CLOSE WINDOW

F423: dpal rdo rje 'jigs byed khro bo'i rgyal po'i de kho na nyid kyi rgyud ces bya ba
Wyliee-texts produced with BDRC’s OCR application

ཎ་འང་ལ་རྔ་རྗེ་འཇིག་བྱེད་ཀྱི་དྲུང་རྟག་འདུན་ག་གསས། རྟགག་ཙག། དགྲ་ནག། གདང་དྲུག། བཤད་མར། དྲག་པ་གསུམ་འདུལ་ཅ་བ་ཤད ་ཕྱག་རྡོར། མེ་ལྕེའི་རྒྱུད། བང་ཆེན་རལ་གཙག། ཟ་གསད་ཐིག་ལེ། སྤྱན་རས་གཟིགས་ཀྱི་དབང་ཕྱུག་ལྔ་བཅུ་པ། མ~ཾ་གལ་བ་གཏུམ ་རྒྱུད། མི་གཡོ་བའི་རྒྱུད་གསང་བ་ཆེན་པོ་རྣམས་བཞུགས་སོ།། ། ་བརྡ་མྦྷིར་ང་ནམ་ཏན་ཀྲོ ་བོད་སྐད་དུ། དཔལ་རྡོ་རྗེ་འཇིགས་བྱེད་ཁྲོ་བའི་རྒྱལ་པོར ་དེ་ཁོ་ན་ཉིད་ཀྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་འཇིགས་བྱེད་ཁྲོས ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ།། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི།། བསྒྲུབ་པ་ཡང ་དག་རབ་བཤད་ཏེ།། དེ་ནི་ལྷ་རྣམས་ཐམས་ཅད་ལ།། དྲག་ཤུལ་ཆེ་ཞིང་འཇིགས ་པར་བྱེད།། དེ་ལ་ཐོག་མར་སྔགས་པས། ཡིད་དུ་འོང་བའི་གནས་གང་ཡང་རུང ་བར་གནས་ལ། དགོས་པ་ཐམས་ཅད་བསྒྲུབ་པར་བྱའོ།། དེ་ལ་གནས་གསུངས་པ་ནི ་དུར་ཁྲོད་དམ། ཆུ་ཀླུང་གི་འགྲམ་འམ། ཤིང་གཅིག་གམ། ་མཚན་མ་གཅིག་པ་འམ། གཞི་མདོ་འམ། རིའི་རྩེ་མོ་འམ། ཁང་སྟོང་ངམ། མ་མོའི་ཁྱིམ ་འམ། ལྷའི་ཁང་པ་འམ། འཐབ་མོའི་གནས་སམ། གྲོང་ཁྱེར་རམ། གྲོང་བར་ལ་སོགས ་པའི་གནས་སུ་སྔགས་པ་གནས་ཏེ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་དབང་བསྐུར ་བའི་རྣལ་འབྱོར་པས། དབང་དང་། དགུག་པ་དང་། བསད་པ་དང་། བསྐྲད་པ་དང་། དབྱེ་བ་དང་། ་རེངས་པ་དང་། རལ་གྲི་དང་། མིག་སྨན་དང་། ས་འོག་དང་། རི་ལུ་དང་། རོ་དང་། བཅུད་ཀྱི་ལེན་དང་། ནོར ་དང་། འབྱུང་པོ་དང་། རོ་ལངས་དང་། ཤ་ཟ་དང་། གནོད་སྦྱིན་དང་། གནོད་སྦྱིན་མོ་དང་། ཀླུ་ལ་སོགས་པ ་པ་བསྒྲུབ་པར་བྱའོ།། དེ་ལ་ཆོ་ག་ནི་དང་པོར་རེ་ཤིག་སྔགས་པས། ཐལ་ཆེན་གྱིས་བྱུགས་ཏེ། མཚན ་བྱེད་ན་གཅེར་བུ་སྐྲ་བསིལ་བ་བྱས་ལ། སློབ་དཔོན་མ་ཧེའི་གདོང་ཅན་གྱིས་རྣལ་འབྱོར་གྱི་དུར་ཁྲོད་ལ ་སོགས་པར་དཀྱིལ་འཁོར་བྲིས་ཏེ། གྲུ་བཞི་པ་ལ་སྒོ་བཞི་པ།། ་རྟ་བབས་བཞི་ཡིས་རྣམ་པར་བརྒྱན།། དྲིལ་བུ་དར་གྱི་འཕན་ལ་སོགས།། མེ་ཏོག་ཕྲེང་བས ་རྣམ་པར་བརྒྱན།། གྲཝ་རྣམས་དག་ནི་ཐམས་ཅད་དང་།། སྒོ་འཁྱུད་ཀྱི་ནི་འཚམས་རྣམས་སུ།། ་རྡོ་རྗེ་ཆེན་གྱིས་སྤྲས་པ་ཡི།། ཟླ་བ་ཕྱེད་པའང་དེ་བཞིན་ནོ།། དེ་དབུས་འཁོར་ལོ་བྲི་བ་ནི།། རེ་དམིགས ་དགུ་པ་ཟླུམ་པོའོ།། སྒོ་གཅིག་པ་ནི་དབྱེ་བར་བྱ།། ལྷག་མ་ཡོངས་སུ་བཅད་པར་བྱ།། དེ་དབུས་ལོ་ནི་བྲི ་བ་ནི།། ཤར་དུ་མགོ་བོ།། ལྷོ་རུ་ལག་པ། ནུབ་ཏུ་རྒྱུ་མ། བྱང་དུ་རྐང་པ་གཉིས། ཤར་གྱི་གྲཝར་ཟད་པ། ལྷོར ་ཐོད་ཚལ། ནུབ་ཏུ་དུར་ཁྲོད་ཀྱི་རས། བྱང་དུ་སྐྱེས་བུ་གསལ་ཤིང་ལ་བཙུགས་པའོ།། འདི་དག་ནི་འཁོར ་ལོའི་དབུས་སུ་མཚན་མའི་ཕྱག་རྒྱའོ།། དེ་ནས་འཁོར་ལོའི་ཕྱག་རྒྱ་རྣམས་ནི། ཤར་ཕྱོགས་ཀྱི ་སྣམ་བུ་ལ་གྲི་གུག་དང་། མཚོན་རྩེ་གཅིག་པ་དང་། གཏུན་ཤིང་དང་ཆུ་གྲི་དང་། རྡོ་རྗེ་གཅིག་པ་དང་། ་ལྕགས་ཀྱུ་ལ་སོགས་པ་བྲི་བར་བྱའོ།། ལྷོ་ཕྱོགས་ཀྱི་སྣམ་བུ་ལ། སྟ་རི་དང་། མདའ་དང་། ཁ་ཏྲ ་ཀ་དང་། དབྱུག་ཐོ་དང་། འཁོར་ལོ་དང་། རྡོ་རྗེ་ཞགས་པ་ལ་སོགས ་པ་བྲིའོ།། ནུབ་ཕྱོགས་ཀྱི་སྣམ་བུ་ལ། རྡོ་རྗེ་དང་། རྡེའུ་ཆུང་དང་། ཕུབ་དང་། གཞུ་དང་། དྲིལ ་བུ་དང་། རླུང་གི་རས་ལ་སོགས་པ་བྲིའོ།། བྱང་གིས་སྣམ་བུ་ལ། སྡིགས་འཛུབ་དང་། འབན ་རྩེ་གསུམ་པ་དང་། གླང་པོ་ཆེའི་ལྤགས་པ་དང་། རྡོ་རྗེ་ཐོ་བ་དང་། མདུང་དང་། མེ་ཐབས་ལ་སོག ་པ་བྲིའོ།། སྒོ་བཞི་དང་གྲཝ་བཞི་རུ། རོ་ལངས་ཆེན་པོ་བཞི་བྲིའོ།། གལ་ཏེ་མཆོག་གིས་དངོས ་གྲུབ་འདོད་ན། མར་ཁུ་ཆེན་པོའི་མར་མེ་དབུལ། མི་དང་། བོང་བུ་དང་། རྔ་མོ་དང་། ཁྱི་དང་། ་ཝ་དང་། མ་ཧེ་དང་། གླང་པོ་དང་། བ་གླང་དང་། ལུག་དང་། རི་དྭགས་དང་། ཕག་ལ་སོགས་པའི ་ཤ་རྣམས་དབུལ་བར་བྱའོ།། གཞན་ཡང་བྱ་རྒོ་དང་། འུག་པ་དང་། བྱ་རོག་དང་། ཁྲ་དང་། ཆུ་སྐྱར ་དང་། ཐིང་རིལ་དང་། བཞད་དང་། རྨ་བྱ་དང་། རི་སྐྱེགས་དང་། ཁྱིམ་བྱ་དང་། ལྟས་ངན་ཆེན་པོ་ལ ་སོགས་པའི་ཤ་རྣམས་བིར་བྱའོ།། ཤིན་ཏུ་མཉམ་པར་གཞག་པས། བཟའ་བ་དང་། སྟོན་མོ་དང་། ་སྦྱིན་སྲེག་དང་། གཏོར་མིའི་ལས་བྱའོ།། དཀྱིལ་འཁོར་གྱི་སྟེང་ཐམས་ཅད་དུ་ཁྲག་གིས་ཆག་ཆག་བྱའོ།། ་དཔལ་རྡོ་རྗེ་འཇིགས་བྱེད་མ་ཧེའི་གདོང་གི་སྦྱོར་བ་ལ་གནས་པས། ལྷ ་གཤོས་མ་ཆད་པར་དབུལ་བར་བྱའོ།། ཕྱི་ནས་སྔགས་པས་སྔོན་དུ་བསྙེན་པ་བྱེད་པས། བདག་དང་ཤིན ་ཏུ་འཐུན་པ་གཞིས་སམ། གྲོགས་གཅིག་པུ་རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས། གཅེར་བུར་ཕུད་སྐྲ ་བསིལ། མཚན་ཕྱེད་ན་གཙང་ཏེའུ་དཀྲོལ་ཞིང་། ཧེ་ཧ་ཞེས་བྱ་ཞིང་ཤིན་ཏུ་མཉམ་པར་གཞག་སྟེ། ་རྗེ་འཇིགས་བྱེད་ཆེན་པོའི་དཀྱིལ་འཁོར་དུ་དངོས་གྲུབ་འདོད་པས་འཇུག་པར་བྱའོ།། རབ་ཏུ་ཞིམ་པའི་ཆང ་ལ་སོགས་པ་བཏུང་བ་འམ། བཟའ་བའི་རོ་རྣམས་དབུལ་ལོ།། ཕྱི་ནས་དེའི་དབུས་སུ་འདོད་པའི་དངོས ་གྲུབ་རྣམས་དམིགས་ཏེ། དེའི་སྟེང་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་བསམ་པར་བྱའོ།། དེའི་སྟེང་དུ་གཡས་བསྐུམ་དུ་གནས ་པ། ང་རྒྱལ་དང་བཅས་པས་སེམས་རྩེ་གཅིག་ཏུ་མཉམ་པར་གཞག་པས། ཡི་གེ་བཅུ་པའི་སྔགས་བཟླས་པར་བྱའོ།། དེ་ནས་འཇིགས་པ་བྱུང་ན། དེ་ལ ་སྔགས་པས་འཇིགས་པར་མི་བྱ་སྟེ། གལ་ཏེ་འཇིགས་པར་གྱུར་ན། དེ་ལ་བགེགས་ཀྱི་བར་ཆོད་འབྱུང་ངོ་།། བར་ཆོད་བྱུང་ན་དངོས་གྲུབ་མི་འགྲུབ་བོ།། དེའི་ཕྱིར་སྔག ་པས་འཇིགས་པར་མི་བྱའོ།། དེ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་དགེས་སོ།། དགེས་ནས་ཁྱོད་ལ་མཆོག་ཅི་སྦྱིན་ཞེས་གསུངས་པ་དང་། དེ་ལ་རྣལ་འབྱོར་པས་སྨྲས ་པ་ནི། རིལ་གྲི་དང་། ས་འོག་དང་། རོ་དང་། བཅུད་ཀྱིས་ལེན་པ་དང་། གཞན་ཡང་ཡིད་ལ་འདོད་པའི་དངོས་གྲུབ་ངེས་པར་བདག་ལ་སྩོལ་ཞེས་བརྗོད་ན། དེ་ལ་ཐེ་ཚོ ་མེད་པར་སྩོལ་ལོ།། གལ་ཏེ་སྔགས་པས་མཆོག་མ་གྲུབ་ཀྱང་། དེའི་ཕྲ་མོའི་ལས་ཐམས་ཅད་ངེས་པར་འགྲུབ་པོ།། །། འདི་ནི་འཇམ་དཔལ་མཆོག ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་རྒྱུད་ལས། དཀྱིལ་འཁོར་བསྟན་པ་སྟེ་རྟོག་པ་ཀུན་གྱི་དང་པོའོ།། ། ་རྡོ་འརིགས། དེ་ནས་ལས་ཀུན་གྱི་རྗེས་སུ་འབྲང་བའི་ཆོ་ག་རབ་ཏུ་བཤད་དེ། དེ་ལ་རིམ་པ་ཇི་ལྟ་བ་བཞིན་དུ། ་བསད་པ་དང་། བསྐྲད་པ་ལ་སོགས་པ་བསྔགས་པ་ཁྲོས་པས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་སྦྱོར་བ་ལ་གནས་པ་ཡིས་བྱ་སྟེ། དང་པོ་རེ་ཤིག་བསྔག ་པས་བསད་པར་བྱ་སྟེ།། དེ་ཅིའི་ཕྱིར་ཞེ་ན། རྒྱུད་འདི་ལས་སྔགས་དང་ལྷའི་སྦྱོར་བ་དང་ལྡན་པས། ཐོག་མར་ནི་དེ་བྱ་སྟེ། དེའི་སྦྱོར་བ་གཙོ་བོ་ཡིན་པའི ་ཕྱིར་རོ།། དེ་ལ་འདི་ལས་ནི་ཇི་ལྟར་བསད་པར་འདོད་པའི་བསྔགས་པས། དུར་ཁྲོད་ཀྱི་རས་ལ་དག་དང་། ཁྲག་དང་། ལན་ཚྭ་དང་། སྐྱེ་ཚེ་དང་། ནིམ་པ ་དང་། དྷ་དུ་རིང་ཁུ་བ་ཡིས།། རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོ་ལེ་རྩེ་བཅུ་དྲུག་པ་བྱ་རོག་ཆེན་པོའི་སྒོ་རྩེའི་སྡུག་གུས་སམ། མིའི་རུས་པའི་སྟུག་གུས་བྱ ་གཅེར་བུ་སྐྲ་བ་ཤིག་པ་ཁ་ལྷོར་བལྟས་པ་སྟེ། མ་ཧེའི་གདོང་གི་སྦྱོར་བས་བྲི་བར་བྱའོ།། མེ་གཉིས་ཀྱི་དབུས་སུ་སྒྲུབ་བྱའི་མིང་དང་བཅས་པར་བཞག་ལ། དེ་ལ ་ཡི་གེ་བཅུ་པས་བསྐོར། ཧཱུཾ་བརྒྱད་ཀྱང་བྲི། ཟུར་དུ་ཕཊ་བྲི། བདག་ཉིད་ཚ་བའི་མར་གྱིས་ལུས་ལ་བྱུགས་ལ། ཐོད་པ་གཉིས་ཀྱི་དབུས་སུ་འཁོར་ལོ་རབ་ཏུ ་བཅུག་ལ་སྐྱེད་བུ་གསུམ་གྱི་སྟེང་དུ་བཞག་ལ། ནིམ་པའི་འགལ་བས་མེ་རབ་ཏུ་སྦར་ཏེ། རྐང་པ་གཡོན་པས་མནན་ལ་ཡི་གེ་བཅུ་པའི་སྔགས་བཟླས་སོ།། དེ ་ཡིས་སྐད་ཅིག་གིས་ཐེ་ཙོམ་མེད་པར་འཆིའོ།། གཞན་ཡང་རིམས་ཀྱིས་ཐེབས་པར་འདོད་ན། འཁོར་ལོ་དེ་ཉིད་མིའི་ཉ་ཕྱིས་གཉིས་ཀྱི་དབུས་སུ་ལེགས་པར ་བཞག་ལ། དེ་དུར་ཁྲོད་ཀྱི་འོག་ཏུ་བཅུག་ན་རིམས་ཀྱིས་འཛིན་ནོ།། དེ་ལ་ལེ་རྩེ་བཅུ་དྲུག་པའི་འཁོར་ལོའི་རབ་ཏུ་སྦྱོར་བ་གཞན་ཡང་གསུངས་ཏེ། འོན་ཀྱང་འདིའི ་ཁྱད་པར་ནི། ཡི་གེ་སུམ་བཅུ་རྩ་གཉིས་པའི་སྔགས་དང་ལྡན་པ། ཡི་གེ་བཅུ་པའི་སྔགས་སྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ་ཡི་གེ་དང་སྔགས་དང་སྤེལ་མར ་དགོད་དོ།། སྔོན་དུ་གསུངས་པའི་རྫས་དང་ལྷན་ཅིག་ཏུ་བྱ་རོག་གིས་ཟས་བཏོགས་པའི་ལྷག་མ་མི་གཙང་བ་དང་། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་དུར་ཁྲོད ་ཀྱི་རས་ལ་བྱུགས་ཏེ། དེ་ལ་སྔོན་དུ་གསུངས་པའི་ཆོ་གས་འཁོར་ལོ་བྲི་སྟེ། དུར་ཁྲོད་དུ་སྦས་ན་འཆི་བར་འགྱུར་རོ།། ཤིང་གཅིག་གིས་དྲུང་དུ་སྦས་ན་སྐྱོད་པར ་འགྱུར་རོ།། མཚན་མ་གཅིག་པར་སྦས་ན་དབྱེ་བར་འགྱུར་རོ།། ཆུའི་ནང་དུ་སྦས་ན་རེངས་པར་འགྱུར་རོ།། ཁྱིམ་དུ་བཞག་ན་ཞི་བར་འགྱུར་རོ།། ཕྱུང་ནས ་ལེགས་པར་བཀྲུས་ན་གྲོལ་བར་འགྱུར་རོ།། གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། གཤིན་རྗེའི་འཁོར་ལོ་སྔོན་གྱི་ཆོ་གས་དུར་ཁྲོད་ཀྱི་རས་ལ་བྲིས་ཏེ། དུང ་ཁྲོད་དང་། ལམ་བཞི་མདོ་དང་། ཤིང་གཅིག་དང་། གྲོག་མཁར་དང་། ཆུ་འགྲམ་དང་། མཚན་མ་གཅིག་པ་དང་། རྒྱལ་པོའི་སྒོ་དང་། རྣམ་པར་སྣང་མཛད་དང་། ་@རྡོ་རྗེའི་ཆུ་དང་། དུར་ཁྲོད་ཀྱི་སོལ་བས་བསྒྲུབ་བྱའི་གཟུགས་བསྟན་ཆད་སོར་བརྒྱད་པ་བྱས་ལ། དེའི་སྙིང་ཁར་སྔགས ་བཅུག་སྟེ། མིའི་རུས་པའི་ཕུར་བུས་གནས་ལྔར་བཏབ་པར་བྱའོ།། ཚིགས་ཐམས་ཅད་ལ་ཚེར་མ་རྣོན་པོས་དགང་བར་བྱའོ།། དེ་ཐོད་པ་གཉིས་ཀྱི་དབུས་སུ་བཅུག ་སྟེ། དེར་གྲོག་མཁར་བདུན་གྱི་ས་ཡིས་གཤིན་རྗེའི་གཟུགས་ཁྲུ་གང་ཙམ་ཞལ་རྩིགས་པ། གསུས་པ་ཆེ་བ། ཞལ་གཅིག་པ། ཕྱག་གཉིས་པ། ཕྱག་ན་རལ་གྲི ་དང་། ཞགས་པ་འཛིན་པ། ཅེར་བུ་སྐྲ་བསིལ་བ་བྱས་པ། དེའི་སྙིང་ཁར་ཐོད་པ་གཉིས་བཅུག་སྟེ། ཉི་མ་ཕྱེད་དམ། ནམ་ཕྱེད་ན་དུར་ཁྲོད་དམ། རོ་བསྲེགས ་པའི་སར་སྦས་ཏེ། ཤིན་དུ་རིང་བར་མགོ་ལྷོར་བསྟན་ལ་ཁ་ཐུར་དུ་སྦུབ་ལ་སྦའོ།། ཁྱིམ་དུ་འོངས་པ་དང་ཤིན་ཏུ་མ་ཧེའི་གདོང་གི་སྦྱོར་བས་སྒྲུབ་བྱའི་མིང་དང ་བཅས་པའི་ཡི་གེ་བཅུ་པའི་སྔགས་བཟླས་པར་བྱས་ན་ཉི་མ་གསུམ་གྱིས་འཆིའོ།། ཕྱུང་ནས་བཀྲུས་ན་ཐར་པར་འགྱུར་རོ།། དེ་ནས་རེངས་པའི་རབ་ཏུ་སྦྱོར་བ་གསུངས ་ཏེ། ཆུ་བྱའི་ལྤགས་པ་ལ་དུག་ལ་སོགས་པའི་རྫས་ཀྱིས་ཡི་གེ་བཅུ་པའི་སྔགས་བྲིས་ལ་ལྤགས་པ་དེ་བསྒྲུབ་བྱའི་རྐང་རྗེས་ཀྱི་རྡུལ་དང་། གཅིང་བཏང་བའི་ཤུལ་གྱི ་སས་བཀང་ལ། དེའི་སྦས་ཅིང་བར་བྱའོ།། ཕྱི་ནས་བུང་བུའི་གཅིན་དང་། རྣམ་པར་སྣང་མཛད་དང་ལྷན་ཅིག་ཏུ་བརྫིས་ལ་སྐུགས་མ་ཡང་དག་པར་བྱས་ཏེ། དེ་རུ ་འཁོར་ལོ་བཅུག་ལ། རོ་བསྲེགས་པའི་མེ་ལ་བཞག་སྟེ། རྐང་པ་གཡོན་པས་མནན་ལ་གཤིན་རྗེའི་སྦྱོར་བས་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན་ཞག་གཅིག ་གིས་རེངས་པར་བྱེད་དོ།། འདི་ནི་མི་འགྲུབ་པའི་རབ་ཏུ་སྦྱོར་བའོ།། སྔགས་པ་ཤིན་དུ་ཁྲོས་པས་རབ་ཏུ་སྦྱོར་བའོ།། གཞན་ཡང་དབྱེ་བའི་རབ་ཏུ་སྦྱོར་བ་ནི།། ་གཤིན་རྗེའི་འཁོར་ལོ་སྔོན་གྱི་ཆོ་གས་བྲིས་ལ། གྲོག་མཁར་བདུན་གྱི་སས་མ་ཧེ་དང་རྟ་བྱས་ལ། དེ་གཉིས་གཅིག་གིས་སྟེང་དུ་གཅིག་བཞག་ལ། དེ་གཉིས་ཀྱི ་སྙིང་ཁར་འཁོར་ལོ་བཅུག་སྟེ། ནིམ་པའི་ཤིང་དུང་དུ་བཞག་གོ།། འཁོར་ལོ་ཡང་མ་ཧེ་དང་རྟའི་ཁྲག་གིས་བྲིས་ཏེ་འདིར་འདི་ནི་སྔགས་ཀྱི་བྱེ་བྲག་གོ། ཤིན་དུ་མཉམ ་པར་གཞག་པས་ཞག་བདུན་གྱིས་འབྱེད་པར་བྱེད་དོ།། དེ་ནས་སྔགས་པས་བསྐྲད་པར་འདོད་ན། གྲོག་མཁར་བདུན་གྱི་སས་རྔ་མོ་བྱས་ལ། དེའི་རྒྱབ་དུ་ཡི་གེ་ཡཾ ་ལས་ཡོངས་སུ་གྱུར་པ་ལས་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པ་དམིགས་ཏེ། དེའི་སྟེང་དུ་སྒྲུབ་བྱ་དམིགས་ལ། དེའི་རྒྱབ་དུ་གཤིན་རྗེའི་གཟུགས་ལག་པས ་དབྱུག་པ་འཛིན་པ་དམིགས་ཏེ། དེའི་དབྱུག་པས་བརྡེག་ཅིང་ཁ་ལྷོར་བལྟས་ནས་ཁྲིད་པར་བསམ་པར་བྱའོ།། འཁོར་ལོ་དེའི་སྙིང་ཁར་གོང་དུ་གསུངས་པའི་ཆོ་གས་སྒྲུབ ་བྱའི་མིང་དང་སྤེལ་བ་ཡང་དག་པར་བྲིས་ལ་བཅུག་ན། ཞག་བདུན་གྱིས་ཐེ་ཚོམ་མེད་པར་ངེས་པར་བསྐོད་པར་འགྱུར་རོ།། དེ་ནས་གཞན་ཡང་སྦྱོར་བ་རབ་ཏུ་གསུངས་པ། ་འདི@། མའི་ཚེ་ས་ལ་གཏུམ་པའི་ལུས་ལ་ཚེ་བའི་མར་ཁུས་བྱུགས་ལ། ནིམ་པའི་ཤིང་ལ་དོར་འཛེགས་ནས་དེར་བཞག་ལ། དེའི་ལུས ་ཀྱི་མར་ཁུ་ཉ་ཕྱིས་ཀྱིས་བཞར་ལ་དེར་གནས་པར་བཟུང་ངོ་།། མར་ཁུ་དེ་བླངས་ནས་ལྷ་ཆེན་པོའི་རྒྱལ་མཚན་སྔོན་པོའི་རས་སམ། དེ་མ་རྙེད་ན་རས་དཀར་པོ་བླངས་ལ། ་བསྲེགས་པའི་བར་གྱི་དུ་བའི་དྲེག་པ་དང་། མར་ཁུ་དེ་ཅིག་བྱས་ལ་བསྐྲད་པར་འདོད་པ་དེའི་ལྷམ་ལ་སྐས་དེའི་ལག་པ་དང་རྐང་པ་གཉིས་ལ་ཡང་བྱུགས་ན་སྐད་ཅིག་གིས ་བསྐྱོད་དོ།། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ་ནི། གྲོ་གའི་ལོ་མ་ལ་དུར་ཁྲོད་ཀྱི་སོལ་བ་དང་། བྱ་རོག་གི་ཁྲག་དང་། བྱ་རོག་གི་རྐང་གི་སྡུག་གུས་བྲི་བར ་བྱ་སྟེ། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་བསྒྲུབ་བྱའི་མིང་སྤེལ་ལ། གཏོར་མ་ཟ་བའི་མགྲིན་པར་བཅིངས་ལ། བྱ་རོག་བཟུངས་ནས་མ་ཧེའི་གདོང་པའི་སྦྱོར་བས་གནས ་པས། ཁ་ལྷོར་བལྟས་ལ་བཏང་སྟེ། དེ་སྐད་ཅིག་གིས་བྱ་རོག་བཞིན་དུ་ཀུན་བསྐོར་རོ།། གཞན་ཡང་བསྐྲད་པ་ནི། ཚ་བའི་མར་ཁུས་བསྐུས་ལ། ནིམ་པའི་ཤིང་ལ ་གཏོར་མ་ཟ་བའི་ཚང་བླངས་ལ་ཆང་དེ་ཕའི་ནགས་ཀྱི་ཤིང་མེས་བསྲེགས་པའི་ཐལ་བ་དེས། གང་གིས་མགོར་བླུགས་པ་བསྐྲོད་པར་འགྱུར་རོ།། གཞན་ཡང་དབྱེ་བའི་རབ ་ཏུ་སྦྱོར་བ་ནི། བྱ་རོག་དང་། འུག་པའི་གཤོག་པ་དང་། བྲམ་ཟེ་དང་། གཏུམ་པོའི་སྒྲས་ཅིག་ཏུ་བྱས་ལ། དྷ་དུ་རིང་ཤིང་ལ་མེ་རབ་ཏུ་སྦར་ཏེ་དུ་བ་མེད་པའི་མེ་ལ ་བསྲེགས་ལ། དེའི་ཐལ་བ་བླངས་ལ། ཡི་གེ་བཅུ་པའི་སྔགས་བཟླས་ནས། བུད་མེད་དང་སྐྱེས་པ་གཉིས་ཀྱིས་བར་དུ་ཐལ་བ་བཞག་ན། དེ་སྐད་ཅིག་གིས་དབྱེ་བར ་འགྱུར་རོ།། དུར་ཁྲོད་ཀྱི་རས་བླངས་ལ། དུག་ལ་སོགས་པའི་རྫས་ཀྱིས་བླན་པའི་བར་དུ་བཅུག་ལ། སྒྲུབ་བྱའི་མིང་བྲིས་ལ་སྒྲེ་མོང་གི་སྤུ་དང་། སྦྲུལ་གྱིས་ལྤགས་པ ་བླངས་ཏེ། དེ་ལ་བཅུག་ནས་སྡོང་བུ་བྱས་ཏེ། གང་དང་གང་གིས་ཁྱིམ་དུ་རབ་ཏུ་སྦར་ལ། དེར་ཕན་ཚུན་འཐབ་པར་འགྱུར་རོ།། དེ་ནས་བསད་པར་འདོད་པ་ནི། བཤང ་གཅི་ལ་གཟུགས་བརྙན་བྱས་ལ། དེའི་སྟེང་དུ་དུག་གིས་ཕྱེ་མས་རབ་ཏུ་བྱུགས་ལ། དུར་ཁྲོད་ཀྱི་མེ་ལ་གཅེར་བུ་སྐྲ་བཤིག་པ་བྱས་ལ། ཁ་ལྷོར་བལྟས་ཏེ་མ་ཧེའི་གདོང་། ་གི་སྦྱོར་བས་ནམ་བྱེད་ན་བརྟབས་ལ་བསྲེག་གོ། གང་གིས་མིང་དང་བཅས་པར་བྱས་པ་དེ་སྐ་ཅིག་གིས་འཆིའོ།། རྡོ་རྗེ་འཇིགས་བྱེད་ཆེན་པོ་ཉིད་ཀྱིས་རབ་ཏུ་སྦྱོར་བ་འདི ་གསུངས་སོ།། དེ་ནས་བསྐྲད་པར་འདོད་པས། རྒྱལ་མཚན་གྱིས་རས་ལ་ལེའུ་བཅུ་དྲུག་པའི་འཁོར་ལོ་སྔོན་དུ་གསུངས་པའི་རྫས་དང་། དུར་ཁྲོད་ཀྱི་སོལ་བས་གང ་གིས་མིང་དང་བཅས་པར་བྲིས་ཏེ། ནིམ་པའི་ཤིང་ལ་རྒྱལ་མཚན་བཞག་ན་དེས་སྐྲོད་པར་འགྱུར་རོ།། དེ་ནས་རེངས་པར་འདོད་པས། གཤིན་རྗེའི་འཁོར་ལོ་གཡམ་པ ་འམ་རས་ལ་བ་བླ་དང་། ཡུང་བས་གང་གི་མིང་དང་བཅས་པས་ལེགས་པར་བྲིས་ལ་བཞག་ན་དེ་རེངས་པར་འགྱུར་རོ།། གལ་ཏེ་སྔགས་པས་དབང་དུ་བྱ་བར་འདོད་ན། གྲོག ་མཁར་གྱི་ས་དང་། གུར་གུམ་དང་། གི་ཝ་དང་ལྷན་ཅིག་ཏུ་བྱས་ཏེ་སྒྲུབ་བྱ་ཕོ་འམ། གལ་ཏེ་མེའི་གཟུགས་བརྙན། ་སོར་བཅུ་དྲུག་པར་བྱས་ལ། གི་ཝ་དང་སྲིན་ལག་གི་ཁྲག་གིས་གྲོ་ག་ལ་གཤིན་རྗེའི་འཁོར་ལོ་བྲིས་ཏེ། དེའི་སྙིང་ཁར་བཅུག་ནས་རང་གི་ཁྱིམ་དུ་བཞག་ལ་མེ་ཏོག་དང ་སྤོས་དུས་གསུམ་དུ་དབུལ་བ་དང་། ཁ་ནུབ་དུ་བལྟས་ལ་ཡི་གེ་བཅུ་པའི་སྔགས་བཟླས་པ་བྱས་ན་ཞག་བདུན་གྱིས། བརྒྱ་བྱིན་ཡང་དབང་དུ་འགྱུར་ན། ཕྲ་མོ་གཞན་ལྟ ་ཅི་སྨོས། དེ་ནས་ཡང་དགུག་པར་འདོད་ན། དེ་ལ་ཐོད་པ་ལ་འཁོར་ལོ་གི་ཧཾ་དང་སྲིན་ལག་གིས་ཁྲག་གིས་བྲིས་ཏེ། སེང་ལྡང་གི་མེ་ལ་བསྲོ་ཞིང་གང་ལ་བྱ་བའི ་མིང་དང་བཅས་པར་བཟླས་ན། དེ་སྐ་ཅིག་གིས་རླུང་གི་ཤུགས་བཞིན་དུ་འགུགས་པར་འགྱུར་རོ།། དེ་ནས་སྔགས་པས་བསྐོ་བར་བྱ་བར་འདོད་པས། དྷ་ད ་རའི་འབྲས་བུ་བླངས་ལ་ཤ་ཆེན་དང་ལྷན་ཅིག་ཏུ་ཤིང་སྲིན་གྱིས་ཟོས་པའི་ཕྱེ་མ་དང་བསྲེས་ནས་བཟའ་བ་དང་བཏུང་བ་ལ་སྦྱིན་ནོ།། སྔགས་དང་བཟླས་པར་བྱས ་ན་དེ་སྐ་ཅིག་གིས་བསྐྱོ་བར་འགྱུར་ཞིང་ཞག་བདུན་གྱིས་འཆིའོ།། དེ་ནས་གཞན་ཡང་རབ་ཏུ་སྦྱོར་བ་གསུངས་པ། གཤིན་རྗེའི་སྔགས་དུར་ཁྲོད་ཀྱི་རས་ལ ་དུག་ལ་སོགས་པའི་རྫས་ཀྱིས་བྲིས་ཏེ། མར་མེ་ཆེན་པོ་དང་། རྣམ་པར་སྣང་མཛད་ཀྱི་གཟུགས་བྱས་ལ། དེའི་སྙིང་ཁར་འཁོར་ལོ་བཅུག་ནས། ཕའི་ནག་སུ ་སོང་ལ་རོ་བསྲེགས་ལ་མཚོན་རྣོན་པོས་བརྟབས་ནས་རྣམ་པར་བརྩིགས་པའི་སྦྱོར་བས་རྣལ་འབྱོར་པ་གནས་ལ། རྣམ་པར་སྣང་མཛད་ཀྱིས་ལུས་བྱུགས ་ཏེ། ཁ་ལྷོར་བལྟས་ནས་བསྲེགས་ན་དེའི་མོ་ལ་འཆིའོ།། དེ་ནས་བྲལ་བའི་རབ་ཏུ་སྦྱོར་བ་འབྱུང་བ་ནི་བྱ་རོག་དང་འུག་པའི་རུས་པ་བླངས་ལ། དེ་གཉིས ་ལ་ལྕགས་ཀྱི་ཚེར་མས་སྒྲུབ་བྱའི་མིང་དང་ལྷན་ཅིག་ཏུ་ཡི་གེ་བཅུ་པའི་སྔགས་བྲིས་ལ། གཅིག་པུ་གནས་ཏེ་གང་གི་མིང་དང་བཅས་པ་བཟླས་ཞིང་དེ་གཅིག་ལ ་གཅིག་བྲུད་ན་འབྲལ་བར་འགྱུར་རོ།། གཤིན་རྗེའི་འཁོར་ལོ་གྲོ་གའི་འདབ་མ་ལ་བུད་མེད་དང་སྐྱེས་པའི་མིང་བྲིས་ནས་སྦལ་པའི་གསུས་པར་བཅུག་ལ། གང་གི ་མིང་དང་བཅས་པས་ཐེམ་པའི་འོག་ཏུ་སྦས་ན་དེའི་ཡན་ལག་མཚོན་གྱིས་འབུགས་པར་འགྱུར་རོ།། དེ་ནས་བུ་མོ་རེངས་པའི་རབ་ཏུ་སྦྱོར་བ་འདི། གཤིན ་རྗེའི་སྔགས་དུར་ཁྲོད་ཀྱི་རས་ལ་དག་ལ་སོགས་པས་བྲིས་ལ། རོ་བསྲེགས་པའི་སོལ་བས་གཟུགས་བརྙན་མཐོ་གང་ཙམ་གྱི་ཁང་པ་བརྩིགས་པ་བྱས་ལ། དེའི ་སྙིང་ཁར་འཁོར་ལོ་ཙུག་ནས་རྐང་པ་གཡོན་པས་མནན་ལ་མ་ཧེའི་གདོང་གིས་སྦྱོར་བས། ཆེ་གེ་མོའི་བུ་མོ་མྱུར་བར་རེངས་པར་གྱུར་ཅིག་ཅེས་ཡི་གེ་བཅུ་པའི་བསྔགས ་བཟླས་ན་རེངས་པར་འགྱུར་རོ།། འདིའི་ལས་རྣམས་ནི་གཞན་སུ་ལ་ཡང་སྨྲ་བར་མི་བྱའོ།། གལ་ཏེ་སྔགས་པ་རྨོངས་པའི་བདག་ཉིད་བྱེད་ན་དམྱལ་བར་ངེས་པར་ལྟུང་།། ་རྡོ་འཇིག@#དཀོན་མཆོག་གསུམ་ལ་གནོད་པ་བྱེད་པ་དང་། བླ་མ་ལ་རྙས་པ་དང་། དམ་ཚིག་དང་བྲལ་བ་དང་། སྔགས་དང་རྒྱུད ་ལ་འཕྱ་བར་བྱེད་པ་དང་།། སེམས་ཅན་ལ་འཆེ་བ་འདི་རྣམས་ལ་ཕན་པའི་ཕྱིར་སྔགས་པས་སྙིང་རྗེས་གདུངས་པའི་སེམས་ཀྱིས་བསོད་པའི་རབ་ཏུ་སྦྱོར་བར་བྱའོ།། ། ་གལ་ཏེ་གཞན་ལ་བྱས་ན་དམ་ཚིག་ཉམས་ན་ཚ་བ་ཆེན་པོར་འགྲོའོ།། རྒྱུད་གཞན་ལས་ཀྱང་གསུངས་ཏེ།། སློབ་དཔོན་ལ་ནི་སློང་བྱེད་དང་།། ཐོག་པ་ཆེན་པོ ་སྐུར་པ་དང་། སྔགས་རྒྱུད་རབ་སྦྱོར་ཡེ་ཤེས་ལ།། འཕྱ་བར་བྱེད་པའི་མི་གང་ནི། འདི་ནི་འབད་ལ་བསད་པར་བྱ།། ཡང་ན་གནས་ནས་གཡོ་བར་བྱའོ།། རྣལ་འབྱོར ་སྙིང་རྗེ་མེད་པ་ཡིས།། གཞན་ལ་རུང་རུང་བྱས་ན་ནི།། དེ་ལ་དེ་བཞིན་དེ་ལས་ནི།། ཕྱིར་ལྡོག་པར་ནི་འབྱུང་བར་འགྱུར།། དེ་ཕྱིར་སེམས་ཅན་འཕྱ་བའི་ཕྱིར།། ་རྣལ་འབྱོར་པས་ནི་འདི་ལའོ།། །། འདི་ནི་འཇམ་དཔལ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས། ལས་ཐམས་ཅད་པའི ་སྒྲུབ་པའི་རྟོག་པ་སྟེ་གཉིས་པའོ།། །། དེ་ནས་ཇི་ལྟ་བའི་ཆོ་གས་སྔགས་བཏུ་བ་རབ་ཏུ ་གསུངས་ཏེ། རབ་ཏུ་གཙང་བའི་ཡུལ་ཁམས་སུ།། སྔགས་པས་གནས་ལ་སྔགས་བཏུ་བར་བྱའོ།། ཇི་ལྟར་དྲུག་པའི་དང་པོ་དང་།། ལྔ་པ་ཡི་ཡང་ལྔ་པ་དང་། ་དྲུག་པ་ཡི་ནི་གཉིས་པ་དང་།། གཡང་ཡིག་གཉིས་པ་དང་ལྡན་པ།། གཉིས་པ་ཡི་ནི་གསུམ་པ་དང་།། དབྱངས་ཡིག་གཉིས་པ་དང་ལྡན་པ།། བདུན་པ་ཡི་ནི ་གསུམ་པ་དང་།། བཞི་པ་ཡི་ནི་གསུམ་པ་ལ།། དབྱངས་ཡིག་བཅུ་གསུམ་དང་ལྡན་པའོ།། ལྔ་པ་ཡི་ཡང་ལྔ་པ་ལ།། དབྱངས་ཡིག་བཅུ་གཅིག་དང་ལྡན་པ།། དྲུག ་པ་ཡི་ཡང་དང་པོ་དང་།། ཡང་ནི་དྲུག་པའི་དང་པོ་སྦྱིན།། ལྔ་པ་ཡི་ཡང་ལྔ་པ་ལ།། བཅུ་གཅིག་གིས་མནན་ལྡན་པ་ཡིས།། གཞི་པ་ཡི་ནི་གསུམ་པ་ལ།། བཅུ་གསུམ ་པ་ཡིས་མཉམ་མནན་པ།། དྲུག་པ་ཡི་ནི་གཉིས་པ་ལ།། དབྱངས་ཡིག་ལྔ་པ་དང་ལྡན་པ།། གསུམ་པ་ཡི་ནི་ལྔ་པ་དང་།། རླུང་གི་ས་བོན་དེ་ལ་སྦྱིན།། དབྱངས་ཡིག ་བཅུ་གསུམ་ཡང་དག་ལྡན།། བཞི་པ་ཡི་ནི་གསུམ་པ་དང་།། དེ་ནས་རླུང་གི་ས་བོན་སྦྱིན།། དྲུག་པ་ཡི་ནི་དང་པོ་དང་།། བཞི་པ་ཡི་ནི་གསུམ་པ་དང་།། དེ་ནས ་རླུང་གི་ས་བོན་ཏེ།། དབྱངས་ཡིག་བཅུ་གསུམ་པ་དང་ལྡན།། བཞི་པ་ཡི་ནི་ལྔ་པ་ལ།། དབྱངས་ཡིག་གསུམ་པ་དང་ལྡན་པ།། དེ་ནས་མེ་ཡི་ས་བོན་སྦྱིན།། རླུང ་གི་ས་བོན་དེ་བཞིན་ནོ།། དེ་ནས་ཡི་གེ་ཐ་མ་སྦྱིན།། དབྱངས་ཡིག་བཅུ་གཅིག་པ་དང་ལྡན།། རླུང་གི་ས་བོན་དེ་བཞིན་མཆོག། དྲུག་པ་ཡི་ནི་དང་པོ་དང་། དེ་ནས་ཡི ་གེ་ཐ་མ་སྦྱིན། དབྱངས་ཡིག་བཅུ་གཅིག་པ་དང་ལྡན།། ཡང་ནི་རླུང་གིས་བོན་སྦྱིན།། གཉིས་པ་ཡི་ནི་དང་པོ་ལ། གཉིས་པའི་གཉིས་པ་དང་ལྡན་པ། བཞི་པ་ཡི ་། ནི་ལྔ་པ་ལ།། དབྱངས་ཡིག་གསུམ་པ་དང་ལྡན་པ།། དེ་ནས་མེ་ཡི་ས་བོན་ལ།། དབྱངས་ཡིག་གཉིས་པ་དང ་ལྡན་པ།། ལྔ་པ་ཡི་ནི་ལྔ་པ་དང་།། དེ་ནས་རླུང་གི་ས་བོན་སྦྱིན།། ཐོག་མར་རྣམ་པར་སྣང་མཛད་སྦྱིན།། མཆོག་གི་དབང་ཕྱུག་སྦྱར་བ་དང་།། དེ་ཡི་སྟེང་དུ་ལྷ་ཡི་ནི།། ་ས་བོན་སྟོང་པས་བརྒྱན་པ་དང་།། ལྔ་པ་ཡི་ནི་གཉིས་པ་དང་།། གསུམ་པ་ཡི་ནི་དང་བ་ནི།། མཁས་པས་ལན་གཉིས་བརྗོད་པར་བྱ།། འདི་ནི་དཔལ་ལྡན་འཇམ་པའི ་མཆོག། འཇིགས་བྱེད་ཆེན་པོའི་རྒྱུད་འཁོར་ལོ།། མ་ཧེའི་གདོང་ཅན་རྩ་བསྔགས་སྟེ།། འབུམ་བཟླས་པ་ཡིས་ལས་ཀུན་བྱེད།། འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ།། མ ་བྱང་འབྱུང་བར་མི་འགྱུར་རོ།། བདུན་པ་ནི་བཞི་པ་ལ།། དབྱངས་ཡིག་བཞི་པ་དང་ལྡན་པས།། འོག་ཏུ་མེའི་ས་བོན་སྦྱིན།། དེ་ནས་མངའ་བདག་བཅུ་དྲུག་མཐའ།། ་བདུན་པ་ཡི་ནི་གཉིས་པ་ལ།། དབྱངས་ཡིག་བཞི་པ་དང་ལྡན་པ།། གསུམ་པ་ཡི་ནི་དང་པོ་ལ།། མེའི་ས་བོན་འོག་ཏུ་སྦྱིན།། མངའ་བདག་བཅུ་དྲུག་ཐ་མ་སྟེ།། ་དྲག་པ་ཡི་ནི་བཞི་པ་ལ།། དབྱངས་ཡིག་གསུམ་པ་ལྡན་པའོ།། དང་པོ་ཡི་ཡང་དང་པོ་ལ།། དབྱངས་ཡིག་བདུན་པ་དང་ལྡན་ཏེ།། འོག་ཏུ་མེའི་ས་བོན་སྦྱིན།། བཞི་པ ་ཡི་ནི་དང་པོ་ལ། དབྱངས་ཡིག་གཉིས་པ་དང་ལྡན་པའོ།། བཞི་པ་ཡི་ནི་ལྔ་པ་ནི། མཁས་པ་ཡིས་ནི་ལན་གཉིས་བརྗོད།། ཐོག་མར་རྣམ་པར་སྣང་མཛད་སྦྱིན།། ་སྡེ་མཚན་བརྒྱད་ཀྱི་ས་བོན་ལ།། དབྱངས་ཡིག་དྲུག་པ་དང་ལྡན་པ།། སྤྱི་བོ་རུ་ནི་ཐིག་ལེས་བརྒྱན།། ལྔ་པ་ཡི་ནི་གཉིས་པ་དང་།། གསུམ་པ་ཡི་ནི་དང་པའོ།། ། ་འདི་ནི་སྔགས་ཀྱི་རྒྱལ་པོ་སྟེ། མ་ཧེའི་གདོང་ཅན་སྦྱོར་བ་ཡིས།། ཐམས་ཅད་ལས་ནི་བྱེད་པའོ།། ལས་ཀྱི་སྔགས་སུ་གྲགས་པ་སྟེ།། གསུམ་འབུམ་བཟླས་ན ་ལས་ཀུན་བྱེད།། དྲུག་པ་ཡི་ནི་དང་པོ་དང་།། ལྔ་པ་ཡི་ཡང་ལྔ་པ་ལ།། དབྱངས་ཡིག་གཉིས་པ་དང་སྦྱར་ལ།། བཞི་པ་ཡི་ནི་དང་པོ་སྟེ། དེའི་སྟེང་དུ་ལྔ་པ ་གདགས།། དང་པོ་ཡི་ནི་དང་པོ་དང་།། ཐོག་མར་རྣམ་པར་སྣང་མཛད་སྦྱིན།། ཡ་ཚོགས་རྒྱད་ཀྱི་ས་བོན་དབྱངས་ཀྱི་ཡིག་གེ་དྲུག་པ་དང་ལྡན་པ་ལ།། སྟོང་པའི་ལྷ ་ཡིས་མཉམ་མནན་པའོ།། ལྔ་པ་ཡི་ནི་གཉིས་པ་དང་། གསུམ་པ་ཡི་ནི་དང་པོའོ།། འདི་ནི་མ་ཧེའི་གདོང་ཅན་གྱི།། སྙིང་པོའི་སྔགས་སུ་རབ་ཏུ་གྲགས།། ཡི ་གེ་རེ་རེ་འབུམ་བཟླས་པས།། འཇིག་རྟེན་གསུམ་གྱི་ལས་ནི་གང་།། ཅི་ཡང་རུང་བ་ཐམས་ཅད་བྱེད།། སྔགས་བསྡུ་བའི་དུས་འདིར་མཆོད་པར་བྱའོ།། ་། འདི་ནི་འཇམ་དཔལ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས།། བསྔག ་བཏུ་བའི་རྟོག་པ་སྟེ་གསུམ་པའོ།། ། དེ་ནས་རྡོ་རྗེ་འཇིགས་བྱེད་ཀྱི་བསྒྲུབ་པ་ཡང་དག་པར་བཤད་པར་བྱ་སྟེ། ཆོས་ཐམ ་ཅད་ལ་བདག་མེད་པར་སྔོན་དུ་སོང་བས་ལྷའི་དམིགས་པ་བྱ་སྟེ། དང་པོར་རང་བཞིན་དག་པའི་སྔགས་བརྗོད་པར་བྱའོ།། ཆོས ་ཐམས་ཅད་བདག་མེད་པའི་ངོ་བོར་བྱས་ནས། ནམ་མཁའི་དཀྱིལ་དུ་ཡཾ་གི་རྣམ་པ་ལས་གྲུབ་པའི་ཀླུང་གིས་དཀྱིལ་འཁོར་མདོག་དུ་བའི་རྣམ་པར་བསམ་མོ།། དེའི་སྟེང་དུ ་དང་པོའི་དབྱངས་ཡིག་ལས་གྱུར་པའི་ཟླ་བའི་དཀྱིལ་འཁོར་དམིགས་ཏེ། དེའི་སྟེང་དུ་དྷིཿའི་རྣམ་པ་ལས་འཇམ་དཔལ་གཞོན་ནུའི་གཟུགས་སུ་གྱུར་པར་བྱའོ།། དེའི་སྙིང་ཁར ་ཨའི་རྣམ་པ་ལས་གྲུབ་པའི་ཉི་མའི་དཀྱིལ་འཁོར་བསམས་སྟེ། ཉི་མའི་དཀྱིལ་འཁོར་དེ་ལས་འོད་འཕྲོས་པས།། ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ན་བཞུགས་པའི་དེ ་བཞིན་གཤེགས་པ་རྣམས་དང་། བྱང་ཆུབ་སེམས་དཔའ་དང་། རིག་པའི་ལྷ་མོ་དང་། ཁྲོ་བོ་ལ་སོགས་པ་ཤིན་དུ་བསྐུལ་ཏེ། ཡང་འོངས་ནས་ཉི་མའི་དཀྱིལ་འཁོར་ལ ་ཞུགས་པར་བསམ་མོ།། དེ་ཡི་འཇམ་དཔལ་དང་དེ་བཞིན་གཤེགས་པ་ལ་སོགས་པ་དེ་རྣམས་གཅིག་ཏུ་གྱུར་ནས་ཉི་མའི་དཀྱིལ་འཁོར་དུ་བསམ་པར་བྱའོ།། འོད་ཟེར་འབར ་བའི་རྣམ་པས་དཔག་ཚད་སྟོང་ཕྲག་བརྒྱ་ཁྱབ་པར་བསམ་པར་བྱའོ།། དེའི་སྟེང་དུ་ཧཱུཾ་ནག་པོའི་འོད་ཟེར་ལྔ་དང་ཡང་དག་པར་ལྡན་པར་བསམ།། ཧཱུཾ་དེ་ལས་འོད་ཟེར་གྱི་རྣམ ་པར་འཕྲོས་པས་དེ་ལ་ཡང་ཞུགས་ཏེ། ཡི་གེ་དེ་ལས་རྡོ་རྗེ་ཆེན་པོ་རྣམ་པར་གདེངས་པ་ཁ་དོག་ནག་པོ་འོད་ཟེར་ལྔ་དང་ལྡན་པ་རྣམ་པར་དམིགས་པར་བྱ་སྟེ། རྡོ་རྗེ་དེ་ལས ་ཕྲ་མོའི་རྣམ་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། ཁྲོ་བོ་དང་རིག་པའི་ལྷ་མོས་ནམ་མཁའ་ཏིལ་གྱིས་གང་བུ་ལྟར་གང་བ་ཉི་མ་ལ་གནས་པ་རྣམ་པར་བསམ ་བྱའོ།། དེ་ཡིས་སངས་རྒྱས་ལ་སོགས་པ་རྣམས་ཀྱིས་སེམས་ཅན་ཡོངས་སུ་སྨིན་པར་བཏུལ་ནས་བྱང་ཆུབ་ལ་རབ་ཏུ་བཀོད་དེ། དེ་ཡང་དེ་དང་ལྷན་ཅིག་ཏུ་བསྡུས་ནས། ་རྡོ་རྗེའི་གཟུགས་བརྙན་ལ་རབ་ཏུ་ཞུགས་པར་བསམ་པར་བྱའོ།། རྡོ་རྗེའི་གཟུགས་བརྙན་ཉིད་ཞལ་དགུ་པ།། མ་ཧེའི་གཟུགས་འཇིགས་པའི་དུས་ཀྱི་མེ་ལྟར་འབར་བ། ་རྡོ་རྗེ་འཇིགས་བྱེད་ཆེན་པོ་ཁམས་གསུམ་པ་ཟ་བར་ནུས་པ། ཞལ་བརྩིགས་པ། ཧ་ཧ་ཞེས་ལྗགས་འདྲིལ་བ། མཆེ་བ་རྣམ་པར་བརྩིགས་པ།། ཁྲོ་གཉེར་འཇིག ་པ། ཁྲོ་གཉེར་གྱི་འགྲམ་ན་སྨིན་མ་དང་། སྤྱན་འཇིགས་པ་ཆེན་པོའི་དུས་ལྟར་ཁྲོ་བ་སྒྲ་སྒྲོགས་པ། མིའི་ཁྲག་དང་། ཚིལ་དང་། ཞག་དང་། རྐང་ཟ་བ། འཇིག་རྟེན ་དང་། འཇིག་རྟེན་ལས་འདས་པའི་ལྷ་ལ་སོགས་པ་ལ་བསྡིགས་འཛུབ་བྱེད་པ། བརྒྱ་བྱིན་དང་། ཚངས་པ་དང་། དབང་ཕྱུག་ཆེན་པོ་དང་། ཁྱབ་འཇུག་གཞོན་ནུ་ཁ ་སྦུབ་ཏུ་བྱས་པ་ཞབས་ཀྱི་འོག་ཏུ་མནན་པ། འཇིགས་སུ་རུང་བའི་ཐོད་པས་ཐོད་བྱས་པ། ཐོད་པ་རྩིགས་པའི་རྩེ་མོ་འཇིགས་པ་ཆེན་པོ་ཅན། ཕེ་ཞེས་ཞིང་ཐོད་པའི ་འཕྱང་འཕྲུལ་དང་སྦྲུལ་གྱིས་བརྒྱན་པ། ཞབས་བཅུ་དྲུག་པ། ཅེར་བུའི་གཟུགས་མཚན་མ་གྱེན་དུ་སྒྲེང་བ། གཡོན་བརྐྱང་དང་། གསུས་པ་ཆེ་བ། གླ་གྱེན་དུ་བརྗེས ་པ། འཇིགས་པ་ཆེན་པོར་བྱེད་པ། ཕོ་ཞེས་སྒྲ་སྒྲོགས་པ། ཕྱག་སུམ་བཅུ་རྩ་བཞི་དང་ལྡན་པ། གླང་པོ་ཆེའི་ལྤགས ་པ་རློན་པ་འཛིན་པ། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་རྣམ་པར་བསམ་པར་བྱའོ།། དེ་ལྟར་ཤིན་ཏུ་བསམ་པ་བརྟན་པོར་བྱ་སྟེ།། དེ་ཁོ་ན་ཉིད་ཀྱི ་སྦྱོར་བ་ལ་ཤིན་ཏུ་མཉམ་པར་བཞག་པའི་སྔགས་པས་རྟག་ཏུ་བསྒོམ་པར་བྱ་སྟེ། གཡས་དང་པོ་ན་རྡོ་རྗེ། གཉིས་པ་ན་མཚོན་རྩེ་གཅིག་པ། གསུམ་པ་ན་གཏུན ་ཤིང་བཞི་པ་ན་ཆུ་གྲི། ལྔ་པ་ན་རྡོ་རྗེ་རྩེ་གཅིག་པ། དྲུག་པ་ན་སྟ་རི། བདུན་པ་ན་མདུང་། བརྒྱད་པ་ན་མངའ། དགུ་པ་ན་ལྕགས་ཀྱུ། བཅུ་པ་ན་གཡུག་ཏོ།། ་བཅུ་གཅིག་པ་ན་ཁ་ཊཾ་ག། བཅུ་གཉིས་པ་ན་འཁོར་ལོ།། བཅུ་གསུམ་པ་ན་གྲི་གུག། བཅུ་བཞི་པ་ན་རྡོ་རྗེ་ཐོ་བ། བཅཝོ་ལྔ་པ་ན་རལ་གྲི། བཅུ་དྲུག་པ་ན་ཅང ་ཏེའུའོ།། གཡོན་པའི་ཕྱག་དང་པོ་ན་ཐོད་པ། གཉིས་པ་ན་མགོ་བོ།། གསུམ་པ་ན་ཕུབ། བཞི་པ་ན་རྐང་པ། ལྔ་པ་ན་ཞགས་པ། དྲུག་པ་ན་གཞུ། བདུན་པ་ན ་རྒྱུ་མ། བརྒྱད་པ་ན་དྲིལ་བུ། དགུ་པ་ན་ལག་པ། བཅུ་པ་ན་དུར་ཁྲོད་ཀྱི་རས། བཅུ་གཅིག་པ་ན་སྐྱེས་བུ་གསལ་ཤིང་ལ་བཙུགས་པ། བཅུ་གཉིས་པ་ན་མ ་ཐབ། བཅུ་གསུམ་པ་ན་ཐོད་ཚལ། བཅུ་བཞི་པ་ན་བསྡིགས་འཛུད། བཅཝོ་ལྔ་པ་ན་ཕན་རྩེ་གསུམ་པ། བཅུ་དྲུག་པ་ན་རླུང་གིས་འཕྱར་བའི་རས།། ་ཕྱག་གཉིས་ཀྱིས་གླང་པོ་ཆེའི་ལྤགས་པ་རློན་པ་འཛིན་པ། ཞབས་གཡས་པའི་དང་པོས་མི། གཉིས་པས་མ་ཧེ། གསུམ་པས་གླང་། བཞི་པས་བུང་བུ། ་ལྔ་པས་རྔ་མོ། དྲུག་པས་ཁྱི། བདུན་པས་ལུག། བརྒྱད་པས་ཝ། ཞབས་གཡས་པས་འདི་དག་ལ་ཞོན་པའོ།། །། ཞབས་གཡོན ་པའི་དང་པོས་བྱ་རྒོད། གཉིས་པས་འུག་པ། གསུམ་པས་བྱ་རོག། བཞི་པས་ནེ་ཙོ། ལྔ་པས་ཁྲ། དྲུག་པས་ཁྱུང་ཆེན་པོ།། བདུན་པས་རེ་སྐྱེག ་བརྒྱད་པས་བཞད། ཞབས་གཡོན་པས་འདི་དག་མནན་པའོ།། །། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་ཞལ་ནི་རབ་ཏུ་གནག་པའོ།། མ ་ཧེའི་རྣམ་པ་ཤིན་དུ་ཁྲོས་པ་ཅན། རྭའི་གཡས་སུ་ཞལ་གསུམ་ལ་དང་པོ་སྔོན་པོ།། གཉིས་པ་དམར་པོ།། གསུམ་པ་སེར་པོ་སྟེ། ཞལ་གསུམ་ཀ་ཁྲོས་པ་ཤིན་དུ ་ཁྲོས་པའོ།། རྭའི་གཡོན་པར་ཞལ་གསུམ་པ་ལ་དཀར་པོ་དང་། དུད་ཁ་དང་། ནག་པོ་རབ་ཏུ་ཁྲོས་པ་བརྩིགས་པའི་ཞལ་བསམ་པར་བྱའོ།། རཱ་གཉིས་ཀྱི་བར ་དུ། དབུས་ཀྱི་ཞལ་དམར་པོ།། རབ་ཏུ་འཇིགས་པ་ཞལ་ནས་ཁྲག་འཛག་པ་བསམ་པར་བྱའོ།། སྟེང་དུ་འཇམ་དཔལ་གྱི་ཞལ་ཅུང་ཟད་སེར་བ། ཡིད་རྩམ ་ཁྲོ་བ། གཞོན་ནུའི་བརྒྱན་གྱིས་བརྒྱན་པ། སྤྱི་བོར་རལ་པ་ལྔ་དང་ལྡན་པ་བསམ་སྟེ། ཞལ་རྣམས་ཐམས་ཅད་སྤྱན་གསུམ་པར་བསྒོམ་པ་སྟེ། འདི་ལྟར་བདག་ཉིད ་རྟག་ཏུ་རྩེ་གཅིག་ཏུ་དམིགས་སོ།། དེ་ལྟར་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་དེ། བདག་ཉིད་ཡིན་པར ་བསྒོམས་ནས། ཤིན་ཏུ་མཉམ་པར་གཞག་པའི་སྔགས་པས། དཔའ་བོའི་གནས་པའི་རྣལ་འབྱོར་པས། ཕྱི་ནས་བསྔགས་བཟླས་པ་བྱ་སྟེ། བཟླས་པའི་དུས་སུ ་རང་གིས་སྙིང་ཁར་ཉི་མའི་དཀྱིལ་འཁོར་དེའི་སྟེང་དུ། རང་གི་སྔགས་ཀྱི་རྣམ་པར་བསམ་སྟེ་འབར་བ་དང་། ཕྱིས་ནས་མ་ཡེངས་པའི་ཡིད་ཀྱིས་བཟླས་པར་བྱའོ།། ། ་འདིའི་སྦྱོར་བ་ལ་གནས་པའི་བསྔགས་པ་ཡིས།། རྟག་ཏུ་འཇིགས་མེད་ལས་ཀུན་བྱ།། དུར་སོགས་གནས་ལ་བསྒོམ་བྱ་ཞིང་།། རྟག་ཏུ་བདུད་རྩི་ལྔ་རྣམས་བཟའ།། ། ་དེ་ཡི་བསྒྲུབ་ལས་བསྒྲུབ་གཞན་མེད།། གཞན་ཡང་མར་མེ་ཚེ་བཟང་ཞིང་།། མཚན་མོ་རྒྱུ་བའི་རྣལ་འབྱོར་པས།། གསུམ་འབུམ་རྩ་བའི་སྔགས་བཟླས་བྱ།། འདི ་བཟླས་པའི་སྔགས་པ་ཡིས།། ཐམསས་ཅད་ལས་ནི་བྱེད་པར་འགྱུར།། ། འདི་ནི་འཇམ ་དཔལ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི། སྦྱོར་བའི་རྒྱུད་ལས་སྒོམ་པའི་སྟོག་པ་སྟེ་བཞི་པའོ།། ། ་། དེ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོས་གསང་བ་དང་། བརྟན་པའི་བྲིས་སྐུའི་ཆོ་ག་རབ་ཏུ་གསུངས་པ། དཔའ་བོའི་རས་སམ། ཞིང་ལ ་བཀབ་པའི་རས་སམ། མེ་ཏོག་ཅན་གྱི་རས་སམ། རབ་ཏུ་འཛག་པའི་རས་བསམ། དེ་མ་རྙེད་ན་རས་གཞན་གང་ཡང་རུང་བ་ལ། འདིར་དངོས་པོ་ཀུན་གྱི་མོས་པ ་རྣམ་པར་རྟོག་པ་མེད་པ།། མི་ཁྲོ་བ། གཙང་བ། མཁས་པ། བཞུངས་པ། དང་བ་དང་ལྡན་པ། བརྩེ་བ་ཅན། སྲེད་པ་དང་བྲལ་བ། འདི་འུག་པ་དང་། ་རྨ་བྱ་དང་། སྦྲུལ་དང་། སྒྲ་དང་། འབྲས་ཕུབ་དང་། མ་ཧེ་དང་། རྟའི་ཤ་ལྷན་ཅིག་ཏུ་གང་གི་མིང་དང་བཅས་པར་དུར་ཁྲོད་ཀྱི་མེ་ལ་བསྲེགས་ནས་དེ་འབྲལ་བར་འགྱུར ་རོ།། ཡང་ན་དུར་ཁྲོད་ཀྱི་ཤིང་ལ་གཏུམ་པོའི་མེ་རབ་ཏུ་སྦར་ལ།། ཁྱིམ་དུ་གནས་ཏེ་གོང་གི་རྫས་དེ་བསྲེགས་ན། རྡོ་རྗེ་འཛིན་པ་ལྟ་བུ་ཡང་ཉི་མ་བདུན་གྱིས་འབྲལ ་ལོ་དེ་ནས་བསྐྲད་པ་འདོད་ན། བྱ་རོག་གི་ཤ་དང་། རྔ་མོའི་རྟག་པ་དང་ལྷན་ཅིག་ཏུ་ཆང་དང་ཡང་དག་པར་ལྡན་པ། རླུང་གི་དཀྱིལ་འཁོར་གྱི་དབུས་སུ་དུར་ཁྲོད་ཀྱི་མེ ་ལ་རབ་ཏུ་སྦར་ལ། ཅེར་བུ་སྐྲ་བཤིག་པ་བསྒྱུར་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། ཆེ་གེ་མོའི་མིང་དང་བཅས་པར་ལག་པ་གཡོན་པས་སྤྲིན་བསྲེག་བྱས་ན་སྐྲོད ་པ་ལས་གཞན་མ་ཡིན་ནོ།། དེ་ནས་རེངས་པར་འདོད་ན། བ་གླ་དང་། ལྡོང་རོས་དང་། ཡུང་བ་དང་། གི་ཧང་དང་བཅས་པས་དཀྱིལ་འཁོར་གྲུ་བཞི་པ་བྱས ་ལ། ཁ་བྱང་དུ་བལྟས་ཏེ། ལས་ཀྱི་རྗེས་སུ་འབྲང་བའི་སྦྱོར་བ་ལ་དམིགས་ནས། གང་གི་མིང་དང་བཅས་པར་སྦྱིན་བསྲེག་བྱས་ན་དེ་ཉིད་ཉི་མ་བདུན་གྱིས་རེངས་པར ་རྡོ་འཇིག། འགྱུར་རོ།། དེ་ནས་གྲོང་བསྐྲད་པར་འདོད་ན། ནིམ་པའི་ཤིང་ལ་མེ་རབ་ཏུ་སྦར་ལ། ཁྱིའི་ཤ་དང་། རྔ་མེའི་རྟག་པ་དང ་བྱི་བཱའི་ཁྲག་གིས་ལྷན་ཅིག་ཏུ་སྨྲས་ལ། གཤིན་རྗེའི་སྦྱོར་བ་ལ་གནས་པས། གྲོང་གི་མིང་དང་བཅས་པར་ཡི་གེ་བཅུ་པའི་སྔགས་ཀྱིས་རླུང་གི་དཀྱིལ་འཁོར་གྱི་དབུས ་སུ་སྦྱིན་བསྲེག་སྟོང་ཕྲག་བཅུ་བྱས་ན་གྲོང་བསྐྱོད་པར་འགྱུར་རོ།། ལས་དེ་རྣམས་ནི་ཤིན་དུ་མཉམ་པར་བཞག་པས་བྱ་བ་འམ། ཡང་ན་སྔགས་པ་ཉིད་ཀྱིས་ཀྱང་ལཱ ་དེ་དག་མི་བྱའོ།། གཞན་གང་ལ་ཡང་མི་བསྟན་ནོ།། དེ་ནས་བུ་མོ་རེངས་པར་འདོད་ན། ཆེར་མ་དང་། དུག་དང་། སྐྱེ་ཆེ་དང་བཅས་པར་རང་གི་ཁྲག་གིས་སྦྲུས ་ནས་ཡི་གེ་བཅུ་པའི་སྔགས་དང་བཅས་པ་བུ་མོ་རེངས་པར་གྱུར་ཅིག་ཅེས་དུར་ཁྲོད་ཀྱི་མེ་ལ་སྦྱིན་བསྲེག་སྟོང་བྱས་ན་རེངས་པ་ལས་གཞན་མིན་ནོ།། དེ་ནས་ཞི་བར་འདོད ་ན། མར་དང་། སྦྲང་རྩི་དང་། འོ་མ་དང་། དུར་བ་དང་བཅས་པར་པ་ལ་ཤའི་ཤིང་ལ་མཽ་རབ་ཏུ་སྦར་ལ། ཞི་བར་འདོད་པ་དམིགས་ནས་ཡུལ་གྱི་ཤར་ཕྱོགས་སུ ་ཁ་བལྟས་ཏེ་གནས་པས་དུས་གསུམ་དུ་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན་དེས་ཡུལ་ཞི་བར་བྱས་པར་འགྱུར་རོ།། དེ་ནས་རྒྱས་པར་འདོད་ན། ཏིལ་དང་། འབྲས་དང་། ་ནས་དང་། མར་དང་བཅས་པ་ཨུ་དུམ་བ་རའི་ཤིང་ལ་མེ་རབ་ཏུ་སྦར་ནས། ལས་ཀྱི་རྗེས་སུ་འབྲེལ་བའི་ལྷའི་སྦྱོར་བ་ལ་དམིགས་ཏེ། ཁ་བྱང་དུ་བལྟས་ནས་མཉམ ་པར་བཞག་པས། དུས་གསུམ་དུ་སྦྱིན་བསྲེག་སྟོང་བྱས་ན་རྒྱས་པར་འགྱུར་རོ།། དེ་ནས་དགུག་པར་འདོད་ན། སྐྱེ་ཆེས་གཟུགས་བརྙེན་བྱས་ལ། སེང་ལྡེང ་གི་མེའི་དབུས་སུ་རྒྱ་རྩ་བརྒྱད་ཏུ་བསྲེགས་ཏེ། དེ་ནས་འགྲུབ་བོ།། ཉི་མ་བདུན་གྱིས་གང་འདོད་པ་ཐེ་ཚོམ་མེད་པར་འགུགས་སོ།། དེ་ནས་བསྒོ་བར་བྱ་བར་འདོད་ན། ་བྱ་རྒོད་ཆེན་པོའི་ཚང་དང་། ཤ་ཆེན་བསྲེག་ན་བསྐོ་བར་འགྱུར་རོ།། ཕུབ་མའི་མེ་ལ་བསྲེགས་ན་བདེ་ལེགས་སུ་འགྱུར་རོ།། དེ་ནས་རོ་ལངས་དང་ལྡན་པ། སྐྱེས་བུ ་མདུང་རྩེར་བཙུགས་པའི་གཟུགས་དེར་བསྟན་པ་བྲི་བར་བྱའོ།། ན་གྲོ་ཏའི་ཤིང་གི་སྟེང་འོག་ཏུ་སྐྱེས་བུ་འཕྱང་བ་ཡང་བསྟན་པར་བྱ།། སྐྱེས་བུ་ཟ་བ་ཡང་བྲི། མདུང་གི་ཕུག ་པ་ཡང་བྲི། སྣ་ཚོགས་བྱ་རྒོད་དང་། བྱ་རོག་དང་། ཁྱི་དང་། ལྕེ་སྦྱོང་ཧ་ཧ་འབྱིན་པ་བྲི། བསྒྲུབ་པ་པོ་རྣམས་ཀྱང་བྲི།། བཅོམ་ལྡན་འདས་ལ་རྩེ་ཅིག་ཏུ་བལྟ་བ་གཅེར ་བུ་སྐྲ་གཤིག་པ། ཕྱག་རྒྱ་ལྔས་བརྒྱན་པ། ཅང་ཏེའུ་དང་། ཐོད་པ་དང་། ཁ་ཊྭཱཾ་ག་འཛིན་པ། ཐོད་པས་སྤྱི་བོར་བརྒྱན་པ། རྒོད་ཅིང་དུར་ཁྲོད་དེར་འཇུག་པ་བྲིའོ།། ་། འདི་ནི་གསང་བའི་བྲིས་སྐུ་ཏེ་གནས་གཅིག་ཏུ་ལེགས་པར་བཞག་ལ། ཤ་ཆེན་གྱི་སྤོས་ཕུལ། དེའི་མདུན་དུ་དུང་ཆེན་གྱི་ཕྲེང་བས་བཟླས་པ་བྱ། སྔགས ་བ་མཉམ་པར་བཞག་པས་དུས་གསུམ་དུ་འབད་ལ་བྲིས་སྐུ་བསྲུང་ངོ་།། གཞན་གང་དུ་ཡང་མི་བཞག་གོ།། གཞན་གང་གིས་མདུན་དུ་ཡང་མི་དགྲམ་མོ།། ལྡག་པ ་དེ་འཇིག་@#དང་། བཏུང་བ་དང་། བཟའ་བ་དང་། སྟོན་མོ་ནི་ཤ་ཆེན་རྟག་ཏུ་མཚན་མོ་ཟའོ།། གལ་ཏེ་མཆོག་གིས་དངོས་གྲུབ་འདོད་ན། ་དུས་གསུམ་དུ་རྣམ་པར་སྣང་མཛད་དང་། ཁྲག་གི་སྤོས་བྲིས་སྐུའི་མདུན་དུ་དབུལ་ལོ།། ། འདི་ནི་དཔལ་འཇམ་པའི་མཆོག་རྡོ་རྗེ་འཇིག ་བྱེད་ཆེན་པོ།། རྣལ་འབྱོར་གྱི་རྒྱུད་ལས་བྲིས་སྐུའི་ཆོ་གའི་རྟོག་པ་སྟེ་ལྔ་པའོ།། ་དེ་ནས་སྦྱིན་བསྲེག་གི་ས་ལས་ཀྱི་ཆོ་ག་གསུངས་པ། ཇི་ལྟར་སྔོན་གྱི་རིམ་པ་སྟེ། དང་པོར་རེ་ཤིག་སྔགས་པས་ཕའི་ནགས་སུ་ཕྱིན་ལ་མཚན་བྱེད་ན་སྦྱིན་སྲེག་གིས་ལས ་ཀུན་བྱ་སྟེ།། གོང་དུ་གསུངས་པའི་ལྷའི་སྦྱོར་བ་ལ་གནས་པ་ཡིས།། ལས་ཐམས་ཅད་བྱའོ།། དེ་ལ་ལས་ནི་འདི་རྣམས་ཡིན་ཏེ། གལ་ཏེ་གསད་པར་འདོད་ན། ་དེར་མོའི་རུས་པ་དང་། རྣམ་པར་སྣང་མཛད་དང་། བོང་བུའི་སྤངས་དང་། ཚེར་མ་དང་། སྐྲ་དང་། སེན་མོ་དང་། དེ་དག་ཐམས་ཅད་མར་ཁུས་བྱུགས་ལ། མ ་ཧེའི་སྦྱོར་བས་ཤིན་དུ་མཉམ་པར་བཞག་ལ་ཁ་ལྷོར་བལྟས་ལ།། རོ་བསྲེག་པའི་མེ་ལ་གང་གི་མིང་དང་བཅས་པར་རྒྱ་རྩ་བརྒྱད་བསྲེགས་ན། དེ་ཞག་བདུན ་གྱིས་འཆིའོ།། ཡང་ཕྱོགས་གཅིག་ཏུ་གནས་ལ། མེ་ཐབ་གྲུ་གསུམ་བྱས་ནས། དེ་རུ་སྔོན་དུ་གསུངས་པའི་རྫས་ཀྱི་གཏུམ་པའི་མེ་ལ་སྦྱིན་བསྲེག་བྱ་སྟེ། སྦྱོར་བ་དེས ་ནི་ལས་དེ་ཉིད་འགྲུབ་བོ།། དེ་ནས་འབྲལ་བར་འདོད་ན། བྱ་རོག་དང་ནོར་ནོར་མ་ཡིན་པར་བྱ་བར་འདོད་ན་ཤིང་བལ་གྱི་མེ་ལ་དྷ་དུ་རའི་འབྲས་བུ་དང་བཅས་པར་མ ་མོ་བརྒྱ་རྩ་བརྒྱད་སྦྱིན་བསྲེག་བྱས་ན་ཤིན་དུ་ཆུད་ཟོས་པར་འགྱུར་རོ།། ཨ་རུ་ར་བསྲེགས་ན་སླར་རྫས་དེ་ཉིད་ཏུ་འགྱུར་རོ།། རྗེ་བཙུན་གྱི་མདུན་དུ་ཤ་ཆེན་དང་བཅས ་བར་ཟླ་བ་དྲུག་ཏུ་མཚན་མོ་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན་ཡུལ་ཐམས་ཅད་ཀྱི་བདག་པོར་འགྱུར་རོ།། བ་ལང་གི་ཤ་དང ་ཁྲག་ཏུ་བཅས་པ་གང་གི་མིང་དང་བཅས་པར་སྤྲིན་བསྲེག་སྟོང་བྱས་ན། དེ་སྲིད་འཚོའི་བར་དུ་གནས་པར་ཐེ་ཚོམ་མེད་དོ།། ཁྱི་ཤ་རྡོ་རྗེ་ཆུ་དང་བཅས་པས་སྐྱེས ་པའི་བདག་ཉིད་ཀྱིས་མཚན་མོ་གང་གིས་མིང་དང་བཅས་པར་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན། བདག་ཉིད་ནོར་དང་བཅས་པར་དབང་དུ་འགྱུར་རོ།། རྟའི་ཤ ་རྣམ་པར་སྣང་མཛད་དང་བཅས་པར་སྦྱིན་བསྲེག་བརྒྱ་རྩ་བརྒྱད་གནས་ཅིག་ཏུ་གནས་ལ། ཚན་མོ་རྒྱལ་པོ་ལ་དམིགས་ནས་བྱས་ན་ཞག་བདུན་གྱིས་འཁོར་དང་། ་བཅས་པ་དབང་དུ་འགྱུར་རོ།། གླང་པོའི་ཤ་ཁུ་དང་བཅས་པར་མིའི་འཇིག་རྟེན་ཀུན་ལ་དམིགས་ལ། མཚན་མོ་སྦྱིན་སྲེགས་སྟོང་བྱས་ན་ཞག་བདུན་གྱིས་དབང ་དུ་འགྱུར་རོ།། ཉ་དང་། ཤ་དང་། ཆང་དང་བཅས་པས་འཇིགས་པ་མེད་པར་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན་བུད་ཐམས་ཅད་དབང་དུ་འགྱུར་རོ།། དེ་ནས་བསྐྲད ་ངོ་འཇིག་པར་འདོད་ན། བྱ་རོག་ཤ་མ་འདྲེས་པར་གང་གི་མིང་དང་བཅས་པར་སྦྱིན་བསྲེག་སྟོང་བྱས་ན། ཉི་མ་བདུན་གྱིས་རྡོ་རྗེ ་འཛིན་པ་ལྟ་བུ་ཡང་རབ་ཏུ་འབྲོས་ན་ཕྲ་མོ་གཞན་ལྟ་ཅི་སྨོས། དེ་ནས་བྱ་རོག་གི་ཆང་དང་། འབྲས་ཀྱི་ཕུབ་མ་དང་ལྷན་ཅིག་ཏུ་དྷ་དུ་རའི་ཤིང་ལ་མེ་རབ་ཏུ་སྦར་ཏེ། ཡི་གེ་བཅུ ་པའི་སྔགས་གང་གི་མིང་དང་བཅས་པར་ནམ་ཕྱེད་ནས་སྦྱིན་བསྲེག་བྱས་ན་ཉི་མ་བདུན་གྱིས་སྐྲོད་པར་འགྱུར་རོ།། དེ་ནས་དབང་དུ་བྱ་བར་འདོད་ན། སེང་ལྡེང་གི་མེ་ལ། ་ཏིལ་དང་། འབྲས་དང་། བུད་མེད་ཀྱི་མེ་ཏོག་དང་ལྷན་ཅིག་ཏུ་རྡོ་རྗེའི་ཆུ་དང་བསྲེས་ཏེ། རྣལ་འབྱོར་གྱི་གཟུགས་དམར་པོར་དམིགས་ནས་ཁ་ནུབ་ཏུ་བལྟས་ཏེ། ཡི་གེ ་བཅུ་པའི་སྔགས་གང་གི་མིང་དང་བཅས་པ་སྔགས་པས་བསྲེན་ཉི་མ་བདུན་གྱིས་དབང་དུ་འདས་ཏེ། ཇི་སྲིད་འཚོའི་བར་དུ་མི་འབྲལ་ལོ།། དེ་ནས་དགག་པར་འདོད ་ན། བདུད་རྩི་ལྔ་དང་བཅས་པར་སེང་ལྡེང་གི་མེ་ལ་གང་གི་མིང་དང་བཅས་པར་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན། དེ་སྐ་ཅིག་གིས་འོང་བར་འགྱུར་རོ།། ལས་འདི ་རྣམས་ནི་སྔོན་དུ་བསྙེན་པ་བྱས་པའི་སྔགས་པས་བྱའོ།། གཞན་པས་བྱས་ནི་སྔགས་པ་ལ་འཇིག་རྟེན་པས་བཅས་པར་འགྱུར་རོ།། ཇི་ལྟར་བྱེ་བྲག་མི་བྱ་སྟེ། ་གང་ལ་བྱེ་བྲག་སྦྱིན་མི་བྱ།། བྱེ་བྲག་ཕྱེ་ན་སྔགས་པས་དངོས་གྲུབ་མི་འགྲུབ་བོ།། རྒྱུད་གཞན་ལས་ཀྱང་གསུངས་ཏེ།། ཇི་ལྟར་བྱེ་བྲག་མ་སྐྱེས་པ།། དེ་བཞིན ་བྱ་བའི་བྱེ་བྲག་སྨྲས།། རྡོ་རྗེ་སེམས་དཔས་ཀྱང་མི་འགྲུབ།། གང་གི་མདུན་དུ་སྔགས་པ་ཡིས།། དེ་ཕྱིར་ལས་རྣམས་མཐོང་མི་བྱ།། གཞན་དང་ལྷན་ཅིག ་ཏུ་མི་བྱ། གལ་ཏེ་སྔགས་པས་ལས་བྱ་འདོད། དེ་དག་གཅིག་པུ་ཞིག་གིས་བྱ།། སྔགས་པ་དེ་ཡིས་ལས་ཀུན་བྱེད།། ་འདི་ནི་འཇམ་དཔལ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས་སྦྱིན་བསྲེག་ལས་ཀྱི་ཆོ་ག་རྒྱ་ཆེ་བའི་རྟོག་པ་སྟེ་དྲུག་པའོ།། ་། དེ་ནས་བསམ་གཏན་ལས་ཀྱི་ཆོ་ག་ཇི་ལྟ་བ་ཡང་དག་པར་གསུངས་ཏེ། བསམ་གཏན་ཙམ་གྱི་སྦྱོར་བས་དགོས་པ་ཐམས་ཅད་རབ ་ཏུ་བསྒྲུབ་པར་བྱ་སྟེ། དེའི་ཆོ་ག་ནི་དང་པོ་རེ་ཤིག་རྣལ་འབྱོར་པ་མ་ཧེའི་གདོང་པའི་སྦྱོར་བ་ལ་གནས་ལ་སྔོན་དུ་བསྙེན་པ་བྱས་པས་ཐམས་ཅད་བྱའོ།། རམ་ལས ་ཡོངས་སུ་གྱུར་པའི་མེའི་དཀྱིལ་འཁོར་ཀུན་ཏུ་གསལ་བར་འབར་བར་རྣམ་པར་བསམས་ལ། དེའི་སྟེང་དུ་སྒྲུབ་བྱ་གཅེར་བུ་སྐྲ་བཤིག་པ་བྱེད་པར་གྱུར་པ་བདག་གི ་མདུན་དུ་རྣམ་པར་བསམ་མོ།། དེ་ལྟ་བས་ན་རང་གི་ལུས་ལ་ཁྲོ་བོའི་གཟུགས་མང་པོ་རྣམ་པར་སྤྲོས་ཏེ། ཁྲོ་བོ་དེ་རྣམས་ཀྱིས་རལ་གྲི་བརྒྱབ་ཅིང་ཁྲག་འཐུང་བར་བསམ ་པར་བྱའོ།། སྒྲུབ་བྱ་དེའི་ཤ་ཟ་བ་དང་། རྒྱུས་དྲངས་པར་བསམ་པར་བྱའོ།། འདི་སྐད་སྨྲས་ཏེ། དཀོན་མཆོག་གསུམ་ལ་གནོད་པར་བྱེད་པ་དང་། བླ་མ་ལ་སྐུར ་འཛིཔ་འདེབས་པ་ལ་རྒྱོ་ཅིག་རྒྱོབ་ཅིག། སོད་ཅིག་སོད་ཅིག་བསམ་པ་ཙམ་གྱིས་རྡོ་རྗེ་འཛིན་པ་ཡང་ཞག་བདུན་གྱིས་འ ་ན་ཕྲ་མོ་སྲོག་ཆགས་གཞན་ལྟ་ཅི་སྨོས། དེ་ནས་གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་གསུངས་པ་ནི། མ་ཧེའི་གདོང་བའི་སྦྱོར་བའི་ང་རྒྱལ་ལ་གནས་ཏེ ་ལས་ཐམས་ཅད་བསྒྲུབ་པར་བྱའོ།། མེའི་དཀྱིལ་འཁོར་གྱི་དབུས་སུ་སྒྲུབ་བྱ་འདར་བ་རྣམ་པར་བསམས་ལ། དེའི་མདུན་དུ་སྲིན་པོ་མང་པོ་ཡང་བསམ་པར་བྱ་སྟེ། ་སྲིན་པོ་དེ་དག་ཐ་དད་པའི་ལུས་ཅན་མ་རུངས་པའི་ཤིན་དུ་གཏུམ་པས་ཤ་ཟ་བ་དང་ཁྲག་འཐུང་བར་རྣམ་པར་བསམ་པར་བྱའོ།། གཞན་ཡང་རྣམ་པ་སྣ་ཚོགས་པ ་བྱ་རྣམས་ཏེ། བྱ་རྒོད་དང་། བྱ་རོག་དང་། འུག་པ་དང་། ལྕེ་སྤང་དང་། ཝ་རྣམས་དང་། ཁྱི་རྣམས་ཀྱིས་ཤ་ཟ་བ་དང་། ཁྲག་འཐུང་བར་རྣམ་པར་བསམ་པར་བྱའོ།། ་བསམ་གཏན་འདིའི་སྦྱོར་བས་ཐེ་ཚོམ་མེད་པར་འཆིའོ།། དཔག་ཚད་བརྒྱན་གནས་པའི་སྐྱེས་བུ་ཡང་བཟུང་སྟེ་བསམ་གཏན་བརྩམ་པར་བྱའོ།། སྔགས་པས་བསམ ་བརྟན་པར་བྱའོ།། དེ་ནས་དཔྲལ་བར་འདོད་ན་མ་ཧེའི་སྙིང་ཁར་སྒྲུབ་བྱ་བསམ་པར་བྱ་སྟེ། སྒྲུབ་བྱ་གཞན་རྟའི་སྙིང་ཁར་རྣམ་པར་བསམ་པར་བྱའོ།། རྟ་དང་མ་ཧེ་གཉིས ་ཕན་ཚུན་འཐབ་པར་བྱེད་པར་རྣམ་པར་བསམ་པར་བྱའོ།། ཇི་སྲིད་རྟ་དང་མ་ཧེ་གཉིས་ཕྱེ་མར་མ་གྱུར་གྱི་བར་དུའོ།། ཕྱི་ནས་སྒྲུབ་བྱ་དེ་གཉིས་རབ་ཏུ་མི་འཛའ ་པར་བསམ་པར་བྱས་ན། བསམས་པ་ཙམ་གྱིས་ཉི་མ་བདུན་གྱིས་ངེས་པར་འཐབ་པར་འགྱུར་ཏེ་གཞན་དུ་མ་ཡིན་ནོ།། དེ་ནས་བསྐྲད་པར་འདོད་ན། དེ་རུ ་ཡཾ་ལས་ཡོངས་སུ་གྱུར་པའི་རྔ་མོས་བསམ་པར་བྱ་སྟེ། ཡང་དེའི་རྒྱབ་ཏུ་ཡཾ་གིས་རྣམ་པ་ལས་གྱུར་པ་རླུང་གི་དཀྱིལ་འཁོར་ཟླ་བ་ཕྱེད་པའི་རྣམ་པར་བསམ ་མོ་ཏཏ་དེའི་སྟེང་དུ་སྒྲུབ་བྱ་གཅེར་བུ་སྐྲ་བཤིག་པ། བྲེད་པར་གྱུར་པར་བསམ་པར་བྱ་སྟེ། མ་ཧེའི་གདོང་པ་ཅན་གྱི་སྤོར་བ་ལ་གནས་པས། དེའི་རྒྱབ་ཏུ ་གཤིན་རྗེའི་གཟུགས་ལག་པས་དབྱུག་པ་འཛིན་པ་སྐྲ་བསིལ་བ་རྣམ་པར་བསམ་པར་བྱ་སྟེ། རྔ་མོ་དེའི་ཁ་ལྷོར་བསྟན་ལ་བཏང་ངོ་།། དེའི་མིང་དང་བཅས ་པར་གཤིན་རྗེའི་སྔགས་བརྗོད་པར་བསམ་པར་བྱའོ།། རྣལ་འབྱོར་པས་འདི་བསམ་པ་ཙམ་གྱིས་ཞག་བདུན་ནས་འདི་ལྟར་རྡོ་རྗེ་འཛིན་པ་ཡང་སྐྲོད་པར་འགྱུར་རོ།། ་དེ་ནས་གཞན་ཡང་བསམ་གཏན་གྱི་རབ་ཏུ་སྦྱོར་བ་ནི། བྱ་རོག་གི་འམ། བྱ་རྒོད་ཀྱི་རྒྱབ་ཏུ་སྒྲུབ་བྱ་སྐྲ་གྲོལ་བ་གཅེར་བུ་རྣམ་པར་བསམ་མོ།། དེའི་རྒྱབ་དུ་གཤིན ་རྗེའི་རྣམ་པར་བསམ་པར་བྱའོ།། ལག་ན་ཐོ་བ་ཐོགས་པ། སྒྲུབ་བྱའི་སྐྲ་བཟུང་བ། དེ་ལ་མ་ཧེའི་གདོང་ཅན་གྱིས་བཀའ་བསྒོ་སྟེ། ཁ་ལྷོར་བལྟས་ནས་སོང ་བར་བསམ་པར་བྱ་སྟེ། རྩེ་གཅིག་པའི་སྦྱོར་བས་ཞག་བདུན་གྱིས་སྤོང་བར་འགྱུར་རོ།། དེ་ནས་དགུག་པར་བྱེད་ན་ཡི་གེ་ཡམ་ལས་རླུང་གི་དཀྱིལ་འཁོར་དེའི་སྟེང ་། དུ་ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་གཤིན་རྗེའི་གཟུགས་ལྕགས་ཀྱུ་དང་ཞགས་པ་ལག་ན་ཐོགས ་པ་རྣམ་པར་བསམ་པར་བྱའོ།། མ་ཧེའི་གདོང་པའི་སྦྱོར་བ་ལ་གནས་པ་ཡིས་དེ་ལ་བཀའ་བསྒོ་བ། གཤིན་རྗེ་སོང་ལ་ཆེ་གེ་མོ་མྱུར་བར་ཁུག་ཅིག། དེ་སྐད ་བསྐུལ་བས་ཛའི་རྣམ་པས་བསྐྱོད་དེ་སོང་བར་རྣམ་པར་བསམ་པར་བྱའོ།། བསམ་གཏན་འདིའི་སྦྱོར་བ་ལ་གནས་པའི་སྔགས་པས་ཁམས་གསུམ་དུ་གཏོ། ་པའི་བུ་དི་བཀུ་ཀ་ལ་རོལ་བར་བྱའོ།། ཇི་ལྟར་བསམ་པ་བརྟན་པར་འགྱུར་ན་འདིའི་རབ་ཏུ་སྦྱོར་བས་དེ་དག་བྱའི་གཞན་གྱིས་མི་བྱའོ།། དེ་ནས་དུག་གིས་ཟིན ་པ་རབ་ཏུ་བསྤང་བའི་སྦྱོར་བ་གསུངས་ཏེ། རང་གི་སྙིང་ཁར་པད་མ་དཀར་པོ་འདབ་མ་བརྒྱད་པ་རྣམ་པར་བསམ་པར་བྱ། དེའི་སྟེང་དུ་དབྱངས་ཡིག་གསུམ་པ་འདབ ་མར་ཕཊ་བརྒྱད་པར་རྣམ་པར་བསམ་པར་བྱ། དེ་ཡིས་ནི་ལྷག་མའི་མིང་དང་འདི་དག་དགའ་བའི་གཟུགས་རྣམ་པར་བསམ་པར་བྱ་སྟེ། དེའི་སྤྱི་བོར་ཡི་གེ་ཨི ་ཁ་དོག་དཀར་པོ་ལས་བདུད་རྩི་འཛག་པར་བསམ་པར་བྱའོ།། ཀླུ་དེའི་མིག་རྣམས་ནས་བདུད་རྩི་འཕྲོས་ནས་སྒྲུབ་བྱའི་ལུས་ལ་ཐིམ་པར་བསམ་པར་བྱ་སྟེ། ་བསམ་གཏན་འདིའི་རབ་ཏུ་སྦྱོར་བས་ཁམས་གསུམ་ཡོངས་སུ་གང་བའི་དུག་ཀྱང་མེད་པར་འགྱུར་རོ།། དག་ཁུར་སྟོང་ཡང་ཟ་ནུས་སོ།། དེ་ནས་ཞུ་བའི་བསམ། ་གཏན་གྱི་རབ་ཏུ་སྦྱོར་བ་གསུངས་པ་ནི། སྒྲུབ་བྱ་མདུན་དུ་བསམ་ཏེ། དེའི་རྐང་པ་གཉིས་ལ་ཡཾ་ལས་རླུང་གི་དཀྱིལ་འཁོར་བསམ་པར་བྱ། དེའི་སྟེང་དུ་གསང ་བའི་གནས་སུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་ཁ་དོག་དམར་པོ་རམ་གྱིས་བྱིན་གྱིས་བརླབས་པར་བསམ་པར་བྱའོ།། དེའི་སྟེང་དུ་སྙིང་ཁར་སའི་དཀྱིལ་འཁོར་གྲུ ་བཞི་པ་ཁ་དོག་སེར་པོ་ལམ་གྱི་བྱིན་གྱིས་བརླབས་པར་བསམ་པར་བྱའོ།། དེའི་སྟེང་དུ་དཔྲལ་བར་ཟླ་བའི་དཀྱིལ་འཁོར་རྣམ་པར་བསམ་པར་བྱའོ།། དེའི་སྟེང་དུ་ཡི་གེ ་བཾ་མགོ་བོ་ཐུར་དུ་བལྟས་པ་ལས་བདུད་རྩི་འཛག་པར་བསམས་ཏེ། འདི་ནི་ལེགས་པར་རྣམ་པར་བསམས་ན་རླུང་གིས་མེ་རབ་ཏུ་སྦར་ཏེ། མེ་དེས་དབང་ཆེན་གྱི་དཀྱིལ་འཁོར ་བསྲེགས་པར་རྣམ་པར་བསམ་པར་བྱའོ།། དབང་ཆེན་གྱི་དཀྱིལ་འཁོར་གྱི་རླངས་པས་བདུད་རྩི་དཀྱིལ་འཁོར་དེ་ཞུ་བར་བསམ་པར་བྱ།། འདིའི་སྦྱོར་བས་ཙམ ་གྱིས་ནི་དེའི་བུད་མེད་ཞུ་བར་འགྱུར་ཏེ། འོ་མའི་ཤིང་ཡང་ཞུ་བར་བྱེད་པར་ཐེ་ཚོམ་མེད་དོ།། དེ་ནས་རྒྱལ་པོ་འམ་རྒྱལ་པོའི་བློན་པོ་དབང་དུ་བྱ་བར་འདོད་ན། སྔགས ་བ་མ་ཧེའི་གདང་ཅན་གྱིས་རྣལ་འབྱོར་ལ་གནས་ལ། བདག་ཉིད་མདོག་དམར་པོར་བསམས་ཏེ་སྒྲུབ་བྱ་གང་དུ་གནས་པ་དེའི་སྟེང་དུ་གནས་ལ། ཕྱི་ནས་རང ་གི་ལུས་ལ་འཇམ་དཔལ་མདོག་དམར་པོ།། ལག་ན་ལྗགས་ཀྱུ། ཞགས་པ་ཅན་བྱུང་སྟེ། འཇས་དཔལ་དེས་སྒྲུབ་བྱའི་སྙིང་ཁ་དང་། མགྲིན་པར་བཅིངས་ནས་དང ་རྡོ་རྗེ་འཇིག། པར་བསམས་ཏེ་འཇམ་དཔལ་གྱི་སྐུ་ལ་རབ་ཏུ་གཞུག་གོ། སྒྲུབ་བྱ་དེ་མོས་པར་བསམ་པར་བྱ་སྟེ། བསམ་གཏན་འདིའི ་རབ་ཏུ་སྦྱོར་བ་ཡིས་དེ་གཉི་ཀའི་འོག་ཏུ་ཨ་བསམ་པ་ཡི་གེ་བཅུ་པའི་སྔགས་རྣམ་པར་བསམ་པར་བྱའོ།། ཡང་ཁ་དོག་དམར་པོས་སྒྲུབ་པ་པོས་ཡེ་ཤེས་ཀྱི་གཟུགས ་ཀྱིས་ཡི་གེ་དེ་ལ་བཞུགས་པར་བྱའོ།། དེ་ནས་སྒྲུབ་བྱ་གཅིག་ཏུ་གྱུར་པར་བསམ་པར་བྱའོ།། བསམ་གཏན་འདིའི་རབ་ཏུ་སྦྱོར་བས་ཉི་མ་བདུན་གྱིས་འཁོར ་ལོས་བསྒྱུར་བ་ཡང་དབང་དུ་འགྱུར་ཏེ་ཇི་སྲིད་འཚོའི་བར་དུ་ཐེ་ཚོམ་མེད་དོ།། རབ་ཏུ་མཉམ་པར་གཞག་པའི་སྔགས་པས་མི་གཡོ་བའི་བསམ་གཏན་གྱིས་བྱའོ།། ་རྒྱུད་གང་ལ་ཡང་མི་སྦྱིན་ནོ།། གལ་ཏེ་སྔགས་ཀྱང་མི་བསྟན། དཔལ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་ཅན་གྱི་བསམ་གཏན་གང་ཡང་མི་སྦྱིན། སྦ་བར་ཡང་མི ་ཁྱ་སྔགས་ཀྱི་དབྱེ་བ་ཡང་མི་བྱ། བྲིས་སྐུ་ཡང་གང་གི་མདུན་དུ་མི་དགྲམ་སྟེ། ཐང་ཀ་ཡང་གསང་བར་བཞག་གོ། རྒྱུད་འདིའི་རབ་ཏུ་སྦྱོར་བ་སྨེ་བ་གཞན་སུ ་ལ་ཡང་འགའ་ཙམ་ཡང་མི་སྨྲ། གལ་ཏེ་སྨྲས་ན་དཔལ་རྡོ་རྗེ་འཇིགས་བྱེད་དང་། མཁའ་འགྲོ་མ་རྣམས་ཀྱིས་ཟའོ།། དམ་ཚིག་ཉམ་པར་འགྱུར་བས་དེའི་ཕྱིར ་སྔགས་སུ་ལ་ཡང་མི་སྦྱིན་ནོ།། དེ་ནས་སྦྱིན་ན་དམ་ཚིག་མཉམ་པ་དང་། རྣམ་པར་རྟོག་པ་མེད་པ་དང་། དམ་པའི་བརྟུལ་ཤུགས་ཅན་དཔའ་བློ་བླ་མ་ལ་གུས་པ། ་འདུལ་ཅན་དེ་བཞིན་གཤེགས་པའི་བསྟན་པ་ངེས་པར་འཛིན་པ། རྒྱུད་སྦས་པ། མི་ཁྲོ་བ། སྙིང་རྗེ་དང་ལྡན་པ། བཟླས་པ་དང་། བསམ་གཏན་ལ་ཕྱོགས ་པ་དང་། རྣམ་པར་སྨིན་པ་ལ་འཛེམ་པ་དང་། འདི་ལྟ་བུའི་ཡོན་ཏན་ཁྱད་པར་ཅན་ནི་སློབ་མ་བཟང་པོ་སྟེ། དཀྱིལ་འཁོར་དམ་པ་དཔལ་རྡོ་རྗེ་འཇིགས་བྱེད ་ཆེན་པོ་ལ་མཆོག་ཏུ་གུས་པ་སྙིང་རྗེ་ཆེན་པོས་ཡིད་བརླན་པ། རྣམ་པར་རྟོག་པ་མེད་པ། རབ་ཏུ་བརྟགས་ལ་ཤིན་དུ་རྣམ་པར་དག་པར་བསམས་ཏེ། བླ་མས་དེ ་ལྟ་བུའི་སློབ་མ་ལ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྒྱུད་བྱིན་ནོ།། སྔགས་པས་གཞན་ལ་བྱིན་ན་དེ་དང་སློབ་མར་བཅས་ནས་དམྱལ་བར་འགྲོ་བར་ཐེ་ཚོམ་མེདདོ།། ། ་འཇིག་རྟེན་འདིར་ནི་འཇིགས་པ་ཆེན་པོར་འགྱུར་རོ།། འཇིག་རྟེན་ཕ་རོལ་ཏུ་ནི་དམྱལ་བར་འགྲོའོ།། དམ་ཚིག་ཀྱང་ཉམ་པར་འགྱུར་རོ།། ། འདི ་ནི་འཇམ་དཔལ་མཆོག་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་རྣལ་འབྱོར་གྱི་རྒྱུད་ལས། བསམ་གཏན་གྱི་ལས་སྒྲུབ་པའི་རྟོག་པ་སྟེ་བདུན་པའོ།། ་། དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་འཁོར་ལོའི་རྒྱུད་འབུམ་པ་ནས་བྱུང་བ་རྟོག་པའི་ཕྱོགས་བཀླགས་པས་འགྲུབ་པ་དཔལ ་རྡོ་རྗེ་འཇིགས་བྱེད་ཆེན་པོ་མ་ཧེའི་གདོང་གིས་དངོས་གྲུབ་འགྲུབ་པའི་རྟོག་པ་འདི། ངོགས་སྷོ།། དཔལ་ཨུ་རྒྱན་གྱི་གནས་ཆེན་པོ་ནས་འཇམ་ད ་རྡོ་འཇིག་@གྱི་རྒྱུད་ལས་བྱུང་བ། རྒྱུད་ཀྱི་རྒྱལ་པོ་དཔལ་རྡོ་རྗེ་འཇིགས་བྱེད་ཞེས་བྱ་བ་བླ་མ་དམ་པའི་དཀྱིལ་འཁོར་ཆེན་པོ།། ། ་སློབ་དཔོན་ཆེན་པོ་ལ་ལི་ཏ་བཛྲ་གྱི་ཕྱུང་ནས་མཛད་པ་རྫོགས་སྐྱོ།། དངོས་གྲུབ་བརྙེས་པའི་བླ་མ་ཆེན་པོ་བཱ་རོ་དང་། སྒྲ་བསྒྱུར་གྱི་ལ ་ཙཱ་བ་ཆེན་པོ་རྭ་དགེ་སློང་རྡོ་རྗེ་གྲགས་ཀྱིས་བསྒྱུར་བའོ།། ། ལེགས་སྤྱད་པད་མོའི་ཚལ་ལས་སྙན་པའི་དྲི་བསུང་ལྡན། ་སྐལ་ལྡན་བུང་བའི་ཚོགས་རྣམས་བྱིན་བརླབས་རྩི་བཅུད་ཀྱིས།། ཚིམ་ཞིང་ཉམས་རྟོགས་ཆོས་སྒྲ་ཟར་ཟིར་ཅན། ཚོགས་གཉིས་སྦྲང་རྩིའི ་ཕུང་པོ་དཔག་མེད་གནས་འདིར་རྒྱལ།། རྟོག་གསུམ ་