CLOSE WINDOW

F405: dgra bcom pa dge 'dun 'phel gyis lung bstan pa
Wyliee-texts produced with BDRC’s OCR application

དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ།། འཕགས་པ་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་སློབ་དཔོན་གྱིས་བཤད་པ ་ཐོས་པ་ན། ཡུལ་འདིའི་གཙུག་ལག་ཁང་བྲུ་ཉ་ཞེས་བྱ་བ་ན་དགྲ་བཅོམ་པ་དགེ་འདུན་འཕེལ་བྱ་བ་གསུམ་རིག་པར། མངོན་པར་ཤེས་པ་ཐོབ། རྣམ་པར་ཐར་པ་བརྒྱད་ལ་བས ་གཏན་པ་ཞིག། དུས་གཞན་ན་སློབ་མ་ཞིག་དང་། ཐབས་ཅིག་ཏུ་དབྱར་ཟླ་བ་གསུམ་འཇིག་ཚོགས་རི་ཞེས་བྱ་བ་ལ་བཞུགས་ཏེ། སློབ་མ་བན་དེ་ཆོས་འདུལ་བ་ལ་སློབ་པ་ལག་ན ་སངས་རྒྱས་མྱ་ངན་ལས་འདས་ནས། ལོ་ལྔ་ཟེར་ཉི་སྟོང་ལོན་པ་དང་། སངས་རྒྱས་ཀྱི་བསྟན་པ་རྒྱ་གར་གྱི་ཡུལ་ཀོ་ཤམ་བི་ཞེས་བྱ་བར་ནུབ་པར་འགྱུ་རོ་ཞེས་ཐོས་ནས་འདི་སྟྭཾ ་དུ་རྒྱ་གར་གྱི་ཡུལ་གྱི་ཆོས་དུས་དེ་ཙམ་ཞིག་གིས་ཡུལ་ཀོ་ཤམ་བིར་ནུབ་པར་འགྱུར་བ་ལྟ་ཞིག་ན། ལི་ཡུལ་ལ་སོགས་པ་ཡུལ་གཞན་གྱི་ཚེས་ཡུན་ཇི་སྲིད་ཅིག་ཏུ་གནས་པར ་འགྱུར། ནམ་འཇིག་རྟེན་ནི་གང་གིས་འཇིག་པར་འགྱུར་སྙམ་དུ་སེམས་ལ་ཐེ་ཙོམ་སྙམ་མོ།། དེ་ནས་དགྲ་བཅོམ་པ་དེ་ཕྱེ་བྲེད་ཀྱི་དུས་ཀྱི་ཚེ། ནང་དུ་ཡང་དག་འཇོག་པ ་ལས་ཞེངས་པ་དང་། སློབ་མ་དེས་མཁན་པོའི་ཞབས་ལ་ཡན་ལག་ལྔས་ཕྱག་འཚལ་ནས། འདི་སྐད་ཅེས་ཐེ་ཙོམ་ཞེས་སོ།། སློབ་དཔོན་བཙུན་པ་བཅོམ་ལྡན་འདས། ་ཤཱཀྱ་ཐུབ་པའི་བསྟན་པ་ལོ་ཉི་སྟོང་ན་འཇིག་པར་ལུང་བསྟན་ན། ལི་ཡུལ་འདི་ལ་སོགས་པ་ཡུལ་གཞན་གྱི་བསྟན་པ་ཇི་སྲིད་ཅིག་ཏུ་གནས་པར་འགྱུར། ནམ་འཇིག་རྟེན་ནི་གང ་གིས་འཇིག་པར་འགྱུར་ལགས། དེ་ནས་མཁན་པོས་བཀའ་སྩལ་པ། བུ་ཁྱོད་ཀྱིས་ལི་ཡུལ་ལ་སོགས་པའི་སྐྱེ་བོ་མང་པོའི་དོན་དང་། བདེ་བར་གཤེགས ་པའི་བསྟན་པ་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། ཐེ་ཙོམ་དྲིས་པ་མ་ཉེས་ཀྱིས་ཉོན་ལེགས་པར་ཡིད་ལ་བཟུང་ཤིག་དང་། ལི་ཡུལ་ལ་སོགས་པའི་བསྟན་པ་ཇི་སྲིད་དུ་གནས་པ་དང་། ་ནམ་འཇིག་པ་དང་། རྐྱེན་གང་གིས་འཇིག་པར་འགྱུར་བ་ངས་སོ་སོར་ལུང་བསྟན་པར་བྱའོ།། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་བསྟན་པ་ནི། བཅོམ་ལྡན་འདས་མྱ་ངན་ལས་འདའ་ནས་ལོ ་སྟོང་ལྔ་བརྒྱ་ལོན་པ་དང་། ཡུལ་ཡུལ་དུ་དང་པ་མེད་པ་རྣམས་འབྱུང་ཞིང་། དམ་པའི་ཆོས་འཇིག་ཏུ་རྒོལ་ལོ།། དེའི་ཚེ་ལི་ཡུལ་འདིར་དད་པ་མེད་པའི་རྒྱལ་པོ་ཡང་འབྱུང་བར་འགྱུར ་ཞིང་། ཡུལ་ཡང་རྒྱལ་པོ་ཕན་ཚུན་རྟོད་ཅིང་འཕྲོག་པར་འགྱུར་ཏེ། དེ་ཕྱིན་ཆད་ནི་ཡུལ་ཡང་ཉིན་ཅིག་བཞིན་དུ་ཉམས་པར་འགྱུར། གྲོང་དང་བཙུག་ལག་ཁང་ལ་སོགས་པ་ཡང་ཕལ ་ཆེར་སྟོང་པར་འགྱུར། མི་རྣམས་ཀྱང་ཉིན་ཅིག་བཞིན་དུ་ཕྱིར་ཞིང་དཀོན་མཆོག་གསུམ་ལ་དད་པ་འབྲི་བར་འགྱུར་རོ།། རྒྱུ་དེས་ན་དཀོན་མཆོག་གསུམ་དང་། ཆོས་སྨྲ་བ་དང་། ་བསམ་གཏན་པ་རྣམ་ཀྱང་མཆོད་གནས་སུ་མི་བྱེད་ཅིང་། མུ་གཏོགས་ཀྱི་རྒྱལ་པོ་དང་། བློན་པོ་དང་། ཡུལ་འཛིན་པ་དང་། ཁྱིམ་བདག་རྣམས་ཀྱང་ཆོས་དང་མི་མཐུན་པའི་ཕྱོགས། ་འཛིན་ཅིང་། དགེ་བཅུའི་ལས་ཀྱི་ལམ་ཡལ་བར་འདོར་བར་འགྱུར་རོ།། ཆོས་དང་འཐུན་པར་མ་ཡིན་པ་དང་། མི་རྟག་པ་དང་། བབ་གཅོལ་གྱི་ལོངས་སྤྱོད་ཀྱང་གསྩོགས་པར ་བྱེད་པར་འགྱུར་རོ།། དེ་ནས་དེའི་འོག་ཏུ་དགེ་སློང་དང་། འཚོ་བའི་ཡོ་བྱད་ཀྱི་ཕྱིར་གཡེན་སྤྱོད་པར་འགྱུར་ཏེ། ཆོས་འདུལ་བ་ལས་འབྱུང་བ། དགེ་སྦྱོང་གི་ཚུལ་སྤྱོད་པ་ཞི་བ་དང་། ་དུལ་བ་དང་། ངོ་ཚ་ཤེས་པ་དང་། ཁྲེལ་ཡོད་པ་ལ་སོགས་པ་ཡལ་བར་འགྱུར་ཞིང་། ཞིང་དང་རྒུན་ར་དང་ཉོ་ཚོང་དང་། བརྙ་བསྐྱི་དང་། སྤོངས་མོ་རྣམས་ཀྱིས་འཚོ་བར་བྱེདདོ།། ཁྱིམ་པས ་བསླབ་པར་བྱ་བའི་བཟོ་དང་། ཁྱིམ་གྱི་སོ་ནམ་དང་། འཐབ་སྒྲོལ་དང་། སྒྲོ་གསོལ་རྔམས་པོ་ཆེ་ཡང་བྱེད་པར་འགྱུར། ཕོ་ཉར་ཡང་འགྲོ་བར་བྱེད། ལས་ཀྱི་གོ་འཕང་དང་རྩ་འཛིན་ཡང ་ཚོལ་བར་བྱེད་པར་འགྱུར་ཏེ། དེའི་ཚེ་ནི་གཙུག་ལག་ཁང་དང་། དགོན་པ་ལ་མི་གནས་ཤིང་བདེ་བར་གཤེགས་པའི་བདམས་ངག་ཡལ་བར་བོར་ཏེ། ཡང་དང་ཡང་དུ་མཁར་དང་གྲོང་དང་། ་ཚོང་དུས་དང་སྲང་དང་། མདུན་གསུམ་ན་གནས་པར་སེམས་དགའ་འགྱུར། བྲན་དང་བྲན་མོ་དང་། རྐང་འགྲོས་ཀྱང་ཚོལ་བར་བྱེད་དོ།། རྒྱུ་དེས་ན་ཁྱིམ་བདག་དང་། ཡུལ་འཛིན་པ ་དང་། བློན་པོ་ལ་སོགས་པས་ཀྱང་རི་མོ་མི་བྱེད་ཅིང་། དད་པ་ཕྱིར་ལོག་ནས་དཀོན་མཆོག་དང་། དགེ་འདུན་གྱི་དཀོར་ལ་ཡང་འཕྲོག་པར་བྱེད་དོ།། ཁྱིམ་པ་དེ་དག་གིས་ཀྱང་ནོར ་རྫས་དེ་དག་ལ་བརྟེན་ཅིང་། སྤྱད་པས་བསོད་ནམས་འབྲི་བར་འགྱུར་རོ།། རྒྱུ་དེས་ན་ལི་ཡུལ་ལ་སོགས་པར་གནོད་པ་སྣ་ཚོགས་འབྱུང་ཞིང་། ལོ་གཅིག་བཞིན་དུ་དམས་པར ་འགྱུར་ཏེ། རྩོད་པ་དང་ནད་དང་། དུས་མ་ཡིན་པའི་ཆར་པ་དང་། རླུང་དང་། དགྲ་མང་པོ་ཡང་འབྱུང་བར་འགྱུར་རོ།། དུས་མ་ཡིན་པའི་སད་དང་། སྲིན་བུ་དང་། བྱི་བ་དང་བྱི་བ། ་། @#། ཡང་འབྱུང་བར་འགྱུར་རོ།། དེའི་ཚེ་སེམས་ཅན་རྣམས་ནང་མི་མཐུན་པར་འགྱུར་ཞིང་། དུས་ཚིགས་ཀྱང་འཚལ་བར་འགྱུར་རོ།། དེ་ལྟར་ན་ཡུལ་གང་ང། ་གང་དུ་ཆོས་ལུགས་ལོགས་པ་བྱེད་པ་དེར་ནི། གནོད་པ་དེ་དག་འབྱུང་བར་འགྱུར་རོ།། དེའི་ཚེ་ལི་ཡུལ་ལ་སོགས་པར་རྒྱལ་པོ་དང་། བློན་པོ་ལ་སོགས་པ་ཡང་རབ་ལས་ཀྱང་། དཀོན ་མཆོག་ལ་སྙིང་ཐག་པ་ནས་དད་པ་འགའ་ཙམ་ལས་མི་འབྱུང་ན། ཕལ་ལས་ལྷ་མོས་ཀྱང་ཅིང་དགོས་ཏེ། རྒྱུ་དེ་ལྟ་བུས་ན་ལི་ཡུལ་ལ་སོགས་པའི། དཀོན་མཆོག་གསུམ་པོ་མཆོད ་གནས་ཐམས་ཅད་དུ་རྨུ་མེད་པར་འགྱུར་རོ།། དེ་ནས་ལི་ཡུལ་ལ་སོགས་པར་དགེ་སློང་གི་གནས་སྔོན་རྒྱལ་པོ་ལ་སོགས་པ་དད་པ་ཅན་གྱིས་བྱས་པ་ཡང་། བློན་པོ་ལས་བསགས ་པ་དད་པ་མེད་པ་རྣམས་ཀྱིས་བཙན་འཕྲོགས་སུ་ཕྲོགས་ནས། བདག་ཉིད་གནས་པར་བྱེད་དོ།། དགེ་སློང་རྣམས་ཀྱང་འཁྱམས་ནས་འཚོ་བ་དང་། ཆོས་གོས་དང་། གནས་འཕོད ་བར་འགྱུར་རོ།། བློན་པོ་ལོགས་པ་དད་པ་མེད་པ་རྣམ་བློན་པོ་ལ་སོགས་པ་དེ་དག་གིས། དགེ་སློང་གི་ཞིང་ཆུ་དང་། རྒུན་ལ་སོགས་པ། ཡོ་བྱད་རྣམས་ཀྱང་བཙན་ཐབས་འཕྲོགས་པར་བྱེད། ་ལྷ་འཕངས་དང་། ནང་གཡོག་རྣམས་ཀྱང་དགེ་སློང་གི་ངག་མི་ཉན་ཅིང་། གཉིའུ་རེངས་བྱེད་པར་འགྱུར་རོ།། དེ་ནས་དགེ་སློང་རྣམས་ཀྱི་ཀྱང་དེ་ལྟ་བུར་གྱུར་པར་ཤེས་ནས། ཡི་མུག ་སྟེ་ལི་ཡུལ་གྱི་དགེ་སློང་རྣམས་ཕན་ཚུན་ཅིག་ལ་འདི་སྐད་དུ། ཡུམ་བུ་རྣམས་གཙུག་ལག་ཁང་ཚར་མ་ཞེས་བྱ་བ། དང་པོ་ཆོས་འབྱུང་བའི་གནས་དེར་འདུའོ་ཞེས་སྦྲན་ནས། ་གཙུག་ལག་ཁང་དེར་འདུས་དེ་དཔྱིད་ཟླ་ཐ་ཆུང་ཚེས་བཅོ་ལྔའི་ནུབ་མོ་གསོ་སྦྱོང་བྱས་ནས། གཅིག་ལ་གཅིག་འདི་སྐད་དུ། ཡུ་བུ་ཅན་རྣམས་སྔོན་བག་མེད་པར་གྱུར་ནས། མཁས་པ། ་ཆོས་དང་མཐུན་པ་རྣམས་ལ་དབང་ཟས་པའི་རྒྱུས། ད་ལྟར་ཁྱིམ་པ་རྣམས་ཀྱིས་ཀྱང་བཅིས་ལ་ཡང་མེད་པར་བྱས་ཏེ། ད་ནི་འཚོ་བ་ཡང་མི་འབྱོར་ན། ང་ཕྱིན་ཅད་གང་དུ་འདོད་།། ་ཐབས་ནི་གང་གིས་འཚོ་བར་བྱ་ཞེས་སྨྲ་སྟེ། དེའི་ཐམས་ཅད་ཀྱིས་ཆོ་དེ་ཆེན་པོས་འདེབས་པར་འགྱུར་རོ།། དེ་ནས་དེའི་ཚེ་བདེ་བར་གཤེགས་པའི་བསྟན་པ་བསྲུང་བའི་ལྷ། བཅོམ ་ལྡན་འདས་ཀྱིས་བྱས་པ་བཟོ་བ་ཐམས་ཅད་ཀྱང་གཙུག་ལག་ཁང་དེར་འདུས་ཏེ། གཅིག་ལ་ཅིག་ལྟ་ཞིང་འདི་སྐད་དུ། བདེ་བར་གཤེགས་པའི་བསྟན་པ་ནི་རིང་པོར་མི་གནས་སོ།། ་ཡུལ་ས་འདི་ཡང་སྟོང་པར་འགྱུར་རོ།། ཞེས་མྱ་ངན་བྱེད་ཅིང་དུ་བར་འགྱུར་རོ།། དེའི་ཚེ་དགེ་སློང་དེ་དག་འདི་སྙམ་དུ་སེམས་ཏེ། ཡུལ་འདི་ན་ནི་འཚོ་བ་མི་འབྱོར་པས། ཡུལ་འདིར ་བོར་ཏེ་ཡུལ་གཞན་དུ་འགྲོ་བར་བྱའོ།། སྙམ་དུ་སེམས་མཐུན་པར་འགྱུར་ནས། གང་དུ་འདོང་བར་བྱ་ཞེས་གྲོས་བྱས་ཏེ། ཡུལ་ཉེ་བར་གཞན་ནི་དད་པ་མེད་པ་དེ་དག་གི་གང་། རྒྱ་ཡུལ་དུ ་འདོང་དུ་ནི་ལ་མི་ཐར་པས། བོད་ཀྱི་ཡུལ་ན་དཀོན་མཆོག་གསུམ་མཆོད་གནས་སུ་བྱེད་ཅིང་གྲགས་པས་དེར་འདོང་བར་བྱས་ཉི་མ་འདི་ལ་འདོང་ངོ་།། ཞེས་དུས་བཏབ་ནས་དེའི་ནུབ་མོ་གཙུག ་ལག་ཁང་ཚར་མར་ཞག་གོ།། ནམ་ལངས་པ་དང་། བུད་མེད་དད་པ་ཅན་ཞིག་གིས་དགེ་སློང་ཐམས་ཅད་གདན་ནུང་ལ་སྤྱན་དྲངས་སོ།། དེ་ནས་འགན་དེ་བརྡུངས་ནས། དགེ་འདུན་སྤྱི་གཙུག ་ལག་ཁང་བསྐོར་མཆོད་པ་བྱས་པ་དང་། སངས་རྒྱས་ཀྱིས་གཟུགས་རྙན་གྱི་བདན་ཁྲི་ཞིག་གས་པའི་གསེབ་ནས། སྦོམ་བུ་ཐ་རབས་ཅན་ཞིག་སྣང་བར་འགྱུར། ནས ་དེ་ནས་སྒྲོམ་བུ་ཕྱེ་བ་དང་། དེའི་ནང་ནས་གསེར་ལས་བྱས་པའི་ཁ་ཟས་སྡེར་ཆ་བདུན་བྱུང་སྟེ། དགེ་སློང་རྣམས་ཀྱིས་དེ་བླངས་ཏེ། འབྲུར་བསྒྱུར་ནས། དགེ་འདུན་རྣམས་དབྱར ་ཟླ་བ་གསུམ་གཙུག་ལག་ཁང་ཚར་མར་ཚུལ་དུ་འཇུག་པའི་འཚོ་བ་སྦྱར་ནས། ཟོང་ལྷག་མ་ལས་ཡུལ་བྱུང་སྟེ། འདོང་བའི་ལམ་རྒྱགས་དང་ཁུར་ཁལ་སྦྱར་རོ།། དབྱར་ཟླ་བ་གསུམ ་འདས་ནས་འདི་སྐད་དུ་ཡུལ་བུ་རྣམས་བྱིན་གྱི་བསླབ་པའི་ཡུལ་འདི་ཀུན་ལྟས་ནས་འདོང་བར་བྱའོ་ཞེས་སྤྲས་ནས་དོང་སྟེ། འཕགས་པའི་སྙིང་པོའི་གཙུག་ལག་ཁང་ཡེ་ཤེས་རི་ཞེས། ་བྱ་བའི་དྲུང་དུ་ཕྱིན་པ་དང་། དེའི་ཚེ་དེ་ན་བྲག་ལ་མཆོད་རྟེན་གྱི་འོག་གཞིའི་སྙིང་པོ་ཞིག་ཡོད་པ་རྡིབ་པའི་ནང་ནས། གསེར་པོར་ཆེན་པོ་མུ་ཏིག་གིས་གང་བ་ཞིག་བྱུང་བ་དང་། ་དེ་ཡང་བསླབས་ཏེ། བསྒྱུར་ནས། ཕྱོགས་དེར་དགུན་ཟླ་བ་གསུམ་གསུམ་གནས་པའི་འཚོ་བ་སྦྱར་རོ།། དེ་ནས་དཔྱིད་བྱུང་སྟེ་འགྲོ་བའི་དུས་ལ་བབ་ནས་དོང་སྟེ། ཤེལ་ཆུ་འོག ་མ་རྒལ་བ་དང་། ཡུལ་མི་བསྟོད་པ་རྣམས་ཀྱི་ལམ་ཡོངསུ་གདུགས་ཆོད་སྦྱར་ནས། ཉི་རེ་རེ་ཞིང་གཙུག་ལག་ཁང་དག་ཏུ་གདུགས་ཆོད་གསོལ་བར་འགྱུར་རོ།། དེའི་ཚེ་ཡུལ ་མི་སྨད་པ་རྣམ་ཀྱིས་ཀྱང་དགེ་སློང་རྣམས་ཡུལ་བྱུང་སྟེ། འདོང་ངོ་ཞེས་ཐོས་ནས། དགེ་འདུན་དེ་དག་གཙུག་ལག་ཁང་བོང་ཞེས་བྱ་བར་སྤྱན་དྲངས་ཏེ། ཞག་བདུན་གྱི་བར་དུ ་སྦྱོར་བར་འགྱུར་རོ།། དེའི་ཚེ་ཡི་ཡུལ་ན་གནས་པའི་ཀླུང་ཐམས་ཅད་འདི་སྙམ་དུ། བདེ་བར་གཤེགས་པའི་བསྟན་པ་ནི་རྨེག་མེད་པར་འགྱུར་ལ་ཐུག་གོ་སྙམ་དུ་མྱ་ངན་བྱེད་ཅི། ་བསྟན་པ་གནས་པར་བྱ་བའི་ཆེད་དུ། ཆར་ཆེན་པོ་ཕབ་ཏེ། ཆར་པ་དེས་གཙུག་ལག་ཁང་བོང་ཞེས་བྱ་བའི་ནང་ནས། མཆོད་རྟེན་གྱི་བཞི་ཞིག་ཡོད་པ་གཤིག་ནས། གསེར་པོ ་གསེར་ཕྱེས་གང་ཞིག་བྱུང་བ་དང་། དེ་ཡང་བཙོངས་ནས་དགེ་འདུན་གྱི་དཔྱིད་ཀྱི་འཚོ་བའི་ཡོ་བྱད་དུ་སྦྱོར་བར་འགྱུར་རོ།། དེ་ནས་ཡང་ཡུལ་མི་སྨད་པ་རྣམས་ཀྱིས། དགེ་འདུན ་རྣམས་གཙུག་ལག་ཁང་ས་ལའི་ཚལ་ཞེས་བྱ་བར་སྤྱན་དྲངས་ནས། ཞག་བདུན་གྱི་བར་དུ་གདུགས་ཚོད་གསོལ་ཞིང་། ཞག་བདུན་པའི་ཉིན་པར་ཡུལ་སྟོད་སྲད་ཀྱི་མི་ཐད་ཅུག ་ལག་ཁང་དུ་ན་པར་ནར་འདུས་ནས་དགེ་འདུན་ལ་རྫས་དང་ཁལ་ལ་སོགས་པ་འབུལ་ལོ།། དེའི་ཚེ་མི་རྒན་རྒོན་རྣམས་ནི་བསླབས་པ་འཛིན་པར་བྱེད། གཞོན་ནུ་རྣམ་ནི་རྒྱང་མ་ན ་ལྟ་ཞིང་གད་མོས་འདེབས་པ་དང་། བསྒོབས་པ་བྱེད་པར་འགྱུར་རོ།། དེའི་ཚེ་མཁར་དགེ་བ་ཅན་གྱི་ནང་ནས་ཀྱང་མི་རྒན་རྒོན་ཁ་ཅིག་གོས་ཁ་དོག་སྒྱུར་བ་དང་། ལམ་དུ་འཇུག ་པའི་ཡོ་བྱད་སོ་སོ་ནས་ཐོས་ནས། སོ་སོའི་དགེ་བའི་བཤེས་གཉེན་དགེ་སློང་དེ་དག་གིས་གན་དུ་ལྷགས་ནས། འཕགས་པ་རྣམས་བཟོད་པ་བཤེས་ཤིག་ཅེས་སྨྲས་ཞིང་མཆི་ཕྱག ་འཚལ་བར་འགྱུར་རོ།། དེའི་ཚེ་མཆོད་པ་དེ་ནི་དཔེར་ན་ཀུ་ཤ་ཡི་གྲོང་ཁྱེར་གྱི་མི་རྣམས། བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་ཤེས་ནས། མྱ་ངན་བྱེད་བཞིན་དུ་མཆོད་པ་བྱེད ་དང་འདྲ་བར། ལི་ཡུལ་དུ་དཀོན་མཆོག་གསུམ་མཆོད་པའི་ཐ་མ་ཡིན་ནོ།། དེའི་འོག་ཏུ་དགེ་སློང་རྣམས་གཙུག་ལག་ཁང་དེ་ནས་བོད་ཡུལ་ལོག་སུ་ཆས་པ་དང་། ་ལམ་ཀ་ན་མཆོད་རྟེན་རྙིང་པ་ཞིག་གི་དྲུང་དུ། དཔལ་ལྷ་མོ་ཆེན་མོས་དགེ་འདུན་གྱི་མཆེད་དུ། གསེར་གྱི་དོང་རྩེ་ཕུ་དུང་གང་ཞག་པ་རྙེད་ནས། དགེ་འདུན་རྣམ་ཀྱིས་དེ་དགོས་ཏེ། ་ལམ་གྱིས་ཆ་རྫས་སྦྱོར་བར་འགྱུར་རོ།། དེའི་ཚེ་ལི་ཡུལ་གྱི་མཐར་གཙུག་ལག་ཁང་ཀ་ས་རེ་ཞེས་བྱ་བ་ཡོན་བདག་རྒྱལ་རིགས་ལས་སྐྱེས་པ་བྱེད་པ་ཞིག་འབྱུང་བར་འགྱུར་ཏེ། ་ཡོན་བདག་དེར་དགེ་འདུན་རྣམས་ཞག་གསུམ་གྱི་བར་དུ་མཆོད་སྟོན་གསོལ་བར་འགྱུར་རོ།། དེའི་ཚེ་མཆོད་སྟོན་ཕོལ་བ་དེ་ནི། ལི་ཡུལ་དུ་དགེ་འདུན་མཆོད་ཏོན་གསོལ་བའི་ཐ་མ་ཡིན། ་དེ་ནས་དགེ་སློང་རྣམས་མེ་སྐར་གྱི་ལམ་དུ་ཞུགས་ཏེ། དེའི་ཚེ་དགེ་སློང་ཕོ་མོས་གསར་བུ་ལས་ཕལ་ཆེར་རང་རང་གི་སློབ་དཔོན་དང་། མཁན་པོ་ལ་ཕུལ་ཏེ་བཟོད་པ་གསོལ་ནས་སླར ་ཡུལ་དུ་ལོག་པར་འགྱུར་རོ།། དགེ་སློང་པོས་སྤོས་གསར་བུ་རྣམ་ནི་རབ་ཏུ་བྱུང་བའི་དངོས་པོ་མི་གཏོང་ཞིང་། ཕ་མ་ལ་སོགས་པ་བཤེས་གཉེན་སྐྱེལ་དུ་འོངས་པ་རྣམས་ལ་མྱ ་ངན་གྱི་ཚིག་སྨྲས་ཞིང་། དུས་ནས་གཉེན་རྣམ་ཕྱིར་བསྲོག་སྟེ། དགེ་འདུན་དང་ལྷན་ཅིག་ཏུ་མི་དགའ་བའི་ཡིད་ཀྱིས། མིག་བྱིན་གྱིས་བརླབ་པའི་ཡུལ་དང་། གཉེན ་གྱིས་རྗེས་བཞིན་དུ་མེ་སྐར་གྱི་ལམ་དུ་ཞུགས་དེ། འདོང་བར་འགྱུར་རོ།། དེ་ལྟར་དོང་བ་དང་། དེའི་ཚེ་རྣམ་ཐོས་ཀྱི་བུ་དང་། དཔལ་ལྷ་མོ་ཆེན་མོ་གཉིས་མཆོག་ཏུ་སྙིང་རྗེ་བ ་སྐྱེས་ནས། འབྲོག་མི་ཕོས་མོས་ཀྱི་ལུས་སུ་གྱུར་ཏེ། དགེ་འདུན་སྤྱན་དྲངས་ནས་ཡུལ་མེ་སྐར་དུ་ཟླ་བ་གསུམ་གྱི་བར་དུ་གདུགས་ཆོད་གསོལ་ཏེ། ལམ་དུ་འཇུག་པའི་ཡོ།། ་བྱད་ཅི་དགོས་པ་ཡང་བརྗོད་པར་འགྱུར་རོ།། དེ་ནས་དགེ་སློང་དེ་དག་མདོ་ལོང་ལམ་དུ་ཞུགས་ནས། རི་དང་ལུང་བའི་སུལ་གཏུག་ཏེ། དོང་བ་དང་། འགྲོན་དགོན་པར་ལམ ་ཏོར་ནས། ངུ་ཞིང་ཕྱོགས་བཅུའི་སངས་རྒྱས་ཀྱི་མཚན་དང་། ལི་ཡུལ་གྱི་ལྷ་ཐམས་ཅད་ཀྱི་མི་ནས་འདོས་པར་འགྱུརརོ།། དེའི་རྣམ་ཐོས་ཀྱི་བུ་སྙིང་རྗེ་ཆེན་པོ་སྐྱེས་ནས། ་གཡག་དཀར་པོའི་སྐལ་པ་དང་། སྣ་ཆུ་ཅན་ཞིག་དུ་བསྒྱུར་ནས། དགེ་སློང་དེ་དག་གི་དྲུང་དུ་འོངས་པ་དང་། དགེ་སློང་རྣམས་ཀྱིས་དེ་མཐོང་ནས། གཡག་འདི་ནི་མིའི་ཁལ ་གཡག་གཅིག་ཡིན་ཏེ། འདིའི་ཕྱི་བཞིན་སོང་ན། གདོན་མ་ཟོས་པར་མི་རྣམ་དང་ཕྲད་པར་འགྱུར་བས། དེ་ནི་མི་འཆིའོ་སྙམ་དུ་ཡིད་སོས་ཏེ་གཡག་དེས་ཀྱང་ལ་དྲངས་ནས ་གསེབ་ལམ་དུ་བྱུང་སྟེ། ཚལ་ཕྱིར་བསྐུལ་ནས། གཡག་ཉིད་མི་སྣང་བར་འགྱུར་རོ།། དེའི་ཚེ་དགེ་སློང་རྒན་རྒོན་མང་པོ་ཞིག་ནི་ལམ་ཀར་འཆི་བར་འགྱུར་རོ།། དེ་ནས་ཡུལ་ཚལ ་བྱིའི་བོད་རྣམ་ཀྱིས་དགེ་སློང་དེ་དག་མཐོང་ནས། བསུ་སྟེ་འཕྲལ་དུ་ཡོ་བྱད་རྣམས་སྦྱར་ནས། བོད་ཡུལ་དུ་འདིར་ལིའི་དགེ་འདུན་མང་པོ་ལྷགས་ན་ཇི་ལྟར་བགྱི་ཞེས་པོ། ་ཉ་གཏོང་བར་འགྱུར་རོ།། དེའི་ཚེ་ན་རྒྱ་ཆེའི་བུ་མོ་བྱང་ཆུབ་སེམས་དཔའི་རིགས་ཅན་ཞིག་བཙས་པས། བོད་ཀྱི་རྒྱལ་པོའི་ཁབ་དུ་ལེན་ཅིང་། བཙོ་མོ་དམ་པ་བྱེད་པར་འགྱུརརོ།། ་དེ་ནི་དད་པ་ཤིན་ཏུ་ཆེ་བ་སྙིང་རྗེ་དང་། ལྡན་པ་སྐད་སྙན་པ་དེས་པ་བསླབ་པའི་ཡན་ལག་ལྔ་བཟུང་བ་ཞིག་འབྱུང་བར་འགྱུར་རོ།། བཙུན་མོ་དེས་གཉི། ་འོག་གཞན་ནས་དགེ་སློང་མང་པོ་བོད་ཀྱི་ཡུལ་དུ་ལྷགས་པར་ཐོགས་ནས། སངས་རྒྱས་ཀྱི་བསྟན་པ་ནི་རིང་དུ་མི་གནས་སོ།། སྙམ་ནས། མྱ་ངན་ཆེན་པོས་ནོན་བཞིན་དུ ་རང་གི་འཁོར་བུད་མེད་གཉིས་རྒྱ་དང་། སྐྱེས་པ་སུམ་བརྒྱ་དང་། ཉུང་རུམ་དང་གཟོ་བོ་དང་། གནང་ཆེན་རྣམས་དྲུང་དུ་བོས་ཏེ། དུས་ནས་འདི་སྐད་ཅེས་བདེ་བར་གཤེགས ་པའི་བསྟན་པ་ནི་དེའུ་རེ་འཇིག་པར་འགྱུར་གྱི། ཁྱེད་རྣམས་མྱུར་དུ་བསོད་ནམས་མ་བྱས་ཚུལ་ཁྲིམས་མ་སྲུངས་ནས། འཕྱིས་པར་འགྱུར་དུ་འོང་ངོ་།། ཞེས་སྨྲས་པར་འགྱུརརོ། ་དེ་ནས་བཙུན་མོ་དེས་རྒྱལ་པོ་ལ་འདི་སྐད་དུ་དགེ་སློང་དེ་རྣམས་བདག་གིས་གཞོན་པ་དང་། གོས་ལ་སོགས་པ་ཡོ་བྱད་སྦྱར་ཏེ་འདིར་སྤྱན་དྲངས་པར་ཅི་གནང་ཞེས་གསོལ་ཞིང་། རྒྱལ ་པོས་ཀྱང་གནང་བར་འགྱུར་ཏེ། ཚུལ་དེ་ལྟ་བུས་དགེ་སློང་དེ་དག་བོད་ཡུལ་དུ་འདོང་བར་འགྱུར་རོ།། དེའི་ཚེ་བོད་ཀྱི་རྒྱལ་པོ་དང་བློན་པོ་ཆེན་པོ་རྣམས་ཀྱིས་དགེ་སློང་དེ་དག་མཐོང་ནས ་དད་པ་ཆེན་པོ་སྐྱེས་ཞིང་། གཙུག་ལག་ཁང་ཆེན་པོ་འདུན་ཡང་རྩིགས་པར་འགྱུ་རོ།། དེ་བཞིན་དུ་དགེ་སློང་ཨན་ཚེ་བ་དང་། གུས་སྡིག་པ་དང་། པར་ལྡན་པ་དང་། ཤུ་ལིག་པ་རྣམ ་ཀྱང་སྡུག་བསྔལ་ཆེན་པོས་གཟིར་ནས། བྲུ་ཤ་ཡུལ་དུ་དོང་བར་འགྱུར་རོ།། ཐོ་ཀར་ཡུལ་དང་ཁ་ཆེ་ཡུལ་གྱི་དགེ་སློང་རྣམས་ཀྱང་དད་པ་མེད་པ་རྣམས་ཀྱིས་གཅེས་ཏེ། གཅགས ་ནས། བྲུ་ཤ་ཡུལ་དུ་དོང་བར་འགྱུར་རོ།། དགེ་སློང་དེ་དག་ཐམས་ཅད་ཀྱིས་བྲུ་ཤ་ཡུལ་དུ་ཕྱིན་ནས། བོད་ཡུལ་ན་གཙུག་ལག་ཁང་མང་པོ་གཙིགས་པ་དང་། རྒྱལ་མོ་བྱང་ཆུབ་སེམ ་དཔའ་ཞིག་གནས་པར་དཀོན་མཆོག་གསུམ་ལ་མཆོད་པའི་རི་མོ་ཆེར་བྱེད་པ་ཐོས་ནས་ཡིད་དགའ་སྟེ། ཐམས་ཅད་བོད་ཡུལ་དུ་འདོང་བར་འགྱུར་རོ།། བོད་ཡུལ་དུ་ལྷགས་ནས་ལོ ་གསུམ་གྱི་བར་དུ་ནི་མཆོད་པ་ཆེན་པོ་ལ་སྩོགས་པ་སྐྱིད་པ་ཉམས་སུ་མྱོང་བར་འགྱུར་རོ།། ལོ་གསུམ་ལོན་པ་དང་། བོད་ཀྱི་ཡུལ་དུ་བདུད་ཀྱི་ལྷ་དང་ལྷ་མོ་དང་། ཀླུ་དང་གནོད་སྦྱིན་། ་ཀྱི་ནད་ཆེན་པོ་འབྲས་དང་། པོ་ལ་མིག་དང་། འབྲམ་བུ་གདུགས་པ། དག་གཏོང་བར་འགྱུར་ཏེ། ནད་དེས་ཞང་བློན་དང་། དམག་དཔོན་དུ་མ་དག་འཆི་བར་འགྱུར་རོ།། ་དེའི་ཚེ་རྒྱལ་མོ་དེའི་སྙིང་ཀར་འབྲས་གདུག་པ་བྱུང་སྟེ། ཤི་ནས་ལྷ་ཡུལ་དུ་སྐྱེ་བར་འགྱུར་རོ།། དེའི་ཚེ་བོད་ཀྱི་ཞིང་བློ་ན་རྣམས་འཁྲུགས་ཏེ་འདི་སྐད་ཅེས། བདག་ཅག་གི། ་ཡུལ་འདི་སྔོན་གྱི་ནོམ་པ་ལས། ཕྱིས་བཀྲ་མ་ཤིས་འཁྱམས་པ་ཤ་སྟག་འདིར་ལྷགས་ནས། ད་ནི་ཡུལ་ཡང་འདི་ལྟ་བུར་གནོད་པ་སྣ་ཚོགས་འབྱུང་བར་འགྱུར་གྱི། རྫས་རྙོག ་པ་འདི་རྣམས་གཅིག་ཀྱང་ཡུལ་འདིར་མི་གཞག་ཅིང་ས་མཚམ་བཟླས་ཏེ་བགྲད་པར་བྱའོ་ཞེས་བློད་ནས། དགེ་སློང་གཅིག་ཀྱང་བོད་ཡུལ་གནས་སུ་མི་སྣང་ངོ་།། ཞེས་བློ་བུར་དུ ་འགྱུར་རོ།། རྒྱལ་མོ་དེ་ནད་ཀྱི་ཐེབས་པའི་ཚེ། བདག་ཉིད་མི་འཚོ་བར་མཚོར་ནས། རྒྱལ་པོ་ཁ་ཆེམས་སུ་བདག་གུམ་ན་བདག་གི་ནོར་ཛས་རིམ་གྱིས་དགེ་འདུན་ལ་འབུལ་བར་གྱི ་གནང་ཞེས་གསོལ་ནས། རྒྱལ་པོས་ཀྱང་གནང་སྟེ། བཙུན་མོའི་རྫས་ཐམས་ཅད་དགེ་འདུན་ལ་འདུལ་ཞིང་། དེས་རྒྱ་གར་གྱི་གན་དར་ཞེས་བྱ་བར་འགྲོ་མ ་ཆ་རྫས་ནས་འདོང་བར་འགྱུར་རོ།། དེའི་ཚེ་བོད་ཀྱིས་དགེ་སློང་རྣམ་ཀྱིས་ཡི་ཆད་ནས། ཉི་འོག་གིས་དགེ་སློང་རྣམ་དང་། བློ་གཅིག་དུ་བྱས་ཏེ་ལྷན་ཅིག་ཏུ་འདོད་པར་འགྱུར་རོ།། རྩོད་པའི ་དུས་དེའི་ཚེ་རྒྱ་ཡུལ་གྱི་དགེ་སློང་རྣམས་ཤིན་ཏུ་སྡུག་བསྔལ་བས་གཟིར་ནས། ཡུལ་གན་དར་འདོད་པར་འགྱུར་རོ།། དེ་ལྟར་འདོང་བ་དང་། དགེ་སློང་དེ་དག་ཐམས་ཅད་ཡུལ་གན་ད་ར ་འགྲོ་བའི་ལམ་ཀེར་ཕྲད་པར་འགྱུར་རོ།། དེའི་ཚེ་བོད་ཀྱི་རྗེས་བཞིན་བསྙགས་ནས། ལམ་ཀར་བྲན་གཡོག་དང་། ནོར་ཕྱུག་དག་ཕྲོགས་ཏེ། དགེ་སློང་དག་བསད་པར་ཡང་འགྱུར་རོ།། ་དེ་ལྟར་དགེ་སློང་དེ་དག་བོད་ཀྱི་དམིགས་གི་དེ་བཞིན་དུ་ཀླུའི་རྒྱལ་པོའི་ཨེ་ལའི་འདབ་ཀྱི་དྲུང་དུ་ཕྱིན་པ་དང་། ཀླུའི་རྒྱལ་པོ་ཨེ་ལ་འདབ་ཀྱིས། མི་རྒན་པོའི་གཟུགས་སུ་བསྒྱུར་ཏེ། ་དགེ་འདུན་གྱི་མདུན་དུ་འོངས་ཏེ་ཕྱག་འཚལ་ནས། སྐྱེས་བུ་དམ་པ་རྣམས་གར་གཤེགས་ཤེས་དྲིས་པ་དང་། དགེ་སློང་རྣམས་ཀྱིས་འདི་སྐད་དུ་བདག་ཅག་ནི་ཡུལ་ན་དད་པ་མེད་པ་ཤེས ་དག་གིས་གང་བས། འཚོ་བའི་ཡོ་བྱད་ལ་སོགས་པས་འཕོངས་ཏེ། ད་ཡུལ་གན་ད་རར་འཚོ་བའི་ཡོ་བྱད་ཅི་ཙམ་ཅི་སྙེད་སྙམ་ནས་ལྷགས་སོ།། དེ་ན་དེའི་ཚེ་ཀླུའི་རྒྱལ་པོ།། བདེ ་བྱར་གཤེགས་པའི་བསྟན་པ་འཇིག་པའི་མཚན་མ་གཏོགས་ནས། མཆི་མ་ཁྲག་དུ་འཛག་ཅིང་དུས་ནས། དགེ་འདུན་རྣམས་ལ་ཡུལ་དེར་གཤེགས་ན་ཤུལ་ཐག་ཇི་ཙམ་མངལ ་ཞེས་རྨེད་པར་འགྱུར་རོ།། དགེ་འདུན་གྱིས་ཞིབ་དུ་བརྩིས་ནས་ཞག་བཅོ་ལྔའི་རྒྱགས་ཡོད་དོ།། ཞེས་སྨྲས་པར་འགྱུརརོ།། ཀླུའི་རྒྱལ་པོས་འདི་དུ་འདི་ནས་ཡུལ་གན་ད་རར་མཚོ། ་འདིའི་གཡས་གཡོན་བསྐོར་ན་ཞག་གཞི་བཅུ་རྩ་ལྔའི་ཤུལ་མཆིས་ནས། དགུང་བཅོ་ལྔའི་རྒྱགས་ཀྱིས་འཚལ་ཏམ། གཞན་ཡང་ཤུལ་ན་ལ་མཐོན་པོ་དང་ནགས་ཚལ་སྡུག་པོ་དང་། ་གཅན་ཟན་གདུག་པ་དང་། སྦྲུལ་གདུག་པ་དང་། སྡིག་སྦྲུལ་ལ་སོགས་པ་དང་། ཆོས་ཀུན་པ་ཡང་མཆིས་ལ། ཕྱི་ནས་ཀྱང་དམྱག་དུ་མ་སྙེགས། མཚོ་འདིའི་ནང་ན་ཡང ་བ་དག་གི་འཁོར་གཏུམ་པོ་དང་། དད་པ་མ་མཆིས་པ་དུ་མ་མཆིས་པ་དུ་མ་ཞིག་མཆིས་པ་བདག་གིས་བཟློག་པར་མི་ནུས་ཏེ། བདག་ནི་དེའི་སླད་དུ་འགྲོ་བར་མི་དགའ་ཞིང ་མཆིས་སོ།། དེའི་ཚེ་དགེ་སློང་པོས་མོས་དེ་དག་ཐམས་ཅད་འདི་སྙམ་དུ་བདག་ཅག་རྣམས་འཆི་བའི་དུས་དེང་བབ་པ་ལྟ་སྙམ་ནས། ངུ་ཞིང་མྱ་ངན་བྱེད་པར་འགྱུར་རོ།། དེའི ་ཚེ་ཀླུའི་རྒྱལ་པོ་ཨེ་ལ་འདབ་ཀྱིས་དགེ་འདུན་དུ་བུ་མོ་གཙུག་ནས། དགེ་འདུན་དག་མ་ཤུམས་ཤིག། བདག་གིས་དགེ་འདུན་རྣམས་ཀྱི་སླད་དུ་སྲོག་ཀྱང་ཡོངས་སུ་བཏང་ཞིང ་བདག་ཉིད་ཀྱི་ལུས་མཚོ་འདིའི་སྟེང་དུ་ཟམ་པར་བགྱིད་ལགས་སོ།། བདག་གིས་སྔོན་བདེ་བར་གཤེགས་པའི་བསྟན་པ་ཐོག་མ་ལེགས་པར་མ་བསྲུངས་པའི་ཆད་པར་སྲོག་གི ་བགོད་པ་གཅོད་པར་འཚལ་ལོ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་ཀླུའི་རྒྱལ་པོ་དེས་རང་གིས་ལུས་སྦྲུལ་ཆེན་པོའི་གཟུགས་སུ་བསྒྱུར་ནས། བོད་ཡུལ་ལོགས་ཀྱི་རིའི་རྩེ་མོ་ལ་ནི ་འགོས་འཁྱད། ཡུལ་གན་དར་ལོགས་ཀྱི་རིའི་རྩེ་མོ་ལ་ནི་བཞུག་མས་ཁྱུད་དེ། ལུས་ཀྱི་ཞེང་དུ་ཤིང་རྟ་ལྔའི་ཁྱོན་ཙམ་གྱིས་ཟམ་པར་བཏགས་སོ།། དེའི ་ཚེ་དགེ་སློང་དེ་དག་གིས། སྦྲུལ་ཆེན་པོའི་གཟུགས་དེ་མཐོང་ནས། སྡང་སྐྲགས་ཏེ། ཕྱོགས་ཕྱོགས་སུ་འབྱེར་པར་འགྱུར་རོ།། དེ་ནས་ཀླུའི་རྒྱལ་པོ་དེས་མིའི་སྐད་ཕྱུང་སྟེ། ་དགེ་སློང་དག་མ་བསྙེམས་ཤིག་མ་སྙེམས་ཤིག། བདག་གིས་ལུས་འདི་ཁྱེད་ཀྱི་སླད་དུ། ཟམ་པར་བཏགས་པ་ལགས་ཀྱིས། མ་བསྙེམས་པར་རྗེས་དགྲ་བཅོམ་སུ་དོགས་པས། ་འབངས་དང་ཕྱག་རྗེད་དང་ཁུར་ཁལ་རྣམས་དགྱེར་གསོལ། དེའི་འོག་ཏུ་དགེ་འདུན་གཞོན་རིམས་གཤེགས་སུ་གསོལ། བགྲེས་པོ་རྣམས་ནང་ན་སླད་ཀྱིས་གཤེགས་སུ་གསོལ་ཞེས ་སྨྲ་བར་འགྱུར་རོ།། དེའི་ཚེ་ཀླུའི་རྒྱལ་པོ་དེའི་རྒྱལ་ཕྱོགས་ཀྱི་རྨིག་པ་དང་། མིའི་རྐང་པས་དཔགས་པ་ཤུས་ཏེ། རྨ་ཆེན་པོ་བྱུང་ནས། མཚོའི་ནང་དུ་རྣག་ཁྲག་འཚག་པར་འགྱུར།། ་མི་ཕྱུགས་ལ་ལ་ཡང་གྲེད་ནས་མཚོའི་ནང་དུ་ལྟུང་བར་འགྱུར་ཞིང་། ཐ་མར་དགེ་འདུན་རྒན་རབས་ཐལ་བའི་འོག་ཏུ། ཀླུའི་རྒྱལ་པོ་ཉིད་ཀྱང་འཆི་བར་འགྱུར་རོ།། མཚོ་དེ་ཡང ་སྐམ་པར་འགྱུར་ཏེ། མཚོ་སྐམས་པའི་ས་བཞིར་ཀླུའི་རྒྱལ་པོའི་ཤི་བའི་རུས་པ་རི་ལྟ་བུར་འདུག་པར་འགྱུར་རོ།། མ་འོངས་པའི་དུས་ན་སངས་རྒྱས་བྱམ་པ་འཁོར་དགེ་སློང་ལྔ ་བརྒྱ་དང་། ཐབས་ཅིག་ཏུ་ཀླུའི་རྒྱལ་པོ་ཨེ་ལའི་འདབ་ཀྱིས་རུས་པའི་དྲུང་དུ་གཤེགས་ཏེ། ཀླུའི་རྒྱལ་པོ་ཨེ་ལ་འདབ་ཀྱི་སྐྱེས་པའི་རབས་བརྗོད་པས། འཁོར་དགེ་སློང་ལྔ་ལ ་དེ་དག་ཐམས་ཅད་ཀྱིས་དགྲ་བཅོམ་པ་ཡང་དག་ཐོབ་པར་འགྱུར་རོ།། དེ་ནས་དགེ་སློང་དེ་དག་ཐམས་ཅད་ཡུལ་གན་ད་རར་ཕྱིན་ནས། ལོ་གཉིས་ཀྱི་བར་དུ་བདེ་བར་གནས་སོ།། ལོ་གསུཾ ་པའི་ཚེ་ཡུལ་དེའི་རྒྱལ་པོ་དད་པ་ཅན་ཞིག་ཡོད་པ་འཆི་བར་འགྱུར་རོ།། རྒྱལ་པོ་དེ་ཤི་བའི་འོག་དུ་རྒྱལ་པོ་དེའི་བུ་དད་པ་ཅན་ཞིག་དང་དད་པ་མེད་པ་གཉིས་རྒྱལ་སྲིད་ཀྱི་ཕྱིར་དམག་གིས་གཡུལ ་ཀྱེ་ནས་ཕྱོགས་གཉིས་སུ་འཆད་པར་འགྱུར་རོ།། དེའི་ཚེ་ན་དགེ་སློང་དེ་དག་གི་ནང་ནས་དཔའོ་རྟུལ་པོད་པ། ཚམ་མཚོམ་པ་མེད་པ་སྟོང་ཞིག་ཡོད་པས། རྒྱལ་བུ་དད་པ་མེད་པ་དེ་དམག ་གིས་བཏབ་སྟེ། ཕམ་པར་བྱས་ནས། རྒྱལ་བུ་དད་པ་ཅན་དེ་རྒྱལ་ཐབས་སྦྱིན་པར་འགྱུར་རོ།། རྒྱལ་བུ་དད་པ་ཅན་དེས་ཟླ་བ་ལྔ་རྒྱལ་པོ་བྱས་ནས་ཡང་དགེ་སློང་སྟོང་པོ་དེ་དག་གིས ་བསད་ནས་དགེ་སློང་གཅིག་རྒྱལ་པོར་བཅུག་སྟེ། ལོག་གཉིས་ཀྱི་བར་དུ་རྒྱལ་པོ་བྱེད་པར་འགྱུར་རོ།། དེའི་ཚེ་ཡུལ་གན་ད་རིའི་བློན་པོ་དང་ཡུལ་མི་ཐམས་ཅད་འདུས་ཏེ་གསངས་ནས། ་ཅིའི་ཕྱིར་ཉི་འོག་གི་མི་དག་གི་ཡུལ་སྟོར་བ་འབྲོས་ངན་འདིས། བདག་ཅག་གིས་རྒྱལ་པོ་བྱེད་བློན་ནས། འཕྲལ་དམག་གིས་བཏབ་སྟེ། རྒྱལ་པོ་དེ་བཏུགས་པར་འགྱུར་རོ།། ་དེའི་ཚེ་ཡུལ་གན་ད་ར་ན་གནས་པའི་དགེ་སློང་ཐམས་ཅད་མཐོང་དགུས་གསོད་དེ། དགེ་སློང་གང་ཞིག་ཡུལ་དབུས་སུ་བྲོས་ཏེ་ཐར་པ་དེ་འབའ་ཞིག་གསོན་པར་འགྱུ་རོ།། དེའི་འོག ་དུ་ཡུལ་དབུས་མ་ཏོགས་པར་འཛམ་བུ་གླིང་འདི་ན། རྒྱལ་པོ་དད་པ་མེད་པ་གསུམ་འབྱུང་བར་འགྱུར་ཏེ། སིག་ནི་ས་ལ་སོགས་པ་མང་པོ་ཞིག་གི་རྒྱལ་པོ་ནི། ཏ་ཟིག་གི་རྒྱལ ་པོ་བྱེད་པར་འགྱུར་རོ།། དྲུ་གུ་རུས་སྣ་ཚོགས་དུ་མའི་རྒྱལ་པོ་ནི། དྲུག་གུ་བྱེད་པར་འགྱུར་རོ།། གཞན་མང་པོ་ཞིག་གིས་རྒྱལ་པོ་ནི་བོད་ཀྱི་རྒྱལ་པོ་བྱེད་པར ་གྱུར་ཏེ། རྒྱལ་པོ་དེ་གསུམ་ཆར་ཡང་སེམས་མཐུན་པར་འགྱུར་རོ།། རྒྱལ་དེ་གསུམ་ལ་དམག་དཔག་དོ་རྟུལ་ཕོད་པ་གསུམ་འབུམ་ཞིག་ཡོད་པས། ཡུལ་དབུས་མ་ཏོགས་པ ་གཞན་ཡང་དག་པའི་ལྟ་བ་འཛིན་པའི་ཡུལ་ཐམས་ཅད་བཅོམ་ནས། མི་མང་པོ་ཁ་བཏགས་ཏེ། གྲོང་ལ་སོགས་པ་ཡང་སྟོངས་པར་བྱེད་པར་འགྱུར་རོ།། དེ་ནས་རྒྱལ་པོ་དེ ་གསུམ་འདུས་ནས། ཡུལ་དབུས་སུ་དམག་དྲང་ངོ་ཞེས་གྲོས་བྱེད་པར་འགྱུར་རོ།། དེའི་ཚེ་ན་ཡུལ་དབུས་ཀུའུ་ཤམ་པའི་ཞེས་བྱ་བ་ན། རྒྱལ་པོ་བཟོད་དཀའ་ཞེས་བྱ་བ་ཞིག ་འབྱུང་བར་འགྱུར་ཏེ། དེའི་བཙས་པའི་ཚེ་ན་ཁྲག་གི་ཆར་བ་ཡང་འབབ། ལག་པ་གཉིས་ཀྱང་གྲུ་མོ་མན་ཅད་ཁྲག་གིས་བསྐུས་པ་ལྟ་བུར་དམར་བ་ཞིག་ཡིན་ནོ།། དེའི་བློན་པོ ་ཡན་ལག་མཆོག་དང་ལྡན་པ་ལྔ་བརྒྱ་དང་། དམག་མི་གཡུལ་དོར་དཔའ་བ་ཉི་འབུམ་འབྱུང་བར་འགྱུར་རོ།། དེའི་ཚེ་ཏ་གཟིག་གི་རྒྱལ་པོ་ལ་སོགས་པ་གསུམ་ཡུལ་དབུས་ཀོའུ་ཤ ་པི་ག་ལ་བར་དོང་ནས། རྒྱལ་པོ་བཟོད་བཀའ་ཚོལ་བར་བྱེད་དོ།། དེ་ནས་རྒྱལ་པོ་བཟོད་དཀའ་དེས་ཐོས་ནས། དམག་དང་ཆས་དེ་རྒྱལ་པོ་དེ་དག་གི་མདུན་བསྒྲགས་ནས། ཟླ་བ ་གསུམ་གྱི་བར་དུ་རྒྱུན་དུ་གཡུལ་ཆེན་པོ་སྤད་པ་དང་། རྒྱལ་པོ་དད་པ་མེད་པ་དེས་གསུམ་དམག་དང་བཅས་ཏེ། གཏན་མེད་པར་བརླག་པར་འགྱུརརོ།། རྒྱལ་པོ་བཟོད་དཀའ ་དམག་དང་བཅས་པ་ཡུལ་དུ་འཁོར་ནས། རྒྱལ་པོ་དེ་འདི་སྙམ་དུ་བདག་གིས་མི་མང་པོ་ཁ་བཏག་ནས། བདག་གི་འགྲོ་བ་ནི་ཇི་ལྟ་བུ་ཞིག་དུ་འགྱུར། ནམ་ཞིག་ངན་སོང་གསུམ་ལས་ཐར། ་པར་འགྱུར་སྙམ་དུ་འགྱོད་པ་སྐྱེ་བར་འགྱུར་རོ།། དེ་ནས་བློན་པོ་རྣམས་ཀྱིས་རྒྱལ་པོ་ལ་མ་སྙེམས་པར་དམར་བུ་ཙན་གྱི་ཡུལ་ན། དགེ་སློང་ཤིར་ཤ་ཀ་ཞེས་བགྱི་བ་སྡེ་སྣོད་གསུམ ་པ་ཞིག་བཞུགས་སྤྱན་དྲོངས་དང་དེ་ལྷ་ཁྱོད་ཀྱི་ལས་འཆགས་པར་འགྱུར་རོ་ཞེས་སྨྲ་བར་འགྱུར་ལ། རྒྱལ་པོ་ཀྱང་དགེ་སློང་དེ་སྤྱན་དྲངས་ནས། དེའི་མདུན་ན་ལས་ཇི་ལྟར་བྱས་པཛད ་ལོ་རྒྱུས་སྨྲ་བར་འགྱུར་རོ།། དགེ་སློང་དེས་ཀྱང་འདི་སྐད་རྒྱལ་པོ་ཁྱོད་ཀྱིས་ཤིན་ཏུ་མ་ལེགས་པ་བྱས་ཀྱི་ཚེ་ཐང་དུ་འགྱུར་བ་འཛམ་བུ་གླིང་གི་དགེ་སློང་ཐམས་ཅད་འདིར་སྤྱན་དྲོངས ་ཏེ། རྟག་ཏུ་ཡོ་བྱད་ལྔ་ཕུལ་ནས་སྐྱབ་སུ་འགྲོ་བ་དང་། ཉིན་ཅིག་བཞིན་དུ་དགེ་འདུན་དུ་སྡིག་པ་བཤགས་ཤིག་དང་། ཁྱོད་ཀྱི་མི་མང་པོ་ཁ་བཏག་པའི་ལས་སྲབས་པར་འགྱུ་རོ།། ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་དེའི་ཚེ་རྒྱལ་པོ་དེས་ཡུལ་དུ་དགེ་སློང་རྣམ་སྤྱད་དྲན་པ་བཏོང་བར་འགྱུར་རོ།། དགེ་སློང་རྣམས་ཀྱིས་ཀྱང་ཡུལ་ཀོའུ་ཤམ་བི་ཞེས་བྱ་བ་དང་རྒྱལ ་པོ་བཟོད་དགའ་དགེ་འདུན་ལ་རྟག་ཏུ་ཡོ་བྱད་ལྔ་འབུལ་བ་ཞིག། ཡོད་དོ་ཞེས་ཐོས་ནས་ཡིད་རངས་ཏེ། ཡུལ་ཀོའུ་ཤམ་པའི་ཞེས་བྱ་བ་དེར་དོང་བར་འགྱུར་རོ།། དེའི་ཚེ་ཡུལ་ཀོའུ ་ཤམ་བིར་དགེ་སློང་འབུམ་དུ་འབྱུང་བར་འགྱུར་རོ།། དེའི་འོག་ཏུ་ཚེས་བཅོ་ལྔའི་ནུབ་མོ་དགེ་སློང་རྣམས་གསོ་སྦྱོང་ལ་འདུས་ཏེ། དགེ་སློང་ཤིར་ཤ་ཀ་བོས་ནས། ཁྱེད་ཀྱི་སོ་སོར་ཐར ་པའི་མདོ་ཐོན་ཅིག་ཅེས་སྦས་པར་འགྱུར་རོ།། དགེ་སློང་ཤིར་ཤ་ཀས་སྤང་འདི་སྐད་དུ་ཁྱེད་རྣམ་ལ་སོ་སོར་ཐར་ས་ཅི་ཞིག་བྱ། མི་སྣ་དང་རྣ་བ་བཅས་པ་ལ་མེ་ལོང་གིས ་ནི་ཞིག་བྱ་ཞེས་སྨྲ་བར་འགྱུར་རོ།། དེ་ནས་དེའི་ཚེ་དགེ་སློང་དེ་དག་གི་ནང་ན། དགྲ་བཅོམ་པ་སུ་ར་ཏ་ཞེས་པ་ལངས་ནས། སེང་གེ་ལྟ་བུའི་སྐད་ཀྱིས་དགེ་སློང་ཤིར་ཤ་ཀ་ལ་འདི་སྐད་ཅེས ་ཁྱོད་ཅིའི་ཕྱིར་དེ་སྐད་ཅེས་སྨྲ། ཁོ་བོ་ནི་བདེ་བར་གཤེགས་པས་བཀའ་སྩལ་པ་བཞིན་དུ་བསླབ་པ་གཅིག་ཀྱང་མ་ཉམས་སོ་ཞེས་སྨྲས་པ་དང་། དགེ་སློང་ཤིར་ཤ་ཀ་ཤིན་ཏུ་སྐྱེ་ངས་པར ་འགྱུར་རོ།། དེ་ནས་དགེ་སློང་ཤིར་ཤ་ཀའི་སློབ་མ་ཨང་གན་བི་ཞེས་བྱ་བ་དགྲ་བཅོམ་པ་དེ་དག་ལ་འདི་སྐད་དུ། ཁྱེད་ཅིའི་ཕྱིར་ངའི་སློབ་དཔོན་ལ་མི་མང་སྔར་དེ་སྐད་སྨྲས་ཞེས་ཁྲོས་ནས། ་ལགས་པ་གཉིས་ཀྱིས་སྒོ་གཏན་བླངས་ནས་དགྲ་བཅོམ་པ་དེ་གསོད་པར་འགྱུར་རོ།། དེ་ནས་དགྲ་བཅོམ་པ་དེའི་སློབ་མ་དགེ་སློང་ཀ་ར་ཏ་ཞེས་བྱ་བ་ཡང་རང་གི་སློབ་དཔོན་གསད་པར་མཐོང ་ནས་ཤིན་ཏུ་ཁྲོས་ཏེ། དབྱུག་པ་བླངས་ནས་དགེ་སློང་ཤིར་ཤ་ཀ་གསོད་པར་འགྱུར་རོ།། དེའི་ཚེ་དགེ་སློང་དག་སྲར་དེ་དག་རིལ་གྱིས་ཁྲོས་ནས་ཕྱོགས་གཉིས་སུ་ཆད་དེ། གཅིག་གི ་གཅིག་གསོད་པར་འགྱུར་རོ།། དེའི་ཚེ་གནས་གཞན་གསུམ་བཅུ་རྩ་གཉིས་ལྷ་ཐམས་ཅད་དེར་ལྷག་ས་དེ། དགེ་སློང་གིས་རོ་དེ་དག་མཐོང་ནས་དུད་མོས་འདེབས་ཤིང་མཆོད་པར་འགྱུར། ་དགེ་སློང་དེ་དག་གིས་གོས་ཁ་དོག་དུ་སྦྱ་ར་བ་དང་། སྐྲ་དང་སེན་མོ་ཡང་ལྷའི་གནས་སུ་ཁྱེར་བར་འགྱུར་རོ།། དེའི་ཚེ་ཡུལ་དེར་རླུང་དམར་ནག་པོ་དང་། སེར་པོ་འདྲེས་པ་ལྡང་ཞིང་དུས ་དུས་སུ་མེའི་ཆར་པ་འབབ་པ་དང་། ས་གཡོས་པ་དང་། འུར་སྠ་ཏུག་བཅོམ་དག་ཀྱང་འབྱུང་བར་འགྱུར་རོ།། དེ་ནས་རྒྱལ་པོ་དེས་སྐྱ་རེང་ཤར་བའི་ཚེ། འདི་སྐད་དུ་དགེ་སློང་ཐམས་ཅད། ་ཁ་དག་པ་ཐོས་ནས། མྱ་ངན་གྱིས་གདུངས་པའི་རྒྱུས་མིག་རེས་འགའ་ན་འཐོས་རས་འགའ་ནི་མི་ཐོང་བར་འགྱུར་བཞིན་དུ་མོད་ལ་གཙུག་ལག་ཁང་དུ་བརྒྱུག་ནསངས་བཏབ་སྟེ། སྐད་ཆེན ་བོས་དགྲ་བཅོམ་པ་དང་། དགེ་སློང་སྣོད་གསུམ་པའི་མིང་ནས་འབོད་ཅིང་། དེ་གཉིས་ཀྱི་རོ་པང་གིས་ཁྱུད་དེ། འདི་སྐད་དུ། ཀྱེ་སྣོད་གསུམ་པ་ཁྱོད་ནི་བདེ་བར་གཤེགས་པའི་བླའི་ཆོས་ཀྱི ་མཛོད་འཛིན་པ་ལགས་ཀྱི་དགྲ་བཅོམ་པ་ཁྱོད་མི་བདེ་བར་གཤེགས་པའི་བསླབ་པ་འཛིན་པ་ལགས་ན། ཁྱེད་གིས་ནོངས་པས་འཇིག་རྟེན་འདིར་ལྡོངས་པར་འགྱུར་རོ་ཞེས་སྨྲས་པར་འགྱུར་རོ།། ་དམ་པའི་ཆོས་ནུབ་པའི་ནུབ་མོ།། སུམ་བཅུ་རྩ་བདུན་པའི་ལྷ་རྣམས་ཀྱང་། ལྷ་མ་ཡིན་གྱིས་ཕམ་པར་བྱས་ནས། འབྲོས་པར་འགྱུར་རོ།། དེ་ཉིད་ཀྱི་ནུབ་མོ་ལྷ་རྟག་ཏུ་མྱོས་པའི་ནང་ནས་ལྷ་དེ་ནི ་ཞེས་བྱ་བའི་ཚེ་འཕོ་བར་འགྱུར་རོ་དེ་ནས་འཛམ་བུའི་གླིང་འདི་བུ་རམ་ཤིང་དང་། རྒུན་འབྲུམ་དང་ཐམས་ཅད་ནུབ་པར་འགྱུར་རོ།། བདུད་དབང་སྒྱུར་ཞེས་བྱ་བ་ཡང་འཆི་བར་འགྱུར་ཏེ། ་དེ་ནས་དང་འབྲོ་དང་། འབྲས་ཐམས་ཅད་ནུབ་པར་འགྱུར་ཏེ། འཛམ་བུའི་གླིང་གི་མི་རྣམས་ཀྱི་ཟས་སུ་སྲེད་ཏ་དང་། ཁྲེ་རྒོད་དང་། རྩའི་འབྲས་བུ་སྣ་སོགས་ཟ་བར་འགྱུར་རོ།། ་ངར་དང་ཟ་འུག་དང་མེན་དང་། རས་བཟང་པོ་ལ་སོགས་པ་ཡང་ནུབ་ནས། གོས་སུ་གསོ་རས་རྡུལ་པོ་དང་། རེ་ཕྱར་ལ་སོགས་པ་གྱོན་པར་འགྱུརརོ།། གསེར་ལ་སོགས་རིན་པོ་ཆེ་སྣ ་ཚོགས་ཀྱི་རྒྱན་རྣམ་ཀྱང་ནུབ་ཀྱང་། རྒྱན་དུ་རཱ་ལ་སོགས་པའི་བྱས་ཐོགས་པར་འགྱུར་རོ།། མཚོན་བཟང་པོ་རྣམས་དང་། རོ་ཞིམ་པོ་རྣམས་ཀྱང ་ནུབ་པར་འགྱུར་རོ།། དེ་བཞིན་གཤེགས་པའི་གཟུགས་བསྟན་རྣམ་ཀྱང་། ཀླུའི་ཡུལ་དུ་ཁྱེར་བར་འགྱུར་རོ།། འཕགས་པ་དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལུང་བསྟན་པ།། ་རྫོགས་སྷོ།། ། འཕགས་པ་ལས་ལེགས་ཉེས་ཀྱི་རྒྱུ་དང་འབྲས་བུ་བསྟན་པ་ཞེས་བྱ་བའི་མདོ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས ་