CLOSE WINDOW

F416:
Wyliee-texts produced with BDRC’s OCR application

དེ་ནས་བྱངས་པ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབང་བསྐུར་བའི་སྐུ་དང་གསུང་དང་ཐུགས ་ཀྱེ་གསང་བ་བསྟན་པ་ལ་དངོས་པོ་ཐམས་ཅད་ཇི་ལྟ་བ་དང་། དུས་ཇི་ལྟ་བཞིན་དུ་མཐོང་ཞིང་ཐོས་པ། ཁོང་དུ་ཆུད་ནས་ཆོས་གཟིགས་པ་ལྡན་པའི་དེ་བཞིན་གཤེགས། ་བ་དེ་དག་ཐམས་ཅད་ལ་འདི་སྐད་གསོལ་ཏོ།། ཨེ་མ་ཧོ། ཀུན་དུ་བཟང་པོ་ཡི། སྐུ་གསུང་ཐུགས་ཀྱི་ངེས་པ་དག། རྡོ་རྗེ་གསུམ་གྱིས་ཀུན་དུ་ནི། རྡོ་རྗེ་གསུམ་ལ་ཀུན་དུ་ཞུགས། སེམས ་ཅན་ཐམས་ཅད་དུས་གསུམ་གྱི། རྡོ་རྗེའི་ངོ་བོར་ཡང་དག་བྱུང་།། སངས་རྒྱས་རྡོ་རྗེ་རྫུ་འཕྲུལ་ཆེ།། བྱང་ཆུབ་རྡོ་རྗེའི་གནས་ཐོབ་པའོ།། ཨེ་མ་ཧོ་འདི་རབ་ངོ་མཚར་ཆེ། ཨེ་མ་ཧོ ་ཞི་བའི་དབང་པོ་འདས།། ཨེ་མ་ཧོ་འཁོར་བ་དག་གི་རྒྱུན།། ཨེ་མ་ཧོ་མཆོག་ཏུ་མྱ་ངན་འདས།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། བྱང་ཆུབ་སེམས་དཔའ་སེམས ་དཔའ་ཆེན་པོ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། བྱང་ཆུབ་སེམས་དཔའ་དེ་དེ་བཞིན་ནོ།། སེམས་དཔའ་ཆེན་པོ་དེ་དེ་བཞིན་ནོ།། དེ་ནས་བྱང་ཆུབ་སེམས་དཔའ ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཡང་འདུས་པར་གྱུར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ལ་གསང་བ་དང་། ཕྱིའི་མཆོད་པ་རྣམས་ཀྱིས་ཡང་དག་པར་མཆོག ་ནས་ཕྱ་བ་བྱས་ཏེ་མགྲིན་གཅིག་ཏུ་འདི་སྐད་གསོལ་ཏོ།། ཨེ་མ་ཧོ་ཤིན་དུ་རྙེད་དཀའ་བ་། བྱང་ཆུབ་བསྒྲུབ་པའི་ཐབས་འདི་ཡིན། རྒྱུད་ཀྱི་ཕྱི་མའི་ཕྱི་མར་གྱུར།། གས ་བ་འདུས་པ་ཞེས་བྱ་བྱའི་རྒྱུད།། སྦས་པ་དེ་ནི་རྟོགས་ཕྱིར་དང་།། སེམས་ཅན་རྣམས་ལ་ཕན་འདོད་པས།། ཡང་དག་གསང་བ་གང་བཤད་པས།། མགོན་པོ་ཁྱོད་ལ ་གསོལ་བར་འཚལ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་འདི་སྐད་ཅེས་དཀའ་སྩལ་ཏོ།། གང་ཞིག་སྦས་པའི་ཚིག ་རྒྱུད་དེ། དེ་དག་ཐམས་ཅད་འདྲི་འདོད་པ།། སེམས་དཔའ་ཆེན་པོ་ལེགས་སོ་ལེགས།། ཡོན་ཏན་འབྱུང་གནས་ལེགས་སོ་ལེགས།། དེ་ནས་བྱང་ཆུབ་དཔའ་ཀུན།། ་རབ་ཏུ་དགའ་བའི་མིག་དངས་ཏེ།། ཡང་དང་ཡང་དུ་ཕྱག་འཚལ་ནས། འདི་ཡི་སོམ་ཉི་ཞུས་པར་གྱུར། གསང་བ་ཞེས་འདི་གང་ལ་བགྱི།། འདུས་པ་ཞེས་ནི་གང ་ལ་བརྗོད།། རྒྱུད་ཀྱི་འགྲེལ་པ་ཇི་ལྟ་བུ།། རྣལ་འབྱོར་རྒྱུད་ཞེས་གང་ལ་བགྱི།། རིགས་ནི་རྣམ་པ་དུ་རུ་བཤད།། དེ་བཞིན་གསང་བ་རྣམ་པ་དུ།། གསང་ཆེན་ཞེས་ནི ་གང་ལ་བགྱི།། བྱང་ཆུབ་སེམས་ཞེས་གང་ལ་བགྱི།། དེ་བཞིན་རིག་པའི་སྐྱེས་བུ་ཅི།། བཛྲ་དྷུ་ག་ཅེས་ཅི་ལ་བགྱི།། དེ་བཞིན་ཛི་ན་དྷྲྀ་ག་ནི་གང་།། དེ་ལ་རད་ན་དྷི་ཀ་ནི་དང་། ་གང་།། དེ་བཞིན་ཨ་རོ་ལིག་ནི་ཅི།། པྲད་ཛཱ་དྷིག་ཅེས་གང་ལ་བགྱི།། རིགས་འདིར་དེ་བཞིན་གང་ཞིག་ལགས།། མོ་ཧ་ཞེས་ནི་གང་ལ་བགྱི།། དྷེ་ཤ་ཞེས་བྱ་འདིར ་གང་ལགས།། རག་ཞེས་ནི་གང་ལ་བགྱི།། བཛྲ་སྔགས་ནི་གང་ལ་བགྱི།། ར་ཏི་ཞེས་ནི་གང་ལ་བགྱི།། ཕུན་སུམ་ཆོག་པ་གང་ཞིག་ལགས།། པ་ལན་ཏ་ཀྲིད ་དོན་ནི་གང་།། དེ་བཞིན་དྲང་ཛཱཿཀྲིད་གྱི།། དད་མེ་ཏ་ཀྲིད་མིང་ཇི་ལྟམ། དེ་བཞིན་བྷིནྡ་ཏ་ཀྲིད་ཅེ།། ཀུན་དུ་སྤྱང་ལ་གང་ཞིག་ལགས།། དེ་བཞིན་སྔགས་ཀྱི་སྤྱོད་པ་གང་། ་འདིར་ནི་འཟླས་པ་གང་ཞིག་ལགས། རྒྱས་པ་ཞེས་གང་ལྡ་ཤད།། ཆོས་འབྱུང་བ་ནི་ཇི་ལྟར་བསྒོག།། དེ་བཞིན་ལྡས་པ་ཇིས་བུ།། ཞེ་སྡང་། ་མུག་འདོད་ཆགས་ཆེས།། སེམས་ཅན་དོན་མཛད་ཇི་ལྟ་བུ།། དཀྱིལ་འཁོར་ཞེས་ནི་གང་ལ་དགྱེ།། ཕྱག་རྒྱའི་དགོད་པ་ཇི་ལྟར་ལབས།། འདིར་ནི་མེ་ཏོག་ཅི་ཞིག་ལགས།། ་མཆོད་རྟེན་ཞེས་ནི་གང་བཤད་དང་།། ཡེ་ཤེས་འཁོར་ལོ་ཇི་ལྟར་ཤེས།། འདི་ནི་གནས་ཅེས་གང་ལ་བཤད།། མགོན་པོ་བསྐུལ་ཇི་ལྟ་བུ།། གཏོང་བ་དག་ཀྱང་ཇི ་ལྟ་བུ།། ཇི་ལྟར་དེ་རྣམས་སྤྱན་དྲང་བགྱི།། བཅིང་བ་འདིར་ནི་ཇི་ལྟ་བུ།། དབང་བསྐུར་བ་ནི་ཇི་ལྟར་གསལ།། དེ་བཞིན་རིག་པའི་བཏུལ་ཞུག་གང་།། བདུད་རྩི་ལྡན་མ ་ཇི་ལྟར་གཟའ།། དེ་བཞིན་དབང་པོ་ལྔ་གང་ལགས།། དངོས་གྲུབ་ཐ་མ་ལ་ཇི་ལྟ་བུ།། དེ་བཞིན་མཆོག་ཀྱང་ཇི་ལྟ་བུ།། དེ་ལ་ཟངས་ནི་རྣམ་པདྲ།། དེ་བཞིན་ཐབས་བྱུང་ཇེ ་བུ། རྣལ་འབྱོར་རྡོ་རྗེ་ཅན་ཀུན་གྱི།། བཀའ་ནི་ཇི་ལྟར་བསྒོ་བར་བགྱི།། ལས་ཀྱི་མཆོག་གི་ཚོགས་རྣམས་ནི།། སྣ་ཚོགས་ཇི་ལྟར་བྱེད་པར་འགྱུར།། དེ་ནས ་བཞིན་གཤེགས་པ་དེ་དག་ཐམས་ཅད།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ཀྱི་ཞུས་པའི་ཚིག་ཉེ་བར་གསན་ནས།། བྱང་ཆུབ་སེམས་དཔའ ་ཆེན་པོ་རྡོ་རྗེ་འཛིན་པ་ལ་དམིགས་པར་མཛད་ནས་སྐད་ཅིག་ཅང་མི་གསུང་བར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས་དཔའ་ཆེ།། སྙིང་རྗེའི་བདག་ཉིད་རབ་དགའ་ནས། ་རྫོགས་པའི་སངས་རྒྱས་བདེ་བར་གཤེགས།། མགོན་ལ་ཡང་དང་ཡང་རབ་བསྐུལ།། དེ་ནས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས།། བྱང་ཆུབ་སེམས་དཔའ ་དེ་རྣམས་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། ལུས་ངག་ཡིད་ནི་རྡོ་རྗེ་ཡིས།། སྐུ་གསུང་ཐུགས་ནི་རྡོ་རྗེ་ལ།། བཞག་ནས་བྱང་ཆུབ་སེམས་དབང་པོ།། ཞུས་པ་རྒྱ་ཆེན་མཉན ་པར་གྱིས།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱི་རྗེས་སུ་གཟུང་བའི་བཀའ་སྤྱི་བོས ་རབ་དུ་མནོས་ཏེ།། བཅོམ་ལྡན་འདས་ལེགས་སོ་ལེག་སོ།། བདེ་བར་གཤེགས་པ་ལེགས་སོ་ལེག་སོ།། ཞེས་གསོལ་ནས།། རང་རང་གི་ལུས་དང་། ངག་དང་། ཡིད ་རྡོ་རྗེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེ་འཛིན་པ་ཆེན་པོའི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལ་དམིགས་ཏེ་ཅང་མི་སྨྲ་བར་གྱུར་ཏོ།། དེ་ནས་དེ ་བཞིན་གཤེགས་པ་དེ་དག་ཐམས་ཅད་རང་གི་ཐུགས།། ཐུགས་རྡོ་རྗེ་ཆེན་པོ་ལ་དམིགས་པར་བྱིན་གྱིས་བརླབས་ནས། བྱང་ཆུབ་སེམས་དཔའ་དེ་རྣམས་ལ་ཞུས་པ།། ་དེ་དག་གསུང་གཅིག་གིས་བཀའ་སྩལ་པ།། སྐུ་གསུང་ཐུགས་ནི་རྣམ་པ་གསུམ།། གསང་བ་ཞེས་ནི་བསྟན་པ་ཡིན།། སངས་རྒྱས་ཐམས་ཅད་ཅེས་བྱ་བ།། ཆོག་པ་འདས་པ་ཡིན། ་པར་བཤད།། ལྔ་པ་དང་ནི་དགུ་བ་དང་། བཅུ་གསུ་པ་དང་བཅུ་བདུན་པ། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱི།། བསྟན་པ་དག་ནི་བསྒྲུབ་ཆེན་ཡིན། བཞི་པ་དང་ནི་བཅུ་དྲུག་པ། བརྒྱད་པ་དེ་བཞིན་བཅུ་གཉིས་པ། ་སློབ་དཔོན་སྤྱི་ཡི་ལས་དང་ནི། དངོས་གྲུབ་བརྟུལ་ཞུགས་སྡོམ་པ་ཡིན། དྲུབ་པ་དང་ནི་གཉིས་པ་དང་།། བཅུ་པ་དང་ནི་སུ་བཞི་པ།། དྲག་སྤྱོད་རྗེསུ་ཆག་པ་དང་། ་ཉེ་བར་བསྒྲུབ་པའི་སྡོམ་པ་ཡིན།། བདུན་པ་དང་ནི་གསུམ་པ་དང་།། བཅུ་གཅིག་པ་དང་བཅོ་ལྔ་པ། དངོས་གྲུབ་ཞིང་ལྟས་དང་ནི།། བསྙེན་པ་བསྒྲུབ་པའི་སྡོམ་པའོ།། དེ་བཞིན་གཤེགས་པ ་ཀུན་གྱི་ལས།། ཚར་གཅོད་ཕན་འདོགས་སྤྱོད་པ་དག། དུལ་དང་འདུལ་དཀའ་ཞི་བ་ཡི།། སེམས་ཅན་རྣམས་ཀྱི་འཇུག་པའོ།། བསྐྱེད་པའི་རིམ་དང་འབྲེལ་བ་ཡི།། བསྙེན་པ་རྡོ་རྗེའི་ཆོ་ག་བཞི།། ་ཐུན་མོང་མཆོག་གི་དངོས་གྲུབ་དང་། འབྲེལ་པ་གཞི་ནི་གཞུང་ཉིད་དོ།། དཀྱིལ་འཁོར་བརྟུལ་ཞུགས་འབྲེལ་པ་ཡི། གཞུང་ནི་སློབ་དཔོན་ཕུན་ཚོགས་པའོ།། བླ་མས་སྔགས་ཀྱི ་ལམ་ནས་ནི། སློབ་མ་ཡོངསུ་སྨིན་བྱ་ཞིང་།། དརྟུལ་ཞུགས་བཟང་དང་དབང་བསྐུར་བ། རང་གི་སློབ་མ་བདག་ཉིད་ཆེ། སངས་རྒྱས་བྱང་ཆུབ་སེམས་རྣམས་ཀྱིས།། སྟོན ་པ་ཡོངསུ་དགྲོལ་བ་ཡིན། ཤེས་རབ་ཐངས་ནི་སྙོམས་འཇུག་པ། རྣལ་འབྱོར་ཞེས་ནི་བཤད་པ་ཡིན། གང་ཞིག་དངོས་མེད་ཤེས་རབ་སྟེ། དྲངས་ནི་དངོས་མེད་མཚན ་ཉིད་དོ།། རྒྱུད་ནི་རྒྱུན་ཞེས་བྱ་བར་གྲགས། རྒྱུན་དེ་རྣམ་པ་གསུམ་འགྱུར་ཏེ། གཞི་དང་དེ་ཡི་རང་བཞིན་དང་། མི་འཕྲོགས་པ་ཡི་རབ་བྱེ་བ། གཞི་དང་རང་བཞིན་རྒྱུ ་ཡིན་ཏེ། དེ་བཞིན་མི་འཕྲོག་འབྲས་བུའོ།། བཞི་ནི་ཐབས་ཞེས་བྱ་བ་སྟེ། གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ།། རིག་ནི་སྔ་དང་བསུ་དག་དང་།། ངོ་བོ་ཉིད་ཅིག་རིགས ་བརྒྱའོ།། བྱང་ཆུབ་རྡོ་རྗེའི་བཅས་གསུངས་པ།། དེ་ནི་ཕྱི་མིའི་རྒྱུད་དུ་འདོད།། དེ་ཉིད་རྣམ་པ་ལྔ་རུ་བཤད།། གསང་བ་རྣམ་པ་གསུམ་དུ་བཤད།། ལྷག་པའི་ལྷ་ནི་གསང་ཆེན་ཏེ།། དམ ་བའི་རིགས་ནི་རྣམ་པར་བརྒྱ། ཐོག་མ་ཐ་མ་མེད་ཞི་བ།། དངོས་དང་དངོས་མེད་མི་བཟད་བཙོ། སྟོང་ཉིད་སྙིང་རྗེ་མི་ཕྱེད་པ། བྱང་ཆུབ་སེམས་ཞེས་བྱ་བ་ཡིན། སྐུ་གསུང་ཐུགས་ནི་རྫ། ་རྗེ་ཡིས། མི་བྱེད་བྱེད་པའི་དངོས་པོ་ཉིད། རིགས་དང་ལྷན་ཅིག་ལྡན་པས་ར། རིག་པའི་སྐྱེས་བུ་ཞེས་བརྗོད་དོ།། རྒྱུ་ལྔ་དང་ནི་འབྲས་བུ་ལྔ། རྡོ་རྗེ་ཞེས་ནི་བཤད་པ་ཡིན། ་འཆང་བ་འཛིན་ཞེས་གྲགས་པ་སྟེ།། རྡོ་རྗེ་འཛིན་པ་རྣམ་ཤེས་ཡིད། ཡོད་དང་ཡོད་མེད་དབུས་ལས་འདས། འབྱུང་དང་འབྱུང་ལས་གྱུར་ལས་བྱུང་།། སེམས་ཅན་ཀུན་གྱི ་ལུས་ཡིན་ཏེ། སྐྱེ་ལས་རྒྱལ་བ་ཛི་ན་ཛིག། དོན་རྣམས་ཐམས་ཅད་འབྱུང་བས་ན། སེམས་ནི་རིན་པོ་ཆེ་ཞེས་བྱ།། ཚོར་བ་པ་ཡིས་དེས་ཚོར་བས། ཚོར་བ་རད་ན་དྷྲྀག་ཏུ་འདོད།། ་མཚན་བཞི་མཚན་ཉིད་དངོས་པོ་ཡིས། ཀུན་ལ་ཀུན་གྱི་ཐམས་ཅད་དུ། དགའ་བའི་མཚན་ཉིད་མཚན་གཞི་ནི། ཨ་རོག་ལིག་ཅེས་བཤད་པ་ཡིན། རྣམ་ཤེས་ཤེས་རབ་མཐར ་ཕྱིན་པའོ།། གང་ཡིན་དེ་ནི་ཤེས་རབ་སྟེ། འདུ་བྱེད་སེམས་དཔའ་འཛིན་པས་ན། ཤེས་རབ་འཛིན་ཅེས་བྱ་བར་གྲགས། རིགས་ནི་རྒྱུད་ཅེས་བྱ་བར་བཤད། རྒྱུད་མཐའ་ཐོག ་མ་ཞེས་བརྗོད་དེ། མི་འཇིགས་སྐྱེ་བ་མེད་གང་ཡིན། མགོན་པོ་དེ་ཉིད་ཡིན་པར་བཤད། རྒྱུ་འབྲས་གཉིས་ལ་སྡང་བས་ན། རྣམ་ཤེས་ཞེ་སྡང་ཡིན་པར་བཤད། བེམས་པོ་བཅིང ་པའི་རང་བཞིན་པས།། གཟུགས་ནི་གཏི་མུག་ཡིན་པར་བཤད།། བདག་ཏུ་རློམ་པའི་ངོ་བོ་གང་། ཚོར་བ་དྲེགས་པ་ཡིན་པར་བཤད། དངོས་ལ་ཆགས ་པའི་མཚན་ཉིད་གང་།། འདུ་ཤེས་ཡང་དག་ཆགས་བདག་ཉིད། རྐྱེན་གྱིས་དྲངས་པའི་བདག་ཉིད་ཅན། འདུ་བྱེད་རྟག་ཏུ་ཕྲ་དོག་ཡིན། བྱང་ཆུབ་སེམས་ཀྱི་ངོ་བོ་ཉིད།། སྲིད ་པ་ཀུན་འབྱུང་ཐམས་ཅད་དུ།། འདོད་ཆགས་ཞེ་སྡང་རྨོངས་པའི།། སེམས་ནི་འདོད་པ་ཞེས་བྱར་བཤད།། དམ་ཚིག་སྣ་ཚོགས་འདྲ་བ་ཡིས།། མངོན་ཕྱོགས་ལས་ལས་སྐྱེས ་འབྲས་བུ།། གཉིས་མེད་ཡེ་ཤེས་ཆོས་རྣམས་ལ།། ང་རྒྱལ་བྱེད་པ་རྨོངས་ཞེས་བཤད། དེ་ཕན་ཚུན་འཚེར་བ་ནི།། ཞེ་སྡང་ཞེས་ནི་བྱ་བར་བཤད། མཚན་ཉིད་འདོད་ཆགས ་ཞེན་པ་ཡིན། ཡེ་ཤེས་ཐབས་ནི་རྡོ་རྗེར་བཤད། དགའ་རྫོགས་པ་ལོངས་སྤྱོད་མཆོག། བུད་མེད་བདེ་མཆོག་ཕུན་སུམ་ཚོགས། གཏི་མུག་ཞེ་སྡང་འདོད་ཆགས་དང་།། རྡོ་རྗེ ་ལ་དགའ་རྟག་པར་གནས། དེ་ནས་སངས་རྒྱས་རྣམས་ཀྱི་ཐབས། རྡོ་རྗེ་ཐེག་པ་ཞེས་བཤད་དོ།། མི་འཇིགས་བདག་ཉིད་ཆོས་རྣམས་ནི། མ་སྐྱེས་པ་ཡི་ངོ་བོ་ཉིད།། དངོས ་པོ་ཀུན་གྱི་དམ་ཚིག་སྟེ། དེ་ཉིད་གཤིན་རྗེ་མཐར་བྱེད་དོ།། རྣམ་ཤེས་མིན་བདག་ཆོས་རྣམས་ནི། དོན་དམ་མི་འགྱུར་དག་འགྱུར་ཉིད། སེམས་ཅན་ཀུན་གྱི་དམ་ཚིག་སྟེ།། དེ་ནས ་རྒྱལ་བ་ཤེས་མཐར་བྱེད། བརྗོད་མེད་བདག་མེད་ཆོས་རྣམས་ནི།། མིང་དང་གཟུགས་བློ་དངོས་པོ་མེད། ཆོས་རྣམས་ཀུན་གྱི་དམ་ཚིག་སྟེ། དེས་ན་རྒྱལ་བཤེས་མཐར་བྱེད།། ་བརྗོད་མེད་བདག་མེད་ཆོས་རྣམས་ནི། མིང་དང་གཟུགས་བློ་དངོས་པོ་མེད། ཆོས་རྣམས་ཀུན་གྱི་དམ་ཚིག་སྟེ།། དེས་ན་ཁྱབ་བདག་པང་མཐར་བྱེད།། མི་རྟོག་བདག་ཉིད་ཆོས ་རྣམས་ནི།། རང་བཞིན་གྱིས་ནི་ཞི་བའི་དངོས།། རྡོ་རྗེ་ཀུན་གྱི་དམ་ཚིག་སྟེ། དེས་ནི་གཙོ་བོ་བགེགས་མཐར་བྱེད།། མི་འཇིགས་རྣམ་པར་མི་ཤེས་པ།། བརྟད་དུ་མེད་དེ་དང་རྟོག་བྲལ་བ།། ་སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། ཤེས་ན་བདེ་བ་ཐོབ་པར་འགྱུར།། གཏི་མུག་གཏི་མུག་ལོངས་སྤྱོད་པས།། དེས་ན་ལུས་མཐར་བྱེད་པ་སྟེ། དེས་ན་ཤེས་རབ་མཐར་བྱེད་འགྱུར། ་ཉེས་པ་ཉེས་པ་ལོངས་སྤྱོད་པས།། ཉེས་པ་ཟད་བྱེད་ཤེས་མཐར་བྱེད།། དེས་ན་སེམས་ནི་མཐར་བྱེད་སྟེ། དེས་ན་མྱོངས་མཐར་བྱེད་འགྱུར།། འདོད་ཆགས་འདོད་ཆགས། ་ལོངས་སྤྱོད་པས། འདོད་ཆགས་ཟད་པ་པད་མཐར་བྱེད། དེས་ན་འདོད་ཆགས་མཐར་བྱེད་སྟེ།། དེ་བཞིན་མཉམ་འཇུག་མཐར་བྱེད་འགྱུར། ཉོན་མྱོངས་ཀུན་ཟད་གང་ཡིན་དང ་དེ་བཞིན་ལས་ནི་ཐམས་ཅད་ཟད། སྒྲིབ་པ་ཀུན་ཟད་ཡེ་ཤེས་ནི། བགེགས་མཐར་བྱེད་ཅེས་བཤད་པ་ཡིན། ཉོན་མོངས་རྡོ་རྗེ་སྒྲིབ་དག་ན། ལས་རྣམས་ཐམས་ཅད་རྣམ་དག་པས། ་ལས་སྐྱེས་འབྲས་བུ་རྣམ་དག་འགྱུར། བཟུང་དང་ཆགས་པ་ཉིད་དང་ནི། རྣམ་པར་དེ་བཞིན་མི་གཡོ་དང་། རྒྱུ་ཉིད་འབྲས་བུ་ཉིད་དག་སྟེ། དྲུག་ལས་ཐུབས་ནི་ཀུན་ཏུ ་འབྱུང་། འདོད་པའི་རྒྱལ་པོའི་ལས་དྲུག་ལ། ཁྲོ་བོའི་དབང་པོར་རྣམ་པར་བསྒྲགས། དམ་ཚིག་རྡོ་རྗེ་ལ་སོགས་དྲུག། ས་ལ་སོགས་པ་རྣམ་པ་ལྔ།། འབྱུང་དང་འབྱུང ་ལས་གྱུར་པར་གྲགས། རིག་པའི་རྒྱལ་པོ་ཞེས་བཤད་དོ།། གཟུགས་རྡོ་རྗེ་ལ་སོགས་དྲུག། རྡོ་རྗེའི་བདག་པོ་ཞེས་བཤད་དོ།། སྐྲ ་གསུང་ཐུགས་ཀྱི་རྡོ་རྗེ་ལས།། བདག་ཉིད་ཆེན་པོ་ཀུན་དུ་འབྱུང་།། ཐབས་དང་ཤེས་རབ་ལས་བྱུང་བའི།། ཕུང་པོ་ཁམས་དང་སྐྱེ་མཆེད་དང་།། རྫོགས་པའི ་རིམ་པའི་སྦྱོར་བ་ཡིས།། སྔགས་པས་སྦྱོར་བ་ངེས་བྱས་ལ།། ཐམས་ཅད་དག་པར་མོས་པ་ཡིས།། འཇིགས་པ་ཐམས་ཅད་སྤངས་ནས་སུ།། དོག་པ་མེད་པའི ་སེམས་ཀྱིས་སུ།། སྔགས་པས་སེང་གེ་བཞིན་དུ་སྤྱད།། འདི་ལ་མི་བྱ་ཅི་ཡང་མེད།། མི་བཟའ་བ་ཡང་ཡོད་མ་ཡིན། སྨྲ་བར་མི་བྱ་ཅུང་ཟད་མེད། རྟག་ཏུ་མི་བསམ ་ཅི་ཡང་མེད། མཉམ་པར་མ་བཞག་སྦྱོར་བ་ཡིས། རྟག་པ་ཉིད་དུ་མཉམ་པར་པར་འཇོག། གང་གིས་སེམས་ཀུན་ལས་སྤྱོད་པ། ཀུན་དུ་སྤྱོད་པ་ཞེས་བཤད་དོ།། ་དབང་པོ་དང་ནི་ཡུལ་རྣམས་ཀྱི། རྐྱེན་གྱིས་གང་དང་གང་བྱུང་ཡིད། ཡིད་དེ་མན་ཞེས་བྱ་བར་བཤད།། ཏྲ་ནི་སྐྱོབ་པར་བྱེད་པའི་དོན། འཇིག་རྟེན་སྤྱོད་པ་ལས ་གྲོལ་བར། གང་བཤད་དམ་ཚིག་སྡོམ་པ་སྟེ། རྡོ་རྗེ་ཀུན་གྱིས་བསྲུངས་ནི། སྔགས་སྤྱོད་པ་ཞེས་རབ་བཤད་དོ།། རང་རང་གི་ནི་ངོ་བོ་ཉིད། སྙིང་པོ་ཡིད་ཀྱིས ་རྣམ་བསམ་སྟེ། གསང་སྔག་བཟློས་པའི་དབྱེ་བ་ཡིས། བཟློས་པར་བྱེད་ཅིང་སྤྲོ་ཞིང་བསྡུ། སངས་རྒྱས་སྣ་ཚོག་རྡོ་རྗེའི་བདག། ཡེ་ཤེས་ས་བོན་དག་གིས་བསྡུ།། བྱང་ཆུབ་བདག་མེད་ས་ངོན ་གྱིས། བརྟུལ་ཞུགས་ཅན་གྱིས་བདག་མེད་བཟུང་།། སྣ་ཚོགས་བཞིན་དུ་སྣ་ཚོགས་སྤྲོ།། དུས་གསུམ་ས་བོན་དག་གིས་བཟླ། བཟླས་པ་སྨྲ་བར་གྲགས་པས་ན། སྔགས་ཀུན།། ་བཟླས་པ་ཞེས་བཤད་མ། སྔགས་ནི་འདོད་པ་ཞེས་བཤད་དེ། དེ་ཉིད་བསྐུལ་བར་སྨྲ་བའོ།། ཇི་ལྟར་ཐུགས་སོགས་བྱིན་བརློབ་པ།། ཏིང་ངེ་འཛིན་ཡང་དེ་བཞིན་ནོ།། དེ་རྣམས ་སྤྱི་བོར་དབང་བསྐུར་དང་།། དེ་བཞིན་ཀུན་དུ་སྤྱོད་པའོ།། རྡོ་རྗེ་འཆང་བ་གང་ཡིན་པའི།། རིག་པ་ཡོད་པའི་སྦྱོར་བ་དང་། བདག་བྱིན་བརླབ་སོགས་དེ་བཞིན་ཏེ། དེ་ཡི་ལོངས་སྤྱོད ་བཞིར་ཞེས་བྱ། དཔའ་བོ་རྡོ་རྗེ་གཅིག་པུ་ཡ~ཾ། སྤྱི་བོར་དབང་བསྐུར་རེ་རེ་སྟེ། སྙིང་པོ་ཕྱག་རྒྱ་སྔགས་ཙམ་དང་། རང་རིག་རིམ་གྱིས་རྒྱས་བཏབ་པའོ།། འབྲས་བུས་རྒྱུ་ནི་རྒྱས ་གདབ་ཅིང་།། རྒྱུ་ཡིས་འབྲས་བུ་རྒྱས་བཏབ་པོ།། བསྒོམ་གྱི་གཞན་གྱི་དངོས་གྲུབ་ནི། བསྐལ་པ་བྱེ་བར་འབྱུང་མི་འགྱུར། ལོངས་སྤྱོད་བཞི་དང་ཡང་དག་ལྡན། རིག་པའི་སྐྱེས་བུ ་རྡོ་རྗེ་འཛིན།། སྐུ་གསུང་ཐུགས་སུ་དབྱེ་བ་ཡིས།། གྲུ་གསུམ་དུ་ནི་རྣམ་པར་བསྒོམ། ཀུན་ནས་སེར་བའི་འཁོར་ལོ་ནི། རྩིབས་བཅུ་དེ་དབུས་རྣམ་པར་བསྒོམ། ་རྩི་བ་བཅུ་ལ་ནི་ཁྲོ་བོ་བཅུ།། ཡེ་ཤེས་བདག་ཉིད་བཅུ་ལས་འབྱུང་།། འགོག་བཱི་རྡོ་རྗེ་བསྒོམ་བྱ་ཞིང་།། མཆོག་ཏུ་མཛེས་པས་བསྒྲུང་པཱ་བྱ། རྡོ་རྗེ་འདྲ་དི་སྤྲིན་སྤྲོས་པ།། མི་གཡོ་བ་དང་མཚུངས་པར་འཁོར། དེ་ལྟར་ཆོས ་འབྱུང་ཡེ་ཤེས་ནི། རང་བཞིན་དྲི་མ་མེད་ཞིག། བསྒོམས་པས་སྐ་ཅིག་ཉིད་ཀྱིས་ནི། སངས་རྒྱས་སྤྱན་ནི་རབ་དུ་འབྱུང་། རྡོ་རྗེ་ཅན་གྱིས་དེར་སྟོན་པ། རིམ་པ་གཉིས་ལ་ཡང་དག་བརྟེན། བསྐྱེད ་གས་ཀྱིཔ་ཡི་ནི་རིམ་ཉིད་དང་། དེ་བཞིན་རྫོགས་པའི་རིམ་པའོ།། བསྒྲུབ་པ་དང་ནི་ནན་ཏན་མཆོག། དམ་ཚིག་དེ་བཞིན་སྡོམ་པ་དང་། སྔར་ནི་དེ་ཀུན ་རྒྱས་པ་ནི།། རིམ་པའི་དབྱེ་བ་ཕྱེ་བ་ཡིན།། གཟུགས་དང་སྒྲ་སོགས་འདོད་པ་ནི།། བདེ་སྡུག་གཉི་གའི་བདག་ཉིད་ཅན།། འདོད་ཆགས་ཞེ་སྡང་གཏི་མུག་སོགས།། ་རྟག་ཏུ་སྙིང་ལ་ཉེ་བར་འགྱུར།། ཆགས་པ་འདོད་ཆགས་རྡོ་རྗེ་ཅན།། རྡོ་རྗེ་འདྲ་བར་རིན་ཆེན་འབྱུང་།། རིན་ཆེན་བཞིན་དུ་དམ་ཚིག་ཤེས། འདོད་པ་དེ་རྣམས་དམ་ཚིག ་མཚུངས། རྣམ་བཅས་དང་ནི་རྣམ་པ་མེད། ཀུན་འགྲོ་ཡི་གེ་གསུམ་བདག་ཉིད།། བྱ་བ་དང་ནི་དབྲོག་པ་ཉིད། སྤྲོ་དང་རང་གི་བཟླས་པ་བྱ།། དེ་ལྟར་ཞེ་སྡང་གཏི ་མུག་དག། ས་གསུམ་དུ་ནི་བསྐྱེད་པར་བྱ། གསང་བའི་བདག་པོ་རྒྱས་བཏབ་ཅིང་།། རྡོ་རྗེ་ཅན་གྱི་དོན་བྱེད་དོ།། ཞེ་སྡང་སྦྱོར་བའི་རྣལ་འབྱོར་པས།། ཞེ་སྡང་འཁོར ་ལོ་བསྐྱེད་ནས་སུ།། རྡོ་རྗེ་དྲག་པོས་བཅོམ་ནས་ནི།། ཡེ་ཤེས་རྡོ་རྗེ་ཅན་གྱིས་བསྡུ།། སྤྲོ་དང་རང་གི་བཟླས་པ་བྱ།། དེས་ནི་སྤྲོ་བས་རྟོགས་བྱས་ལ།། དེ་བཞིན་སླར ་ཡང་བསྡུ་བར་བྱ།། འདི་ཡི་སྦྱོར་བས་གོམས་བྱས་ན།། ཞེ་སྡང་རྡོ་རྗེའི་བདག་ཉིད་འགྱུར། ཁམས་གསུམ་པ་ནི་མ་ལུས་པ།། གསད་དང་དེ་བཞིན་གསོ་བ་དང་། ་སྐ་ཅིག་ཙམ་གྱིས་བྱེད་པར་ནི།། མངོན་དུ་ནུས་པར་ཐེ་ཙོམ་མེད།། གཏི་མུག་སྦྱོར་བས་རྣལ་འབྱོར་པས། གཏི་མུག་འཁོར་ལོ་བསྐྱེད་ནས་ནི། རྒྱན་ལ་སོགས ་པ་ཡང་རུང་། དེ་དག་ཐམས་ཅད་རྟག་ཏུ་རྐུ།། གཏི་མུག་སེམས་ཀྱི་རྒྱ་མཚོ་བསྒོམ།། རིན་ཆེན་ཀུན་གྱིས་རབ་བཀང་བ།། གཏི་མུག་འཁོར་ལོ་ཅན་ཀུན་གྱིས། ་སྦྱིན་པའི་ཆར་ནི་རབ་དུ་འབེབས།། རྫས་རྣམས་ཐམས་ཅད་མ་ལུས་པ།། རབ་ཏུ་སྦྱིན་དང་འབྲོག་པ་ཉིད།། སེམས་ཀྱི་རྡོ་རྗེ་བསྟན་པ་ཉིད།། སྐ་ཅིག་ཙམ ་གྱིས་བྱེད་པར་འགྱུར།། འདོད་ཆགས་སྦྱོར་བའི་རྣལ་འབྱོར་པར།། འདོད་ཆགས་འཁོར་ལོ་བསྐྱེད་ནས་ནི།། ལྷ་མོ་ཐམས་ཅད་ཕྲོགས་ནས་སུ།། འདོད་པའི ་སྦྱོར་བས་འདོད་སྤྱོད་དང་།། འདོད་པའི་རྩེད་མོས་རྣམ་པར་འཕྲུལ།། དེ་ནས་འཁོར་ལོ་ཅན་ཀུན་ལ།། ལྷ་མོ་རབ་ཏུ་དབུལ་བར་བྱའོ།། ཁམས་གསུམ་དག་ཏུ ་བྱུང་བ་ཡི།། ལྷ་དང་ལྷ་མིན་ཆུང་མ་ཡང་།། སྐྲ་ཅིག་ཙམ་གྱིས་འདོད་སྤྱོད་ན།། མི་ཡི་བུད་མེད་སྨོས་ཅི་དགོས།། དཀྱིལ་འཁོར་དང་ནི་དབང་བསྐུར་དང་།། ལས ་མཆོག་གི་ནི་ཚོགས་རྣམས་དག། ཉམ་སུ་ལེན་ཅིང་བྱིན་བརློབ་པ།། གྲུབ་པའི་བགྲོད་པ་གཞན་ཡིན་ནོ།། བྷ་གའི་དཀྱིལ་འཁོར་ཞེས་གྲགས་དང་།། བྱང་ཆུབ ་སེམས་ཀྱི་དཀྱིལ་འཁོར་དང་།། ལུས་ཀྱི་དཀྱིལ་འཁོར་ཞེས་བྱ་དང་།། གསུམ་པོ་དཀྱིལ་འཁོར་ཡིན་པར་གསུངས།། ཕུང་པོ་སྐྱེ་མཆེད་ཁམས་རྣམས་ནི།། སངས་རྒྱ ་ཐམས་ཅད་རྒྱས་བཏབ་པའོ།། དེས་ནི་རྟག་པར་རྒྱ་དགོད་པ།། དཀྱིལ་འཁོར་ཞེས་ནི་བསྟན་པ་ཡིན།། འདོད་རྒྱལ་དབྱུག་ཏོ་སྟོབས་མི་གཡོ།། ལྕགས་ཀྱུ་དབྱུག་ཏོ་རྩ ་། གསུམ་དང་།། རལ་གྲི་འཚམ་སུ་རྣམ་པར་དགོད། འདོད་རྒྱལ་དབྱུག་ཏོ་སྟོབས་མི་གཡོ།། སྟེང་དུ་འཁོར་ལོ་འོག་གནོད ་མཛེས།། རིགས་རྒྱལ་རྡོ་རྗེ་ཅན་རྣམས་ཀྱིས།། འཁོར་ལོ་བསྒྱུར་པ་དྲུག་གི་རྒྱ།། ས་ལ་སོགས་པའི་སེམས་དཔའ་ཡི།། ཕྱག་རྒྱ་རང་གི་དཀྱིལ་འཁོར་བ།། མེ་ལོང ་པི་ཝཾ་དུང་དང་ནི།། དེ་བཞིན་སྣོད་དང་སྣ་ཚོགས་རས།། ཆོས་འབྱུང་བ་ཡི་ཕྱག་རྒྱ་དྲུག། རྡོ་རྗེའི་བདག་པོ་རྡོ་རྗེ་ཅན།། སངས་རྒྱས་བྱང་ཆུབ་སེམས་དཔའ་དང་།། ཁྲོ་རྒྱལ ་རྣམས་ཀྱིས་རྒྱས་བཏབ་བོ།། དེ་ལ་གཞན་ཡང་དཔའ་བོ་གཅིག། རིགས་ཀྱི་ཁ་དོག་དག་གིས་བརྟགས།། ལྷ་མོ་དགུ་དང་ན་མཁའི་ཁམས།། མེ་ཏོག་ཞེས་ནི་བཤད་པ ་ཡིན།། སྐུ་གསུང་ཐུགས་ཀྱི་དབྱེ་བ་ཡིས།། རིམས་ཀྱི་རིམ་གྱིས་བགོད་པར་བྱ།། མཆོད་རྟེན་སངས་རྒྱས་ཐམས་ཅད་ཀྱི།། བཞུགས་ནས་ཕོ་བྲང་ཡིན་པར་བཤད།། ་ཡེ་ཤེས་སེམས་དཔའ་གང་རེག་པ།། ཡེ་ཤེས་འཁོར་ལོ་ཞེས་བཤད་དོ།། མི་འགྱུར་རྡོ་རྗེ་གསུམ་ཡི་གེ། ས་བོན་ཡི་གེ་གནས་ཞེས་བཤད། སྐུ་གསུང་ཐུགས་ཀྱི་དེ། ་ཉིད་ནི། སད་པར་བྱ་བ་བསྐུལ་བར་གསུངས།། ཕྱོགས་བཅུའི་འཇིག་རྟེན་ཁམས་རྣམ་སུ།། འོད་ཟེར་སྟོད་པ་འགྱེད་པའོ།། རྡོ་རྗེ་སེམས་ཀུན་སྤྱན་དྲང་བའོ།། རྡོ་རྗེ་ཅན་གྱི་གནས ་དེ་ཡི།། འོད་ཟེར་གྱི་ནི་རྡོ་རྗེ་ཀུན། བསྡུས་ནས་གོང་བུའི་ཚུལ་གྱི་སུ།། བཅིངས་པ་བཅིངས་པ་ཡིན་པར་བཤད།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། སྐུ་གསུང་ཐུགས་ཀྱི ་དཀྱིལ་འཁོར་དུ།། སྐུ་གསུང་ཐུགས་ནི་རྒྱས་བཏབ་སྟེ།། རི་མོའི་དཀྱིལ་འཁོར་བཏབ་པར་བྱ།། དབང་བསྐུར་དབྱེ་བ་རྣམ་གསུམ་དུ།། རྒྱུད་འདི་ལ་ནི་རབ་ཏུ་བརྟག། བུམ ་པའི་དབང་བསྐུར་དང་པོ་སྟེ། གཉིས་པ་གསང་བའི་དབང་བསྐུར་བ།། ཤེས་རབ་ཡེ་ཤེས་གསུམ་པ་སྟེ།། དེ་ཡང་བཞི་པ་དེ་ཡིན་ནོ།། མིག་ཡངས་སྔགས་ཀྱི་སྣོད་དུ་རུང་།། མ ་ཏོག་བཅས་ཤིང་ས་བོན་འབྱུང་།། བླངས་ནས་གསང་བའི་དབང་བསྐུར་རོ།། སྔགས་པས་སློབ་མ་དག་ལ་སྦྱིན།། ན་མཁའི་དབྱིངས་ཀྱི་དབུས་གནས་པར། དྲི་ཆུ་རྐང་དང་ཡང ་དག་ལྡན།། རྡོ་རྗེ་པདྨའི་སྦྱོར་བ་ཡིས།། རྡོ་རྗེ་ཅན་ཀུན་ཡང་དག་བསྡུ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས།། དེ་དག་ཐམས་ཅད་སྙིང་ཁར་བསྡུས།། རྡོ་རྗེའི་ལམ་ནས་བྱུང་ནས་སུ།། ་སློབ་མའི་ཁར་ནི་དབབ་པར་བྱ།། འདི་ནི་གསང་སྔགས་དེ་ཀུན་གྱིས།། དབང་བསྐུར་བའི་གོ་འཕངས་མཆོག། ལས་ཀྱི་མཆོག་གི་རྣམ་པ་དང་།། གསང་སྔགས་ཐམས་ཅད ་འགྲུབ་པར་འགྱུར།། མཆོག་ཏུ་དད་ལ་ཤེས་རབ་ཆེ།། གཟུགས་བཟང་བསྒྲུབ་ལ་རྟག་ཏུ་དགའ།། སྦྱོར་བ་གཅིག་གིས་བྱ་བ་གོམས།། དམ་ཚིག་ཅན་གྱིས་དམ ་ཚིག་དག། བླ་མ་ལ་ནི་སློབ་མ་ཡིས།། ཡོན་རྣམས་རབ་ཏུ་ཕུལ་ནས་ནི། བླ་མས་དེ་ནི་བྱིན་བརླབས་ཏེ།། བསྒྲུབ་པ་པོ་ལ་སྦྱིན་པར་བྱ།། མོངས་པས་གཏི་མུག་བདག་ཉིད ་སྦྱོར།། གཏི་མུག་དགའ་དང་ཡང་དག་ལྡན།། གཏི་མུག་རྒྱུན་གྱིས་དབང་བསྐུར་ན། གཏི་མུག་རྡོ་རྗེ་བདག་ཉིད་འགྱུར། ཞེ་སྡང་དགའ་དང་ཡང་དག་ལྡན། ཞེ་སྡང་རྒྱུན་གྱི་དང ་བསྐུར་ན།། ཞེ་སྡང་རྡོ་རྗེས་བདག་ཉིད་འགྱུར།། ཆགས་ལ་འདོད་ཆགས་ཅན་བདག་ཉིད། འདོད་ཆགས་དགའ་དང་ཡང་དག་ལྡན།། ་འདོད་ཆགས་རྒྱུན་གྱིས་དབང་བསྐུར་ན། འདོད་ཆགས་རྡོ་རྗེ་བདག་ཉིད་འགྱུར།། ཤེས་རབ་ཡེ་ཤེས་བདག་ཉིད་སྦྱོར།། རྡོ་རྗེ་དགའ་དང་ཡང་དག་ལྡན།། ཡེ་ཤེས་རྒྱུན ་གྱིས་དབང་བསྐུར་ན། ཤེས་རབ་ཡེ་ཤེས་བདག་ཉིད་འགྱུར།། རིག་པའི་ལྷ་མོ་དེ་ཉིད་ནི།། རྡོ་རྗེ་ཅན་གྱི་བློ་ལས་བླང་།། ལག་པར་ལག་པ་བཞག་ནས་ནི། དེ་བཞིན ་གཤེགས་རྣམས་དབང་བྱས་ལ།། སློབ་མའི་མགོ་བོར་ལག་བཞག་སྟེ།། བླ་མ་རྡོ་རྗེ་ཅན་གྱིས་སྒོ།། ཐབས་གཞན་གྱིས་ནི་སངས་མི་རྒྱས།། དེ་བས་རིག་པ་འདི ་མཆོག་ཡིན།། ཆོས་ཀུན་གཉིས་སུ་མེད་པ་ལ། དངོས་པོས་གཉིས་སུ་བཏགས་པ་ཡིན།། དེ་བས་འཁོར་བ་རྣམ་བྲལ་བར།། རྟག་ཏུ་ཁྱེད་ཀྱིས་མི་བྱའོ།། འདི ་ནི་སངས་རྒྱས་ཐམས་ཅད་ཀྱི།། རིག་པའི་བརྟུལ་ཞུགས་བླ་མེད་པའོ།། རྨོངས་པ་གང་ཞིག་འདའ་གྱུར་ན། དེ་ཡི་དངོས་གྲུབ་མཆོག་མི་འགྲུབ།། ཐ་མལ་ལུས ་ཀྱི་ཆོས་ལ་ནི།། དྲི་མ་ལྔ་རྣམས་སྣང་བ་ནི།། ཡེ་ཤེས་ལྔ་ཡི་བྱིན་བརླབས་པས།། བདུད་རྩི་ལྔ་ཞེས་བྱ་བར་བཤད།། སླར་དང་དེ་བཞིན་བསྲེག་པ་དང་།། སྣང་བར ་བྱ་དང་གཟུགས་སྣང་བ།། སྔགས་ཀྱི་ལུས་སུ་རབ་སྦྱོར་བས། བདུད་རྩི་ལྔ་ནི་བཟའ་བར་བྱ།། རྡོ་རྗེ་ཧཱུཾ་ལས་བྱུང་བ་ཡི།། བར་སྣང་ལ་གནས་བསམ་པར་བྱ།། ་ཨ་ལས་བྱུང་བའི་པདྨ་ནི།། དེ་ཡི་འོག་ཏུ་བསྒོམ་པར་བྱ།། ཨོཾ་གྱིས་མཚན་པའི་བདུད་ཅི་ནི།། དེ་ཡི་དབུས་སུ་བཞག་པར་བྱ།། རྡོ་རྗེ་པདྨ་མཉམ་སྦྱོར་བས།། འབར ་བས་རྣལ་འབྱོར་ཚིམ་པར་བྱ།། ཤེལ་དང་མཚུངས་པར་སྣང་འགྱུར་ཅིང་།། ཡེ་ཤེས་ཉི་མ་གཉིས་པར་འགྱུར།། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀུན་གྱི།། མཚོན ་ཆ་མཆོག་གིས་དྲངས་ནས་སུ།། བདུད་རྩི་དེ་རུ་ཕབ་ནས་ཀྱང་།། བཟའ་བའི་སྦྱོར་བས་བཟའ་བར་བྱ།། བསྒྲུབ་བྱའི་དངོས་གྲུབ་ཆོ་ག་ཡིས།། དེ་བཞིན་དཔའ་བ་ལྔ ་རྣམས་བཟའ།། ཡིག་གསུམ་ས་བོན་ལས་བསྐྱེད་བྱ།། གཞན་དུ་དེ་ནི་འགྲུབ་མི་འགྲུབ། མི་སྣང་ལ་སོགས་དངོས་གྲུབ་ནི།། ཐ་མལ་པ་ཞེས་བཤད་པ་ཡིན།། ། ་སངས་རྒྱས་ཉིད་བསྒྲུབ་སངས་རྒྱས་ཀྱི།། དངོས་གྲུབ་མཆོག་ཅེས་གསུངས་པ་ཡིན།། ཐབས་ནི་རྣམ་པ་བཞི་པོ་དག། བྱང་ཆུབ་རྡོ་རྗེ་ཅན་གྱིས་གསུངས།། རྣལ ་འབྱོར་རྒྱུད་ནི་ཐམས་ཅད་དུ།། རྣལ་འབྱོར་པ་ཡིས་བརྟག་པར་བསྔགས།། བསྙེན་པའི་ཆོ་ག་དང་པོ་སྟེ།། ཉེ་བར་བསྒྲུབ་པ་གཉིས་པ་སྟེ།། བསྒྲུབ་པ་ཡང་ནི ་གསུམ་པ་ཡིན། བསྒྲུབ་པ་ཆེན་པོ་བཞི་པའོ།། ཐུན་མོང་མཆོག་བྱེ་བྲག་གིས། བསྙེན་པ་རྣམ་པ་གཉིསུ་འགྱུར།། རྡོ་རྗེ་བཞི་པོ་ཐུན་མོང་སྟེ། ཡེ་ཤེས་རྡོ་རྗེ ་མཆོག་ཡིན་ནོ།། དང་པ་སྟོང་ཉིད་བྱང་ཆུབ་སྟེ།། གཉིས་པས་ས་བོན་བསྡུ་བ་ཡིན། གསུམ་པ་གཟུགས་ནི་རྫོགས་པ་ཡིན། བཞི་པ་ཡི་གེ་དགོད་པའོ།། རྡོ་རྗེ་ནི ་གསང་བྱིནབྱ་བྱ། པོ་འདི་དག་གིས།། ཐ་མ་ལ་བསྒྲུབ་པའི་བསྙེན་པར་བྱ།། མཆོག་གི་ཡེ་ཤེས་བདུད་རྩི་ཉིད།། སྦྱོར་བ་དྲུག་གི་བྱ་བ་ཡི།། བསྙེན་པ ་ཡན་ལག་དྲུག་གིས་ནི།། བྱས་ན་བསྒྲུབ་པ་མཆོག་ཏུ་འགྱུར།། གཞན་དུ་བསྒྲུབ་པར་འགྱུར་ན་ནི།། དངོས་གྲུབ་མཆོག་ནི་འབྱུང་མི་འགྱུར།། སོ་སོར་བསྡད་དང་བསམ ་གཏན་དང་།། སྲོག་དང་རྩོལ་བ་དེ་བཞིན་འཛིན། རྗེསུ་དྲན་དང་ཏིང་ངེ་འཛིན།། སྦྱོར་བ་ཡན་ལག་དྲུག་ཏུ་བཤད།། དབང་པོ་བཅུ་པོ་རྣམས་ཀྱི་ཡང་།། རང་གི་འཇུ། ་གནས་ཐམས་ཅད་དུ།། འདོད་པ་སོ་སོར་བསྡུད་པ་ན། སོ་སོར་བསྡུད་པ་ཞེས་བཤད་དོ།། འདོད་པ་ལྔ་ནི་སྦྱོར་བསྡུས་ནས།། སངས་རྒྱས་ལྔ་རུ་སྦྱོར་བ་ཡིས།། ་རྟག་པར་བསམ་གཏན་ཞེས་བཤད་དོ།། བསམ་གཏན་དེ་ནི་རྣམ་ལྔར་འགྱུར།། རྟོག་དང་སྤྱོད་དང་དགབོ་བ་དང་།། དེ་བཞིན་བདེ་བ་ཉིད་ཡང་།། སེམས་ཀྱི་རྩ ་ཅིག་དག་པ་སྟེ།། ལྔ་པོ་འདིར་ནི་བསམ་གཏན་བསྡུ།། གསང་བའི་རྒྱུད་ནི་ཐམས་ཅད་དུ།། རྣམ་པ་དུ་མར་ཡོངས་བཤད་པ།། གསང་བ་གསུམ་འབྱུང་རྟོག་པ་སྟེ།། ་དེ་ཡི་ལོངས་སྤྱོད་སྤྱོད་པའོ།། དགའ་དང་འདྲ་བ་གསུམ་པའོ།། ཤེས་དང་ཤེས་པ་ཅུང་ཟད་པའི།། རང་སེམས་ལྔ་པར་ཤེས་པར་བྱ།། སངས་རྒྱས་ཀུན་དངོས ་ཞི་བ་ནི།། འདོད་པ་ཀུན་ལ་རབ་ཏུ་གནས།། ཡེ་ཤེས་ལྔ་ཡི་རང་བཞིན་དབུགས།། འབྱུང་བ་ལྔ་ཡི་ངོ་བོ་ཉིད།། གོང་བུའི་གཟུགས་ཀྱིས་ཕྱུང་ནས་ནི། སྣའི་རྩེ་མོར་རབ ་ཏུ་བརྟག། རིན་ཆེན་ཁ་དོག་སྣ་ལྔ་པ།། སྲོག་དང་རྩོལ་བ་ཞེས་བྱར་བ་ཤད།། རང་སྔགས་སྙིང་ཁར་བསམས་ནས་ནི།། སྲོག་ནི་ཐིག་ལེར་གྱུར་པར་བཞག། རང་དབང ་རིན་ཆེན་དགག་པའི་ཕྱིར།། གཟུང་བ་འཛིན་པ་ཡིན་པར་བཤད།། སེམས་ནི་འགོག་པའི་རྡོ་རྗེར་འགྱུར། མཚན་ཉེར་འཛིན་པ་འབྱུང་བར་འགྱུར། མཚན་མའི་ཁམ ་ནི་རྣམ་པ་ལྔ།། བྱང་ཆུབ་རྡོ་རྗེས་གསུངས་པ་ཡིན།། སྨིག་སྒྱུ་འདྲ་བ་དང་པོ་སྟེ།། དུ་བ་ལྟ་བུ་གཉིས་པ་ཡིན།། མཁའ་སྣང་འདྲ་བ་གསུམ་པ་སྟེ།། མར་མེ་འདྲ་བ ་བཞི་པའོ།། སྤྲིན་མེད་ན་མཁའ་ལྟ་བུར་ནི།། རྟག་ཏུ་སྣང་བ་ལྔ་པའོ།། བརྟན་གྱུར་རྡོ་རྗེའི་ལམ་ནས་ནི།། ན་མཁའི་ཁམས་སུ་སྤྲོ་བར་བྱ།། རྗེས་དྲན་གང་ཞིག་རྣམ་བསྒོ ་པ། དེ་དང་འདྲ་བར་བསྒོམ་པར་བྱ།། རྗེསུ་དྲན་པ་ཞེས་བཤད་དེ།། སོ་སོར་སྣང་བ་དེ་ལ་སྐྱེ།། ཐབས་དང་ཤེས་རབ་སྙོམས་འཇུག་པས།། དངོས་པོ་ཐམས་ཅད་མདོར ་བསྡུས་པ།། གོང་བུའི་ཚུལ་གྱིས་བསྡུས་ནས་ནི།། དབུས་སུ་གཟུགས་ནི་རྣམ་པར་བསྒོམ།། ཡུད་ཀྱིས་ཡེ་ཤེས་རྫོགས་བྱེད་པ།། ཏིང་ངེ་འཛིན་ཅེས་བྱ་བར ་གནས།། སོ་སོར་བསྡུད་པ་སྙོམས་འཇུག་ན། སྔགས་རྣམས་ཐམས་ཅད་བྱིན་གྱིས་བརློབས།། བསམ་གཏན་ཡེ་ཤེས་སྙོམས་འཇུག་ན། མངོན་ཤེས་ལྔ་པོ་ཐོབ་པར ་འགྱུར། སྲོག་དང་རྩོལ་བ་ངེས་པར་ནི།། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས།། རྟག་ཏུ་འཛིན་པའི་སྟོབས་ཀྱིས་ནི།། རྡོ་རྗེ་སེམས་དཔའ་ཡང་དག་འཇུག། རྗེས ་གས་ཀྱི་@དྲན་མཉམ་པར་སྦྱོར་བ་ཡིས།། འོད་ཀྱི་དཀྱིལ་འཁོར་ཡང་དག་འབྱུང་།། ཏིང་འཛིན་དབང་འགྱུར་ཙམ་གྱིས་ནི།། སྒྲིབ་པ་རྣམས་དང་གྲ། ་བར་འགྱུར།། སྙིང་པོ་དེ་ཉིད་ཐུགས་ཁ་རུ།། ཟླ་བ་རྡོ་རྗེ་སྦྱོར་བས་བལྟ། མཚོན་ཆ་མཆོག་གིས་དྲངས་ནས་ནི།། སེམས་ནི་སྔགས་ཀྱི་དངོས་བྱས་ཏེ། སྔགས ་ཀྱི་གཟུགས་ཀྱི་ཚུལ་གྱིས་ནི།། བྱང་ཆུབ་ཚིགས་བཅད་བརྗོད་པར་བྱ།། ཆོ་ག་ཡན་ལག་སྦྱོར་བསྒོམས་པས།། རང་གི་འཁོར་ལོ་ལ་གནས་ཏེ།། སེམས་དེ་ཡེ ་ཤེས་གཟུགས་ཀྱིས་ནི།། བསྒོམ་པ་ཉེ་བར་བསྒྲུབ་པའོ།། ཇི་སྙེད་མཐོང་བ་དེ་སྲིད་དུ།། རྣམ་གཉིས་ཟླ་བ་དྲུག་ཏུ་བསྒོམ། འདོད་པ་ཀུན་ལས་ལོངས་སྤྱོད་པས།། ། ་ཐམས་ཅད་ཀུན་ཏུ་བརྟག་པར་བྱ།། གལ་ཏེ་ཟླ་བ་དྲུག་ཏུ་ནི། ཇི་སྐད་གསུངས་པ་མ་མཐོང་ན།། ཇི་སྐད་བཤད་པའི་ཆོ་ག་དང་།། སྡོམ་པ་ལན་གསུམ་བརྩམ ་བར་བྱ།། དེ་ལྟར་བྱས་ཀྱང་བསྒྲུབ་པ་པོས།། མཐོང་བར་འགྱུར་བར་མ་གྱུར་ཅིང་།། གང་ཆ་བྱང་ཆུབ་མ་གྲུབ་ན། དྲག་ཤུལ་སྦྱོར་བས་བསྒྲུབ་པར་བྱ།། དེ་ཚེ ་དེའི་ཡེ་ཤེས་ནི།། འགྲུབ་པ་ངེས་པར་ཉེ་བར་འབྱུང་།། རིགས་ཀྱི་དབྱེ་བས་སྦྱོར་བ་ཡིས།། རྡོ་རྗེ་ཕུར་བུས་ཕུར་བུ་གདབ།། དེ་ནས་དབང་དུ་བྱ་བ་དང་།། ་བསྲུང་བའི་སྦྱོར་བ་དག་ཀྱང་བྱ།། འདོད་ཆགས་ཆེན་པོའི་ཚུལ་ཉིད་ཀྱིས།། ཡེ་ཤེས་འཁོར་ལོ་ཅན་རྣམས་བསྡུས།། ལྷ་མོ་དག་ནི་སྤྲོས་ནས ་ཀྱང་རྟ་བསྒྲུབ་པར་བྱ་བའི་ལུས་ལ་དགོད།། ཡོངས་སུ་གྱུར་པས་ཕྱག་རྒྱ་བཞིའི།། དཀྱིལ་འཁོར་དེར་ནི་བརྟག་པར་བྱ།། བདག་ཉིད་དབུས་སུ་གནས ་བྱས་ལ།། འཁོར་ལོ་ཀུན་ཅན་བསྡུ་བར་བྱ།། ཐམས་ཅད་རྡོ་རྗེའི་དངོས་བྱས་ལ།། དེ་ཚེ་བྱང་ཆུབ་བསྒོམ་པར་བྱ།། བསྐུལ་བའི་གླུ་དབྱངས་བཞི་ཡི ་ནི། ལྷ་མོས་སྙིང་པོ་བསྐུལ་བ་ཡིས།། དུས་གསུམ་རྡོ་རྗེའི་རང་བཞིན་སེམས།། ཡེ་ཤེས་ལྟ་བུར་ལུས་བསྒོམ་མོ།། བཞིའི་ཁ་དོག་རྣམ་པར་དབྱེ།། དེ ་བཞིན་ཉི་མའི་སྙིང་པོ་སྟེ།། དབང་བསྐུར་བ་ནི་རང་གི་རྒྱུད།། བཞི་ཡིས་འབྲས་བུ་བྱེད་པ་ཡིན། སྔགས་ཀྱི་ཆོས་ནི་བྱེད་འགྱུར་ལ།། རིག་པའང་ཆོས ་ཀྱིས་ཕྱག་རྒྱས་སོ།། འཁོར་ལོ་བསྒྱུར་བའི་རྒྱལ་པོ་དྲུག། བཅུག་གཏོར་ཞེས་ནི་རྣམ་པར་གྲགས།། རྫུ་འཕྲུལ་ཆེ་བའི་ལོངས་སྤྱོད་བཞི།། རིག་པའི ་རྒྱལ་མོ་ཞེས་བྱར་གྲགས།། དེ་བཞིན་རྡོ་རྗེའི་བདག་པོ་རྣམས།། འདོད་པ་ཐམས་ཅད་ཞེས་བྱར་བཤད།། བསམ་གཏན་རྡོ་རྗེ་ཐམས་ཅད་ལ།། དབང་བསྐུར་བར ་ནི་རབ་ཏུ་བསྔགས།། ཆོ་གའི་སྦྱོར་བ་འདི་ཡིས་ནི།། ཡེ་ཤེས་ལུས་དང་ལྷན་ཅིག་ཏུ།། སྐུ་གསུང་ཐུགས་ནི་རྡོ་རྗེ་ཡིས།། གཉིས་སུ་མེད་པ་བྱེད་བསྒྲུབ་ལ།། ་སྔར་བཤད་པའི་རིམ་གྱིས་ནི།། རིག་པའི་སྐྱེས་བུ་རྡོ་རྗེ་ཅན།། བསྒྲུབ་པ་ཆེན་པོ་ཞེས་བཤད་དོ།། བསྙེན་པའི་དུས་སུ་གཙུག་གཏོར་ཆེའི།། སྦྱོར་བ་ཉིད ་། ཀྱི་གཟུགས་སུ་དམིགས། ཉེ་བར་བསྒྲུབ་པའི་དུསུ་ནི། བདུད་རྩི་འཁྱིལ་པའི་གཟུགས་ཀྱི་བར།། སྔགས་པ་ཆོ་ག། ་ཤེས་པའི་བར། བསྒྲུབ་པ་རང་ལྷའི་སྦྱོར་བ་བྱ། བསྒྲུབ་ཆེན་པའི་དུས་སུ་ནི། གཙོ་བོ་བདག་པོ་སངས་རྒྱས་སྐུ།། འདི་ནི་རྡོ་རྗེ་ཅན་ཀུན་དང་།། རྣལ་འབྱོར ་མཆོག་གི་གསང་བ་ཚེ།། དེ་ལྷའི་རྣམ་དབྱེ་ཤེས་བྱས་ན།། དངོས་གྲུབ་མཆོག་ནི་བསྒྲུབ་པར་བྱ།། གཞན་དུ་བསྐལ་པ་བྱེ་བར་ནི། སངས་རྒྱས་སྐྱོབ་པ་རྣས ་ཀྱིས་ཀྱང་།། དངས་གྲུབ་མཆོག་ནི་ཞི་བ་དང་།། ངེས་པར་འབྱུང་བར་མི་འགྱུར་རོ། བསླབ་བྱ་བསྒྲུབ་པར་ཡང་དག་སྦྱོར། གང་ཡིན་དེ་ནི་བསྙེན་པར་བ ་རྡོ་རྗེ་བསྒོམཉས་སྦྱོར་བ། ཉེ་བར་བསྒྲུབ་པར་ཞེས་བཤད་དོ། ཡི་གེ་ཧཱུཾ་དང་ཕཊ་ལྡན་པ། བསྐྱེད་པ་བསྒྲུབ་པ་ཞེས་བཤད་དོ། ངོ་བ་ཉིད་ནི་ཞི་བདེ་བ ་བསྒྲུབ་པ་ཆེན་པོ་ཞེས་བཤད་དོ།། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག། རྡོ་རྗེ་འཆང་བ་ཀུན་གྱི་གནས།། སངས་རྒྱས་ཀུན་གྱི་ཐབས་ལས་བྱུང་། དེ་ཉིད་ཆོས ་རྣམས་ཆོས་ཉིད་དོ།། ལས་དང་རྗེས་སུ་མཐུན་གང་གིས། རྣལ་འབྱོར་པའི་སྦྱོར་བ་དམིགས། དཀྱིལ་འཁོར་དེ་དང་དེ་བསྐྱེད་ནས།། དམ་ཚིག་མི་བཟད ་པར་བྱ།། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡིས། སྔོན་བཞིན་དམ་ཚིག་བསྲུང་བར་བྱ། དེ་ནས་གཙུག་གཏོར་དམ་ཚིག་ནི། ཆག་ཇི་གང་གསུངས་པ་བྱུང་། ལས་ང། ་གང་དང་རྗེས་འཐུན་པའི།། རང་གི་འཁོར་ལོ་བཀའ་ཡང་བསྒོ།། བསྒྲུབ་བྱའི་ལུས་གང་ཡིན་པ་ལའང་།། དཀྱིལ་འཁོར་རྣམ་པར་བསྒོམ་ནས་སུ།། དེའི་ལུས ་གནས་འཁོར་ལོ་ལ།། དེ་ཡི་ཉེས་པ་བསྒྲགས་པར་བྱ།། དེ་ནས་དེ་རྣམས་དང་བཅོམ་ནས། འབྱུང་བར་འགྱུར་བར་རྣམ་པར་བསྒོམ།། དངོས་པོ་ཀུན་གྱི ་རྣམ་བསྒོམས་ནས།། དངོས་པོ་ཀུན་གྱིས་དྲངས་ནས་ནི།། དེ་ནི་རང་གི་འཁོར་ལོར་བཞུག། ཇི་སྐད་གསུངས་པའི་རྫས་རྣམས་ཀྱིས།། དེ་ཡི་གཟུགས་བརྙན ་བྱས་ནས་ནི།། ཁྲོ་བས་ཁྱབ་པའི་སེམས་ཀྱིས་ནི།། རྐང་པས་མཚན་མ་མནན་པར་བྱ།། དེ་ནས་བཀའ་མནོས་ཁྲོ་བོ་ནི།། སྣ་ཚོགས་ཚོགས་ཀྱིས་བསྐོར ་བ་རྣམས།། བསྒྲུབ་པ་རྡོ་རྗེ་ཅན་གྱིས་ནི།། བསྒྲུབ་བྱ་གསད་ཕྱིར་བཏང་བར་བྱ།། ཁྲོ་བོའི་རྒྱལ་པོ་དེས་བསྐོར་ནས།། དེ་ནི་བཅིང་ཞིང་བརྡེག་པ་དང་།། དེ ་ནས་བརྡུངས་ཞིང་སྐྲག་གྱུར་པ།། བསྒྲུབ་པ་པོས་ན་དགུག་པར་བྱ།། རྡོ་རྗེ་གསུམ་གྱི་སྔགས་ཀྱིས་ནི། དེ་ཡི་གཟུགས་བརྙན་ལ་ཕབ་ནས།། སྔགས་པས་རྡོ་རྗེ་གསུམ ་གྱིས་ནིཀསྤྱི་བོ་མགྲིན་པ་སྙིང་ཁ་རུ།། ཕུར་བུའི་སྔགས་ཀྱིས་ཕུར་བུ་གདབ།། ཡམས་དང་ཉེ་བར་འཚེ་བ་དང་།། སྣ་ཚོགས་ཡུལ་ལས་བྱུང་བ་རྣམས།། གཟུགས་མེ། ་ལ་ནི་ཕན་ནསོ་སུ།། དེ་རྣམས་ཀྱི་ནི་ཕུར་བུས་བདང།། དེ་ནས་སྦྱོར་བ་ཐམས་ཅད་ཀྱིས།། ཆོ་ག་ཇི་སྐད་གསུངས་པ་བཞིན།། འཁྲུལ་འཁོར་སྔགས་ཀྱི་སྦྱོར་ལ ་ཚོགས་ཀྱི། @སོགས།། ལས་ཀྱི་དབྱེ་བས་བསྒྲུབ་པར་བྱ།། མཚན་མ་མནན་ནས་བཟླས་པ་ལས། ཁྲོ་བོའི་དཀྱིལ་འཁོར་སྦྱིན་བསྲེག་གས། ་བསྒོམ་པས་གདུག་པའི་སེམས་ཅན་གྱིས།། ཟོས་པར་གྱུར་པར་རབ་ཏུ་བརྟག། ཞི་ལ་ཞི་བའི་སེམས་ཀྱིས་བྱ།། རྒྱས་ལ་རྒྱས་པའི་ཡིད་ཀྱིས་ཏེ།། དབང་ལ ་ཆགས་པའི་ཡིད་དུ་བྱ།། ཁྲོ་ལ་གཏུམ་པར་རབ་ཏུ་བསྒྲུབ།། ཞེས་པའོ།། དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས།། བྱང་ཆུབ་སེཾས ་དཔའ་ཆེན་པོ་དེ་རྣམས་ཀྱིས་ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་ནས།། ཐེ་ཚོམ་ཐམས་ཅད་གཅོད་པར་མཛད་པ་ཡི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་རང་གི་སྐུ་དང ་གསུང་དང་ཐུགས་རྡོ་རྗེ་ལ་ཞུགས་པར།། རང་གི་སྐུ་དང་གསུང་དང་ཐུགས་ཀྱི་དམིགས་ནས། ཅང་མི་གསུང་བར་བཞགས་པར་གྱུར་ཏོ།། དེ་ནས་བྱང་ཆུབ་སེམས ་དཔའ་སེམས་དཔའ་ཆེན་པོ་དེ་དག་གིས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པའི་རྒྱལ་པོ་འདིས་བསྟོད་དོ།། ཐམས་ཅད་སྐུ་ཁྱོད་ཕྱག་འཚལ་ལོ།། ཐམས ་ཅང་གསུང་ལ་ཕྱག་འཚལ་འདུད།། ཐམས་ཅད་ཐུགས་ཁྱོད་ཕྱག་འཚལ་ལོ།། ཐམས་ཅད་མཛད་ལ་ཕྱག་འཚལ་འདུད། སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི།། སྐུ ་གསུང་ཐུགས་ནི་ཐོབ་འགྱུར་བས།། སེམས་ཅན་སངས་རྒྱས་མཉམ་མེད་མཉམ།། བསྒྲུབ་བྱ་མ་ཡིན་བསྒྲུབ་པོ་གང་།། བསྒྲུབ་པའི་དབང་པོ་བདག་ཉིད་ཆེ།། སངས ་རྒྱས་ཐམས་ཅད་གསོད་པ་ཡིས།། ཇི་ལྟར་སྡིག་པས་གོས་མི་འགྱུར།། གལ་ཏེ་གོས་གྱུར་འབྲས་བུ་གང་།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ལ།། ལེག་སོ་ཞེས་བྱ་བ་བྱིན་ཏེ།། སེམས་དཔའ་ཆེན་པོ་ལེགས་སོ་ལེགས། བདག་ཉིད་ཆེན་པོ་ལེག་སོ་ལེགས།། ་གསུངས་དབྱངས་ཆེན་པོ་ལ་གསོ་ལེགས།། མཆོད་པ་ཆེན་པོ་ལེགས་སོ་ལེགས།། སློབ་དཔོན་བྱང་ཆུབ་རྡོ་རྗེ་ཅན། དཔལ་ལྡན་སངས་རྒྱས་ཀུན་གྱི་བདག། ་དངོས་རྣམས་ཐམས་ཅད་སྒྱུ་མ་བཞིན།། བསྐྱེད་དང་བསྡུད་པར་མཛད་པའོ།། དེ་ནས་དེ་ཡི་སྡིག་མི་འགྱུར། བསོད་ནམས་དག་ཀྱང་དེ་བཞི་ནོ།། གང་ལ ་སྡིག་དང་བསོད་ནམས་མེད།། དེ་ནི་བྱང་ཆུབ་ཡིན་པར་གསུངས།། མགོན་པོ་དེ་ཡིས་སླུ་བ་ཡིས།། ལུས་ཅན་ཐམས་ཅད་འཇིག་མཛད་པ།། ངན་འགྲོར་སྐྱེ ་བར་མི་འགྱུར་ཞིང་།། བྱང་ཆུབ་ཀྱང་ནི་རྙེད་མི་དཀའ།། སྔོན་ནི་མི་བཟད་ལས་བྱས་པས།། གལ་ཏེ་དམྱལ་བ་རྣམས་སུ་ནི།། སྐྱེ་བོ་སྐྱེ་འགྱུར་དེ་རྣམས་ཀྱང་།། ་དམྱལ་བ་རྣམས་ཀྱི་འབྲས་བུ་ཆེ།། བྱང་ཆུབ་རྡོ་རྗེས་བསྒྲུབ་བྱ་འདི།། ཡེ་ཤེས་ཀྱི་ནི་རྒྱས་བཏབ་པས། སེམས་ཅན་རྣམས་ཀྱི་སྦྱོར་བ་དེས།། མཆོག་ཏུ་ཕན་བཏགས ་ཤེས་པར་བྱ།། ཆར་གཅོད་པ་དང་རྗེས་བཟུང་བས། བདག་ཉིད་ཆེན་པོ་དེ་ཡིས་བྱ། བསྒྲུབ་པ་ཆེན་པོའི་མཐར་ཐུག་པར། བྱས་ནས་ལས་རྣམས་བརྩམ་ཧཱཿ། ་ས་དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས།། རྡོ་རྗེ་ཅན་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་ཚུལ་གྱིས་ཆོས་ཐོས་པ ་དགའ་ཞིང་དགའ་བའི་ཡིད་ཀྱིས་ལེགསོ་ཞེས་གསོལ་ཏེ།། མགོན་པོ་ཆེན་པོ་ལེག་སོ་ལེགས། ཐུབ་པ་ཆེན་པོ་ལེགསོ་ལེགས།། ཆོས་རྣམས་ཆེན་པོ་ལེགས ་ལེགས།། ཐུགས་རྗེ་ཆེན་པོ་ལེགསོ་ལགས།། ཨེ་མ་ཧོ་ཀུན་ཏུ་བཟང་པོ་ཡིས།། ཐུགས་རྗེ་ཆེན་པོ་དྲི་མ་མེད།། གདུག་པ་མི་ཟད་ལས་ཀྱིས་ཀྱང་།། སངས ་རྒྱས་ཉིད་ཀྱི་འབྲས་བུ་གསོལ།། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་རྣམས་ལ་འདི་སྐད་ཅེས ་བཀའ་སྩལ་ཏོ།། རིགས་ཀྱི་བུ་དེ་ལྟ་བས་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་བའི་གསང་བ་འདུས་པར་དབང་བསྐུར་བའི་སྔགས་པས་དང ་བར་མི་བྱ།། འཇིགས་པར་མི་བྱ་ཞིང་། སྐྲག་པར་གྱུར་པར་མི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། བྱང་ཆུབ་རྡོ་རྗེ་ལས་བྱུང་བ། ཞེ་སྡར་རྡོ་རྗེ་ཆེ་ལ་སོགས། སྔགས་ཀྱིས ་རྒྱན་ནི་བསྡུས་པ་དག། ཡོངས་སུ་སྤང་བར་མི་བྱའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཐམས་ཅད་ཀྱིས། དེ་བཞིན་གཤེགས་པ་དེ་དག ་ཅད་ལ་མགྲིན་གཅིག་ཏུ་ཚིགས་སུ་བཅད་པ་འདིས་མངོན་པར་བསྟོད་དོ།། དུས་གསུམ་རྒྱལ་བའི་ཐུགས་ཡིན་སྲིད་དང་།། མཐར་ཐུག་གང་། ཞི་ཞིང་སྒྲིབ་མེད་ན་མཁའ ་དག་པའི་ངོ་བོ་ཉིད།། སངས་རྒྱས་ལ་སོགས་བྱང་ཆུབ་རྡོ་རྗེ་ཅན།། དེ་དག་ལུས་ངག་ཡིད་ཀྱིས་རྟག་ཏུ་ཕྱག་འཚལ་ལོ།། གང་ཞིག་གཟུགས་དང་ཚོར་བ་འདུ་ཤེས་འདུ་བྱེད ་དང་།། རྣམ་པར་ཤེས་དང་སྐྱེ་མཆེད་དྲུག་དང་དབང་པོ་དྲུག། ས་ཆུ་མ་རླུང་ན་མཁའ་ཐམས་ཅད་ནི།། བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ།། གཏི་མུག ་ཉེས་པ་འདོད་ཆགས་རྡོ་རྗེ་ཆོས་བཅས་གང་།། རིག་པའི་སྦྱོར་བ་ལས་བྱུང་རྟག་ཏུ་རབ་འབྲེལ་བར། རྣམ་པ་སྣ་ཚོགས་དགའ་བས་མྱོས་པའི་དངོས་གྲུབ་པ།། ་བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལོ།། སྤྲོས་དང་དགའ་དང་རྣམ་པ་དེ་བཞིན་མི་འགྱུར་དང་།། རྒྱུ་དང་འབྲས་བུའི་རང་བཞིན་སེམས་རྟོགས་ཆོས།། ་རྨོངས་དང་ཞེ་སྡང་འདོད་ཆགས་བོ་སྒྲིབ་པ་སྟེ།། བྱང་ཆུབ་སེམས་འདྲ་རྒྱ་ཆེན་དེ་ལ་ཕྱག་འཚལ་ལོ།། གང་ཞིག་ཐོགས་མེད་དངོས་པོ་རྣམ་དག་བསྒོམ།། ཐབས ་དང་ཤེས་རབ་ལས་བྱུང་སྤྲོས་དང་རྣམ་པར་བྲལ།། གསང་བའི་དབང་བསྐུར་བརྟུལ་ཞུགས་དམ་ཚིག་སྦྱོར་ལ་བརྟག། བྱང་ཆུབ་རྡོ་རྗེ་འདྲ་བ་དེ་ལ་རྟག་ཕྱག ་འཚལ།། གང་ཞིག་དངོས་གྲུབ་མཆོག་གི་ཐབས་ནི་འདི་བསྒོམ་ཞིང་།། བསྐྱེད་པའི་ཆོ་ག་ཉེ་བར་བསྒྲུབ་དང་བསྒྲུབ་པ་དང་། བསྒྲུབ་པ་ཆེན་པོས་བླ་མི་འ ་བའི་བསྒྲུབ་དབང་པོ།། བྱང་ཆུབ་རྡོ་རྗེ་འདྲ་བ་དེ་ལ་རྟག་ཕྱག་འཚལ།། གང་ཞིག་ཐུན་བཞིའི་རྡོ་རྗེ་དག་ནི་བསྒྲུབ་བྱེད་པ།། མི་སྣང་ལ་སོགས་སྣ་ཚོགས་མཚ ་སད་བྱི། དང་དམན་གྲུབ་ཅིང་།། བླ་མའི་དྲིན་གྱིས་འདི་ནི་མ་ནོར་ལམ་རྟོགས་པ།། བྱང་ཆུབ་རྡོ་རྗེ་འདྲ་བ་དེ་ལྟ་དེ་ལ་རྟག་ཕྱག་འཚལ།། གང་། ་ཞིག་རབ་གསང་འདུས་པའི་རྒྱུད་འདི་མཉན་པ་དང་།། འདོད་པར་བྱེད་དང་ཀློག་པ་དང་ནི་སེམས་པ་དང་།། མཆོད་པར་བྱེད་པ་དང་ནི་འདྲིར་འཇུག་པ།། བྱང་ཆུབ ་རྡོ་རྗེ་འདྲ་བ་དེ་ལྟ་དེ་ལ་རྟག་ཕྱག་འཚལ།། གང་དུ་ཞི་སོགས་ལས་ཚོགས་ཤིན་དུ་བརྟགས་པ་ཡིས།། འཁྲུལ་འཁོར་སྔགས་བཤད་དང་ནི་དེ་བཞིན་རྒྱས་འདེབས ་པའི།། བསྒྲུབ་བྱ་འདི་དང་ལྡན་པའི་བསླབ་པའི་དབང་པོ་ནི། བྱང་ཆུབ་རྡོ་རྗེ་འདྲ་བ་དེ་ལྟ་དེ་ལ་རྟག་ཕྱག་འཚལ།། གང་ཞིག་བསྒྲུབ་པ་པོ་མཐོང་རིག་པ་དང་།། ་ལེགས་པར་དྲན་དང་མིང་ཙམ་ངེས་པར་ཐོས་པ་དང་།། དད་པར་བྱེད་ཅིང་ཕྱོགས་གཅིག་ཙམ་ཞིག་འཛིན་པ་དག། བྱང་ཆུབ་རྡོ་རྗེ་འདྲར་ལྟ་དེ་ལ་རྟག་ཕྱག་འཚལ།། ་བསྟོད་པའི་ཚིག་ནི་ཞི་བ་འདིས།། འདྲེན་པ་ཀུན་ལ་བསྟོད་པ་དང་།། བྱང་ཆུབ་སེམས་དཔའ་གྲགས་ཆེན་དང་།། མགོན་པོ་དེ་དག་རྗེས་ཡིད་རང་།། འདུས་པ་གས། ་བ་ལས་བྱུང་བ།། དེ་བཞིན་གཤེགས་པ་ཀུན་གྱིས་གསང་།། རྒྱུད་ཀུན་བདག་པོ་འདི་དབང་པོའི།། རྒྱུད་འདི་ལེགས་པར་གསུངས་པ་ཡིན།། དེ་བཞིན་གཤེགས ་པ་དེ་ཐམས་ཅད།། བྱང་ཆུབ་སེམས་དཔའ་དེ་དག་ཐམས་ཅད་ཀྱིས་དེ་སྐད་ཅེས་གསུངས་ནས། ཉིད་ཀྱི་སྐུ་དང་། གསུང་དང་། ཐུགས་རྡོ་རྗེ་ལ་ཞུགས་ཏེ། ་སྐུ་དང་གསུང་དང་ཐུགས་རང་གི་སྐུ་དང་གསུང་དང་ཐུགས་ལ་དམིགས་ཏེ། ཅང་མི་གསུང་བར་གྱུར་ཏོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་། གསུང ་དང་ཐུགས་ཀྱི་གསང་བ་ཆེན་པོ།། གསང་བ་འདུས་པ་ལས།། གསང་བ་ཐམས་ཅད་སྟོན་པ་རྡོ་རྗེ་ཡེ་ཤེས་ཀྱིས་བྱིན་གྱིས་བརླབ་པ་ཞེས་བྱ་བའི་ལེའུ་བཅོ ་བརྒྱད་པ།། ། རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་ཨ་ཙཪྻ་སྲད་དྷ་ཀ་རཱ་ཝར་མ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས ་བཅོས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པའོ།། ་