དུ། ཀྲི་ཤྩ་ཡ་མ་ཨ་ར་ཙཀྲ་ན་མ། བོད་སྐད་དུ། གཤིན་རྗེ་གཤེད་ནག་པོའི་འཁྲུལ་འཁོར་ཞེས་བྱ་བ། བཅོམ་ལྡན་འདས ་གཤིན་རྗེ་གཤེད་པོ་ལ་ཕྱག་འཚལ་ལོ།། དོན་དམ་ཆོས་སྐུ་ཞི་བ་ཉིད།། གང་འདིར་ཁམས་གསུམ་རྣམ་རྒྱལ་ཏེ། གཤིན་རྗེའི་དགྲ་ཞེས་གྲགས་པ་ཡི། འཁོར ་ལོ་བསྐོར་བའི་ཆོ་ག་བཤད།། ཡོན་ཏན་ལྡན་པའི་སྔགས་པས་ནི།། ཆོ་ག་བཞིན་དུ་བསྙེན་པ་ཡིས།། དུར་ཁྲོད་དབེན་པ་ལ་སོགས་པར།། མཎྜལ་ཁྲུ་དོའི་ཚད་དུ་བྱ། ་དྲི་དང་བའི་རྣམ་ལྔ་དང་། ཉི་ཟླ་སོགས་པ་བྱི་དོར་བྱ།། ཤ་ལ་སོགས་པ་དམ་རྫས་ལྔ།། གཞན་ཡང་ཚོགས་ཀྱི་འཁོར་ལོ་དང་།། ཕྱི་ནས་མཆོད་པའི་བྱེ་བྲག་གིས།། ་ལེགས་པར་མཆོད་པར་བྱས་ནས་ནི།། འཁོར་ལོ་བྲི་དང་བཏུ་བ་དང་།། དྲང་དང་བསྲེ་དང་སྤོ་བ་བརྩམ།། སྔགས་པ་རྣལ་འབྱོར་ལྡན་པ་ཡིས།། ལྷོའི ་ཕྱོགས་སུ་ཁ་ལྟས་ཏེ།། དམ་ཚིག་རྗེས་སུ་དྲན་པ་ཡིས།། ཨོཾ་བཛྲ་ས་ཡ་ཡ་སྟོ།། གསང་སྔགས་འདི་ནི་དྲན་བྱེད་ཅིང་།། འཁོར་ལོ་བྲི་བར་བརྩམས་པར་བྱ།། ་དབུས་ནས་སོར་ཚད་བཅུ་དྲུག་པ།། ཀུན་ཏུ་ཟླུམ་པོར་བསྐོར་བ་ནི།། འདི་ནི་ནང་གི་འཁོར་ལོ་སྟེ།། རིམ་པ་གསུམ་དུ་བསྐོར་བ་ལ།། སྒོ་མེད་ལྕགས་མཁར ་བཅུ་དྲུག་བྱ།། འདི་ནི་གཤིན་རྗེའི་གྲོང་ཁྱེར་ཏེ།། སྲིད་པ་གསུམ་གྱི་འཇུག་ས་ཡིན།། དེའི་ཕྱི་རིམ་མུ་ཁྱུད་གསུམ།། ཀུན་ཏུ་ལྕགས་རིས་སྐོར་བ་སྟེ།། མུ ་ཁྱུད་དེ་དག་རེ་རེ་ལ། ཁང་པ་སུམ་བཅུ་རྩ་གཉིས་མཛེས།། འགྲོ་བའི་ཆོས་བཞིན་གཅོད་པ་ཡི།། འཁོར་ལོ་འདི་ལྟར་བྲིས་ནས་ནི།། ཕྱི་རོལ་མུ་ཁྱུད་ཐ་མ་ལ།། ་ཡི་གེ་ཀ་སོགས་ད་ཡིག་མཐའ།། ང་ཉ་གསལ་ནས་དགོད་པར་བྱ།། ཡི་གེ་རྔ་སོགས་ཀྵ་ཡིག་མཐའ།། དེའི་རྗེས་སུ་བྲི་བར་བྱ།། མུ་ཁྱུད་དབུས་མ་དག་ལ་ནི། དབྱང ་ཡིག་བཅུ་དྲུག་གཉིས་འགྱུར་རོ།། བཏུ་དང་དགོད་སོགས་རྩོམ་པ་ན། མཚན་མ་འདི་དག་ཤེས་པར་བྱ། ཟླ་བ་མིག་དང་ཡོན་ཏན་དང་། རིག་བྱེད་མདའ་དང་དབང་པོ་དང་། ་ཏོག་ཙ@#རྒྱ་མཚོ་བཀྲ་ཤིས་བཟའ་དང་ཕྱོགས།། དྲེགས་པ་ཉི་མ་ཡན་ལགས།། ཆོས་ཞེས་བྱ་བར་རབ་ཏུ་གྲགས།། ཕྱི་རོལ་མུ་ཁྱུད་ཐ་མ་ལ།། ་ཤར་གྱི་ཚངས་ཐིག་ནས་བརྩམས་ནས།། རིམ་མིན་བཟའ་ཅན་ཁང་པ་ནས།། ཡི་གེ་བཀྲ་ཤིས་ཙམ་བླངས་ཏེ།། ནང་གི་ངོས་ཀྱི་མུ་ཁྱུད་ཀྱི།། ཚངས་ཐིག་ནི་ངོས་དག་ལ།། ་ཕྱོགས་བཞིར་མིག་གི་ཚད་དུ་སྦྱིན།། རིམས་མིན་ཕྱོགས་ཅན་ཁང་པ་ནས། ཡི་གེ་མིག་གི་ཚད་བླངས་ཏེ།། ཤར་དུ་དོའི་གཡས་གཡོན་བཞག། རིམ་མིན ་བཀྲ་ཤིས་ཁང་པ་ནས།། དབྱངས་ཡིག་གཉིས་པ་ཅན་བླངས་ཏེ། མིག་གི་ཚད་དུ་བྱས་ནས་ནི།། དེའི་ངོས་ལ་རེ་རེ་བཞག། ནུབ་ཀྱི་ཚངས་ཐིག་ནས་བགྲང ་ཏེ་ཏ། རྒྱ་མཚོ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གཅིག་དང་ལྡན་པ། མིག་གིས་ཚད་དུ་བླངས་ནས་ནི།། ལྷོ་ཕྱོགས་དེའི་གཡས་གཡོན་བཞག། ནུབ ་ནས་རིམ་པ་མིན་པ་ཡི།། ཟླ་བ་ཅན་གྱི་ཁང་པ་ནས།། དབྱངས་ཡིག་བཅུ་གསུམ་དང་ལྡན་པ།། མིག་གི་ཆད་དུ་བླངས་ནས་ནི།། ལྷོ་རུ་དེ་རྗེས་སྦྱིན་པར་བྱ།། ་དེ་ཉིད་དབྱངས་ཡིག་གསལ་བ་ནི།། མིག་གི་ཚད་དུ་བླངས་ནས་ནི།། སྔོན་བཞིན་ནུབ་ཀྱི་ཕྱོགས་སུ་སྦྱིན།། ནུབ་ནས་བཀྲ་ཤིས་ཁང་པ་ནས།། དབྱངས ་ཡིག་བཅུ་གསུམ་དང་ལྡན་པ།། མིག་གི་ཚད་དུ་བླངས་ནས་ནི།། ནུབ་ཀྱི་ངོས་སུ་དེ་རྗེས་སྦྱིན།། བྱང་ནས་བཀྲ་ཤིས་ཁང་པ་ནས། དབྱངས་ཡིག་བཅུ་གཅི། ་པ་ལྡན་པ།། མིག་གི་ཚད་དུ་བླངས་ནས་ནི།། བྱང་གི་ངོས་ལ་དེ་རྗེས་སྦྱིན།། རླུང་གི་ས་བོན་ཞེས་བྱ་བ།། མངའ་ཅན་ཁང་པ་ནང་གནས་པ།། འོད་ཀྱི་གོང ་བུ་བྱས་པ་དང་།། དེ་ཉིད་ནས་ནི་བགྲངས་པ་ཡིས།། ས་ཆེན་ཁང་པ་ནང་གནོས་པ།། དབྱངས་ཡིག་གསུམ་པ་ལྡན་པ་དག། ཟླ་བའི་ཚད་དུ་བླངས་ནས་ནི།། བྱང ་ཤར་འཚམས་སུ་རེ་རེ་སྦྱིན། རྒྱ་མཚོའི་ཁང་པ་ནང་གནས་པ།། དབྱངས་ཡིག་གཉིས་པ་དང་ལྡན་པ།། རིམ་མིན་ཡོན་ཏན་ཁང་པ་ནས།། ཟླ་བའི་ཚད་བཟུང་ནས ་ནི་ཤར་ལྷོ་འཚམས་སུ་སྦྱིན་པར་བྱ།། རིམ་མིན་བཀྲ་ཤིས་ཁང་པ་ནས།། དབྱངས་ཡིག་ལྔ་པ་ལྡན་པ་དང་།། ཡན་ལག་ཅན་གྱི་ཁང་པ་ནས།། ཟླ་བའི ་ཚད་དུ་བླངས་ནས་ནི།། ལྷོ་ནུ་པ་བྱང་མཚམས་སུ་དེ་བཞིན་སྦྱིན།། དེ་ལྟར་དགོད་པར་བྱས་ནས་ནི།། དེ་ནས་དྲང་བ་ཙམ་པར་བྱ།། དམ་ཚིག་རྗེས་སུ་དྲན་བྱེད་ཅིང་།། ་རྡོ་རྗེ་ཤུགས་དང་ལྡན་པ་ཡིས།། ཤར་གྱིས་ཚངས་ཐིག་ངོས་གཉིས་ནས།། ཡི་གེ་ཟུང་ལྡན་དྲངས་ནས་ནི།། དབུས་ཀྱི་ཁང་པར་བཞག་པར་བྱ།། ཕྱོགས་གཞན ་ཚངས་ཐིག་ངོས་དག་ནས།། དེ་བཞིན་བཟུང་ལྡན་དྲངས་ནས་ནི། དེ་བཞིན་དབུས་ཀྱི་ཁང་པར་བཞག། དེ་ནས་ཤར་གྱི་ཡི་གེ་ཡང་།། ཟུང་ལྡན་གཉིས་པ་དྲངས་ནས་ནི།། རིམ ་བ་གཉིས་པའི་ཁང་པར་བཞག། ཕྱོགས་གཞན་དུ་ཡང་དེ་བཞིན་ནོ།། ཤར་གྱི་ཟུང་ལྡན་གསུམ་པ་ཡང་།། རིམ་པ་གསུམ་པའི་ཁང་པར་བཞག། ཕྱོགས་གཞན་དུ་ཡང ་དེ་བཞིན་ནོ།། འཚམས་ཀྱི་ཡི་གེ་ཡ་བྲལ་ནི། རང་རང་ནང་གི་འཚམས་སུ་དྲང་།། དེ་དག་ཕྱུང་བའི་ཁང་སྟོང་དུ། དབྱངས ་ཀྱི་ཡི་གེ་དྲང་བར་བྱ།། དབྱངས་ཀྱིས་ཡི་གེའི་བཞི་ལ་ནི། མིང་གི་ཡི་གེ་དྲང་བར་བྱ།། མིང་གི་ཡི་གེའི་བཞི་ལ་ནི། སོ་སོ་ལས་དང་མཐུན་པ་ཡི།། བསྐུལ ་བའི་ཡི་གེ་བགོད་པར་བྱ།། གསད་དང་སྐད་དང་དབྱེ་བ་དང་། ཡི་གེ་ཕཊ་ནི་བཞག་པར་བྱ།། མནན་པ་ལ་ནི་ཡི་གེ་ལམ། ཞི་བ་ལ་ནི་ཡི་གེ་ཨོཾ།། རྒྱས་པ་ལ་ནི་དེ་བཞིན ་སདབང་ལ་བཾ་གྱིས་བརྒྱན་གྱིས་བརྒྱན་པ་སྟེ།། དགུག་པ་ལ་ནི་ཡི་གེ་ཛཱ། དེ་ལ་ལས་ཀྱི་འོད་ཟེར་ནི།། ཞི་བ་ཆུ་སྟེ་རྒྱས་པས།། དབང་ལ་རླུང་སྟེ་དྲག་པོ་མེ། ་དབྱེ་དགུག་བསྐྲད་པ་དབང་དང་མཐུན།། མནན་པ་དག་ནི་རྒྱས་པ་བཞིན།། དྲང་བའི་སྦྱོར་བ་བྱས་ནས་ནི།། སྲེ་བའི་སྦྱོར་བ་བརྩམ་པར་བྱ།། གཉིས་མེད་སྔགས ་དང་ལྡན་པ་ཡིས།། དབུས་ཀྱི་བཀྲ་ཤིས་ཡི་གེ་ཡ།། ཟླ་ལྟར་འོད་ཀྱི་གོང་བུ་བྱ།། འོད་ཀྱི་གོང་བུ་དེ་ནང་དུ།། འདོད་པའི་བསྒྲུབ་བྱ་བཞག་པར་བྱ།། དེ་དཀྱིལ་རང ་མིང་དང་པོ་བཞག། ཕྱོགས་ཀྱི་ཁྱིམ་ན་གནས་པ་ཡིས།། ཡི་གེ་བཟུང་མ་ཐམས་ཅད་ཀྱང་།། དེ་ཚེ་འོད་ཀྱི་གོང་བུར་བྱ།། བསྔགས་ཀྱི་རྒྱལ་པོ་བཅུ་པ་ཡང ་བཅུ་གཉིས་ཁྱིམ་དུ་སྤེལ་ཏེ་བྲི།། བྱིན་བརླབས་ཧཱུཾ་ཞེས་བྱ་བ་ཡང་།། ཁང་པ་བཞི་བཟུང་རེས་མཛེས།། ཡོངས་སུ་དག་པར་དཀོད་བྱས་ནས།། མཆོད་དང་གཏོར ་མ་བྱས་ནས་ནི།། སྤོ་བ་དག་ནི་བརྩམ་པར་བྱ།། ལས་ཀྱི་དབྱེ་བ་ཅི་ལྟ་བར།། འཁོར་ལོའི་རས་ནི་བླངས་བྱ་སྟེ།། ཞི་བ་དང་ནི་རྒྱས་པ་ལ།། ཤིན་ཏུ་དགེས་པའི ་རས་ལ་བྱས།། དབང་དང་དགུག་པ་སྨད་འཚོང་སོགས།། གསད་དང་དབྱེ་དང་བསྐྲད་པ་དང་།། མནན་པ་ལ་ནི་དུར་ཁྲོད་རས།། གི་ཧཾ་གུར་གུམ་ཞི་རྒྱས་ལ།། ་དབང་དང་དགུག་ལ་ཙན་དན་དམར།། མནན་པ་ལ་ནི་ལྡོང་རོས་སོགས།། བསྐྲད་ལ་བྱ་རོག་ཁྲག་གིས་ཏེ།། དབྱེ་བ་རྟ་དང་མ་ཧེ་སོགས།། གསད་པ་དུག་ལ་སོགས ་པས་བྲི།། དགེ་བའི་ལས་ལ་བཟང་པོའི་ཤིང་།། དགེ་མིན་ལ་ནི་རུས་པ་དང་།། ལྕགས་ལ་སོགས་པས་བྲི་བར་བྱ།། ཞི་བ་ཤར་ལ་དབང་ལ་ནུབ།། རྒྱས་པ་བྱང ་སྟེ་དྲག་པོ་ལྷོ།། གཞན་ཡང་ཅི་རིགས་སྦྱོར་བར་བྱ།། ཞི་རྒྱས་དབང་དང་དགུག་པ་ལ།། ས་སྐོར་རིམ་བཞིན་བགོད་བྱ་སྟེ།། གནམ་བསྐོར་དག་ནི་རིམ་ལས་བཟློག། ་གསད་སྐད་དབྱེ་དང་མནན་པ་ལ།། ས་སྐོར་རིམ་ལས་བཟློག་པ་སྟེ།། གནམ་བསྐོར་དག་ནི་རིམ་བཞིན་བྲི།། འདི་ལྟར་ལེགས་པར་མ་བྲིས་ན།། འཁོར་ལོ་རང་ལ ་ལྡོག་པར་འགྱུར།། དེ་བས་ནན་ཏན་བསྐྱེད་དེ་བྱ།། རས་ཀྱི་འཁོར་ལོ་ལེགས་ཟིན་ནས།། མཎྜལ་ལ་གནས་འཁོར་ལོ་དེ།། རས་ཀྱི་འཁོར་ལོར་སྤྱན་དྲངས་ཏེ།། ་རྡོ་རྗེ་བསྡུ་བའི་སྦྱོར་བ་ཡིས།། མཎྜལ་འཁོར་ལོ་བསྡུ་བར་བྱ།། རས་ཀྱི་འཁོར་ལོ་མཆོད་ནས་ནི། བདེན་པའི་བྱིན་བརླབས་དམིགས་པར་བྱ། ཅི་ལྟར་གསུངས ་@པའི་ཆོ་ག་བཞིན།། འཁོར་ལོ་སྦ་བར་བྱས་ནས་ནི།། གསང་སྔགས་བཟླས་པ་རྩམ་པར་བྱ།། ཨོཾ་བཛྲ་ས་མ་ཡ་སྟྭཾ། ་དམ་ཚིག་གིས་སྔགས་སོ།། ཨོཾ་བཛྲ་བེ་ག་ཧཱུཾ། རྡོ་རྗེ་ཤུགས་ཀྱི་སྔགས་སོ།། ཨོཾ་མ་ཧཱ་ས་ཡེ་ཏྲི། ས་མེ་མ་ཧཱ་ས་མ་ཡེ་སྭཱཧཱ། ཡི་གེ་བསྲེ་བའི་སྔགསོ།། ་ཨོཾ་བཛྲ་ས་མ་ཡ་ཛ།། འཁོར་སྤོ་བའི་སྔགས་སོ།། ཨོཾ་ཡ་མ་རཱ་ཛཱ། ས་དོ་མེ་ཡ་ཡ་མེ་དོ་རུ། ཎ་ཡོ་ད་ཡ་ཡ་ད་ཡོ་ནི། ར་ཡ་ཀྵེ་ཡ།། ཡ་ཀྵེ་ཡཙྪ། ནི་རཱ ་མ་ཡ་ཧཱུཾ་པཊ།། འདི་ནི་རྩ་བའི་སྔགས་ཏེ་ལས་ཐམས་ཅད་པའོ།། ཨོ་ཧྲི་ཥྚི་ཝི་ཀྲི་ཏཱ་ནན་ཧཱུཾ་ཕཊ། འདི་ནི་ལས་ཀྱི་སྔགས་ཏེ་ལས་ཐམས་ཅད་པའོ།། ཤན་ཏིང ་ཀུ་རུ་ཡཻ་སྭཱ་ཧཱ།། ཞི་བར་བསྐུལ་པའོ།། པུཥྚིཾ་ཀུ་རུ་སྭ་ཧཱ།། རྒྱས་པར་བསྐུལ་བའོ།། ཝ་ཤཾ་ཀུ་རུ་སྭ་ཧཱ། དབང་གིའོ།། མ་ར་ཡ་ཕཊ། གསད་པའི་འོ།། ་བི་དེ་ཤ་ཡ་ཕཊ། དབྱེ་བའིའོ།། ཨུ་ཙ་ཏ་ཡ་ཕཊ། བསྐྲད་པའོ།། སྟཾ་པ་ཡ་ཧཱུཾ་ལཾ། མནན་པའོ།། ཨ་ཀར་ཤ་ཡ་ཧཱུཾ་ཛཱ། དགུག་པའི་འོ།། ཨོཾ་མུ ་སླར་དགྲོལ་བའོ།། ཨ་ལི་ཀ་ལིའི་གྲོང་ཁྱེར་ནི།། གསང་སྔགས་བྱུང་བའི་རྩ་བ་སྟེ།། ལས་ཀྱི་བཙོན་ར་དག་ཀྱང་ཡིན།། ཡི་གེ་བཏུ་བ་མེད་ན་ནི།། གས ་སྔགས་སྒྲ་ནི་ལོག་པར་འགྱུར།། ཡི་གེ་ཚང་བར་མ་བཀོད་ན།། གསང་སྔགས་སྒྲ་ནི་ཉམས་པར་འགྱུར།། གསང་སྔགས་བརྡ་ཡི་མ་བརྗོད་ན།། སྔགས་ནི་དངོས ་གྲུབ་མེད་པར་འགྱུར།། དྲང་བ་དག་ནི་མ་བྱས་ན། ཤིན་ཏུ་འཁོར་བར་མི་འགྱུར་རོ།། ཡི་གེ་བསྲེ་བར་མ་བྱས་ན། བཅུ་དྲུག་ཁང་པ་དོན་མེད་འགྱུར།། སྐོར ་ཕྱོགས་ལོག་ན་དོན་མི་འགྲུབ།། རིག་སྔགས་ཉམས་དང་ལོག་པ་ནི།། ལྷ་མིན་གཡུལ་དུ་ཕམ་པ་དང་།། དབང་པོའི་དགྲ་ཡིས་དགྲ་བསད་བཞིན།། འཁོར ་ལོ་སྤོ་བ་མ་བྱས་ན།། ཆོ་ག་དག་ནི་ཉམས་པར་འགྱུར།། རྒྱུ་ཡིན་པ་དང་སྦྱོར་བ་དང་།། དད་པ་བརྟན་པོས་འགྲུབ་པར་འགྱུར།། དེ་བས་ནན་ཏན་བསྐྱེད་དེ་བྱ།། ་དཔལ་གཤིན་རྗེ་གཤེད་ནག་པོའི་འཁྲུལ་འཁོར་བྲི་བའི་ཆོ་ག་རྒྱས་པའི་རྟོག་པ་རྫོགས་སྷོ།། ་རྒྱ་གར་སྐད་དུ། ས་མ་ཡ་ཨ་མྲི་ཏ་ཁ་ཧི་ན་མ། བོད་སྐད་དུ། དམ་ཚིག་བདུད་རྩི་ཟ་བ་ཞེས་བྱ་བ། གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ།། ་དེ་ནས་གཞན་ཡང་བཤད་བྱ་བ།། བསྔགས་པས་རྟག་ཏུ་བརྟན་པ་ནི།། རུས་སྦལ་འོ་མ་ཞེས་བྱ་དང་།། དེ་བཞིན་འོད་ཀྱི་ལོ་མ་དང་།། འཇིམ་པ་སྐམ་པོ་ཉིད ་དང་ནི།། དེ་བཞིན་མེའི་ཁུ་བ་དང་།། སྒྲ་སྙན་གྱི་ནི་རྫས་དག་དང་།། འདི་རྣམས་རྟག་ཏུ་བསྟེན་ན་ནི།། རང་བཞིན་གྱིས་ནི་ནད་མེད་ཅིང་།། ཚེ་རིང་དབང་པོ་རྒྱས ་བ་དང་།། རྟག་ཏུ་ལང་མཚོ་དང་ལ་བབ།། ལྷ་རྣམས་ཀུན་གྱིས་བྱིན་གྱིས་བརློབས། འདི་ལ་སྤྱད་པར་མི་བྱ་སྟེ། མཐུ་དག་ངོ་བོ་ཉིད་ཀྱིས་འགྲུབ།། ཏིང་འཛིན ་@སྔགས་ཀྱི་བྱིན་བརླབས་ནས།། ལས་ཀྱི་རྣམ་སྨིན་སྦྱོང་བར་བྱེད།། རིག་པ་འཛིན་པའི་ས་ལ་གནས།། དེ་ཕྱིར ་ཆོ་ག་གཞན་དུ་བསྟན།། ཚེས་གཅིག་སྐྱ་རེངས་ཤར་བ་དང་།། སྣོད་ལ་མ་རེག་རུ་སྦལ་ནོ།། དྲོད་མ་ཡོལ་བར་དཏུད་པར་བྱ།། ཡང་ན་ཉི་མའི་སྦུ་གུས་བཏུང་། ་མར་གྱི་དེའི་ཚེས་གཅིག་ལ།། འོད་ཀྱི་ལོ་མ་བཙལ་ནས་ནི།། དེ་ཉིད་ནས་ནི་བཟུང་ནས་ཀྱང་།། ཞག་གསུམ་སྐྱ་རེངས་ཤར་བ་ན།། ལོ་མ་དེ་བཅད་བཟའ ་བར་བྱ།། ཡང་ན་ཉི་མའི་སྦུ་གུས་བྱ།། འཇིམ་པ་བཟང་པོ་སྦྱར་ནས་ནི།། ཞག་གསུམ་ཆུའི་ནང་དུ་སྐེམ།། དེ་བླངས་ནས་ནི་རང་སྐམ་ནས།། ཕྱེ་མ་བྱི ་ལའི་སྤར་ཆད་དེ། ཝ་ཡི་འོ་མ་དང་སྦྱར་ནས། སྔགས་པས་རྟག་ཏུ་བཏུང་བར་བྱ།། མེའི་སྡོང་པོ་བསར་པ་ནི། བ་ཡི་མར་གྱིས་དྲིལ་ནས་ནི།། ཁ་སྦྱར ་སྣོད་དང་ལྡན་བྱས་ནས།། མེ་ཆུས་ཡིས་བཙིར་ནས་ནི།། གཏུང་བ་ཉི་མའི་སྦུ་གུས་བཏུང་།། ལན་ཚྭ་བྲལ་བའི་སྒྲ་ལས་ནི།། ཞག་གསུམ་བསངེས་པའི་སྒྲ ་སྟན་རྫས།། ནམ་གྱི་གུང་ལ་སྔགས་པས་བླངས།། ཆ་གསུམ་སྣོད་དུ་ཞག་གསུམ་བཞག། རྩེ་མོའི་ཆ་ནི་བྱུག་པ་སྟེ།། དབུས་མའི་ཚན་བདུད་རྩི་ཡིན། རྩ་བའི་ཆ ་ནི་དོར་བར་བྱ།། འདི་རྣམས་སོ་སོར་བསྟེན་པ་ན། ཐ་མལ་འབྲས་བུ་གསུམ་གྱི་ཕྱེ། བྱི་ལའི་སླར་ཚད་དེ་དང་སྦྱར།། མ་སྦྱར་ན་ཡང་ཉེས་པ་མེད།། འཚོགས ་པར་བསྟན་ན་བཟང་བར་བཤད།། རེ་རེ་བསྟན་ཀྱང་ཉེས་པ་མེད།། འཇམ་དཔལ་གྱི་རྟོག་པ་ལས། དམ་རྫས་སྨན་དུ་བསྒྲུབས་ཏེ་བརྟེན་པའི་རྟོག་པ་རྫོགས ་སྷོ།། །། ། རྒྱ་གར་སྐད་དུ། ཙཀྲ ་ན་མ། བོད་སྐད་དུ། འཁོར་ལོ་ཞེས་བྱ་བ། འཇམ་དཔལ་ལ་ཕྱག་འཚལ་ལོ།། དེ་ནས་གཞན་ཡང་བཤད་བྱ་ནི།། ལས་ཀྱི་གྲོགས་ནི་བྱེ་བྲག་སྟེ།། ་ཞི་བའི་ལས་ནི་ཟླ་བ་ཡིན།། རྒྱས་པ་དེ་བཞིན་མིག་ཏུ་གྲགས།། དབྱེ་བ་ཡོན་ཏན་ཞེས་བྱ་སྟེ། དབང་དུ་བྱ་བ་རིག་བྱེད་ཡིན།། དགུག་པ་ལ་ནི་དེ་བཞིན་མདའ།། ། ་བསྐྲད་དང་མནན་པ་དབང་པོ་བཞིན།། མནན་པ་རྗེས་སུ་འབྲེང་བ་ཡིས།། བསད་པའི་ལས་ནི་རྒྱ་མཚོར་འདོད།། ལས་རྣམས་དེ་དག་རེ་རེ་ཡང་།། ་འཕགས་སོགས་མཆོད་སྦྱིན་དང་པོ་སྟེ།། ཉི་མ་གཉིས་པ་གཏོར་མ་སྦྱིན།། གསུམ་པ་བཟླས་པ་རྣམ་པར་འབད།། བཞི་པ་སྦྱིན་སྲེག་ཚར་བར་བྱ།། ལྔ ་པ་ལས་ཀྱི་འཁོར་ལོ་བསྐོར།། དྲུག་པ་བསམ་གཏན་རྩེ་གཅིག་བྱ།། བདུན་པ་ལས་ཀྱི་ལྷག་ཆད་བསྐང་།། གྲོགས་ཀྱི་ལས་ལ་ཁྱད་པར་དུ། ལས་ཀྱི ་གཙོར་ནི་གང་བསྒྲུབ་དེའི།། འཁོར་ལ་འསྐོར་བ་ཉིམ་བཞི། ལས་ཀྱི་བྱེ་བྲག་འདི་ཤེས་མ། ཞིབས་འཇིགས་པ་བརྒྱད་ལས་སྩོག། རྒྱས་པས་ཡོན་ཏན ་གསུམ་@དྲུག་དང་འབྱོར།། དབང་གིས་མོས་པ་རྣམ་བཞི་འགྲུབ།། དབྱེ་བས་གསང་སྟེ་བརྒྱ་དང་འབྱེད།། མནན་པས་དབང ་པོ་དྲུག་འཆིང་བྱེད།། གཞན་ནི་ཇི་ལྟར་དེ་བཞིན་ནོ།། སྔགས་དང་རྫས་ཀྱི་སྦྱོར་བ་ལ།། དཔྱད་ན་དངོས་གྲུབ་མི་འབྱུང་སྟེ།། གལ་ཏེ་ཡིད་གཉིས་ཟ ་གྱུར་ཏམ།། བསམ་པར་གྱུར་རམ་དད་པ་ཉམས།། དེ་ཚེ་དངོས་གྲུབ་ཉེ་བ་ཡང་།། ཕྱིར་ལྡོག་འགྱུར་བར་གདོན་མི་ཟ། དད་པ་བརྟན་པོས་བསྒྲུབ་པ་ན།། ་ནམ་མཁའ་མེད་པར་གྱུར་ན་ཡང་།། སྔགས་ཀྱི་དངོས་གྲུབ་མེད་མི་སྲིད།། ལྷ་དང་དྲང་སྲོང་གིས་བཤད་པའི།། རི་སྔགས་སླུ་བ་མི་སྲིད་ན། ་འདོད་ཆགས་བྲལ་བས་བཤད་པ་ཡི།། གསང་སྔགས་སྦྱོར་བས་སླུ་བ་ནི།། མ་བྱུང་འབྱུང་བར་མི ་འགྱུར་རོ།། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི།། དོན་ལ་ཐེ་ཚོམ་མེད་པ་ཡི།། མཁས ་བ་ལ་ནི་དངོས་གྲུབ་ཉེ།། ཡང་ན་མཐུན་མོང་དད་པ་བརྟན།། དེ་ལ་སྦྱོར་བའི་དངོས་གྲུབ་ཏེ།། རྟོག་ཅིང་དཔྱོད་པའི་རྟོག ་གེ་བ། དེ་ལ་སྦྱོར་བའི་དངོས་གྲུབ་རིང་། མན་ངག་དམ་པ་བསྟན་བྱས་ཀྱང་། སློབ་མ་ཡིད་གཉིས་ཡོད་པ་ན། ་དེ་ལ་དངོས་གྲུབ་རིང་བར་བཤད།། བླ་མས་མན་ངག་སྦས་བྱས་ཀྱང་།། སློབ་མ་ཡིད་གཉིས་མི་ཟ་ཞིང་།། ་བླ་མའི་མན་ངག་དམ་པ་ཞེས། གཅེས་པར་བྱས་ན་འགྲུབ་པར་ངེས།། དེའི་ཕྱིར་ན་སྔགས་པ་ཡིས།། རང་གིས ་ཡིད་གཉིས་སྤང་བའི་ཕྱིར།། བླ་མ་གཉིས་པར་བྱ་བ་ཅེས།། བསྙེན་བཀུར་བྱས་པས་ནུས་མཐུ་ཆེ།། གསང་སྟེ་སྤྱད་པས་བར ་ཆད་མེད།། ཡོན་ཆེན་ཕུལ་བར་བྱས་པས་ནི།། རང་སེམས་རིན་ཆེན་རྣམ་གཉིས་འགྱུར།། རིན་ཆེན་གཉིས་ལས་གྲུབ ་པ་འབྱུང་།། དཀོན་པར་གྱུར་ན་བསྔགས་པ་བརྗོད།། བསྔགས་ན་ཡོན་ཏན་འབྱུང་འགྱུར་ཏེ།། བསྔགས་པ ་དག་ནི་མ་བྱས་ན། ཅི་ལྟར་ཡིད་བཞིན་ནོར་བུ་ཡང་།། གང་གིས་བསྔགས་པ་མ་བྱས་པ། ་དེ་ལ་འདོད་དོན་མི་སྟེར་རོ།། ། དད་པ་སངས་རྒྱས་དང་པ་ཆོས།། དང་པ་དགེ་འདུན་དད་པ་མ། ་དད་པ་བླ་མ་དད་པ་པ། དད་པ་ལམ་ཆེན་དད་པ་གྲུ། དད་པ་ཡིད་བཞིན་ནོར་བུ་སྟེ།། དད་པ་གསང ་རྟོག་སུམསྔགས་དངོས་གྲུབ་ཉིད།། དད་པ་བསོད་ནམས་ནོར་ཡིན་ཏེ། ་དེའི་ཕྱིར་ན་སྔགས་པ་ཡི།། རང་སེམས་དད་པ་བསྐྱེད་པའི་ཕྱིར།། ། གཞན་ལ་གུས་པས་མཆོག་ཏུ་བཀུར།། དཔལ ་གཤིན་རྗེ་གཤེད་ནག་པོའི་འཁྲུལ་འཁོར་བསྐོར་བའི་ཆོ་ལྔས། ལས་ཀྱི་རྒྱུད་དང་གྲོགས་བསྟན་པའི་རྟོག་པ་རྫོགས་སྷོ།། ། ་། སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲ་ཀྱི་རྒྱུད་འབུམ་པ་ནས་ཕྱུང་བ། རྒྱ་གར་གྱི་མཁན་པོ་དྷི་པཾ་ཀ་ར་དང་། ་བོད་ཀྱི་ལོ་ཙཱ་བ་རྡོ་རྗེ་གྲགས་ཀྱི་བསྒྱུར་བའོ།། ། བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། ་དགེ་ལེགས་འཕེལ།། ་