| Wylie | e-texts produced with BDRC’s OCR application |
རྒྱ་གར་སྐད་དུ། ཤྲཱི་བཛྲ་ཧྲི་ད་ཡ་ཨ་ལཾ་ཀཱ་ར་ཏན་ཏཱ་ན་མ། བོད་སྐད་དུ། དཔལ་རྡོ་རྗེ་སྙིང་པོ ་རྒྱན་གྱི་རྒྱུད་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་ཀྱི་སྙིང་པོ་བུད་མེད་བཅུའི་དཀྱིལ་ན་ཆ ་ཤས་ལྔ་པའི་ཚུལ་དུ་བཞུགས་སོ།། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་འཁོར་རྡོ་རྗེ་པད་མར་སྦྱོར་བ་ལ་བཞུགས ་འདི་ལྟ་སྟེ། དམ་ཚིག་ཡོངས་སུ་བརྗོད་པ་ཞེས་བྱ་བའི་མཁའ་འགྲོ་དང་། ཡེ་ཤེས་ཀྱི་ལུས་ཡོངས་སུ་འགྲུབ་པ་ཞེས་བྱ ་བའི་རྡོ་རྗེ་མཁའ་འགྲོ་དང་། སྒྲ་བརྙན་ལྟ་བུའི་རྡོ་རྗེའི་གསུང་འབྱུང་བ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གཞན་གྱིས་ཤེས ་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རྩེ་གཅིག་ཏུ་འདྲིས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གཞན་ལས་འཕགས ་བ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རྟེན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། རླན་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། སྨིན་པར ་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། བསྐྱོད་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲེ་དང་། གོ་འབྱེད་པར་བྱེད་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང ་ཧ་ར་ནོར་བུ་ལ་སོགས་པས་མཛེས་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། གི་ཏ་མགྲིན་ལ་སོགས་པའི་གླུ་མཁན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ་སྦྲུལ་གྱི་སྙིང་པོ་ལ་སོགས་པའི་དྲི་ལྡན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་དང་། ཚོད་མ་སྣ་ཚོགས་ཟ་བའི་རོ་ལྡན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་འང་། བཙོན ་པོ་སྣ་ཚོགས་ཀྱིས་འཁྱུད་མཁན་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་དང་། གསུམ་རིག་པར་བྱེད་པ་དངོས་མེད་མ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་མ་ལ་སོགས ་པའི་རབ་ཀྱི་རྡུལ་དང་མཉམ་པའི་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་དང་། རྡོ་རྗེ་མཁའ་འགྲོ་ཆེན་མོ་ན་མཁའི་དབྱིངས་དང་མཉམ་པ་འདི་ལྟ་སྟེ། གཟུགས་ཀྱི་མ ་ཉི་དུ་ཞུ་བ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། ཚོར་བའི་མཚན་ཉིད་སིམ་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། འདུ་ཤེས་ཀྱི་མཚན་ཉིད་ནུས་པ་ཞེས ་བྱ་བའི་རྡོ་རྗེ་ཆེན་པོ་དང་། འདུ་བྱེད་ཀྱི་མཚན་ཉིད་ལ་རྟོག་པ་ཞེས་བྱ་བའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་དང་། རྣམ་པར་ཤེས་པའི་མཚན་ཉིད་བསྡུས་པ་ཞེས་བྱ་བའི་རྡོ་རྗེ ་མཁའ་འགྲོ་ཆེན་པོ་ལ་སོགས་པ་ནམ་མཁའི་དབྱིངས་དང་མཉམ་པ་རྣམས་ཀྱིས་སངས་རྒྱས་ཀྱི་ཞིང་འདི་ཏིལ་གྱི་གང་བུ་ལྟ་བུར་སྣང་ངོ་།། དེ་ནས་རྡོ་རྗེ་མཁའ་འགྲོ་དེ ་དག་ཐམས་ཅད་གཅིག་ཏུ་འདུས་ནས་མཁའ་འགྲོ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོ་ལ་མཆོད་པའི་སྤྲིན་སྤྲོས་པ་དུ་མ་ཡིད་ལས་བྱུང་བ་ལྷ་དང་མིའི་མཆོད་པ་ལས་ཁྱད་པར་དུ ་འཕགས་པས་མཆོད་ནས་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ།། དེ་བཞིན་གཤེགས་རྣམས་ཐམས་ཅད་ཀྱི།། གསུང་གསུམ་བསྡུས་པ་སྤྱོད་པའི་མཆོག། རྡོ་རྗེ ་སྙིང་པོའི་རྒྱན་གྱི་མཆོག། འདྲེན་པ་མཆོག་གི་བཤད་དུ་གསོལ།། དེ་ནས་རྡོ་རྗེ་ཆེན་པོས་གསོལ་བ་བཏབ་པའི་ཚིག་གསན་ནས་མཁའ་འགྲོ་ཐམས་ཅད་ལ་རྣམ་པ ་བལྟས་ཏེ་ཅང་མི་གསུང་བར་བཞུགས་སོ།། དེ་ནས་བྱང་ཆུབ་སེམས་དཔའི་རྡོ་རྗེ་མཁའ་འགྲོ་དེ་དག་ཐམས་ཅད་ཀྱིས་ཀྱང་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདྲ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་ཡོན་ཏན་ཁྱད་པར་དུ་འཕགས་པའི་རྡོ་རྗེ་མཁའ་འགྲོ་ཆེན་པོ་ལ་སོགས་པའི་འཁོར་དུ་འཆང་དུ་མ་བཞེད་པ་དེ་བདག ་ཅག་ལ་མི་དགེ་སུ་མ་མཛད་ཅིག། དེ་ནས་དེ་བཞིན་གཤེགས་པའི་བདག་པོ་རྡོ་རྗེ་འཛིན་པ་ཆེན་པོས་འཁོར་གྱི་དཀྱིལ་འཁོར་ལ་རྣམ་པར་བལྟས་ཏེ་ཚིག་སུ་བཅད་པས་གསུངས་པ། ་སེམས་དཔའ་ཆེན་པོ་ཞུས་པ་ལེགས།། ས་འོག་མའི་སངས་རྒྱས་ཀྱང་།། འདིའི་གཞུང་གི་སེམས་རྨོངས་ན།། སེམས་དཔའ་གཞན་ནི་སྨོས་ཅི ་དགོསསངས་རྒྱས་ཆོས་ཉིད་དག་པ་འདི།། བྱིས་པ་རྣམས་ཀྱིས་མི་རྟོགས་ཕྱིར།། བྱིན་གྱིས་བརླབས་ནས་འཆད་པ་ནི།། སྟོན་པ་རྣམས་ཀྱིས་ཆོས་ཉིད་དོ།། དེ་ནས་རྡོ་རྗེ་མཁ ་འགྲོ་དེ་དག་ཐམས་ཅད་རབ་ཏུ་དགའ་ནས་ཡང་མཆོད་པའི་ཚོགས་ཀྱིས་མཆོད་དེ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ལེགས་སོ་ལེགས་སོ།། དེ་བཞིན ་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་བདག་བྱིན་གྱིས་བརླབ་པ་མཛད་དུ་གསེལ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཐུན་མོང་མ་ཡིན་པ་བརྟན་ཅིང་། ཟམ་པ་ཐམས ་ཅད་ཀྱི་དབང་ཕྱུག་གིས་བདག་ཅག་བྱིན་གྱིས་བརླབ་པར་མཛད་དུ་གསོལ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དབང་ཕྱུག་གི་རྡོ་རྗེ་མཁའ་འགྲོ་དེ་དག་གིས་གསོལ་བ་བཏབ་པ ་མཁྱེན་ནས་སེམས་དཔའ་ཐམས་ཅད་བྱིན་གྱིས་རློབ་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་ཐུགས་ཀྱི ་གསང་བ་བསྡུས་པ་ཞེས་བྱ་བའི་སྙིང་པོ་འདི་རང་གི་ཐུགས་ལས་ཕྱུང་ངོ་།། ཨོཾ་ཨཱཿཧཱུཾ་ས་མ་ཡ་བཛྲ། དེ་ནས་ཕྱང་མ་ཐག་ཏུ་དེའི་འོད་ཟེར་གྱིས་རྡོ་རྗེ་མཁའ་འགྲོའི་འཁོར་དེ་དག ་ཐམས་ཅད་བསྡུས་ནས་རང་གི་སྙིང་ཁར་བཙུད་ནས་བུད་མེད་ཀྱི་དཀྱིལ་ན་བརྒྱལ་བ་ལྟར་གནས་སོ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གིས་དེ་བསླང་བའི ་ཕྱིར་མཁའ་འགྲོ་ཐམས་ཅད་འབྱུང་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ།། སྙོམས་པར་ཞུགས་མ་ཐག་ཏུ་དེ་དག་དྲན་པ་སླར་ཐོབ་ཅིང་ཇི་ལྟ་བ་བཞིན་དུ་གནས་སོ།། ་དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་གི་འཁོར་ལོ་རྣམ་པར་དགོད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྙོམས་པར་ཞུགས་མ་ཐག་ཏུ་རྡོ་རྗེ ་མཁའ་འགྲོ་དེ་དག་ཐམས་ཅད་རང་རང་གི་གནས་ཇི་ལྟ་བ་བཞིན་དུ་འཁོད་པར་གྱུར་ཏོ།། དེའི་ཚེ་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོའི་བྱིན་གྱིས་བརླབས་ཀྱིས། ནམ་མཁའི ་དབྱིངས་ན་གནས་པ་ཇི་སྙེད་པ་དེ་དག་ཐམས་ཅད་ཀྱང་། བདེ་བ་དང་ཡིད་བདེ་བ་མྱོང་བར་གྱུར་ཏོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང ་ཕྱག་གིས། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སེམས་ཅན་གྱི་ཁམས་ཐམས་ཅད་མཉམ་པ་ཉིད་དུ་དམིགས་ནས་དབུགས ་རྔུབ་པར་མི་མཛད། དབྱུང་བར་མི་མཛད། ལུས་འགྱུར་བར་ཡང་མི་མཛད། ལུས་གནས་པར་ཡང་མི་མཛད། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མི ་གཟིགས་དགོངས་ཉེ་བར་མི་འཇོག་གོ།། ཐབས་དང་ཤེས་རབ་སྟོང་པར་ཡང་མ་མཛད། ཤིན་དུ་འགལ་བ་ཅན་ཡང་དག་པར་འཛུད་པར་མི་མཛད། མཐོ་རིས་ལ་ཡང་མི ་འཇོག་མ་དད་པ་རྣམས་དད་པར་ཡང་མི་མཛད། མ་དུལ་བ་རྣམས་དུལ་བར་ཡང་མི་མཛད། ཉེ་བར་ཆེ་བཞི་པར་ཡང་མི་མཛད། མ་འགགས་པ་རྣམས་འགག་པར ་ཛ་དྷཡང་མི་མཛད། མ་བསྐུལ་བ་རྣམས་བསྐུལ་བར་ཡང་མི་མཛད། མ་རྒྱས་པ་རྣམས་རྒྱས་པར་ཡང་མི་མཛད། རྣམ་པར་རྨོངས་པ་རྣམས ་རྨོངས་པ་སེལ་བར་ཡང་མི་མཛད། དགའ་བར་གྱུར་པ་རྣམས་ནི་མི་དགའ་བར་ཡང་མི་མཛད། མི་དགའ་བ་རྣམས་དགའ་བར་ཡང་མི་མཛད། མ་ཁྲོས་པ་རྣམས ་ཁྲོས་པར་ཡང་མི་མཛད། མི་སྡུག་པ་རྣམས་སྡུག་པར་ཡང་མི་མཛད། དྲག་པོ་མ་རུང་བ་ཆེན་པོ་དང་། གཏུམ་པོ་ཆེན་པོ་དང་། ལྷ་དང་། ལྷ་མ་ཡིན་དང་། ལོག ་འདྲེན་དང་། གདུག་པ་ཆེན་པོ་དང་། ཡི་བཏགས་དང་། ཤ་ཟ་དང་། གནོད་སྦྱིན་དང་། སྲིན་པོ་དང་། ཤིན་དུ་གདུག་པའི་དུག་ཆེན་པོ་དང་། ཚ་བའི་གདོན་དང་། ་ནད་དང་། སྦྲུལ་དང་། སེམས་ཅན་ཐམས་ཅད་ལ་ཚེ་བར་བྱེད་རྣམས་ཉེ་བར་ཞི་བར་མི་མཛད་དོ།། རྣམ་པར་དུལ་བར་ཡང་མི་མཛད་དེ། དེ་ནས་བཅོམ་ལྡན ་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ་བརྗིད་པ་དང་བཅས་པར་བར་མཛད་ཅིང་ཞལ་འཛུམ་པ་དང་། འདོར་བ་དང་། བསྐུམ་པ་དང་། འགྱེད་པ་དང་། སྤྱན་མཛེས ་པས་སྨིན་རིངས་བསྐྱོད་ཅིང་བསྒྱུར་བ་དང་། པད་མའི་ཕྱག་གི་སོར་མོ་གཡས་གཡོན་གར་གྱི་ཕྲེང་བའི་ཚུལ་གྱིས་སའི་ངོས་ལ་ཞབས་འཕེན་ཞིང་བསྒྱུར་བ་དང་། འདོར ་ཞིང་བསྐུལ་བ་དང་འཇོག་ཅིང་འདོགས་པའི་རྣམ་པར་གནོན་པས་ན་མཁའི་དབྱིངས་ཐམས་ཅད་ཀུན་དུ་ཁྱབ་པར་མཛད་དེ། རླུང་གི་ཁམས་ཆེན་པོར་ཁྱབ་པར་མཛད ་དེ་ལས་ཁྱབ་ནས་མེའི་ཁམས་ཆེན་པོར་ཀུན་དུ་ཁྱབ་པར་མཛད། དེ་ལས་ཁྱབ་ནས་མེའི་ཁམས་ཆེན་པོར་ཀུན་དུ་ཁྱབ་པར་མཛད་དེ། དེ་ནས་ཆུའི་ཁམས་ཆེན་པོར་ཀུན ་དུ་ཁྱབ་པར་མཛད། དེ་ནས་སའི་ཁམས་ཆེན་པོར་ན་དུ་ཁྱབ་པར་མཛད་དོ།། དེ་ནས་ཀུན་དུ་ཁྱབ་ནས་བཅོམ་ལྡན་འདས་བྱང་ཆུབ་ཀི་སེམས་ལ་ཀུན་དུ་ཁྱབ་པར་མཛད ་དེ་མ་རི་དང་སེམས་ཅན་ཐམས་ཅད་དང་།། སྣ་ཚོགས་ཕྲ་བ་སྦོམ་པོ་དང་།། བུད་མེད་གཞོན་ནུ་རྒན་པོ་དང་།། སྐྱེས་པ་དང་ནི་མ་ནིང་དང་།། ལྷ་དང་ཀླུ་དང་གནོད་སྦྱིན་དང་།། ་གདོན་དང་སྐར་མ་གཤིན་རྗེ་དང་།། ཆུ་བདག་བརྒྱ་བྱིན་ལ་སོགས་དང་།། འབྱུང་བ་འབྱུང་འགྱུར་ཐམས་ཅད་ལ།། བཅོམ་འདས་ནི་བདེ་ཆེན་པོ།། ཀུན་ཏུ་བཟང་པོ་རྡོ་རྗེ་འཛིན ་ཀུན་དུ་ཁྱབ་པས་བྱས་ཏེ་གནས།། དཔལ་རྡོ་རྗེ་སྙིང་པོའི་རྒྱན་གྱི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་བྱིན་གྱིས་རློབ་པའི་ལེའུ་སྟེ་དང་པོའོ།། ་། དེ་ནས་གཞན་ཡང་བྱ་བ།། ལས་ཀྱི་མཆོག་རྣམས་འགྲུབ་བྱེད་པའི།། གསང་སྔགས་ནམས་ནི་བཤད་པར་བྱ།། རྩེ་གཅིག་སེམས་ཀྱི་མཉན་པར ་བྱའོ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨརྱ་ནུད་པན་ན་ཏཱ་ཏ། གཏོར་མའི་སྔགས་སོ།། ཨ་ཨཱ། ཨི་ཨཱ། ཨུ་ཨཱ། ཨེ་ཨཱཾ། ཨོ་ཨཱཾ། ཨཾ་ཨཱཿབུད་མེད་དོ།། ་རྀ་རཱྀ། ལྀ་ལཱྀ། མིམ་ནིང་ངོ་།། ཀ་ཁ་ག་གྷ་ང་། ཙ་ཚ་ཛ་ཛྙཱཉ། ཊ་ཥ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕེ་བ་བྷ་མ། སྐྱེས་པའིའོ།། ཡ་ར་ལ་ཝ་འབྱུང་བ་ཡིའོ།། ཤ་ཥ་ཧ་ས་ཧ། ་འཇིགས་པ་ལ་སོགས་པའོ།། ཀྵ་ཆོས་ཀྱི་དབྱིངས་ཀྱི་ས་བོན་ནོ།། བཛྲ་དྷྲྀག་ཧཱུཾ། ཛི་ན་ཛི་ཀ་བྷྲཱུཾ། རཏྣ་དྷྲྀག་ཨཾ། ཨ་རོ་ལོག་ཛི། པྲདྡྷཱ ་དྷྲིཀ་ཁཾ་མཁའགྲོ་ཆེན་པོ་ལྔའོ།། དྭེ་ཤ་ར་ཏི་མཾ། མོ་ཧ་ར་ཏི་ལཾ། ར་ག་རཱ་ཏི་བཾ། བཛྲ་ར་ཏི་ཏཱཾ། རྡོ་རྗེ་མཁའ་འགྲོ་རྟེན་པར་བྱེད་པ་ལ་སོགས་པའིའོ།། ཀྵི་ཏི་གརྦྷ་ཀྵི། ་བཛྲ་པཱ་ཎི་ཛྲི། ག་ག་ན་གརྦ་ཁཾ། ལོ་ཀེ་ཤྭ་ར་ཡ་གཾ། ནི་བ་ར་ཎ་བིཥྐ་མི་བྷི་ནི་ཀཾ། ས་མནྟ་བྷ་དྲ་སཾ། རྡོ་རྗེ་མཁའ་འགྲོ་དམ་ཚིག་སྤྱོད་པའི་ལ་སོགས་པའིའོ།། རཱུ་པ ་བཛྲ་ཛ། ཤཔ་དྷ་བཛྲ་ཧཱུཾ། གནྡྷེ་བཛྲ་བཾ། ར་སེ་བཛྲ་ཧོཿཔར་ཤ་བཛྲ་ཁཾ། དྷརྨཱ་དྷ་ཏུ་བཛྲ་རཾ། རྡོ་རྗེ་མཁའ་འགྲོ་མཛེས་པར་བྱེད་པ་ལ་སོགས་པའིའོ།། ཡ་མཱནྟ་ཀྲྀ ་ཀཿཔྲཛྙཱ་ན་ཏ་ཀྲིད། པད་མ་ཏ་ཀྲོད། པྲད་མ་ཏ་ཀྲིད། བིགྷྣ་ན་ཏ་ཀྲིད། ཌ་ཀི་ར་ཛ། ནཱི་ལ་ད་ཎ་ཌ། མ་ཧ་བ་ལ། ཨ་ཙ་ལེ་ཀ་ན་ཧཱུཾ། སུམྦྷ་ནི་ཧཱུཾ། ཙཀྲ་བརྟི་ནི་ཧཱུ~ཾ་དྲུཾ ་རྡོ་རྗེ་མཁའ་འགྲོ་གཤིན་རྗེ་གཤེད་ལ་སོགས་པའིའོ།། བ་རེ་ཛི་ན་བྷྲྀ་ཏེ་ཛེ་སྐན་དྷ་དྲུཾ། མིནྟེ་ཙཀྲ་བྷྲཱུཾ། བྷཱི་ས་ར་ན་བྷྲཱུཾ། ཀ་རོ་བྷ་བ་དྷྭཾ། རྡོ་རྗེ་མཁའ་འགྲོ་གཙུག་ཏོར་རྒྱལ ་བ་ལ་སོགས་པའིའོ།། ཧཱུ~ཾ་ཧྲཱིན་རྡོ་རྗེ་མཁའ་འགྲོའིའོ།། ཨོཾ་མོ་དཾ་ནི་བཛྲ་བྷཱ་བ་བཛྲ་བ་ན་ན~ཾ་ད་ཧཱུཾ། ས་མིའོ།། མི་བཛྲ་པྲ་ཀ་ར་ཎ་ཧཱུཾ་ད་ཧཱཾ། ར་བ་ཡིའོ།། ཨོཾ་བཛྲ་བ ་ར་ཧཱུཾ་ཡཾ་ཧཱུཾ། ཨོཾ་བཛྲ་བི་ཏཱ་ན་ཧཱུཾ་ཁཾ་ཧཱུཾ། གུར་གྱིའོ།། ཨོཾ་བཛྲ་ཤ་ར་ཏ་ས་ཏཱཾ་ས་ཏཱཾ། མདའིའོ།། ཨོཾ་བཛྲ་ཛྭ་ལ་རྒ་ཧཱུཾ་ཧཱུཾ་ཧཱུཾ། འོད་ཀྱིའོ།། ཨོཾ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷ་ཨད་མ་ཀོ། ་\ུ0f7fསྟོང་པ་ཉིད་ཀྱི་སྔགསོ།། ཨོཾ་དྷརྨ་དྷ་ཏུ་སྭ་བྷཱ་བ་ཨང་མ་ཀོ་ཧཾ། ཆོས་ཀྱི་དབྱིངས་ཀྱི་སྔག་སོ།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་བཀཱ་ཚིད་ཏ་བཛྲ་སྭ་བྷཱ་བ་ཨད་མ་ཀོ་ཧ།། སྐུ་ལ ་སོགས་པ་བྱིན་གྱིས་བརླབས་པ་ཡིན་ནོ།། བཛྲ་ས་མ་ཡ་སུ་ཏྲི་མ་ཏི་ཀྲ་མ་ཧཱཾ། ཐིག་གདབ་པའིའོ།། བཛྲ་ཙི་ཀྲ་ས་མ་ཡ་ཧཱཾ། ཚོན་སྐྱེ་བའིའོ།། ཧཱཾ་ཧ་ཨཱ་ཛྙེ། དབབ་པའིའོ།། ་བཛྲ་ཀི་ལ་ཡ་མུད་ཀ་ར་ཨ་ཀོ་ཊ་ཡ་ཧཱུཾ་ཕཊཿཕུར་བུས་བརྡུང་བའིའོ།། དེ་ལ་སོགས་པ་མཐའ་ཡས་པ།། འཇིག་རྟེན་གསུམ་དུ་རྙེད་དཀའ་བའི།། སྔགས་ཀྱི་ཚོགས ་རྣམས་ཇི་སྙེད་པ།། དེ་ཀུན་སྔོན་དུ་རྒྱས་པ་རུ།། གསང་བ་དང་འཇིགས་བྱེད་དང་།། བདེ་མཆོག་སོགས་ལ་ང་ཡིས་ནི།། ལས་དང་བཅས་པར་རབ་བཤད་པ།། རྣལ་འབྱོར ་རྟོགས་པར་ཤེས་པར་བྱའོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་སྔགས་ཀྱི་ལེའུ་སྟེ་གཉིས་པའོ།། །། དེ་ནས་མཁའགྲོ་གྲོང་ཁྱེར་མཆོག། ་དཀྱིལ་འཁོར་འཇིགས་པ་བྲི་བར་བྱ།། ལས་ཀྱི་ཆོ་ག་ཤེས་པར་བྱ།། ཅི་རིགས་པར་ནི་ལས་རྣམས་བྱ།། ཉི་ཤུ་རྩ་ལྔའི་སྲད་བུ་ནི།། སེམས་མེད་ལས་བྱུང་བྱས་ནས་སུ།། ་བྱིན་བརླབས་མི་བསྐྱོད་རྟག་པ་རུ།། བྱས་ཏེ་ཐིག་ནི་གདབ་པའོ།། གྲུ་བཞི་པ་ལ་སྒོ་བཞི་པ།། ཏ་ར་ན་བཞིས་བརྒྱན་པ་སྟེ།། དར་དང་མེ་ཏོག་ཕྲེང་བས་བླུགས།། སྲང ་དུ་བཞི་དང་རབ་ལྡན་པ།། ཟུར་གྱི་ཆ་ནི་ཐམས་ཅད་དུ།། ཟླ་བ་རིན་ཆེན་རྡོ་རྗེ་དགོད།། ལས་ཀྱི་བྱེ་བྲག་ཤེས་པ་ཡིས།། བློ་དང་ལྡན་པས་ཕྱག་རྒྱ་དགོད།། ཨིནྡྲ་ནི་ལ ་ལྟ་བུ་ཡི།། འཇིགས་བྱེད་རྡོ་རྗེ་དབུས་སུ་བྲི།། ཤར་དུ་ལྟེ་བརྒྱད་འཁོར་ལོ་དཀར།། ལྷོ་རུ་རིན་ཆེན་ཟུར་དགུ་ལྗང་།། ནུབ་ཏུ་འདབ་བརྒྱད་པད ་མ་དཀར།། བྱང་དུ་རལ་གྲི་སྔོན་པོ་བྲི།། མེའི་འཚམསུ་འཁོར་ལོ་སྔོན།། བདེན་བྲལ་ཨུད་བལ་དམར་པོ་དང་།། རླུང་གི་འཚམས་སུ་པད་མ་དམར།། དབང་ལྡན་ཨུད ་བལ་སེར་པོ་སྟེ།། རྡོ་རྗེ་ཐོ་བ་ཤར་གྱི་སྒོ།། ལྷོ་ཡི་སྒོ་རུ་རྡོ་རྗེ་དབྱུག། པད་མའི་སྡོང་བུ་ནུབ་ཀྱི་སྒོ།། བྱང་དུ་རྡོ་རྗེ་ཁབྱེ་བ།། སྦྱོར་བ་ལྡན་པས་དགོད་པར་བྱ།། རྣམ་པ་ཉི་ཤུ་རྩ་ལྔར་ནི། ་ཚོན་རྩི་དག་ཀྱང་སྒོམ་བྱ་སྟེ།། རྡུལ་མཚོན་ལྔ་ལ་སོགས་པ་རྣམས།། རིམ་པ་བཞིན་དུ་དབབ་པར་བྱ།། དེ་ནས་བུམ་པ་བཟུང་བྱ་བ།། རྩ་བ་ནག་ནོག་མེད་པ་ཡི།། ཞབས་བརྟན ་མགྲིན་རིངས་མཆུ་འཕྱང་བ།། ལྷ་ཡི་གྲངས་ཙམ་སྟ་གོན་གནས།། མགུལ་པར་རས་ཀྱིས་ཡང་དག་དཀྲིས།། ལྡུམ་བུ་ཡཱི་ནི་ཁ་མཛེས་པ།། རིན་ཆེན་སྨན་འབྲུ་སྣ་ལྔ་དང་།། སྤོས་ཆུ ་ཡིས་ནི་རབ་བཀང་ནས།། བུམ་པར་སྔོན་པར་སྔགས་པར་བྱ།། རྣམ་རྒྱལ་བུམ་པ་དཀྱིལ་འཁོར་གྱི།། བདག་པོ་ལྷ་མོ་རྣམས་ཀྱི་གཞི།། ལྷ་རྣམས་ཀྱི་ནི་བུམ་པ་བཞི།། སྒོ་ཡི་ཕྱོགས་ཀྱི་བུམ ་པ་ནིཿལས་ཀུན་བྱེད་པས་བཟླས་བྱས་ཏེ།། ཀུ་ཤིའི་ཕུན་པོས་སེམས་ཅན་ཆེ།། འཇུག་པ་ཀུན་ལ་གཏོར་བར་བྱ།། ཡོན་དང་གཏོར་མ་མཆོད་ཕུལ་ནས།། དེ་དག་ཕྱི་གྲཝར་རབ་བཀོད་དེ། ་གཡས་སུ་རྒྱལ་བ་སྤྱན་དྲང་ངོ་།། དེ་ནས་ལྷ་རྣམས་རབ་གནས་པའི།། བསམ་པའི་སྦྱོར་བས་བསམ་བྱས་ཏེ།། ཕྱག་རྒྱ་བྲལ་བའི་སྦྱོར་བ་ནི།། ལུས་ཅན་བྱིན་གྱིས་མི་བརློབ་པས། ་བུ་མོ་གཟུགས་བཟང་ལང་མཆོས་བརྒྱན།། དབང་ཐོབ་ལུས་རྒྱས་ཐོབ་པ་མོ།། གཡོན་མ་རྒྱན་གྱིས་རབ་བརྒྱན་ཏེ།། དེ་ཡི་འཁོར་ལོས་བསྲུང་བ་བྱ།། དེ་ལ་མར་མེ་བརྒྱ་སོགས་པའི།། ་མཆོད་པ་ཕུལ་ནས་བསྟོད་བྱས་ཏེ།། གཤང་ལྕི་ཁུ་བ་ཁྲག་རྣམས་ནི།། དུང་ཆེན་ཕོར་དུ་བཞག་བྱས་ཏེ།། ལྷ་རྣམས་ལ་ནི་དབུལ་བར་བྱ།། དེ་ནས་མཁའ་འགྲེ་གྲོང་མཆོག་ཏུ།། ་སློབ་མ་རྣམས་ནི་བཞག་བྱ་སྟེ།། རྡོ་རྗེ་ཡེ་ཤེས་རབ་ཐོབ་པའི།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི།། ཕོ་བྲང་དཀྱིལ་འཁོར་དམ་པ་འདིར།། བདག་གིས་སློབ་མ་གཞུག་པར ་བྱཿདེ་ནས་སློབ་མ་དེ་ཡིས་ཀྱང་།། མེ་ཏོག་སྔགས་འདིས་གཏོར་བའོ།། པྲ་ཏི་ཙ་བཛྲ་ཧོཿཞེས་བྱ་བ། དེ་ནས་ཚིག་འདིས་གདོང་གཡོགས་བཀྲོལ།། དེ་རིང་དད་པའི་ཤུགས་ཀྱིས ་ནིཿདཀྱིལ་འཁོར་དེང་འདིར་བལྟ་བར་བྱ།། སངས་རྒྱས་རིགས་སུ་ཁྱོད་སྐྱེས་སོ།། སྔགས་དང་ཕྱག་རྒྱས་ཁྱོད་བྱིན་བརླབས།། དངོས་གྲུབ་ཐམས་ཅད་ཕུན་སུམ་ཚོགས།། དམ་ཚིག ་མཆོག་ཏུ་འགྲུབ་པར་བྱེད།། རྡོ་རྗེ་པད་མོ་རོལ་པའི་ཆོ་ག། སྔགས་ཀྱི་བདག་ཉིད་ཤེས་པར་བྱ།། བ་ཤ་བཛྲ། གང་དག་མེ་ཏོག་གསང་བ་སྟེ།། དེ་དེ་དེ་ཡི་ལྷ་ཡང་དེ།། དེ་ཡི་སྦྱོར་བ ་རབ་སྦྱིན་ཏེ།། དེ་ཡི་ནན་ཏན་དུ་བསྒྲུབ་པོ།། དུང་ཆེན་བདུད་རྩི་ལྔ་བླུད་དེ།། དམྱལ་བའི་ཆུ་འདི་ཁྱོད་ལ་ནི།། དམ་ཚིག་འདས་ན་བསྲེག་པར་བྱེད།། དམ་ཚིག་བསྲུངས་ན་དངོས་གྲུབ་ཡི།། ་འཐུང་ཤིག་རྡོ་རྗེ་བདུད་རྩིའི་ཆུ།། བཛྲ་ཨུཏྨ་ཀ་ཥ་ཋ། དེ་ནས་སངས་རྒྱས་ཐམས་ཅད་ཀྱི།། དམ་ཚིག་དང་ནི་སྡོམ་པ་རྣམས།། བླ་མས་སློབ་མ་སྡིག་བྲལ་བ།། ཅི་ལྟ་བ་བཞིན་སྐྲག་པ ་བྱཿདཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རི་མོའི་དཀྱིལ་འཁོར་གྱི་ལེའུ་སྟེ་གསུམ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ།། དབང་བསྐུར་བའི ་ཆོ་གའི་མཆོག། གང་གིས་ལེགས་པར་བྱས་འགྱུར་བ།། དེ་ནི་སངས་རྒྱས་ཉིད་དུ་འགྲུབ།། སློབ་དཔོན་མཚན་ཉིད་ཐམས་ཅད་ལྡན།། ཡང་དག་ཤེས་ཤིང་རྒྱུད་ཤེས་པ།། དེ་ཉིད་བཅུ་ལ ་སོགས་པ་ཡི།། གསང་རིག་ཆོ་ག་ཤེས་པ་པོས།། བསྒྲིམས་ཏེ་སློབ་མ་ཡང་དག་བཟུང་།། བླ་མ་ལ་གུས་དང་པའོ།། དགེ་བསྒོམ་ལྷ་རྣམས་མཆོད་བྱེད་པ།། གཏོང་བོད་ཡོན་ཏན་ལྡན་པའོ།། ་དེ་ནས་སློབ་མ་དེ་ཡིས་ཀྱང་།། ལངས་ཏེ་ཞབས་ལ་མགོས་གཏུགས་ནས།། རྒྱལ་པོ་དབང་ཕྱུག་བདེ་དམ་པ།། གོས་དང་རྒྱན་གྱིས་ལེགས་པར་བགོས།། སྟེང་དུ་བླ་རེ་བྲི་བར་བྱ།། གདུག ་དང་རྒྱལ་མཚན་བ་དན་དང་།། ལྷམ་དང་ཚངས་པའི་སྐུད་པ་དང་།། གདུ་བུ་དག་དང་སྐེ་རིགས་དང་།། བཀྲ་ཤིས་ཚིགྲ་བཅད་སྣ་ཚོགས་ཀྱིས།། སློབ་མ་སྡིག་དང་བྲལ་བ་ལ།། སློབ་དཔོན་གྱིས་ནི ་དབང་བསྐུར་རོ།། དང་པོ་རྣམ་རྒྱལ་བུམ་པ་དང་།། དེ་ནས་ལྷ་མོ་བཞི་རྣམས་དང་།། ལྷ་རྣམས་ཀུན་གྱི་བཞི་པོ་ཡིས།། བཀྲ་ཤིས་ཚིགས་བཅད་གླུ་སྒྲ་དང་།། རྡོ་རྗེ་དྲིལ་བུ་བསིལ་བ་ཡིས།། ་སྐྱོབ་པའི་དཀྱིལ་འཁོར་མངོན་སུམ་དུ།། ཏིལ་གྱི་གང་བུ་བཞིན་གང་བའི།། རྒྱལ་བས་བུམ་པ་བཟུང་ནས་ནི།། དེ་ཉིད་ལ་ནི་དབང་བསྐུར་བར།། དཀྱིལ་འཁོར་དེ་ཉིད་རིག་པར་བས ་དེ་ལྟ་བུ་ནི་བསམ་ནས་ཀྱང་།། ཆོས་ཀྱི་མཚན་ཉིད་ལྡན་པར་བྱ།། དེ་ནས་ཡིད་འོང་བུ་མོ་ནི།། ལེགས་པར་གོམས་པ་དབང་ཐོབ་ན།། རྒྱན་གྱིས་རབ་བརྒྱན་རབ་མཛེས་པ།། ་བཙལ་ཏེ་བླ་མ་ལ་ཕུལ་ནས།། དེ་ནས་རྒྱལ་དབང་སློབ་མ་དེ།། ནང་གི་སྦས་པ་བཏུས་པ་ཡིས།། གསང་བ་མཉམ་པར་འཇུག་པའི།། སྦྱོར་དང་ལྡན་པས་དབང་བསྐུར་བྱ། རྡོ་རྗེ། ་པད་མོ་ལས་དྲང་བ།། སྒོམ་པ་མཐའ་ལྷག་རྩེ་སྦྱར་ནས།། རྐན་དུ་རྡོ་རྗེ་བཞུག་པར་བྱ།། ཀྱེ་མའོ་བདེ་བ་བདེ་བ་ཆེ།། ཀྱེ་མའོ་དམ་ཚིག་བདེ་བརྗོད་ཅིང་།། ཀྱེ་མའོ་བདེ་བ་བླང་བར ་བྱའོ། འདི་ནི་གསང་བ་ཞེས་བྱ་བའི།། དབང་བསྐུར་བའི་ཐབས་མཆོག་གོ། ཡང་ན་ཤིན་དུ་དང་ལྡན་པ།། གཟུགས་བཟང་བསྒྲུབ་ལ་དགའ་བ་དང་།། སྦྱོར་གོམས་བླ་མ་ལ་ནི་དབུལ།། ་བླ་མས་བྱིན་བརླབས་ལྷ་མོ་དང་།། བསྒྲུབ་པ་དེ་ལ་སྦྱིན་པར་བྱ།། དེ་ཡིས་བླངས་ནས་བརྩོན་པའི་ཚོགས།། སྐད་ཅིག་གསུངས་བཞིན་རབ་བྱས་ནས།། རང་གི་ལྷ་དང་སངས་རྒྱས་དང ་བྱང་ཆུབ་སེམས་དཔའི་ཚོགས་རྣམས་ཀུན།། མཉེས་བྱས་ཆོ་གས་སེམས་བརྟགས་ཏེ།། མངོན་སུམ་བདེ་བ་རང་འབྱུང་བ།། གཞན་གྱིས་གང་དུ་སྐྲག་མི་ནུས།། གོ་བའི་ཡུལ་དུ་བདེ ་བ་ཆེཿབླ་མ་དེ་ལ་དབུལ་བར་བྱ།། བླ་མ་གཞན་ལ་དེ་བཞིན་དུ།། ཅི་དགའ་བར་ནི་ཡོན་ཡང་བྲལ།། སློབ་དཔོན་ཅུང་ཟད་ཅི་འདོད་པ།། ཡིད་ལ་བསམ་པ་དབུལ་བར་བྱ།། དམ་ཚིག ་འདའ་བས་འཇིགས་པའི་ཕྱིར།། སྒྲིམས་ཏེ་དེ་བཞིན་དབུལ་བར་བྱ།། སློབ་དཔོན་གྱི་ནི་ཡུལ་གྱི་མཆོག། རིགས་ཀྱི་ཁྱད་པར་གྱིས་ནི་ལྔ།། བུམ་པའི་དབང་སོགས་དབྱེ་བ་ཡིས། ་ཡང་ན་གསུམ་དུ་འགྱུར་བ་ཡིན།། རང་གེམ་དང་སེང་གེ་གདན།། ཡོན་གྱི་མཆོག་དེསངས་རིགས།། གསེར་དང་གླང་པོ་རིན་ཆེན་དང་། སྲིང་མོ་ཐ་མ་ལ་དབུལ་བ།། རྡོ་རྗེ་སེམས་དཔའི་རིགས ་ཡིན་ཏེ། ཡོན་དེ་ཡོན་གྱི་མཆོག་ཡིན་ནོ།། ཤིང་རྟ་རྟ་ནི་ཤིན་དུ་བརྒྱན།། རང་གི་ཆུང་མ་དབུལ་བྱས་ཏེ།། རིན་ཆེན་སྣ་ཚོགས་རྣམ་དག་པ།། ཡོན་དེ་རིན་པོ་ཆེའི་རིགས།། ་མུ་ཏིག་ཕྲེང་བ་ཤིན་དུ་མཛེས།། བུ་མོ་རིན་ཆེན་འདྲ་བ་ཡི།། རྒྱན་དེ་བླ་མ་ལ་དབུལ་བ།། ཡོན་དེ་པདྨ་རིགས་ཡིན་ནོ།། རྒྱལ་པོ་དང་ནི་དབང་ཕྱུག་དང་།། ཆུང་མ་འཕྲུལ་གྱི་གཞོན་པ་སོགས ་གླང་པོ་རྟ་ནི་ཤིན་དུ་བརྒྱན།། དེ་བཞིན་གཤེགས་པ་ཀུན་གྱི་རྗེ།། ནན་ཏན་བླ་མ་དབུལ་བྱ་བ།། སྣ་ཚོགས་རྡོ་རྗེའི་རིགས་ཡིན་ནོ།། དེ་རྣམ་བཞི་དང་འགྱུར་བ།། མི་འགྱུར་བའི་བྱེ་བྲག་གིས ་གསུམ་དུ་ཤེས་བྱ་བླ་མ་ལ།། བློ་ལྡན་རྡོ་རྗེ་སློབ་མ་ཡི།། ཅི་སྟེ་བདེ་བ་ཀུན་འདོད་ན།། དང་མོས་སེམས་ཀྱིས་དབུལ་བར་བྱ།། ཡིད་ལ་གང་བསམས་མ་ཕུལ་ལམ།། ཁས་བླངས་དེ་ནི་མ་ཕུལ ་ནཿཡི་དྭགས་དམྱལ་བ་རྣམ་གཉིས་སུ།། ངེས་པར་སྐྱེ་སྟེ་བརླག་པར་འགྱུར།། དེ་བས་དེ་རྣམས་རབ་ཕུལ་ནས།། གསོལ་བ་དག་ནི་རབ་ཏུ་གདབ།། རྡོ་རྗེ་དཀྱིལ་འཁོར་ཆེན་པོའི།། ་དཀྱིལ་འཁོར་དུ་ནི་བདག་ཞུགས་སོ།། སྦྱོར་བའི་དཀྱིལ་འཁོར་ཆེན་པོ་ཡི།། དཀྱིལ་འཁོར་དུ་ནི་བདག་ཞུགས་སོ།། རྣལ་འབྱོར་དཀྱིལ་འཁོར་ཆེན་པོ་ཡི།། དཀྱིལ་འཁོར་བདག་གི་དི་རིང ་མཐོང་གསང་བའི་དཀྱིལ་འཁོར་ཆེན་པོ་ཡི།། དཀྱིལ་དུ་ནི་བདག་དབང་བསྐུར།། དེ་ནས་བླ་མ་དེ་ཡིས་ཀྱང་།། དེ་ལ་དབང་བསྐུར་སྦྱིན་བྱ་སྟེ།། དྲི་དང་མེ་ཏོག་ཕྲེང་བས་བརྒྱན།། བསྒྲིམ ་ཏེ་ཡང་དག་བརྟག་པར་བྱ།། དང་པོ་ལ་ནི་བུམ་པའི་དབང་།། གཉིས་པ་ལ་ནི་གསང་བའི་དབང་།། གསུམ་པ་ལ་ནི་ཤེས་རབ་ཡེ་ཤེས་ཏེ།། བཞི་པ་དེའི་ཡེ་ཤེས་ཏེ།། བླ་མ་ལས་ནི་ཐོབ་པའོ།། ་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཡོན་དང་བཅས་པར་དབང་བསྐུར་བའི་ལེའུ་སྟེ་བཞི་པའོ།། །། གང་གི་ཐབས་ཀྱིས་རིགས་ལྔའི་དོན།། རང ་གི་དོན་འགྱུར་ཀུན་ཏུ་བཟང་།། འདི་དག་གཞན་ལ་རབ་བདེའི་ཕྱིར།། རྡོ་རྗེ་སེམས་དཔའི་བསྒྲུབ་ཐབས་བཤད།། ཡིད་འོང་དབེན་པའི་ས་ཕྱོགས་སུ།། ཅི་བདེར་གནས་ལ་ནམ་མཁལ་ཀུན།། ་སེམས་ཀྱིས་ཁྱབ་པར་བྱས་ནས་སུ།། རྣལ་བ་རྟོག་འཇིག་རྟེན་ཀུན།། སྡུག་བསྔལ་ཆོས་ཀྱི་ཀུན་ནས་བཅོས།། བྱང་ཆུབ་སེམས་མཉམས་སེམས་ཅན་རྣམས།། ཀུན་ལས་འབྱུང་ཞེས ་དམ་བཅས་པས།། སྔགས་པས་སྤྱི་བོར་བཞག་ནས་ནི།། ཨཿསེམས་ཀྱིས་རྡུལ་ཕྲན་ཆ་དྲུག་རྣམས།། ཕྱོགས་བཅུ་དག་ཏུ་ཕྱེ་ནས་སུ།། ཆོས་ཀྱི་དོན་རྣམས་ངེས་གསལ་ནས།། ཤིན་དུ ་དྲི་མེད་སེམས་དག་པ།། འདས་དང་མ་འོངས་པའི་སེམས།། ད་ལྟར་བ་ཡང་དམིགས་སུ་མེད།། གཉིས་མེད་དེ་ལ་གཉིས་མེད་མེད།། ནམ་མཁའ་ཞེས་པའང་གནས་པ་མེད།། དེ་ལྟར ་ཀུན་དུ་བརྟགས་ནས་སུ།། འགྲོ་བ་ཐམས་ཅད་ཤིན་དུ་སྟོང་།། དྲི་མེད་རྣལ་འབྱོར་ཉིད་ཀྱི་ཡིན།། དངོས་པོ་མེད་པར་རང་སེམས་བསམ།། འགྲོ་བའདི་ནི་དེ་ལྟ་བུའི།། དངོས་པོ་གང ་ངག་ཡོད་མིན་ན།། སྡུག་བསྔལ་སྣ་ཚོགས་གང་དག་ལགས།། སེམས་ཉམས་སེམས་ཅན་འབྱུང་བར་བསྒོམ།། འོན་ཀྱང་སྔོན་གྱི་སྨོན་ལམ་ཤུགས།། དབྱངས་ཡིག་སྤེལ ་བའི་གླུ་ལྡན་བྱ།། རིན་ཆེན་སེམས་ནི་རྨུགས་པ་ལ།། བདེ་ག་ཤེགས་རྣམས་ཀྱིས་བསྐུལ་བར་སྣང་།། ཤུ་ནྱ་ཏྲ་ལོག་པ་ད་སཱ་ཧཱ།། པྲ་བྷ་བཱི་ཨ་ཀ་ཤ་ཏ་མ་ས་གཏམ་མ་ས། ་རྡོ་ཨེ་ས་ཏ་ས་མ་ཡན་ཏི་སུ་ག་ཏེ་ག་ཏི་ཤྲཱི་བཛྲ་སྭཱ་ཧཱ། པུ་པུ་སྟ་ཧཾ། རྣམ་རྟོག་ཀུན་ཡང་དྲི་མེད་པའི།། རྣམ་པར་མི་རྟོག་བསྒོམ་པའི་སེམས།། སྔགས་ཀྱི་དེ་ཉིད། ་བསྐྱོད་བྱས་ལ།། ཧཱུཾ་ཞེས་པའི་གཟུགས་སུ་བརྟག། ཏིང་ངེ་འཛིན་གྱིས་དབང་འགྱུར་ན།། གང་ཕྱིར་དེ་ནི་བསྒོམས་པས་ཐོབ།། དམ་པ་ནམ་མཁའི་དབྱིངས་ལ་གནས།། བྱང་ཆུབ ་སེམས་ཕྱོགས་དེར་བཅས་ལ།། རྣལ་འབྱོར་ཡིད་ཀྱིས་ཀུན་བསམ་ནས།། རྒྱལ་བར་རྣམ་པར་བརྟག་པར་བྱ།། ཡི་གེ་བྷྲཱུཾ་གྱིས་ལྷའི་གནས།། རྡོ་རྗེ་རིན་ཆེན་གྱིས་ནི་བརྒྱན།། ་སྒོ་འཁྱུད་རྟ་བབ་ཀ་བ་དག། དར་གྱི་ཕྲེང་བས་རྣམ་པར་ཀླུངས།། གྲུ་བཞི་པ་ལ་སྒོ་བཞི་པ།། དྲིལ་བུའི་དྲ་བ་དག་གིས་བརྒྱན།། རྟག་པར་དོ་ཤལ་མེ་ལོང་དང་།། མེ་ཏོག ་ཕྲེང་བས་རྒྱན་རྣམས་བྲིས།། དེའི་དབུས་སུ་སེང་གེའི་གདན།། སེང་གེ་བརྒྱད་ཀྱི་རྣམ་པར་བརྒྱན།། སྨོན་ལམ་དབང་གིས་དེ་དག་ཀུན།། བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ། ་ཤར་ཕྱོགས་པ་ལང་ཤིན་དུ་རྒྱས།། ལྷོ་ཕྱོགས་རྟའི་གདན་བཟངས་ཏེ།། ནུབ་ཕྱོགས་སུ་ནི་རྨ་བྱ་བཤད།། དེ་བཞིན་བྱང་ཕྱོགས་ནམ་མཁའ་ལྡིང་།། མི་བསྐྱོད་ཁྲོ་བོ་བསམ་པ་ནི ་མཐིང་ཁ་དཀར་མོ་དམར་པོའི་ཞལ།། རྡོ་རྗེ་ཕྱག་རྒྱ་ཐུགས་ཁ་ནས།། མཐིང་ཁ་ཁ་དོག་གསལ་ལ་བཟང་།། གཡས་ན་རིན་ཆེན་འཁོར་ལོ་སྟེ།། རལ་གྲི་པད་མ་གཡོན་པ ་ན། འཇིག་རྟེན་གསུམ་ནི་ཀུན་འཁྲུག་པའོ།། བརྟུལ་ཞུགས་ཅན་གྱི་ཞལ་གསུམ་བསམ།། དང་པོའི་ནི་སྟོང་པ་ཉིད།། གཉིས་པ་དེ་བཞིན་མཚན་མ་མེད།། གསུམ་པ་སྨོན ་པ་མེད་པའི།། ཞལ་དུ་མཁས་པས་རིག་པར་བྱ།། ཕྱག་དྲུག་རྟག་ཏུ་འབར་བར་སྒོམ།། མཚོན་ཆ་སྣ་ཚོགས་རྣམས་དང་ལྡན།། པདྨ་ལ་ནི་མཉམ་བཞག་ནས།། ཡེ་ཤེས ་ཕྱག་རྒྱ་སྙིང་གི་ནང་།། དབུས་ཀྱི་གནས་སུ་བསམ་པ་ནི།། རྡོ་རྗེ་སྐྱིལ་མོ་གྲུངས་སུ་གནས།། ཤར་གྱི་གནས་སུ་བསམ་པ་ནི།། སྔགས་པས་རྣམ་སྣང་ཐུབ་པ་སྟེ།། དཀར ་དང་མཐིང་ཁ་དམར་བའི་ཞལ།། འཁོར་ལོ་ཕྱག་རྒྱ་སྙིང་ཁ་ནས།། རྡོ་རྗེ་འབར་སོགས་འོད་བསལ་བ།། རིན་ཆེན་རྡོ་རྗེ་གཡས་པ་ན།། རལ་གྲི་པདྨ་གཡོན་པ་ན། ་རྣལ་འབྱོར་ཅན་ནི་རྣམ་པར་བསམ།། ཐོར་གཙུག་དབུ་བརྒྱན་དག་གིས་བརྒྱན།། རིན་ཆེན་མགོན་པོ་ལྷོ་ཕྱོགས་ན།། སེར་དང་མཐིང་ཀ་དཀར་བའི་ཞལ།། རིན་ཆེན་ཕྱག ་རྒྱ་སྙིང་ཁ་ན།། མར་ག་ལྟ་བུར་སྣང་བ་པོ།། གཡས་ན་འཁོར་ལོ་རལ་གྲི་སྟེ།། རྡོ་རྗེ་པདྨ་གཡོན་ནའོ།། རྟག་པར་རྣལ་འབྱོར་པས་བསམས་ན།། རིན་ཆེན་ཆར་དུ ་འབེབས་པའོ།། ནུབ་ཕྱོགས་གནས་སུ་དགོད་པར་བྱ།། སྣང་བ་མཐའ་ཡས་བསམས་པ་ནི།། དམར་དང་མཐིང་ཁ་དཀར་བའི་ཞལ།། པདྨ་ར་གའི་མདོག་ལྟ་བུ། ་པདྨའི་ཕྱག་རྒྱ་སྙིང་ཁ་ན།། རྡོ་རྗེ་རིན་ཆེན་གཡས་པ་ན།། འཁོར་ལོ་རལ་གྲི་གཡོན་པ་ན།། པདྨ་ལ་ནི་མཉམ་བཞག་བསམ།། བྱང་ཕྱོགས་གནས་སུ་དེན་གྲུབ་ན། ་ལྗང་ཁུ་མཐིང་ཁ་དཀར་བའི་ཞལ།། རལ་གྲི་ཕྱག་རྒྱ་སྙིང་ཁ་ན།། འབར་བའི་ཕྲེང་བས་མཉམ་པའི་འོད།། པདྨ་རྡོ་རྗེ་གཡས་པ་ན།། འཁོར་ལོ་རིན་ཆེན་གཡོན་པ་ན། ་བྷཟླ་བའི་དཀྱིལ་འཁོར་དབུས་གནས་པས།། བྱང་གི་གནས་སུ་བསམ་པར་བྱ།། སྔགས་པས་ཕྱག་དྲུག་བསམ་པ་ནི།། སྤྱན་ཞལ་གསུམ་དཀར་མེའི ་རྣམ་པར་སྣང་མཛད་ཕྱག་རྒྱ་བཞིན།། དེའི་དོན་དུ་རྣམ་པར་བསྒོམ།། མཱ་མ་ཀི་ཡང་བསམ་པ་ནི།། ཨུད་པལ་དང་ནི་མཐིང་འདྲ་བ།། ཞལ་གསུམ་ཕྱག་དྲུག་ཆགས་པ ་སྟེ། རྣམ་པར་སྣང་མཛད་ཕྱག་རྒྱ་བཞིན།། དེའི་དོན་དུ་རྣམ་པར་བསྒོམ།། མཱ་མ་ཀི་ཡང་བསམ་པ་ནི།། ཨུད་པལ་དང་མཐིང་འདྲ་བ།། ཞལ་གསུམ་ཕྲག་དྲུག་ཆས ་པ་སྟེ། མི་བསྐྱོད་ཕྱག་རྒྱ་མཆོག་འཛིན་པའོ།། ཆགས་པས་ཆགས་པ་རིགས་ཀྱི་སྔགས།། ཞལ་གསུམ་ཕྱག་དྲུག་དགེ་བ་སྟེ།། སྦྱོར་བའི་ས་ནི་དཀར་མོ་བསམ། ་པདྨ་ར་གའི་ཕྱག་རྒྱའོ།། སྒྲོལ་མོ་ཁ་དོག་སེར་མོ་སྟེ།། འཁྲིལ་བག་རྒྱན་གྱིས་རབ་ཏུ་བརྒྱན།། ཞལ་གསུམ་ཕྱག་དྲུག་རབ་ཏུ་བསམ།། ཐོགས་མེད་རྒྱལ་པོའི་ཕྱག་རྒྱའོ།། ་སྒོ་བཞི་སྒོ་བསྲུངས་བགོད་བྱེ་བ།། སྒོ་རྣམས་སུ་ནི་ཁྲོ་བོ་བསམ།། ཁྲོ་བོ་ཆེན་པོ་གཤིན་རྗེ་གཤེད།། གཞན་གྱི་མི་ཐུབ་དེ་བཞིན་ཏེ།། ཐུབ་པར་དཀའ་བ་རྟ་མགྲིན་དང ་ཁྲོ་བོ་བདུད་རྩི་འཁྱིལ་བ་བསམ།། དེ་དག་ཀུན་ཀུང་ཞལ་གསུམ་པ།། དྲག་ཅིང་དྲག་པོར་གནོན་པའོ།། མཐིང་ཁ་སེར་པོ་དེ་བཞིན་དམར།། ལྗང་ཁུ་དག་ནི་ཁ་དོར། ་དུའོ།། མཚོན་ཆ་སྣ་ཚོགས་འཛིན་པ་སྟེ།། བོང་པའི་ཕྲེང་ཐོགས་དེ་བཞིན་ནོ།། གདོན་རྣམས་ཐམས་ཅད་སྐྲག་བྱེད་པ།། གནོད་སྦྱིན་སྲིན་པོ་བྲེ་མེན་མ། མ ་སེང་གེ་སྟག་རྣམས་དང་།། བ་གླང་ཞོན་པ་རྣམ་བཞི་པོ།། རྣམ་པར་འགྱུར་བའི་ཁྲོ་གཉེར་ཅན།། ཁྲོ་བོའི་སྤྱན་ནི་ཀུན་ནས་བསྡུས།། སྔགས་འདི་རྣམས་ཀྱིས་བསམ་པ་ནི།། ་གཤིན་རྗེ་གཤེད་ལ་སོགས་པའོ།། སྔགས་ཀྱི་དེ་ཉིད་རྗེས་འཐུན་པར།། སྔགས་པས་དཀྱིལ་འཁོར་བསྒྲུབས་ནས་སུ།། སའི་སྙིང་པོ་ལ་སོགས་པ།། སེམས་དཔའ་རྣམ ་ནི་དེར་གནས་བསམ།། ལུས་དང་ངག་དང་སེམས་དེ་ཉིད།། ཧཱུཾ་ཞེས་བྱ་བའི་ཡི་གེ་མཆོག། སེམས་ནི་དེ་རུ་ཞུགས་པར་བསམ།། མི་བསྐྱོད་པ་ནི་བདག་ཉིད་ཆེ།། དབང ་ལམ་དུ་ས་བྱུང་ནས་སུ།། དང་བའི་དཀྱིལ་འཁོར་གྱིས་ནི་བརྒྱན།། བདག་ཉིད་གཅིག་ཅིང་གཅིག་འགྱུར་བས།། སྐད་ཅིག་གིས་ནི་བརྟན་པར་བྱ།། ཁྱོད་ནི་རྡོ་རྗེ་སེམས ་ཞེས་བྱ། དེ་ལ་སོགས་པས་བསྟོད་པར་བྱེད།། དེ་ནས་རྣམ་སྣང་མཛད་ལ་སོགས།། རང་གི་སྙིང་ཁར་རབ་ཏུ་བཟུང་།། གཟུངས་རྣམས་ཀྱི་རང་བཞིན་དུ།། རྣམ་པར ་སྣང་མཛད་ཐུབ་པ་བཞུགས།། ཚོར་བ་དང་ནི་རིན་ཆེན་མགོན་པོ་ཡིན།། མཐའ་ཡས་འོད་ནི་འདུ་ཤེས་སུའོ།། འདུ་བྱེད་ཀུན་དུ་གདོན་མི་ཟ།། མི་བསྐྱོད་པ་ནི་ཕུང་པོ ་ལྔར། དེ་བཞིན་གཤེགས་པ་ལྔ་རྣམས་ནི།། སྔགས་འདི་རྣམས་ཀྱིས་བཞུགས་པར་བསམ།། སའི་ཁམས་ཀྱི་རང་བཞིན་དུ།། དེ་ནས་སྤྱན་ནི་བཞུགས་བྱ་སྟེ། རྣལ ་འབྱོར་ཡིད་ཀྱིས་བསམ་པ་ནི།། དེ་ཡང་དཔྲལ་བར་གནས་པར་བསམ།། མཱ་མ་ཀཱི་ཡང་ཆུ་ཡི་ཁམས།། རླན་ཅན་ཞིང་ཁྲག་ནི་རྒྱུ་བའི་ཕྱིར།། རྣལ་འབྱོར་པས་ནི་ཡིད ་ཀྱིས་བསམ་དེའི་ལུས་ནི་རྒྱས་པར་འགྱུར།། མེའི་ཁམས་ཀྱི་རང་བཞིན་དུ།། གོས་དཀར་མོ་ཡང་བཞུགས་པར་བྱ།། ཀུན་དུ་ཁྱབ་པར ་བཞུགས་པ་ཡི།། འོད་རྣམས་སུ་ནི་དེར་འགྱུར་རོ།། སྒྲོལ་མ་རླུང་གི་རང་བཞིན་དུ།། ཞུགས་པར་དེར་ནི་བསམ་པར་བྱ།། རླུང་ནི་རྣམ་པ་ལྔ་རུ་འགྱུར།། དེ་བཞིན་ཡིད ་འགྱོགས་རྫུ་འཕྲུལ་འགྲུབ།། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ།། ནམ་མཁའི་རང་བཞིན་དག་ཏུ་འགྲུབ།། དེ་ལུས་ཁོང་སྟོང་ཉིད་ལ་ནི།། རང་སེམས་ཡོན་ཏན་བསྒོམ ་པའི་སེམས་ནམ་མཁའི་དབྱིངས་ཀྱིས་རྣལ་འབྱོར་གྱིས།། སངས་རྒྱས་སྒྱུ་མའི་སྦྱོར་བས་སུ།། དག་པའི་བདག་ཉིད་ཅི་འདོད་པར།། དེ་ནས་རི་རབ་ཕུལ་ནས་འགྲོ། ་སའི་སྙིང་པོ་བདག་ཉིད་ཆེ།། སངས་རྒྱས་སྤྱན་ནི་བདག་ཉིད་དེ།། མིག་གི་ཕྱོགས་སུ་ཞུགས་ནས་ནི།། འཕྲུལ་གྱི་མིག་ཏུ་རྟག་ཏུ་འགྱུར།། ཕྱག་ན་རྡོ་རྗེ་བདག་ཉིད་ཆེ ་རྣ་བའི་རྣམ་ཤེས་སྦྱོར་བས་ན།། སྒྲ་རྣམས་ཐམས་ཅད་ཤེས་པ་དེ།། རྣ་བའི་རྣམ་ཤེས་དེ་བཞིན་འགྱུར།། ནམ་མཁའི་སྙིང་པོ་བདག་ཉིད་ཆེ།། སྣའི་རྣམ་ཤེས་སྦྱོར་བས་ན ་སངས་རྒྱས་ཤངས་ནི་བདག་ཉིད་ཆེ།། དེ་ཡང་དེའི་ངོ་བོར་འགྱུར།། འཇིག་རྟེན་དབང་པོར་རབ་ཆགས་པ།། རྡོ་རྗེ་ལྕེའི་སྦྱོར་བས་སུ།། རོའི་དངོས་པོ་མྱོང་བ་དེས།། ་སྐད་ཅིག་གཅིག་ལ་དེ་རུ་འགྱུར།། བློ་ལྡན་པབསྒྲིམ་པ་ཐམས་ཅད་ནི།། རྣམ་པར་སེལ་བའི་མིང་དང་ལྡན།། ཉོན་མོངས་ཐམས་ཅད་རྣམ་པར་སེལ།། ཉེ་བའི་ཉོན་མོངས་པའང ་འཇིག། མེ་ལོང་གི་ནི་རྣམ་པ་ལྟར།། རྟེན་པའི་ཚུལ་གྱིས་འབྱུང་བ་ནི།། གཟུགས་བརྙན་གྱི་ནི་སྦྱོར་བས་སུ།། སྐད་ཅིག་གིས་ནི་དེ་རུ་འགྱུར།། བཅོམ་ལྡན་རྡོ་རྗེ་སེམས ་དཔའ་དཔལ།། རྣམ་པ་བཅུ་དང་དྲུག་ཏུ་ཡང་།། སྦྱོར་བ་དེ་ནི་བྱིན་བརླབས་ནས།། སྔགས་པས་དོ་ནི་སེམས་ལ་བཞུག། ཁྲོ་བོ་ལྕགས་ཀྱུ་དདུང་པ་ཡིས།། ཞགས་པ་ལྟ་བུ ་གཉིས་པའོ།། ལུ་གུ་རྒྱུད་ཀྱི་ཁ་སྤྲད་གསུམ།། རྒྱལ་མཚན་བཞུག་པར་ཁྱབ་པར་བཞག། དེ་ལྟར་དོན་རྣམས་རབ་ཏུ་ཞུགས།། སངས་རྒྱས་ཀུན་གྱི་ངོ་བོར་བདག། རྡོ་རྗེ་ཕྱག ་རྒྱ་དང་ལྡན་པ།། གཡོན་པ་དྲིལ་སྣམས་སྟ་ཟུར་རྟེན།། རྡོ་རྗེ་སེམས་དཔའ་དེ་གནས་འགྱུར།། རྣལ་འབྱོར་ཆེན་པོ་དཀར་བའི་གཟུགས།། དཀར་མཐིང་ཀ་དམར་པོའི་དབུ། ་སྟོང་ཉིད་ལ་སོགས་བདག་སྦྱོར་བ།། རྡོ་རྗེ་སེམས་དཔའ་ཞེས་སུ་སྨྲ།། རྡོ་རྗེ་ཕྱག་རྒྱ་རྗེས་སུ་ཆགས།། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་རཱ་ག་བཛྲ་སྭ་བྷཱ་ཝ་ཨད་མ་ཀོ་ཧཾ། སངས་རྒྱས ་མཆོད་པ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་པུ་ཛ་བཛྲ་སྭ་བྷ་ཝ་ཨད་མ་ཀོ་ཧཾ།། རང་གི་དཀྱིལ་འཁོར་སྔ་མ་བཞིན།། མདུན་དུ་བསམ་ནས་ནམ་མཁའ་ལ།། ཁྱབ་པའི་སྦྱོར་བས་གཅིག། ་བྱས་ཏེ། དཀྱིལ་འཁོར་སྔ་མ་བཞིན་བསམ་བཟླས།། བཅོམ་ལྡན་མི་མཉམ་བཞུག་ཅིང་བཞུགས།། རྡོ་རྗེ་ཕྱག་རྒྱ་ཐུག་ཁར་བསྣམས།། གཡས་པར་འཁོར་ལོ་རིན་པོ་ཆེ།། པདྨ་རལ ་གྲི་གཡོན་པའོ།། དེ་ཉིད་གསུམ་གྱི་ཚུལ་གྱིས་ནི།། ཅི་ཙམ་ནུས་པར་བཟླས་པར་བྱ།། སྐྱོ་ན་ཡིད་ཀྱི་གྲངས་དང་ནི།། དེ་དག་ཐམས་ཅད་སྙིང་ཁར་བཞུག། མཉམ་པ་ཉིད་ཀྱི་གནས་འདུག ་ཛཾ་རྟ་#ནཿལུས་ཀྱི་ཅི་ཙམ་བསྐྱོང་བ་དང་།། ཚིག་ཏུ་རབ་ཏུ་འཕྲོ་བ་རྣམས།། དེ་དག་སྔགས་དང་ཕྱག་རྒྱར་འགྱུར།། རྟག་ཏུ་བསྒོམ་པའི་སྦྱོར་བས་ནི།། དེ་ལྟ་སེམས་དཔའི ་གཞན་མ་ཡིན།། རྣལ་འབྱོར་ངོ་བོ་གཟུགས་ཅན་ལ།། ལྷ་མ་རྣམས་ཀྱང་དེ་ལ་འཛིན།། དབང་པོ་ལམ་དུ་གང་གྱུར་པ།། དེ་དང་དེའི་ངོ་བོ་དག། ཤིན་དུ་མཉམ་བཞག་སྦྱོར་བས་སུ། ་བདག་ཉིད་ལྷག་པའི་ལྷར་བྱའོ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱིས་རྒྱུད་ལས་ལྷའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཆེན་པོ ་སྐུ་དང་གསུང་དང་ཐུགས་རྡོ་རྗེའི་དེ་བཞིན་གཤེགས་པ་ལ་དེ་བཞིན་གཤེགས་པ་ཐམས་ཅད་དང་།། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་ཚིག་འཐུན་པར་སྒྲ་དབྱངས་གི་ཅག་གིས་གསོལ ་བ་བཏབ།། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི།། ཡེ་ཤེས་གཅེས་པ་དྲི་མེད་པ།། བྱང་ཆུབ་སེམས་ནི་རིན་པོ་ཆེ།། བླ་ན་མེད་པ་བཤད་དུ་གསོལ།། དེ་ནས་བཅོམ་ལྡན་འདས་ལ ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བ་བཏབ་པར་ཐུགས་སུ་ཆུང་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། སེམས་ནི་ལུས་ཀྱི་རྣམ་པ་ཡིན་ལ། ་ལུས་ཀྱང་སེམས་ཀྱི་རྣམ་པ་ཡིན་ཞིང་སེམས་ཀྱང་ཚིག་གིས་རབ་ཏུ་བརྗོད་པ་ཡིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་གིས་དེ་བཞིན་གཤེགས་པ་ཐམས་ཅད་སྐྲ་དང་གསུང་དང ་ཐུགས་སྦྱོར་བ་ཐོབ་ནས་ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན།། ཆོས་རྣམས་སྐྱེ་བ་མེད་པ་སྟེ།། གཡོ་བ་མེད་ཅིང་གནས་པ་མེད།། རྟོག་པའི་དྲི་མ ་སྤངས་པ་ཡིན།། བསྐྱེད་པར་བྱ་ཞེས་རབ་ཏུ་གསུངས།། དེ་ནས་བཅོམ་ལྡན་འདས་མི་འཁྲུགས་པ་དེ་བཞིན་གཤེག་པ་གསུང་སྤྲོས་པའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས ་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དངོས་པོ་འདི་དག་མ་སྐྱེས་ཏེ།། ཆོས་ཅན་མེད་ཅིང་ཆོས་ཉིད་མེད།། ནམ་མཁའ་བཞིན་དུ་དམིགས་མེད་པའི།། བྱང་ཆུབ་སེམས་ནི་བསྟན་པ ་ཡིན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྡོ་རྗེ་མི་འཁྲུགས་པས་གསུངས་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་གནས་ཀྱིས་དེ་བཞིན་གཤེགས ་པ་ཐམས་ཅད་དམིགས་སུ་མེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུངས་སོ།། དངོས་པོ་འདི་དག་དངོས་མེད་དེ།། ཆོས་ཀྱི་མཚན ་ཉིད་སྤངས་པ་ཡིན།། བདག་མེད་ཆོས་ལས་ལེགས་བྱུང་བའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། ཞེས་བཅོམ་ལྡན་འདས་རིན་ཆེན་ཏོག་གིས་གསུང་སོ།། དེ་ནས་བཅོམ་ལྡན ་འདས་དེ་བཞིན་གཤེགས་པ་འོད་དཔག་མེད་རྡོ་རྗེ་མེ་ལྕེ་འབར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་ནས་བྱང་ཆུབ་ཀྱི་སེམས་འདི་གསུང་སོ།། དངོས་པོ་སྐྱེ་བ་མེད་པ ་སྟེཿདངོས་པོ་ངོ་བོ་ཡོད་མིན་པས།། ནམ་མཁའི་གོ་འཕང་ཐོབ་པོ་ཞེས།། དངོས་རྣམས་རབ་ཏུ་བརྗོད་པ་ཡིན། ཞེས་བཅོམ་ལྡན་འདས་འོད་དཔག་མེད་ཀྱི་གསུང་སོ།། ་དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དོན་ཡོད་གྲུབ་ཀྱིས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བླ་མའི་ཡང་བླ་མའི་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིམ་ལ་སྙོམས་པར་བཀྲུས ་རྡོ་ལྷནས། བྱང་ཆུབ་ཀྱི་སེམས་འདི་གསུངསོ།། ཆོས་རྣམས་རང་བཞིན་འོད་གསལ་བ།། གདོད་ན་དག་ཅིང་རྟོག་པ་མེད།། སེམས་ཅན་མེད་ཅིང་སྲོག་ཀྱང་མེད། ་སངས་རྒྱས་ཉིད་དང་བྱང་ཆུབ་མེད།། རྨི་ལམ་སྒྱུ་མ་ལྟར་སྣང་བའི།། བྱང་ཆུབ་སེམས་ནི་བསྟན་པ་ཡིན།། ཞེས་བཅོམ་ལྡན་འདས་དོན་ཡོད་གྲུབ་ཀྱིས་གསུངས་སོ།། དེ་ནས་ཡང ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་ལ་སོགས་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་དེ་བཞིན་གཤེགས་པའི་བྱང་ཆུབ་ཀྱི་སེམས ་རྣམ་པར་དག་པ་ཐོབ་ནས་ངོ་མཚར་སྐྱེས་པར་གྱུར་ཏེ།། ཆེད་དུ་བརྗོད་པ་འདི་ཆེད་དུ་བརྗོད་དོ།། ཀྱེ་མའོ་སངས་རྒྱས་ཀྱེ་མའོ་དག། བདག་མེད་ཆོས་ལས་ལེགས་བྱུང་བ། བྱང ་ཆུབ་སེམས་ཁྱོད་ཕྱག་འཚལ་ལོ།། བྱང་ཆུབ་སེམས་ཀྱི་བསྒོམ་པ་ཡི།། མི་གཡོ་ཡི་གེ་ལས་བྱུང་ཞིང་།། རྨི་ལམ་ལ་སོགས་མ་སྐྱེས་པ།། བྱང་ཆུབ་སེམས་ཁྱོད་ཕྱག་འཚལོ།། ་གནས་དང་སྟན་ནི་རྣམ་བསམས་ཏེ།། སེམས་པའི་སྐྱིལ་མོ་ཀྲུང་བཅས་ནས།། དངོས་པོ་རང་བཞིན་དག་གོ་ཞེས།། དག་པའི་ཆོས་ཀྱི་ཚུལ་ལ་གནས།། ཡིད་ཀྱིས་ཧཱུ~ཾ་བྱས་རྡོ་རྗེ ་ཅནཿརྡོ་རྗེ་སེམས་མས་བྱིན་གྱིས་བརླབས།། རིན་ཆེན་ལུས་སུ་ང་རྒྱལ་བྱ།། ལག་པ་བསྟོད་དེ་བསྐོར་བ་ནི།། ལྕགས་ཀྱུ་ཡིས་ནི་སྤྱན་ཡང་དྲང་།། བྱོན་ནས་དྲང་པོར་ཕྱོགས ་བཅིང་སྟེ། དམ་ཚིག་མཆོག་ཀྱང་དབུལ་བར་བྱ།། གདན་རྣམས་སོ་སོར་ཕུལ་ནས་སུ།། མཆོད་ཡོན་འབུལ་བའི་སྦྱོར་བྱ་བ།། དབང་བསྐུར་མཚོན་ཆ་གོ་ཆ་སོགས།། སིལ་སྙན ་མཆོད་སོགས་ངོ་བོ་བྱ།། རྣམ་པ་ཀུན་གྱི་མཉེས་བྱས་པ།། རྣལ་འབྱོལ་བདག་ཉིད་ཅན་གྱི་བདག། རྣལ་འབྱོར་རྣམ་གསུམ་ཤེས་བྱ་སྟེ།། བྱིན་གྱིས་བརླབས་དང་ཡོན་བརྟག ་དང་། གཟུགས་ཉིད་ཡོངས་སུ་རྫོགས་པ་དག། རྣལ་འབྱོར་ཡིན་ཞེས་སངས་རྒྱས་གསུངས།། སྔགས་ཀྱི་བྱིན་བརླབས་ང་རྒྱལ་བསྐྱེད།། རྣལ་འབྱོར་བྱིན་བརླབས་ཡིན་པར ་གསུངསཿབྱང་ཆུབ་སེམས་ནི་དག་པ་དང་།། གསང་སྔགས་ས་བོན་སྐྱེ་བ་ཆེ།། ཕྱག་རྒྱ་ཚོགས་སུ་བརྟག་པ་ཡི།། རིམ་གྱིས་གཟུགས་ཀྱིས་རྫོགས་བྱ་བ།། དེ་ནི་བརྟག་པས་བརྗོད ་པ་སྟེ། རྣལ་འབྱོར་ཆོ་ག་ཡིན་པར་གསུངས།། བསྡུ་དང་སྤྲོ་བར་བྱ་བ་ལས།། རྣམ་པའི་མཆོག་ཀུན་ལྡན་པ་དང་།། སྐད་ཅིག་ཡེ་ཤེས་ཀྱིས་རྫོགས་པ།། རྫོགས་རྣལ་འབྱོར་ཞེས་བརྗོད ་དང་པོར་དམ་ཚིག་བྱིན་བརླབས་པར།། རྣལ་འབྱོར་རིག་པ་དག་གིས་བརྟག། རབ་ཏུ་རྫོགས་པར་བྱ་བ་དག། འདི་ནི་རྣལ་འབྱོལ་ཆོ་གར་བཤད།། ཉོན་མོངས་དྲི་མར་བཅས་པའི ་སེམསཿབྱང་ཆུབ་སེམས་ཀྱི་དག་བྱས་ཏེ།། དེ་ནི་རང་བཞིན་དག་པའོ་ཞེས།། བརྗོད་ཅིང་ཐལ་མོ་གསུམ་གྱིས་སྦྱར།། དག་གྱུར་དེ་ནས་བློ་ཡིས་ནི།། སེམས་ལ་སོ་སོར་བརྟག་པར། ་བྱཿསེམས་ལ་སོ་སོར་བརྟགས་ནས་ཀྱང་།། ཕྱི་རོལ་རང་བཞིན་སྟོང་པར་བྱ།། སེམས་ཙམ་ལ་ནི་གནས་ནས་སུ།། བྱང་ཆུབ་ཚོགས་ཀྱི་བག་ཆགས་དེས། སྒོམ་པར་བྱ་བའི་ངོ་བོ་ཉིད།། ་ཟླ་བའི་གཟུགས་སུ་རྣམ་པར་རྟག། དག་པའི་པདྨ་ལ་གནས་པ།། ཨོཾ་གྱི་སྨྱུག་གུས་བསྐྲུན་པ་ཡི།། ཡན་ལག་ཀུན་གྱིས་མཚན་ཉིད་གཟུགས།། རྡོ་རྗེའི་སྐུ་ནི་བསྒོམ་པར་བྱ།། མཱ་ཞེས་བྱ། ་རྡོ་རྗེ་སྙིངབའི་སྤྲོས་མེད་གསུངས།། སེམས་ནི་ཧཱུཾ་ཞེས་བྱ་བར་སྤྲུལ།། ཡི་གེ་གསུམ་གྱི་བྱིན་བརླབས་ལུས།། སྙིང་ལ་གནས་པ་ཟླ་བའི་གཟུགས།། དེ་ལ ་རང་གི་ཡི་གེ་ནི།། མདོག་གཟུགས་འོད་མི་བྱེད་བསམས་ཏེ།། ང་རྒྱལ་བསྐྱེད་ནས་དེ་ལ་ནི།། རྡོ་རྗེའི་བདག་ཉིད་བདག་ཉིད་བརྗོད།། རྒྱན་ཀུན་ཡོངས་སུ་རྫོགས་པ་དང་།། ་འོད་ཀྱི་དཀྱིལ་འཁོར་གྱིས་བརྒྱན་པ།། ཆ་ཤས་ཀྱི་ནི་དྲ་བ་ཅན།། ཡེ་ཤེས་སེམས་དཔའ་རྫོགས་པར་བརྟག། དེ་འོག་པའི་ཕྱག་རྒྱ་ཡིས།། གོ་ཆ་མཚོན་ཆ་ལ་སོགས ་བྱ། རྫོགས་སངས་རྒྱས་ལྔ་དབང་བསྐུར་ཏེ།། ཅོད་པན་ཕྲེང་བ་རྣམས་ཀྱི་ཀླུབས།། དེ་ནས་དེ་འོག་སངས་རྒྱས་ཀྱི།། སྤྲུལ་པ་མཛད་པའི་སྒྱུ་མ་འཕྲོ།། ཡན་ལག་བཞི་པ་དཔུང ་ལྡན་པའིཿཕྱོགས་བཅུར་ཁྲོ་བོ་བཅུ་དག་དང་།། སྙེམས་མ་དང་ནི་ཏོག་ལྡན་མ།། མཚོན་ཆ་མ་དང་རྩེད་མོ་ཅན།། སྒྱུ་མའི་ཆ་བྱད་རྣམ་པའོ།། རྣམ་པར་འཕྲུལ་པའི་བྱིན་གྱིས ་བརླབ་ཀུན་ལ་ཁྱབ་པར་བྱེད་པའི།། སྣ་ཚོགས་དབུས་སུ་བཞག་ནས་ནི།། དེ་ཉིད་ཆེན་པོ་བདག་ཉིད་ལྔས།། ཕྱོགས་བཞི་འཁོར་ལ་ཁྱབ་བྱས་སྟེ།། དགའ་བས་དགའ ་བྱེད་བཞི་ཡང་སྤྲོ།། ཏིང་འཛིན་ཀུན་གྱི་དགའ་བ་ལ།། འོས་པར་བྱེད་པའི་སྔགས་པ་ཡི།། འཁོར་ལོ་དང་ནི་རྡོ་རྗེའི་གཟུགས།། པདྨའི་གཟུགས་དེ་དག་ནི།། འཁོར་ལོ་ཀུན ་ལ་པདྨའི།། ངོ་བོ་ཡིས་ནི་རོལ་པ་དང་།། ཨེ་ཞེས་བྱ་བ་འཕྲོས་པ་ལས།། མདོག་ལྡན་བདག་ཉིད་གཟུགསུ་བྱ།། མཛེས་པའི་རྒྱན་རྣམས་ཀུན་ལྡན་པའི།། ཉིད་ཀྱི་གདན་ལ ་བཞུགས་པར་ལྟ།། སྒེག་དང་གླུ་དང་གར་རྣམས་དང་།། རྒྱལ་མཚན་ལ་སོགས་ཚོན་བཀྱེ་དང་།། སིལ་སྙན་མཆོད་པའི་རྣམ་པ་ནི།། སྣ་ཚོགས་རྣམས་ཀྱིས་མཆོད་པ་བྱ། ་རྣམ་པ་ཀུན་དང་ལྡན་པར་ནི།། བདག་ཉིད་ཀྱི་ནི་ལུས་སྒོམས་ནས།། མྱུར་ཆེས་བྱ་བ་བུལ་བ་དང་།། མིག་གསལ་གུག་སྐྱེད་ཉམས་པ་དང་།། རྟོག་པ་ངན་པ་རྣམ་པར་སྤངས།། ། ་དེ་ནས་གསང་སྔགས་བཟླས་བརྗོད་བྱ།། བཟླས་པས་སྐྱོན་ལག་གཡས་ཀྱིས།། བསྒྲིམས་ནས་རྡོ་རྗེ་གསོར་ནས་སུ།། གཡོན་པས་དྲིལ་བུ་ལ་གསིལ་ཞིང་།། རྡོ་རྗེ་གླུ ་ཚུལ་སྣ་ཚོགས་དང་།། བ་དན་ཚུལ་དུ་བྱས་པས་མཆོད།། བཟླས་པ་ཡིས་ནི་འཇུག་རྟུལ་ནས།། གཤེགས་སུ་གསོལ་དང་རང་ཉིད་འགྲུབ།། ལུས་དང་ངག་དང་སེམས ་སྒོམས་ཏེ།། བརྟན་པོར་ཅི་བདེར་འགྲོ་བར་བྱ།། བར་ཆད་དུ་ནི་གྱུར་ནས་ཀྱང་།། ཡི་གེ་བརྒྱ་པས་བྱིན་གྱིས་བརླབ།། དེ་ལྟར་སྒོམ་པས་སྒོམ་བྱེད་པ། རྡོ་རྗེ་ཐེག་པས ་རབ་རྫོགས་པའི།། བྱང་ཆུབ་དེས་ནི་མྱུར་ཐོབ་ནས།། ཟླ་ཉི་དཀྱིལ་འཁོར་ལྟ་བུར་སྣང་།། སྣ་ཚོགས་ལས་ཀྱི་ཐོག་འདྲེན་ཅིང་།། རིན་ཆེན་རྒྱལ་མཚན་རབ་དགའ་བྱེད།། རྒྱལ ་བྱེད་པདྨའི་གདུང་རྒྱུད་ཅན།། གནས་ཆེན་འཇིག་རྟེན་དབང་ཕྱུག་འགྱུར།། དཔལ་ལྡན་རིགས་སྔགས་ཀུན་གྱི་གཙོ།། དགའ་ཆེན་འདོད་དགུར་ལྕགས་ཀྱུར་འགྱུར།། སྒྱུ་མ ་ཞི་བ་ཀུན་ཤེས་ཤིང་།། དྲེགས་པ་འཇོམས་བྱེད་ཁྲོ་བོར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས།། །། བྱང་ཆུབ་ཀྱི་སེམས་སྒོམ་པའི་ཡེ་ཤེས་བསྒྲུབ ་@པའི་ལེའུ་སྟེ་དྲུག་པའོ།། ། སྦྱིན་སྲེག་དེ་ཉིད་གནས་པའི།། མེ་ནི་ལྷ་ཡི་ནལ་ཡིན་པས།། སྣ་ཚོགས་ལས་རྣམས་གྲུང་བྱེད་པའི། ་སྦྱིན་བསྲེགས་ལས་ནི་རབ་ཏུ་བཤད།། སྦྱིན་བསྲེག་གིས་ནི་ལྷ་རྣམས་ཚིམ།། ཚིམ་པར་གྱུར་ན་དངོས་གྲུབ་སྟེར།། གསང་སྔགས་ལྡག་ཆད་གང་ཡིན་པ།། ཐམས་ཅད་སྦྱིན་བསྲེག ་དོག་གིས་སྐོངས།། དེ་ཕྱིར་སྐུ་གསུམ་ཆོས་མཆོག་གིས།། སྦྱིན་བསྲེགས་རབ་ཏུ་སྔགས་པར་མཛད། རྩུབ་ཤིང་ལས་ནི་བྱུང་བའི་མེ།། དགེ་བ་ཡི་ནི་ལས་རྣམས་བྱེད།། གདོལ ་བའམ་དུར་ཁྲོད་བྱུང་བ་ཡི།། མེ་ནི་ལས་རྣམས་རབ་ཏུ་བསྒྲུབ།། ཐབ་ཁུང་ཟླུམ་པོ་གྲུ་བཞི་དང་།། བླ་གམ་དང་ནི་རུར་གསུམ་དང་།། དཀྱིལ་འཁོར་གྱི་ནི་ཁ་གྱེར་ལ།། རྡོ་རྗེ་མཚན ་པ་དག་གིས་བརྒྱན།། སྦྱིན་བསྲེག་དེ་ཉིད་ཚུལ་རིག་པས།། ཐབ་ཁུང་རྣམས་ཀྱི་དབུས་སུ་ནི།། པདྨའི་སྟེང་གནས་གཙུག་ཏོར་དང་།། རྡོ་རྗེ་རིན་ཆེན་པདྨ་བཞག། དེ་ལྟར་དམིག ་པས་གདུགས་ནས་སུ།། ལག་གཉིས་པུས་མོའི་བར་བཞག་སྟེ།། གགང་བཟར་མར་གྱིས་བཀང་ནས་ནི།། བླུག་བཟར་བཀང་སྟེ་དེ་བཞིན་བསྲེག། སྦྱིན་བསྲེག་ལ་དགོས ་གཡས་སུ་བཞག། གཡོན་དུ་ཆུ་ཡི་སྣོད་བགང་ངོ་།། ལས་ཀུན་བྱེད་པས་བཟླས་ནས་སུ།། གསང་གཏོར་དང་ནི་ཐོ་འཐུང་བྱ།། ཀུ་ཤ་རྩེ་མོ་རྣོན་པོ་ཡི།། ཐབ་ཁུང་ཁོར་ཡུག ་བསྐོར་བར་བྱ།། མེ་ནི་འབར་ཤེས་པ་དང་།། གཡས་པ་མི་འཇིགས་ཐོབ་སྤྱོད་ཅིང་།། གསང་སྔགས་འདིས་ནི་ཆོ་ག་བཞིན།། མེའི་ལྷ་ནི་སྤྱན་དྲང་ངོ་།། ཚུར་སྤྱོན་ཚུར་སྤྱོན ་འབྱུང་པོ་ཆེ།། མེ་ལྷའི་དྲང་སྲོང་བྲམ་ཟེ་མཆོག། བསྲེགས་བླུགས་ཞལ་ཟས་བཞེས་ནས་ཀྱང་།། འདི་ཉིད་དུ་ནི་བཞུགསུ་གསོལ།། ཨོཾ་ཨག་ནེ་ཡེ་ཨཱ་དཱ་སྱ་ཨཱ་བཱི་ཤེ་ཨཱ་བཱི་ཤ། ་མ་ཧཱ་ཤྲཱི་ཡེ་ཧཱ་བྱ་ཀ་བྱ་བཱ་ནཱ་ཡ་སྭཱ་ཧཱ།། ཕྱག་གཡོན་རྡོ་རྗེ་གསང་གཏོར་ཏེ།། མཆོད་ཡོན་མཆོད་པ་རྣམ་ལྔ་འབུལ།། མེའི་ཕྱོགས་ནས་བོད་པ་ནི།། གསུས་པོ་ཆེ་ལ་མིག ་གསུམ་པ།། གདོང་བཞི་པ་ལ་ལག་བཞིར་ལྡན།། མདོག་དམར་རལ་པའི་ཐོར་ཚུགས་ཅན།། མེའི་དཀྱིལ་འཁོར་ལ་གནས་ཤིང་།། ལས་འོད་ཟེར་རྣམས་ཀྱིས་བརྒྱན།། ་ལག་པ་དང་པོ་མཆོག་སྦྱིན་ལ།། གཉིས་པ་ན་ནི་སྔགས་ནོར་ཕྲེང་།། གཡོན་པ་རིལ་བ་སྤྱི་བླུགས་ཏེ།། གཉིས་པ་ན་ནི་བེ་ཅོན་ཉིད།། མདོག་དམར་རྒྱན་ནི་མེད་པ་ལ།། དྲང་སྲོང་རྣམས ་ཀྱིས་ཡོངས་བསྐོར་བ།། འདི་ལྟའི་གཟུགས་ནི་བསམས་ནས་ཀྱང་།། ཐབས་ཀྱི་དབུསུ་བཞུག་སུ་གསོལ།། དེ་ལ་སྦྱིན་བསྲེག་ལ་དགོས་པ།། ཀུན་ལ་ལན་གསུམ་སྲེག་ལུག་དབུལ།། ་དེ་ནས་ཐོར་ཐུང་བྱས་ནས་སུ།། འབར་བའི་རྣམ་པར་བསྒྱུར་བ་ལས།། རིམ་པ་འང་ཡི་ཚུལ་གྱིས་ནི།། མཁས་པས་ལྷ་རྣམས་ཚིམ་པར་བྱ།། ལེགས་པར་ཚིམ་བྱས་བཟོད་གསོལ་ཏེ།། ་འདོད་པའི་དངོས་གྲུབ་གསོལ་བ་དག། བུམ་རྒྱལ་མཚན་རྡོ་རྗེ་གདུགས།། པདྨའི་ལྕགས་ཀྱུའི་རྣམ་པ་དང་།། མེ་ལྕེ་མདོག་དཀར་སྣང་བ་དང་།། འཁྱིལ་བའི་མཚན་མས་མཁའ་ལ་བརྟག། ་དེས་ནི་མྱུར་དུ་འབྱུང་འགྱུར་བ།། སྒོམ་དང་བཟླས་ལ་འབད་པར་བྱ།། ཞི་དང་རྒྱས་དང་དབང་ལ་ནི།། ཨོཾ་ཞེས་པ་དང་སྭཱ་ཧཱ་མཐར།། དབྱངས་ཀྱི་རྒྱུད་ནི་སྲིང་བ་ནི།། བར་ཆད་མེད་པའི ་དབྱངས་ཀྱིས་སྦྱར།། ཞི་བའི་སེམས་ནི་ཞི་བ་ལ།། འབྱོར་པས་རྒྱས་པ་མངོན་པར་སྤེལ།། དྲེགས་བདེ་ཐབས་ཚུལ་བཅས་པ་དང་།། དབང་དུ་བྱས་པས་དབང་དུ་བྱའོ།། ་དྲག་ཤུལ་སྤྱོད་ཡུལ་ལ་གནས་པ།། ཧཱུཾ་ཞེས་བྱ་དང་ཕཊ་དང་བཅས།། ལུས་ནི་མེ་ལྕེ་འབར་བ་དང་།། འཇིག་རྟེན་གསུམ་པོར་བཟར་བསྐུལ་བའི།། གསང་སྔགས་ཡི་གེ་ངེས ་པར་སྦྱར་སྔགས་གྲུབ་ཆོ་ག་ཤེས་པ་ཡིས།། སྦྱིན་བསྲེག་ཆོ་ག་ཐམས་ཅད་ལ།། སྣ་ཚོགས་ལས་དང་ལྡན་པ་ཡི།། ཡན་ལག་ཡིན་པ་མཆོད་པར་བྱ།། སྦྱིན་བསྲེག ་དེ་ཉིད་ལ་བསྐུལ་ཞིང་།། དབང་པོར་དགང་བླུགོས་སྲེག་ཅིང་དབུལ།། ཕྱིས་ནི་རིམ་བཞིན་རྣམ་པར་སྤེལ།། ཞི་དང་རྒྱས་དང་དབང་རྣམས་ལ།། དགེ་བའི་རྫས་རྣམས ་སྤྲིན་བསྲེག་བྱ།། བཤང་ལྕི་ཁྲག་རྐང་རུས་པ་དང་།། ཤ་ཆེན་དག་ཀྱང་སྦྱིན་བསྲེག་བྱ།། ཅི་སྟེ་ཡེ་ཤེས་སེམས་དཔའི་ཞལ།། མི་གཙང་བ་ཡིས་བཀང་ན་གོང་།། ཅི་ལྟར ་སྡིག་པ་སྐྱེ་མི་འགྱུར།། གལ་ཏེ་སྡིག་འགྱུར་འབྲས་བུ་གང་།། སེམས་ཅན་མི་ཤེས་པས་རྨོངས་པ།། ཐབས་དང་ཤེས་རབ་རྣམ་སྤངས་ཤིང་།། ཕྱི་རོལ་དངོས་ལ་མངོན་ཞེན ་བཿརྣམ་རྟོག་དྲ་བས་བླུགས་བྱས་གང་།། དེ་དག་གིས་ནི་དགེ་སྡིག་གིས།། ཕུང་པོ་གཉིས་སུ་རྣམ་པར་རྟགས།། ཆོས་འདི་རང་བཞིན་གྱིས་དག་སྟེ།། སྐྱེ་བ་མེད་ཅིང་གནས། ་མེད་ཀྱང་\ུ0f7fསེམས་ཅན་ཤེས་པ་སྤེལ་བའི་ཕྱིར།། སངས་རྒྱས་རྣམས་ཀྱིས་ཐབ་སུ་བསྟན།། དམ་པའི་དོན་དུ་དགེ་སྤངས་ནས།། བསོད་ནམས་མིན་པ་ཅི་ཞིག་སྨོས། ་དཔེར་ན་མི་གང་ཆུ་ཀླུང་གི། ཕ་རོལ་འགྲོ་བའི་སེམས་ཅན་དག། རྩ་དང་ཤིང་ལ་སོགས་བསྡུས་ནས།། ཆུ་ལ་རྒལ་བའི་གཟིངས་བཅས་ཏེ།། དེ་ལ་འཇུག་སྟེ་ལེགས་རྒལ་ནས། ་བོར་ན་བདེ་བར་འགྲོ་བ་ལྟར།། དེ་བཞིན་གཤོག་པའི་ཕ་རོལ་གྱི།། ཆོས་ནི་ལམ་གྱི་བསྐྱེད་བྱས་ཀྱང་།། ཆོས་དང་ཆོས་མིན་རྣམ་སྤངས་ནས།། བྱང་ཆུབ་བདེ་བ་ཐོབ་པ་ནི།། དེ་ཕྱིར ་རྣམ་རྟོག་རྣམ་སྤངས་ལ།། ཟབ་མོ་ཡི་ནི་ཆོས་སྤེལ་ཏེ།། དེ་བཞིན་གཤེགས་པས་གསུངས་རྣམས་ལ།། སྔགས་རིགས་རྣམ་རྟོག་མ་བྱེད་ཅིག། རྣམ་རྟོག་རྨོངས་པ་ཆེན་པོ་སྟེ།། ་འཁོར་བའི་རྒྱ་མཚོར་ལྟུང་བྱེད་པས།། ནམ་མཁའ་ལྟ་བུར་དྲི་མེད་པའི།། རྣམ་པར་མི་རྟོག་ཏིང་འཛིན་གནས།། དབང་པོ་གཉིས་ནི་མཉམ་སྦྱར་ཏེ།། ལུས་དང་ངག་དང་སེམས་བསྡུས་ན།། ་ངའོ་མཉམ་པས་བསྐྱེད་པའི་ལུས།། རྣམ་པ་ཀུན་གྱིས་རྣམ་བརྒྱན་ན།། རྣལ་འབྱོར་ལྡན་པས་ཚེ་འདི་ལ།། ཡེ་ཤེས་རྫོགས་པ་ཉིད་དུ་འགྱུར།། ལས་ལས་བྱུང་བར་བསྟན་པ་ཡི།། སྐྱེས་པ་བུད ་མེད་གཟུགས་མང་ལ།། མཉེས་པ་ཉིད་དུ་མི་བྱ་འདི།། རྡོ་རྗེ་ལུས་ཅན་དམ་ཚིག་ཡིན།། ངན་རྟོག་བཟང་རྟོག་དྲ་བ་ཡི།། སེམས་ཀྱིས་སེམས་ཅན་རྣམས་ལ་ནི།། སྣ་ཚོག་གདུང་བས ་སེམས་མི་འབྱུང་།། རྡོ་རྗེ་དང་ལྡན་དམ་ཚིག་ཡིན།། སྲེད་པས་བསྐྱེད་རྩུབ་ཕྲ་མ་ཡི།། ཚིག་དག་རྣམ་པར་མི་སྨྲ་ཞིང་།། མཉན་ན་བདེ་བ་བྱེད་པ་འདི།། རྡོ་རྗེ་ངག་ཅན་དམ་ཚིག་ཡིན།། ་རྣམ་པར་སྣང་མཛད་མི་འཁྲུགས་མཆོག། ཤའི་ཁམས་ལ་གནས་པ་ཡིན།། རྐང་ལ་མི་འཁྲུགས་རྒྱས་པ་སྟེ།། ཁྲག་ལ་རིན་ཆེན་འབྱུང་བ་གཙོ།། སེམས་ཅན་རྣམས་ཀྱི་རུས་ཕུང་གི། ་རུང་གོང་ལ་ནི་འོད་དཔག་མེད།། རྩཝའི་ཚོགས་རྣམས་རྣམ་འབྲེལ་ལ།། ཐུབ་པ་སྐྱེས་མཆོག་དོན་ཡོད་ལ།། དམ་ཚིག་ཤེས་པ་རྣམས་ལ་ནི།། གསང་ཆེན་པ་ཡིས་བསྟན་པ་འདི།། ་བློ་ལྡན་རྡོ་རྗེ་རྣམས་ཀྱིས་ནི།། རྟག་ཏུ་བསྟེན་ཅིང་བསྒོམ་པར་བྱ།། འདོད་ཆགས་དེ་བཞིན་གཏི་མུག་རྨོངས།། སྲེད་དང་འདུ་བྱེད་རྣམས་སེལ་བའི།། ཆོས་ནི་རྣམ་པ་ལྔ་པོ་འདི།། ཐུབ་པ་སྐྱེས ་མཆོག་རྣམས་ཀྱིས་གསུངས།། བཤང་ལྕི་ཁུ་ཆུ་མཆིལ་མ་ཁྲག། འཛག་པ་འབྱུང་བ་བཞིས་བསྡུས་པ།། བསྒོམས་པའི་བློ་གྲོས་བརྟགས་པ་ཡིས།། དམ་ཚིག་རྟག་པར་བྱ་བ་སྟེ། རྟག ་ཏུ་བཟའ་ཤིང་སྦྱིན་པར་བྱ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ངན་བསྲེག་གི་ལེའུ་སྟེ་བདུན་པའོ།། ། དེ་ནས་གཞན་ཡང་བཤད་བྱ་བ།། འགྲོ་བ་མི ་ཤེས་མུན་སེལ་ཕྱིར།། ཡེ་ཤེས་ཉི་མ་ཤར་བ་ལས།། སྒེག་བུ་མུན་པ་གསལ་ཚུལ་གསུངས།། གཤིན་རྗེ་གཤེད་ལ་སོགས་པ་ཡི།། མདོག་དང་ཕྱག་མཚན་ལ་སོགས་པ།། དེ་ཀུན་སྔོན་དུ་རྒྱས་པ་རུ།། ་བྱེ་བྲག་གིས་ནི་རྒྱས་པར་བསྟན།། དོན་ནི་ལས་ཀྱི་ཁྱད་པར་གྱི།། དབང་དུ་བྱས་པ་ཁྲོ་བོ་ཚོགས།། གཞན་དུ་མ་གསུངས་གང་ཡིན་པ།། དེ་དག་འདི་རུ་བཤད་པར་བྱ།། བྷྲཱུཾ་གྱི་ཡི་གེ་ལས་བྱུང་བ། ་གཙུག་ཏོར་ལྕེ་ཤྭེས་ཕུང་པོས་ཏེ།། ཞལ་གསུམ་སེར་པོ་མདང་ས་དང་ལྡན།། ཕྱག་དྲུག་ཉི་མ་ལ་སོགས་པ།། འཛིན་ཅིང་སྐྱིལ་མོ་ཀྲུངས་བཅས་པ།། རལ་པའི་གཙུག་ཏོར་གྱིས་བརྒྱན་ཅིང་། ་འཇིག་རྟེན་ཁམས་ཀུན་འཁྲུག་བྱེད་པའི།། གཟུགས་ཀྱིས་ཁྲོས་པས་ནམ་མཁའི་གར།། རིག་མས་སྐུ་ལ་རབ་འཁྱུད་པས།། ཆགས་ཕྱིར་སྤྲོ་བའི་རྩོལ་བ་ཅན།། འདི་འདྲ་བསྒོམ་པར ་བྱེད་པ་ལ།། བགེགས་ཀྱི་གནོད་པ་ཡོད་མ་དགོས།། སྐྱོན་མེད་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཡང་ནི་བྷྲཱུཾ་གྱི་ཡེ་ཤེས་ལས།། འབྱུང་བ་སྔགས་ཀྱི་འཁོར་ལོ་ཅན།། ཞལ་གསུམ་གསེར། ་འདྲ་མདངས་པོ་ཆེ།། ཕྱག་དྲུག་འཁོར་ལོ་ལ་སོགས་པ།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། འཛིན་ཅིང་སྟག་གི་སྨད་གཡོགས་ཏེ།། ཐོད་པའི་འཕྲེང་བས་སྐུ་ལ་བརྒྱན།། རིག ་མ་དང་ལྡན་ཆགས་པ་པོ།། འཇོལ་སྒེག་ཉམས་ཀྱི་སྦྱོར་བ་མཛད།། འདི་སྒོམ་སྤྲོ་བར་བྱེད་པ་ལ།། ཉིན་དང་མཚན་དུ་རྡོ་རྗེ་སེམས།། འཁོར་བཅས་གནས་སུ་བྱོན་ནས་སུ།། ་རྟག་ཏུ་བསྲུང་བ་ཉིད་དུ་བྱེད།། བཀའ་བཞིན་བྱེད་པོ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། དེ་བཞིན་བྷྲཱུཾ་གྱི་ཡེ་ཤེས་ལས།། འབྱུང་བའི་ཁྲོ་བོ་གཙུག་ཏོར་རྒྱལ།། ཞལ་གསུམ་སེར ་པོ་མདངས་དང་ལྡན།། ཕྱག་དྲུག་ལྤགས་ཀྱུ་ལ་སོགས་པ།། འཛིན་ཅིང་སྦྲུལ་གྱིས་ཡང་དག་རྒྱན།། འོག་ཏུ་བགེགས་ཀྱི་གཙོ་མནན་ནས།། གང་མོའི་སྒྲས་ནི་འདེབས་པར ་བྱེདཿརལ་པའི་གཏོག་ཏོར་གྱིས་བརྒྱན་པ།། ཁྲོ་བོ་འདི་འདྲ་བསྒོམ་བྱེད་པའི།། རྣལ་འབྱོར་གང་ལ་སངས་རྒྱས་ཀྱི།། སྤྲུལ་པའི་བགེགས་ཀྱང་བརླག་བྱེད་ན།། གཞན་མ ་རྣམས་སྨོས་ཅི་དགོས།། སྙིང་འགུགས་པ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྷྲཱུཾ་ལས་ཡང་ནི་བྱུང་བ་ནི།། གཙུག་ཏོར་དམ་ཚིག་སྤྱོད་པ་ཅན།། ག་ལ་གསུམ་གསེར་ཞུན ་མདངས་ལྡན་པ།། ཕྱག་དྲུག་རྐང་པ་ལ་སོགས་པ།། འཛིན་ཅིང་སྣ་ཚོགས་རབ་ཏུ་འབར།། རལ་བའི་གཙུག་ཏོར་གྱིས་བརྒྱན་པ།། ཞབས་རྣམས་སྦྱར་ཞིང་རྣམ་པར་འཕེན།། ་སྤྲོ་དང་བསྡུ་བའི་བློ་གྲོས་ཅན།། འདི་འདྲ་གང་ཞིག་སྒོམ་པ་ལ།། བི་ན་ཡ་ག་ལ་སོགས་པའི།། བགེགས་ཀྱི་སྐབས་ནི་མི་རྙེད་ཕྱིར།། ཇི་བཞིན་རབ་ཏུ་བསྒོམ ་བར་བྱཿགཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྷྲཱུཾ་གྱི་ཡི་གེ་ལས་ཀྱང་བྱུང་།། མིང་གི་གཙུག་ཏོར་རྣམ་པར་འཐོར།། ཞལ་གསུམ་གསེར་གྱི་བཅོམ་འདྲ། ཕྱག ་དྲུག་ཏྲི་ཤུ་ལ་སོགས།། འཛིན་ཅིང་སྲོག་སོང་སྟེང་ན་གནས།། རོལ་པའི་སྟོབས་ཀྱིས་བགེགས་མཆུ་བཅིངས།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། སངས་རྒྱས་སྤྲིན ་ནི་སྤྲོ་བའོ།། གང་ཞིག་དེ་འདྲ་སྒོམ་བྱེད་པའི།། རྣལ་འབྱོར་དེའི་གོ་ཆ་བགོས།། སྲ་བའི་ངང་ཚུལ་ཅན་ཡིན་པས།། བགེགས་ལུས་གང་གིས་མི་གཡེའོ།། བགེགས་ལས ་རྒྱལ་བ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། བྷྲཱུཾ་གྱི་ཡེ་ཤེས་མཐུ་ལས་བྱུང་།། གཙུག་ཏོར་རྣམ་པར་འཇོམས་པའི་མཆོག། ཞལ་གསུམ་གསེར་འདྲའི་ཉི་འོད་མཚུངས། ་ཕྱག་དྲུག་རྡོ་རྗེ་ལ་སོགས་པ།། འཛིན་ཅིང་ཚེམས་ཀྱིས་སྒྲོས་མནན་ཏེ།། ཆགས་ལྡན་རིག་མས་འཁྱུད་པའོ།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། ཁྲག་ཅན་ལྗགས ་ཀྱང་འདྲིལ་བ་སྟེ།། བླ་མེད་བྱང་ཆུབ་ཐོབ་འདོད་པ།། འདི་འདྲ་བསྒོམ་པར་བྱེད་པ་ལ།། སྐལ་པ་བརྒྱད་ཅུའི་བར་དུ་ཡང་།། བགེགས་ཀྱི་གནོད་པ་ཡོང་མི་འོང་།། བགེགས། ་ཀྱི་སྟོང་པ་ཡེ་ཤེས་ཞེས་བྱ་བའི་ཏིང་ངེ་འཛིན་ཏོ།། ཡང་ནི་བྷྲཱུཾ་གྱི་ཡེ་ཤེས་ལས།། ཡང་དག་བྱུང་བའི་སྐབས་དཀར་པོ།། ཞལ་གསུམ་གསེར་ཞུན་ལྟ་བུར་གནས། ་ཕྱག་དྲུག་གདུགས་ལ་སོགས་འཛིན་ཅིང་།། སྐྱབས་མེད་ཕོང་བའི་སྐྱེ་བས་མཛད་ཅིང་།། མ་ནིང་རྣམས་དང་ཟ་མ་ལ།། བུ་ནི་སྦྱིན་པར་བྱེད་པའོ།། རལ་པའི་གཙུག་ཏོར་གྱིས་བརྒྱན་པ།། ་རིག་མ་དང་ལྡན་སྐུ་ཆེན་འདི།། རྣལ་འབྱོར་གང་གིས་སྒོམ་བྱེད་ཅིང་།། བཟླས་པ་རྩེ་གཅིག་ཏུ་བྱེད་ན།། བགེགས་ཀྱི་གནོད་པས་དེ་མི་རྫི།། རིན་ཆེན་གྱིས་སྐྱབས་རྡོ་རྗེ་ཞེས་བྱ་བའི ་ཏིང་ངེ་འཛིན་ཏོ།། རྣལ་འབྱོར་ཁྱད་པར་ཅན་གྱིས་ནི།། འདི་རྣམས་བྱང་ཆུབ་བསྲུང་བའི་ཕྱིར།། འཁོར་ལོ་གཙོ་བོར་རབ་བསྒོམས་ནས།། ནང་གི་བགེགས་ཀྱི་ཡོངས་མི་ཚུག། ་བྱང་ཆུབ་སྙིང་པོ་དོན་གཉེར་བར།། འདི་འདྲིའི་འཁོར་ལོ་ཅན་བསྒོམས་ན།། སྒྲིམས་ནས་རྣལ་འབྱོར་བསྒོམས་པ་ཡིས།། རིང་པོ་མི་ཐོགས་འདོད་པ་ཐོབ།། དཔལ་རྡོ་རྗེ་སྙིང་པོ ་བརྒྱན་གྱི་རྒྱུད་ལས་བྱང་ཆུབ་ཀྱི་སྙིང་པོའི་རྒྱན་གཙུག་ཏོར་འབྱུང་བའི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་ཡང་རྡོ་རྗེ་མཁའ་འགྲོ་མ་ཐམས་ཅད་འདུས་ནས། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ།། འདི་ཡི་དཔལ་ནི་གང་ཞིག་ལགས།། རྡོ་རྗེ་དང་ནི་སྙིང་པོ་དང་། ་དེ་བཞིན་བརྒྱན་གྱི་དོན་ནི་ཅི།། ཀྱེ་ཧེ་མཆོག་ནི་བསྟན་དུ་གསོལ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་ཕྱུག་རྡོ་རྗེ་འཛིན་པས་དེ་ལ་འདི་སྐད་ཅེས་གསྩལ་ཏོ།། ་འདི་ནི་ཐུན་མོང་མ་ཡིན་པའི།། གསང་བའི་རྒྱུད་དུ་རབ་སྦས་པ།། ཇི་བཞིན་གནས་པའི་དེ་ཁོ་ན།། ཡང་དག་བསྟན་གྱི་རྩེ་ཅིག་ཉེན།། ལུས་ངག་ཡིད་གསུམ་བདེ་དམ་པས།། ལྷ་མ ་དཤཱཿ། ལས་ནི་བསྐྱོད་བྱ་སྟེ།། བྱང་ཆུབ་ཆེན་པོ་བདེ་བ་ཡིས།། ཚུལ་བཞིན་དུ་ནི་སྔགས་པས་བྱ།། བསྐུལ་བའི་སྙིང་པོས་འདི་སྨྲས་ཏེ།། ཛ་ཞེས་པད་ཅིག་སྐད་ཅིག་ཏུ།། རང ་གི་གནས་ན་གནས་པ་ཡིས།། དེ་ཉིད་ལྷ་ཉིད་བསྐྱེད་པར་བྱ།། བཅུ་དྲུག་ཆ་དང་ཡང་དག་ལྡན།། ཟླ་བ་གསང་བའི་ཐིག་ལེ་ལ།། མེ་ཏོག་དང་ནི་འདྲ་བ་ཉིད།། རླུང་གིས་ཕུལ་བ་བསྐྱོད་པར་བྱ།། ་དེ་བཞིན་བསྐྱོད་པས་བསྒྲུབ་པར་བྱ།། དེ་བཞིན་དུ་ཡང་བསྐུལ་བྱ་བ།། རྒྱུད་ཀྱི་ཕྲེང་ནི་འོད་གསལ་བཞིན།། སྟེང་དང་མདུན་དུ་རྩ་གཉིས་ལས།། བཅུ་དྲུག་གནས་སུ་ཡང་དག་གནས།། ་དེ་ལས་སྙིང་དབུས་རབ་ཞུགས་ཏེ།། རླུང་གི་སྦྱོར་བས་ཕུལ་བྱས་ནས།། སྟེང་དང་མགོ་རབ་མཛེས་རྫོགས་སྐུ།། བདག་གི་དཔལ་དུ་ཤེས་པར་བྱ།། དེ་ལས་བྱུང་བའི་དངོས་གྲུབ་ཆེ།། ་ནོར་བུ་ལ་གནས་རྟོག་བྲལ་བ།། ཐིག་ལེ་ཡིག་མེད་བསྡུས་པའི་སྐུར།། ལྷན་ཅིག་སྐྱེས་པར་ཤེས་པར་བྱ།། དེ་ལ་དེ་ཡི་གཟུགས་ཀྱི་སྐུ།། ནམ་མཁའ་ཁམས་ཀུན་གང་བ་ཡི།། ་བྲལ་བའི་ཤེས་པས་དོན་བྱེད་པ།། གཞན་གྱི་དཔལ་དུ་ཤེས་པར་བྱ།། དེ་རྣམས་རྒྱུད་ལས་བྱུང་བ་ཡི།། ཡེ་ཤེས་ཤེས་རབ་ཤིན་དུ་གསང་།། གསང་བ་རྣམ་པར་འགྲུབ་པ་ཡི།། ་རྡོ་རྗེ་སྙིང་པོ་བརྒྱན་ཆེས་བྱ།། ལྷ་མོ་ལས་བྱུང་བ་དེ་དང་ལྡན།། འཇའ་ཚོན་ལྟར་གསལ་རྒྱུད་དག་པ།། སྣང་བའི་སྐུ་དེ་མི་ཤིགས་པ།། རྡོ་རྗེ་ང་ཡིས་ཡང་དག་བསྒྲགས།། སྣང་ཞིང ་སྲིད་པའི་ཆོས་རྣམས་ཀུན།། བསྡུས་ཕྱིར་བརྩེགས་པའི་སྐུ་དམ་པ།། རྟོག་བྲལ་རྒྱུད་དུ་སིམ་གནས་པ།། འབྱུང་ཕྱིར་སྙིང་པོ་ཞེས་སུ་བསྒྲགས།། དག་དང་མ་དག་ཐམས་ཅད་ལ། ་འཁོར་བ་ཇི་སྲིད་བར་སྣང་བ།། གཉིས་ཀ་མཛེས་པར་བྱེད་པས་ན།། བརྒྱན་དུ་ཡང་དག་བསྒྲགས་པ་ཡི།། དཔལ་དང་རྡོ་རྗེ་སྙིང་པོ་དང་།། རྒྱན་ཅེས་བྱ་བ་བཞི་པོ་ནི།། འབྲེལ་ཅིང་གྲུབ།། ་པར་བྱེད་པའི་ཕྱིར།། རྒྱུད་ཅེས་བྱ་བར་བཤད་པའོ།། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།། བཞི་སྟོང་གི་ནི་གྲངས་སྙེད་ཀྱི།། མཚན་གྱི་དོན་ནི་འདི་དོན་དུ།། ཡང་དག་འདུས་པར་ངེས་བཤདདོ།། ། ་གཞན་དུ་དོན་ནི་རབ་བསྒྲགས་པ།། བླ་མ་ལ་ནི་གུས་པ་ཡི།། སློབ་མ་ལ་ནི་མ་རྟོགས་པའི།། རྒྱུད་གཞན་དག་ཏུ་སྦས་པའོ།། དོན་འདི་ཡང་དག་མ་ཤེས་ན།། ཇི་སྙེད་དོན་ནི་བསམ ་ཕས་པ་ཤེས་ཀྱང་དེའི་འབྲས་བུ་མེད།། དེ་འདོད་མཉེས་བྱས་ཡང་དག་བླང་།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་ཡེ་ཤེས་གསུམ་གྱི་མཚན་འབྱུང་བ་ཞེས་བྱ་བའི་ལེའུ་སྟེ་དགུ ་པའོ།། །། རྟག་པར་མི་ཕྱོགས་སྨྲ་བ་དང་།། བླ་མ་སྨོད་བྱེད་བརྩོན་པ་ལ།། དམ་ཚིག་ཕྱིར་ནི་ཡོངས་སྒྲལ་བྱ།། དེ་ཡི་ཤ་ཁྲག་གླད་པ་རྣམས།། དྲངས་ཏེ་ཚོགས ་ཀྱི་སྟོན་མོ་བྱ།། དེ་ལྟར་མ་བྱས་སྡུག་བསྔལ་ཚོགས།། གཏི་མུག་ཅན་དེས་ཐོབ་པར་འགྱུར།། ནད་རྣམས་ཐམས་ཅད་ཁྲོས་ཆེན་དང་།། འཇིག་དང་ཉེ་བར་འཚེ་བ་ཡི།། སྐལ ་པ་གྲངས་མེད་བྱེ་བ་རུ།། སྡུག་བསྔལ་ཆེན་པོར་རབ་བསྐྱེད་ཅིང་།། འོ་དོད་འབོད་པས་སྦྲུལ་གྱིས་བརྒྱན།། བསྟིར་མེད་ཆེན་པོར་རྟག་པར་འགྲོ། དེ་བས་ལས་འདི་རྒྱས ་གདབ་པོ། བདག་ཉིད་རྡོ་རྗེ་མཁའ་འགྲོའི།། ཁྲོ་བོ་གཟུགས་ཅན་ཉིད་གྱུར་ནས།། ཨུད་པ་ལ་མཐིང་ཁ་འདྲ་བའི།། ཞལ་གསུམ་པ་ལ་ཕྱག་དྲུག་པ།། རྡོ་རྗེ་ཏྲི་ཤུལ་ཕུར། ་བུ་དང་ཐོད་བ་གྲི་གུག་འཁོར་ལོ་འཛིན།། མི་བསྡུས་ཁྲོས་པ་ལྕེ་ལྔ་པ།། བསམས་ནས་དེ་འོག་ནམ་མཁའ་ལ།། བསྒྲུབ་བྱ་རྒྱས་པར་དམིགས་ན་སུ། ་རྡོ་རྗེ་ཕུར་མ་ལ་སོགས་པ།། སེམས་ཅན་དཀྱིལ་འཁོར་གནས་པ་ལ།། བསྒྲུབ་པོས་དེ་ཡི་ཉེས་པ་བསྒོ།། དེ་ནས་མཚན་ཏྲི་ཤུལ་དང་།། ཕུར་བུ་དྲག་པོ་མཆོག་དག་གིས།། ་མགོ་དང་སྙིང་ཁ་ལྟེ་བ་དང་།། རྐང་པ་གཉིས་དང་ལག་པ་ཡི།། གནས་ལྔ་དག་ཏུ་ཕུག་བྱ་སྟེ།། ལྕེའི་འོད་ཟེར་ལྔ་པོ་ཡིས།། སྲིན་བུ་འཛའ་ལུ་ཀ་བཞིན་དུ།། ཁྲག་ཀུན ་སྔགས་ཀྱིས་དྲངས་ནས་སུ།། ཐོད་པར་ཕབ་ནས་བཏུང་བར་བྱ།། དེ་བཞིན་ཤ་རྣམས་ཡང་བསྡུས་ནས།། བཟའ་བ་རུ་ནི་རབ་ཏུ་བརྟག། རུས་པ་རྣམས་ཀྱང་འཆོས་བྱས ་ནཿཤེས་པ་རྡོ་རྗེ་པདྨར་སྦྱར།། འདི་ནི་དོན་བསྒྲུབ་རབ་བྱེད་པས།། ཟླ་བ་ཕྱེད་ནི་ཚུན་ཆད་ཀྱིས།། རྡོ་རྗེ་འཛིན་པ་ཆེན་པོ་ཡང་།། འཆི་བར་འགྱུར་བར་གདོན་མི་ཟ།། ་རྡོ་རྗེ་གསང་བ་འདི་ལྟ་བུ།། བསྒྲུབ་བྱ་ལེགས་པར་བསྒྲུབ་བྱས་ནས།། ལས་ངན་དག་གིས་དེ་མི་འཁོལ།། སངས་རྒྱས་སུ་སྐྱེ་བར་འགྱུར།། རྣལ་འབྱོར་དེ་ཡང ་དེའི་མཐུས།། ཁྲོ་བོ་མཁའ་འགྲོ་ཞེས་འགྱུར་ཏེ།། ཁམས་གསུམ་གསད་དང་གསོ་བ་དང་།། སེམས་ཀྱི་རྡོ་རྗེ་བརྟན་བྱས་ནས།། སྐད་ཅིག་ཙམ་དུ་བྱེད་པར་འགྱུར ་གསལ་བར་ནུས་པ་གདོན་མི་ཟ།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རྡོ་རྗེ་མཁའ་འགྲོ་ཁྲོ་བོའི་སྦྱོར་བས་དགྲ་གསད་པའི་ལེའུ་སྟེ་བཅུ་པའོ།། ། ་དེ་ནས་གཞན་ཡང་བཤད་བྱ་བ།། འདོད་ཆགས་ཐབས་ཆེན་པོའི་རྒྱུད།། གང་གིས་ལེགས་པར་ཤེས་ན་ནི།། ཚེ་འདིས་དངོས་གྲུབ་སྦྱིན་པར་བཤད།། གསང་འདུས་པ་སྟོང་ཕྲག ་གཅིག། རྡོ་རྗེ་འཕྲེང་བ་འབུམ་ཕྲག་གསུམ།། དགོད་པ་ལུང་སྟོན་སྟོང་ཕྲག་བཞི།། ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ།། ཨུ་དར་དན་ཏྲ་ཉིས་རྒྱ་བརྒྱད།། དེ་ཡི་ཉེ་བར་བཤད ་པའི་རྒྱུདཿདམ་ཚིག་ཆེན་པོ་ལྔ་བཅུ་ལྔ།། རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག། ཀུན་ལས་བཏུས་པ་འབུམ་ཕྲག་གཅིག། གཉིས་མེད་རྣམ་རྒྱལ་ཉིས་བརྒྱ་བཅུ།། ཟླ་གསང ་ཐིག་ལེ་སྟོང་བདུན་བརྒྱ།། རྡོ་རྗེ་ས་འོག་བརྒྱ་ཉི་ཤུ།། ཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ།། ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ།། རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ།། མཉམ་ཉིད་གསང ་བ་སྟོང་ཕྲག་ལྔ།། རྡོ་རྗེ་གསང་རྒྱན་སྟོང་ཕྲག་ལྔ།། རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན།། ནོར་བུ་གསང་ཐིག་འབུམ་ཕྲག་གཅིག། སྣང་མཛད་སྒྱུ་འཕྲུལ་སྟོང་བརྒྱ།། རྡོ་རྗེ ་གསོང་རྒྱན་སྟོང་ཕྲག་བདུན།། ནོར་བུ་གསང་ཐིག་འབུམ་ཕྲག་གཅིག། སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ།། རྡོ་རྗེ་གསང་རྒྱན་སྟོང་ཕྲག་གཅིག། རྡོ་རྗེ་ཐོད་པ་ཉིས་རྒྱ་བརྒྱ། ་དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན།། དམ་ཚིག་མངོན་བརྒྱན་སྟོང་ཕྲག་འབུམ།། འཇམ་དཔལ་དཔའོ་འབུམ་ཕྲག་གཅིག། གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ།། རིན་ཆེན་སྡོང་པོ་དགུ་བརྒྱ ་བདུན་འདུས་ཀྱི་ཐིག་ལེ་བརྒྱ་བརྒྱ་ཅུ།། ལྷ་མོ་བསྟན་ཆོས་ལྔ་བརྒྱ་བདུན།། འདི་རྣམས་དགོངས་པའི་བྱེ་བྲག་གིས།། ང་ཡིས་བྱེ་བྲག་བསྟན་པར་བྱ།། འདི་ནི་གཉིས་པོ་འཁྱུད་པ་ཡིས།། ་རྡོ་\ུ0f7fག#། རྒྱུད་ཀྱི་དབྱེ་བ་བསྟན་པའོ།། དེ་བཞིན་དུ་ནི་ལག་བཅངས་དང་།། དགོད་དང་ལྟས་པས་ཤེས་པར་བྱ།། དེ་བཞིན་ཞེ་སྡང་གཏི་མུག་གིས།། རྒྱུད་རྣམས་ཀུན་ཀྱང་ཤེས་པརབྱ། ་མཁའ་འགྲོ་མའི་རྒྱུད་ཀུན་ཀྱང་།། འདི་ཡི་རིམ་པས་ཤེས་པར་བྱ།། ཕྱི་ནང་དབྱེ་བ་ཤེས་པ་ཡིས།། རྒྱུད་ཀྱི་དབྱེ་བ་ཤེས་པར་བྱ།། ནང་དུ་བསྟན་པ་བླ་མའི་ལས།། ཡང་དག་བླངས་ཏེ་སྒྲུབ ་པར་བྱ། ཇི་བཞིན་གནས་པ་ལ་དགོངས་ཏེ།། བདེ་བར་གཤེགས་པས་རྒྱུད་ཀུན་བསྟན།། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད།། མཁའ་འགྲོ་མ་དང་མཁའ་འགྲོ་བ།། རྒྱུད་རྣམས་ཀུན་གྱི་ཕྱི་མ་སྟེ། ་གཞན་དུ་མ་བསྒྲགས་དོན་གང་ཞིག། འདི་རུ་ཡང་དག་བསྟན་པ་སྟེ།། རྣལ་འབྱོར་གང་ཞིག་ལེན་པའམ།། བསྒོམ་པར་བྱེད་དམ་འཆད་པའམ།། ཀློག་པར་བྱེད་པ་རྣལ་འབྱོར་ཆེ། ་དེ་ཡང་ང་དང་འདྲ་བར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས།། རྒྱུད་ཐམས་ཅད་ཀྱི་དབྱེ་བའི་ལེའུ་སྟེ་བཅུ་གཅིག་པའོ།། ་དེ་ནས་གཞན་ཡང་བཤད་བྱ་བ།། སྣ་ཚོགས་མདོ་དང་རྒྱུད་རྣམས་ཀྱིས།། སྡོམ་པ་ཡང་དག་ཤེས་གྱུར་ན།། མཁའ་འགྲོ་ཆེན་པོར་འགྱུར་བར་བཤད།། གང་གིས་ཉོན་ཐོས་རབ་འབྱིན ་བ་སྤོང་བ་ལྟུང་བའི་བྱེ་བྲག་བཤད།། སླབ་པ་དང་ནི་རྫས་གྲགས་ཀྱིས།། འདི་རུ་ཤེས་ཀྱང་ཡོངས་རྫོགས་བྱེད།། ཚུལ་ཁྲིམས་ཀྱི་ནི་བསླབ་པ་གསུམ།། དགེ་བའི་ཆོས ་ནི་བསྡུད་པ་དང་།། སྡོམ་པ་ཉི་ཤུ་ལ་སོགས་དང་།། སེམས་ཅན་དོན་བྱེད་ཚུལ་ཁྲིམས་དང་།། བྱང་ཆུབ་སེམས་དཔའ་རབ་འབྱིན་པ།། ལུས་ངག་ཡིད་གསུམ་རབ་བྱུང་བ། ་། སྡོམ་པ་དེས་ཀྱང་མཁའ་འགྲོ་ས།། རྒྱུད་རྣམས་ཡང་དག་སྦྱོར་བར་བྱེད།། ཟླ་བ་སྙུང་དང་གཙང་སྦྲ་སྔ་མ།། གྲོང་དང་གནག་ལྷས་ཐང་ལའང་།། ངག་ལུས་ཡིད་ཀྱིས་སེམ ་ཅན་ལཿགནོད་པ་དག་ནི་ཡོང་མི་བྱེད།། དེ་བཞིན་གཤེགས་པའི་སྡོམ་པ་མཆོག། བླ་ན་མེད་པའི་བྱང་ཆུབ་སེམས།། འགྲོ་བའི་དོན་བྱེད་བྱང་ཆུབ་སེམས།། བདེ་གཤེགས ་ཐོབ་ཕྱིར་རབ་ཏུ་བཟུང་།། རྡོ་རྗེ་མི་བསྐྱོད་རིགས་ཆེན་པོ།། རྡོ་རྗེ་དང་དྲིལ་བུ་དང་།། སློབ་དཔོན་ཡང་ནི་བཟུང་བྱས་པས།། དེ་ཡི་ཡོན་ཏན་ཐོབ་པར་བྱེད།། རིན་ཆེན་ཏོག་གི་རིག ་མཐོན་པོ། ཉིན་མོ་མཚན་མོ་ལན་གསུམ་དུ།། ཟང་ཟིང་མི་འཇིགས་ཆོས་དང་དབང་།། བྱིན་པས་དེའི་ཡོན་ཏན་འཐོབ།། པདྨོ་སྣང་བའི་རིགས་དག་ལ།། ཕྱི་དང་ནང་དང ་གསང་བ་ཡི།། དམ་ཚིག་རབ་ཏུ་བཟུང་བ་ཡིས།། བླ་མེད་བྱང་ཆུབ་ཐོབ་པར་བྱེད།། རྔ་སྒྲ་ལས་ཀྱི་རིགས་མང་པོ།། དམ་ཚིག་དང་ནི་སྡོམ་པར་ལྡན།། བསྙེན་བཀུར་མཆོད ་པ་སེམས་ཅན་དོན།། བྱས་པ་དེ་ཡིས་ཡོན་ཏན་ཐོབ།། སྲོག་མི་བཅད་ཅིང་གཡེང་མི་བྱ།། མ་བྱིན་མ་བླང་བརྫུན་མི་སྨྲ།། ཁྲ་མ་ཁྱལ་པའི་ཚིག་རྩུབ་མོས།། སྨྲ་བར་མི་བྱ ་མནར་སེམས་དང་།། གནོད་སེམས་ལོག་པར་ལྟ་བ་རྣམས།། ནམ་ཡང་བྱ་བ་མ་ཡིན་ནོ།། དཀོན་མཆོག་གསུམ་ནི་ཡོང་མི་སྤང་།། ལྷ་དང་བླ་མ་དེ་བཞིན་ནོ།། ཉེས་པ་ཀུན ་གྱི་རྩ་བའི་ཕྱིར།། ཆང་ཡང་རྣམ་པར་སྤང་བར་བྱ།། ཕྱག་རྒྱ་གཞོན་པ་མཚོན་ཆ་སོགས།། མཚན་མ་འམ་ནི་ལྷ་ཡི་གྲིབ།། འགོམ་དང་བཟའ་བར་མི་བྱའོ།། དེ་ལ་སོགས་པ་མཐ ་ཡས་པཉསྡོམ་པ་གང་དེ་གསུངས་པ་རྣམས།། འདི་རུ་དང་པོའི་ལས་ཅན་ལ།། དེ་ཡིས་ཡང་དག་འཇུག་པར་བྱེད།། ཐུན་མོང་མ་ཡིན་པས་ཕམ་པ།། བཅུ ་བཞིར་གྲགས་པ་གང་འདི་ནི།། སྔགས་པས་དོན་ཀུན་འགྲུབ་བྱེད་པ།། སྤང་ཞིང་དོར་བར་མི་བྱའོ།། སློབ་དཔོན་སྙིང་ནས་སྨོད་པ་དང་།། བདེ་གཤེགས་བཀའ་ལས་འདའ་བྱེད་དང་།། ཞེ་སྡང ་གིས་ནི་མཆེད་སུན་འབྱིན།། བྱམས་སེམས་མེད་པར་སེམས་ཅན་སྤངས།། བྱང་ཆུབ་སེམས་ཆེན་འདོར་བ་དང་།། བདག་གཞན་གྲུབ་པའི་མཐའ་སྨོད་བྱེད།། སྣོད་མི་རུང་ལ་གསང་བ ་བསྟན་ཅ་རྒྱལ་བའི་བདག་ཉིད་བློ་སྨོད།། དམ་པའི་ཆོས་ལ་སོམ་ཉི་བྱེད།། སུམ་ལྡན་ཁྲོ་ལ་བྱམས་ལྡན་ཏེ།། སྟོང་པ་ཐལ་བྱུང་ལ་རྟོག་པ།། དང་ལྡན་སེམས་ནི་སུན་འབྱིན་བྱེད།། དམ ་ཚིག་དང་ལྡན་རྩེ་མི་བྱེད།། ཤེས་ལྡན་བུད་མེད་སྨོད་པར་བྱེད།། སྔགས་པས་དེ་དག་ཡོངས་སྤངས་ནས།། ངེས་པར་དངོས་གྲུབ་ཐོབ་པར་བྱེད།། དེ་ལ་སྔགས་པ་ཡོངས་འདས་ནས།། ངེས། ་བར་བདུད་དང་ཕྲད་པར་འགྱུར།། ནད་དང་སྡུག་བསྔལ་འཕེལ་འགྱུར་ཏེ།། བསྟིར་མེད་སྤྱི་ཚུགས་དམྱལ་བར་འགྲོ། སྦོམ་པོ་ལྷུང་བྱེད་ཉེས་དམིགས་དང་།། དེ་དང་འདྲ་བར་ཤེས་པར་བྱ།། དམ ་ཚིག་མི་ལྡན་རིག་མར་བསྟེན།། ཚོགས་ཀྱི་འཁོར་ལོར་རྩོད་པར་བྱེད།། གསང་བའི་ཆོས་ནི་སྟོན་པ་དང་།། དང་ལྡན་རྣམས་ལ་གཞན་དུ་སྟོན།། ཉན་ཐོས་ནང་དུ་ཡུན་རིང་གནས།། སྣོད་མི་རུང ་ལ་གསང་བ་བསྟན།། ཁ་ན་མཐེ་སྡོམ་འགྱུར་ཏེ།། སྔག་དེའི་དམ་སྡོམ་ཟད།། ཟད་པས་འགྲུབ་པར་ཡོང་མི་འགྱུར།། དེ་བས་ཉིན་རེ་ལན་གསུམ་དུ།། ཁ་དོན་གྱིས་ཀྱང་ཀླག་པར་བྱ།། དཀྱིལ་འཁོར ་མཐོང་དང་ཞུགས་པ་དང་།། དབང་བསྐུར་ལ་སོགས་ཚུལ་གྱིས་ནི།། རྡོ་རྗེ་མཁ་འགྲོ་ཐོང་བ་བཞིན།། བྱང་ཆུབ་སེམས་དང་ཉན་ཐོས་དང་།། བྱ་དང་གཉི་ག་རྣལ་འབྱོར་རྒྱུད།། དགོང་གསུང་རྣམ་ཀྱིས་དེ ་ལ་མིནཿདེ་ལྟར་བས་ན་སྡོམ་པའི་མཆོག། ང་ཡིས་ཡང་དག་བསྟན་པར་བྱ།། དྲི་ཆེན་དྲི་ཆུ་རག་ཏ་དང་།། ཤེས་དང་བྱང་ཆུབ་སེམས་རྣམས་ནི།། བཟའ་བའི་སྦྱོར་བས་ཡང་དག་བཟའ།། ལྟོ།། ་ཡི་ཡེ་ཤེས་མེས་སྦྱངས་ཕྱིར།། ཕྱི་རོལ་བཟས་ལས་ཁྱད་པར་འགྱུར།། དེ་བཞིན་གླང་ཆེན་རྟ་ཤ་དང་།། བ་གླང་ཁྱི་ཤ་ཤ་ཆེན་རྣམས།། ཡེ་ཤེས་ལྔ་ཡི་ངོ་བོའི་ཕྱིར།། དགའ་བའི་སེམས་ཀྱིས་བཟའ ་བར་བྱ་བ་དེ་བཞིན་སེམས་ཅན་གསད་པར་བྱ།། མ་བྱིན་པར་ཡང་བླང་བར་བྱ།། བུད་མེད་ཐམས་ཅད་འདོད་པ་སྤྱོད།། བརྫུན་ཚིག་དག་ཀྱང་སྨྲ་བར་བྱ།། དེ་ལྟར་བྱས་པས་སངས་རྒྱས་དང་། ་བྱང་ཆུབ་སེམས་དཔའ་མཉེས་པར་འགྱུར།། སེམྦ་རྣམས་ཀྱང་ཚིམ་ཞིང་དགའ།། དེ་བཞིན་རྣལ་འབྱོར་སྙིང་པོ་ཡིས།། སངས་རྒྱས་དང་ནི་བྱང་ཆུབ་སེམས།། རང་འདྲེན་ཉན་ཐོས་སྐུ་གཟུགས ་སོགསརང་ཉིད་དག་པ་གསུམ་སྦྱོར་བས།། ཕྱག་བྱས་ནས་ནི་མི་རུང་འགྱུར།། ཀུན་དུ་རྡོ་རྗེ་སེམས་དཔའ་ཡི།། ལུས་ངག་ཡིད་ཀྱི་དཀྱིལ་འཁོར་ལས།། རང་ཉིད་བསམ་གཏན་སྦྱོར ་བ་ཡི་དབྱེར་མེད་བློ་ཡི་མི་བྱའོ།། དཀྱིལ་འཁོར་དག་ཀྱང་མི་བྲིའོ།། གླེགས་བམ་དག་ཀྱང་མི་ཀླག་གོ།། མཆོད་རྟེན་ལས་ཀྱང་ཡོང་མི་བྱ།། ལག་པའི་ཕྱག་རྒྱ་རྣམས་ཀྱང་སྤང་། ་ཉིན་རེ་བཞིན་དུ་དུས་བཞི་རུ།། བུ་མོ་ལེགས་པར་གོ་མྲ་པ་ལས།། ག་བུར་ཙན་ངན་ཁས་བླངས་ཏེ།། ཆོ་ག་བཞིན་དུ་ལུས་འཁོར་མཆོད།། རོལ་མོའི་ཐབས་ནི་སྣ་ཚོགས་པ།། ང་ཡི ་རྒྱུད་རླབླ་བརྟན་པས།། བཅུ་དྲུག་ཐིག་ལེ་ངལ་སོ་ལས།། སྔགས་ཀྱི་སྙིང་པོ་རྟག་པར་བྱ།། བླ་དམ་པ་ཐུགས་རྗེ་ཆེས།། ཡང་དག་བསྟན་པ་ལ་དམིགས་པས། ་ཕྱིན་ཅི་ལོག་ཁུར་ཡོངས་འདོར་ཏེ།། རྡོ་རྗེ་འཛིན་པ་ང་འདྲར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་དམ་ཚིག་དང་སྡོམ་པ་དབྱེ་བའི་ལེའུ་སྟེ་བཅུ་གཉིས་པའོ།། ་དེ་ནས་རོ་ལང་ཆེན་མོ་ཡི།། བསྒྲུབ་པ་ཡང་དག་བཤད་པར་བྱ།། སྒྲུབ་པོས་ལེགས་པར་ཤེས་གྱུར་ན།། དངོས་གྲུབ་ཐོབ་པར་འགྱུར་བའོ།། ནག་པོ་ཡི་ནི་ཚེས་བརྒྱད་དང་།། ་ཡང་ན་བཅུ་བཞི་གང་ཡང་རུང་།། ཤིང་གཅིག་དུར་ཁྲོད་མ་མོའམ།། ཡང་ན་མི་མེད་གྲོང་བར་དུ།། སྔོན་དུ་བསྒྲུབ་པའི་བདག་ཉིད་ཅན།། ལས་ཀུན་འགྲུབ་པར་བྱེད་པ་བསྒྲུབས།། ་མདའ་མཁན་མ་དང་སྨེ་ཤ་ཅན།། གདོལ་པ་མོ་དང་གར་མཁན་སོགས།། མདུན་གྱི་སོ་ལ་ལྷག་ཡོད་པ།། བྱད་དང་མདངས་ལྡན་རྨ་མེད་མ།། ལོ་ནི་སུམ་ཅུ་རྩ་གཉིས། ་སྔགསཏ། ཡང་ན་ཉི་ཤུ་རྩ་ལྔའོ།། ཡང་ན་ན་ཆུང་དང་པོར་སྐྱེས།། སྦྱང་ནས་ཤི་བ་མ་སྦགས་པ།། ཡང་དག་བླངས་ཏེ་འོང་བ་སྟེ།། གཞན་ཡང་བུ་མོ་སྐྲ་བཟུང་སྟེ།། ་ལྷ་གཞད་དང་ནི་དབང་པོ་ལག། དཀར་པོ་དང་ནི་རི་སྒྲ་དང་།། གྲུ་གནོན་ཆུ་ཡིས་བཀྲུ་བར་བྱ།། དེ་ནས་ཙན་དན་དཀར་པོ་ཡིས།། བུ་མོ་ལུས་བྱུག་རྒྱན་དང་གོས།། ་ཡང་དག་བརྒྱན་ཏེ་མདུན་བཞག་ནས།། དཀྱིལ་འཁོར་འཇིགས་པ་བྲི་བྱ་སྟེ།། རྩ་སོགས་གསང་སྔགས་རབ་ཏུ་བཟླ།། འབྱུང་པོའི་གཏོར་མ་ཡང་བྱིན་ཏེ། ཤ་ན་ནག་པོ ་མདངས་དང་ལྡན།། མྱོས་བྱེད་སྲེགས་པ་རོའི་མཁར།། མཚན་གཅིག་ཐོག་ཐག་སྦྱིན་བསྲེག་བྱ།། དེ་ནས་ཐོ་རངས་དུས་སུ་ཡང་།། ཁྲག་ཆེན་ཕྱོགས་བཞིར་གཏོར་བྱས་ནས།། ་མར་ཁུ་ཆེན་པོ་རོ་ལ་སྐུ།། དེ་ནས་རོ་དེ་ལངས་གྱུར་ཏེ།། ཁྲོ་དང་ལྡན་པའི་ཨག་ཙར་གྱིས།། ས་གསུམ་མེའི་སྒྲས་འགེངས་བྱེད།། དེ་ཚེ་སྒྲུབ་སྐྲག་མི་བྱ།། མཱ་མ་ཀིའི་སྦྱོར་བ་སོག།། ་བསྲུང་བའི་འཁོར་ལོས་བསྲུང་བར་བྱ།། སྐྲག་ན་དེ་མ་ཐག་ཏུ་གསོད་།། དེ་ཚེ་བསྲུང་བས་བསྲུང་བྱས་ནས།། བདག་ཉིད་ལངས་ཏེ་དེའི་ངོར།། ཡུངས་ཀར་གྱིས་ནི་བརྡེག་པར་བྱ།། ་དེ་ནས་དེ་ནི་བབང་གྱུར་ཏེ།། སྒྲུབ་པ་པོའི་མདུན་གནས་ནས།། བཀའ་ནོད་འདི་སྐད་སྨྲ་བར་བྱེད།། སེམས་ཅན་ཆེན་པོ་ཁྱོད་ཅི་འདོད།། བདག་ལ་ཡང་དག་བཀའ་སྩོལ་ཅིག། ་རལ་གྲི་མིག་སྨན་ས་འོག་གམ།། རྐང་འགྱོགས་དེ་བཞིན་བཅུད་ཀྱིས་ལེན།། མི་སྣང་འགུགས་པས་ལས་གང་དག། བདག་གིས་ཅི་ཞིག་སྦྱར་བར་བྱ།། དེ་ནས་སྒྲུབ་པོ་དེ་ཡིས ་ཀྱང་ཉ་གང་འདོད་སྨྲས་ནས་ཅང་ཏིའུ་བརྡུང་།། དེ་ནས་རོ་ལངས་ཁ་དེ་ནས།། དུ་བ་འཐུལ་ཞིང་མེ་འབར་བ།། དེ་ནས་སྦྲུལ་ནག་ལྟ་བུ་རུ།། རེའི་ཁ་ནས་འབྱུང་བར་བྱེད།། དེ་དེ་སྒྲུབ ་པས་ཁ་ཡིས་བླང་།། བྱུང་སྟེ་གསེར་གྱི་རལ་གྲིར་འགྱུར།། དེ་ཐོག་ཚངས་པའི་འཇིག་རྟེན་ཁམས།། སྟེང་དུ་ངེས་པར་འགྲོ་བར་བྱེད།། དེ་བཞིན་ཀུན་དུ་འགྲོ་བར་བྱེད།། དེ་བཞིན་རྫས ་ཀུན་གང་ལ་བསྟན།། ཟམ་ཅད་གསེར་འགྱུར་རྩི་ལྟ་བུ།། དེ་བཞིན་ཐབ་གྲུབ་དེ་བྱས་ནས།། རོ་ནི་སྔ་མ་བཞིན་འགྱུར་ཏེ།། དེ་ཡིས་སྦྱིན་བསྲེག་རབ་བྱས་ནས།། དཀྱིལ་འཁོར་ཡང་དག ་#ཚིམ་པར་བྱ།། དེ་བས་འདི་ནི་བསྒྲུབ་པའི་མཆོག། དོན་ཀུན་ཡང་དག་འགྲུབ་བྱེད་པ།། ལས་ཐམས་ཅད་ཀྱི་གཙོ་བོ་སྟེ།། བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུམ། ་དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་རོ་ལངས་མེའི་ལེའུ་སྟེ་བཅུ་གསུམ་པའོ།། ། དེ་ནས་ང་ཡི་བསྒྲུབ་པོ་ཡི།། དངོས་གྲུབ་སློབ་དཔོན་ལས་བྱུང་ཕྱིར།། རྒྱུད་རྣམས་ཀུན ་ལས་གསུངས་པ་ཡི།། སློབ་དཔོན་བསྐུར་བའི་ཆོ་ག་བཤད།། སློབ་དཔོན་མེད་པར་གྱུར་ན་ནི།། དངོས་གྲུབ་ཐོབ་པར་མི་འགྱུར་བས།། སློབ་དཔོན་གྲངས་དང་མཚན་ཉིད་ནི།། ཡིད་གཅིག ་བསྡུས་ལ་མཉན་པར་གྱིས།། དམ་སྡོམ་གྱིས་ནི་སྣོད་གཙང་ལ།། སློབ་དཔོན་མཚན་ཉིད་ཡོངས་རྫོགས་པར།། བྱེད་ཅིང་དང་པོ་ལས་འཇུག་པར།། བྱེད་པ་རྒྱུ་ཡི་སློབ་དཔོན་ནོ།། རི་བོང་འཛིན། ་བ་བསྐུལ་བྱེད་ཅིང་།། དེ་ཡིས་སྒྲུབ་པོ་ཞིང་དག་ཅིང་།། ཡེ་ཤེས་སྒྱུ་མའི་སྣོད་བྱེད་རུང་།། རྐྱེན་གྱི་སློབ་དཔོན་ཆེན་པོའོ།། ལྷན་ཅིག་ཉན་པར་གང་གྱུར་པ།། དེ་ལས་དགའ་བ་ཡང་དག་ཐོབ།། ་ཐོབ་པས་ཡང་དག་རབ་མཐར་ཕྱིར།། ལྷན་ཅིག་བྱེད་པོའི་སློབ་དཔོན་ནི།། མི་འགྱུར་བྱམས་ལྡན་ཤེས་རབ་ཅན།། སྔགས་རྒྱུད་སྦྱོར་ཤེས་དཀྱིལ་འཁོར་མཁས།། དེ་ཉིད་བཅུ་ཤེས་ཐེག ་ཆེན་དགའ་6གསང་བ་ཟུངས་ཐུབ་སློབ་དཔོན་ཡིན།། མིག་བཟུང་ཡ་སོ་བཅུ་དྲུག་པ།། ཁུ་འཁྲིག་རྟོག་པ་ཡང་དག་སྤངས།། བླ་མ་དགའ་བ་དང་མོས་ཅན།། ཤིན་དུ་རྒྱན་གྱིས་རབ་བརྒྱན ་པ་\ུ0f7f་དང་ལྡན་སྦྱོར་བ་ལ་སོགས་པ།། གཟུགས་བཟང་འདོད་ཆགས་ཀྱིས་མྱོས་བྱེད།། ཤིན་དུ་དུལ་བ་ཁྱད་པར་ཅན།། བསྐུར་བའི་གནས་སུ་ཡང་དག་སྤངས།། བླ་མ་དགའ་བ་དང་མོས ་ཅནཿཤིན་དུ་རྒྱན་གྱིས་རབ་བརྒྱན་པ།། དང་ལྡན་སྦྱོར་བ་ལ་སོགས་ཁ།། གཟུགས་བཟང་འདོད་ཆགས་ཀྱིས་མྱོས་བྱེད།། ཤིན་དུ་དུལ་བ་ཁྱད་པར་ཅན།། བསྐུར་བའི་གནས་སུ་ཡང་། ་དག་བླངས་དགེ་དང་བསྒོམ་པ་ལ་དགའ་བ།། རྟག་ཏུ་བླ་མ་ལ་གུས་པའི།། སློབ་མས་བླ་མ་འདི་ལྟར་ལྟ།། བླ་མ་སངས་རྒྱས་ཀུན་དང་མཉམ།། དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་།། ་དེ་བཞིན་གཤེགས་པ་རིན་ཆེན་འབྱུང་།། དེ་ནི་ཡེ་ཤེས་རྒྱ་མཚོ་ཆེ།། ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན།། དེའི་ཡོན་ཏན་ཐམས་ཅད་བཟུང་།། སྐྱོན་ཀུན་སེམས་ཀྱིས་ཀྱང་མི་བསམ།། ་ཡོན་ཏན་བཟུང་ན་དངོས་གྲུབ་ཐོབ།། སྐྱོན་གྱི་དངོས་གྲུབ་ཉམས་པར་བྱེད།། མཆོད་རྟེན་དང་ཤི་ག་དང་སྡིག་འདྲའི་ཕྱིར།། དེའི་གྲིབ་མའང་མི་འགོམ་སྟེ།། སྟན་དང་ལྷམ་དང་གཞོན ་པ་དང་། འགོམ་པར་བྱ་བ་སྨོས་དགོས།། རྒྱུ་བ་དང་ནི་མི་རྒྱུ་བའི།། མཆོག་ཀུན་དེ་ཡིས་སྤང་བར་འགྱུར།། སློབ་དཔོན་སྨོད་པར་བྱེད་པ་དེ།། རྨི་ལམ་དུ་ཡང་མཐོང་མི་བྱ།། དེ་ནི ་བགེགས་དང་ལོག་འདྲེན་འཛིན།། རིམས་དང་ཕྱུགས་དང་གཤིན་རྗེས་འཛིན།། འཆི་བར་རབ་ཏུ་འགྱུར་བ་སྟེ།། ངན་པ་གཏུམ་མོ་བླུང་ཆེན་ཏེ།། ཕྱོགས་བཞི་དག་ཏུ་སོང་གྱུར་ཡང་།། ་བློ་ལྡན་རྣམས་ཀྱིས་མི་སྲུང་བར།། མདུང་ལ་སོགས་པའི་མཚོན་ཆ་ཡིས།། ཁ་ན་མ་ཐོ་བྱེད་པ་གསད།། མདོ་སོགས་བསྟན་པའི་མཉལ་བུ་རུ།། སློབ་དཔོན་སྨོད་པར་བྱེད། ་པ་དེཿགནས་པར་འགྱུར་བང་ཡིས་བསྟན།། དེ་བས་བླ་མའི་ཞབས་དྲུང་དུ།། བག་མ་བཞིན་དུ་ངོ་ཚ་བསྲུང་།། བློ་དང་རྒོང་པ་ལུད་པ་སོགས།། ཁ་ལ་ལག་པས་བཀབ་ནས།། ་ཛཏ། ཤིན་ཏུ་འཇམ་པར་སྨྲ་བར་བྱ།། མགོ་ཐོང་བཅིང་དང་མཚོན་བྱུང་བ།། བླ་མའི་དྲུང་དུ་མི་བྱའོ།། ཁྲོ་བརྡུང་བ་དང་རྐམ་ཚིག་དག། ཟོས་པའི་ཡུལ་ནས ་མི་བྱའོ།། མདུན་འགྲོ་བ་དང་རྐང་པ་བརྐྱང་།། ཡང་དག་ཉིད་དུ་མི་བྱའོ།། ལས་ནི་གང་དག་བྱེད་པའམ།། མཉན་པ་ལ་སོགས་འདོད་པ་ལ།། གཟུང་ཕྱིར་ཐལ་མོ་མ ་བཤིག་པར།། གནས་ནས་ལངས་ཏེ་མཐོང་ཡུལ་དུ།། རྒྱབ་ཀྱིས་ཕྱོགས་པར་མི་བྱ་སྟེ།། མཚན་མ་དང་ནི་ཆུ་རྒལ་དང་།། ཅོང་རེང་དག་ཏུ་གནས་གྱུར་ན།། བཀའ ་ལུང་གཉེར་དུ་གདམ་པའི་ཕྱིར།། མདུན་དུ་འགྲོ་བ་ཉེས་མི་འགྱུར།། དེ་བས་ཐབས་ནི་ཐམས་ཅད་ཀྱི།། རྡོ་རྗེ་འཛིན་པ་བླ་མ་མཆོག། རྗེས་སུ་མཐུན་པས་མཉེས ་པར་བྱདེ་མཉེས་སངས་རྒྱས་ཐམས་ཅད་མཉེས།། གང་གིས་སློབ་དཔོན་ཡང་དག་སྨད།། དེ་ཡིས་རྒྱུན་ཀུན་བསྒྲུབ་པའི་མཆོག། གཉིད་དང་འདུ་འཛི་རྣམ ་སྤངས་ཏེ་ཧབསྐལ་པ་སྟོང་དུ་ལེགས་བསྒྲུབས་ཀྱང་།། དམྱལ་སོགས་སྒྲུབ་པར་བྱེད་པའོ།། དེ་ཕྱིར་ཀུན་གྱི་རབ་བསྒྲིམས་ཏེ།། བསམ་པ་འབྲས་བུ་སྨིན ་བྱེད་པའི།། སངས་རྒྱས་འབྲས་བུ་འདོད་པ་ཡིས།། སེམས་ཅན་དད་དང་ལྡན་པས་མཆོད།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་བླ་མ་བསྐུར་བའི་ལེའུ་སྟེ། ་བཅུ་བཞི་པའོ།། །། རྡོ་རྗེ་པདྨོ་སྦྱོར་བ་ལས།། ཡང་དག་ཡེ་ཤེས་སྐྱེ་འགྱུར་བས།། སྒྱུ་མའི་མཆོག་ནི་བུད་མེད་དེ།། དེའི་མིང་དང་མཚན་ཉིད་བསྟན།། ཏ་སྟི་ནི་དང་ཤང ་ཀ་ནཿཀ་མ་ལ་དང་ཅི་དྲན།། ཐམས་ཅད་རིག་ནི་བཞི་འགྱུར་ཏེ།། ཏསྟི་རིག་ཏ་རི་ཆེ་བ།། སྦོམ་མོ་འདོད་ཆགྲ་ཡང་དག་ཆེ།། པད་ཡངས་ཁ་ནས་ཤ་རུ་ལ་བྲོ།། དཀར་ཆད་མཐའ་ཕྲ ་གོ་སྦོམ་བྱེད།། ཤང་ཀི་ར་ག་ཏི་རོ་བསྒྱུར་བ།། རྐེད་ཕྲེ་སྣ་ལེག་ཅུང་ཟད་ཁྲོ།། ཁ་ནས་དུང་བྲོ་འགྲོས་ད་ལ་ལེགྲ།། དཀར་འཆང་དཔལ་གྱི་འབྲས་ཁུ་འདྲ།། ཀ་མའི་རག་ཏའི་རོ་དམར ་ཞིང་དྷ་ཤང་ཏི་རག་ཏི་རོ་བསྒྱུར་བ།། ཕྲ་སྦོམ་རན་པ་དམར་མོ་སྟེ།། འདོད་ཆགྲ་མིག་ནི་མི་འཛུམྦ་ལྟ།། དཀར་འཆང་ཨ་རི་ཤི་འདྲ་བ།། ཙི་ཏ་རག་ཏི་རོ་མངར་ཞིང་།། ཐུན་རུ་མ་ཁྲོ་བག ་དང་བཅས་པཿཆག་མིན་ལྷ་བྱེད་པོ་གནག་པ།། དཀར་འཆང་གཡས་གཡོན་དགེ་བ་སྟེ།། འདི་རྣམ་ཡང་དག་ཕྲད་པར་འགྱུར།། བསྒྲུབ་པ་པོ་ལ་ཚེ་འདི་རུ།། དངོས་གྲུབ་ཡང ་དག་བསྟེར་བ་སྟེ།། དེ་བས་འདི་རྣམ་འབད་པས་བརྩལ།། ཡང་དག་རྙེད་ནས་གང་རུང་དུ།། བ་ལང་བཟའ་ནི་མདའི་ནང་།། བཏུང་བས་ཤེལ་ཁམ་རྣམ་པར་འཕེལ།། དེ་ནི་ཐབས་ཀྱི་སྟེར ་བ་ཡིས་ཧཡང་དག་དུ་ནི་རང་བཞིན་བརྟག། རང་བཞིན་ན་མཁའ་ལྟ་བུ་སྟེ།། དངོས་པོ་ཐམས་ཅད་ཟད་པ་སྟེ།། རྣམ་པར་རྟོག་པ་ཐམས་ཅད་དང་།། བྲལ་བའི་དགའ་བ་ཡང་དག་ཟབ། ་བསམ་མེད་ཟད་མེད་ཕྲ་མོ་སྟེ།། དམ་པ་ཞི་བ་རྣམ་དག་པ།། འཆི་མེད་རྡོ་རྗེ་བདུད་རྩི་བརྗོད།། གང་གི་དབུསུ་འདབ་བརྒྱད་ལ།། སྙིང་པོ་ལྔ་ཡི་ལྔ་དག་བརྒྱན།། དེ་དབུས་དེ་གནས་ཆ་ནས་ལྔ།། ་ཆ་གཉིས་པ་ནི་བརྒྱད་མཐཱ་དབྱུང་།། སུཾ་ཅུ་བཅུ་པ་ལྔ་ཡི་ནི།། ཆ་གཉིས་ལྔ་པ་དྲུག་པ་ཡི།། ཐིག་ལེ་རུ་ནི་བཞུག་པ་སྟེ།། སྐྱེས་བུ་གང་གཱི་དེ་ལ་ནི།། མི་གི་འོད་ཟེར་གྱི་ལྟ་བ།། དེ་ལ་ཇི་བཞིན་གནས ་། པ་ཡིཿཡེ་ཤེས་སྐྱེ་བར་ཐེ་ཚོམ་མེད།། ནམ་ཞིག་འགོག་པའི་སེམས་གྱུར་ན།། སངས་རྒྱས་ཀུན་གྱི་མཆོག་འཛིན་པ།། དཔལ་ལྡན་མཁའ་འགྲོ་དྲ་བར་འགྱུར།། དི་རིང་ཕན་ཚུན ་ཁུ་ཁྱོད་ནི།། དཀྱིལ་འཁོར་ཡང་དག་འདྲི་བ་དང་།། སྒྲུབ་པོ་རྒྱུད་ལ་སྦྱོར་བ་ཡི།། སློབ་དཔོན་ཆེན་པ་ཉིད་དུ་འགྱུར།། འདི་ནི་སངས་རྒྱས་ཀུན་གྱིས་ཀྱང་།། དབང་བསྐུར་བར་ནི་རབ་སྔག་ཏེ།། ་ཐས་ཅད་སྔག་ནི་སྒྲུབ་འགྱུར་ཏེ།། ལས་མཆོག་ཁྱད་པར་ཅན་ཡང་འགྲུབ།། བུ་མོ་འདི་ནི་ཁྱོད་དང་འཐུན།། སེམས་ཅན་ཁྱོད་ཀྱིས་འདོད་པ་གྱིས།། ཡིད་དུ་འོང་བའི་རིག་མ་འདི།། ་བདེ་གཤེག་ཀུན་གྱིས་ཁྱོད་སྦེང་གནས།། སྟོང་པ་ལ་ནི་སེམས་སྦྱོར་ན།། ཁྱོད་ནི་ཡང་དག་དམ་པར་འགྱུར།། འདི་ནི་བདེ་གཤེགས་བདེ་མཛད་པ།། ཁྱོད་ཉིད་འདི་ལས་རབ ་བྱུང་ངོ་།། ། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས་དམིགས་པ་དང་བཅས་པའི་ཤེས་རབ་ཀྱི་མཚན་ཉིད་བརྟག་པའི་ལེའུ་སྟེ་བཅཝ་ལྔ་པའོ།། ་དེ་ནས་ཡང་དག་བཤད་བྱ་བ།། དངོས་ཀུན་ཆོ་ག་ཤེས་མེད་ན།། སྒྲུབ་པོ་དངོས་གྲུབ་འབྱུང་མི་འགྱུར།། དེ་ཕྱིར་འདིར་ནི་དརྟུལ་ཞུགས་བསྟན།། སྦྱོར་བའི་རྩོལ་བ་ཐམས ་ཅད་ནིདེ་ཉིད་རིག་པས་སྤང་བར་བྱ།། རྡོ་རྗེ་སེམས་དང་དེས་འདུག་པ།། སྤངས་ནས་གནན་དུ་མི་བྱའོ།། དག་པ་དེ་ཉིད་ལ་གནས་པས།། སྦྱོར་བ་རྣམ་ཀྱང་མི་བྱ་སྟེ། ་བདག་མེད་གནས་པའི་སྦྱོར་བ་ཡིས།། ཇི་སྲིད་བར་དུ་སོ་སོར་བརྟག། དངོས་མེད་གོ་འཕངས་ལ་གནས་དང་།། ཐབས་བཟང་དག་དང་ལྡན་པ་ཡིས།། རྒྱུད་ལས་གང་ཅི་འབྱུང ་བ་རྣམཿམ་བརྟགས་པས་ནི་འབྱུང་བར་འགྱུར།། བསྒོམ་པའི་སྦྱོར་བའི་སྟོབས་ཀྱིས་ནི།། དངོས་གྲུབ་མཚན་ཉིད་གང་ཡང་རུང་།། དེ་ཀུན་སྐད་ཅིག་ཙམ་ལ་ནི།། རང་ཉིད་གནས་པར་གྱུར་བཞིན། ་དེ་བས་དགེ་སློང་དངོས་གནས་དང་།། དེ་བཞིན་རྟོག་དགའ་རྒན་པོ་དང་།། རང་གི་བུ་དང་རྒྱལ་པོ་ལ།། དེ་ཉིད་ཡང་དག་བཤད་མི་བྱ།། ཇི་ལྟར་མར་མེ་བུམ་ན་ང་གནས།། ཕ་རོལ་ཏུ་འོང ་མི་གསལ་འབུམ་པ་དེ་ཉིད་ཆག་པར་འགྱུར།། དེ་འོག་མར་མེ་གསལ་བར་འགྱུར།། དེ་བཞིན་རང་ལུས་བུམ་པ་ཉིད།། དེ་ཉིད་མར་མེ་ཉིད་ལྟ་བུ།། བླ་མའི་ཁ་ཡིས་ལེགས་བཅག་ནས། ་སྦྱོར་བའི་དེ་ཉིད་སྟོན་པ་ཡིན།། སྦྱོར་བ་དེ་ཉིད་ལ་གནས་ན།། གང་ཚེ་བརྟེན་པ་མི་རྟག་ལ།། གནས་ཤིང་འཇིག་རྟེན་པ་སྤངས་ཏེ།། སྤྱོད་པ་ཐམས་ཅད་བྱས་ནས་ནི།། དེ་ལ་དེ་ཚེ་སངས ་རྒྱས་གཟིགསཿཀུན་དུ་ཐེ་ཚོམ་གཅོད་པ་ཡིས།། རིགས་པས་བྱིས་པ་བཞིན་དུ་སྤྱད།། གང་ཚེ་ཆགས་མེད་རྣལ་འབྱོར་པ།། དེ་ཆེ་ཕུན་སུམ་ཚོགས་འཕེལ་འགྱུར།། སྡིག་པ ་མ་ལུས་ལྡན་པ་དང་།། གཏི་མུག་སྦྲིད་པ་རབ་གནས་པ།། སྨྱོན་པའི་རྣལ་འབྱོར་སྦྱོར་བ་ཡིས།། ཟླ་དྲུག་གིས་ནི་དོན་ཡོད་གྲུབ།། རང་ཉིད་སངས་རྒྱས་ཀུན་མཐོང་ཞིང་།། འདོད།། ་པ་ཀུན་གྱིས་རབ་ཏུ་འགེངས།། ཟག་མེད་གཞོམ་དུ་མེད་པ་དང་།། དང་བའི་སྐུ་ཚེ་འབྱུང་བར་འགྱུར།། བླ་མེད་པའི་བྱང་ཆུབ་མཆོག། འབད་པ་མེད་པར་ཡང་དག་འཐོབ།། འདོད ་པ་ཀུན་གྱི་དག་མོས་རྣམས།། འབང་བྲལ་བས་ནི་འགྲུབ་པར་འགྱུར།། འགྲོ་དང་འདུག་དང་གནས་པ་ནི།། མཆོག་ཏུ་ཟབ་པའི་གནས་ལ་བརྟག། འོད་གསལ་ཡེ་ཤེས་ལམ་མཁན་པ། མཚན ་། ཉིད་རྟོགས་པའི་རྣལ་འབྱོར་པའི།། བསམ་གཏན་སྦྱོར་བ་འདི་ཡིས་ནི།། སེམས་ཀྱི་རིན་ཆེན་བརྟན་པར་འགྱུར།། སངས་རྒྱས་བྱང་ཆུབ་རབ་ཞུགས་པ།། བྱིན་གྱིས ་བརླབ་པའང་མཛད་པར་འགྱུར།། དེ་ལྟར་གྱུར་པས་ཞུགས་ནས་ཀྱང་།། ཇི་སྲིད་སེམས་ནི་མི་སྐྱོ་བར།། མཉམ་བཞག་ཡིད་ནི་བཟང་པོ་དང་།། དེ་ལས་འབད་པས་བསྒོམ་པར་བྱ།། དེ་འོག ་ལ་ནི་ཅི་དགའ་བའི།། སྤྱད་པ་ཡིས་ནི་གཅིག་ན།། ཅུང་ཟད་སྤྱན་ཕྱེ་བའི་མཚན།། བྱང་ཆུབ་རྒྱ་ཆེན་ཐོབ་པར་འགྱུར།། རྒོད་དམ་སྨྲ་འམ་འགུག་པ་འམ།། ལ་ལར་རང་དུ་གར་བྱེད་པར། ་ཇི་སྲིད་སྐྱོ་བར་མི་འགྱུར་བར།། སྒོམ་པའི་སེམས་ལ་ཞེན་པར་བྱ།། དེ་ལྟའི་དམ་ཚིག་ལྡན་གྱུར་ཅིང་།། རྣམ་པར་མི་རྟོག་སྔགས་པ་ཡིས།། དུས་ཀྱི་ངེས་པས་ཡོངས་སྤངས་ནས།། ་བླ་མེད་བྱང་ཆུབ་ཐོབ་པར་འགྱུར།། དཔལ་རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས།། ཤེས་བྱེད་ཀུན་དུ་སྤྱོད་པའི་ལེའུ་སྟེ།། །། བཅུ་དྲུག་པའོ།། །། དེ་ནས་མཁའ་འགྲོ། ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ནས། བཅོམ་ལྡན་འདས་རྡོ་རྗེ་འཛིན་ལ་ཚིགས་སུ་བཅད་པས་བསྟོད་པ།། སངས་རྒྱས་ཀུན་གྱིས་རང་བཞིན་ལས།། བྱུང་བའི་ལྷ་སྟེ་ཁྱོད་མཆོད་པ།། ་སེམས་དཔའ་ཀུན་གྱི་ཕྱག་ཆེ།། མཁའ་འགྲོ་ཆེན་པོ་ཕྱག་འཚལ་ལོ།། གཏི་མུག་ཐམས་ཅད་འོད་གསལ་བ།། མཁའ་འགྲོ་སངས་རྒྱས་ཆེན་པོ་སྟེ།། གཟུགས་སྣང་ཆོས་ནི་རྣམ ་དག་པ།། བདེ་གཤེགས་མཁའ་འགྲོ་ཁྱོད་ཕྱག་འཚལ།། ང་རྒྱལ་ཐམས་ཅད་འོད་གསལ་བ།། མཁའ་འགྲོ་རེ་འདོད་བསྐོང་བ་སྟེ།། སིམ་སོགས་ཆོས་ནི་རྣམ་དག་པ།། རིན་ཆེན ་མཁའ་འགྲོ་ཁྱོད་ཕྱག་འཚལ།། འདོད་ཆགས་ཐམས་ཅད་འོད་གསལག།། སྐྱོན་གྱིས་གོས་མེད་མཁའ་འགྲོ་ཆེ།། མཚན་མར་འཛིན་པ་རྣམ་དག་པ།། པདྨོ་མཁའ་འགྲོ་ཁྱོད་ཕྱག་འཚལ།། ་ཕྲ་དོག་ཆོས་ནི་འོད་གསལ་བ།། མཁའ་འགྲོ་སྣ་ཚོགས་ལས་བྱེད་པ།། མངོན་པར་འདུ་བྱེད་ཆོས་ཀུན་དག། སྣ་ཚོགས་མཁའ་འགྲོ་ཕྱག་འཚལ་བསྟོད།། མཚན་མཆོག་འདི་ཡིས ་ཁྱོད་བསྟོད་པས།། གང་ཟག་དེ་ཡང་བསོད་ནམས་ཚོགས།། ཡེ་ཤེས་ཚོགས་ཚོན་ཡོངས་རྫོགས་ནས།། སངས་རྒྱས་འགྱུར་བར་ཐེ་ཚོམ་མེད།། དེ་ནས་བཅོམ་ལྡན་འདས་རྡོ ་རྗེ་འཛིན་པ་ཆེན་པོས་ཀུན་དུ་བཟང་པོའི་བདེ་བ་ཆེན་པོ་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པའི་བདག་ཉིད་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་མི་ཤིགས་པའི་བཟླ ་བ་བསྐལ་བར་བྱེད་པ་ཞེས་བྱ་བའི་ཏི་ངེ་འཛིན་ལ་སྙོམས་པར་བཞུགས་ཏེ། རང་གི་ཐུགས་ཀའི་མི་ཤིགས་པའི་ཐིག་ལེ་ལས་ཤིན་དུ་དགེས་པ་ཆེན་པོ་ཞེས་བྱ་བའི་འོད་ཟེར་གྱི་ཚོགས། ་ཕྱུང་སྟེ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོ་ཟླ་བའི་ཐིག་ལེའི་དབུས་སུ་རྒྱས་པར་བྱས་ཏེ། ན་མཁའི་དབྱིངས་ཐམས་ཅད་དུ་ཡང་སྣང་བར་བྱས་ནས་སྟེང་འོག ་ཏུ་ཡང་བཞུགས་ཏེ། མ་ལུས་ཤིང་ལུས་པ་མེད་པའི་རི་དང་། སེམས་ཅན་ཐམས་ཅད་ལ་གསལ་བར་བྱས་ནས། ཤིན་དུ་དགེས་པ་ཆེན་པོའི་བདེ་བས་མཉེས་པར་བྱས་ཏེ། སླར ་ལོག་ནས་བཅོམ་ལྡན་འདས་ཤིན་དུ་དགེས་པ་ཆེན་པོའི་མཆོག་གི་ཟླ་བའི་ཐིག་ལེའི་དབུས་ན་བདེ་བཞུག་སོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འོད ་རྡོ། ཟེར་གྱི་ཚོགས་ཀྱི་ཕྲེང་བ་མཆོག་ཏུ་བདེ་བར་འགྱུར་བའི་སྙིང་པོ་དེས་སྐུལ་བ་ན་གར་མཛད་ཅིང་རང་རང་གི་ཏིང་འཛིན་དུ་དམིགས་ནས་བཅོམ་ལྡན་འདས། ་དཔལ་ཀུན་དུ་བཟང་པོའི་ཐུགས་ཀ་ནི་ཟླ་བའི་ཐིག་ལེའི་དབུས་སུ་གསང་བའི་དགེས་པ་ཆེན་པོའི་བདེ་བར་གཅིག་ཏུ་བསྡུས་པར་གྱུར་ཏེ། རང་རང་གི་སྐུ་བུད་མེད་ཀྱི་ཚུལ་དུ་བསྐྱེད ་ནས་བཅོམ་ལྡན་འདས་ཀྱི་ཐུགས་ཁ་ནས་མངོན་པར་གྱུར་ཏོ།། དེ་ནས་མཁའ་འགྲོའི་ཚོགས་དེ་དག་ཐམས་ཅད་རབ་དུ་དགའ་ནས་ཅ་ཅོའི་སྒྲ་ཡང་དག་པར་འབྱིན་ཅིང་། དབྱངས་ཆེན། ་ཕོ་བརྗོད་པར་གྱུར་ཏོ།། ཀྱེ་མའོ་རྡོ་རྗེ་སེམས་དཔའ་ཡི།། རྡོ་རྗེ་ཤིན་དུ་དགེས་ཆེན་པོ།། ཀྱེ་མའོ་ཐབས་ནི་བདེ་བྱེད་ཆེ།། སྣ་ཚོགས་ཡེ་ཤེས་བདེ་བ་ཆེ།། ཀྱེ་མའོ་ཀུན་དུ་བཟང་པོ། ་ཡི།། དགེ་བའི་ཡེ་ཤེས་བདེ་བྱེད་ཆེ།། གང་བདེའི་ཕྱིར་ནི་རིག་མ་ཡི།། པདྨོ་ལ་ནི་གནས་པར་མཛོད།། ཀྱེ་མའོ་རེག་པ་ཤིན་དུ་ཟག། ཤེས་རབ་ཕ་རོལ་ཕྱིན་མ་འདི།། སེམ ་ཅན་ཀུན་ལ་ཤེས་རབ་ཀྱི།། མུན་པ་ཐིབས་པོ་སེལ་བར་མཛད།། ཀྱེ་མའོ་ཐམས་ཅད་ངོ་མཚར་ཆེ།། མཁའ་འགྲོ་འདྲ་བར་གར་མཛད་ཅིང་། རྣམ་པར་སྣང་མཛད་མྱང་བ་དང་།། ་མཉེ་དང་ནི་འཕྲོག་པ་མཆོག། ཀྱེ་མའོ་ཤིན་དུ་རབ་དུ་དགེས།། སྐལ་ལྡན་བསྐལ་སྤྱོད་པ་དང་ནི།། སྣ་ཚོགས་སྐལ་པས་བདེ་བྱེད་ཆེ། སྣ་ཚོགས་རྡོ་རྗེ་ཤིན་དུ་མཛེས།། དེ། ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེའི་འཆང་ཆེན་པོས་ཏི་ངེ་འཛིན་ལས་བཞེངས་ཏེ། འཁོར་གྱི་དཀྱིལ་འཁོར་ལ་རྣཾ་བར་བལྟས་ཏེ་འདི་སྐད་ཅེས་བཀའ་སྩལ་ཏོ།། ་ཨ་ལི་དང་ནི་ཀ་ལི་དང་།། དེ་བྱུང་ཟླ་བ་རྣམ་པ་གཉིས།། མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། གཅིག་ཏུ་གྱུར་པ་མཉེ་ཉིད་དོ།། ས་བོན་མཚན་མར་གྱུར་པ་ནི། སོ་སོར་རྟོག་པ་རངས ་བཤད་དོ།། དེ་བྱུང་སངས་རྒྱས་ཐམས་ཅད་ཀྱིས།། འགྲོ་དོན་བྱེད་པ་བྱ་ནན་ཧ་ན།། གཟུགས་བསྙེན་རྫོགས་པ་ཆོས་དབྱིངས་ཏེ།། ལྷའི་དབང་པོ་སངས་རྒྱས་བསྐྱེད།། དེ་ལ་བར་མས་ཁུ་བ ་བསྐྱེད། བསྐུར་ངས་རང་གི་ལྷར་བསྐྱེད་ནས། བྱིན་གྱིས་བརླབ་པར་བྱ་བ་ནི།། རྒྱུད་རྣམས་ཀྱི་ནི་ཐུན་མོང་ངོ་།། གསང་དང་གསང་ཆེན་ཤིན་དུ་གསང་།། རྣལ་འབྱོར་རྣལ་འབྱོར་ཆེན ་པོ་དང་།། རྗེ་སུ་རྣལ་འབྱོར་ཞེས་བྱ་དང་།། སྟོང་པ་དང་ནི་ཤིན་དུ་སྟོང་།། ཆེན་པོ་སྟོང་པ་ཞེས་བྱ་དང་། དགའ་དང་དགའ་བ་བར་མ་དང་།། དགའ་བྲལ་གྱི་ནི་དགའ་བ་རྣམས།། རྒྱད་རྣཾས ་ཀུན་གྱི་སྤྱི་བོའོ།། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་།། གསང་དང་ཤེས་རང་ཡེ་ཤེས་དང་།། ཁ་འབྱོར་འབྱེད་པའི་ཆོ་ག་དང་།། གཏོར་མ་རྡོ་རྗེའི་བཟླས་པ་དང་།། དྲག་ཤུལ་བསྒྲུབ ་པའི་ཆོ་ག་དང་།། རབ་ཏུ་གནས་དང་དཀྱིལ་འཁོར་བསྒྲུབ།། གསང་བའི་དེ་ཉིད་བཅུ་ཡི་ནོ།། དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་།། སྟང་སྟབས་འདུག་སྟངས་བརྗོད་དང་།། སྦྱིན ་སྲེག་མཆོད་པ་ལས་སྦྱར་ནས།། སླར་སྡུད་པའི་རྣམ་པ་ནི།། ཕྱིའི་དེ་ཉིད་བཅུ་ཡིན་ནོ།། ཡང་དག་དེ་ཉིད་དངོས་པོ་མི་ཤེས་པར།། གསང་སྔགས་སྨྲ་བ་པ་ཡིན་ཞེས་བརྗོད་པོ།། ་དག་མངོན་པའི་ང་རྒྱལ་གསང་སྔགས་ཆོ་ག་ཆད།། དེ་ནི་དམ་ཉམས་འདི་དང་ཕ་རོལ་བརླག། ཉམས་པས་བདུད་ཀྱིས་བཟུང་ནས་ཤི་ནས་དམྱལ་བར་འགྲོ།། སེམས་ཅན་རྣཾས ་1། ལ་རབ་བརྟེན་ཏེ།། བྱང་ཆུབ་དམ་པ་ཐོབ་འགྱུར་བ།། སེམས་ཅན་སླུ་བར་མི་བྱ་སྟེ།། བདེ་གཤེགས་ལས་ལ་སེམས་ཅན་སྦྱར། གང་ཞིག་སྦྱོར་འདི་མི་བཙན ་པས།། རྐང་ལག་མིག་སོགས་སྦྱིན་པ་དང་།། ཀྲ་ཐུབ་ཅི་འདྲ་སྤྲད་བྱས་ཀྱང་།། བདུད་རྩི་རོ་ཐོབ་མི་ནུས་སོ།། རྣལ་འབྱོར་གཅིག་ཅིག་ཤེས་བྱས་ནས།། དབེན་པར་སོང་སྟེ་རབ ་འབད་ན།། སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ།། ཆོས་བདག་མེད་པར་རབ་བསྒོམས་པས།། ཐམས་ཅད་མཁྱེན་པ་ཁོང་དུ་ཆུད།། ཐབས་ཤེས་གཉིས་ཀྱི་འཇོ་སྒེག་གིས།། གསང ་བ་ལྔའི་བདག་ཉིད་མཆོད།། དངོས་པོ་ཐམས་ཅད་དངོས་མེད་པར། བཞི་བཅུའི་དོན་ནི་རྟོགས་པ་དང་།། རྡོ་རྗེ་པདྨ་དབང་བ།། བདུད་རྩི་ཡིས་ནི་དགའ་བར་བྱེད།། གསང་བར་བྱ་བའི་ཆོས ་གསང་བས།། གསང་ཞིང་སྦས་ཏེ་སྤྲད་པར་བྱ།། འདོད་པའི་ཡོན་ཏན་ལྔ་ལ་ནི།། རྣམ་འདུལ་སེམས་པས་བྱ་ཞིང་།། དེ་བཞིན་བཟའ་དང་བཏུང་བྱས་ནས།། སེམས་ཅན་ཐམས་ཅད ་དབང་དུ་བྱེད།། འདི་ལ་ཁྲུས་དང་གཙང་སྦྲ་མེད་དེ་མཆོད་ཕྱིར་ཐོགས་པའང་མེད།། དཀྱིལ་འཁོར་སྤྲིན་བསྲེག་མེད་དེ་དུས་དང་བཟའ་ཚེས་མེད།། གཏོར་མ་ལ་སོགས་བྱ་བར་བྱ་བ་མེད ་དེ་མཆོག་གི་མཆོག་དང་པོ།། རྡོ་རྗེ་སེམས་དཔའི་བསྒྲུབ་པ་ཡང་དག་འདི་ཉིད་ཡིན་ཏེ་བརྩོན་པར་བྱ།། དེ་ནས་མཁའ་འགྲོ་དེ་དག་ཐམས་ཅད་རང་དུ་དགའ་ནས་བཅོམ་ལྡན་འདས་རྡོ་རྗེ ་འཛིན་པ་ཆེན་པོ་ལ་ལེགས་སོ་ཞེས་གསོལ་ཏེ། ལེགསོ་ལེགསོ་བདེ་བྱེད་ཆེ།། ལེག་སོ་ལེགསོ་ཡེ་ཤེས་ཆེ།། ལེ་གསོ་ལེགསོ་བདེ་བ་ཆེ།། ལེགསོ་ལ་གསོ་སྣ་ཚོགས་ཆེ།། ལེགསོ།། ་ལེགསོ་དགེས་པ་ཆེ།། དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོས་ཐུགས་རྗེ་ཆེན་པོའི་ཐུགས་རང་གི་ཐུགས་ཡང་དག་པ་ལ་དམིགས་ནས་ཅང་མི་གསུང་བར་ཞུག་སོ།། ་དཔལ་རྗེ་སྙིང་པོ་རྒྱུན་གྱི་རྒྱུད་ལས་རྣལ་འབྱོར་ཆེན་པོའི་དེ་ཁོ་ན་ཉིད་ངེས་པ་ཞེས་བྱ་བ་དཔལ་ཨུ་རྒྱན་གྱི་གསང་བའི་དགོན་པ་ནས་བྱུང་བ་རྫོགསྷོ།། །། རྒྱ་གར ་གྱི་མཁན་པོ་ཀ་མ་ལྱཱ་ཏ་དང་། བོད་ཀྱི་ལོ་ཙྪ་ང་ཆེན་པོ་མངའ་བདག་ལྷ་ཡེ་ཤེས་རྒྱལ་མཚན་གྱི་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །། ཁ་ཅིག་ནི་རྣལ་འབྱོར ་གྱི་ཡིན་པར་འདོད་དོ།། ཞུས་དག།། དགེའོ།། ། ་