CLOSE WINDOW

F406: 'phags pa legs nyes kyi rgyu dang 'bras bu bstan pa zhes bya ba'i mdo
Wyliee-texts produced with BDRC’s OCR application

རྫོགས་སྷོ།། ། འཕགས་པ་ལས་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ་ལྡན་འདས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ། མགོན་མེད་ཟས་སྦྱིན་གྱི་ཀུན་དགར་ར་བ་ན་བཞུགས་ཏེ། ་དེའི་ཚེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་ཚད་མེད་པ་དང་། ལྷ་དང་མིའི་འཁོར་མང་པོས་ཡོངསུ་བསྐོར་ཅིང་། སེམས་རྩེ་གཅིག་ཏུ་ཆོས་ཉན་པ་དག་ལ་ཆོས་སྟོན་པར་མཛད་དོ།། ་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སེམས་ཅན་རྣམས་ཀྱི་ཆེད་དུ་བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ད་ལྟར་འཇིག་རྟེན་པ་རྣམ་པ་ཅིག་ཏུ་མིར་སྐྱེས་པར ་མཚུངས་པ་ལ་ཁ་ཅིག་ནི་སྡུག་ཅིང་། ཁ་ཅིག་ནི་བྱད་བཞིན་མི་སྡུག་པ་དང་། ཁ་ཅིག་ནི་དཔའ་ཞིང་། ཁ་ཅིག་ནི་ཞན་པ་དང་། ཁ་ཅིག་ནི་དབུལ་ཞིང་། ཁ་ཅིག་ནི་ཕྱུག་པ་དང་། ཁ་ཅིག་ནི ་སྡུག་བསྔལ་ཞིང་། ཁ་ཅིག་ནི་བདེ་བ་དང་ལྡན་པ་དང་། ཁ་ཅིག་ནི་ཡ་རབ་སུ་གྱུར་ཅིང་། ཁ་ཅིག་ནི་མ་རབ་སུ་གྱུར་ཏེ། གྲང་དབྱངས་མི་ཚུངས་ཤིང་། སྐད་ཐ་དད་པར་གྱུར་པ་དང་། ་ཁ་ཅིག་ནི་ལོ་རྒྱ་ལོན་ཀྱང་འཆི་བར་མི་འགྱུར་ལ། ཁ་ཅིག་ནི་ལོ་སུམ་བཅུ་ལོན་ནས་སྔར་འགུམ་པ་དང་། ཁ་ཅིག་ནི་ལོ་བཅོ་ལྔ་ལོན་ནས་བློ་བུར་དུ་འཆི་བ་དང་། ཁ་ཅིག་ནི་མའི ་མངལ་ཉིད་དུ་འགུམ་པ་དང་། ཁ་ཅིག་ནི་བྱད་བཞིན་སྡུག་ཅིང་མཛེས་པ་དང་། ཁ་ཅིག་ནི་དབུལ་ཞིང་མ་རབས་སུ་གྱུར་ལ་བྱད་བཞིན་མི་སྡུག་པ། ཁ་ཅིག་ནི་ཕྱུག་ཅིང་ཡ་རངས ་སུ་སྐྱེ་བ་དང་། ཁ་ཅིག་ནི་དཔའ་ཞིང་དམའ་བར་འགྱུར་ལ། ཁ་ཅིག་ནི་ཞན་ཅིང་རིགས་མཐོན་པོར་སྐྱེས་པ་དང་། ཁ་ཅིག་ནི་སྡུག་བསྔལ་ཞིང་ཚེ་རིང་ལ། ཁ་ཅིག་ནི་བདེ་ཞིང ་ཚེ་འཐུང་བ་དང་། ཁ་ཅིག་ནི་དགེ་བ་དཔྱད་ཀྱང་ནོངས་སྐྱོན་དང་བཅས་པར་འགྱུར་ལ། ཁ་ཅིག་ནི་སྡིག་པ་བགྱིས་ཀྱང་། བསོད་ནམས་ཀྱི་ཕན་ཡོན་ཐོབ་པ་དང་། ཁ་ཅིག་ནི་འཚོ ་ཞིང་དཀར་ཡང་མིག་ཡར་ཡོར་གྱུར་ཞིང་མི་གསལ་ལ། ཁ་ཅིག་ནི་སྔོ་ཞིང་གནག་ཀྱང་མངའ་བྱད་དང་ལྡན་པ་དང་། ཁ་ཅིག་ནི་ཐུང་ཞིང་བོང་ཆུང་ཡང་། སེམས་རྩལ་དང་། ་ལྡན་པ་དང་། ཁ་ཅིག་ནི་རིང་ཞིང་བོད་ཆེ་ཡང་གཞན་དག་གི་གཡོག་བགྱིས་པ་དང་། ཁ་ཅིག་ནི་བུ་ཚ་མང་ལྟ། ཁ་ཅིག་ནི་གཅིག་དུ་གནས་པ་དང་། ཁ་ཅིག་ནི་སླད་རོལ་དུ་རྒྱུ་ཞིང ་བཀྲེས་པ་དང་། གྲང་བ་དག་གིས་ཉེན་པར་འགྱུར་ལ། ཁ་ཅིག་ནི་ཁྱིམ་ན་གནས་ཀྱང་། གོས་ཟས་དག་དགའ་དགུར་འབྱོར་པ་དང་། ཁ་ཅིག་ནི་གནོན་པའི་ཚེ་དབུལ་ཞིང་འཐོ ་ལ། རྒས་པའི་ཚེ་གདོང་ཕྱུག་པོར་འགྱུར་བ་དང་། ཁ་ཅིག་ནི་ཡུས་མ་མཆིས་པ་བཞིན་དུ་ཡང་། ནོངས་པ་མ་མཆིས་པར་ནན་གྱིས་གོར་སྩོགས་པ་དང་། ཁ་ཅིག་ནི་ཕ་མ ་ཡང་སྙིང་རྗེ་དང་ལྡན་ལ། བུ་ཡང་སྲིད་བཞུ་ཆེ་ཞིང་མདོ་སྡེ་དང་། གཙུག་ལག་གི་དོན་གླེང་བར་བགྱིད་ལ། ཁ་ཅིག་ནི་པོ་ནུ་བོ་སོ་སོར་བྱེ་ནས་འཐབ་ཅིང ་རྩོད་པར་གྱིད་པ་དང་། ཁ་ཅིག་ནི་ཁང་ཁྱིམ་དང་རྩིགས་ནས། འབྱོར་པ་སྣ་ཚོགས་དང་ལྡན་ལ། ཁ་ཅིག་ནི་ཁང་ཁྱིམ་མ་མཆིས་པས། གཞན་དག་ལ་རྟེན་པ་དང་། ཁ་ཅིག་ནི། ་བྱ་འདབ་ཆགས་བཞིན་དུ་ཤིང་དང་ཐང་ལ་གནས་པ་དང་། ཁ་ཅིག་ནི་གཅན་ཟན་གྱི་རྣམ་པ་དང་། མཚུངས་ཤིང་སྲུ་འགོས་དང་། ལྡན་ལ་ཟས་སུ་རྩ་འཚལ་ཞིང་ཁྲག་འཐུང་བ ་དང་། ཁ་ཅིག་ནི་ཡི་གེ་མ་འཚལ་བ་དང་། ཁ་ཅིག་ནི་ཅི་ཡང་མ་བགྱིས་པར་བདེ་བའི་རྣམ་པར་སྨིན་པ་མྱོང་བར་འགྱུར་ལ། ཁ་ཅིག་ནི་སྲ་བ་བགྱིད་པའི་གནས་ཀྱང་མི་རྙེད་པ་དང་། ་ཁ་ཅིག་ནི་དབང་པོ་གསལ་བས་ཤེས་རབ་དང་ལྡན་ལ། ཁ་ཅིག་ནི་དབང་པོ་མི་གསལ་བས་ཤེས་རབ་དང་མི་ལྡན་པ་དང་། ཁ་ཅིག་ནི་བརྩལ་ན་གདོད་ཐོབ་པར་འགྱུར་ལ། ་ཁ་ཅིག་ནི་མ་བཙམ་པར་ཡང་རྙེད་པར་འགྱུར་བ་དང་། ཁ་ཅིག་ནི་ཕྱག་ཀྱང་སེར་སྣ་ཆེ་ལ། ཁ་ཅིག་ནི་དབུལ་པོར་གྱུར་ཀྱང་གཏོང་བ་ལ་དགའ་བ་དང་། ཁ་ཅིག་ནི་ཚིག ་སྦས་པ་རྣམས་གཉེན་ཤིང་དེས་ལ། ཁ་ཅིག་ནི་ཚིག་སྦས་པ་རྣམས་གཏུམ་ཞིང་བརླང་བ་དང་། ཁ་ཅིག་ནི་མང་པོ་ཀུན་གྱིས་བཀུར་ཞིང་སྙིང་དུ་སྡུག་པར་འགྱུར་ལ། ་ཁ་ཅིག་ནི་མང་པོ་ཀུན་གྱི་ཐག་རིང་དུ་སྤོང་བ་བགྱིད་པ་དང་། ཁ་ཅིག་ནི་བྱམས་པའི་སེམས་ཀྱིས་སྲོག་ཆགས་གསོ་བར་བགྱིད་ལ། ཁ་ཅིག་ནི་སྲོག་ཆགས་དཔག་ཏུ ་མ་མཆིས་པ་དག་གསོད་པར་བགྱིད་པ་དང་། ཁ་ཅིག་ནི་ཡངས་པ་མང་པོ་ཀུན་གྱིས་ཡིད་དུ་མཆིས་པར་འགྱུར་ལ། ཁ་ཅིག་ནི་གཞན་དག་གིས་སྤོང་བར་བགྱིས་པ་དང་། ་ཁ་ཅིག་ནི་ཆུང་མ་དང་གྱོ་སྐྱུགས་ལ་སོགས་པས་སྡང་བར་འགྱུར་ལ། ཁ་ཅིག་ནི་གཉེན་གཤེས་ཀུ་དགའ་བར་འགྱུར་བ་དང་། ཁ་ཅིག་ནི་ཆོས་ཀྱི་ཚིག་གཉན་པར་དགའ ་བ་དང་། ཁ་ཅིག་ནི་མདོ་སྡེ་ཐོས་ནས་གཉིད་ལོག་པར་བགྱིད་པ་དང་། ཁ་ཅིག་ནི་དཔའ་ཞིང་རྩ་ལ་དང་ལྡན་ཡང་ཞེས་མ་མཆིས་ལ། ཁ་ཅིག་ནི་ཚིག་འབྲུ་དང་དོན་དག་ལ ་བསློབ་པར་མོས་པ་དང་། ཁ་ཅིག་ནི་དུད་འགྲོའི་དབྱིབས་ཐ་དད་སྣ་ཚོགས་བགྱིས་པ་དག་གདའ་ན། བཅོམ་ལྡན་འདས་དེ་དག་གི་རྒྱུ་དང་འབྲས་བུ་གང་ལགས་པ་རྒྱ་ཆེར ་བཀས་བཤད་དུ་གསོལ།། འཁོར་མང་པོ་རྣམས་གྱིས་ཐོས་ཤིང་རྟོགས་པར་གྱུར་ན། སེམས་རྩེ་གཅིག་ཏུ་དགེ་བ་ལ་གཞོལ་བར་འགྱུར་བ་ལགས་སོ།། བཅོམ ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱི་ཅི་སྐད་དྲིས་པ། དེ་དེ་བཞིན་ནོ།། རྣམ་པར་སྨིན་པ་མྱོང་བ་མི་ཚུངས་པར་གྱུར་པ་དེ་དག་ཐམས་ཅད་ནི། ་ཚེ་རབ་སྔ་མ་དག་ལ་སེམས་ཀྱིས་སྤྱོད་པ་མི་མཉམ་པའི་དབང་གིས་ན། ཐ་དད་པའི་བྱེ་བྲག་བརྒྱ་སྟོང་མང་པོ་མྱོང་བར་གྱུར་པ་ཡིན་ལ། ཚེ་འདི་ལ་བྱད་བཞིན་སྡུག ་པ་གང་ཡིན་པ་དེ་ནི་བཟོད་པ་དང་དུ་བླངས་པ་ལས་འོངས་པ་ཡིན་ནོ་བྱད་བཞིན་མི་སྡུག་པ་གང་ཡིན་པ་དེ་ནི་ཁོང་འཁྲོ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་དབུལ་བ། ་གྱུར་པ་གང་ཡིན་པ་དེ་ནི། སེར་སྣ་བྱས་པ་ལས་འོངས་པ་ཡིན་ནོ།། ཡ་རབས་མཐོན་པོར་གྱུར་པ་གང་ཡིན་པ་དེ་ནི། གཞན་དག་ལ་གུས་པས་ཕྱག། ་བྱས་པ་ལས་འོངས་པ་ཡིན་ནོ།། མ་རབས་སུ་གྱུར་པ་གང་ཡིན་པ་དེ་ནི་ང་རྒྱལ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་རིང་ཞིང་འོད་ཆེ་བ་གང་ཡི་པ་དེ་ནི ་གུས་པར་བཀུར་སྟི་བྱས་པ་ལས་འོངས་པ་ཡིན་ནོ།། ལུས་ཐུང་བ་གང་བ་ཡིན་པ་དེ་ནི། ཆོས་ལ་བརྙས་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་བཀའ་བློ ་མི་བདེ་བ་གང་ཡིན་པ་དེ་ནི། སྔོན་ལུག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མནག་ཅིང་རིང་བ་གང་ཡིན་པ་དེ་ནི། དེ་བཞིན་གཤེགས་པའི་སྣང་བ་བསྒྲིབ ་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མཆུ་མིག་སྡུག་པ་གང་ཡིན་པ་དེ་ནི། མཆོད་རྟེན་གྱི་ཟས་མྱ་ངན་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་དམིག་དམར ་བ་གང་ཡིན་པ་དེ་ནི། མེའི་འོད་ལ་སེར་སྣ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མི་གསལ་བ་གང་ཡིན་པ་དེ་ནི། ཁྲའི་མཱི་དྲུབས་པ་ལས་འོངས་པ་ཡིན་ནོ།། ། ་མིར་གྱུར་ཀྱང་རྨུགས་པ་གང་ཡིན་པ་དེ་ནི། ཆོས་ལ་བསྐུར་པ་བཏབ་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་འོན་པར་གྱུར་པ་གང་ཡིན་པ་དེ་ནི། ཆོས་ཐོས་པར ་མི་དགའ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ཡོ་རྡོ་བོར་གྱུར་པ་གང་ཡིན་པ་དེ་ནི། རུས་པ་འཆལ་ཞིང་ཤ་ཟ་བར་མངོན་པར་དགའ་བ་ལས་འོངས་པ་ཡིན་ནོ།། ་མིར་གྱུར་ཀྱང་སྣ་དགྱེ་བོར་གྱུར་པ་གང་ཡིན་པ་དེ་ནི། དྲི་མི་ཞིམ་པ་དག་གིས་དེ་བཞིན་གཤེགས་པ་ལ་མཆོད་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མཆུ། ་ཤོ་རེར་གྱུར་པ་གང་ཡིན་པ་དེ་ནི། ཉའི་འགྲམ་པ་ཕུག་པ་ལས་གྱུར་པ་ཡིན་ནོ།། མི་གྱུར་ཀྱང་སྐྲ་སེར་བ་གང་ཡིན་པ་དེ་ནི། ཕག་གི་སྤུ་ཏོགས་པ་ལས་གྱུར་པ་ཡིན་ནོ།། ། ་མི་འགྱུར་ཀྱང་རྣ་བ་རལ་པ་གང་ཡིན་པ་དེ་ནི། གཞན་དག་གི་རྣ་བ་ཕུག་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་ཀྱི་ཤ་སྦྲུལ་ལྟ་བུར་གྱུར་པ་གང་ཡིན་པ་དེ་ནི། ་གོས་ཡང་ཞིང་སྲབ་པ་དག་བགོས་ནས་དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་སྤྱན་སྔར་འོངས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་མདོག་གནག་པ་གང་ཡིན་པ་དེ་ནི།། ་དེ་བཞིན་གཤེགས་པའི་སྐུ་གཟུགས་ཁྱམས་དག་གི་འོག་ཏུ་བཞགས་ནས་དུད་པས་གདུགས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རྐང་ལག་ཞ་བོར་གྱུར་པ་གང་ཡིན་པ་དེ་ནི།། ་མཁན་པོ་དང་བླ་མ་རྣམས་མཐོང་ཡང་ལྡང་བ་མེད་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རྐུར་པོར་གྱུར་པ་གང་ཡིན་པ་དེ་ནི། གོས་ཡང་ཞིང་སྲབ་པ་དག་བགོས་ནས ་ཕན་ཚུན་འགྲོ་བའི་ཚེ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ་རྒྱབ་ཀྱི་ཕྱོགས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་དཔྲལ་བ་མི་སྡུག་པ་གང་ཡིན་པ་དེ་ནི། དེ ་བཞིན་གཤེགས་པ་མཐོང་བའི་ཚེ་ཕྱག་ཀྱང་མི་བྱེད་ལ། ལག་པས་འབྲལ་བར་ལགས་པས་བརྡེགས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་གཉའ་བ་ཐུང་བ་གང་ཡིན་པ ་དེ་ནི་བླ་མ་དག་མཐོང་ན་མགོ་སྦས་ཏེ། བྲོས་ནས་འབྱོར་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རྟག་པར་སྙིང་ན་བ་གང་ཡིན་པ་དེ་ནི་སེམས་ཅན ་གྱིས་ལུས་ཀྱི་ཡན་ལག་བཅད་ཅིང་བཏུབས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་མཛེ་ཅན་དུ་གྱུར་པ་གང་ཡིན་པ་དེ་ནི། ཉེས་པ་མེད་པར་གཞན་གྱི་ནོར་བླངས་པ་ལས ་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་དབུགས་ཐུང་བ་གང་ཡིན་པ་དེ་ནི། དགུན་དྲང་བའི་དུས་ཀྱི་ཚེ་གཞན་དག་ལ་ཟས་གྲང་མོ་དག་བྱིན་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང ་བུ་ཁྱེའུ་དང་བུ་མོ་མེད་པར་གྱུར་པ་གང་ཡིན་པ་དེ་ནི། བྱ་མང་པོ་རྣམས་ཀྱིས་ཕྲུག་གུ་བསད་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་པ་ཀྱང་བུ་ཚ་མང་པོ་གང་ཡིན་པ་དེ་ནི། ་སེམས་ཅན་གསོ་བར་དགའ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་ཚེ་རིང་བ་གང་ཡིན་པ་དེ་ནི་བྱམས་པའི་སེམས་དང་ལྡན་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང ་ཚེ་ཐུང་བ་གང་ཡིན་པ་དེ་ནི་སྲོག་ཆགས་མང་པོ་བསད་མ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་ཕྱུག་པོར་གྱུར་པ་གང་ཡིན་པ་དེ་ནི་སྦྱིན་པ་བཏང་བ་ལས་བྱུང་བ་ཡིན་ནོ།། མིར། ་གྱུར་ནས་རྟ་དང་ཤིང་རྟ་དང་ལྡན་པ་གང་ཡིན་པ་དེ་ནི། དཀོན་མཆོག་གསུམ་ལ་རྟ་དང་ཤིང་རྟ་དག་ཕུལ་བ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ནས་དབང་པོ་གསལ་བ་གང ་ཡིན་པ་དེ་ནི། མདོ་སྡེ་དྲི་ཞིང་ཁ་དོན་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་དབང་པོ་མི་གསལ་བ་གང་ཡིན་པ་དེ་ནི་དུད་འགྲོའི་སྐྱེ་གནས་ནས་འོངས་པ་ཡིན་ནོ།། མིར་གྱུར ་ཀྱང་གཞན་གྱི་བྲན་དང་། བྲན་མོ་བྱེད་པ་གང་ཡིན་པ་དེ་ནི། བུ་ལོན་ཆགས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་མ་བརྟན་ཞིང་ཡང་བ་གང་ཡིན་པ་དེ་ནི། སྔོན་སྤྲེའུ་བྱས། ་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་མཛེ་ནད་གྱི་བཏབ་པ་གང་ཡིན་པ་དེ་ནི། དཀོན་མཆོག་གསུམ་ལ་རྣམ་པར་བཤིག་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རྐང ་ལག་འཇས་འགྲུས་སུ་གྱུར་པ་གང་ཡིན་པ་དེ་ནི། སེམས་ཅན་གྱི་རྐ་ལག་དམ་དུ་བཅིངས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་རྨ་དང་ཤུ་བ་འབྱུང་ཞིང་ཡུན་དུ ་སྨན་དང་དཔྱད་བྱས་ཀྱང་སོས་སུ་མི་བཏུབ་པ་གང་ཡིན་པ་དེ་ནི། སེམས་ཅན་ལ་བརྡེག་བརྩེགས་བྱས་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་རང་བཞིན་མི་སྲུན་པ་གང ་ཡིན་པ་དེ་ནི། སྡིག་སྤྲུལ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་དབང་པོ་དྲུག་ཚང་བ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་སྲུངས་པ་ལས་འོངས་པ་ཡིན་ནོ།། མིར ་གྱུར་ནས་དབང་པོ་རྣམས་མ་ཚངས་པ་གང་ཡིན་པ་དེ་ནི། ཚུལ་ཁྲིམས་འཆལ་བ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་བཙ་བསྒྲ་མེད་པ་གང་ཡིན་པ་དེ་ནི། ཕག་བྱས ་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་གླུ་གར་ལ་དགའ་བ་གང་ཡིན་པ་དེ་ནི། རོལ་མོ་མཁན་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་འདོད་ཆེན་ཆེ་བ་གང ་ཡིན་པ་དེ་ནི། ཁྱི་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཉལ་བར་རྦ་བ་ཡོད་པ་དེ་ནི་གཅིག་པུ་སྩོགས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ནས་ཁའི ་དྲི་མནམ་པ་གང་ཡིན་པ་དེ་ནི་ཚིག་ངན་གྱིས་གཞན་ལ་སྤྲོས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་པོ་མཚན་དང་མི་ལྡན་པ་གང་ཡིན་པ་དེ་ནི ་ཁྱི་དང་ཕག་རྣམ་ཀྱི་གྲིག་པ་ཅད་པ་ལས་གྱུར་པ་ཡིན་ནོ།། མིར་གྱུར་ཀྱང་ལྕེ་ཐུང་བ་གང་ཡིན་པ་དེ་ནི། དབེན་པ་དག་ཏུ་བླ་མ་དག་ལ་ཚིག་མི་སྙན་པ་དག་བརྗོད་པ་ལས་གྱུར ་པ་ཡིན་ནོ།། མིར་གྱུར་ནས་གཞན་གྱི་ཆུང་མ་ལས་གཡེམས་པར་མངོན་དགའ་བ་དེ་ནི་ཤི་འཕོས་ནས་བྱ་དང་། ཕ་དག་ཏུ་ལྟུང་བར་འགྱུར་རོ།། མིར་གྱུར་ཀྱང་བདག ་ཉིད་དང་ཉི་ཞིང་གཉེན་དུ་འབྲེལ་པ་དག་ལ་གཡེམ་པར། མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས། བྱེའུ་འཆིལ་པ་དག་ཏུ་ལྟུང་བར་འགྱུར་རོ།། མིར་གྱུར་ན ་མདོ་སྡེ་དང་བསྟན་ཆོས་དག་ལ་སེར་སྣ་བྱེད་ཅིང་ཤེས་པ་སྦས་ནས་གཞན་དག་ལ་མི་སྟོན་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཤིང་སྲིན་དག་ཏུ་སྐྱེ་བར་འགྱུར་རོ།། མདའ ་ཞུ་ཐོགས་ཤིང་བཞོན་པ་ལས་མངོན་པར་དགའ་བ་ལ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཀླ་ཀློ་ཅན་དུ་སྐྱེ་བར་འགྱུར་རོ།། རྔོན་བྱེད་ཅིང་སྲོག་ཆགས་གསོད་པ་ལ་མངོན་པ ་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་པར་སྦྱང་དག་ཏུ་ལྟུང་བར་འགྱུར་རོ།། མགོ་བརྒྱན་དང་མེ་ཏོག་ཐོགས་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས ་ནས་ལྕི་རྟུག་གི་སྲིན་བུ་བྱེད་པར་འགྱུར་རོ།། གོས་རིང་པོར་གྱུར་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྲིན་བུ་འཇུག་རིངས་བྱེད་པར་འགྱུར་རོ།། ་ཉལ་ཞིང་ཟ་བར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་བག་ཏུ་སྐྱེ་བར་འགྱུར་རོ།། གོས་མཚོན་ཅན་གོན་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ་ཤི་འཕོས་ནས་བྱེའུ་ཁྲིའུ་བྱེད་པར་འགྱུར་རོ།། གཞན་གྱི་ཚིག་ཟློས་ཤིང་དཀུར་རེ་བྱེད་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་བྱ་ནི་བཙོ་བྱེད་པར་འགྱུརརོ།། ། ་ཕྲ་མ་བྱེད་པར་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སྦྲུལ་ལུས་པོ་ཆེ་དག་ཏུ་སྐྱེ་བར་འགྱུར་རོ།། ཉེས་པ་མེད་པ་དག་ཏུ་རྣམ་པར་འཚེ་བ་གང་ཡིན་པ་དེ་ནི ་ཤི་འཕོས་ནས་སྲིན་བུ་ཁོན་དུ་འཛིན་པའི་སེམས་དང་། བཙས་པ་དག་ཏུ་སྐྱེས་པར་འགྱུར་རོ།། གཞན་གྱི་དབེན་བྱེད་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི།། ་ཤི་འཕོས་ནས་སྲིན་བུ་དག་ཏུ་སྐྱེ་བར་འགྱུར་རོ།། དམོད་མོའི་ཚིག་སྨྲ་བ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཝ་དག་ཏུ་སྐྱེ་བར་འགྱུར་རོ།། གཞན་དག ་སྲེག་ཅིང་སྡང་བར་མངོན་པར་དགའ་བ་དེ་ནི། ཤི་འཕོས་ནས་རི་དགས་ཤ་བའི་རིགས་སུ་སྐྱེས་པར་འགྱུར་རོ།། ཚེ་སྔ་མ་ལ་ཤིང་གི་ལྷམ་བགོས་ནས་དྲི་གཙང་ཁང་དུ་ཞུག ་པ་གང་ཡིན་པ་དེ་ནི་ཚེ་འདི་ལ་རྟའི་རིགས་སུ་སྐྱེས་པར་འགྱུར་རོ།། ཚེ་སྔ་མ་ལ་ཕྱེ་ན་གཏོང་བར་དགའ་བ་གང་ཡིན་པ་དེ་ནི་སྲིན་བུ་གནམ་པོའི་རིགས་སུ་སྐྱེ་བར་འགྱུ་རོ།། ་ཚེ་སྔ་མ་ལ་དགེ་འདུན་གྱིས་གཏུན་དང་། རང་ཐག་ལ་ཡོངས་སུ་སྤྱད་པ་གང་ཡིན་པ་དེ་ནི་ཚེ་འདི་ལ་སྲོག་ཆགས་སྲིན་བུ་འགྲོ་རྡེགས་པ་དག་ཏུ་སྐྱེ་བར་འགྱུར་རོ།། ཚེ་སྔ་མ་ལ ་གཞན་དག་གི་ཟས་ཀྱི་བགེགས་བྱས་ནས་ཚེ་འདི་ལ་ཤིང་སྲིན་བྱེད་བུར་འགྱུར་རོ།། དགེ་འདུན་གྱི་ཆུ་བརྐུས་ནས་ཡོངསུ་སྤྱད་པ་གང་ཡིན་པ་དེ་ནི། ་ཚེ་འདི་ལ་ཉ་དང་ཆུའི་སྲིན་བུ་དག་ཏུ་སྐྱེས་པར་འགྱུར་རོ།། དགེ་འདུན་གྱི་ས་བཞི་དག་ལ་མི་གཙང་བ་འདོར་བ་གང་ཡིན་པ་དེ་ནི་གཤང་གི་ཙའི་ནང་དུ་སྲིན་བུ་དག་དུ་སྐྱེ་བར་འགྱུརརོ།། ་དགེ་འདུན་གྱི་ཤིང་ཏོག་བརྐུས་པ་གང་ཡིན་པ་དེ་ནི་འཇིམ་རྫ་མ་ཟ་བའི་སྲིན་བུ་བྱེད་པར་འགྱུར་དགེ་འདུན་གྱི་རྐོར་བརྐུས་པ་གང་ཡིན་པ་དེ་ནི་རང་རྟག་འདྲེན་པའི་གླང་དང་བོང་བུ ་བྱེད་པར་འགྱུར་རོ།། དགེ་འདུན་གྱི་སྐོར་ལ་ནན་གྱིས་སློང་ཞིང་སྔར་སྦྱིན་བྱེད་ན་ཕུག་དོམ་དཀར་པོ་ཁྱེད་པར་འགྱུར་རོ།། དགེ་འདུན་ལ་བྱ་ཞིང་སྨོད་པར་བྱེད་ན་གླང་གི་གཉའ་བ ་སྲིན་བུ་སྐྱེ་བར་འགྱུར་རོ།། དགེ་འདུན་གྱི་ཆོད་ལྷམ་ཟོས་ནས། ཚོད་མའི་ནང་གི་སྲིན་བུར་སྐྱེ་བར་འགྱུར་རོ།། དགེ་འདུན་གྱི་ཁྲི་བསྟན་ལ་འདུག་ན་སའི་སྲིན་བུ་འཇུག ་རིངས་སུ་སྐྱེ་བར་འགྱུར་རོ།། དགེ་འདུན་གྱི་ཡོ་བྱད་སྣ་ཚོགས་དག་ལ་ཡོངས་སུ་སྤྱོད་པར་བྱེད་ན་ཕྱེ་མ་ལེབ་ཏུ་སྐྱེ་བར་འགྱུར་རོ།། རུས་པ་དག་ཐོགས་ནས་གཙུག་ལགས ་ཁང་དུ་འཇུག་པར་བྱེད་ན་བྱ་ཆུ་རིངས་དུ་སྐྱེ་བར་འགྱུར་རོ།། དམར་རྩི་དཀར་རྩི་དག་ཆུ་ལ་བསྐུས་ནས་གཙུག་ལག་ཁང་དུ་འཇུག་པར་བྱེད་ན། བྱ་ཆུ་དམར་དག་སྐྱེ་བར་འགྱུརརོ། ་གོས་མཚོན་ཅན་བགོས་ཏེ་གཙུག་ལག་ཁང་དུ་འགྲོ་བར་བྱེད་ན་བྱ་ཁ་དོག་སེར་པོ་དག་ཏུ་སྐྱེ་བར་འགྱུར་རོ།། ཁྱོ་ཤུགས་གཙུག་ལག་ཁང་ཏུ་གནས་ནས་ཉལ་པོ་བྱས་ན་བྱ་མགོད ་སྔོན་དག་ཏུ་སྐྱེ་བར་འགྱུར་རོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བརྫིས་རྔ་མོའི་ལུས་བྱེད་པར་འགྱུར་རོ།། ལྷམ་བགོས་ཏེ་དེ་བཞིན་གཤེགས་པའི་དྲི་གཙང་ཁང་དུ་འགྲོ ་བར་བྱེད་ན་སྦལ་པར་སྐྱེ་བར་འགྱུར་རོ།། ཆོས་ཉན་པའི་ཚེ་བླག་ཅོར་ཟེར་བ་ནི་བྱ་ལྕེ་བརྒྱ་པ་དག་ཏུ་སྐྱེ་བར་འགྱུར་རོ།། དགེ་སློང་མ་གཙང་མ་སུན་པར་བྱས་ནས་ཤི་འཕོས་ནས ་སེམས་ཅན་དམྱལ་བའི་གནས་ལྕགས་ཀྱི་བྲག་ཕུག་ཏུ་ལྟུང་ཞིང་རལ་གྲིའི་འཁོར་ལོ་བརྒྱ་སྟོང་དུ་མ་དུས་གཅིག་ཏུ་བབས་ནས་ལུས་ནས་ལུས་གཅོད་པར་འགྱུར་རོ།། དེ་ནས ་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀྱིས་ཅི་སྐད་གསུངས་པའི་ལྟར་དགེ་འདུན་གྱིས་རྫས་ཡོངསུ་སྤྱོད་པ་གང ་ལགས་པ་དེ་དག་ལ་ཡང་དག་པར་ཤིན་ཏུ་ལྕི་བ་ཞིག་ལགས་པར་གྱུར་ན། སྦྱིན་བདག་བཞི་པོ་ལྟར་གཙུག་ལྷ་ཁང་དུ་མཆི་ཞིང་བཀུར་སྟི་དང་། ཕྱག་འཚལ་བར་གྱིས་ལགས། ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གཙུག་ལག་ཁང་དུ་འགྲོ་བ་ལ་སེམས་རྣམས་པ་གཉིས་ཡོད་དེ། དགེ་བའི་སེམས་དང་། མི་དགེ་བའི་སེམས་གང ་ཡིན་པའོ།། དགེ་བའི་སེམས་ཞེས་བྱ་བ་ནི་ཇི་ལྟ་བུ་ཞེས་ན། གང་གིས་གཙུག་ལག་ཁང་དུ་ཕྱིན་ནས། དེ་བཞིན་གཤེགས་པ་མཐོང་ན་ཕྱག་བྱེད་པ་དང་། དགེ་འདུན་མཐོ ་ན་གུས་པས་བཀུར་སྟིར་བྱས་ནས། མདོའི་དོན་འདྲི་བར་བྱེད་པ་དང་། སྡོམ་པ་ཡང་དག་པར་བླངས་ནས་ཉེས་པའི་ཆགས་པར་བྱེད་པ་དང་། ནོར་རྫས་དག་ཡོངསུ་བཏ་ནས། ་དཀོན་མཆོག་གསུམ་གྱི་ཞལ་ཏ་བྱེད་པ་དང་། ལུས་དང་སྲོག་ལ་འཕངས་པ་མེད་པར་ཆོས་ཆེན་པོ་ཡོངསུ་བསྲུང་ཞིང་། ཡང་དག་པར་འཛིན་པར ་བྱེད་པའི་གང་ཟག་དེ་ལྟ་བུ་དག་ནི་གོམ་པ་ཅིག་འདོར་བར་བྱེད་ན། ཡང་ལྷའི་གཞལ་མེད་ཁང་དུ་འོང་ཞིང་། མ་འོངས་པ་ན་ཁྱིམ་བདག་ཤུད་དེ་ཀ་བཞིན་དུ་རྣམ་པར་སྨིན ་བའི་འབྲས་བུ་མྱོང་བར་འགྱུར་བ་གང་ཡིན་པ་དེ་ནི་སྐྱེས་བུ་མཆོག་ཏུ་དགེ་བ་ཞེས་བྱའོ།། མི་དགེ་བའི་སེམས་དང་ལྡན་པ་ཞེས་བྱ་བ་ཇི་ལྟ་བུ་ཡིན་ཞེ་ན། སེམས་ཅན་གང་ལ ་ལ་ཞིག་གཙུགས་ལག་ཁང་དུ་འཇུག་པའི་ཚེ། དགེ་འདུན་ལ་སློངས་མོ་དང་། གཡར་པོ་དང་ལྔ་སྦྱིན་འབའ་ཞིག་བྱ་བར་སེམས་དཔའ་དང་། དགེ་འདུན་གྱི་སྐྱོན་ཚོལ ་ཞིང་རྩེ་ཅིག་ཏུ་རྣམ་པར་བཤིག་པ་འབའ་ཤིག་ཏུ་འདོད་པ་དང་། དགེ་སློང་དང་དགེ་འདུན་གྱིས་ཟས་ཟོས་ན་ཡང་སེམས་ལ་གནོད་པ་ཅི་ཡང་མེད་ཅིང་། ཁུར་བ་དང ་ཤིང་ཐོག་དང་ལྡོམ་ལྡུམ་དག་ཁྱེར་ནས། རང་གི་ཁྱིམ་དུ་འགྲོ་བར་བྱེད་པའི་གང་ཟག་དེ་ལྟ་བུ་དེ་དག་ནི་ཤི་འཕོས་མ་ཐག་ཏུ་ལྕགས་ཀྱི་ཐུ་ལུམ་ཟ་བའི་སེམས་ཅན་དམྱལ་བར ་ལྟུང་ཞིང་། ཟངས་ཀྱི་ནང་དུ་གཙོ་བ་དང་། སྦར་བའི་སེམས་བསྲེགས་པ་དང་། རལ་གྲི་ལྟ་བུའི་རི་ལོ་མ་ཅན་གྱི་ལྗོན་ཤིང་ལ་འཛེག་པ་ལ་སོགས་པའི་སྡུག་བསྔལ ་གང་ཡང་མི་མྱོང་བ་མེད་པར་འགྱུར་ཏེ། འདི་ནི་སྐྱེས་བུ་མཆོག་ཏུ་མི་དགེ་བ་ཞེས་བྱའོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོས་འདི་ནི་ངས་མ་འོང་། ་པའི་དུས་ཀྱི་སྤོབས་མ་དག་ལ་རྗེས་སུ་བསྟན་པ་ཡིན་གྱིས། བག་ཡོད་པར་བསྒྲིམས་ཏེ། དཀོན་མཆོག་གསུམ་པོ་དག་ལ་ཉེས་པ་མི་བྱེད་པ་དང་། ནུར་བའི་སེམ་སྐྱེ་བ ་མེད་པར་དེ་བཞིན་གཤེགས་པའི་བཀའ་བཞིན་བྱེད་ན། དེ་བཞིན་གཤེགས་པ་བྱམས་པ་འཇིག་རྟེན་དུ་འབྱུང་བའི་ཚེ། ཡོངསུ་མྱ་ངན་ལས་འདའ་བར་འགྱུར་བར་ཐེ ་ཅོམ་མེད་དོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་འདི་ལ་གཞན་གྱི་ལུས་ལས་གོས་བཤུས་ཏེ་འཕྲོག་པར་བྱེད་ན། ཤི་འཕོས་ནས་གྲང་བའི་སེམས་ཅན ་དམྱལ་བར་ལྟུང་བ་དང་། གཞན་ཡང་དར་གྱི་སྲིན་བུར་སྐྱེས་ནས། གཞན་གྱིས་འཚེད་པར་འགྱུར་རོ།། ཚེ་འདི་ལ་སྐུ་གཟུགས་དང་། མདོ་སྡེའི་སྤྱན་སྔར་མར་མེ་སྦར ་བར་མངོན་པར་མི་དགའ་ན། ཤི་འཕོས་ནས་རི་འཁོར་ཡུག་གི་བར་ན་སེམས་ཅན་དམྱལ་བའི་གནས་མུན་ནག་ཡོད་པ་དག་ཏུ་ཡོད་པར་འགྱུར་རོ།། ཚེ་འདི་ལ་སེམས་ཅན ་གྱི་སྲོག་གཅད་པས་དམྱལ་ཞིང་བཏུབ་པར་བྱེད་ལ། ཤི་འཕོས་ནས་སེམས་ཅན་དམྱལ་བ་མཚོན་ལྟར་རབ་ཏུ་རྣོ་བའི་རི་དང་། རལ་གྲི་ལོ་མ་ཅན་གྱི་ལྗོན་ཤིང་ལ་འཛེག་པ ་ངག་ཏུ་ལྟུང་བར་འགྱུར་རོ།། འཚེ་འདི་ལ་ཁྭ་སིག་གཏོང་ཞིང་རྔོན་བྱེད་པར་མངོན་པར་དགའ་བ་དེ་དག་ནི་ཤི་འཕོས་ནས་སོགས་ལེས་འདྲ་བའི་སེམས་ཅན་དམྱལ་བར་ལྟུང ་བར་འགྱུར་རོ།། ཚེ་འདི་ལ་མང་དུ་འདོད་པས་ལོགས་པར་གཡེམ་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་ཟངས་ཀྱི་ཀ་བ་རབ་ཏུ་འབར་བ་ལ་འཇུ་བ་དང་། ལྕགས་ཀྱི་ཁྲི་རབ་ཏུ ་ཚ་བ་ལ་ཉལ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆུང་མ་མང་པོ་འཆང་བ་གང་ཡིན་པ་དེ་ནི་ལྕག་ཀྱི་རང་ཐག་ཏུ་འཐག་པའི། ་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཁྱིམ་ཐབས་མང་པོ་འདོགས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྦྲུལ་གདུག་པ་དང་ལྡན་པའི་སེམས་ཅན་དམྱལ ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་སྒོང་བསྒྲགས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་མེ་མ་མུར་རབ་ཏུ་ཚ་བ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ་ཚེ་འདི་ལ་བག་དང་བྱ་རྣམས་བཤུ་ཞིང་འཐོག་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཟངས་དག་ཏུ་འཚེད་པའི་སེམས་ཅན་དམྱལ་བ་དག་ཏུ་ལྟུང་བར་འགྱུར་རོ།། ། ་ཚེ་འདི་ལ་ཕག་དང་ཁྱིའི་གླེག་པ་འབྱིན་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་རྡོ་ཟུར་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆང་འཐུངས ་ནས་མྱོས་པར་བྱས་པར་གང་ཡིན་པ་དེ་ནི། ཤི་ཕོས་ནས་ལྕག་ཁུ་མཐུང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་སེམས་ཅན་ཀྱི་ལུས་ཀྱི་ཡན་ལག ་གཅད་ཅིང་བཏུབ་པ་གང་ཡིན་པ་དེ་ནི་ཤི་ཕོས་ནས་ལྕགས་ཀྱི་འཁོར་ལོ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་དགེ་འདུན་གྱི་ཤིང་རྟོག་བཀྲུས་པ ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་ཐུ་ལུམ་ཟའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཕག་གིས་རྒྱུ་མ་དང་ཤ་ཟོས་པ་གང་ཡིན་པ་དེ་ནི། ཤི་འཕོས ་ནས་ལྡན་ལྗིན་གྱིས་གང་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཉ་གསོན་པོར་ཟོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་མཚོན་ཆ་དང་། དབྱིག་པ་དང་། ་རལ་གྲི་སོ་ཅན་གྱི་ལྗོན་ཤིང་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་མ་ཡར་མོར་གྱུར་ནས་ཆུང་བ་སྡེམ་མའི་བུ་དག་ལ་མནར་བ་བྱས་པ་གང་ཡིན ་པ་དེ་ནི། ཤི་འཕོས་ནས་མེ་རབ་ཏུ་འབར་བའི་ཤིང་རྟ་དང་ལྡན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་འཕྲ་མ་བྱས་ནས། དཀྲུགས་མ་བྱས་པ་གང ་ཡིན་པ་དེ་ནི། ཤི་འཕོས་ནས་ལྕགས་ཀྱི་ཐོད་གཤོལ་གྱིས་རྨོ་བོའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཚིག་མི་སྙན་པས་གཞན་དག་ལ་སྤྱོས་པ་གང ་ཡིན་པ་དེ་ནི། ཤི་ཕོས་ནས་ལྕེ་རབ་ཏུ་འབྱིན་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་བརྫུན་མང་དུ་སྦས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕེ་ལྕག ་ཀྱི་གཟེར་གྱིས་འདེབས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་སྲོག་གཅད་ནས་ལོག་པའི་ལྷ་ལ་མཆོད་སྦྱིན་བྱས་པ་གང་ཡིན་པ་དེ་ནི། ཤི་ཕོས་ནས ་ལྕག་ཀྱི་གཏུན་གྱིས་བརྡུངས་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་བོན་པོ་བྱས་ནས་འདྲེ་གདོག་གྱི་ཚིག་འདོན་ཅིང་གཞན་དག་བསླུས་ཏེ་ནོར་བླངས་པ ་གང་ཡིན་པ་དེ་ནི། ཤི་འཕོས་ན་ཤའི་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་བོན་མོ་བྱས་ནས་མིག་གཙུམས་ཏེ། ས་ལ་ཉལ་ནས་གཞན་དག་ལ་མཐོ། ་རིས་སུ་སྐྱེ་བར་འགྱུར་རོ།། ཞེས་དྲང་པོར་མ་ཡིན་པའི་འདྲེ་གདོན་དག་གི་ཚིག་ལེན་པ་གང་ཡིན་པ་དེ་ནི། གི་འཕོས་ནས་རྩེན་པ་གཏུབས་པའི་སེམན ་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་བོན་མོ་བྱས་ནས། གཞན་གི་སྲོག་བཅོད་དེ། ལྷ་འདྲེ་དང་ལམ་ལྔའི་སའི་བདག་པོ་དང་སྲིན་མོ་ལ་སོགས་པ་ལ་མཆོད་དུ་བཅུག་པ ་གང་ཡིན་པ་འདི་ལྟ་བུ་ལ་སོགས་པ་དེ་དག་ཐམས་ཅད་ནི་སྐྱེས་བུ་བླུན་པོ་རྣམ་འདྲིད་པ་ཡིན་པས་ཤི་འཕོས་ནས་སྟ་རིས་གཅོད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ། ་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཡན་ལག་གཅད་ཅིང་བཏུབ་པ་དང་། བྱ་ལྕགས་ཀྱི་མཆུ་ཅན་རྣམ་ཀྱིས་མིག་གི་འབྲས་བུ་གཉིས་ལ་འཐོག་པར་འགྱུར་རོ།། ཚེ་འདི ་ལ་བོན་མོ་བྱས་ནས་མི་ཤི་བའི་རོ་རྣམས་སྦེད་པ་དང་། ཁང་ཁྱིམ་རྣམ་ཀྱི་བཟང་ངན་དང་། རིགས་ལྔ་པོ་རྣམས་ཀྱིས་ཁེ་འཐོབ་བམ་མི་ཐོབ་ལྟ་བ་དང་། ཀླུ་རྣམ་བདེ་བར་འགོད ་པ་དང་། དར་གྱི་སྲིན་བུ་དག་ལ་གཏང་རག་གཏོང་བ་དང་། སྲི་རྣམས་མནན་ནས། སྐྱེས་བུ་བླུན་པོ་དག་ལ་སྨྲས་ཏེ། ནོར་མང་པོ་བླངས་པ་དང་། རྫུན་ཚིག་གིས་བཟང་ངན། ་སྟོན་པ་གང་ཡིན་པ་དེ་དག་ནི། ཤིང་བོས་ནས་ལྕགས་ཀྱི་དྲ་བ་ཅན་གྱི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་བས། བྱ་འདབ་ཆགས་མ་རུངས་པ་ཚད་མེད་པ་སྙེད་དེའི་ལུས་ལ ་འདས་ཏེ། ཤ་རྣམ་མ་ལུས་པར་ཟོས་ནས་རུས་པ་དང་། རྒྱུས་པ་རྣམ་ཀྱང་འཐོག་པར་བྱེད་པས། སྡུག་བསྔལ་དཔག་ཏུ་མེད་པ་དག་མྱོང་བར་འགྱུར་རོ།། ཚེ་འདི་ལ་སྨན་པ་བྱས་ཏེ། ་ནད་གསོ་བར་མི་ནུས་བཞིན་དུ་གཞན་དག་ལ་སླུས་ཏེ་ནོར་བླངས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་གཏར་བ་དང་། མེ་བཙས་བསྲེགས་པའི་སེམས་ཅན་དམྱལ་བར་འགྱུར་བས།། ་ལུས་ཀུན་ཏུ་མེ་རབ་ཏུ་འབར་བར་འགྱུར་རོ།། ཚེ་འདི་ལ་མཆོད་རྟེན་དང་། གཙུག་ལག་ཁང་བཤིག་པ་དང་། མཁན་པོ་དང་སློབ་དཔོན་གྱིས་སྐོ་བ་གང་ཡིན་པ་དང་ཕ་མ ་དང་སྲི་ཞུ་མེད་པ་གང་ཡིན་པ་དེ་དག་ནི་ཤི་འཕོས་ན་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོ་དང་། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་སྡུག་བསྔལ་སྣ་ཚོག ་མྱོང་བ་དང་། གཞན་ཡང་སེམས་ཅན་དམྱལ་བ་ཆུང་ངུ་རྒྱ་སུམ་བཅུ་རྩ་དྲུག་པོ་ཀུན་ཏུ་འཇུག་ཅིང་། སྐལ་བ་གཅིག་གམ་སྐལ་པ་གཉིས་སམ། སྐལ་པོ་སཱ་སྟོང་པར་དུ ་སྡུག་བསྔལ་མྱང་ནས། དེའི་འོག་ཏུ་འདོད་ཐར་པར་འགྱུར་རོ།། དགེ་བའི་གཤེགས་གཉེན་དང་ཕྲད་པ་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པར་འགྱུར་ལ། གལ་ཏེ་ཕྲད་པར ་མ་གྱུར་ན་ནི། སླར་ཡང་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་གྱུར་ཀྱང་ལུས་ཀྱི་བོང་ཆེ་ཞིང་ཤིན་ཏུ་མཉེ་བ་དང་། ་ཁྲོ་སྐྱེན་ཞིང་དག་ལ་དགྲོལ་དཀའ་བ་གང་ཡིན་པ་དེ་ནི། སྔོན་གྱི་རྔ་མོ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་འགྲོ་བ་ལ་དགའ་ཞིང་། ཟན་ཟ་བ་ལས་འགྲུས་པ་དང་། ་ཉམ་ང་བ་དག་ལ་འབྱོལ་བ་མེད་པ་གང་ཡིན་པ་དེ་ནི། སྔོན་རྟ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གྲང་བ་དང་ཚ་བ་དག་བཟོད་ཅིང་སེམས་ལ་འཛིན་པ་མེད་པ་གང་། ་@ཡིན་པ་དན། སྔོན་གྲང་བྱས་པ་ལས་འོང་བ་ཡིན་ནོ།། མར་གྱུར་ཀྱང་སྒྲ་སྐད་ཆེ་བ་དང་། ཛ་ཆ་མེད་ཅིང་། ཁྲེལ་མེད་པ་དང་། སྲེད་པ་དང་། ་དྲན་པ་མང་ཞིང་ལེགས་ཉེས་ཀྱི་བྲག་མི་ཕྱེད་པ་གང་ཡིན་པ་དེ་ནི། སྔོན་བོང་བུ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རྟག་པར་ཤ་ལ་རྔམ་ཤིང་བྱ་བ་གང་དག་ལ ་འཇིགས་པ་མེད་པ་གང་ཡིན་པ་དེ་ནི། སྔོན་སེང་གེ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་རིང་ཞིང་མིག་ཟླུམ་པ་དང་། འབྲོག་དགོན་པ་ན་མང་དུ་གྱུ ་དང་། བུ་དང་ཆུང་མ་ལ་སྡང་བ་གང་ཡིན་པ་དེ་ནི། སྔོན་སྟག་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་སྤུ་རིང་ཞིང་མིག་ཆུང་བ་དང་། གནས་ཅིག་ཏུ་གནས་པ་མོས ་བ་གང་ཡིན་པ་དེ་ནི། སྔོན་བྱ་འདབ་ཆགས་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་རང་བཞིན་མི་བརྟན་ཞིང་སྲོག་ཆགས་ཕྲ་མོ་གསོད་པ་ལ་དགའ་བ་གང་ཡིན་པ་དེ་ནི། ་སྔོན་གྱི་ཝ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་དཔའ་ཞིང་ཤོར་བ་དང་། འདོད་ཆགས་ཆུང་བཞིན་ཆུང་མ་ལ་སྲེད་པ་མེད་པ་གང་ཡིན་པ་དེ་ནི། སྔོན་སྤྱང་ཀི ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གོས་བཟང་པོ་ལ་མི་དགའ་བ་དང་། མ་བྱིན་པར་བྱས་པ་དག་ལ་རྟོག་པ་དང་གཉིད་ཆུང་ཞིང་ཞེས་སྡང་བ་གང་ཡིན་པ་དེ་ནི། ་སྔོན་ཁྱི་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་གཡེམ་པ་ལས་དགའ་ཞིང་སྐྱེ་བོ་མང་པོའི་ཡིད་དུ་འོངས་པའི་གཏན་བརྗོད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ་སྔོན་ནེ་ཙེ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་ལུས་ཀྱི་བོང་ཆུང་ཞིང་གཡེམ་པ་ལ་དགའ་བ་དང་། སེམས་རྩེ་ཅིག་ཏུ་མི་གནས་པ་དང་། གཟུགས་མཐོང་མ ་ཐག་ཏུ་མངོན་པར་ཞེན་པའི་སེམས་བྱུང་བ་གང་ཡིན་པ་དེ་ནི། སྔོན་བྱེའུ་འཆིལ་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་དམིག་དམར་ཞིང་སོ་ཐུང་བ་དང་སྨྲས་པའི ་ཚེ་ཆུ་བ་འབྱུང་ཞིང་། ཉལ་ན་གོས་ཀྱིས་ལུས་དཀྲི་བར་བྱེད་པ་གང་ཡིན་པ་དེ་ནི། སྔོན་གྱི་སྦྲུལ་དང་རྩངས་པ་བྱས་པ་ལས་འོངས་པ་ཡིན་ནོ།། མིར་གྱུར་ཀྱང་སྨྲས ་མ་ཐག་ཏུ་ཁོང་འཁྲོ་ཞིང་། ཕ་རོལ་གྱི་དོན་ལ་སོ་སོར་མི་རྟོག་པར་ངག་གི་གདུག་པ་ཆེན་པོ་འབྱིན་པ་གང་ཡིན་པ་དེ་ནི། སྔོན་སྡིག་པ་བྱས་ལས་འོངས་པ་ཡིན་ནོ།། ་མིར་གྱུར་ཀྱང་གཅིག་པུ་དབེན་པར་གནས་ཤིང་ཟས་ལ་བརྐམ་པ་དང་། མཚན་མོ་གཉིད་ཆུད་པ་གང་ཡིན་པ་དེ་ནི། སྔོན་བྱི་ལ་བྱས་པ་ལས་འོངས་པ་ཡིན་ནོ།། ་མིར་གྱུར་ཀྱང་བརྩིག་པ་ཕུག་ནས་རྐུན་པོ་བྱེད་པ་དང་། ནོར་ལ་རྐམ་ཞིང་འཁོན་འབྱུང་སླ་བ་དང་། ཉེ་རིང་གི་མཚན་མ་མེད་པ་གང་ཡིན་པ་དེ་ནི། སྔོན་གྱི་བྱི་བ་བྱས་པ ་ལས་འོངས་པ་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མིར་གྱུར་ཀྱང་མཆོད་བརྟེན་དང་། གཙུག་ལག་ཁང་བཤིག་པ་དང་། དཀོན་མཆོག་གསུམ་གྱི ་དཀོར་སྤངས་ནས་བདག་ཉིད་ཀྱིར་ཡོངསུ་སྤྱོད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སེམས་ཅན་དམྱལ་བ་ཆེན་པོར་མནར་མེད་པར་ལྟུང་བར་འགྱུར་རོ།། སེམས་ཅན་དམྱལ ་པ་ཆེན་པོ་ལས་ཐར་བར་གྱུར་ནས་ཡང་དུད་འགྲོའི་སྐྱེ་གནས་ཀྱི་ལུས་འདི་ལྟ་སྟེ། ཕུག་རོན་དང་། འཆིལ་བ་དང་། ངུར་བ་དང་ནེ་ཙེ་དང་། བྱིའུ། ་སྔོན་པོ་དང་། ཉ་དང་རུ་སྦལ་དང་། སྤྲེའུ་དང་། རི་དགས་ཀྱི་ལུས་ལེན་པར་འགྱུར་རོ།། རྒྱ་ལམ་རྒྱ་ལམ་ནི་མིའི་ལུས་ཐོབ་པར་གྱུར་ན་ཡང་མ་ནིང་དང་། བུད་མེད་དང་། ་མཚན་ཉིད་དང་། དབང་པོ་མེད་པ་དང་། སྨད་ཚོང་མ་དག་ཏུ་འགྱུར་རོ།། མིར་གྱུར་ཀྱང་ཁོང་འཁྲོ་བ་དག་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཤི་འཕོས་ནས་སྤྲུལ ་གདུག་པ་དང་། སྟག་དང་སེང་གེ་དང་སྤྱད་ཀྱི་དང་། དོམ་དང་དྲེད་དང་། བྱི་ལ་དང་བྱ་ཁྲ་རྣམ་པ་དག་ཏུ་ལྟུང་བར་འགྱུར་རོ།། བརྒྱ་ལམ་བརྒྱ་ལམ་ནི་མིའི་ལུས་ཐོབ ་པར་འགྱུར་ན་ཡང་། ཁྱི་བྱི་དང་ཕག་གསོ་བ་དང་། ཤེན་པ་དང་རྔོན་བྱེད་པ་དང་། བྱ་ཤོར་བ་དང་། བརྩོན་བསྲུངས་བྱེད་པ་ལས་མངོན་པར་དགའ་བར་འགྱུར་རོ།། མིར ་གྱུར་ཀྱང་གླེན་ཞིང་གཏི་མུག་དང་། རིགས་པའི་ཚུལ་གང་ཡིན་པ་མི་ཤེས་པ་དེ་ནི། ཤིས་བོས་ནས་གླང་པོ་ཆེ་དང་། ཕག་དང་བ་གླང་དང་། ཆུ་གླང་དང་སྲོག་ཤིང་དང་། ་སྦྲང་མ་དང་སྦྲང་བུ་ཆུ་རིངས་དང་། གྲོག་མོ་ལ་སོགས་པའི་ལུས་ལེན་པར་འགྱུར་ཏེ། གལ་ཏེ་མིའི་ལུས་ཐོབ་པར་གྱུར་ན། ཡང་འོན་པ་དང་། ལོང་བ་དང་དཀུག་པ་དང་། ་ལུས་ཀྱི་ཡན་ལག་མ་ཚང་བ་དང་། རྒྱབ་སྐུར་བ་དང་། དབང་པོ་ཚང་བ་དག་ཏུ་འགྱུར་རོ།། མིར་གྱུར་ཀྱང་ཁེངས་ཤིང་ང་རྒྱལ་ཆེ་བ་གང་ཡིན་པ་དེ་ནི་ཤིས་འཕོས་ནས། ་མི་གཙང་བའི་གནས་ཀྱི་སྲིན་བུ་དང་། རྔ་མོ་དང་བོང་བུ་དང་། རྟ་དང་ཁྱི་དག་ཏུ་ལྟུང་བར་འགྱུར་རོ།། གལ་ཏེ་མིར་སྐྱེས་ན་ཡང་བྲན་དང་བྲན་མོའི་ལུས་ལེན་ཞིང་དབུལ་འཕོངས ་སློངས་མོ་བྱེད་པ་དང་། མང་པོ་ཀུན་གྱིས་བརྙས་ཤིང་སྨད་པ་དག་ཏུ་ལྟུང་བར་འགྱུར་རོ།། མིར་གྱུར་ཀྱང་བླ་མའི་མཐུབ་སྙེམས་པའི་གླུས་གཞན་གྱི་ནོར་ལེན་པ་གང ་ཡིན་པ་དེ་ནི། ཤིས་འཕོས་ནས་ཤ་རི་ལྟ་བུའི་སེམས་ཅན་དམྱལ་བར་ལྟུང་འགྱུར་ཞིང་། སྐྱེ་བོ་བརྒྱ་སྟོང་མང་པོས་ལུས་ཀྱི་ཤ་བཅད་ནས་ཟ་བར་འགྱུར་རོ།། ཚེ་འདི་ལ ་གཞན་དག་འགྲེང་དུ་གཞུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཚེ་འཕོས་ནས་གླང་པོ་ཆེ་དག་ཏུ་སྐྱེ་ཞིང་རྐ་ལག་དྲང་བས་ཉལ་དུ་མེད་པ་དག་ཏུ་ལྟུང་བ་འགྱུར།། ་ཚེ་འདི་ལ་མཆོད་སྟོན་དྲལ་ནས་ནུབ་མོ་ཟན་ཟོས་པ་གང་ཡིན་པ་དེ་ནི། ཚེ་འཕོས་ནས་ཡི་དགས་འདྲེ་བ་རྐྱེན་དག་ཏུ་ལྟུང་བས། ལོ་བརྒྱ་སྟོང་མང་པོར་ཡང་བཟའ་བ་དང ་བཏུང་བ་ཐོབ་པར་མི་འགྱུར་རོ།། འགྲོ་བའི་ཚེ་ལྷ་ཚིགས་ཀུན་ཏུ་མེ་རབ་ཏུ་འབར་བར་འགྱུར་རོ།། ཚེ་འདི་ལ་སྒྲེན་མོར་འདུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ་ཚེ་ཕོས་ནས་གྲངས་པས་སྦྲེབས་པའི་སྲིན་བུ་དག་ཏུ་སྐྱེ་བར་འགྱུར་རོ།། ཚེ་འདི་ལ་མཆོད་སྟོན་གྱིས་ཟས་ལྷག་མ་ཁྱེར་བ་གང་ཡིན་པ་དེ་ནི་ཤི་འཕོས་ནས་སུ་ས་གཞི་རབ ་ཏུ་ཚ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། རྒྱལ་མིར་སྐྱེས་པར་གྱུར་ནས་ཡང་། ལྐོག་མ་ནད་ཀྱིས་བཏབ་པ་དང་། ཚེ་ཐུང་བར་འགྱུར་རོ།། ཚེ་འདི་ལ་དེ་བཞིན ་གཤེགས་པའི་སྐུ་གཟུགས་ལ་ཕྱག་བྱེད་པ་ན་ཡང་། མགོ་བོ་ས་ལ་མ་གཏུགས་པ་གང་ཡིན་པ་དེ་ནི་ཤི་འཕོས་ནས་མགོ་མཐུར་དུ་འབྱུ། ་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། བརྒྱ་ལམ་ན་མིའི་ནང་དུ་སྐྱེས་ནས་ཡང་གཞན་དག་གིས་མང་དུ་སླུ་བར་འགྱུར་རོ།། ཚེ་འདི་ལ་དེ་བཞིན་གཤེགས ་པའི་སྐུ་གཟུགས་ལ་ཕྱག་བྱས་པ་ན། ཐལ་མོ་མི་སྦྱོར་བར་བྱེད་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཡུལ་མཐའ་འཁོ་བ་དག་ཏུ་སྐྱེ་བར་འགྱུར་ཞིང་། འབད་པས ་མང་པོས་བརྩལ་ཡང་ཅི་ཡང་འཐོབ་པར་མི་འགྱུར་རོ།། ཚེ་འདི་ལ་དྲིལ་ཆེན་གྱི་སྒྲ་ཐོས་དང་མི་ལྡང་བ་གང་ཡིན་པ་དེ་ནི། ཤིས་འཕོས་ནས་སྦྲུལ་ལུས་པོ་ཆེ་དག་ཏུ ་ལྟུང་བར་འགྱུར་ཞིང་། ལུས་རིང་ལ་ཆེ་བས་སྲོག་ཆགས་འཕྲ་མོ་མང་པོ་རྣམ་ཀྱིས་བཟའ་བར་འགྱུར་རོ།། ཚེ་འདི་ལ་ལག་པ་རྒྱབ་དུ་བསྟན་ཏེ། དེ་བཞིན་གཤེགས་པ། ་ལ་ཕྱག་བྱས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཕྱིང་ཀ་ལོག་ཏུ་བཅིང་བའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་ཏེ། གལ་ཏེ་མིར་སྐྱེས་པར་གྱུར་ན། ཡང་ཞེས་པ ་མེད་པར་གྱོད་འབྱུང་བར་འགྱུར་རོ།། ཚེ་འདི་ལ་ཐལ་མོ་སྦྱར་ནས་ཡན་ལག་ལྔས་ས་ལ་གཏུགས་ཏེ། ཕྱག་བྱས་པ་གང་ཡིན་པ་དེ་ནི། རྟག་པར་ཆོས་རིགས་བརྫུན་པར ་སྐྱེ་བར་འགྱུར་ཞིང་། རྒྱུན་ཏུ་བདེ་བ་མྱོང་བར་འགྱུར་རོ།། ཚེ་འདི་ལ་འཁྲོ་སྐྱེན་ཞིང་ལྟོ་ལ་འཁོད་པ་གང་ཡིན་པ་དེ་ནི། སྔོན་མྱོན་པ་བྱས་པ་ལས་འོངས་པ་ཡིན་ནོ།། ་ཚེ་འདི་ལ་མིག་ལ་ཡོར་གྱུར་པ་གང་ཡིན་པ་དེ་ནི། སྔོན་ལོག་པའི་སེམས་ཀྱིས་གཞན་གྱི་ཆུང་མ་ལྟས་པར་གྱུར་པ་ཡིན་ནོ།། ཚེ་འདི་ལ་ཆུང་མའི་ནོན་བྱས་ནས་པ་མ། ་སྨྱོས་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ལྕེ་ཐོང་གཤོལ་གྱིས་རྨོད་པའི་སེམས་ཅན་དམྱལ་བར་ལྟུང་བར་འགྱུར་རོ།། ཚེ་འདི་ལ་ཆང་གི་ནང་དུ་མ་ནན་ཏེ། གཞན་དག ་ལ་སྦྱིན་པ་གང་ཡིན་པ་དེ་ནི། ཤི་འཕོས་ནས་ཆུའི་ནང་གི་སྲིན་བུ་དག་ཏུ་སྐྱེ་བར་གྱུར་ཏོ།། བརྒྱ་ལ་མེའི་ནང་དུ་སྐྱེས་པར་གྱུར་ན་ཡང་། ལུས་སྐང་ཞིང་དབུགས་ཐུང ་བས་འཆི་བའི་འདུ་བྱེད་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི་སྐད་དུ་སྙན་པའི་སྡུག་བསྔལ་སྣ་ཚོགས་མང་པོ་དེ་དག་ཐམས་ཅད་ནི་སྡིག་པ ་མི་དགེ་བའི་ལས་རྣམས་བཅུའི་དབང་ལས་གྱུར་པ་ཡིན་པས། རབ་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བའི་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ།། འབྲིང་གྲང ་ཡིན་པ་དེ་ནི་དུད་འགྲོའི་སྐྱེ་གནས་ཀྱིས་རྒྱུ་དང་རྐྱེན་བྱེད་པར་འགྱུར་རོ།། སྲོག་གཅོད་པའི་ཁ་ན་ཐོ་བ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། ་དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་འགྱུར་རོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམས་པ ་གཉིས་ཐོབ་པར་འགྱུར་ཏེ། ཆེ་ཐུང་བ་དང་ནད་མང་བ་གང་ཡིན་པའོ།། མ་བྱིན་པར་བླངས་པའི་ཁམ་ཐོ་བ་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོལ ་ཟ་མ་གང་ཡིན་པ་དེ་ནི་ཡིད་དག་ཀྱི་རྒྱུ་དང་རྐྱེན་བྱེད་པར་འགྱུར ་སྐྱེ་གནས་ནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ ་རྣམས་པ་གཉིས་འཐོབ་པར་གྱུར་ཏེ། དབུལ་ཞིང་འཕོངས་པ་དང་། ནོར་ཐུན་མོང་དུ་འགྱུར་ཞིང་རང་དབང་མེད་པ་གང་ཡིན་པའོ།། ལོག་པར་གཡེམ་པའི། ་ཁ་ན་མ་ཐོག་གང་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། ་གལ་ཏེ་མིར་སྐྱེས་པར་འགྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམས་པ་གཉིས་འཐོབ་པར་འགྱུར་ཏེ། ཆུང་མ་གཞན་གིས་བྱ་བ་བྱེད་པ་དང་། ཆུང་མ་དང་ཕན་ཚུན ་རྩོད་ཅིང་བདག་གིས་སེམས་ཀྱི་བསམ་པ་བཞིན་དུ་མི་དགའ་བ་གང་ཡིན་པའོ།། རྫུན་དུ་སྨྲ་བའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས ་འཐོབ་པར་འགྱུར་ཏེ། སྐུར་པ་མང་བ་དང་། རྟག་པར་གཞན་གྱིས་མང་དུ་སྨྲས་པར་འགྱུར་བ་གང་ཡིན་པའོ།། ཕྲ་མ་བྱས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི། སེམས། ་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེདདོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི ་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། རྟག་པར་སྒྲ་མི་སྙན་པར་ཐོས་པར་འགྱུར་བ་དང་། གང་ཅི་སྨྲས་ཀྱང་རུང་སྟེ། རྒྱུན་ཏུ་རྩོད་པ་ཅན་ཏུ་འགྱུར་བ་གང་ཡིན་པའོ།། ། ་ཚིག་ཁྱལ་པ་སྨྲས་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྟུང ་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། བདེན་པ་ཞིག་སྨྲས་ན་ཡང་གཞན་དག ་ཡིད་ཆེས་པར་མི་འགྱུར་བ་དང་། ཚིག་སྦས་པའི་རྣམས་གཞན་གྱིས་གོ་བར་མི་འགྱུར་བ་གང་ཡིན་པའོ།། བརྡབ་སེམས་བསྐྱེད་པའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས ་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར ་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། ནོར་ལ་རྐམ་ཞིང་ཆོག་ཤེས་པ་མེད་པ་དང་། མང་དུ་ཚོལ་ཞིང་རྟག་པར་ཡིད ་བཞིན་དུ་མངོན་པར་གྲུབ་པར་མི་འགྱུར་བ་གང་ཡིན་པའོ།། གནོད་སེམས་ཀྱི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། ་དུད་འགྲོའི་སྐྱེས་གནས་དང་། གཤིན་རྗེའི་འཇིག་རྟེན་དག་ཏུ་ལྟུང་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས ་འཐོབ་པར་འགྱུར་ཏེ། རྟག་པར་གཞན་གྱིས་གླགས་ཚོལ་བར་འགྱུར་བ་དང་། རྟག་པར་གཞན་གྱིས་གནོད་པ་བྱེད་པ་གང་ཡིན་པའོ།། ་ལོག་པའི་ལྟ་བའི་ཁ་ན་མ་ཐོ་བ་གང་ཡིན་པ་དེས་ནི། སེམས་ཅན་རྣམས་སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དག་དུ་ལྟུང ་བར་བྱེད་དོ།། གལ་ཏེ་མིར་སྐྱེས་པར་གྱུར་ན་ཡང་། རྣམ་པར་སྨིན་པའི་འབྲས་བུ་རྣམ་པ་གཉིས་འཐོབ་པར་འགྱུར་ཏེ། རྟག་པར་ལྟ་བའི་ཁྱིམ་དག་ཏུ་སྐྱེ་བར་འགྱུར ་བ་དང་། སེམས་གཡོ་རྒྱུ་དང་བཅས་པར་འགྱུར་བ་གང་ཡིན་པའོ།། ཀྱེ་སངས་རྒྱས་ཀྱི་སྲས་རྣམས་དེ་ལྟར་ན་སྡིག་པ་མི་དགེ་བའི་ལས་ཀྱིས་ལམ་བཅུ་པོ་རྣམ་ནི ་སྡུག་བསྔལ་མང་པོ་སྣ་ཚོགས་ཀྱི་ཕུང་པོ་ཆེན་པོའི་རྒྱུ་དང་། རྐྱེན་ཏུ་གྱུར་པ་ཡིན་ནོ།། དེ་ནས་དེའི་ཚེ་འཁོར་འདུས་པ་ཆེན་པོ་དེ་ཉིད་དུ་སྡིག་པ་མི་དགེ་བའི་ལས ་བཅུ་པོ་དག་ཏུ་བྱས་པ་གང་ཡིན་པ་དེ་དག། བཅོམ་ལྡན་འདས་ཀྱིས་སེམས་ཅན་དམྱལ་བའི་སྡུག་བསྔལ་གྱི་རྣམས་པར་སྨིན་པ་བཀས་བཤད་པ་ཐོས་པ་དང་། ་དེ་དག་ཐམས་ཅད་སྐད་ཆེར་ཕྱུང་སྟེ། དུས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་ཅག་དགེ་བ་ཇི་ལྟ་བུ་ཞིག་སྤྱད་ན། ་སྡུག་བསྔལ་འདི་དག་ལས་ཐར་བར་འགྱུར་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་ཅན་ཐམས་ཅད་བསོད་ནམས་ཀྱི་ལས་ལ་གཟུང་བར ་བྱས་ཏེ། ཇི་ལྟར་བསོད་ནམས་མངོན་པར་བསྒྲུབ་པར་བྱ་ཞེ་ན། སེམས་ཅན་གང་ལ་ལ་ཞིག་ཚེ་འདི་ལ་ཡོངསུ་སྐུལ་བའི་བདག་པོ་ཆེན་བྱས་ཏེ། དེ་བཞིན་གཤེས ་པའི་མཆོད་རྟེན་དང་། དྲི་གཙང་ཁང་དང་། གཙུག་ལག་ཁང་བརྩིགས་ན། མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོ་བྱེད་ཅིང་། སྐྱེ་བོ་མང་པོ་ལ་དབང་བྱེད་པར ་འགྱུར་བས། གང་ཡང་ངག་མི་ཉན་པ་མེད་པར་འགྱུར་རོ།། དེ་ཚེ་འདི་ལ་གྲོང་དང་གྲོང་ཁྱེར་གྱི་གཙོ་བོར་གྱུར་ཀྱང་། དྲང་རྐན་ཆེ་ཞིང་ཆོས་བཞིན་དུ་སྐྱོང་བར ་བྱེད་པ་གང་ཡིན་པ་དེ་ནི། མ་འོངས་པ་ན་གདོན་མི་ཟ་བར་རྒྱལ་པོའི་བློན་པོ་བྱེད་པར་འགྱུར་ཞིང་། གོས་ཟས་དང་། རྟ་ཕུན་སུམ་ཚོགས་པ་དང་། ཅི་དང་ཅི ་འདོད་པ་འབྱོར་པར་འགྱུར་རོ།། ཚེ་འདི་ལ་སྐྱེ་བོ་མང་པོ་བསོད་ནམས་བྱེད་པར་བསྐུལ་ཞིང་གཟུང་བར་གང་ཡིན་པ་དེ་ནི། མ་འོངས་ན་གདོན་མི་ཟ་བར་ཆོ་རིགས ་བཙུན་ཞིང་ཤིན་ཏུ་ཕྱུག་པའི་ཁྱིམ་བདག་ཏུ་འགྱུར་བས། སྐྱེ་བོ་མང་པོ་ཀུན་གྱིས་བཀུར་བ་དང་། ཕྱོགས་བཅུ་བཞི་པོ་དག་ཏུ་དོན་ཉེར་བ་རྣམས་ཀྱང་འགྲུབ ་པར་འགྱུར་རོ།། ། ཚེ་འདི་ལ་མར་མེ་གཙུགས་ནས་མཆོད་པ་བྱེད་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ཉི་ཟླའི་ལྷར་སྐྱེས་པར་འགྱུར ་བས། འོད་ཟེར་གྱིས་བདག་ཉིད་གསལ་བར་བྱེད་པར་འགྱུར་རོ།། ཚེ་འདི་ལ་སྦྱིན་པ་གཏོང་བ་ལ་དགའ་བ་དང་བྱམས་པའི་སེམས་ཀྱིས་སྲོག་ཆགས ་གསོ་པ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་ཕྱུག་པོར་འགྱུར་བས་གོས་ཟས་དག་རང་བྱུང་བར ་རོ།། འདིལ་ཟླ་བ་དང་། འདིལ་སུབ་མང་པོ་རྣམ་ལ་བའ་བ་དང་། དུང་བགྀ་པལ་བངན་པར་དགའ་བ་གང་མེན་མེད་ན ་ས་དུས་འདས་རང་ཐུང་དང་གྱུ་དང་། གཟུགས་དང་ནོངས་བླན་སུ་ས་སོགས་པདང་། ང་པ་རྣ་བ་སྲངས་པ་དང་ལྡན་པ་དང་། ་རོ།། གང་གས་དྲང་བཟ་སྒྲ་གནས་སུ་སོང་བ་རྣམས་པ། ཚུན་པ་མངས་སུ་བདང་བན་རྣམ་པར་སྨིན་པའི་འབྲས ་བྱུང་བད་འདྲ་བར་འགྱུར་རོ།། འད་བརྩེ་བ་དགས་ཚུན་པ་ཡོངས་སུ་བཏིད་ན་རྣམ་པར་སྨིན་པ་བྱུང་འགྱུར་སྙེད་འཐབ་པར་འགྱུར ་ཚུལ་ཁྲིམས་དང་ལྡན་པའི་དགེ་སློང་ལ་སྦྱིན་པ་ཡོངས་སུ་བཏང་ན། རྣམ་པར་སྨིན་པ་ཁྲི་འགྱུར་སྙེད་འཐོབ་པར་འགྱུར་རོ།། གང་གིས ་ཟག་པ་ཅན་ཐོར་ད་བཞིན་གཤེགས་པའི་གསང་བ.རའི་སྙིང་འཁོར་མང་བ་ལ་ཡང་དག་པར་བསྒྲགས་ནས། སེམས་ཀྱི་དམིག་འབྲས་བུའི་ཆོས ་སྲབ་གང་དག་ལ་སྦྱིན་པ་མངས་སུ་བདང་། རྣམ་པར་སྨིན་པའི་འབྲས་བུ་ཆད་མེད་པ་སྐད་འཐོབ་པར་འགྱུར་རོ།། གང་གིས ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པ་ཡོངས་སུ་བཏང་ན་རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུགས་པ་མེད་པ་སྙེད་ལ་ལོངས ་སྤྱོད་པར་འགྱུར་རོ།། གཞན་ཡང་ངས་རྣམ་པ་གསུམ་ལ་སྦྱིན་པ་ཡོངས་སུ་བཏང་ན། རྣམ་པར་སྨིན་པའི་འབྲས་བུ ་ཡོངས་སུ་གཏུགས་པར་མི་འགྱུར་ཏེ། དེ་བཞིན་གཤེགས་པའི་རྣམས་དང་། ཕ་མ་དང་ནད་པ་རྣམས་སོ།། ཟས་ཟ་མ ་ཅིག་ཙམ་ཡོངས་སུ་བཏང་བས་ཀྱང་། རྣམ་པར་སྨིན་པའི་འབྲས་བུ་ཚད་མེད་པ་སྙེད་པར་ཐོབ་པར་འགྱུར་རོ།། རྟག་པར་ཡོངས་སུ ་བཏང་བས་ཡོངས་སུ་བཏུག་པར་མི་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས།། ཚེ་འདི་ལ་དགེ་འདུན་མང་པོ་བསྐུ་བསིལ་བ་གང་ཡིན་པ་དེ་ནི། ་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་མཛེས་པ་དང་། རང་བཞིན་གྱིས་གོས་ཟས་དང་ལྡན་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བཀུར ་བར་འགྱུར་རོ།། ཚེ་འདི་ལ་བསྔགས་པ་བརྗོད་པ་དང་། མདོ་སྡེའི་ཆོས་ཀློག་ཅིང་ཁ་ཐོན་པ་གང་ཡིན་པ་དེ་ནི། སྐྱེ་བའི་གནས་ཐམས་ཅད ་དུ་སྒྲ་དབྱངས་སྙན་ཅིང་། ཐོས་པ་རྣམ་རབ་ཏུ་དགའ་བར་འགྱུར་རོ།། ཚེ་འདི་ལ་ཚུལ་ཁྲིམས་བསྲུངས་པས་མངོན་པར་དགའ་བ་གང་ཡིན་པ་དེ་ནི། ་སྐྱེ་བ་ཐམས་ཅད་དུ་བྱད་བཞིན་སྡུག་ཅིང་། མི་རྣམས་ཀྱི་མཆོག་ཏུ་འགྱུར་རོ།། ཚེ་འདི་ལ་ལམ་དཀར།། ་ཁྲོན་པ་བརྐོས་ནས་བསྐྱེད་ཤིང་བཙུགས་ཏེ་གྲིབ་མས་མང་པོ་ཀུན་ལ་བསྒྲིབས་པར་མངོན་པར་དགའ་བ་གང་ཡིན་པ་དེ་ནི། སྐྱེས་པ་ཐམས་ཅད་དུ་མིའི ་རྒྱལ་པོ་བྱེད་ཅིང་རོ་རྒྱ་དང་ལྡན་པའི་བཟའ་བ་དང་། བཏུང་བ་བསམ་པ་ཙམ་གྱིས་འབྱོར་པར་འགྱུར་རོ།། ཚེ་འདི་ལ་མདོ་སྡེ་བྲིས་ཏེ། དག་ཞན ་དག་ལ་བྱིན་ནས་ཀློག་ཏུ་བཅུག་པ་ལ་མངོན་པར་དགའ་བ་གང་ཡིན་པ་དེ་ནི། སྐྱེས་པ་ཐམས་ཅད་དུ་ངག་གི་སྤོབས་པ་མང་པོ་དང་ལྡན་པ་དང ་ཆོས་གང་བསླབས་པ་ལ་ལན་ཅིག་ཐོས་པ་ཙམ་གྱིས་གོ་བར་འགྱུར་བ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བསློབ་ཅིང ་ཡོངས་སུ་བསྲུང་བ་དང་། རྟག་པར་མིའི་ནང་ན་མཆོག་དམ་པ་གཙོ་བོ་བྱེད་པར་འགྱུར་རོ།། ཚེ་འདི་ལ་ཟམས་པ་དང་། གྲུ་གཟིངས་བཅས་ནས་སྐྱེ་བོ་མང ་པོ་འདོན་པར་དགའ་བ་གང་ཡིན་པ་དེ་ནི། སྐྱེ་བ་ཐམས་ཅད་དུ་རིན་པོ་ཆེ་སྣ་བདུན་ཕུན་སུམ་ཚོགས་པ་དང་། སྐྱེ་བོ་མང་པོ་ཀུན་གྱིས་བཀུར་ཞིང་བསྔག་པ་བརྗོད་ནས། ་མངོན་པར་དགའ་བ་དང་། ཕན་ཚུན་འགྲོ་ཞིང་འོང་བའི་ཚེ་མང་པོ་ཀུན་གྱི་བསྙེན་བཀུར་དང་། རིམ་འགྲོ་བར་འགྱུ་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པཏུ་དགའ་བོ་ངས་ཇི ་སྐད་དུ་མདོ་སྡེ་དང་དེ་དག་རྒྱུ་དང་འབྲས་བུ་བསྟན་ནས། སེམས་ཅན་མང་པོ་རྣམས་ཀློག་པ་དང་། ཁ་ཏོན་དུ་འདོན་པ་དང་། མངོན་པར་བསྒྲུབ་པར་བསྐུལ་ནས། སྡུག་བསྔལ ་ཀྱི་དགེགས་ལས་ཡོངསུ་བཟླས་པ་དེ་བཞིན་དུ་འདིར་ཡང་དེ་ལྟར་བསྟན་པ་ཡིན་པས་གང་ལ་ལ་ཞིག་གིས་ཆོས་ཀྱིས་རྣམ་གྲངས་འདི་ཐོས་ནས། སྐུར་པ་འདེབས་པ་བྱེད་པ་དེ་ན་ཚེ། ་འདི་ལྕེའི་དབང་པོ་ལྟུང་བར་འགྱུར་རོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མི་ཅི་ལག ་ཅི་ལྟར་ཡོངསུ་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་དགའ་བོ་ཆོས་ཀྱི་རྣམ་གྲང་འདི་ནི་ལེགས་ཉེས་ཀྱི་རྒྱུ་དང་། འབྲས་བུ་བསྟན་པ་ཞེས་བྱ་སྟེ། བྱང་ཆུབ ་སེམས་དཔ་སྤྱོད་པ་མངོན་པར་བསྒྲུབ་པར་སྨོན་ལམ་བཏབ་པ་ཞེས་བྱ་བར་ཡང་ཟུང་ཤིག། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་གྲངས་འདི་སྙན་པ་ན། ལྷ་དང་མི་སྟོང་ཕྲག ་བརྒྱ་བཅུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པར་གྱུར་ཏོ།། བུད་མེད་བརྒྱ་སྟོང་དུ་མ་ནི་ཚེ་འདི་ཉིད་ལ་བུད་མེད་ཀྱི་དབང་པོར་གྱུར་ནས། སྐྱེས་པའི ་ལུས་མངོན་པར་གྲུབ་པར་གྱུར་ཏོ།། བུ་སྡིག་པ་སྤྱོད་པའི་སྐྱེ་དགུ་སྟོང་ཉིས་རྒྱ་ནི། གདུག་པའི་སེམས་སྤངས་ནས། བདག་གིས་ཚེ་རབས་དྲན་པར་གྱུར་ཏོ།། དགེ་བ་སྤྱོད ་སྐྱེ་བོ་ཚད་མེད་པ་སྙེད་ནི་མི་སྐྱེ་བའི་བཟོད་པ་ཐོབ་པ་ནས། རྟག་པར་བདེ་བ་མྱོང་བར་གྱུར་ཏོ།། ཚེ་འཕོ་བར་འགྱུར་བར་ཚད་མེད་པ་སྙེད་ནི།། ་སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པར་སྐྱེས་ནས། བྱང་ཆུབ་སེམས ་དཔའ་རྣམས་དང་། མཉམ་ཞིང་མཚུངས་པའི་གྲོགས་སུ་གྱུར་ཏོ།། བཅོམ་ལྡན་འདས་ཀྱིས ་དེ་སྐད་ཅེས་བཀའ་སྩལ་ནས། འཁོར་འདུས་པ་ཐམས་ཅད་རང་རང་གིས་གནས་སུ་དོང་སྟེ། ་བསོད་ནམས་མངོན་པར་འདུ་བྱེད་ཅིང་། རབ་ཏུ་དགའ་བས་བཀའ་བཞིན་དུ་ཅོ་སྤྱད་པར་གྱུར ་ཏོ།། འཕགས་པ་ལས་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ།། ་རྫོགས་སྷོ།། །། བཀྲ་ཤིས།། དགེའོ།། དས།་