CLOSE WINDOW

F412: dbang mdor bstan pa
Wyliee-texts produced with BDRC’s OCR application

། རྒྱ་གར་སྐད་དུ།། ། ཤེ་ཀོད་དེ་ཤ།། བོད་སྐད་དུ།། ་དབང་མདོར་བསྟན་པ།། དཔལ་དུས་ཀྱི་འཁོར་མ་ལ་ཕྱག་འཚལ་ལོ།། ཟླ་བ་བཟང་པོས་ཡང་གསོལ་པ། གསོན་པ་དང་ནི་རྣམ་བདུན་དང་། རྣམ་གསུམ་དེ་བཞིན་ཐ ་ན་མེད།། འཇིག་རྟེན་འཇིག་རྟེན་འདས་བསྒྲུབ་ཕྱིར།། མདོར་བདུས་པར་ནི་བདག་ལ་གསུངས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།། ཉོན་ཅིག་ཟླ་བཟང་དབང ་གི་དོན།། རྣམ་བདུན་རྣམ་གསུམ་མཆོག་དང་ནི།། རྩ་བའི་ཀུན་སྤྱོད་བརྩོལ་བ་ནི།། མདོར་བསྡུས་ང་ཡིས་ཁྱོད་ལ་བཤད།། རྒྱུད་ལ་མདོར་རྣམ་གསུམ་དང་།། རྒྱས ་བར་བཤད་པའང་གསུམ་དུ་འགྱུར།། རབ་ཏུ་མདོར་བསྟན་མདོར་བསྟན་ཆེ།། རབ་ཏུ་རྒྱས་པར་བཤད་པ་གཞན།། མདོར་བསྟན་འདི་ཉིད་རྒྱས་བཤད་ཏེ། རྒྱུད་ཀྱི ་བསྡུས་པ་བརྗོད་པ་ཡིན།། རབ་ཏུ་མདོར་བསྟན་རྒྱས་བཤད་ནི།། དཀའ་འགྲེལ་ཚིག་ནི་འཇོམས་པའོ།། མདོར་བསྟན་ཆེན་པོའི་རྒྱས་བཤད་ནི།། འགྲེབ་བ་ཤད ་ཐམས་ཅད་བསྡུས་དོན་ཏེ།། དེ་ཡང་མངོན་ཤེས་ཐོབ་རྣམས་ཀྱིས།། བྱ་བ་ཡིན་གྱི་མཁས་གཞན་མིན།། དེ་ལྟར་མཐའ་དྲུག་རྣམས་ཀྱིས་དག། རྡོ་རྗེའི་རྣལ་འབྱོར་རྣམ ་བཞི་དང་།། བྱང་ཆུབ་རྣམ་བཞི་ཕུང་པོ་དང་།། ཁམས་དང་སྐྱེ་མཆེད་རིགས་དྲུག་རྣམས།། འཇིག་རྟེན་ཁམས་སོགས་བརྗོད་པ་སྟེ།། ལེའུ་ལྔ་ཡིས་དག་པ་ནི།། དུས་ཀྱི ་འཁོར་ལོར་མངོན་བརྗོད་དེ།། གདེན་གཉིས་དང་པོའི་སངས་རྒྱས་ཡིན།། གང་ཡང་དང་པོར་དབང་བདུན་ནི།། བྱིས་པ་རྣམས་ནི་བཞུགས་པ་སྟེ།། འཇིག་རྟེན་ཀུན ་རྫོབ་རྣམ་པ་གསུམ།། བཞི་པ་དག་ནི་དོན་དམ་ཉིད།། ཆོས་རྣམས་བདེན་པ་གཉིས་ཀྱིས་ནི།། རྡོ་རྗེ་འཛིན་པ་ངས་བསྟན་ཏེ།། འཇིག་རྟེན་ཀུན་རྫོབ་བདེན་པ་དང་།། དོན་དམ ་གཉིས་ཀྱི་བདེན་པས་སོ།། ཆུ་དང་ཅོད་པན་དར་སྦྱངས་དང་།། རྡོ་རྗེ་དྲིལ་བུ་བརྟུལ་བཤུགས་ཆེ།། མིང་དང་རྗེས་གནང་བཅས་པ་དང་།། རྣམ་བདུན་དབང་པོ་རྒྱལ་ཀྱེ།། ལུས་དག། ་ཡིད་ནི་དག་བྱེད་པ།། མངོན་པར་དབང་བསྐུར་གཉིས་གཉིས་ཏེ།། རྗེས་གནང་ཡེ་ཤེས་དག་པ་ཡིན།། ཆུའི་ཁམས་སོགས་ཡང་དག་དག། ཅོད་པན་གྱིས་ནི་ཕུང་པོ ་དང་།། དར་སྦྱངས་ཕ་རོལ་ཕྱིན་པ་དག། རྡོ་རྗེ་དྲིལ་བུ་མི་འགྱུར་ཆེ།། སངས་རྒྱས་གསུང་རྒྱུན་མི་འཆད་པ།། ཉི་ཟླ་གཅིག་ཏུ་དག་པའོ།། རྡོ་རྗེ ་བརྟུལ་ཤགས་མི་འཕོང་།། ཡུལ་དང་དབང་པོ་དག་པའོ།། མིང་ནི་བྱམས་པ་ལ་སོགས་དག། གནང་བ་སངས་རྒྱས་ཉིད་དུ་དག། དབང་བདུན་པོ་ནི་འདི་ཡིན་ཏེ།། དཀྱིལ་འཁོར ་བཞེངས་ནས་སྦྱིན་པར་བྱ།། བུམ་པ་དང་ནི་གསང་བའི་དབང་།། ཤེས་རབ་ཡེ་ཤེས་མངོན་བརྗོད་པ།། སྔར་ཡང་ཤེས་རབ་ཆེན་པོ་ནི།། དེ་ཡི་ཡེ་ཤེས་མངོན་པར་བརྗོད། ་སྨྲ་འགྱུར་ཞིང་འགྱུར་ཏེ་དེ་ནས་འཐུན།། དེ་ནས་གཞན་ནི་རྒྱུ་འཐུན་པ།། མངོན་པར་དབང་སྐུར་རིབ་གསུམ་གྱིས།། ལུས་ངག་ཡིད་ནི་ཡང་དག་དག། བཞི་པ་ཡེ་ཤེས་དག་པ ་ནི།། བཞི་པ་ཡེ་ཤེས་དག་པ་ན།། ལུས་ངག་ཡིད་ཀྱང་དག་པར་བྱེད།། བྱིས་པ་དར་མ་དེ་ནས་རྒན།། བཞི་པ་ཡང་ནི་སྐྱེ་རྒུའི་བདག། ཤེས་རབ་ཉི་མའི་ཡན་ལག་ནི།། རེག ་ལས་བྱང་ཆུབ་སེམས་འབོད་དེ།། གང་ཕྱིར་བྱིས་པ་བད་ཐོབ་པ།། དཀར་འཛིན་གྱིས་ནི་དེ་དབང་བསྐུར།། གསང་བ་མཉེས་ལས་ཡུན་རིང་སྐྱེས།། བྱང་ཆུབ་སེམས་འཕོ ་འདེ་བ་སྟེ།། གང་ཕྱིར་གསང་ལས་བདེ་བོང་བ།། དརལ་བབ་པ་དེ་དབང་འསྐུར།། ཡུན་རིངས་གསང་བ་མཉེས་ལས་སྐྱེས།། རྡོ་རྗེའི་རྩེ་མོར་བདེ་བ་འཐུན།། གང་བྱིད ་རྐན་ལས་འཐུན་གྱུར་པས།། ཤེས་རབ་ཡེ་ཤེས་དེ་དབང་བསྐུར།། ཕྱག་རྒྱ་ཆེ་ལ་རྗེས་ཆགས་པས། རྒྱུ་འཐུན་ལས་སྐྱེས་བདེ་བ་གང་།། གང་ཕྱིར་རྒྱུ་འདུན་ཉིད་དུ་འགྱུར།། ་ཕྱག་རྒྱ་ཆེན་མོས་དེ་དབང་བསྐུར།། སྐྱོབས་པ་སྐྱེ་རྒུའི་བདག་པོ་དོ།། ཐམས་ཅད་བསྐྱེད་མཛད་མར་ཤེས་བྱ།། རྡོ་རྗེ་སེམས་དཔའི་སེམས་དཔའ་ཆེ།། མི་འགྱུར་གཉིས ་མེད་བྱང་ཆུབ་སེམས།། དམ་ཚིགས་སེམས་དཔའ་འདི་ཡིན་ཞིང་།། རྡོ་རྗེའི་རྣལ་འབྱོར་རྣམ་པ་བཞི།། དུས་ཀྱི་འཁོར་ལོ་འདི་རུ་བརྗོད།། རྣལ་འབྱོར་རྣམས་ལ་ཐར་སྟེར ་བ།། འདི་ཉིད་བསྒྲུབ་པར་བྱ་བ་ནི།། མ་བསམ་པའི་སྣང་བ་དང་།། དུ་བ་ལ་སོགས་མཚན་མ་མེད།། ཤེས་རབ་གཟུགས་ནི་མཁའ་མཉམ་དང་།། ཡོད་དང་མེད་ལས ་རྣམ་པར་འདས།། སེམས་ཀྱི་རྐྱེན་གྱི་དོན་རྣམས་དང་།། རྡུལ་འཕྲན་ལས་སྐྱེས་ཚོགས་པ་རྣམས།། ཀུན་དུ་ཡོངས་སུ་སྤངས་པས་སོ།། དུ་བ་སྨིག་སྒྱུ་མེད་ཁྱེར་དང་། ་མར་མ་འབར་དང་ཉི་ཟླ་དང་།། མུན་ཅན་ཆ་ཤེས་ཐིག་ལེ་ཆེ།། སྣ་ཚོགས་གཟུགས་ནི་རབ་ཏུ་གསལ།། མིག་གཉིས་མ་ཕྱེ་མ་བཙུམས་པས།། གང་ཞིག་སྟོང་པར་མ ་བརྟགས་པ།། རྨི་ལམ་བཞིན་དུ་གཟུགས་མཐོང་བ།། གཟུགས་དེ་རྟག་ཏུ་བསྒོམ་པར་བྱ།། མེད་པའི་གཟུགས་ལ་བསྒོམ་པ་ནི།། རྣལ་འབྱོར་རྣམས་ཀྱིས་དེ་བསྒོམ་མིན། ་@#སྟོང་པར་མ་བརྟགས་མཐོང་བའི་ཕྱིར།། སེམས་ལ་དངོས་དང་དངོས་པོ་མེད།། ཇི་ལྟར་བེ་ལོང་བྲལ་ནི།། དངོས་མེད་ལས་སྐྱེས་བུ་མོས་མཛོད།། ་མཁའ་ལ་དེ་ཉིད་རྣལ་འབྱོར་པས།། འདས་དང་མ་འོངས་ཆོས་དེ་བཞིན།། འདི་མིན་པས་ན་དངོས་ཡོད་མིན།། དངོས་པོ་སྟོང་པའི་དོན་མཐོང་ཕྱིར།། དངོས་པོ་མེད ་པའི་དོན་ཡོད་པ།། རྨི་ལམ་སྒྱུ་མ་མིག་འཕྲུལ་མཚུངས།། ཆོས་ཅན་མེད་པ་ལས་ནི་ཆོས།། སྐྱེ་བ་འདི་ནི་མཐོང་བས་ན།། ཡིད་བཞིན་ནོར་ལྟར་མཐའ་ཡས་པའི། ་རེ་བ་ཐམས་ཅད་རྫོགས་པར་མཛད།། གཞོན་ནུ་མི་བྲལ་བ་ནི།། མ་མཐོང་བའི་རྐུན་པོ་མཐོང་།། ཉ་ཙེ་བའི་མིག་གཉིས་ཀྱིས།། བསྐྱོད་དེ་བསྒྲུབ་པ་པོ་ཡིས་གཟིགས། ་གལ་ཏེ་ཡོད་པའི་གཟུགས་མཐོང་ན།། བདག་གི་གདོད་པ་ཅིས་མི་མཐོང་།། གལ་ཏེ་མེད་པའི་གཟུགས་མཐོང་ན།། རི་བོང་རྭ་ནི་ཇི་ལྟར་མིན།། མིག་གཞན་གྱིས ་ནི་མ་མཐོང་ཞིང་།། བདག་གི་མིག་གིས་ཀྱང་མི་མཐོང་།། སྐྱེ་བ་མེད་པ་མཐོང་བ་ནི།། གཞོན་ནུ་མ་ཡི་བུ་བཞིན་ནོ།། གཟུགས་མཐོང་དེ་ཡི་འོག་ཏུ་ནི།། སྟེང་དང་འོ ་ཏུ་རྩ་གསུམ་ལ།། ལུས་ངག་སེམས་ནི་དགག་པའི་ཕྱིར། རྒྱུན་མི་འཆད་པར་སྲོགས་བཅོལ་བྱ།། བླ་ཉི་སྐྲག་ཅན་དྲི་ཆེན་དང་།། དྲི་ཆུ་ས་བོན་འབབ་པའི་ལམ ་ཆུ་མེ་སྟོང་པས་དང་རླུང་།། ཡེ་ཤེས་ཁམས་རྣམས་དག་གི་རིགས།། གང་རྣམས་ཟླ་ཉི་མུན་ཅན་ནི།། ལུས་ངག་སེམས་ཀྱི་རྩེ་དེ་རྣམས།། སྲོག་དང་ཟུར་སེལ་རིམ ་པ་ཡིས།། དྲི་ཆེན་དྲི་ཆུ་ས་བོན་འབབ།། ཐབས་ཀྱི་སྐུ་ནི་ཟླ་བ་ལ།། ཤེས་རབ་གསུང་ནི་ཉིན་མོར་བྱེད།། ཤེས་རབ་སྐུ་ནི་དྲིན་ཆེན་རྩ།། དྲི་ཆུ་འབབ་པ ་གཙོ་བོའི་གསུང་།། སྟེང་འོག་སེམས་ཀྱི་རྩ་གཉིས་ནི། ས་བོན་འབབ་དང་མུན་ཅན་མ།། ཐབས་ཀྱི་ཐུགས་ནི་མུན་པ་ཅན།། ས་བོན་འབབ་མ་ཤེས་རབ་ཀྱི།། ་སྐུ་གསུང་ཐུགས་ཀྱི་རྣལ་འབྱོར་གྱིས།། སྟེང་འོག་རིགས་དྲུག་འདི་ཉིད་དོ།། ཐབས་དང་ཤེས་རབ་སྐུ་དངོས་ཀྱི།། ལུས་ཅན་རྣམས་ལ་ཡང་དག་གནས།། སྟེང་འོག ་ལྷག་པའི་རླུང་གིས་ནི།། ལུས་ངག་རྩ་ལ་འཆི་ལྟས་ཡིན།། མུན་ཅན་ས་བོན་འབབ་མ་ལས།། སྐྱོ་དང་འཆི་བ་གནས་པ་ཡིན།། སྐྱེ་དང་འཆི་བའི་དུས་དང་ནི། ་འཁྲིག་ལ་ས་བོན་འབབ་པའོ།། ཉི་མ་འཕོ་དང་མཉམ་པ་ལ།། མུན་ཅན་མ་ནི་སྟེང་དུ་འབབ།། དུམ་སྦྱོར་འབྱུང་བའི་མངོན་འཚམས་སུ།། དབུས་མ་ཡིན་ནོ་མཉམ ་པར་འབབ།། ཀང་བ་དང་བཅས་ལྔ་བཅུ་དྲུག། འབྱུང་འཇུག་དབུགས་སོ་མི་དབང་ཀྱེ།། བདུན་བཅུ་རྩ་ལྔ་ལྷག་པ་ཡི། དྲུག་བརྒྱ་ཉིན་དང་མཚན་མོའོ།། གང་ཡང་དྲུག ་། བརྒྱས་ལྷག་པ་ཡི།། སྟོང་ཕྲག་ཉི་ཤུ་རྩ་གཅིག་སྟེང་།། གཡས་པ་དང་ནི་གཡོན་པའི་རྩ་ལ།། དེ་ཡིས་དམན་པ་དེ་རྣམས་འདབ་།། ཕྱོགས་གསུམ་དང་། ་བཅས་ལོ་གསུམ། ལོ་བརྒྱ་ཡིས་ནི་དབུས་མར་འགྱུར།། སྟེང་དུ་གཡས་དང་གཡོན་པ་ནི།། ཉི་ཟླ་ལུག་དང་སེར་སྐྱ་གཞན། ཆུ་དང་མེ་ཡི་རང་བཞིན་ཏེ།། པད་མར་རིན་ཆེན ་འཛིན་པར་གསུངས་ཏེ། འོག་ཏུ་དྲི་ཆེན་དྲི་ཆུ་འབབ།། ས་དང་རླུང་གི་རང་བཞིན་ཏེ།། གཡས་པ་དང་ནི་གཡོན་པའི་རྩ། འཁོར་ལོ་རལ་གྲི་འཛིན་པ་གསུང་།། སྟེང་གི་དབུས ་མ་འོག་ཏུ་ཡང་།། སྒྲ་ཅན་དང་ནི་ས་བོན་འབབ།། སྟོང་པ་ཡེ་ཤེས་རང་བཞིན་ཏེ། རྡོར་འཛིན་རྡོ་རྗེ་འཛིན་པར་མཛོད།། ཟླ་བའི་ལམ་གྱི་དྲི་ཆེན་རྩ།། ཉི་མས་དྲི་ཆུ་འབ ་མའོ།། མཉམ་དང་སྐྱེ་འཆི་འདོད་ཆགས་ལ།། སྒྲ་ཅན་ས་བོན་འབབ་མའོ།། གང་ཞིག་ལྟེ་སྟེང་ཀུན་དར་མ།། མུན་འབབ་བཞིན་དུ་ཡིད་བཟང་སྟེ།། གང་འོག་ན་མཁའི་གདོང ་དེ་ནི།། ས་དོན་འབབ་པའི་དང་ཅན་མ།། ལྟེ་བའི་པདྨ་སྙིང་མགྲིན་དང་།། དཔྲལ་བའི་གཙུག་གཏོར་འདམ་སྐྱེས་ལ།། ས་ཆུ་མི་རླུང་སྟོང་པ་ནི།། སྡུད་པ་ཡིས་ནི་འབད ་བའོ།། གཤེགས་པ་དང་ནི་བྱོན་པ་དེ།། བསྐྱེད་པ་ཡི་ནི་ས་ལ་འཇུག། ལྟེ་བ་ནས་ནི་ལྟེ་བའི་དབུས།། ཀུན་དར་མ་ནི་གཤེགས་ཤིང་བྱོན།། ལྟེ་གསང་ནོར་བུའི་པདྨ་ལ།། ་ལུས་དག་སེམས་ནི་འབབ་མ་སྟེ།། གཤེགས་པ་དང་ནི་བྱོན་པ་དེ།། བསྡུད་དང་བསྐྱེད་པའི་གཟུགས་ཅན་མ།། སྐྱེས་བུ་ཀུན་ལ་དུང་ཅན་མ།། ཟུར་སེལ་རླུང་ནི་འབབ་པར་བྱེད།། ་འདི་ནི་བུད་མེད་བདེ་བ་ཡིས།། ས་བོན་དུས་སུ་ཁྲག་འབབ་མ།། ཐབས་དང་ཤེས་རབ་སྐུ་གདོད་ཀྱིས།། སྟེང་དུ་གཡས་དང་གཡོན་པའོ།། འོག་ཏུ་དྲི་ཆེན་དྲི་ཆུ་འབབ།། རྡུལ ་དང་ས་བོན་འབབ་པའོ།། རྡུལ་འབབ་ཕྱིར་ན་གཏུམ་མོ་སྟེ།། ས་བོན་འབབ་ཕྱིར་ན་མཁའི་གདོད།། སྟེང་དུ་རིགས་ངན་བུད་མེད་ལ།། སྐྱེས་བུ་ལ་ནི་ཀུན་དར་བརྗོད།། སྣ ་ཁུང་གཡོན་པའི་རྩ་ལ་ནི།། རྣམ་ཤེས་ལ་སོགས་དཀྱིལ་འཁོར་ལྔ།། གཡས་པའི་རྩ་ལ་སོགས་ཏེ།། དབུས་སུ་དྲག་ལ་འབབ་པའོ།། ལྟེ་བའི་པད་མའི་མདམྦ་ལ།། དཀྱིལ ་འཁོར་དྲག་བཅུ་རིམ་པ་བཞིན།། དུས་སྦྱོར་གཡས་དང་གཡོན་པ་ལ།། ལུག་སོགས་ཁྱུ་མཆོག་ལ་སོགས་པའོ།། རྩ་བ་གཡོན་དང་དེ་ནས་གཡས།། སྟེང་དང་དབུས ་སུ་རིམ་པས་རླུང་།། དཀྱིལ་འཁོར་རེ་རེའི་དབྱུག་གུ་ལས།། ས་སོགས་སྣ་བུག་དག་ལའོ།། དྲུག་བཅུར་བཅས་པའི་སུམ་བརྒྱའི་དབུགས།། རྩ་ནི་རིམས་པས་འབབ ་པའོ།། སྟོང་དང་བརྒྱད་བརྒྱའི་དབུགས་རྣམས་ནི།། རྩ་ལྔ་པོ་ཡིས་དེ་རྣམས་འབབ།། དྲུག་བཅུའི་རྩ་ནི་ཉིན་མཚན་དུ།། ལུས་ཅན་ལ་ནི་དཀྱིལ་འཁོར་ཞེས།། འདབ་མའི ་@#གདབུས་དང་དེ་ནས་གང་།། གཡས་གཡོན་ནུབ་ཏུ་རིམ་པས་རླུང་།། གགཡོན་པར་དག་པར་མཁའ་སོགས་ཀྱི།། གཡས་ས་སོགས་གཞན་སའོ།། གཡོན་ས ་སྲིད་པར་རྣམ་ཤེས་སོགས།། གཡས་སུས་སོགས་བསྡུད་པའོ།། ནུབ་དང་ཤར་དུས་དང་རླུང་།། ཕན་ཚུན་ཐབས་དང་ཤེས་རབ་སྟེ།། མཐེ་བོང་དང་ནི་མིང་མེད་ཀྱིས། ་གང་གིས་ཁལ་དབང་བསྐུར་རོ།། གཡས་དང་གཡོན་དུམ་དང་རྩཝ།། ཕན་ཚུན་ཐབས་དང་ཤེས་རབ་སྟེ།། འཛུབ་མོ་དང་ནི་གུང་མོ་ཡིས།། གང་ཕྱིར་རལ་གྲི་འགྱུར་བའོ།། ་ཕྱག་རྒྱ་ཟླབ་ཕྱེད་པའི་ཆུ་ལེ།། ཆེ་བམཐེ་ཆུང་གྲི་གུག་སྟེ།། སྟོང་བ་མི་འགྱུར་སྟེང་འོག་ཏུ།། ཕན་ཚུན་འབས་དང་ཤེས་རབ་བོ།། སོར་མོ་རྣམས་ནི་ཕན་ཚུན་དུ།། དཀྱིལ ་འཁོར་བཅུ་ནི་ཡང་དག་སྦྱོར།། སྤྱི་བོར་བལ་མོ་སྦྱར་བ་ཡིས།། གྲི་གུག་དང་བཅས་རྩེ་གཅིག་པོ།། བསྐྱེད་པ་དང་ནི་བསྡུད་བྱེད་པའོ།། མཉམ་པ་དེ་ཡང་དབུས་མའི ་རྩ་ར། ཕུང་པོ་ཁམས་དང་རྡོ་རྗེ་གསུམ།། དབུ་མར་སོང་ནས་གཅིག་ཏུ་འགྱུར།། ཟླ་བ་ཉི་མའི་རྩ་འགགས་ན།། དྲི་ཆེན་དྲི་ཆུའི་རྩ་འགག་གོ།། སྒྲ་གཅན་རྩ་ནི་འགག་ཏུ ་ན་གཞོག་གིས་བོན་འགག་པའོ།། འདི་གྲོལ་ན་ནི་ཀུན་ཐོས་འགྱུར།། བསྡུས་པ་དང་ནི་བསྲུད་བྱེད་ས་གཁྲོག་དང་འབྲལ་ལེལ་ལམ་གསུམ་གྱིས། ཅ་རྣམས་ཀུན་སྤྱོད ་འདི་ཡིན་ནོ།། གཡས་པ་དག་ནི་གཡོན་པ་ལ། ཉིན་མཚན་ལྔ་དང་དེ་བཞིན་གཅིག། རླུང་ནི་རབ་ཏུ་འབབ་པ་ན།། དེ་ནས་ལོ་གསམ་གྱིས་འཆི་འགྱུར།། ལྔ་ཕྱོགས་ཆེས ་དང་ཉི་ཤུ་དང་།། དེ་ཉིད་རིམ་པས་རེ་རེས་ལྷག། ཉི་མ་སུམ་བཅུ་གསུམ་གནས་པས།། གཡས་པའི་ཉི་མའི་འཆི་ལྟ་སོ།། ལོ་གསུམ་གཉིས་གཅིག་མཉམ་ཟླ་བ།། དྲུག ་གསུམ་ཟུང་ཟླ་ཉི་མ་ནི།། ཚེས་ཕྱོགས་ལྔ་དང་ཡོན་ཏན་གཉིས།། གཅིག་གིས་ལུས་ཅན་ཚེ་འགྲོ་འགྱུར།། རྩ་བ་ནས་ནི་རེ་རེ་ལྷག།། གཡོན་དུ་ཟླ་བ་འབྱུང་བར་འགྱུར།། ་ཞག་དང་ཞག་གིས་ཟླ་བ་སྟེ།། ཟླ་གཉིས་ཅན་གྱིས་ཞག་གསུབ་མོ།། འཆི་ལྟས་ཞག་དང་དགེ་ཟླ་བ།། དེ་དག་འཕེལ་དང་འགྲིབ་པ་ཡིན།། ལོ་བརྒྱ་ཡོངས་སུ་རྫོགས་པ ་ཡིས།། དབུས་མ་ལ་ནི་འཆི་བར་འགྱུར།། མཉམ་དང་མི་མཉམ་གཞན་ཞིག་གིས།། དེ་སྐྱེས་ནས་ནི་དཀྱིལ་འཁོར་འབྱུང་།། ཕྱོགས་གཉིས་རྣམ་པར་ཉམས་པའི་ཕྱིར། ་གཡས་དང་གཡོན་པ་དག་ལས་འབྱུང་།། གཞན་དུ་ན་ནི་འཆི་བ་མེད།། ཕྱོགས་གཉིས་ཡང་དག་གནས་པ་ན།། གཡས་དང་གཡོན་དུ་ཀུན་དུ་སྤྱོད།། དཀྱིལ་འཁོར་ལྔ་ནི་འབབ ་པ་ཡིན།། འདི་ལྟས་མཚན་ཉིད་ཤེས་བྱས་ལ།། སྲོག་ནི་ཐིག་ལེར་གཞུག་པར་བྱ།། ཀུན་སྤོང་གོ་འཕང་བརྟེན་བྱས་ལ།། མཆོག་ཏུ་མི་འགྱུར་བསྒོམ་པར་བྱ། ་#ཏི་ཟླར་འགྲོ་བ་གཞོམ་པའི་ཕྱིར།། རྟག་པར་རྡོ་རྗེ་བསླང་བར་བྱ།། གཞན་དུ་ན་ནི་ཀུན་སྤོང་འཆར།། སྲོག་གི་རླུང་ནི་འཇུག་པ་མེད།། འོག་ཏུ་དུང་ཅན་བུར་སེལ ་ནི།། དེ་མ་ཞུགས་ན་འཆི་བ་ཡིན།། འཆི་བ་བླུ་བ་འདི་ཉིད་ནི།། རྣལ་འབྱོར་རྣམས་ལ་དགའ་བས་བྱ།། གཙུག་གཏོར་སྟེང་གི་པད་མ་ལས།། ཤུ་བཀྲ་བྱུང་ན་དགའ་བ་ཡིན།། ་མགྲིན་པ་སྙིང་ཁ་མཆོག་དགའ་བ།། དེ་ནས་རྣམ་པར་དགའ་བར་འགྱུར།། སྣ་ཚོགས་དགའ་བ་ལྟེ་བ་ལ།། གལ་ཏེ་གསང་བའི་པད་མར་སོང་།། གསང་གནས་རྡོ་རྗེ་ནོར་བུའི ་རྣ་བར།། ལྷན་ཅིག་སྐྱེས་དགའ་མི་འཕོ་བ།། རབ་ཏུ་མི་གནས་མྱ་ངན་འདས།། ཆགས་ཆེན་མི་འགྱུར་མངའ་བདག་གོ།། དགའ་བྲལ་ལས་ནི་བདེ་འཕོ་གང་།། མྱ་ངན་འདས་ལ ་དེར་རབ་གནས།། ས་བོན་ཟླ་བ་གཙུག་གཏོར་ཤར།། གསང་བའི་ཆུ་སྐྱེས་དག་ལ་རྫོགས།། ཆ་ནི་བཅུ་དྲུག་པ་གད་དེ།། རྡོ་རྗེ་ནོར་བུ་པད་རྩེར་སོང་།། དེ་འོག་འཕོ་བའི་དུས་ཡིན་ཏེ། ་ནག་པོའི་ཚེས་གཅིག་འོང་ནས་སོ།། སྟོང་ལ་དགའ་བ་བྲལ་བ་ཡིས།། ཉི་མ་མཛོད་སྦྱར་འགྲོ་བར་འགྱུར།། དེ་ཡི་ཚ་ནི་བཅུ་དྲུག་མ།། གཙུག་གཏོར་པད་མར་སོང་བས་ན། ་ནི་ཟླ་བ་ཟད་པར་འརྗོད།། འདོད་ཆགས་བདེ་འབྲལ་ཕྱིར་རོ།། ལུས་ཅན་ཐམས་ཅད་འཆིབ་ན།། ཟླ་བ་བདུད་རྩིར་ཐུར་དུ་འགྲོ།། སྟེང་དུ་ཉི་རྡུལ་དགྲ་ཅན་དང་།། རྣམ་ཤེས་སྲིད ་པའི་མཚན་ཉིད་དོ།། དེ་བས་ཟླ་བ་བདུད་རྩིའི་སྟེང་།། འགྲོ་བར་བྱའོ་རྒྱལ་པོ་སྐྱེ།། འོག་ཏུ་ཉི་རྡུལ་དགྲ་ཅན་དང་།། རྣམ་ཤེས་མི་འགྱུར་བདེ་ངའོ།། མཛོད་སྤུ་ཆུ་སྐྱེས་སངས་རྒྱས ་ཀུན།། ཟླ་བའི་བདུད་རྩི་ཉ་བཞིན་ནོ།། ཉི་རྡུལ་གནས་སྟོང་གསང་བ་ལ།། གཙུག་གཏོར་ནོར་བུ་དེ་ཉིད་འཆར།། སྟོན་པའི་རྡོ་རྗེ་ཚིག་འདི་ནི།། ལུས་ཅན་རྣམས་ལ་ཕྱིན་ཅི་ལོག། ་མི་གནས་མྱ་ངན་འདས་པ་ཡིས།། ཁམས་རྣམས་ཕྱིན་ཅིག་ལོག་ཏུ་འགྱུར།། ནོར་བུར་ཐུགས་དང་གསང་པར་གསུང་།། ལྟེ་བར་སྐྲ་ནི་བདེ་ཆེན་ཕྱིན།། དག་པའི་སྐ་ལས་སྤྲོ ་བ་ནི།། ཆོས་དང་ལོངས་སྤྱོད་སྤྲུལ་པ་འདི།། འོག་ཏུ་ཐབས་འགྱུར་རྒྱལ་པོ་ཀྱེ།། སྟེང་དུ་ཤེས་རབ་དག་ཏུ་འགྱུར།། དཔལ་བར་སྐེའི་རྡོ་རྗེ་ཡིན།། མགྲིན་སྙིང་ལྟེ་བའི་འདམ ་སྐྱེས་ལ།། གསུང་ཐུགས་ཡེ་ཤེས་རྡོ་རྗེ་ནི་སྤྲུལ་སོགས་འདི་རྣམས་སྤྲུལ་པར་མཛད།། ཕུང་པོ་ཁམས་རྣམས་སྤྲོ་བ་ནི།། སྒྲིབ་པ་མེད་པའི་བདེ་བའོ།། ལས་ཀྱི་ཕྱག་རྒྱའི ་སྙོམས་འཇུག་དང་།། ཡེ་ཤེས་ཕྱག་རྒྱ་སོགས་དམིགས་དང་།། ཕྱག་རྒྱ་ཆེན་པོ་གཅིག་སྦྱོར་བས།། མི་འགྱུར་བ་ནི་འཕེལ་བར་འགྱུར།། འཕེལ་བ་ལས་ནི་འཕེལ་བ་མེད།། ་ཟད་པ་ལས་ནི་ཟད་པ་མེད།། ནུབ་པ་ལས་ནི་ནུབ་པ་མེད།། གསལ་བ་ལས་ནི་གསལ་བ་མེད།། བཙུམ་པ་ལས་ནི་བཙུམ་པ་མེད།། སྐྱེ་བ་ལས་ནི་སྐྱེ་བ་མེད།། ཤི ་ལས་ནི་ཤི་མེད།། ཚུལ་པ་ལས་ནི་གྲོལ་པ་མེད།། མི་གནས་པ་ས་མི་གནས་མེད།། དངས་མེད་པ་ལ་ངས་མེད་མིན།། དངམ་པམས་ན་ངས ་མེད་ཉིད།། འགྱུར་བ་ལས་ནི་འགྱུར་བ་མེད།། མི་འགྱུར་བ་ལས་མི་འགྱུར་མེད།། ཆོས་རྣམས་རང་བཞིན་མེད་པ་ནི།། སྒྱུ་མ་འབྱུང་དང་ཟད་བཞིན་ནོ།། འབྱུང་བ་ཟད་པར་མི ་འགྱུར་ཏེ།། རང་བཞིན་གྱིས་ནི་སྐྱེ་བ་མེད།། དངོས་དང་དངོས་མེད་མཚན་ཉིད་ཅིག། སྣ་ཚོགས་འདི་ནི་མཚན་ཉིད་བྲལ།། རང་གི་ཤེས་རང་ལ་མཁྱུད་སེམས།། རྡོ་རྗེ་ནོར་བུའི ་པད་མར་སོང་།། དེ་ལ་ཟླ་བ་འཐུན་འགྱུར་ན།། མི་འགྱུར་བསྒོམ་པ་རྒྱུ་འཐུན་ནོ།། ལུས་ངག་སེམས་ཀྱི་རྩ་རྣམས་ལ།། ལུས་ངག་སེམས་ནི་བསྒོམ་པར་བྱ།། རྡོ་རྗེ་གསུམ ་ནི་བསྡུས་པ་ཡིས།། དུད་ཅན་མ་ལ་ཡེ་ཤེས་བསྒོམ།། མགོ་བོ་ལས་ནི་རིམས་པ་ཡིས།། ཤེས་རབ་ཆགས་པས་ཐིག་ལེ་ཞུ།། རྫོགས་པའི་གོ་འབང་ཞུགས་རྣམས ་ལ། དོན་དབ་པར་ནི་བཅིང་བར་བྱ།། རིམ་པ་ཇི་ལྟར་ཟླ་བཤར།། ཆ་རྣམས་ཀྱིས་ནི་རྫོགས་པར་འགྱུར།། འཕེལ་འགྲིང་གྲིབ་མའི་དབང་གིས་ཏེ།། རླ་བ་ཆ་དང་རྫོགས་པ ་མིན་དེ་བཞིན་རིམ་པས་ཡེ་ཤེས་འཆར།། ས་རྣམས་ཀྱིས་ནི་རྫོགས་པར་འགྱུར།། ཉོན་མོངས་ལ་སོགས་བཅོབ་རྫོགས་པ།། ཡེ་ཤེས་ཆ་དང་རྫོགས་པ་མིན།། དབུས ་སུ་རི་བོང་གིས་མཚན་ལྟར།། ཉ་ལ་རི་བོང་ཅན་མི་གནས།། འཁོར་བའི་བག་ཆགས་ཀྱིས་མཚན་པས།། མི་འགྱུར་བདེ་ལ་དེ་བཞིན་སེམས།། དེ་གཉིས་དབུས་སུ་རྫོགས ་བ་གང་།། རྫོགས་པ་དེ་ནི་རབ་མི་གནས།། སྐད་ཅིག་གིས་ནི་རྫོགས་སངས་རྒྱས།། རྫོགས་པ་ལ་ནི་ཡོངས་མི་འགྱུར།། གང་ཞིག་རྡོ་རྗེ་ནོར་བུ་སེམས།། སྐ་ཅིག་ཐམས ་ཅད་དེ་རྫོགས་བྱེད།། དཀར་པོའི་ཕྱོགས་ལ་འདི་མི་གནས།། དཀར་མིན་པ་ལ་ཡི་མི་འགྲོ།། གཉིས་མེད་རྫོགས་པ་ལ་སོང་ན།། ཕྱོགས་གཉིས་པའི་དབུས་སུ་གནས།། གཙུག ་གཏོར་ལས་ནི་བྱུང་བ་དེ།། རྡོ་རྗེ་ནོར་བུ་རྫོགས་པར་འགྱུར།། དགའ་བྲལ་ཆགས་པས་ཆ་བཅོམ་པ།། རྡོ་རྗེ་ནས་ནི་རྫོགས་པ་བཅོམ།། སླར་ཡང་རྡོ་རྗེ་ནོར་བུ་རྫོགས།། དགའ ་བྲལ་ཆགས་པས་ཆ་བཅོམ་པ།། ལུས་ཅན་ཡེ་ཤེས་བཅོམ་པ་མིན།། བདེ་བ་ཆེན་པོའི་རང་བཞིན་འདི།། རྫོགས་པའི་སྒྲ་ཡིས་བརྗོད་པར་བྱ།། གཞན་མ་དངོས་པོའི་མཐའ ་ཀན་ནི་བསྐྱེད་པ་དང་ནི་བསྡད་བྱེད་རྒྱུ།། སྲིད་ནས་མྱ་ངན་འདས་པར་གཤེགས།། དེ་ནས་སླར་ཡང་སྲིད་པར་བྱོན།། རང་ཕྱོགས་གཉིས་ལ་ཟླ་བཞིན་དང་།། བགྲོད་པ་གཉིས ་པ་ཉིད་བཞིན་ནོ།། རྫོགས་པ་མི་གཡོ་བ་འདི་ནི།། མི་འགྱུར་སྐ་ཅིག་གིས་ཐོས་པའི།། དབུགས་ནི་ཉི་ཁྲི་ཆིག་སྟོང་དང་།། དྲུག་བརྒྱ་ཡིས་ནི་ལྷག་པ་ཡིས། ས་རྣམས་ཀྱིས ་ནས་ས་ས། ས་ས་ས་ས། ས་རྣམམ་ཀྱིས་ཟུངས་སུ་རྫོགས།། འདེད་རྣམས་པ་སམ@# ་གཉིས་ས་རྣམས་ཀྱིས།། རྫོགས་ནས་གཉིས་སུ་མེད་པའི་མཆོག། ཆ་རྣམས་ཀྱིས་ནི་རྫོགས་པའི་སེམས།། རྣམ་པ་བཅུ་དྲུག་མི་འགྱུར་བ།། དོན་གཅིག་གཉིས་སུ་མེད ་བའི་སེམས།། དོན་དམ་པ་ནི་མི་ཉམས་པ།། རྫོགས་པའི་གནས་བསྐབས་སེམས་འགྱུར་ན།། ཀུན་ནས་རབ་ཏུ་རྫོགས་པ་ཡིན།། ཆགས་བྲལ་དང་པོ་ཆགས་པ་ཆེ།། རྡོ་རྗེ ་ཡན་ལག་མི་འགྱུར་ཆེ།། ཕྱོགས་གཉིས་པ་ཡི་བག་ཆགས་ཀྱིས།། ཡོངས་སུ་གང་བམ་འདྲེས་པ།། ཇི་ལྟར་རྒྱ་མཚོར་ཆུ་བའི་ཆུ།། ཞུགས་ནས་ཆུ་དེ་དངས་མཉམ་འགྱུར།། ་དེ་བཞིན་དུ་ནི་དངོས་པོའི་ཚོགས།། འགྱུར་བ་དེ་ནི་མི་འགྱུར་མཉམ།། ཇི་ལྟར་ཁམས་ཀྱི་ཚོགས་འདི་ནི།། ས་བོན་གྱིས་ཟོས་རོ་ཉིད་འགྱུར།། ས་བོན་རང་བཞིན་ཉིད་དུ་ནི།། ་འབྲས་བུའི་དུས་སུ་དརྒྱལ་སྤངས།། དེ་ལྟར་དངོས་པོའི་ཚོགས་ཀྱང་ནི།། མཆོག་ཏུ་མི་འགྱུར་བས་ཟོས་ན།། རྣམ་པ་ཐམས་ཅད་རང་བཞིན་འཛིན།། མཆོག་ཏུ་མི་འགྱུར ་ངས་ར།། མཚམ་ཚོར་བའི་མུམ་པརྫམ་དེ།། ཐ་དུ་ད་པས་རིགས་པ་ས།། དུག་ངོགས་པནས་གངས་བྱ་ན།། དབང་འཛིན་མིམམ་པ་མེད། དེ་ན ་རྣལ་འབྱོར་རྡོར་ནོར་བྱ།། གཞན་དུ་དམ་པའི་བདེ་རིག་མིན།། སེམས་ནི་རྫོགས་པའི་ཆར་གྱུར་ན།། དབང་པོའི་མི་ཡུལ་ལ་མིན།། ཇི་ལྟར་ལྕགས་ཀྱི་ཕྱོགས་ཅིག་ན། ་རོ་བཅུད་ཆེན་པོ་ཡང་དག་གནས།། ལྕགས་ལ་དྲག་པོའི་སེམས་བདུགས་ན།། ཀུན་ནས་ཀུན་དུ་འབིགས་པར་བྱེད།། དེ་བཞིན་དུ་ནི་ཕྱོགས་ཅིག་ན།། མི་འགྱུར་བདེ་བ་ཡང ་དག་གནས།། སེམས་ནི་འདོད་ཆགས་སེམས་གདུགས་ན།། ཀུན་ནས་ཀུན་དུ་འབིགས་པར་བྱེད།། དེ་ལྟར་ཕུག་པའི་ལྕགས་ལ་ནི།། གང་དུ་ཡང་ནི་དྲི་མ་མེད།། དེ་བཞིན ་ཕུག་པའི་སེམས་ལ་ནི།། གང་དུའང་བག་ཆགས་ཡོད་པ་མིན།། གསེར་ཉིད་དུ་ནི་ལྕགས་བསྒྱུར་ལ།། མེ་ཡིས་དྲི་མ་མེད་པར་འགྱུར།། དེ་བཞིན་སེམས་ནི་ཡང་ནས་ཡང་།། ་འདོད་ཆགས་མེ་ཡིས་དྲི་མེད་འགྱུར།། ནོར་བུ་ཆེན་པོ་རྡོལ་རེག།། རབ་ཏུ་གསལ་བར་འགྱུར་བ་ལྟར།། དེ་བཞིན་མི་འགྱུར་བ་དེས་རེག་ན།། སེམས་ནི་བདེ་བ་ཉིད་དུ་འགྱུར། ་འདིར་མང་སྨྲས་པས་ཅི་ཞིག་རྟོགས།། འཇིག་རྟེན་ཀུན་རྫོབ་བདེན་པ་ལ།། ལྕགས་ལ་ཀུན་དུ་འབིགས་པ་ཡི།། རོ་ཡིས་ནིས་མཐུ་བསམ་མི་ཁྱབ།། དོན་དམ་པར་ནི་ཡེ ་ཤེས་དངོས།། རྟོགས་པར་ཡང་ནི་ནུས་སམ་ཅི།། བློ་བུར་དྲི་མས་གཡོགས་པ་ཡི།། སེམས་ལ་ཀུན་ཏུ་འབིགས་པ་ཡིན།། སེམས་ལ་ཀུན་གློ་བུར་དྲི་མ་མེད།། སེམས་ལ། ་ཡུན་རིངས་དུས་སུའང་མིན།། སེམས་ལས་མ་གཏོགས་སྐྱེ་བའང་མིན།། སེམས་ལ་ཟད་མེད་གནས་པའང་མིན།། གལ་ཏེ་འདི་ནི་བློ་བུར་ན།། ་ཟ་དེ་ཕྱིར་སྔོན་དུ་དྲི་མེད་སེམས།། གལ་ཏེ་འདི་ནི་ཡུན་རིངས་ན།། དེ་ཕྱིར་དེ་ལ་སྲིན་མིན་གང་།། གལ་ཏེ་སེམས་ལས་མ་གཏོགས་འོངས།། དེ་ལྟར་ན་མཁའི་མེ་ཏོག ་མཚུངས།། གལ་ཏེ་སེམས་ལ་རྟགས་གྲནས་ན།། དེ་ལ་ཀུན་དུ་བར་པ་མིན།། ཇི་ལྟར་ཟངས་མི་དྲི་མ་ནི།། བཅུད་ཀྱི་སྦྱོར་བས་ཉམས་པར་འགྱུར།། དྲི་མེད་ཀྱིས་ནི་ཡང ་ནི་དག་གནས།། དེ་ཡི་དེ་ཉིད་མ་ཉམས་པ་མེད།། དེ་བཞིན་སེམས་ཀྱི་དྲི་མ་ནི།། སྟོང་ཉིད་སྦྱོར་བས་ཉམས་པར་འགྱུར།། དྲི་མེད་ཀྱིས་ནི་ཡང་དག་གནས།། དེ་ཡི་ཡེ་ཤེས ་ཉམས་པ་མེད།། ཇི་ལྟར་བཅུད་ཀྱིས་ལྕགས་ཕུག་པ།། ལྕགས་ཉིད་དུ་ནི་འགྱུར་བ་མེད།། དེ་བཞིན་བདེ་བས་ཕུག་པའི་སེམས།། སྡུག་བསྔལ་ཉིད་དུ་འགྱུར་མ་ཡིན།། ་ཆགས་བྲལ་ལས་ནི་སྡིག་གཞན་མེད།། རྣབདེ་ལས་བསོད་ནམས་གཞན་པ་མེད།། དེ་བས་མི་འགྱུར་བདེ་སེམས་ཀྱིས།། རྟག་ཏུ་དབུགས་བྱ་མི་དབང་ཀྱེ།། ཆགས་ལས ་མ་གཏོག་པདེ་བ་ནི།། གཞོན་དུ་མ་ཡིས་སྔ་ནུས་མིན།། ཡང་ཆོས་བདེ་འ་ཐོབ་ནས་སུ།། བདེ་ཆེན་རང་གིས་རིག་པ་སྟེ། དེ་བཞིན་ཏིང་འདིད་བྲལ་བ་ཡིས་གག་བདེ་བལྔ ་བར་མི་ནུས་སོ།། ཏིང་འཛིན་གྱིས་ནི་མི་འགྱུར་ཐོབ།། རྣལ་འབྱོར་པ་རྣམས་རང་གིས་རིག། མི་འགྱུར་ལས་སྐྱེས་ཐེ་ཚོམ་སྟེ།། ཐམས་ཅད་མཁྱེན་པ་མ་རིག་ཀྱང་།། ་ཡིད་ལ་བདེ་མིན་ཆགས་བྲལ་བ།། དེ་ལྟར་ནམ་ཡང་མི་བྱའོ།། འཕོ་བ་ལས་ནི་ཆགས་བྲལ་འགྱུར།། ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་།། སྡུག་བསྔལ་ལས་ནི།། ་སྐྱེས་བུ་ཁམས།། ཟད་ལས་འཆི་བ་ཞེས་སུ་བརྗོད།། ཤི་ལས་དེ་རྣམས་སླར་ཡང་སྲིད།། སྲིད་པ་ལས་ནི་སླར་འཆི་འཕོ།། འདི་ལྟར་ཆགས་བྲལ་བྱུང་བ་ལས།། སེམས ་ཅན་གཞན་དུ་སྲིད་པ་མེད།། དེ་བས་འབད་པ་ཐམས་ཅད་ཀྱིས།། འཕོ་བའི་བདེ་བ་སྤང་བར་བྱ།། གང་གིས་སྲིད་པའི་འཆིང་བ་ལས།། མི་འགྱུར་བ་དེར་འགྱུར་རྣལ་འབྱོར་པས།། ་འདོད་པའི་བསྟན་བཅོམ་ཆགས་ཅན་པས།། ཆགས་བྲལ་བར་ནི་མི་འདོད་དོ།། བསྟན་པའི་རྒྱུད་ལས།། རྣལ་འབྱོར་པ་ནི་སྡུག་བསྔལ་འདོད།། ས་བོན་མི་འགྱུར་རང་བཞིན་གྱིས།། ། ་མཆོག་ཏུ་མི་འགྱུར་བསྒྲུབ་པར་བྱ།། རྟེན་ནི་འཕོ་བ་ཐོབ་པ་ལ།། རྟེན་བྱེད་ཆགས་དང་བྲལ་བ་ཉིད།། རྟེན་དང་རྟེན་པའི་འབྲེལ་བ་ནི།། ཇི་སྲིད་མི་འགྱུར་ཉིད་དུ་འགྱུར།། སེམ ་ཀྱིས་མི་འགྱུར་ཉི་དབབ་ནས།། རྟེན་དང་རྟེན་པའི་འབྲེལ་བ་མེད།། མི་འགྱུར་བ་ལས་སྐྱེས་པའི་སྐུ།། མཛོད་སྤུ་ལའི་འཁོར་ལོས་སོན་པ་ལས།། ཨ་ལི་ཀ་ལིའི་སྦྱོར་བ་ཡིས།། ་ཧཱུཾ་ཡིག་མི་འདོད་རྒྱལ་པོ་ཀྱེ།། སྟོང་པ་ལས་བྱུང་གཟུགས་ནི་རྒྱུ།། འབྲས་བུ་མི་འགྱུར་ལས་སྐྱེས་བདེ།། འབྲས་བུ་ཡིས་ནི་རྒྱུ་རྒྱས་གདབ།། རྒྱུ་ཡིས་འབྲས ་བུ་རྒྱས་གདབ་གོ། སྟོང་ཅིད་གཟུགས་འཛིན་རྒྱུ་ཡིན་ཏེ།། འབྲས་བུ་སྙིང་རྗེ་མི་འགྱུར་འཛིན།། སྟོང་ཉིད་སྙིང་རྗེ་དབྱེར་མེད་པ།། བྱང་ཆུབ་སེམས་སུ་དེ་བརྗོད་དོ།། མྱ་ངན་འདས ་དང་བྲལ་བའི་སེམས།། འཁོར་བ་ལས་འདས་མི་འགྱུར་བ།། རྟག་དང་ཆད་ལས་ངེས་པར་གྲོལ།། དེ་ཉིད་སྦྱོར་བ་གཉིས་མེད་གཞན།། དངོས་མེད་ལས་བྱུང་མཚན་ཉིད་བྱོར།། ་གཟུགས་ལ་དངོས་པོ་མེད་པ་མིན།། དངོས་པོ་ལས་བྱུང་མཚན་ཉིད་ཕྱིར།། མི་འགྱུར་བ་ལ་དངོས་པོ་མེད།། དངོས་དང་དངོས་མེད་ཡང་དག་སྦྱོར།། རྡོ་རྗེ་རྣལ་འབྱོར་གཉིས་མེད ་མཆོག། གཟུགས་དང་གཟུགས་མིན་རྣམ་པར་གྲོལ།། མེ་ལོང་ལ་ནི་པྲ་བཞིན་ནོ།། གཟུགས་ནི་སྲིད་པར་མི་འགྲོ་སྟེ།། འགྱུར་མེད་མྱ་ངན་འདས་མི་འགྲོ།། ཕན་ཚུན་མཁྱུད་པ ་བཞི་པ་ན།། མ་ནིང་གི་ནི་གོ་འཕང་མཆོག། རྒྱུ་ལས་ཤེས་རབ་མ་སྐྱེས་ཏེ།། ཤེས་རབ་རྒྱུ་ལས་འབྲས་བུ་འབྱུང་།། རྒྱུ་ལས་ཤེས་རབ་མ་སྐྱེས་ཕྱིར།། ཤེས་རབ་ལས་སྐྱེས་རྒྱུ ་སྐྱེས་མིན།། དེ་ཕྱིར་རྒྱུ་སྐྱེས་ཡེ་ཤེས་མིན།། ཤེས་རབ་ཡེ་ཤེས་མི་འགྱུར་ཏེ།། འབྲས་བུ་དང་ནི་རྒྱུ་ཡིས་ནི།། ཕན་ཚུན་དུ་ནི་རྒྱས་གདབ་མེད།། གང་ཞིག་རྒྱུ་དང་འབྲས་བུ་ཀུན ་དེ་ནི་རྟེན་ཅིང་འབྲེལ་པར་འབྱུང་།། ཕན་ཚུན་དུ་ནི་མཁྱུད་པའི་གཟུགས།། སྐྱེ་བ་མེད་ཅིང་འདས་པ་མེད།། ཤེས་རབ་ཀུན་ནས་མྱ་ངན་འདས།། མཆོག་ཏུ་འགྱུར་བ་མེད་པ་སྐྱེས། ་རྒྱུ་དང་འབྲས་བུ་རྣམ་པར་གྲོལ།། ཕན་ཚུན་རྒྱ་ཡིས་བཏབ་པ་མེད།། མ་སྐྱེས་པ་དང་མ་འགགས་པའི།། ཤེས་བྱ་གང་ཞིག་འདིར་མཐོང་བ།། ཕྱི་ཡི་ཤེས་བྱས་འབྱེད་པའི་ཕྱིར།། ་རང་གི་སེམས་ལས་དེ་གཞན་མིན།། དེ་ཕྱིར་རང་གིས་རང་ལ་ནི།། གར་ཡང་རྒྱས་གདབ་ནུས་མ་ཡིན།། རལ་གྲིལི་སོ་ཡིས་རང་ལ་ནི།། རལ་གྲི་ཆེན་པོས་གཅོད་དམ་ཅི།། མོ ་ཤམ་བུ་མོར་སྦྱོར་བ་ཡིས།། རྨི་ལམ་བདེ་བར་འགྱུར་བ་ལྟར།། ན་མཁའ་ལས་བྱུང་གཟུགས་ཀྱིས་ནི།། བདག་ལ་བསྟེན་པས་དེ་བཞིན་ནོ།། ལྷན་ཅིག་སྐྱེས་པའི་ཤེས་རབ་བཅས།། ་འདི་ནི་ཐབས་མིན་ཤེས་རབ་མིན།། ཀུན་ནས་ཀུན་ཏུ་ཡོངས་སུ་རྫོགས།། སྒྲིབ་པ་ཐམས་ཅད་དག་ནི་སྤངས།། ན་མཁའ་ལྟ་བུར་གོས་པ་མེད།། ཡུལ་དང་དབང་པོ་སྤངས་པ་ཉིད། ་ཀུན་དུ་ཡང་དག་ཀུན་ལ་གནས།། མི་ཆོད་མི་ཕྱེད་སྤངས་པ་ཉིད།། འདི་ནི་རང་བྱུང་རྡོ་རྗེ་སེམས།། དོན་ཆེན་མཆོག་ཏུ་མི་འགྱུར་བ།། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ།། ། ་སེམས་ཅན་ཐམས་ཅད་དགའ་བར་མཛད།། བྱང་ཆུབ་སེམས་དཔའ་ཞེ་སྡང་ཆེ།། ཉོན་མོངས་པད་མཛད་དགྲ་ཆེན་པོ།། དམ་ཚིག་སེམས་དཔའ་གཏི་མུག་ཆེ།། གཏི་མུག་བློ་སྟེག་ཏུ ་ཕྲག་སེལ།། རྡོ་རྗེ་རྣལ་འབྱོར་ཁྲོ་བོ་ཆེ།། ལྷ་མིན་ཁྲོ་བོ་དགྲ་ཆེན་པོ།། དུས་ཀྱི་འཁོར་ལོ་ཆགས་པ་ཆེ།། འཕོ་བའི་ཆགས་པ་སེལ་བར་མཛད།། དོན་ཆེན། ་བཅོམ་ལྡན་འདས་ཀྱིས་འདིར།། རྡོ་རྗེ་མི་བྱེད་ཞེས་སུ་གསུངས།། སེམས་དཔའ་སྲིད་པ་གསུམ་གཅིག་པ།། མཆོག་ཏུ་མི་འགྱུར་དག་ཏུ་བརྗོད།། མཆོག་ཏུ་མི་འགྱུར་བ་དེས་གང་བ། ་ས་རྣམས་ཀྱིས་ནི་ཡོངས་རྫོགས་ཉིད།། འདོད་ཆགས་ཆེན་པོ་སེམས་དཔའ་ཆེ།། སེམས་ཅན་ཐམས་ཅད་དགའ་བར་མཛད།། སེམས་དཔའ་བྱང་ཆུབ་རྣམ་པར་གནས། ་དེ་ཕྱིར་མི་གཡོ་བྱང་ཆུབ་སེམས།། ཉོན་མོངས་ལ་སོགས་ཞེ་སྡང་ཚོགས།། ཞེ་སྡང་ཆེན་པོ་དགྲ་ཆེན་པོ།། དམ་ཚིག་ཟླ་བའི་བདུད་རྩི་དཀར།། འཕོ་མེད་དེ་ནི་ཟབ་པའོ།། ་རིགས་པ་འདིས་ན་དམ་ཚིག་སེམས།། གཏི་མུག་བློ་སྟེ་གཏི་མུག་སེལ།། ཤེས་རབ་སྐྲ་དང་མི་འགྱུར་བཅས།། རྡོ་རྗེ་ཐམས་ཅད་གཅིག་པ་ཉིད།། ཁྲོ་བོའི་གཟུགས་ཅན ་བདུད་རྣམས་ལ།། ཁྲོ་བོ་ཆེན་པོ་དགྲ་ཆེན་པོ།། མི་འགྱུར་ཆེན་པོ་བདེ་ཐབས་ཀྱིས།། ནམ་ཡང་སེམས་ཅན་དོན་མི་འདོར།། སེམས་ཅན་གྲོལ་རྣམས་སེར་སྣ་ཆེ།། འགྱུར ་བའི་སེར་སྣ་སེལ་བར་མཛད།། མི་འགྱུར་ཡེ་ཤེས་ཚོར་བ་འདི།། རྣམ་པ་དྲུག་པོ་དག་དུ་བརྗོད།། ནམ་ཤེས་གཟུགས་དང་འདུ་བྱེད་དང་།། འདུ་ཤེས་ཕུང་པོའི་རིགས་དེ་རྣམ། ་ཡེ་ཤེས་མེ་དང་ན་མཁའ་ས།། རིམ་པ་ཇི་བཞིན་རླུང་དང་ཆུ།། ཡིད་དང་མིག་དང་རྣ་བ་ལུས།། སྣ་དང་ལྕེ་ནི་དེ་བཞིན་ནོ།། སྒྲ་དང་རོ་དང་ཆོས་ཀྱི་དབྱིངས།། དྲི་དང་རེག་པ་གཟུགས་དག་སྟེ།། ་རིགས་དྲུག་པོ་ནི་ཡོངས་སུ་དག། ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས།། ལུས་དང་གསང་བའི་དབང་པོ་སེམས།། དཀྱིལ་འཁོར་རྣམ་གསུམ་རྟག་པར་ནི།། ཐབས་ཤེས་རྡོ་རྗེ ་གསུམ་རྣམས་ཀྱི།། རྡོ་རྗེ་སེམས་དཔའ་ཉིད་འདྲེན་ཏོ།། དབང་གི་བསྒྲུབ་པ་འདི་ཉིད་ནི།། མཆོག་ཏུ་མི་འགྱུར་བསྒྲུབ་པ་སྟེ།། རྩ་དང་རིགས་སུ་ཡང་དག་ལྡན།། མདོར་བསྡུས་བཤད ་དེ་ཟླ་བཟང་ཀྱེ།། འཇིག་རྟེན་གྱི་ཁམས་ཀྱི་ལེའུ་ལ་སོགས་པ་ལས།། ལེའུ་ལྔ་པ་མཆོག་ཏུ་མི་འགྱུར་བའི་དབང་གིས་བསྒྲུབ་པ་མདོར་བསྡུས་པའི་ལེའུ་ཞེས་བྱ་བ་རྫོགས་སྷོ།། །། ་རྒྱ་གར་གྱི་པཎྜི་ཏ་ཟླ་བ་མགོན་པོ་དང་།། བོད་ཀྱི་ལོ་ཙྪ་བ་དགེ་སློང་ཤེས་རབ་གྲགས་ཀྱིས་བསྒྱུར་ནས་གཏན་ལ་ཕབ་པའོ།། སླད་ནས་པརྟྟི་ཏ་མཁས་པ་ཆེན་པོ་ས་མ་ནཱི་ཤིའི་ཞལ་མདའ ་ནས་དང་།། ལོཙྪ་བ་དགེ་སློང་ཆོས་རབ་ཀྱིས་ཞྭ་ཆེན་ལེགས་པར་བགྱིས་པའོ།། །། ཡང་ཕྱིས་པུ་ཏྟེ་ཤྲི་དེ་ཤནྟས་རྒྱ་དཔེ་ལ་བཏུགས་ཤིང་འགྲེལ་པ་དང་བཏུན་ནས་ཆད་པ ་བསབས་བུར་མཉམ་པ་རྣམས་བསོས་ཏེ་དག་པར་བྱས་པའོ།། །། རྒྱ་གར་སྐད་དུ།། །། ཀྵཾ་ཀ་པྲ་ཏི་ཡེ།། བོད་སྐད་དུ།། ། དབང་གི་རབ་ཏུ་བྱེད་པ། ་