CLOSE WINDOW

F419: lha mo bzhis yongs su zhus pa
Wyliee-texts produced with BDRC’s OCR application

@##།། རྒྱ་གར་སྐད་དུ།། ཙ་ཏུར་དེ་བི་ཏིང་པ་རི་པྲི་ཚ།། བོད་སྐད་དུ། ལྷ་མོ་བཞིས་ཡོངསུ་ཞུས་པ། དཔལ་རྡོ་རྗེ ་སེམས་དཔལ་ཕྱག་འཚལ་ལོ།། ལྷ་མོ་བཞི་དང་ཉམས་ལྡན་ཞིང་།། སངས་རྒྱས་གཟུགས་ཀྱིས་ཉེར་བརྒྱན་པ།། རབ་དུ་དགའ་བའི་སྦྱོར་ཆེན ་ལ་རྡོ་རྗེ་སེམས་དཔའ་རྣམ་བཞུགས་ཏེ།། འོད་ཟེར་མང་པོ་འཁྲིགས་པ་ཡི།། ཆོས་ཀྱི་འབྱུང་གནས་གསང་བ་ལས།། བྱང་ཆུབ་སེམས ་ནི་འཕྲོས་ནས་ནི།། ཆོས་ཀྱི་དབྱིངསུ་ཞུག་པར་གྱུར།། ཞུ་བར་གྱུར་པ་དེ་མཐོང་ནས།། སྤྱན་མས་ཡོངསུ་ཞུས་པར་གྱུར།། བཅོམ་ལྡན་རྡོ་རྗེས ་སེམས་དཔའ་ལ།། འདི་སྐད་ཀྱི་ནི་ཚི་གསོལ་ཏེ།། ཆོས་ཀྱི་དབྱིངས་ལས་འཕྲོ་བ་ནི།། གང་ལས་སྐྱེ་བར་འགྱུར་བ་ལགས།། དང་པོ་ཇི་ལྟར ་འབྱུང་བ་ལགས།། དེ་བཞིན་སླར་འགྲོ་ཇི་ལྟར་ལགས།། ཆ་ཤས་མེད་པ་གང་ཡིན་དེ།། ཆ་ཤས་དང་བཅས་གྱུར་ནས་སུ།། ལུས་སུ ་གྱུར་པ་ཇི་ལྟར་ལགས།། མིག་དང་རྣ་བ་རྣ་དང་ནི།། དེ་བཞིན་ལྕེ་དང་ལུས་དང་ཡིད།། དབང་པོ་ཕུང་པོ་འབྱུང་བ་ལས།། ཁམས་རྣམས་ནི ་ལྷ་མོ་བནི་@#། འཇུག་པ་དང་།། མ་རིག་སྲེད་པའི་བག་ཆགས་ལས།། ཉོན་མོངས་འདོད་ཆགས་སོགས་པས་བཅིངས།། རྣམ་པར་ཤེས་པ་སྣ་ཚོགས་པ།། ཇི་ལྟར་གོད ་བུར་གྱུར་པ་ལགས།། དངོས་པོ་མེད་པར་བསྒོམ་པའི་གཟུགས་སྩོགས་ཡུལ་གྱི་མཚན་ཉིད་རྣམས།། རང་བཞིན་མེད་ཅིང་དམིགས་མེད་པ།། དམིགས་པ་དང་བཅས་ཇི་ལྟར་འགྱུར། ་ངོ་མཚར་ཆེན་པོ་དེ་དག་ལ།། བདག་གི་ཐེ་ཚོམ་ལྷས་བཀའ་སྩོལ།། དེ་ལྟར་ཞུས་མ་ཐག་ཏུ་ནི།། བཅོམ་ལྡན་རྡོ་རྗེ་སེམས་དཔས་གསུངས།། ཤེས་རབ་ཟབ་པ་ཟད་མེད་པ། ་ཉོན་གཅིག་སྤྱན་མ་བཤད་པར་བྱ།། དཔྱད་དུ་མེད་ཅིང་ཤེས་བྱ་མིན།། དེ་བཞིན་རྟོག་གེ་པས་ཤེས་དཀའ།། སངས་རྒྱ་སཱ་གྱི་གེསང་ཆེན་ནི།། ན་མཁའ་ན་མཁའི་སྤྱོད་ཡུལ་ལོ།། ། ་མི་ཤེས་མུན་པས་བསྒྲིབ་པ་ཡི།། ཉན་ཐོས་རྣམས་ཀྱིས་ཤེས་པ་མིན།། ངག་ཆགས་དབང་གིས་ཤེས་པ་ནི།། རང་སངས་རྒྱས་དང་སྤྲུལ་པ་སྟེ།། དེ་དག་ཀུན་གྱིས་ཀྱང ་མི་ཤེས།། ཤེས་མེད་སོ་སོའི་སྐྱེ་བ་ཡིས།། མ་འོངས་པ་དང་འདས་པ་དང་།། ད་ལྟར་བྱུང་བའི་དུས་གསུམ་ལ།། བག་ཆགས་ལས་བྱུང་བྱོལ་སོང་དང་།། དུད་འགྲོ་ཡིད ་བཏགས་སྐྱེས་པ་རྣམས།། དེ་ཀུན་གྱིས་ཀྱང་མི་ཤེས་ཏེ།། གསང་ཆེན་སངས་རྒྱས་སྤྱོད་ཡུལ་ལོ།། སྙིང་པོ་ལས་ནི་སྙིང་པོ་མཆོག། སངས་རྒྱས་ཀུན་གྱི་གསང་བ་ནི།། ་གང་དེ་ཐམས་ཅད་བདག་ཉིད་གནས།། དུད་ལྷ་མོ་དེ་ནི་བཤད་པར་བྱ།། བྱང་ཆུབ་སེམས་དག་འོད་གསལ་བ།། ཟླ་བ་ཤེལ་དང་མཉམ་པའི་འོད།། ཡེ་ཤེས་ལྔ་ཡི་དངོས་ཉིད་དེ།། ་ཉུངས་ཀར་ཆེན་པོའི་འབྲུ་ཚེད་ཙམ།། དེ་ཡི་དབུས་ན་གནས་པའི་ལྷ།། མི་གསལ་གསལ་བའི་བདག་ཉིད་ཅན།། ཤིན་དུ་ཕྲ་བ་ཕྱེད་ཚད་ཙམ།། ཡིད་ཀྱིས་རང་བཞིན་ཐིག་ལེའི ་གཟུགས།། རྟག་ཏུ་སྙིང་གི་དབུས་གནས་པ།། འོད་ཟེར་ཆེན་པོ་འབར་བ་ཅན།། ཇི་སྙེད་དགུའི་བར་དུ་ནི།། དཔྲལ་བ་ལ་གསང་དགའི་མཐར།། ཐིག་ལེ་དེ་ཁོ་ནར་བསྡུས་ཏེ། ་ལྟེ་བའི་དབུས་སུ་རྣམ་གནས་པ།། ཆ་ཤས་ལྔ་པ་ཅན་ཡིན་ཏེ།། བཅུ་གཉིས་ཀྱི་ནི་ཐ་མ་ལ།། ཆ་དྲུག་གིས་ནི་མཚན་མ་ཉིད།། ན་དས་ཐོག་ལེས་བརྒྱན་བྱེད་པ།། རྡོ་རྗེའི་ལམ་ན ་བྱུང་ནས་ནི།། ས་བོན་སྐྱེས་གས་དབུ་སོང་སྟེ།། ཆོས་ཀྱི་དབྱིངས་སུ་ཞུ་བར་བྱེད།། དེ་ནི་རིམ་གྱིས་བྱུང་གྱུར་ནས།། སྒོ་དགུ་ལས་ནི་ཀུན་དུ་འགྲོ།། ཁྱབ་བྱ་ཁྱབ་བྱེད་འགྲོ་ཀུན ་དང་།། བརྟེན་དང་གཡོ་བ་ལ་སོགས་བཅས།། ཚངས་སོགས་ལྷ་དང་ལྷ་མིན་གྱི།། རྟེན་ནི་དེ་ལས་བྱུང་བའོ།། གང་དུ་གཙོ་བོ་རྒྱུ་བྱེད་པ།། ས་དང་ན་མཁའ་དེ་ཞེས་གསུང་།། ་ཇི་སྙེད་ལུས་ལ་གནས་བར་དུ།། དེ་ཡིས་ལས་དང་སྨིན་བྱེད།། གེ་དང་མི་དགེའི་བསམ་པ་དང་།། བྱ་བའི་ལས་ནི་བྱེད་པ་ཡིན།། རྟག་ཏུ་རྣལ་འབྱོར་དེ་གསུངས་ཏེ།། ་མཆོད་དང་བསྒོམ་པར་འགྱུར་བ་ཡིན།། གང་ཚེ་ལས་ཀྱིས་ལུས་ཞིན།། དེ་ཚེ་རང་གི་ནུས་པ་ཡིས།། དེ་འདྲེའི་ལུས་སུ་དེ་འགྱུར་ཏེ།། གང་གིས་བརྟན་དང་གཡོ་བ་ཁྱབ། ་ནམ་མཁའ་མཉམ་པ་ཉིད་འདྲ་བར།། དེ་ནི་གནས་པར་ཤེས་པར་བྱ།། བཅུ་གཉིས་མཐོང་བའི་ཚིག་གི་དོན།། གང་གིས་རྟག་ཏུ་བསྒོམ་བྱས་ན།། ། དེས་ནི་དངོས་གྲུབ ་མ་བའིས@རྒྱས་པ་ཡི།། རྡོ་རྗེ་འཛིན་པར་བདག་ཉིད་འགྱུར།། སོ་དང་མཆུ་དང་རྐན་དང་ལྕེ།། གཡོ་བ་གང་ལ་ཡོད་པ་དེ།། དེ་ལ་ཡི་གེ་ག་ལ་ཡོད།། ་དེ་ལ་འཕེལ་དང་འགྲིབ་པ་དང་།། བརྗོད་དང་ཐེ་ཚོམ་ཡོད་མ་ཡིན།། དབྱངས་དང་གསལ་བྱེད་རྣམ་པར་སྤངས།། རང་གི་ཕྱི་ནང་དེ་ཉིད་ནི།། བྱང་ཆུབ་སེམས་སུ་འདིར ་གསུངས་སོ།། ལྷ་མོ་བཞིས་ཡོངས་སུ་ཞུས་པ་ལས།། སྤྱན་མས་ཞུས་པའི་ལེའུ་སྟེ་དང་པོའོ།། ་དེ་ནས་ལྷ་མོ་མཱ་མ་ཀིས།། རྡོ་རྗེ་ཅན་ལ་འདི་སྐད་ཞུས།། བྱང་ཆུབ་སེམས་ཀྱི་ངེས་པའི་རིམ།། མགྲིན་སྙིང་ལྟེ་བ་གསང་བ་ལ།། འགྲོ་དང་འོང་བ་ངེས་བསྟན་པ།། ་རྡོ་རྗེ་འཆང་གིས་བཀའ་སྩལ་འཚལ།། ཆ་ཡང་རྣམ་པ་དུ་ཞིག་གསུངས།། གནས་ཀྱི་རྣམ་པར་བསྒྱུར་བའང་འདུག། ཁ་དོག་རྣམ་པ་དུ་ཞིག་གསུངས།། དེ་བཞིན་གདན ་ཡང་ཇི་ལྟར་གསུངས།། རྡོ་རྗེ་འཆང་གིས་བཀའ་སྩལ་བ།། ཆ་བཞི་དང་ནི་མཉམ་ལྡན་ཞིང་།། པད་མ་བཞི་ལ་ཡང་དག་གནས།། སྙིང་གི་པད་མ་ལ་གནས་གནག། ་ཁའི་པད་ལ་གནས་དཀར།། ནང་ལྟེ་བའི་པད་མར་གནས།། གསང་བའི་པང་མ་མིའི་ན་ད་མཐའ།། འགྲོད་བྱའི་མཐའ་རུ་འགྲོ་བྱས་ནས།། ཐིག་ལེར་སྦྱོར་བ་ར ་དུ་གནས།། སྣོམ་བྱེད་མ་དང་ཐོས་བྱེད་གང་།། མཐོང་བྱེད་པ་དང་ཟ་བྱེད་གང་།། རེག་བྱེད་དེ་ཚེ་དེ་ཁོ་ནས།། བདེ་དང་སྡུག་བསྔལ་ཚོར་བྱེད་དང་།། རྒོད་པ ་རིགས་དང་། ་བྱེད་དང་ཟློས་བྱེད་གང་།། དེ་བཞིན་ཆུ་མེ་དང་དུ་བ།། འབེབས་དང་གཅོད་པ་དེ་ཁོ་ནས།། ཆོ་ག་རྣམ་པ་མང་པོ་ཤེས།། རྒྱལ་པོའི་དོན་ཡང་བྱེད་པར་འགྱུར ་དབང་ཕྱུག་དོན་ཡང་དེ་བཞིན་ཏེ།། བྲམ་ཟེ་རྒྱལ་རིགས་དང་།། དམངས་རིགས་སྨད་པའི་རིགས་རྣམས་དང་།། བུད་མེད་དུ་མ་སྤྲུལ་པར་བྱེད།། དུད་འགྲོ ་ཡིད་བཏགས་སྐྱེ་བོ་དང་།། གཟུགས་ཅན་དང་ནི་གཟུགས་མེད་དང་།། དེ་བཞིན་འདོད་པའི་སྲིད་རྣམས་སུ།། འབྱུང་བ་ཐམས་ཅད་བསྐྱེད་བྱེད་པ།། དེ་ཁོ ་ཉིད་སྒྱུ་མའི་གནས།། མོ་གཟུགས་དང་ནི་ཕོའི་གཟུགས་རྣམས།། བདྲེ་བ་ཆེན་པོའི་གོ་འཕངས་གནས།། དེ་ཉིད་དེ་ལྟར་ཤེས་པ་དང་།། མི་འགྱུར་དམ་པ ་ཤེས་པ་གང་།། དེས་ནི་གསའ་ཆེན་ཤེས་པ་སྟེ། ཀུན་གྱི་བདག་ཉིད་གནས་པ་གང་།། ཁ་དོག་མེད་དང་ཁ་དོག་དམར།། ཁ་དོག་དཀར་ལ་སེར་བ་ཡི།། ་ཐིག་ལེའི་གཟུགས་སུ་གྱུར་པ་དེ།། འགྲོ་དང་འོང་བ་རྣམ་པར་བསྟན།། སྒྱུ་མ་ཆེན་མོའི་རིགས་པ་གང་།། སྣ་ཚོགས་གཟུགས་བཅས་མཐའ་ཡས་པ། ་སྤྲོས་དང་བསྡུ་དང་འཇིག་པ་ལ།། ཐིག་ལེའི་གཟུགས་ཀྱིས་རབ་དུ་འཇུག། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་།། སྟོང་ཕྲ་བརྒྱ་ནི་ཤིས་ན་ཡང་།། གང་གིས ་དེ་ཉིད་མི་ཤེས་པ།། དེའི་ཐམས་ཅད་འབྲས་བུ་མེད།། བཅུ་གཉིས་ལྔ་པའི་ལྔ་པ་འང་།། བརྒྱད་ཀྱི་མཐའ་ལ་འབྱུང་བ་བསྡུས།། ཡི་གེའི་སྒོར་གྱུར་དང ་ལྷ་མོ་སཔོའི་ཨ། ལྔ་པ་ཡིས་ནི་ཡང་དག་བརྒྱན།། སྙིང་རྗེ་ཆེན་པོ་ལས་བྱུང་བ།། དྲུག་པས་བལྟས་པའི་ཁ་མར་བསྟས། ་ཐོག་མ་ཐ་མ་མེད་པའི་ལྷ།། དེ་ནི་སྤྱི་བོར་བསྟན་པ་ཡིན།། གསང་བ་དམ་པ་དེ་དག་ནི།། ལྷ་མོ་ང་ཡིས་རབ་དུ་བསྟན།། ལྷ་མོ་བཞིས་ཞུས་པ་ལས།། ་ལྷ་མོ་མཱ་མ་ཀིས་ཞུས་པ་སྟེ།། ལེའུ་གཉིས་པའོ།། །། དེ་ནས་ལྷ་མོ་གོས་དཀར་མོས།། ཡན་ལག་ཀུན་གྱིས་བྱ ་བྱས་ནས།། སྙིམ་པ་ཐལ་མོ་སྦྱར་བྱས་ཏེ།། རྡོ་རྗེ་སེམས་དཔའ་ལ་ཞུས་པ།། ཆོས་ཀྱི་དབྱིངསུ་བསྡུ་བ་དང་།། སྐུ་གསུངས་ཐུགས་ཀྱི་རྡོ་རྗེ་ནི།། རང་བཞིན ་ཉིད་ནི་ཇི་ལྟར་ལགས།། ལྷའི་དབང་ཕྱུག་ཁྱོད་ལ་ཞུས།། གང་གིས་འོད་ཀྱི་གོང་བུ་བསྡུས།། རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས།། གསུངས་ཤིག་དེ་ཉིད ་ཡིག་འབྲུའི་ཚོགས།། འདུས་པ་ཇི་ལྟར་གྱུར་པ་ལགས།། ཆུའི་ཁམས་དང་མེའི་ཁམས།། ཇི་ལྟར་རོ་ནི་མཉམ་པར་འགྱུར།། མ་ལས་སྐྱེས་པ་གསུམ ་ཙམ་སྟེ།། དེ་བཞིན་པ་ལས་སྐྱེས་པ་གསུམ།། དེ་དག་དྲུག་སོགས་གོང་བུ་ལས།། ཇི་ལྟར་མི་རྣམས་སྐྱེས་པ་ལགས།། སངས་རྒྱས་གཟུགས་ནི་བདག་མི ་འཚལ།། ཐུབ་པ་ཆེན་པོས་བཀའ་སྩལ་མཛོད།། ཐུབ་པ་ཆེན་པོས་བཀའ་སྩལ་མཛོད།། རྡོ་རྗེ་ཅན་གྱིས་བཀའ་སྩལ་པ།། གསང་བ་ལས་ཀྱང་གསང་གྱུར་པ། ་ཉོན་ཅིག་ལྷ་མོ་བཤད་པར་བྱ།། སྐྱེ་གནས་དབུས་དང་རྩ་གཉིས་ཏེ།། གཡོན་དང་དེ་བཞིན་གཡས་པ་སྟེ།། གཡོན་ན་བྱང་ཆུབ་སེམས་ཞེས་བྱ།། གཡས་ན་དེ ་བཞིན་རབག་ཏའོ།། གཉིས་ཀ་འདུས་ནས་གཅིག་གྱུར་པ།། ཆོས་ཀྱི་དབྱིངསུ་འདས་པ་ཡིན།། སྙིང་སྟོབས་ལུས་ཏེ་རྡུལ་ནི་ངག། གཟུགས་ནི་སེམས་ཀྱི་ངོ་བོ་ཉིད།། ་སྙིང་སྟོབས་ཁྲག་དང་རྡལ་བྱང་སེམས།། མུན་པ་ཉིད་ལ་བསྐྱེད་པ་ཡིན།། རྡོ་རྗེ་པད་མོ་མཉམ་སྦྱོར་བས།། བསྒོམས་པས་རོ་མཉམ་པར་འགྱུརརོ།། དྲི་ཆེན་ཆུ་དང ་ལུང་པ་ཁྲག། ལྔ་པ་ཉིད་ནི་བྱང་ཆུབ་སེམས།། བདུད་རྩི་ལྔའི་དངོས་གོང་བུ་ལ།། དེ་ལ་རྡོ་རྗེར་འདིར་གསུང་སོ།། ཆ་གཉིས་པ་དང་དགུ་པ་ཡང་བརྗོད་ཅིང་།། སུམ ་བཅུ་བཅུ་པ་ལྔའི་ས་བོན་ཉིད།། ཆ་དང་གཉིས་མེད་ལྔ་པ་དྲག་པར་འབྲེལ།། འབྱུང་བ་འདི་ནི་ཐིག་ལེ་ཞེས་བརྗོད་དོ།། སྐྱེ་གནས་པད་མ་ལ་གནས་པ།། ཡི་གེ ་བྷཾ་དང་ཆོས་ཀྱི་དབྱིངས།། ས་བོན་དེ་ཉིད་སྭ་ཧཱ་མཐའ།། བསྡུས་པ་ཡིན་པར་མངོན་པར་བརྗོད།། ཆུའི་ཁམས་ནི་ཕ་ལས་སྐྱེས།། མེའི་ཁམས་ནི་མ་ལས ་སྐྱེས།། ལྤགས་པ་ཤ་དང་ཁྲག་རྣམས་ནི།། མ་ལས་སྐྱེས་པ་ཞེས་བརྗོད་དོ།། རྒྱུསྲ་པ་རྐང་དང་ཁུ་བ་རྣམས།། པ་ལས་སྐྱེས་ཞེས་བརྗོད་པ་ཡིན།། འདི་དག་ཙམ ་དུ་བསྟན་པ་ཡི།། གོང་བུར་ཡང་དག་བསྡུས་པ་ནི།། གཟུགས་དང་ཚོར་བ་འདུ་ཤེས་དང་།། འདུ་བྱེད་དང་ནི་རྣམ་ཤེས་ཉིད།། སངས་རྒྱས་ལྔའི་རང་བཞིན་དངོས།། ཕུང་པོ་ཞེས ་ལྷ་མོ་བསུས་། བྱ་བཤད་པའོ།། ལྷ་མོ་བཞུས་པ་ལས།། ལྷ་མོ་གོས་དཀར་མོས་ཞུས་པའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་ཞལ་ནི་ར་བ་བཞད་ནས།། བཅོམ་ལྡན་འདས ་མ་སྒྲོལ་མ་ཡིས། རྡོ་རྗེ་སེམས་དཔའ་ལ་ཞུས་པ།། ཆོས་ཀྱི་དབྱིངས་ཀྱི་བསྒྲུབ་པའི་ཐབས།། རྡོ་རྗེ་ཆེན་པོས་བཤད་དུ་གསོལ།། རྫས་རྣམས་བསྒྲུབ་པའང་བཀའ་སྩལ་འཚལ།། ་དེ་བཞིན་རིག་པའི་སྔགས་རྣམས་དང་།། དཀྱིལ་འཁོར་རྣམས་དང་རྟོག་པ་དང་། སྦྱིན་སྲེག་སོ་སོར་བྱ་བ་དང་།། མཆོད་པའི་ཆོ་ག་དེ་བཞིན་ཏེ།། ཐམས་ཅད་མ་ལུས་བཀའ ་སྩལ་འཚལ།། དེ་ལྟར་ལྷ་མོས་ཞུས་པ་དང་།། རྡོ་རྗེ་སེམས་དཔས་བཀའ་སྩལ་པ།། ཆོས་ཀྱིས་དབྱིངསུ་བསྒྲུབ་པའི་ཐབས།། ཉོན་གཅིག་ལྷ་མོ་བཤད་པར་བྱ།། གཟུག ་དང་སྒྲ་དང་དྲི་དང་ནི།། རོ་དང་རེག་པ་ཉིད་ལ་སོགས།། ཁམས་བཅཝོ་བརྒྱད་པོ་དེ་དག་ཀྱང་།། ཆོས་ཀྱི་དབྱིངས་ཞེས་བྱ་བར་བརྗོད།། དེ་དག་ཉིད་ལས་བྱུང་བ་ནི།། བྱང ་ཆུབ་སེམས་ཞེས་བརྗོད་པ་ཡིན།། བྱང་ཆུབ་སེམས་ལས་གོང་བུ་སྐྱེ།། གོང་བུ་ལས་ནི་ཡིད་འབྱུང་ལ།། ཡིད་ལས་ཀྱང་ནི་ན་མཁའི་ཁམས།། ཁམས ་རྣམས་དང་ནི་སྐྱེ་མཆེད་དང་།། དབང་པོ་ཕུང་པོ་འབྱུང་བ་རྣམས།། འདི་ལྟར་དབྱིངས་སུ་བསྡུ་བ་སྟེ།། བསྡུ་བ་དེ་ནི་བརྟན་བྱས་ན།། ཆོས་ཀྱི་དབྱིངསུ་བསྒྲུབ་པ་ཡིན། ་དེ་ཕྱིར་ནན་ཏན་ཐམས་ཅད་ཀྱིས།། བསྒྲུབ་པ་ཡང་དག་བརྩམ་པར་བྱ།། རྟོག་པ་ཇི་བཞིན་རྗེས་འབྲངས་ནས།། བསྒྲུབ་པར་བྱ་བ་རབ་དུ་བརྟག། ཆོས་དབྱིང་བསྒྲུབ ་པ་བཤད་ནས་ནི།། རྗེས་བརྒྱད་ཡན་ལག་བསྒྲུབ་པ་བཤད།། རི་ལུ་མིག་སྨན་དངོས་གྲུབ་དང་།། ས་འོག་རལ་གྲི་དངོས་གྲུབ་དང་།། མཁའ་སྤྱོད་དང་ནི་མིག་སྨན་དང་།། འཆི།། ་བ་མེད་དང་ནད་འཇོམས་དང་།། མི་དང་གླང་པོ་ཆེ་དང་རྟན། གླང་དང་ཁྱི་དང་བོད་བུ་དང་།། རྔ་མོ་མ་ཧེ་སྤུད་ཁུ་རྣམས། ཆ་མཉམ་པར་ནི་བྱས་ནས་ནི། མཐེ་བོང་ཚིགས ་ཚད་ཙམ་དུ་ནི།། ཤིན་དུ་མཉམ་པར་བཞག་པས་སྦར།། དྲི་ཆེན་ཆུ་དང་ཁྲག་དང་ནི།། ཤུ་ཀྲ་ནས་ཀྱི་ཚད་ཙམ་ནི།། གསང་སྔགས་བཟླས་ནས་སྦྱང་བྱས་ཤིང་།། བྱིན ་གྱིས་བརླབ་པར་བྱས་ནས་ནི། ཕྱག་འཚལ་དང་ནི་ཡི་གེ་ཨ།། ཧཱུཾ་ཉིད་དབུས་སུ་བྱས་ནས་ནི།། འབར་ཞིང་འབར་བའི་ཡི་གེ་ཧྲི་ས།། དགུ་པོ་དེ་ནི་རབ་དུ་འགྲུབ།། ལན་ནི་ཉི ་ཤུ་རྩ་གཅིག་ཏུ།། སྔགས་བཟླས་ནས་ནི་ཕྱེ་མར་བཏག། ཉུངས་ཀར་ལྔའི་ཚད་ཙམ་ནི།། ལྔ་དང་ལྔ་ནི་སྦྱར་བར་བྱ།། ཚེས་བརྒྱད་དང་ནི་བཅུ་བཞི་ལ།། རི་ལུ་དག་ནི ་བྱས་ནས་ཀྱང་།། པད་མའི་སྣོད་དུ་བཞག་བྱས་ལ།། སྟོང་ཕྲག་བརྒྱད་ནི་བཟླས་ནས་ཀྱང་།། ཉིན་རེ་བཞིན་དུ་ལོངས་སྤྱོད་བྱ།། ཐུན་བཞིར་བསྒོམ་པ་བྱས་ནས་ནི།། ་དེ་ནི་བསྐལ་བའི་མཐའ་ཡི་བར།། དངོས་གྲུབ་ཡངས་པ་ཐོབ་པར་འགྱུར།། གཟི་རྗིད་མདངས་དང་སྟོབས་བརྩོན་འགྲུས།། སྨོན་ལམ་ཡང་ནི་ལྔ་པ་སྟེ། ་རི་ལུ་ཆེན་པོ་ཟོས་ན་ནི།། མངོན་པར་ཤེས་པ་ལྔ་ཡང་འཐོབ།། རྫས་ཀྱི་བསྒྲུབ་པ་གསུངས་ལགས་ན།། རིག་པའི་སྔགས་རྣམས ་བདག་ལ་སྩལ།། མིག་མ་དང་གི་གེ་བས།། མིགེ་བས་ནི་དབུས་སུ་གནས།། དང་པོའི་ཁ་དོག་དམར་པོ་སྟེ།། གཉིས་པའི་ཁ་དོག་དཀར་པོའོ།། གསུམ ་བ་ཁ་དོག་གསེར་པོ་ནི།། བྷ་གིའི་དབུས་བསྒོམ་པར་བྱ།། འཁོར་ལོ་ལྟར་ནི་འཁོར་བ་རུ།། ཉིན་ཕྱད་དང་ནི་མཚན་ཕྱེད་ན།། རིག་པ་དེ་ལ་རབ་སྦྱར་ན།། དེའི་སྐད་ཅིག་ལ་འགྲུབ་འགྱུར། ་ལྷ་མོ་ལྷ་མིན་བུ་མོ་འམ།། མིའི་བུ་མོ་རྣམ་པ་བཞི།། སའི་དཀྱིལ་འཁོར་ཀུན་ཏུ་ནི།། ཡིད་ཀྱི་བཀུག་ལ་སྤྱད་པར་བྱ།། བསྒོམ་པ་དེ་བཞིན་རིག་པའི་སྔགས།། ང་ཡིས་ཇི་ལྟ་བ་བཞིན ་གཤེགས།། དཀྱིལ་འཁོར་རྣམས་ནི་བཤད་པར་བྱ།། དགའ་བརྩེ་གཅིག་སེམས་ཀྱི་ཞོན།། ལུས་ཀྱི་དཀྱིལ་འཁོར་ཞེས་གསུང་དང་།། བྷ་གའི་དཀྱིལ་འཁོར་གསུངས་པ་དང་། ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ།། དཀྱིལ་འཁོར་གསུམ་དུ་རྟག་པར་བྱ།། གཙོ་བོ་གང་དུ་རྒྱུ་བྱེད་པ།། བརྟགས་པ་རྣམས་དང་འགྲོགས་པ་སོ།། ཕུང་པོ་རྣམས་ནི ་སངས་རྒྱས་གསུང་།། འབྱུང་བ་རིག་མར་བཏགས་པ་ཡིན།། དྲེག་པ་ལྕག་ཀྱུ་ཁོ་ནའོ།། ཞགས་པ་པདྨར་ཞུགས་པའོ།། ཁ་ཕྲད་པ་ནི་འགྲོག་ཡིན་ལ།། སྒྲ་གྲགས་པ་ནི་དྲིལ ་བུཾ་ཡིན།། སྤོས་ནི་དྲི་ཆེན་ཞེས་བསྟན་ལ།། པདྨ་རག་ཏ་ཞེས་དྲན་བྱ།། མར་མེ་ཤ་རྣམ་ཁོ་ནའོ།། ཁུ་བ་དྲི་ཞེས་བྱ་བར་ཤེས།། སྒེག་མོ་ལིང་ཀར་བསྟན་པ་སྟེ།། ཕྲེང་བ་མ་ནི་བྷ ་ག་ཡིན།། གླུ་མ་ཧ་ཧ་ར་བསྟན་པ་སྟེ།། ཁ་སྦྱོར་གར་མཁན་མར་བསྟན་ཏོ།། བཅོམ་ལྡན་འདས་བཟང་པོར་གསུངས།། དེར་རྟག་པ་ནི་སྐལ་བཟང་ཡིན།། རྟགས་པ་དེ་ནི་བྱམ ་གསོགས།། གང་ཚེ་དེ་ལྟར་གང་བརྟགས་པ།། ནང་གིང་བདག་ཉིད་གསུངས་པ་ཡིན། དཀྱིལ་འཁོར་གཞན་ནི་སྔར་བསྟན་ཟིན།། སྦྱིན་བསྲེག་ལས་ནི་བསྟན་པར་བྱ། སྦྱིན། ་བསྲེག་རྣམ་བཞི་མཉན་པར་གྱིས།། སྦྱིན་བསྲེག་ཕྱི་དང་ནང་གསུངས་ཏེ།། ཕྱི་ཡི་སྔོན་དུ་བསྟན་པ་ཡིན།། ནང་གི་བདག་ཉིད་ཅན་ཉོན་ཅིག། པདྨའི་ཁ་སྦྱོར་རྣམ་པ་བཞི།། ་ལུས་ཀྱི་དབུས་སུ་ཉེ་བར་གནས།། མེ་དོང་དེ་བཞིན་རླུང་དང་ནི།། དབང་ཆེན་དང་ནི་དེ་བཞིན་དུ།། རླུང་གིས་མེ་ནི་སྔར་བྱེད་པ།། དེར་ནི་ཆུ་གང་འཚེད་པར་བྱེད།། དབང་ཆེན་དཀྱིལ ་འཁོར་གནས་སུ་ནི།། གང་དུ་མེ་ནི་རྒྱུ་བ་ལས།། ཡི་གེར་ནི་མངོན་སྤྱོད་ལ།། དབང་གི་ལས་ལ་ཡི་གེ་ཡེ།། ཡི་གེ་ལ་ཡིས་རྒྱས་པ་ལ།། ཡི་གེ་བ་ཡི་ཞི་བར་བསྟན།། བཟའ་བ་དང ་ནི་བཏུང་བ་རྣམས།། གང་ཅིའང་རུང་བ་ཆུའི་དཀྱིལ་འཁོར། བཟའ་བ་ཁ་ཡི་པདྨ་ལས།། སྙིང་ཁའི་པདྨར་ཡང་དག་བཞུག། ལྟེ་བའི་པདྨར་ཕྱིན་འོག་ཏུ།། ཁ་སྦྱར་བའི་སྦྱོར་བ ་ཡིས།། གསང་བའི་པདྨ་ལས་བྱུང་བ། ཐལ་བའི་མཐར་ཐུག་རྣམ་པར་བསྟན།། དེ་ལྟའི་སྦྱིན་བསྲེག་ངས་བསྟན་པ།། ཉི་ན་རེ་བཞིན་དུ་བྱས་ནས་ནི།། རྟག་པར་རྒྱུན་དུ་ཟས ་ཟོས་ན།། ཚེ་འདི་ཁོ་ན་འགྲུབ་པར་འགྱུར། རྒས་པ་མེད་ཅིང་ནད་ཀྱང་མེད།། དུག་ལ་སོགས་པས་མི་འཆིལ།། དེ་ནི་དུས་མིན་འཆི་མི་འགྱུར།། འཆེ་བ་ཐམས་ཅད་རྣམ་འཛིན ་འགྱུར།། རྨི་ལམ་ངན་སྤང་ཞིང་།། བ.རང་པོ་བྲཀྲིལྔ་པར་གསོན་པར་འགྱུར།། མཐོང་བ་ཙམ་གྱི་བསྐུལ་བ་ཡིས།། སེམས་ཅན་ཐམས་ཅད་དགའ་བས་སྒྲ། སྦྱིན་བསྲེག ་ལྷ་མོ་བཙུས་#། ལ་ནི་བསྟན་ཟིན་ནས།། ལྷ་མོས་མཆོད་པ་བསྟན་པར་བྱ།། དྲི་དང་མེ་ཏོག་ཕྲེང་བ་དང་།། སྤོས་དང་ཞལ་ཟས་བཤོས་གཙང་གིས།། དབང་པོ་གཉིས་ནི་མཉམ ་སྦྱོར་བས།། བདག་ལ་མཆོད་པ་རྣམས་བྱ་ཞིང་།། སེམས་ཅན་རྣམས་ཀྱང་སངས་རྒྱས་ཉིད།། སངས་རྒྱས་ཀུན་གྱི་གནས་གྱུར་པས།། དེ་བས་འབད་པ་ཐམས་ཅད་ཀྱིས།། ་རྣལ་འབྱོར་པས་ནི་རྟག་ཏུ་མཆོད།། བྱ་བའི་ལས་རྣམས་གང་ཅིའང་རུང་།། རྣལ་འབྱོར་པ་ཡིས་མཆོད་པར་བསྒོམ།། ཟས་དང་བཏུང་བ་དེ་བཞིན་གོས།། དྲི་དང་ཕྲེང་བའང ་དེ་བཞིན་ཏེ།། རིག་མའི་བཞི་རྣམ་བརྒྱན་པས།། བདག་ཉིད་ལྷར་ནི་གསལ་བར་བྱ།། རྡོ་རྗེ་འཆང་གིས་དེ་གསུང་ནས།། མི་གསུང་བར་ནི་རྣམ་པར་གནས།། དེ་ནས་ལྷ་མོ ་བཞིས་ལག་ཐལ་མོ་སྦྱར་བ་བྱས་ནས།། ཞལ་འཛུམ་པ་དང་བཅས་པས་རབ་དུ་དང་བའི་ཡིད་ཀྱིས་རྣམ་པར་རྟོག་པ་ཐོབ་ནས། ཅང་མི་གསུང་བར་གྱུར་ཏོ།། ལྷ་མོ་བཞིས ་ཞུས་པ་ལས། ལྷ་མོ་སྒྲོལ་མས་ཞུས་པ། གསང་བ་ཐམས་ཅད་ཀྱི་མཆོག་གི་ལེའུ་སྟེ་བཞི་པའོ།། །། གསང་བ་ཐམས་ཅད་ཀྱི་མཆོག། དམ་པའི་གསང་ཆེན་ཞེས ་བྱ་བའི་རྒྱུད།། ལྷ་མོ་བཞིས་ཆོས་ཀྱི་དབྱིངས་ཞུས་པ།། དཔལ་ཨུ་རྒྱན་གྱི་ཡུལ་ནས་བྱུང་བ།། རྣལ་འབྱོར་གྱི་མ་ཆེན་མོ་དེ་ཁོ་ན་ཉིད། རྫོགས་སྷོ།། ལོཙྪ ་དགེ་སློང་ཚུལ། ཁྲིམས་རྒྱལ་བས་བསྒྱུར་ཅིང་ཞུས་པ།། ཞུས་དག། དགེའོ།། བཀྲ་ཤིས་པར་གྱུར།། ་