CLOSE WINDOW

F404: las rnam par 'byed pa
Wyliee-texts produced with BDRC’s OCR application

རྒྱ་གར་སྐད་དུ། ཀར་མ་བྷ་བ་ཀ། བོད་སྐད་དུ། ལས་རྣམ་པར་འབྱེད་པ་བམ་པོའོ།། སངས་རྒྱས་དང ་བྱང་ཆུབ་སེམས་དཔའ་ཅན་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་མཉན་དུ་ཡོད་པ་ན། བརྒྱལ་བུ་རྒྱལ་བྱེད ་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་སྔ་དྲོ།། ཆོས་གོས་དང་། ཤམས་ཐབས་མནབས་ནས། ལྷུང་བཟེད་བསྣམས ་ཏེ། མཉན་དུ་ཡོད་པར་བསོད་སྙོམས་ཀྱི་ཕྱིར་གཤེགས་ནས། ཐར་ཆགས་སུ་མཉན་དུ་ཡོད་པར་བསོད་སྙོམས་བཞེས་ཏེ། ཏེའུ་ཏེའི་བུ་བྲམ་ཟེའི་ཁྱེའུ་ནེ་ཙོའི་ཁྱིམ ་གི་ལ་བར་དེར་གཤེགས་སོ།། དེའི་ཚེ་ཏེའུ་ཏེའི་བུ་བྲམ་ཟེའི་ཁྱིམ་ན། རས་ཀོ་ཀི་བཏིང་བའི་སྟེང་ན། ཁྱི་དུང་ཞེས་བྱ་བ་འདུག་སྟེ། ཁར་གཞོང་རྡོའི་ཁར་བླངས་པ་ལ ་འབྲས་ཅན་དང་། ཤ་བཅོས་པའི་ཁྲུད་མ་མཐུང་བ་ལ། ཁྱི་དེས་བཅོམ་ལྡན་འདས་མཐོང་ནས། འའུ་ཞེས་ཟུག་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱི་དཀར་པོ་དུང་ལ་འདི་སྐད་ཅེས ་བཀའ་སྩལ་ཏོ།། ཁྱི་ཁྱོད་ཀྱི་ཞེས་བྱས་པ་ལས། འའུ་ཞེས་གཟུགས་པར་གྱུར་ནས། དེས་ཀྱང་མ་དུ་ལ་ལམ་ཞེས་བཀའ་སྩལ་པ་དང་། ཁྱི་དུང་དེ་ཁྲོས་ནས། ཡིད་མ་རངས་ཏེ། རས ་ཀོ་ན་ཁ་བཏིང་པོའི་ཁྲི་ལས་བབས་ཏེ། གཏོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ། དེའི་ཚེ་ཏེའུ་ཏེའི་བྲམ་ཟེའི་ཁྱེའུ་ནེ་ཙེ་བྱ་བ་ཞིག་གི་ཕྱིར་ཕྱི་རོལ་ཏུ་ཕྱིན་པ་ལཱ། དེའི་ཚེ་ཁྲི་དང ་དཔ་པ་@#ཁྲིའི་འོག་ན་ཏོར་ཁུང་གི་ཤིང་གི་ཝ་ལ་འདུག་པ་མཐོང་ངོ་།། དེ་མཐོང་ནས་ཀྱང་། ནང་མི་ལ་སྨྲས་པ། ཁྱེད་ཀྱིས་ཁྱི་འདི་ལ་ཅི་ཞིག་སྨྲས་ཇོ་བོ་བདག་ཅ ་ཅི་ཡང་མ་སྨྲས་སོ།། དགེ་སྦྱོང་གེའུ་ཏམ་བྱོན་པར་གྱུར་ཏེ། ཁྱི་དུང་གིས་དགེ་སྦྱོང་གེའུ་ཏ་མ་སྐོན་བཞུགས་པ་མཐོང་ནས། འའུ་ཞེས་ཟུགས་པ་དང་། འགེའུ་ཏ་མས་དེ་ལ་འདི ་སྐད་ཅེས་བཀའ་སྩལ་ཏོ།། ཁྱི་ཁྱོད་ཀྱི་ཞེས་བྱ་བ་དང་། ལེའུ་ཞེས་ཟུག་ས་པར་གྱུར་ན། དེས་ཀྱང་མ་དུལ་ལམ་ཞེས་བཀའ་སྩལ་པ་དང་། རཁྱིས་ཚིག་པ་ཟོས་པར་རངས་ནས་ཁྲི་ལས ་ཁབས་ནས། ཁྲི་འོག་ན་ཏོར་ཁུང་གིས་ཤིང་གིས་ཝལ་འདུག་གོ།། དེ་ནས་བྲམ་ཟེའི་ཁྱེའུ་ནེ་ཙེས་ཁྲོས་ཏེ། ཡིད་མ་རངས་ནས། མཉན་ཏུ་ཡོད་པ་ན་བྱུང་སྟེ། ཀུན་དགའ་ར་བ ་ག་ལ་བ་དེར་སོང་ངོ་།། དེའི་ཚེ་བཅོམ་ལྡན་འདས་དགེ་སློང་བརྒྱ་ཕྲག་མང་པོའི་འདུན་དུ། ཆོས་སྟོན་ཅིང་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་ཏེའུ་ཏེའི་བུ་བྲམ་ཟེའི་ཁྱེའུ་ནེ་བཙོ་རྒྱང་རིང ་པོ་ནས་འོང་བ་གཟིགས་སོ།། གཟིགས་ནས་ཀྱང་། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱེད་ཏེའུ་ཏེའི་བུ་བྲམ་ཟེའི་ཁྱེའུ་ནི་བརྩོ་བརྒྱད་རིང་པོར་ནས་འོང་བ་མཐོང་ངམ། ་བཙུན་པ་དེ་ལྟར་ལགས་སོ།། བཀའ་སྩལ་པ་གལ་ཏེ། ཏེའུ་ཏེའི་བུ་བྲམ་ཟེའི་ཁྱེའུ་ནི་བརྩོ་འཆི་བའི་དུས་བྱས་པར་གྱུར་ན་ནི། ལུས་དང་བྲལ་ནས་ཤི་བའི་འོག་དུ། དཔེར་ན་མདའ་ཏེ། ་ཁམ་འབངས་པ་བཞིན་དུ་ངན་སོང་ངན་འགྲོ་རྣམས་སུ་ལྟུང་བར་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། འདི་ལྟར་ང་ལ་སེམས་ཅན་དུ་འཁྲོས་པའི་ཕྱིར། སེམས་ཅན་རབ་ཏུ་ཁྲོས ་བའི་ཕྱིར། སེམས་ཅན་རབ་ཏུ་ཁྲོས་པའི་རྒྱུས། འདི་ལྟར་འདི་ནས། སེམས་ཅན་ཁ་ཅིག་ལུས་དང་བྲལ་ཤི་བའི་འོག་ཏུ། ངན་སོང་རྣམས་སུ་ལྟུང་བ། སེམས་ཅན་དམྱལ་བ་རྣམས ་དེའི་སེམས་ནི་འཁྲོས་པའི་ཕྱིར། ་སུ་ལྟུང་བར་འགྱུར་རོ།། དེ་ནས་དགེ་སློང་ཞིག་གིས་དེའི་ཚེ་ཚིགས་སུ་བཅད་དེ་སྨྲས་པ།། འདི་ནི་གང་ཟག་ཁ་གཅིག་ནི། རབ་ཏུ་སེམས་ཁྲོས་གྱུར་གཟིགས་ནས།། སྟོན་པས ་དགེ་སློང་ཚོགས་རྣམས་དང་། དོན་དེ་ཉིད་ནི་ལུང་བསྟན་ཏོ།། ཀྱེ་མ་གསོ་བའི་མི་འདི་ནི། དེའི་འཆི་བའི་དུས་བྱེད་ན། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ།། དེ་བཞིན་གཤེགས ་ལ་སེམས་འཁྲོས་པའི།། དེའི་ཚེ་ནི་སེམས་ཅན་རྣམས། དཔེར་ན་མདའ་ནི་འཕངས་པ་བཞིན།། ད་ལྟར་ངན་འགྲོར་འགྲོ་བར་འགྱུར། དེ་ནས་ཏེའུ་ཏིའི་བུ་ཁྱེའུ་ནི་བཅོས། ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་བྱིན་ནས། བཅོམ་ལྡན་འདས་ལ་འདི་སྐད་དུ།། མངོན་དུ་ཀུན་དགའ་བར་བྱ་བ་དང་། ཡང་དག་པར་ཆགས་པར་བྱ་བའི་ཏམ་རྣམས་པ་མང ་པོ་བྱས་ནས། ཕྱོགས་གཅིག་ཏུ་འདུག་གོ།། བྲམ་ཟེའི་ཁྱེའུ་ནི་བཙེ་ཕྱོགས་གཅིག་ཏུ་འདུག་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གེའུ་ཏ་མ་ཁྱོད་བདག་ཁྱིམ་དུ ་བྱོན་ཏམ། བཀའ་སྩལ་པ། བྲམ་ཟེའི་བུ་ཕྱིན་ཏོ།། གསོལ་པ་ཁྱོད་ཀྱི་བདག་གི་ཁྱི་དུང་ལ་ཅི་ཞིག་མ་གསུངས་སམ་བྲམ་ཟེའི་བུ་ང་ཁྱོད་ཀྱི་ཁྱིམ་དུ་བསོད་སྙོམས་ཀྱི་ཕྱིར་ཕྱིན་ནས། ་སྒོ་དྲང་ན་འདུག་པ་དང་། དེའི་ཚེ་ཁྱོད་ཀྱི་ཁྱི་དུང་གིས། ང་མཐོང་ནས། འའུ་ཞེས་ཟུགས་པ་དང་། ང་དེ་ལ་སྨྲས་པ། ཁྱི་ཁྱོད་ཀྱི་ཞེས་སྨྲས་པ་ལས། འའུ་ཞེས་ཟུགས་པར་གྱུར ་ཏེ། དེས་ཀྱང་མ་དུལ་ལམ་ཞེས་སྨྲས་པ་དང་། ཁྱི་འཁྲོས་ཏེ་མི་དགའ་ནས་ཁྱི་དེ་ཁྲི་དེ་ལས་བབས་སྟེ། ཁྲི་འོག་གི་གཏོར་ཁུང་གི་ཤིང་གི་ཝ་ལ་འདུག་གོ།། གསོལ་བ། ཁྱོད་ཀྱིས ་ཁྱི་དུང་སྔ་མ་ལ་བདག་ཅིར་མཆི་མཁྱེན་ཏམ། བཀའ་སྩལ་པ། ཁྱེའུ་ཁེ་རོག་ཅིག། ང་ལ་དོན་འདི་མ་འདྲི་ཅིག། ཁྱོད་ཀུན་ཏུ་གནོད་སེམས་སུ་འགྱུར་བ་དང་། མི་བཟོད་པ་དང་། ་བྱཁྱོད་དོ་མོད་མི་དགའ་བར་འོད་དོ།། ་ཁྱི་འདི་འཚེ་སྡེ་པ་ལ་བདག་གིས་ཅིར་བྱས་པ་དང་། བཅོམ་ལྡན་འདས་ཀྱིས་ཀྱང་ལན་གཉིས་ལན་གསུམ་དུ། ངལ་དོན་འདི་ས་དྲི་ཅིག། ཁྱོད་ལན་གཉིས་ལན་གསུམ་གྱིས་བར ་དུ་དོན་འདི་ཉེས་པ་མ་ཐོབ་པས། དེའི་ཕྱིར་བྲམ་པོའི་ཁྱེའུ་ལ་ལེགས་པར་ཉོན་ཅིག་ཀ་ཁྱོད་ལ་ངས་བཤད་དེ། བྲས་ཟེ་ཁྱེའུ་ཁྱོད་ཀྱི་བ་ཏེའུ་ཏེའི་བུ་གང་ཡིན་པ་དེ། ལུས་དང་། ་བྲལ་ནས། དམན་པའི་ཁྱིའི་སྐྱེས་གནས་སུ་སྐྱེས་སོ།། དེ་ནས་བྲམ་ཟེའི་བུས་འདི་སྐད་ཅེས་གསོལ་ཏོ།། བདག་པ་ནི་མཆོག་སྦྱིན་བགྱིད་པ་མཆོད་བསྒྲེང་བ་ལགས་ན། ཅིའི་སླད ་དུ་འདི་ལྟར་གྱུར། ལུས་དང་བྲལ་ནས། ངེས་པར་ཚངས་པའི་འཇིག་རྟེན་བཟང་པོར་སྐྱེས་པར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་བ་ནི་ང་རྒྱལ་ལས ་ཀྱང་ང་རྒྱལ་ཏེ། དེ་ཉིད་ཀྱིས་ཁྱིར་སྐྱེསོ།། བྲམ་ཟེའི་ཁྱེའུ་ཁྱོད་ཡིད་མི་མཆེད་ན། ཁྱོད་ཁྱིའི་དྲུང་དུ་སོང་ལ། ཁྱིལ་འདི་སྐད་ཅེས་གྱིས་ཤིག། གལ་ཏེ་ཁྱི་ཁྱོད་ཚེ་སྔ་མ་ངའི ་ཕག་ཡིན་པར་གྱུར་ན། ཁར་གཞོང་གི་སྟེང་དུ་ཁྲུད་མ་འཐུང་ཤིག་ཅེས་སྨོས་དང་། དེ་ལ་འདི་སྐད་ཅེས་སྨྲོས་ཤིག། ཁྱོད་ངའི་ཚེ་སྔ་མ་ལ་ངའི་ཕ་ཡིན་ན། ཁྱོད་འཆི་བའི་དུས་ཀྱི་ཚེ། ་བདག་དབང་བ་གང་ཡོད་པ་ལ་མ་བསྟན་པ་དེ། སྟོན་ཅེས་སྨོས་ཤིག་དང་། སྟོན་པར་འགྱུར་རོ།། དེ་ནས་ཁྱེའུ་དེས་མཉན་ནས། ཚིག་དེ་དག་ཆུབ་པར་བྱས་ཏེ། རང་གྱི་ཁྱིམ་དུ ་སོང་ནས། ཁྲི་དེ་ལ་དེ་བཞིན་བསྟན་པའི་ཚིག་སྨྲས་པ་དང་། ཁྲི་དུད་ཁྲི་ལས་བབས་ནས། ཁགནས་ཁྱིམ་སྙིང་པ་ཞིག་ལ་ཡོད་པ་དེར་སོང་ནས། སྔོན་གྱི་ཁྲི་རྐང་པ་པནི ་པའི་གནས་སུ་སྡེར་མོས་བྲུའོ།། དེ་བུས་སུ་ནི་སྣས་སྣོམ་མོ།། དེའི་ནས་བྲམ་ཟེའི་བུས། དེ་ནས་གསེར་དངུལ་བདུད་བའི་སིལ་མ་བཅུག་པའི་ཟངས་བཞིན་དང་དབུས་ནས ་གསེར་གྱི་ཁར་བ་དང་། རིལ་བ་རྙེད་དོ།། དེ་ནས་ཁྱེའུ་ནེ་བཅོས། གསེར་དེ་སྦས་ནས་རབ་ཏུ་མགུ་ཏེ། བཅོམ་ལྡན་འདས་ཀྱི་གན་དུ་སོང་བ་དང་། བཅོམ་ལྡན ་འདས་ཀྱིས་ཁྱེའུ་དེ་རྒྱང་རིང་པོ་ནས་འོང་བ་གཟིགས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། ཁྱེད་ཀྱིས་བྲམ་ཟེའི་བུ་རྒྱང་རིང་པོ་ནས་འོང་བ་མཐོང་ངམ། གསོལ་པ ་བཙུན་པ་དེ་ལྟར་ལགས་སོ།། བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་དེའི་ཚེ་འཆི་བའི་དུས་བྱས་པར་འགྱུར་ན་ནི། དཔེར་ན་འདའ་འཕངས་པ་བཞིན་དུ། བདེ་འགྲོ་མཐེ ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། འདི་ལྟར་དེས་ང་ལ་སེམས་དད་པའི་ཕྱིར་རོ།། དགེ་སློང་དག་སེམས་དད་པའི་རྒྱུས་དེ་ལྟར་འདི་ནས་སེམས ་ཅན་ཁ་གཅིག་ལུས་དང་བྲལ་ནས། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ། ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་རོ།། དེ་ནས་ཏེའུ་ཏེའི་བུ་ཁྱེའུ་ནེ་བཅོས། བཅོམ་ལྡན ་འདས་ག་ལ་བ་དེར་ཕྱིན་ནས། བཅོམ་ལྡན་འདས་དང་། ལྷན་གཅིག་ཏུ་མངོན་པར་རབ་ཏུ་དགའ་བར་བྱས་པ་དང་། ཡང་དག་པར་ཆགས་པར་མི་བྱ་བའི་གཏན་མང་པོ་བྱས་ཏེ། ཕྱོགས ་གཅིག་ཏུ་འདུག་གོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་ཅིངས་ཅི་ལྟར་གྱི་དུང་ལུང་བསྟན་པ་དེ་ལྟར་འགྱུར་ཏམ། གསོལ་པ་ཀྱེ་གེའུ་ཏ་མ་མེད་དེ། ཅི་ལྟར་ལུང་བསྟན་པ་དེ། ་ལས་དབ་། #། བཞིན་ནོ།། འགེའུ་ཏ་མ་ཁྱོད་ལ་ཞུ་བ་འགའ་ཞིག་ཀྱང་ཞུའོ།། ཁྱེའུ་ཅི་དང་ཅི་འདོད་པ་ཡང་དྲིས་ཤིག། གསོལ་བ། འགེའུ་ཏ་མ་རྒྱུ་གང་དང ་གང་གིས། སེམས་ཅན་གང་ཅིག་ཚེ་ཐུང་བ་དང་། ཚེ་རིང་བ་དང་། ནད་མང་བ་དང་། ནད་ཉུང་བ་དང་། མདོག་སྡུག་པ་དང་། མདོག་མི་སྡུག་པ་དང་། དབང་ཆུང་བར ་གྲགས་པ་དང་། དབང་ཆེ་བར་གྲགས་པ་དང་། རིགས་བཙུན་པ་དང་། རིགས་དམན་པ་དང་། ལོངས་སྤྱོད་ཆུང་བ་དང་། ཤེས་རབ་འཆལ་བ་དང་། ཤེས་རབ་ཆེན་པོར ་འགྱུར་བ་དང་། ལས་གང་གི་རྣམ་པར་སྨིན་པས། སེམས་ཅན་འདི་དག་སྣ་ཚོག་སུ་བདའ། བྲམ་ཟེའི་ཁྱེའུ་སེམས་རྣམས་ནི། ལས་ཀྱི་འདི་ལྟ་སྟེ། དབེན་པ་དང་།། ་མཆོག་དང་། འབྲིང་དང་མཐོ་བ་དང་། དམན་པ་དང་། ངན་པ་དང་བཟང་པོ་རྣམ་སུ་རྣམ་པར་དབྱེའོ།། གེའུ་ཏ་མ་ཁྱོད་ཀྱིས་མདོ་བཤད་དོ།། རྣམ་པར་མ་ཕྱེ་བ་འདི ་དག་བདག་གིས་དེན་རྒྱ་ཆེར་མཚལ་ལོ།། བྲམ་ཟེའི་ཁྱེའུ་དེའི་ཕྱིར་ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་བཟུང་ཤིག་དང་། ངས་བཤད་དོ།། སེམས་ཅན་རྣམས་ཀྱིས ་ལས་རྣམ་པ་སྣ་ཚོགས་དང་། ཉོན་མོངས་པ་སྣ་ཚོགས་དང་། ལྟ་བ་སྣ་ཚོགས་དང་། སྤྱོད་པ་སྣ་ཚོགས་རིགས་ནས། ལས་ནག་པོ་འམ། ལས་དཀར་པོ་རྣམས་ཀྱི་འབྲས ་ཁུ་རྣམ་པར་སྨིན་པ་བརྗོད་པར་བྱ་སྟེ། བྲམ་ཟེའི་ཁྱེའུ་ལས་ནག་པོས་ནི། སེམས་ཅན་དམྱལ་བ་དང་། དུད་འགྲོ་དང་། ཡི་དགས་རྣམས་ཀྱི་ནང་དུ་སྐྱེའོ།། ལས ་དཀར་པོས་ནི་ལྷའི་དང་མིའི་ནང་དུ་སྐྱེའོ།། བྲམ་ཟེའི་ཁྱེའུ་ཚེ་ཐུང་བར་འགྱུར་བའི་ལས་ཀྱང་ཡོད། ཚེ་རིང་བར་འགྱུར་བའི་ལས་ཡོད། ནང་མང་བར་འགྱུར་བའི་ལས ་ཀྱང་ཡོད། ནང་ཉུང་བར་འགྱུར་བའི་ལས་ཀྱང་ཡོད། མདོག་མི་སྡུག་པར་འགྱུར་བའི་ལས་ཀྱང་ཡོད། མཛེས་པར་གྱུར་པའི་ལས་ཀྱང་ཡོད། དབང་ཆུང་བར་གྲག ་པའི་ལས་ཀྱང་ཡོད། དབང་ཆེ་བར་གྲགས་པར་འགྱུར་བའི་ལས་ཀྱང་ཡོད། རིགས་བརྫུན་པར་འགྱུར་བའི་ལས་ཀྱང་ཡོད།། ལོངས་སྤྱོད་ཆུང་བར་འགྱུར་བའི་ལས ་ཀྱང་ཡོད། ལོངས་སྤྱོད་ཆེ་བར་འགྱུར་བའི་ལས་ཀྱང་ཡོད། ཤེས་རབ་འཆལ་པར་འགྱུར་བའི་ལས་ཀྱང་ཡོད། ཤེས་རབ་ཆེན་པོར་འགྱུར་བའི་ལས་ཀྱང་ཡོད། སེམས ་ཅན་དམྱལ་བར་སྐྱེ་བའི་ལས་ཀྱང་ཡོད། དུད་འགྲོའི་སྐྱེ་གནས་སྐྱེ་བའི་ལས་ཀྱང་ཡོད། ཡིད་དགས་ཀྱི་སྐྱེས་གན་སུ་སྐྱེས་པའི་ལས་ཀྱང་ཡོད། མིའི་འཇིག་རྟེན ་དུ་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད།། འདོད་པ་ན་སྤྱོད་པའི་ལྷར་སྐྱེས་པར་འགྱུར་བའི་ལས་ཀྱང་ཡོད། གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད།། ་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། ངེས་པར་སྐྱེ་བར་འགྱུར་བའི་ལས་ཀྱང་ཡོད། སྐྱེ་བར་འགྱུར་བ་མ་ངེས་པའི་ལས་ཀྱང་ཡོད།། ་ཡུལ་གཞན་དུ་རྣམ་པར་སྨིན་པས་འགྱུར་བའི་ལས་ཀྱང་ཡོད། བྱས་ལ་ས་བསགས་པ་ཡིན་པའི་ལས་ཀྱང་ཡོད། བསགས་པ་ལ་བྱས་པའི་ལས་ཀྱང་ཡོད།། ་2#བྱས་པ་བསགས་པའི་ལས་ཀྱང་ཡང་། མ་བྱས་ལ་མ་བསགས་པའི་ལས་ཀྱང་ཡད། ལས་གང་དང་ལྡན་ན། གང་ཟག་སེམས་ཅན་པཿ ་བ་རྣམ་སུ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ། ཡོངསུ་རྫོགས་པར་བྱས་ནས་ཤིས་འཕོས་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སེམས་ཅན ་དཔྱལ་པ་རྣམ་སུ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་བྱེད་ཟད་པར་བྱས་ནས། འཆི་འཕོ་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་འགྱུར ་ལ། བྱིས་སྡུག་བསྔལ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་སྔར་སྡུག་བསྔལ་ལ་ཕྱིར་བདེ་བར་འགྱུར་བའི་ལས་ཀྱང་ཡོད། ལས་གང ་དང་ལྡན་ན། གང་ཟག་སྔར་འདེ་ལ་བྱིས་ཀྱང་བདེ་བར་འགྱུར་བའི་ལས་ཀྱང་ཡོད། གང་ཟག་གང་དང་ལྡན་ན། སྔར་སྡུག་བསྔལ་ལ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི ་ལས་ཀྱང་ཡོད། བྱུག་ལ་གཏོང་བའི་སེམས་དང་ལྡན་པ་ཡོད། བྱུག་ལ་སེར་སྣ་ཆེ་བ་ཡང་ཡོད། དབུལ་ལ་གཏོང་འོད་པ་ཡང་ཡོད། དབུལ་ལ་སེར་སྣ་ཆེད་པ་ཡོད་དོ།། ཚེ་ཟ ་ལ་ལས་མ་ཟད་པ་ཡང་ཡོད། ལས་ཟད་ལ་ཚེ་མ་ཟད་པ་ཡང་ཡོད། ཚེ་ཟད་ལ་ལས་ཀྱང་ཟད་པ་ཡང་ཡོད། ཚེ་ཡང་མ་ཟད་ལ་ལས་མ་ཟད་པ་ལ། ཉོན་མོངས་པ་རྣམ་མ་ཟད་པའི ་གང་ཟག་ཀྱང་ཡོད།། ལུས་བདེ་ལ་སེམས་ཀྱིས་མ་ཡིན་པའི་གང་ཟག་ཀྱང་ཡོད། སེམས་བདེ་བར་གྱུར་པ་ལ་ལུས་ཀྱིས་མ་ཡིན་པ་ཡང་ཡོད། ལུས་བདེ་བ་ལ་སེམས་བདེ་བ ་དག་ཀྱང་ཡོད། ལུས་ཀྱང་མི་བདེ་ལ་སེམས་ཀྱང་མི་བདེ་བའི་གང་ཟག་ཀྱང་ཡོད། ལས་གང་དང་ལྡན་པ། གང་ཟག་ངན་སོང་རྣམསུ་སྐྱེས་ལ། གཟུགས་བཟང་བ་དང་། ལྟ་ན ་སྡུག་པ་དང་མཛེས་པ་དང་། མདོག་སྣུམ་པ་དང་། ལྤགས་པ་སྣུམ་པ་དང་། མིག་སྡུག་པའི་ལས་ཀྱང་ཡོད། ལས་གང་དང་ལྡན་ན། གང་ཟག་ངན་སོང་ནམ་སུ་སྐྱེས་ལ། ་དོག་མི་སྡུག་པ་དང་། ལུས་བརྩུ་པ་དང་། བལྟ་ན་མི་སྡུག་པ་དང་། བལྟ་ན་མི་མཐུན་པའི་ལས་ཀྱང་ཡོད།། ལས་གང་དང་ལྡན་ན། གང་ཟག་ན་སོང་རྣམསུ་སྐྱེས་ལ། ་དྲི་མི་ཞིམ་པ་དང་། དབང་པོ་མི་གསལ་བ་དང་། དབང་པོ་མི་རྣོ་བའི་ལས་ཀྱང་ཡོད། བྲམ་ཟེའི་ཁྱེའུ་མི་དགེ་བའི་ལས་ཀྱི་ལམ་བཅུ་པོ་ཡང་དག་པར་བླངས་པའི་རྒྱུས། ་ཕྱི་རོལ་གྱི་དངོས་པོ་བཅུ་དགུད་པར་སྣང་། དགེ་བ་བཅུའི་ལས་ཀྱིས་ལམ་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་གསུམ་ཚོགས་པར་སྣང་བ་སྟེ། ་འདི་ནི་མདོར་བསྟན་པའོ།། དེ་ལ་ཚེ་ཐུང་བར་གྱུར་པའི་ལས་གང་ཞེ་ན། སྲོག་གཅོད་པ་དང་། བསོད་པ་ཡང་དག་པར་འཛིན་དུ་འཇུག་པ་དང་། སྲོག་གཅོད་པའི ་བསྔགས་པ་སྨྲ་བ་དང་། སྲོག་གཅོད་པ་ལ་རྗེསུ་ཡིད་རང་བ་དང་། མངལ་ནས་ཟག་པར་བྱེད་པ་དང་། མངལ་ནས་ཟག་པར་བྱ་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། ་མི་མཛའ་བ་ཤིན་ཡིད་དགའ་བ་དང་། མི་མཛའ་བ་མ་ཞི་ན་ཡིད་མི་དགའ་དང་། གང་དུ་ཐོག་ཆགས་མང་པོ་གསོད་པའི་ལྷ་བརྟེན་ཙུགས་པ་དང་། གཡུལ་འགྱེད་པ་ལ་ལྟ་བ་ནི ་ལས་རྣ་བ། བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི་ཚེ་ཐུང་བར་འགྱུར་བའོ།། དེ་ལ་ཚེ་རིང་བར་འགྱུར་བའི་ལས་གང་ཞེ་ན། ཚེ་རིང་བར་འགྱུར་བའི ་ལས་བཅུ་སྟེ། གང་ཞེ་ན། སྲོག་གཅོད་པ་སྤོང་བ་དང་སྲོག་གཅོད་པ་སྤོང་བ་ཡང་དག་པར་འཛིན་དུ་བཅུག་པ་དང་། སྲོག་གཅོད་པ་སྤོང་བའི་སྔགས་པ་སྤང་བ་སྨྲས ་བ་དང་། སྲོག་གཅོད་པ་ལ་རྗེ་སུ་ཡི་མི་རང་བ་དང་། གསད་པར་ཆད་པའི་གང་ཟག་རྣམས་རབ་ཏུ་ཐར་པར་བྱེད་པ་དང་། དུད་འགྲོའི་སྲོག་ཆགས་གསད་པར་ཆད་པ ་རྣམས་རབ་ཏུ་ཐར་པར་བྱེད་པ་དང་། སྐྲག་པ་རྣམས་ལ་མི་འཇིགས་པ་དང་། འགོན་མེད་པ་ལ་སྙིང་རྗེ་དང་ལྡན་པ་དང་། ནད་པ་རྣམ་ལ་བྱམས་པ་དང་། བཀྲེས་པ ་ལ་ཟས་སྦྱིན་པ་སྟེ། བཅུ་པོ་འདི་དག་ནི་ཚེ་རིང་བར་འགྱུར་བའོ།། དེ་ལ་ནད་མང་བར་འགྱུར་བའི་ལས་བཅུ་སྟེ། གང་ཞེ་ན། ཁུ་ཚུར་དང་ཐལ་མོ་ལ་སོགས་པས ་བརྡེག་པ་དང་། དེ་ལྟར་རྡེག་པ་ཡང་དག་པར་འཛིན་ཏུ་བཅུག་པ་དང་། དེ་ལྟར་རྡེག་པའི་བསྔགས་པ་སྦ་བ་དང་། དེ་དག་ལ་རྗེསུ་ཡིད་རང་བ་དང་། ཕ་མ་ན་བར་སྒྲུབ ་བ་དང་། འཕགས་པ་ན་བར་སྒྲུབ་པ་དང་། མི་མཛའ་བ་ན་བར་དགའ་བ་དང་། མི་མཛའ་བ་ན་བསོས་ན་མི་དགའ་བ་དང་། སྨན་མ་ཡིན་པ་རྣམས་བྱིན་པ་དང་། ་ཟ་ས་མ་ཡིན་པ་ཟ་བ་ནི་བཅུ་པའོ།། དེ་ལ་ནད་ཉུང་བར་འགྱུར་བའི་ལས་བཅུ་སྟེ། གང་ཞེ་ན། ཁུ་ཚུར་དང་ཐལ་མོ་ལ་སོགས་པ་རྡེག་པ་སྤོང་བ་དག་པར་འཛིན ་དུ་བཅུག་པ་དང་། དེ་དག་གི་སྔགས་པ་སྨྲས་པ་དང་། དེ་དག་ལ་རྗེ་སུ་ཡིད་རང་བ་དང་། ཕ་མ་དང་། འཕགས་པ་ནད་ཀྱིས་བཏབ་པ་ལ་རིམ་འགྲོ་བྱེད་ན་དགའ ་བ་དང་། མི་མཛའ་བ་ནད་ཀྱིས་བཏབ་ན་མི་དགའ་བ་དང་། སོས་ན་དགའ་བ་དང་། ནད་པ་ལ་སྨན་སྦྱིན་པ་དང་། ཁ་ཟས་ཞུ་ནས་ཟ་བར་འགྱུར་བ་ནི་བཅུ་པའོ།། ་དེ་ལ་མདོག་མི་སྡུག་པར་འགྱུར་བའི་ལས་བཅུ་སྟེ། གང་ཞེ་ན། འཁྲོ་བ་དང་། འཆབ་པ་དང་། འཁོན་དུ་འཛིན་པ་དང་། འཚིག་པ་པ་དང་། མ་དང་། འཕགས ་པ་རྣམས་ལ་བསྔགས་པ་མ་ཡིན་པའི་སྨྲས་པ་དང་། འཕགས་པའི་སྤྱད་པ་མ་རུངས་པར་བྱེད་པ་དང་། དེ་བཞིན་གཤེགས་པའི་མར་མེའི་འོད་ཀྱི་བར་དུ་བཅོད་པ་དང་།། ་གང་ཟག་མདོག་མི་སྡུག་པ་རྣམས་དབང་ཟ་བ་དང་། གཙང་བྲ་མེད་པ་སྟེ། བཅུ་པའོ།། དེ་ལ་མཛེས་པའི་བྱེད་པའི་བཅུ་སྟེ། གང་ཞེ་ན་མི་ཁྲོ་བ་དང་། གོས ་སྦྱིན་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་རྡོལ་གྱིས་ཉུག་པ་དང་། ཙུག་ལག་ཁང་འཕྱག་པ། འཕགས་པའི་མཆོད་རྟེན་གྱི་ཁང་པ་འཕྱག་པ་དང་། ་སྐུ་གཟུགས་འབྱི་བ་དང་། ཕ་མ་དང་། འཕགས་པའི་རྣམས་ཀྱིས་བསྔགས་པ་དང་། གང་ཟག་མདོག་མི་སྡུག་པ་རྣམས་ལ་མི་བརྙས་པ་དང་། གཙང་སྦྲ ་སྤྱོད་པ་སྟེ་བཅུའོ།། དེ་ལ་དབང་ཆུང་བར་གྲགས་པར་འགྱུར་བའི་ལས་བཅུ་སྟེ། གང་ཞེ་ན། ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་བྱེད་པ་དང་། དེ་ལ་མི་རྣམ ་འའདེ་ལ་མི་དགའ་བ་དང་། དེས་མ་རྙེད་པ་ལ་དགའ་བ་དང་། དེའི་གྲགས་པ་དང་། བསྔགས་པ་དང་། བརྗོད་པ་དང་། སྒྲ་དང་ཚིགས། ་བཅད་པ་ལ་མི་དགའ་བ་དང་། དེ་ལྟ་མ་ཡིན་པའི་དགའ་བ་དང་། ཕ་མ་དང་འཕགས་པ་ལ་བསྙས་པ་དང་། དགེ་བའི་རྩ་བ་ཆུང་ངུ་ན་འཛིན་དུ་འཇུག་པ་དང་། དགེ ་བའི་རྩ་བ་ཆེན་པོ་རྒྱུན་བཅོད་པ་དང་། གང་ཟག་དབང་ཆུང་བ་རྣམས་ལ་དབང་བ་བ་སྟེ། བཅུ་པའོ།། དེ་ལ་དབང་ཆེ་བར་གྲགས་པའི་ལས་བཅུ་སྟེ། གང་ཞེ་ན། ་ཕ་རོལ་གྱི་རྙེད་པ་ལ་ཕྲག་དོག་མེད་པ་དང་། དེ་ལ་ཡིད་དགའ་བ་དང་། དེ་ཡིས་མ་རྙེད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་དེའི་གྲགས་པ་དང་། སྔགས་པ་བརྗོད ་པ་དང་། སྒྲ་དང་། ཚིག་སུ་བཅད་པ་གང་ཡིན་པ་དེ་ལ་རྗེ་སུ་ཡིད་རང་བ་དང་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། གདུག་སྦྱིན་པ་དང་། མཆོད་རྟེན་གྱི་ཁང་པ་བྱེད་པ་དང་། ་དགེ་བའི་རྩ་བ་ཆུང་ངུ་རྒྱུན་མི་གཅོད་པ་དང་། དགེ་བའི་རྩ་བ་ཆེན་པོ་འཛིན་དུ་འཇུག་པ་དང་། གང་ཟག་དབང་ཆུང་བ་རྣམ་ལ་མི་བརྙས་པ་སྟེ། བཅུ་པའོ།། ་དེ་ལ་རིགས་དམའ་བར་འགྱུར་བའི་ལས་བཅུ་སྟེ། གང་ཞེ་ན། ཁེངས་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། བར་དང་མར་མི་ཤེས་པ་དང་། དགེ་སྦྱོང་དུ་མི་ཤེས་པ ་དང་། བྲམ་ཟེར་མི་ཤེས་པ་དང་། ཁྱིམ་གྱིས་གརྩོལ་རིམ་འགྲོ་མི་བྱེད་པ་དང་། ཕ་མ་ལ་སྡང་བ་དང་། འཕགས་པ་རྣམས་ལ་སྡང་བ་དང་། རིགས་དམན་པར་སྐྱེས ་པའི་གང་ཟག་ལ་དབང་ཟའ་བ་སྟེ། བཅུའོ། དེ་ལ་རིགས་བརྩན་པར་འགྱུར་བའི་རྒྱུ་ནི་བཅུ་སྟེ། མ་ཁེངས་པ་དང་། ངའོ་སྙམ་པའི་ང་རྒྱལ་མེད་པ་དང་། ཕ་དང ་མར་ཤེས་པ་དང་། དགེ་སྦྱོང་དུ་ཤེས་པ་དང་། བྲམ་ཟེར་ཤེས་པ་དང་། ཁྱིམ་གྱི་གཙོ་བོ་ལ་རིམ་འགྲོ་བྱེད་པ་དང་། ཕ་མ་ལ་མི་སྡང་བ་དང་། འཕགས་པ་རྣམས ་ལ་མི་སྡང་བ་དང་། རིགས་དམའ་བ་རྣམ་ལ་དབང་མི་ཟ་བ་སྟེ་བཅུ་པའོ་དེ་ལ་ལོངས་སྤྱོད་ཆུང་བར་འགྱུར་བའི་ལས་ནི་བཅུ་སྟེ། གང་ཞེ་ན། མ་བྱིན་པར་ལེན་པ་དང་། ་མ་བྱིན་པར་ལེན་པ་ཡང་དག་པར་འཛིན་དུ་བཅུག་པ་དང་། དེའི་སྔགས་པ་སྨྲས་པ་དང་དེ་ལ་རྗེ་སུ་ཡིད་རང་བ་དང་། ཕ་མའི་འཚོ་བའི་རྒྱུན་བཅོད་པ་དང་། འཕགས་པ་རྣམ ་ཀྱི་འཚོ་བ་རྒྱུན་བཅོད་པ་དང་། ཕ་རོལ་གྱིས་རྙེད་པ་ལ་མི་དགའ་བ་དང་། མ་རྙེད་པ་ལ་དགའ་བ་དང་། ཕ་རོལ་གྱིས་རྙེད་པའི་བར་ཆད་བྱེད་པ་དང་། མུ་གེ་བྱུང་ན་དགའ ་བ་སྟེ་བཅུའོ།། ཆོས་བཅུ་པོ་འདི་དག་ནི་ལོངས་སྤྱོད་ཆུང་བར་འགྱུར་བ་སྟེ། ལས་འདི་ནི་ལོངས་སྤྱོད་ཆུང་བར་འགྱུར་བའོ།། དེ་ལ་ལོང་སྤྱོད་ཆེན་པོར་འགྱུར་བའི་ལས་གཡེན། ་ལོངས་སྤྱོད་ཆེན་པོར་འགྱུར་བའི་ལས་བཅུ་སྟེ། བཅུ་གང་ཞེ་ན། མ་བྱིན་པར་ལེན་པ་སྤོང་བ་དང་མ་བྱིན་པར་ལེན་པ་སྤོང་བ་ཡང་དག་པར་འཛིན་དུ་འཇུག་པ་དང་། ་མ་བྱིན་པར་ལེན་པར་སྤོང་བའི་སྔགས་པ་སྨྲ་བ་དང་། མ་བྱིན་པར་ལེན་པ་སྤོང་བ་ལ་རྗེསུ་ཡིད་རང་བ་དང་། ཕ་མ་ལ་འཚོ་བའི་སྦྱིན་པ་དང་། འཕགས་པ་རྣམས་ལ་སྦྱིན ་ན་པཔ་དང་། ཕ་རོལ་གྱིས་མ་རྙེད་པ་ལ་ཡིད་མི་དགའ་བ་དང་། ཕ་རོལ་གྱི་རྙེད་པ་ལ་ཡིད་དགའ་བ་དང་། ཕ་རོལ་གྱིས་རྙེད་པའི་བར་ཆད་མི་བྱེད་པ་དང་། ་ལོ་ལེགས་ན་མངོན་པར་དགའ་བ་ནི་བཅུའོ།། བཅུ་པོ་དེ་དག་ནི་ལོངས་སྤྱོད་ཆེན་པོར་འགྱུར་བ་སྟེ། ལས་འདི་ནི་ལོངས་སྤྱོད་ཆེན་པོར་འགྱུར་བའོ།། དེ་ལ་ཤེས་རབ་འཚལ ་པར་འགྱུར་བའི་ལས་གང་ཞེ་ན། ཤེས་རབ་འཆལ་བར་འགྱུར་བའི་ལས་བཅུ་སྟེ། འདི་ལས་གང་ཟག་དགེ་སྦྱོང་དང་། བྲམ་ཟེས་མཁས་པ་དང་། མཁས་པའི་གྲངས ་གཏོགས་པ་དེ་དག་གི་གན་དུ་འགྲོ་ཞིང་ཡོངསུ་འདྲིས། ཡོངསུ་འདྲི་བར་མི་བྱེད་མི་རྙེན་མི་སྟེན། བསྙེན་བཀུར་མི་བྱེད་པ་དང་། འཆལ་བའི་ཤེས་རབ་ཅན་བརྟེན་ཅིང་བསྟེན ་ཏེ། བསྙེན་བཀུར་བྱེད་པ་དང་། མཁས་པ་རྣམས་ཀྱི་མི་འཇིགས་པ་བཅོད་པ་དང་། ལེགས་པར་བཤད་པ་རྣམས་ཡོངསུ་སྤོང་བ་དང་། ཉེས་པར་བཤད་པ་རྣམ་ཀུན་ཏུ ་འཛིན་པ་དང་། དམ་པའི་ཆོས་མ་ཡིན་པ་ཡོངསུ་སྟོན་པ་དང་། དམ་པའི་ཆོས་ཡོངསུ་སྤོང་བ་དང་། ཆོས་སྨྲ་བ་རྣམ་ལ་མ་ལེག་སོ་ཞེས་བྱིན་པ་དང་། ལོག་པར་ལྟ་བའི ་སྔགས་པར་བྱེད་པ་དང་། ཡང་དག་པར་ལྟ་བ་ལ་སྨོད་པའོ།། ཆོས་བཅུ་པོ་དེ་དག་ནི་ཤེས་རབ་འཆལ་བར་འགྱུར་བ་སྟེ། ལས་འདིས་ནི་ཤེས་རབ་འཚལ་པར་འགྱུར ་བའོ།། དེ་ལ་ཤེས་རབ་ཆེན་པོར་འགྱུར་བའི་ལས་གང་ཞེ་ན། ཉེ་རབ་ཆེན་པོར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། འདི་ལ་གང་ཟག་དགེ་སྦྱོང་དང་། བྲམ ་ཟེ་མཁས་པ་དང་། མཁས་པའི་གྲངསུ་གཏོག་པའི་གང་ཡིན་པ་དེ་དག་གི་གང་དུ་འགྲོ་སྟེ། ཡོངསུ་འདྲི་ཞིང་ཡོངསུ་འདྲི་བར་བྱེད་ཅིང་བསྟེན་ཏོ།། བསྙེན་བཀུར་བྱེད་པ ་དང་། ཤེས་རབ་འཚལ་པ་ཅན་རྣམ་ལ་མི་སྙེན་མི་སྟེན། བརྙེན་བཀུར་མི་བྱེད་པ་དང་། མཁས་པ་རྣམ་ལ་མི་འཇིགས་པ་ཉེས་པར་སྒྲུབ་པ་དང་། ལེགས་པར ་བཤད་པ་རྣམས་ཡོངསུ་མི་སྤོང་བ་དང་། ཉེས་པར་བཤད་པའི་རྣམ་པ་ཡོངསུ་སྤོང་བ་དང་། དམ་པའི་ཆོས་ཡོངསུ་མི་སྤོང་བ་དང་། ཆོས་སྨྲ་བའི་གང་ཟག་རྣམ་ལ ་ལེག་སོ།། ཞེས་བྱ་བ་སྦྱིན་པ་དང་། ལོག་པར་ལྟ་བ་ལ་སྨོད་པ་དང་། ཡང་དག་པར་ལྟ་བ་ལ་བསྔགས་པར་བྱེད་པའོ།། ཆོས་བཅུ་པོ་དེ་དག་ནི་ཤེས་རབ་ཆེན་པོར་འགྱུར ་བ་སྟེ། ལས་འདི་ནི་ཤེས་རབ་ཆེན་པོར་འགྱུར་བའོ།། དེ་ལ་སེམས་ཅན་དམྱལ་བར་སྐྱེ་བའི་ལས་གང་ཞེ་ན། དེ་ལ་སེམས་ཅན་དམྱལ་བར་སྐྱེས་པའི་ཆོས་བཅུ ་སྟེ། བཅུ་གང་ཞེ་ན། ལུས་ཀྱི་ཉེས་པར་སྤྱོད་པའི་ཆེ་བ་དང་། ངག་གིས་ཉེས་པར་སྤྱོད་པའི་ཆེ་བ་དང་། ཡིད་ཀྱི་ཉེས་པར་སྤྱོད་པའི་ཆེ་བ་དང་། ཚང་བར་ལྟ་བ ་དང་། རྟག་པར་ལྟ་བ་དང་། མེད་པར་ལྟ་བ་དང་། བྱེད་པར་ལྟ་བ་དང་། བྱས་པར་མི་བཟོ་བར་ལྟ་བ་དང་། མཚམས་མེད་པའི་ལས་ལ་བསྐུར་བ་འདེབས་པ་དང་། ་ལོག་པར་ལྟ་བའི་ཡང་དག་པར་འཛིན་དུ་འཇུག་པ་ནི་བཅུ་པའོ།། ཆོས་བཅུ་པོ་དེ་དག་ནི་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་སེམས་ཅན་དམྱལ་བར ་ན་པརསྐྱེ་བར་འགྱུར་བའོ།། དེ་ལ་དུད་འགྲོར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དུད་འགྲོར་སྐྱེས་པར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་། ་ཞེ་ན། ལུས་ཀྱི་ཉེས་པར་སྤྱད་པའི་འབྲིང་དང་། དག་གིས་ཉེས་པར་སྤྱད་འབྲིང་དང་ཡིད་ཀྱི་ཉེས་པར་སྦྱང་བ་འབྲིང་དང་། འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ལས་ས། ་ཚོགས་དང་། ཞེས་སྡང་གིས་ཀུན་ནས་བསླང་བའི་ལས་སྣ་ཚོགས་དང་། ཏི་མུག་གིས་ཀུན་ནས་བསླང་བའི་ལས་སྣ་ཚོགས་དང་། རུང་བ་མ་ཡིན་པ་སྦྱིན་པ་དང་དམན་པའི ་མིང་གིས་བཤེ་བ་དང་། སྨོན་ལམ་གྱི་དབང་གིས་འགྱུར་བ་འདི་སྟེ། སེང་གེ་སྐྱེས་པའི་རབས་ལྟ་བུ་དང་། གང་གིས་ཉེས་པར་སྤྱོད་པར་འགྱུར་བ་བྲམ་ཟེར་དབྱར་བྱད་སྡེའུ ་དུས་སྐྱེས་པ་ལྟ་བུའོ།། ཆོས་བཅུ་པོ་དེ་དག་ནི་དུད་འགྲོར་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་དུད་འགྲོར་སྐྱེ་བར་འགྱུར་བའོ།། དེ་ལ་ཡི་དག་སུ་སྐྱེ་བར་འགྱུར་བའི་ལས་གད ་ཞེ་ན། ཡི་དག་སུ་སྐྱེ་བར་འགྱུར་བའི་ལས་ཆོས་བཅུ་སྟེ། བཅུ་གང་ཞེས་ན། ལུས་ཀྱི་ཉེས་པར་སྤྱད་པ་ཆུང་བ་དང་། ངག་གིས་ཉེས་པར་སྤྱད་པ་ཆུང་བ་དང་། ཡིད་ཀྱིས ་ཉེས་པར་སྤྱད་པ་ཆུང་བ་དང་། ཆགས་པའི་དང་། ཡང་བས་ཆགས་པ་དང་། ལོག་པར་འཚོ་བ་དང་། སེར་སྣ་བྱེད་པ་དང་། སྦྱིན་པ་འགེགས་པ་དང་། བཀྲེས་ཤིང་སྐོམ ་བཞིན་དུ། འཆི་བའི་དུས་བྱས་པ་དང་། དངོས་པོ་ལ་ཆགས་བཞིན་དུ་འཆི་བའི་དུས་བྱེད་པའོ།། ཆོས་བཅུ་པོ་དེ་དག་ནི་ཡི་དག་སུ་སྐྱེ་བར་འགྱུར་བ་སྟེ། ལས་འདི་ནི་ཡི་དག་སུ་སྐྱེ་བར ་འགྱུར་བའོ།། དེ་ལ་མིར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། མིར་སྐྱེར་བར་འགྱུར་བའི་ཆོས་བཅུ་སྟེ། བཅུ་གང་ཞེ་ན། སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་དང་། ་འདོད་པས་ལོག་པར་གཡེམས་པ་དང་། རྫུན་དུ་སྨྲས་པ་དང་། འཕྲ་མ་དང་། ངག་བཙུབ་མོ་དང་། ཚིག་འཁྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག ་པར་ལོག་པར་ལྟ་བ་དང་། མི་དགེ་བའི་ལས་ཀྱིས་ལམ་བཅུ་པོ་འདི་དག་སྤོང་བ་སྟེ། ཆོས་བཅུ་པོ་ནི་མིར་སྐྱེ་བར་འགྱུར་བའོ།། དེ་ལ་འདོད་པ་ན་སྤྱོད་པ་ན་ལྷར་སྐྱེས་པར་འགྱུར ་བའི་ལས་གང་ཞེ་ན། དགེ་བ་བཅུའི་ལས་ཀྱི་ལམ་ལེགས་པར་སྦྱངས་པ་ལ། མཉམ་པར་མ་ཞག་པ་སྟེ། ལས་འདི་ནི་འདོད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།། ། ་དེ་ལ་གཟུགས་ན་སྤྱོད་པའི་ལྷར་སྐྱེས་པར་འགྱུར་བའི། ལས་ཀྱི་ལམ་གང་ཞེ་ན། ཏིང་ངེ་འཛིན་གྱིས་ལེགས་པར་མཉམ་པར་གཞག་པ། གང་བ་དང་བཅས་པའི་དགེ་བ ་བཅུའི་ལས་རྣམས་ཏེ། ལས་འདི་ནི་གཟུགས་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའོ།། དེ་ལ་གཟུགས་མེད་པ་ན་སྤྱོད་པའི་ལྷར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། ་གཟུགས་མེད་པསྦྱིན་སྙོམས་པར་འཇུག་པ་བཞི་སྟེ། བཞི་གང་ཞེ་ན། གཟུགས་ཀྱི་འདུ་ཤེས་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས ་རྣམསུ་ནུབ་ཅིང་། སྣ་ཚོགས་འདུ་ཤེས་རྣམས་ཡིད་ལ་མི་བྱེད་པར། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཉེ་བར་བསྒྲུབ་ཏེ་གནསོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལས ་ལྡན་པར། ཡང་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ནས། རྣམ་པར་ཤེས་པར་མཐའ་ཡས་སོ།། ཞེས་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་ཉེ་བར ་བསྒྲུབས་ཏེ་གནས་པ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ནས། ཅི་ཡང་མེད་པའི་སྐྱེ་མཆེད་ལ་ཉེ་བར་སྒྲུབ་སྟེ ་གནས་སོ།། ཅི་ཡང་མེད་པའི་སྐྱེ་མཆེད་ལས་རྣམ་པ་ཐམས་ཅད་དུ་ཡང་དག་པར་འདས་ནས། འདུ་ཤེས་མེད་འདུ་ཤེས་མེད་མིན་པའི་སྐྱེ་མཆེད་ཉེ་བར་བསྒྲུབ་སྟེ་གནས ་བ་སྟེ། ལས་འདི་ནི་གཟུགས་མེད་པ་སྐྱེད་པའི་ལྷར་སྐྱེ་བར་འགྱུར་བའོ།། དེ་ལས་ངེས་པར་སྐྱེ་བར་འགྱུར་བའི་ལས་གང་ཞེ་ན། དགེ་བའི་ལས་གང་བྱས་ནས། འདིས ་བདག་འདི་ལྟ་བུ་ཞིག་སྐྱེ་བར་གྱུར་ཅིག་ཅེས་ཡོང་སུ་བསྔོས་པ་དང་། མཚམས་མེད་ལ་ལྔའི་རྣམས་ཏེ། འདི་ནི་ངེས་པར་སྐྱེ་བར་འགྱུར་བའོ།། དེ་ལ་སྐྱེ་བར་འགྱུར ་བའི་མ་ངེས་པའི་ལས་གང་ཞེ་ན། དགེ་བའི་ལས་གང་བྱས་ནས། ཅིག་ཡང་ཡོངསུ་མི་སྔོ་བ་སྟེ། ལས་འདི་ནི་སྐྱེས་པར་འགྱུར་བ་མ་མངེས་པའོ།། དེ་ལ་ཡུལ ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའི་ལས་གང་ཞེ་ན། འདི་ལྟར་དགེ་བའི་དང་མི་དགེ་བའི་ལས་ཀྱང་བྱས་ན། ཡུལ་གཞན་དུ་སོང་ནས་རྣམ་པར་སྨིན་པར་འགྱུར་ཏེ། ་དཔེར་ན་ཚོང་པ་མཛའོ་བུ་མོ་ལྟ་བུ་སྟེ། ལས་འདི་ནི་ཡུལ་གཞན་དུ་རྣམ་པར་སྨིན་པར་འགྱུར་བའོ།། དེ་ལ་བྱས་པ་མ་བསགས་པའི་ལས་གང་ཞེ་ན། ལས་གང་བྱས ་ནས་ངོ་ཚར་བ་དང་། འཛེམ་པ་དང་། འགྱོད་པ་དང་། སྤོད་པ་དང་། བཤགས་པ་དང་། མཐོལ་བ་དང་། འདོར་བ་དང་། སྡོད་པ་དང་། མ་འོང་བ་ན་སྡོམ་པར་བྱེད་པ། ་སྟེ། ལས་འདི་ནི་བྱས་ལ་མ་བསགས་པའོ།། དེ་ལ་བསགས་ལ་མ་བྱས་པའི་ལས་གང་ཞེ་ན། ལས་གང་ལུས་ཀྱི་ཡོངསུ་རྫོགས་པར་བྱེད་སྟེ། སེམས་ཀྱིས་ཀྱང ་རྫོགས་པར་བྱས་ཤིང་ཚིག་ཏུ་ཡང་ལས་འདི་བྱའོ།། ཞེས་སྨྲས་ལ། དེ་ལ་མ་བྱས་ཏེ། ལས་འདི་ནི་བསགས་ལ་མ་བྱས་པའོ།། དེ་ལ་བསགས་པའི་ལས་གང་ཞེ ་ན། ལས་གང་བྱས་ནས་ངོ་མི་ཚ་བ་དང་། མི་མཛེམ་པ་དང་། མི་འགྱོད་པ་དང་། མི་སྨོན་པ་དང་། མི་བཤགས་པ་དང་། མི་འཐོལ་བ་དང་། མི་འདོར་བ་དང་། ་མི་སྤོང་བ་དང་། མ་འོངས་པ་ན། སྡོམ་པར་མི་བྱེད་པ་སྟེ། ལས་འདི་ནི་བྱས་ལས་བསགས་པའོ།། དེ་ལ་མ་བྱས་ལ་མ་བསགས་པའི་ལས་གང་ཞེ་ན། ་ལས་གང་ཆེད་དུ། མ་བསགས་པར་བྱས་པ་སྟེ། ལས་འདི་ནི་མ་བྱས་ལ་མ་བསགས་པའོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམ ་སུ་སྐྱེས་ཏེ། སེམས་ཅན་དམྱལ་བའི་ཚེ་ཡོང་སུ་རྫོགས་པར་ཟད་པར་བྱས་ནས། འཆི་འཕོ་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་གིས་སེམས ་ཅན་དམྱལ་བར་འགྱུར་བའི་ལས་བྱས་ཤིང་བསགས་པར་གྱུར་ལ། དེ་ལས་ངོ་མི་ཚ་བ་དང་། མི་འཛེམ་པ་དང་། མི་འགྱོད་པ་དང་། མི་སྡོང་བ་དང་། མི ་ལས་རྣཾ་བ.རབཤགས་པ་དང་། མི་འཐོལ་བ་དང་། མི་འདོར་བ་དང་། མི་སྤོང་བ་དང་། མི་བཤུད་པ་དང་། སྨོད་པར་མི་བྱེད་པ་དང་། ཡང ་གནོད་པར་བྱའོ་ཞེས་ཤར་གཉེར་བར་འཚོལ་ཏེ། དཔེར་ན་ལྷ་སྦྱིན་ལྟ་བུའོ།། འདི་ནི་གང་ཟག་སེམས་ཅན་དམྱལ་བ་རྣམསུ་སྐྱེ་སྟེ། སེམས་ཅན་དམྱལ ་བའི་ཚེ་ཡོངསུ་བཟད་པར་བྱས་ནས། འཆི་འཕོ་བའི་ལས་སོ།། དེ་ལས་གང་དང་ལྡན་ན་གང་ཟག་སེམས་ཅན་དམྱལ་བ་རྣམསུ་སྐྱེས་སྟེ། སེམས་ཅན་དམྱལ ་བའི་ཚེ་ཕྱེད་ཟད་པར་བྱས་ནས། འཆི་འཕོ་བའི་ལས་གང་ཞེ་ན། འདི་ལ་གང་འགའ་ཞིག་གིས། སེམས་ཅན་དམྱལ་བར་འགྱུར་བའི་ལས་བྱས་ན། ངོ་ཚ་བ་དང ་མཛེམ་པ་དང་། འགྱོད་པ་དང་། བཤགས་པ་དང་། མཐོལ་བ་དང་། འདོར་བ་དང་། སྤོང་བ་དང་། མ་འོངས་པ་ན། སྡོམ་པར་བྱེད་པ་སྟེ། འདི་ནི་ལས་གང་དང ་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམ་སུ་སྐྱེས་སྟེ། སེམས་ཅན་དམྱལ་བའི་ཚེ་ཕྱེད་ཟད་པར་བྱས་ནས། འཆི་འཕོ་བའི་ལས་སོ།། དེ་ལས་གང་དང་ལྡན་ན། ་གང་ཟག་སེམས་ཅན་དམྱལ་བ་རྣམ་སུ་སྐྱེས་མ་ཐག་ཏུ་འཆི་འཕོ་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་གིས། སེམས་ཅན་དམྱལ་བར་འགྱུར་བའི་ལས ་བྱས་ཤིང་བསགས་པ་འགྱུར་ལ། དེ་ལས་དེ་བྱས་ལ་ངོ་ཚ་བ་དང་། འཛེམ་པ་དང་། འགྱོད་པ་དང་། སྨོད་པ་དང་། བཤགས་པ་དང་། ཐོལ་བ་དང་། འདོར་བ་དང་། ་སྤོང་བ་དང་། དེ་བཞིན་དུ་ཡིད་ལ་བཤགས་པ་ཡིན་ཡང་། ཡིད་ལ་བཤགས་པ་དེས། ལས་དེ་སེལ་བར་མི་ནུས་པ་སྟེ། དཔེར་ན་རྒྱལ་པོ་མ་སྐྱེས་ཟག་པ་བསད། ་པ་ལྟ་བུའོ།། འདི་སྐད་དུ། ཤིན་ཏུ་མི་ཟད་པའི་ལས་རྣམས་བྱས་པ་ཡང་། བདག་ལ་སྡོད་དང་རབ་ཏུ་བཤགས་པ་དང་། སྡོམ་པར་བྱེད་པས་དེ་དག་བསྲབས ་འགྱུར་གྱིས། ཤིན་ཏུ་རྩན་ནས་འབྱིན་པར་མི་སྨྲའོ།། ཞེས་གསུངས་སོ།། འདི་ནི་ལས་གང་དང་ལྡན་ན། གང་ཟག་སེམས་ཅན་དམྱལ་བ་རྣམ་སུ་སྐྱེས་མ་ཐག་ཏུ་འཆི ་འཕོ་བའི་ལགས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་ལ་ཕྱིས་སྡུག་བསྔལ་བའི་ལས་གང་ཞེ་ན། འདི་ལྟ་གང་ཟག་འགའ་ཞིག་སྦྱིན་པ་བྱིན་ཡིད ་རབ་ཏུ་དགའ་ཞིང་དགའ་བ་དང་། ཡིད་བདེ་བ་སྐྱེས་ལ་ཕྱིས་ནས་ནི་འགྱོད་པ་ཡིན་ཏེ། གང་ཟག་དེ་གང་གི་ཚེ། མིའི་ནང་དུ་སྐྱེ་བ་དང་། ཕྱུག་པ་དང་། ནོར་ཆེ་བ་དང་། ་ལོངས་སྤྱོད་ཆེ་བ་དང་། ནོར་དང་ཡོ་བྱད་མང་པོ་དང་། བདག་དབང་བ་མང་བ་དང་། འཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་ཉེ་མཚམས་མང་བ་དང་།། ་མཛོད་དང་བང་བ་ཡོངསུ་གང་བའི་ཁྱིམ་རྣམསུ་སྐྱེས་པར་འགྱུར་ཏེ། ཁྱིམ་དེ་ལྟ་བུ་དག་ཏུ་སྐྱེས་ནས། ཤིན་ཏུ་སྒྱིད་ལ་གཞོན་ཞིང་བདེ་བར་སྤྱོད་པ་དེ་དག། བྱིས་ཡོངསུ ་ཉམས་ཤིང་ཡོངསུ་བཟད་པར་འགྱུར་ཏེ། དེའི་གཞིས་སྡུག་བསྔལ་བར་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་སྔར་བདེ་བར་འགྱུར་ལ། ཕྱིས་སྡུག ་#བསྔལ་བར་འགྱུར་བའི་ལས་སོ།། ལས་རྣམ་པར་འབྱེད་པའི་བམ་པོ་གཉིས་བཀྱེར་ས། ་དེ་ལ་ལས་གང་དང་ལྡན་ན། གང་ཟག་སྡུག་བསྔལ་བར་འགྱུར་ལ། ཕྱིས་བདེ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག། སྦྱིན་པ་སྦྱིན་པ ་དང་། སྡུག་བསྔལ་འཇུག་ཅིང་སྡུག་བསྔལ་བར་སྦྱིན་པ་བྱིན་ལ། བྱིན་ནས་མི་འགྱོད་པར་འགྱུར་ཅིང་། དགའ་བ་དང་། ཡིད་བདེ་བ་སྐྱེས་པ་ཡིན་ཏེ། གང་ཟག ་དེ་གང་གི་ཚེ་མི་རྣམས་ཀྱི་ནང་དུ་སྐྱེས་པ་དང་། དབུལ་པོ་བཟའ་བ་དང་། བཏུང་བའི་དང་། ཁ་ཟས་ཉུང་བ་དང་། སྡུག་བསྔལ་བས་འཚོ་བའི་ཁྱིམ་རྣམ་སུ་སྐྱེས་པར ་འགྱུར་ཏེ། སྡུག་བསྔལ་བས་བཟའ་བ་དང་། བགོ་བ་མ་རྙེད་ལ། དེ་ཆེས་འགྲངསུ་འགྱུར་བ་དང་། ལོངས་སྤྱོད་དེ་དག་འབེལ་ཞིང་རྒྱས་པར་འགྱུར་ཏེ། འདི་ནི་ལས ་གང་དང་ལྡན་ན། གང་ཟག་སྔར་སྡུག་བསྔལ་བར་འགྱུར་ལ། ཕྱིས་བདེ་བར་འགྱུར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་འདེ་བར་འགྱུར། ་བྱིས་བཀྱང་བདེ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་སྦྱིན་པ་སྦྱིན་པ་དང་། ཡིད་འགའ་བ་བཞིན་དུ་བྱིན་སྟེ། ཡིད་བདེ་བ་སྐྱེས་ནས་ཀྱང་མི ་འགྱོད་པ་དང་ཡིན་ཏེ། གང་ཟག་དེ་གང་གི་ཚེ་མི་རྣམ་ཀྱི་ནང་དུ་སྐྱེས་པ་ན། ཕྱུག་པ་དང་ནོར་ཆེ་བ་དང་། ནོར་དང་ཡོད་བྱད་མང་བ་དང་། བདག་དབང་བ་མང་བ་དང་། ་མཛའ་ཤེས་དང་། ཉེ་དུ་དང་། སྣག་གི་གརྟེན་མཚམས་མང་བ་དང་། མཛོད་མང་པོ་ཡོངསུ་གང་བའི་ཁྱིམ་རྣམསུ་སྐྱེས་པར་འགྱུར་ཏེ། ཁྱིམ་དེ་ལྟ་བུ་དག་དུ། ་སྐྱེས་ནས་ཤིན་ཏུ་སྒྱིད་ལ་གཞོན་པ་ལ་གཞོན་ཞིང་བདེ་བར་སྤྱོད་ལ། དེའི་ལོངས་སྤྱོད་དེ་དག་ཕྱིས་ཀྱང་འབར་བ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག ་སྔར་ཡང་བདེ་བར་འགྱུར་ལ། ཕྱིས་ཀྱང་བདེ་བར་འགྱུར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་འགྱུར་བ་དང་། ་ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་གང་ཞེ་ན། འདི་ལས་གང་ཟག་འགའ་ཞིག། དགེ་བའི་ཤེས་གཉེན་དང་། བྲལ་བར་འགྱུར་ཏེ། དེ་སུས་ཀྱང ་བྱིན་པ་ཡང་དག་པར་འཛིན་དུ་མ་བཅུག་པ་ཡིན། དེས་ཀྱང་སྦྱིན་པ་མ་བྱིན་པ་ཡིན། དེས་སྡིག་པའི་ལས་ཀྱང་ཅི་ཡང་མ་བྱས་ཤིང་མ་བསགས་པ་ཡིན་ཏེ། ་གང་ཟག་དེ་གང་གི་ཚེ་མི་རྣམ་ཀྱི་ནང་དུ་སྐྱེས་ན། དབུལ་པོ་བཟའ་བ་དང་། བཏུང་བ་དང་། ཁ་ཟས་ཉུང་བ་དང་། སྡུག་བསྔལ་བས་འཚོ་བའི་ཁྱིམ་རྣམསུ ་སྐྱེ་བ་ཏེ། དེ་དེར་སྐྱེས་ནས་ཀྱང་། སྡུག་བསྔལ་བར་བཟའ་བ་དང་། བགོ་བ་སྙེད་པར་གྱུར་ལ། དེ་ལོངས་སྤྱོད་དེ་དག་གིས་ཀྱང་མི་འཕེལ་བ་དང་། འདི་ནི ་ལས་གང་དང་ལྡན་ན། གང་ཟག་སྔར་ཡང་སྡུག་བསྔལ་བར་འགྱུར་ལ། ཕྱིས་ཀྱང་སྡུག་བསྔལ་བར་འགྱུར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། ་ལ་རྣ་གང་ཟག་ཕྱུག་པོར་འགྱུར་ལ། གཏོང་བ་དང་ལྡན་པའི་ལས་གང་ཞེ་ན། འདི་ལས་གང་ཟག་འགའ་ཞིག་གིས། སྡོད་བཟང ་པོར་འགྱུར་བ་རྣམས་ལ་སྦྱིན་པ་དཔག་ཏུ་མེད་པ་བྱིན་པ་ཡིན། དེས་གཏོང་བ་གོམས་པར་བྱས་པ་ཡིན་ནོ།། དེས་བསོད་ནམས་དག་གོམས་པར་ཕྱུག་པོར་འགྱུར། ་གཏོང་བ་ལ་གོམས་པས་གཏོང་བ་དང་ལྡན་པ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་འགྱུར་ལ་ཏེང་བ་དང་ལྡན་པའི་ལས་སོ།། དེ་ལ་ལས་གང་དང ་ལྡན་ན་གང་ཟག་ཕྱུག་པོར་འགྱུར་ལ་སེར་སྣ་ཅན་དུ་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་ཞིག་གིས། སྣོད་དུ་འགྱུར་བ་རྣམས་ལ། སྦྱིན་པ་ཅུང་ཟད་ཙམ ་བྱིན་པ་བྱིན་གྱིས། དེ་ལ་གཏོང་བ་ཆེར་གོམས་པར་བྱས་པ་མ་ཡིན་ཏེ། གང་ཟག་གང་གི་ཚེ་མིའི་ནང་དུ་སྐྱེས་པ་དང་ཕྱུག་པ་དང་། ནོར་དང་། ཡོ་བྱད་མང་བ ་དང་། བདག་དབང་བ་མང་བཱི་ཁྱིམ་རྣམ་སུ་སྐྱེས་པར་འགྱུར་ཏེ། སྣོད་བཟང་པོ་རྣམས་ལ་ཕུལ་བས་བསྐྱེད་པར་འགྱུར། གཏོང་བ་ལ་གོམས་པར་མ་བྱས་པས ་ནི། སེར་སྣ་ཅན་དུ་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ཕྱུག་པོར་འགྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་སོ།། དེ་ལ་ལས་གང ་དང་ལྡན་ན། གང་ཟག་དབུལ་པོར་འགྱུར་ལ། གཏོང་བ་དང་ལྡན་པར་འགྱུར་བའི་ལས་གང་ཞེ་ན། འདི་ལས་གང་ཟག་འགའ་ཞིག་གིས་སྣོད་དུ་མ་གྱུར་པ་དང་། ་པ་རྣམས་ལ་སྦྱིན་པ་མང་དུ་བྱིན་ཏེ། འཁོར་བ་ན་འཁོར་བའི་ཚེ། འཁོར་བ་ན་བསོད་ནམས་ཡོངསུ་ཉམས་ཤིང་། ཡོང་སུ་ཉམས་པར་འགྱུར། གཏོང་བའི ་རྒྱུ་ཡང་ཕྱི་ཕྱིར་ཞིང་གོམས་པ་ཡིན་ཏེ། དེའི་བསོད་ནམས་ཡོངསུ་ཟད་པའི་ཕྱིར། དབུལ་པོར་འགྱུར། སྔོན་གོམས་པར་བྱས་པར་གཏོང་བ་དང་ལྡན་པར་འགྱུར ་ཏེ། འདི་ནི་ལས་གང་དང་ལྡན་ན་གང་ཟག་དབུལ་པོར་འགྱུར་ལ། གཏོང་བ་ལ་གོམས་པ་དང་ལྡན་པའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན་གང་ཟག་གང་དབུལ ་པོར་འགྱུར་ལ། སེར་ན་ཅན་དུ་འགྱུར་བའི་ལས་གང་ཞེ་ན། འདི་ལ་གང་ཟག་འགའ་ཞིག་དགེ་བའི་བཤེས་པཉེན་དང་འབྲལ་བར་འགྱུར་ལ། དེ་སུས་ཀྱང་སྦྱིན་པའི ་ཡང་དག་པར་འཛིན་དུ་མ་བཅུག་པ་ཡིན། དེས་ཀྱང་ཅི་ཡང་མ་ཡིན་པ་ཡིན། སྡིག་པའི་ལས་ཀྱང་མི་བྱས་ཤིང་། མ་བསགས་པ་ཡིན་ཏེ། གང་ཟག་དེ་གང ་གིས་ཚེ། མི་རྣམས་ཀྱི་ནང་དུ་སྐྱེས་པ་ནི། དབུལ་པོར་བཟའ་བ་དང་། བཏུང་བའི་ཁ་ཟས་ཉུང་བ་དང་། སྡུག་བསྔལ་བ་དང་། སྡུག་བསྔལ་འཚོ་བའི ་ཁྱིམ་རྣམ་སུ་སྐྱེས་པར་འགྱུར་ཏེ། དེ་དེ་ན་སྡུག་བསྔལ་བ་བཟའ་བ་དང་། བགོ་བ་མ་རྙེད་པར་འགྱུར་ཏེ། གཏོང་བ་མགོམས་པས། དབུལ་ཞིང ་སེར་སྣ་ཅན་དུ་འགྱུར་ཏེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་དབུལ་པོར་འགྱུར་ལ། སེར་སྣ་ཅན་དུ་འགྱུར་བའི་ལས་སོ།། དེ་ལ་ལས་གང ་ལས་རྣ་གདང་ལྡན་ན། གང་ཟག་ལུས་དེ་བདེ་བར་འགྱུར་ལ། སེམས་ཀྱིས་མ་ཡིན་པའི་ལས་གང་ཞེ་ན། བསོད་ནམས་བྱས་པའི ་སོ་སོའི་སྐྱེས་པོ་སྟེ། དཔེར་ན། འཁོར་ལོ་སྒྱུར་བའི་རྒྱལ་པོ་ལྟ་བུ་སྟེ། གང་ཟག་འདི་ནི་ལུས་བདྲེ་བར་འགྱུར་ལ། སེམས་ཀྱིས་མ་ཡིན་པའོ།། དེ་ལ ་ལས་གང་དང་ལྡན་ན། གང་ཟག་སེམས་བདེ་བར་འགྱུར་ལ། ལུས་ཀྱིས་མ་ཡིན་པའི་ལས་གང་ཞེ་ན། བསོད་ནམས་མ་བྱས་པའི་དགྲ་བཅོམ་པ་སྟེ། ་དཔེར་ན་གནས་བརྟན་ལེ་ཀུན་ཅི་ཀ་ལྟ་བུ་སྟེ། གང་ཟག་འདི་ནི་སེམས་བདེ་བར་འགྱུར་ལ། ལུས་མ་ཡིན་པའོ།། དེ་ལ་ལུས་ཀྱང་བདེ་ལ་སེམས་ཀྱང ་བདེ་བའི་གང་ཟག་གང་ཞེ་ན། བསོད་ནམས་བྱས་པའི་དགྲ་བཅོམ་པ་སྟེ། དཔེར་ན་གནས་བརྟན་ཤ་རིའི་བུ་ལྟ་བུ་སྟེ། གང་ཟག་འདི་ནི་ལུས་ཀྱང་བདེ ་སེམས་ཀྱང་བདེའོ།། དེ་ལ་ལུས་ཀྱང་མི་བདེ་ལ་སེམས་ཀྱང་མི་བདེ་བའི་གང་ཟག་ཞེ་ན། འདི་ལྟ་སྟེ་བསོད་ནམས་མ་བྱས་པའི་སོ་སོའི་སྐྱེའོ་སྟེ། གང་ཟག ་འདི་ནི་ལུས་ཀྱང་མི་བདེ་ལ་སེམས་ཀྱང་མི་བདེའོ།། དེ་ལ་གང་ཟག་གང་གི་ཚེ་ཟད་པར་འགྱུར་ལ། ལས་མ་ཟད་པ་གང་ཞེ་ན། གང་ཟག་སེམས་ཅན་དམྱ ་བ་ནས་ཤི་འཕོས་ནས། སེམས་ཅན་དམྱལ་བར་སྐྱེ་བ་དང་། དུད་འགྲོ་ནས་ཤི་འཕོས་ནས་དུད་འགྲོར་སྐྱེ་བ་དང་། ཡི་དགས་ནས་ཤི་འཕོས་ནས་ཡི་དག་སུ ་སྐྱེ་བ་དང་། ལྷ་ལས་ཤི་འཕོས་ནས་ལྷར་སྐྱེ་བ་དང་། མི་ལས་ཤི་འཕོས་ནས་མིར་སྐྱེ་བ་དང་། གང་ཟག་འདི་ནི་ཚེ་ཟད་པར་འགྱུར་ལ་ལས་མ་ཟད་པའོ།། ། ་དེ་ལ་གང་ཟག་གང་གིས་ལས་ཟད་པར་འགྱུར་ལ། ཚེ་མ་ཟད་པ་གང་ཞེ་ན། གང་ཟག་སྔར་བདེ་བར་འགྱུར་ལ་དང་། ཕྱིས་སྡུག་བསྔལ་བར་འགྱུར་བ་དང་། ་སྔར་སྡུག་བསྔལ་བར་འགྱུར་ལ། ཕྱིས་བདེ་བར་གྱུར་པ་སྟེ། གང་ཟག་དེའི་ལས་ཟད་པར་འགྱུར་ལ་ཚེ་མ་ཟད་པའོ།། དེ་ལ་གང་ཟག་གང་གིས་ལས ་ཟད་ལ། ཚེ་ཟད་པ་གང་ཞེ་ན་གང་ཟག་གང་སེམས་ཅན་དམྱལ་བ་ནས་ཤི་འཕོས་ཏེ། དུད་འགྲོ་བ་དང་། དུད་འགྲོ་ནས་ཤི་འཕོས་ཏེ། ཡི་དགས་སུ ་སྐྱེ་བ་དང་། ཡི་དགས་ལས་ཤིས་འཕོས་ནས། ལྷ་མ་ཡིན་གྱི་ནང་དུ་སྐྱེ་བ་དང་། ལྷ་མ་ཡིན་ལས་ཤི་འཕོས་ནས་མིའི་ནང་དུ་སྐྱེ་བ་དང་། མི་ལས་ཤི་འཕོས་ནས། ་ལྷའི་ནང་དུ་སྐྱེ་བ་སྟེ། གང་ཟག་དེ་ནི་ཚེ་ཡང་ཟད་ལས་ཀྱང་ཟད་པའོ།། དེ་ལ་ཉོན་མོངས་པ་རྣམས་ཟད་ལ། ཚེ་དང་ལས་མ་ཟད་པ་གང་ཞེ་ན། རྒྱུན་དུ་ཞུགས ་པ་དང་། ལན་ཅིག་ཕྱིར་བ་དང་། དགྲ་བཅོམ་པ་སྟེ། གང་ཟག་དེ་ནི་ཚེ་ཡང་མ་ཟད་ཅིང་། ལས་ཀྱང་མ་ཟད་ལ། ཉོན་མོངས་པ་རྣམས་ཟད་པ་ཡིན་ནོ།། ་དེ་ལ་ལས་གང་དང་ལྡན་ན་གང་ཟག་ངན་སོང་རྣམསུ་སྐྱེས་ལ། གཟུགས་བཟང་བ་དང་། མཛེས་པ་དང་། བལྟ་ན་སྡུག་པ་དང་། མདོག་བསྡུམ་པ་དང་། ལྤགས ་ལས་རྣ་བཔ་སྣུམ་པ་དང་། མིག་དུ་སྡུག་པར་འགྱུར་བའི་ལས་གང་ཞེ་ན། འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་ངང་ཚུལ་ངན་པའི་སྟེ། འདི་ནི ་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམས་སུ་སྐྱེས་ལ། གཟུགས་བཟང་བ་དང་། བལྟ་ན་སྡུགས་པ་དང་། མཛེས་པ་དང་། མདོག་བསྣམ་པ་དང་། ་ལྤགས་བསྡུམ་པ་དང་། མིག་དུ་སྡུག་པར་འགྱུར་བའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམསུ་སྐྱེས་ལ། མདོག་མི་སྡུག་པ་དང་། ་ལུས་མི་སྡུག་པ་དང་། ལྟ་བ་དང་མི་མཐུན་པའི་ལས་གང་ཞེ་ན། ཞེས་ཀྱིས་ཀུན་ནས་བསླང་བའི་ངང་ཚུལ་ངན་པ་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ངན ་སོང་རྣམ་སུ་སྐྱེས་ལ། མདོག་མི་སྡུག་པ་དང་། ལུས་བཙུབ་པ་དང་། ལྟ་ན་མི་སྡུག་པ་དང་། བལྟ་བ་དང་མི་མཐུན་པའི་ལས་སོ།། དེ་ལ་ལས་གང་དང་ལྡན་ན། ་གང་ཟག་ངན་སོང་རྣམསུ་སྐྱེས་ལ། དྲི་མི་ཞིམ་པ་དང་། དབང་པོ་མི་གསལ་བ་དང་། དབང་པོ་མི་རྣོ་བར་འགྱུར་བའི་ལས་གང་ཞེ་ན། གཏི་མུག་གིས་ཀུན་ནས ་བསྲང་བའི་ངང་ཚུལ་ངན་སྟེ། འདི་ནི་ལས་གང་དང་ལྡན་ན། གང་ཟག་ངན་སོང་རྣམསུ་སྐྱེ་ལ། དྲི་མི་ཞིམ་པ་དང་། དབང་པོ་མི་གསལ་བ་དང་། དབང་པོ་མི་རྣོ་བར ་འགྱུར་བའི་ལས་སོ།། དེ་ལ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་ཡང་དག་པར་སྤངས་པའི་རྒྱུས་ཕྱི་རོལ་གྱི་དངོས་པོ་བཅུ་རྒུད་པར་སྣང་བ་གང་ཞེ་ན། སྲོག་བཅོད་པའི ་རྣམ་པར་སྨིན་པས་ནི། སའི་མཐུ་ཡོངསུ་ཉམས་པར་འགྱུར་རོ།། མ་བྱིན་པར་ལེན་པའི་རྣམ་པར་སྨིན་པ་ནི། སེར་བ་དང་། བྱི་བ་དང་། སྲིན་བུ་དང་། མུ་གེ་ལ་སོ ་པ་འབྱུང་བར་འགྱུར་རོ།། འདོད་པ་ལོག་པར་གཡེམ་པའི་རྣམ་པར་སྨིན་པས་ནི། ཚ་བ་དང་། སེར་བ་འབབ་པ་དང་། རྡུལ་དང་། རླུང་དང་། ཆར་གྲག་པོ་འབྱུང ་བར་འགྱུར་རོ།། རྫུན་དུ་སྨྲ་བའི་རྣམ་པར་སྨིན་པས་ནི་དྲི་མི་ཞིམ་པར་འགྱུར་རོ།། ཕྲ་མའི་རྣམ་པར་སྨིན་པས་ནི། མཐོ་དམའ་དང་། དམ་འགྲོག་དང་། འདམ ་རྫ་བ་དང་། གཡང་ས་དང་། ལྕག་ལྕི་བ་དང་། ངན་སྐྱེས་ཀྱི་ལྡན་ལྗིན་དང་འབྱུང་བར་འགྱུར་རོ།། ངག་རྩུབ་མོའི་རྣམ་པར་སྨིན་པས་ནི། འབྲས་བུ་ངན་པ་དང་། ་རེག་ཏུ་མི་བཟོད་པ་དང་། གསེག་མ་གྱོ་མོག་དང་། ཚེར་མ་ཚང་ཚིང་དག་ཏུ་འབྱུང་བར་འགྱུར་རོ།། ཚིག་ཁྱལ་པའི་རྣམ་པར་སྨིན་པས་ནི་རྩ་ཚང་ཚིང་དང་། ནགས ་ཐིབས་པོ།། ཁྲི་ཤིང་། ཚེར་མ་ཚང་ཚིང་དག་ཏུ་འབྱུང་བར་འགྱུར་རོ།། བརྣ་བ་སེམས་ཀྱིས་རྣམ་པར་སྨིན་པས་ནི། ལོ་ཏོག་ལ་སོགས་པ་འབྲས་བུ་ཉུང་བར ་འགྱུར་རོ།། གནོད་སེམས་ཀྱི་རྣམ་པར་སྨིན་པས་ནི། འབྲས་བུ་དང་། ས་བོན་ཚ་བ་དང་། ཁ་བ་འབྱུང་བར་འགྱུར་རོ།། ལོག་པར་ལྟ་བ་ཡང་དག་པར་བླངས ་བའི་རྒྱུར། ཕྱིས་འབྲས་བུ་མེད་པ་དང་། ཉུང་བའི་སར་འབྱུང་བར་འགྱུར་རོ།། མི་དགེ་བའི་པོ་འདི་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་རྒུད་པར་སྣང་ངོ་།། ་ལམ་གྱི ་དགེ་བ་བཅུའི་ལམ་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་བཅུ་ཕུན་སུམ་ཚོགས་པར་སྣང་ངོ་།། བཅུ་གང་ཞེས་ན། སྲོག་གཅོད་དེའི ་སྤངས་པའི་རྣམ་པར་སྨིན་པས་ནི། སའི་མཐུ་མེད་པར་མི་འགྱུརརོ།། མ་བྱིན་པར་ལེན་པ་སྤངས་པའི་རྣམ་པར་སྨིན་པས་ནི། སེར་བ་དང་སྲིན་བུ་དང་མུ་གེ་ལ་སོགས་འབྱུང་བར ་མི་འགྱུར་རོ།། འདོད་པས་ལོག་པར་གཡེམ་པ་སྤངས་པའི་རྣམ་པར་སྨིན་པས་ནི། སང་བབ་པ་དང་། རྡུལ་དང་། རླུང་དང་། ཆར་གྲག་པོ་འབྱུང་བར་མི་འགྱུ་རོ།། བརྫུན་དུ ་སྨྲ་བ་སྤངས་པའི་རྣམ་པར་སྨིན་པས་ནི། དྲི་མི་ཞིམ་པར་འབྱུང་བར་མི་འགྱུར་རོ།། ཕྲ་མ་སྤངས་པའི་རྣམ་པར་སྨིན་པས་ནི། ངན་གྲོག་དང་། གཡང་ས་དང་། འདབ་རྣག ་དང་། ངན་སྐྱུགས་ཀྱིས་ལྡན་ལྗིན་དང་། དོང་རྣམས་འབྱུང་བར་མི་འགྱུར་རོ།། ངག་བརྩུབ་པོ་སྤངས་པའི་རྣམ་པར་སྨིན་པས་ནི་གསེགས་མ་དང་། གྱོ་མོག་དང་གྱོ་དུམ་གྱིས ་རེག་པ་འབྱུང་བར་མི་འགྱུར་རོ།། ཚིག་ཁྱལ་པ་སྤངས་པའི་རྣམ་པར་སྨིན་པས་ནི། རྩ་ཚང་ཚིང་དང་། ནགས་ཐིབ་པོ་དང་། ཚེར་མ་ཚང་ཚིང་རྣམས་འབྱུང་བར་མི་འགྱུར་རོ།། ་བརྣབས་སེམས་སྤངས་པའི་རྣམ་པར་སྨིན་པས་ནི། ལོ་ལ་སོགས་པའི་འབྲས་བུ་དང་བཅས་པ་འབྱུང་བར་འགྱུར་རོ།། གནོད་སེམས་སྤངས་པའི་རྣམ་པར་སྨིན་པས་ནི། ་ལོ་ལེགས་པ་དང་། འབྲས་བུ་དང་། ས་བོན་མི་ཁ་བ་དང་། མི་ཚ་བ་རྣམས་འབྱུང་བར་འགྱུར་རོ།། ལོགས་པར་ལྟ་བ་རྣམ་པར་སྨིན་པས་ནི། འབྲས་བུ་མེད་པ་དང་། ་ཆུང་བ་མ་ཡིན་པའི་ས་བོན་རྣམས་འབྱུང་བར་འགྱུར་རོ།། དགེ་བ་བཅུའི་ལས་ཀྱིས་ལམ་བཅུ་པོ་དེ་ཡང་དག་པར་བླངས་པའི་རྒྱུས། ཕྱི་རོལ་གྱི་དངོས་པོ་འདི་དག་ཕུན་སུམ་ཚོགས་པར ་སྣང་ངོ་།། བྲམ་ཟེའི་ཁྱེའུ་སྲོག་གཅོད་པ་ལ། ཉེས་མིགས་བཅུ་པོ་འདི་དག་རིག་པར་བྱ་སྟེ། བཅུ་གང་ཞེ་ན། ཤར་གཉེན་པ་མང་བ་དང་། མཐོང་ན་ཡིད་དུ་མི་འོང་བ་དང་། ་སྡིག་པ་རྣམས་སེམས་དཔའ་དང་། དེ་ལས་སེམས་ཅན་རྣམས་འཇིགས་པར་འགྱུར་བ་དང་། མི་བདེ་ཞིང་ཉལ་བ་དང་། མི་བདེ་ཞིན་སད་པ་དང་། སྡིག་པ་ཅན་གྱི་རྨི་ལམ ་རྨིབ་དང་། རྨུགས་ཏེ་འཆི་བའི་དུས་བྱེད་པར་འགྱུར་བ་དང་། འགྱོད་པར་འགྱུར་བ་དང་། ཚེ་ཐུང་བར་འགྱུར་བ་ལ་སོགས་ཤིང་། ལུས་དང་བྲལ་ནས་མཆི་འཕོས་པའི་འོག་ཏུ། ་ངན་སོང་ངན་འགྲོ་རྣམས་སུ་ལྟུང་བ་ན། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། མ་བྱིན་པར་ལེན་པ་ཉེས་དམིགས་བཅུར་རིག་པར་བྱས་ཏེ། བཅུ་གང་ཞེ་ན། ་མཁོན་བཅུགས་སུ་འགྱུར་བ་དང་། དོགས་པར་འགྱུར་བ་དང་། དུས་མ་ཡིན་པར་འགྱུར་བ་དང་། སྡིག་པའི་གྲོགས་པོས་ཡོངསུ་ཟིན་པ་དང་། དགེ་བའི་བཤེས་གཉེན་གྱིས་རྣམ ་བར་སྤངས་པ་དང་། ཚུལ་ངན་པ་དང་། རྒྱལ་པོའི་གནོད་པ་དང་། ཆད་པའི་གནོད་པ་འབྱུང་བ་དང་། ལོངས་སྤྱོད་ཀྱིས་ཕོངས་པར་འགྱུར་བའི་སྤྱོད་ཅིང་། བསགས་པ་དང་། ་ལུས་དང་བྲལ་ནས་ཤི་བའི་འོག་དུ། ངན་སོང་ངན་འགྲོར་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། འདོད་པས་ལོག་པར་གཡེམ་པས་ཉེས་དམིགས ་བཅུར་རིག་པར་བྱས་སྟེ་བཅུ་གང་ཞེ་ན། བདག་གི་ཆུང་མ་ལ་ཉལ་པོ་བྱེད་པ་དེ་དག། དེ་ལ་གླགས་ཚོལ་བར་འགྱུར་བ་དང་། དེ་ལ་ཆུང་མ་དང ་བཅོད་པར་འགྱུར་བ་དང་། མི་དགེ་བའི་ཆོས་འཕེལ་བར་འགྱུར་བ་དང་། དེའི་དགེ་བའི་ཆོས་ཡོངས་སུ་འགྲིབ་ཅིང་ཡོངསསུ་ཟད་པར་འགྱུར་བ་དང་། བདག་མ་སྤངས་ཤིང་གཞན ་བསྲུངས་པ། དེའི་བུ་དང་ཆུང་མ་དང་། ནོར་རྣམས་སྤངས་ཤིང་མ་བསྲུངས་པ་དང་། དོགས་པར་འགྱུར་བ་དང་། མཛའ་བཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་མཚན ་ཞང་རྣམ་ཡིད་མ་སྟོན་པ་དང་། བྱ་བ་མེད་པ་དང་། བཅས་པར་འགྱུར་བའི་ལས་བྱེད་ཅིང་བསགས་པ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ། ངན་སོང་ངན་འགྲོ་རྣམས་པར ་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་པར་འགྱུརརོ།། རྫུན་དུ་སྨྲས་པ་ལ་ཉེས་པ་དམིགས་བཅུར་རིག་པར་བྱས་ཏེ། བཅུ་གང་ཞེ་ན། དེའི་ཁ་གནམ་པར་འགྱུར་བ་དང་། ་དེའི་ལུས་ལ་ལྷ་རྣམས་འབང་བར་འགྱུར་བ་དང་། མི་མ་ཡིན་པ་རྣམས་ཀྱིས་དེ་ལ་གླགས་རྙེད་པར་འགྱུར་བ་དང་། བདེན་པར་སྨྲས་ཀྱང་དེ་ལ་སུ་ཡང་ཡིད་ཆེས་པར་མི་འགྱུར། ་བ་དང་། ཡིད་ཆེས་པར་བྱ་བའི་གནས་རྣམས་སུ་མཁས་པ་རྣམས་དེ་ལ་དྲི་བར་མི་སེམས་པ་དང་། དེའི་བདེན་པ་མ་ཡིན་པའི་སྔགས་པ་བརྗོད་པ་དང་། སྒྲ་དང་ཚིག་སུ་བཅད་པ ་མ་ཡིན་པ་དང་། བཟུང་བའི་ཚིགས་དུ་མི་འགྱུར་བ་དང་། སྐུར་པ་འདེབས་པར་འགྱུར་བའི་ལས་བྱེད་ཅིང་། བསོགས་པ་དང་། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་སོང་ངན ་རྣམས་པར་ལྟུང་བ། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། འབྲུ་དང་འདྲ་བུ་ཆུང་བག་མེད་པའི་གནས་ལ། ཉེས་དམིགས་སུམ་བཅུ་རྩ་དྲུག་ཏུ་རིག་པར་བྱས་ཏེ། ་སུམ་བཅུ་རྩ་དྲུག་གང་ཞེ་ན། ཚེ་འདི་ལ་ནོར་ཟས་པ་དང་། ནད་ཀྱི་བཞིར་འགྱུར་བ་དང་། འཐབ་པ་དང་། འཚང་འབྲུ་བ་དང་། བརྩོད་པ་འཕེལ་བ་དང་། གསང་བའི་གནས་སྟོན ་པ་དང་། ཤེས་རབ་ཉམས་པར་བྱེད་པ་དང་། མ་ཐོབ་པའི་ལོངས་སྤྱོད་རྣམས་ལས་ཡོང་སུ་ཉམས་པར་འགྱུར་བ་དང་། ལས་ཀྱི་མཐའ་གསང་བ་བརྟོལ་བར་འགྱུར་བ་དང་། ་ལས་ཀྱི་མཐའ་རྣམས་ཡོང་སུ་ཉམས་པ་དང་། མྱ་ངན་ཙ་བར་འགྱུར་བ་དང་། ཉམས་ཆུང་བར་འགྱུར་བ་དང་། མར་མི་ཤེས་པར་འགྱུར་བ་དང་། པར་མི་ཤེས་པར་འགྱུར་བ ་དང་། དགེ་སྦྱོང་དུ་མི་ཤེས་པར་འགྱུར་བ་དང་། བྲམ་ཟེ་མི་ཤེས་པར་འགྱུར་བ་དང་། རིགས་ཀྱི་བཙོ་བོ་ལ་རིམ་འགྲོ་མི་བྱེད་པར་འགྱུར་བ་དང་། སངས་རྒྱས་ལ་གུས་པར་མི ་འགྱུར་བ་དང་། ཆོས་ལ་གུས་པར་མི་འགྱུར་བ་དང་། དགེ་འདུན་ལ་གུས་པར་མི་འགྱུར་བ་དང་། སྡིག་པའི་གྲོགས་པོར་ཡོངསུ་ཟིན་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན ་གྱིས་རྣམ་པར་སྤངས་པར་འགྱུར་བ་དང་། ངོ་ཚ་བ་མེད་པར་འགྱུར་བ་དང་། འཛེམ་པར་མེད་པར་འགྱུར་བ་དང་། དབང་པོ་སྒོ་མ་བསྡམས་པར་འགྱུར་བ་དང་། བུད་མེད་རྣམས ་ལ་བག་མེད་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ཡིད་དུ་མི་འོང་བར་འགྱུར་བ་དང་། ཉེ་དུ་དང་སྣག་གི་ཉེ་མཚམས་བཙུན་པ་རྣམས་ཀྱིས་སྨད་པར་འགྱུར་བ་དང་། དམ་པའི་ཆོས་མ ་ཡིན་པར་ཡོངསུ་འཛིན་པ་དང་། དམ་པའི་ཆོས་ཡོངསུ་སྤངས་པ་དང་། ཡིད་ཆེས་པར་བྱ་བའི་གནས་རྣམས་སུ་མཁས་པ་རྣམས་ཀྱིས་དེ་བཞིན་གབྱེ་བར ་མི་བསམ་པ་དང་། བག་མེད་པ་ལ་གཡེམ་པ་དང་། དེ་ལ་མྱ་ངན་ལས་འདས་པ་རིང་བར་འགྱུར་བ་དང་། མྱོས་པར་འགྱུར་བ་དང་། མྱོས་པར་འགྱུར་བའི་ལས་བྱེད་ཅིང་། གསོགས ་པ་དང་། ལུས་དང་བྲལ་ནས་ཤི་བའི་འོག་དུ་ངན་སོང་ངན་འགྲོ་རྣམས་སུ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེའོ།། །། བྲམ་ཟེའི་ཁྱེའུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ ་སྦྱར་བའི་ཕན་ཡོན་བཅུ་པོ་འདི་སྟེ། བཅུ་གང་ཞེ་ན། རྒྱ་ཆེ་བོའི་ཁྱིམ་དུ་སྐྱེ་བ་མ་ཐོབ་པ་དང་། རྒྱ་ཆེན་པོའི་གཟུགས་དང་། རྒྱ་ཆེ་བའི་འཁོར་གཡོག་དང་། རྒྱ་ཆེ་བའི་མཆོད་པ་དང་། ་རྒྱ་ཆེ་བའི་བཀུར་ཏི་དང་། རྒྱ་ཆེ་བའི་ནོར་དང་། རྒྱ་ཆེ་བའི་ཐོས་པ་དང་། རྒྱ་ཆེ་བའི་དད་པ་དང་། རྒྱ་ཆེ་བའི་དྲན་པ་དང་། རྒྱ་ཆེ་བའི་ཤེས་པ་དང་། རྒྱ་ཆེ་བའི་རྟོག་པ་དེ་བཅུ་པོ་དེ ་དག་ནི། དེ་བཞིན་གཤེགས་པའི་མཆོད་པརྟེན་ལ་ཐལ་མོ་སྦྱར་བའི་ཡོན་ཏན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། ་གཟུགས་བཟང་བ་སྟེ། མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། མཛེས་ཏེ། མིག་དུ་སྡུག་པར་འགྱུར་བ་དང་། སྙན་ཅིང་གཟུང་བའི་ཚིག་དུ་འགྱུར་བ་དང་། བག་ཚ ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། གཟི་བརྗིད་ཆེན་པོར་འགྱུར་བ་དང་གཟི་བརྗིད་ཆེན་པོར་འགྱུར་བ་གང་ཟག་འདི་ལྟ་སྟེ། སངས ་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། ཉན་ཐོས་རྣམས་དང་། འགྲོགས་པར་འགྱུར་བ་དང་། ལོངས་སྤྱོད་ཆེན་པོར་འགྱུར་བ་དང་། མཐོ་རིས་སུ། ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བྱས་པའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི ་མཆོད་རྟེན་ལ་རྡུལ་ཕྱགས་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་། བལྟ་ན་སྡུག་པ་དང་མཛེས་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། ་དེའི་འདོད་ཆགས་དང་ཞེ་སྡང་དང་། གཏི་མུག་བསྲབས་པར་འགྱུར་བ་དང་། ལམ་དུ་འགྲོ་ན་རྩ་དང་། གསེག་མ་དང་། གྱོ་མོ་རྣམས་མེད་པར་འགྱུར་བ་དང་། བཙུན་པའི་རིགསུ་སྐྱེ་བ ་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རི་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོང་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི ་མཆོད་རྟེན་ལ་ཕྱག་དར་བྱས་པའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུག་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་གདུགས་ལྟ་བུར་འགྱུར། ་བ་དང་། ལུས་ལ་གདུང་བ་མེད་པར་འགྱུར་བ་དང་། སེམས་ལ་གདུང་བ་མེད་པར་འགྱུར་བ་དང་། འཇིག་རྟེན་གྱི་མཆོད་རྟེན་དུ་འགྱུར་བ་དང་། བདག་པོར་འགྱུར་བའི་ལས་བྱེད ་ཅིང་སྩོགས་པ་དང་། འཁོར་ལོ་སྒྱུར་བའི་རྒྱལ་པོ་སྲིད་ཡང་ནས་ཡང་དུ་འཐོབ་པ་དང་། དབང་ཆེ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར ་@#མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་གདུགས་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཅེ ་པའི་མཆོད་རྟེན་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བར་འགྱུར་བ་དང་། སྒྲ་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བ་དང་ལྡན་པར་འགྱུར ་བ་དང་། ཀ་ལ་བྱིང་ཀའི་སྒྲ་ལྟ་བུའི་སྤྲས་པ་དང་ལྡན་པར་འགྱུར་བ་དང་། བཟུང་བའི་ཚིག་དུ་འགྱུར་བ་དང་། རབ་ཏུ་དགའ་བར་འགྱུར་བ་དང་། ཀུན་དགའ་བ་རྒྱ་ཆེན་པོའི་སྒྲ་ཐོས ་པ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེས་པར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་ཏེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན ་ལ་དྲིལ་བུ་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་རྒྱལ་མཚན་ལྟ་བུར་འགྱུར་བ་དང་། མཛའ ་ཤེས་དང་། བློན་པོ་དང་། ཉེ་དུ་དང་། སྣག་གི་གཉེན་མཚམས་ཀྱིས་བསྟི་བསྟང་དུ་བྱེད་པ་བླ་མ་བྱེད། རི་མོར་བྱེད། མཆོད་པར་བྱེད་པ་དང་། ཕྱོགས་དང་ཕྱོགས་མཚམས་སུ་དེའི ་གྲགས་པ་དང་། བརྗོད་པ་དང་། སྒྲ་དང་ཚིག་སུ་བཅད་པ་མངོན་དུ་འབྱུང་བ་དང་། གཟུགས་བཟང་བཞིང་བལྟ་ན་སྡུག་ལ། མཛེས་པར་འགྱུར་བ་དང་། སྐྱེ་བ་གཞན་རྣམས་སུ། ་ཚེ་རིང་ཞིང་རིང་དུ་གནས་པར་འགྱུར་བ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། རིགས་བཙུན་པར་སྐྱེས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས། ་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདས་པར་འགྱུར་བ་སྟེ། བཅུ་གང་ཞེ་ན་བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་བ་དན་ཕུལ་བའི་ཕན་ཡོན་ནོ།། ་དེ་བཞིན་གཤེགས་པ་ལ་ནམ་ཟེ་གསོལ་པའི་ཕན་ཡོན་བཅུ་གཉིས་ཏེ། བཅུ་གཉིས་གང་ཞེ་ན། མཛེས་ཤིང་ལྟ་ན་སྡུག་པར་འགྱུར་བ་དང་། པགས་པ་འཇམ་པ་དང་། པགས་པ་སྣུམ་པ ་དང་། པགས་པ་སྲབ་པ་དང་། དེའི་ལུས་ལ་དྲི་མ་མི་ཆགས་པ་དང་། དེའི་གོས་བཟང་པོར་འགྱུར་བ་དང་། གཏིང་བ་དང་། གོས་ཕྲ་མོ་རྙེད་པར་འགྱུར་བ་དང་། ངོ་མཚ་ཡོད་པ་དང་། ་ཁྲེལ་ཡོད་པ་དང་། ཕུན་སུམ་ཚོགས་པར་འགྱུར་བ་དང་། མཐོང་ན་དགའ་བར་འགྱུར་བ་དང་ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ ་མྱ་ངན་ལས་འདའ་བ་སྟེ། བཅུ་གཉིས་པོ་འདི་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་གསོལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ ་ཁའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་། དེའི་སྣའི་དབང་པོ་རྣམ་ཡང་ཉམས་པར་མི་འགྱུར་བ་དང་། ལུས་དྲི་ང་བ་རྣམས་པར་དག་པར ་འགྱུར་བ་དང་། དྲི་ཞིམ་པོར་འབྱུང་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་དག་ཏུ་དེ་ཚུལ་ཁྲིམས་ཀྱི་དྲིའི་ངད་ལྡན་པར་འགྱུར་བ་དང་། འཇིག་རྟེན་གྱི་མངོན་དུ་འགྲོ་བར་བྱ ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེས་པར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདརའ་བ་སྟེ། ་བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་བུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྲེང་བ་ཕུལ་བའི་ཕན། ་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་ཕྲེང་བ་ལྟ་བུར་འགྱུར་བ་དང་། ལུས་དྲི་ང་བར་རྣམ་པར་དག་པར་འགྱུར་བ་དང་། ཕྱོགས་དང་ཕྱོགས་འཚམ་སུ་ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ ་ངད་ལྡན་པ་དང་། རྟག་ཏུ་འདྲི་ཞིམ་པོར་འགྱུར་བ་དང་། རྒྱན་པར་འགྱུར་བ་དང་། གཡོག་འཁོར་མི་ཕྱེད་པར་འགྱུར་བ་དང་། སྐྱེས་བུ་དང་བུད་མེད་རྣམས་ཀྱི་ཡིད་དུ་འོང་བར་འགྱུར ་བ་དང་། ཁོངས་སྤྱོད་ཆེ་བར་འགྱུར་བ་དང་མཐོ་རིས་སུ་སྐྱེས་པར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ ་ཕྲེང་བ་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་མར་མེ་ལྟ་བུར་འགྱུར་བ་དང་། ཤའི་མིག་རྣམ ་པར་དག་པར་འགྱུར་བ་དང་། ལྷའི་མིག་རྣམས་པར་དག་པར་ཐོབ་པར་འགྱུར་བ་དང་། དགེ་བ་དང་མི་དགེ་བའི་ཆོས་རྣམ་ལ་ཤེས་རབ་འབྲང་བར་འགྱུར་བ་དང་། མ་རིག་པ་དང་། གཏི ་མུག་གིས་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་ཐོབ་པར་འགྱུར་བ་དང་། དེ་ཡང་འཁོར་བ་ན་འཁོར་བའི་ཚེ། ནམ་ཡང་མུན་པ་ན། གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར ་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་ཏུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན། ་དེ་ལ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང་། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ། ་དང་། ལུས་ཀྱི་དྲི་ང་བ་རྣམས་པར་འགྱུར་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། གཟུགས་བཟང་བར་འགྱུར་བ་དང་། འཇིག་རྟེན་གྱིས་མངོན་པར་འགྲོ་བར་བྱ་བར་འགྱུར ་བ་དང་། སྡུག་པའི་ཆོས་རྣམས་ཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདས་ཏེ། ་བཅུ་པོ་དེ་དག་གི་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་ཡོན་ནོ།། དེ་བཞིན་གཤེགས་པའི་མཆོད་རྟེན་ལ། སིལ་སྙན་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང ་ཞེ་ན། གཟུགས་བཟང་ཞིང་ལྟ་ན་སྡུག་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། ཡིད་དུ་འོང་བའོ་སྨྲས་པ་དང་ལྡན་པར་འགྱུར་བ་དང་། གྲགས་དང་། ལྡན་པར་འགྱུར། ་བ་དང་། བཟུང་བའི་ཚིག་ཏུ་འགྱུར་བ་དང་། རྟག་ཏུ་དགའ་བར་འགྱུར་བ་དང་། ཀུན་དགའ་བའི་སྒྲ་ཆེན་པོ་ཐོས་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས ་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བ་སྟེ། བཅུ་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སིལ་བསྙན་ཕུལ་བའི་ཕན་ཡོནོ།། ། ་དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་ནི་བཅཝོ་བརྒྱད་ཏེ། བཅོ་བརྒྱད་གང་ཞེ་ན། རྒྱ་ཆེན་པོའི་ཁྱིམ་དུ་སྐྱེས་པར་འགྱུར་བ་ཐོབ་པ་དང་། གཟུགས་བཟང་པོ ་འགྱུར་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་བ་དང་། དབང་ཆེ་བར་འགྱུར་བ་དང་། གཡོག་འཁོར་ཆེ་བར་འགྱུར་བ་དང་། འཁོར་མི་བྱེད་པར ་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མངོན་དུ་འགྲོ་བར་བྱ་བར་འགྱུར་བ་དང་། རྟེན་དུ་འགྱུར་བ་དང་། ཕྱོགས་བཅུར་བརྗོད་པ་དང་། སྒྲ་དང་ཚིགསུ་བརྒྱ་ཆེན་པོ་མངོན་དུ ་འགྱུར་བ་དང་། ལྷ་དང་མིས་མཆོད་པར་འགྱུར་བ་དང་། ནོར་ཆེན་པོ་མང་པོ་དང་ལྡན་པར་འགྱུར་བ་དང་། འཁོར་ལོ་སྒྱུར་བའི་རྒྱལ་སྲིད་ཐོབ་པར་འགྱུར་བ་དང་། ཚེ་དང་ལྡན་པར ་འགྱུར་བ་དང་། ལུས་རྡོ་རྗེའི་ཚོགས་པལྟ་བུར་འགྱུར་བ་དང་། ལུས་མཚན་དང་དཔེ་བྱད་ཀྱི་བརྒྱན་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ ་མྱ་ངན་ལས་འདའ་བ་སྟེ། བཅོ་བརྒྱད་པོ་དེ་དག་ནི། དེ་བཞིན་གཤེགས་པའི་མཆོད་རྟེན་བྱེད་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་བླ་མའི་གནས་སུ་འགྱུར་བ་དང་། ་སྔགས་པར་འགྱུར་བ་དང་། སྐྱེ་བོ་མང་པོ་ལ་གྲགས་པ་དང་། བརྗོད་པ་དང་། སྒྲ་དང་ཚིག་སུ་བཅད་པ་མིང་པོ་འབྱུང་བར་འགྱུར་བ་དང་། བདེ་བ་དང་ཡིད་བདེ་བ་མང་བར ་འགྱུར་བ་དང་། གཞོན་པ་དང་། ཁྲི་བསྟན་དང་། རིམ་འགྲོ་བྱེད་པ་དང་། མི་ལྡན་པར་མི་འགྱུར་བ་དང་། འཇིག་རྟེན་གྱིས་མངོན་དུ་བྱ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར ་འགྱུར་བ་དང་། དབང་ཆེ་བར་གྲགས་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་ཁྲི་སྟན་བྱིན་པའི་ཕན་ཡོན་ནོ།། ། ་ཁྲི་བསྟན་སྦྱིན་པའི་ཕན་ཡོན།། ་འབན་བྱིན་པའི་བན་ལོན་བཅུ་སྟེ། བཅུ་གང་ཞེ་ན། དེ་བཞོན་པ་རྣམས་ཀྱིས་བྲིལ་པར་མི་འགྱུར་བ་དང་། བཀང་བ་ལེགས་པར་གནས་པར་འགྱུར་བ་དང་། ལེམ་དུ་འགྲོ་བ་ན་སྤོངས ་དང་ལྡན་པར་འགྱུར་བ་དང་། དེའི་ལུས་ངལ་བར་མི་འགྱུར་བ་དང་། འགྲོ་ན་འཚེར་མ་དང་། གསེག་མ་དང་། གྱོ་མོག་རྣམ་ཀྱིས་རྐང་པ་སྣང་བར་མི་འགྱུར་བ་དང་། རྫུ་འཕྲུལ་ཐོབ་པར ་འགྱུར་བ་དང་། རིམ་འགྲོ་བྱེད་པ་དང་། མི་ལྡན་པར་མི་འགྱུར་བ་དང་། མཐོ་རས་སུ་སྐྱེ་བར་མི་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི། ཕན་བྱིན ་པའི་ཕན་ཡོན་ནོ།། སྣོད་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་གྱི་ཡོན་ཏན་ལྟ་བུར་འགྱུར་བ་དང་། མདོག་སྣུམ་པར་འགྱུར་བ་དང་། སེམས་རྒྱུད་ཁྱེན་པར་འགྱུར་བ་དང་། ་སྙོམས་པར་མི་འགྱུར་བ་དང་། སྐོམ་ན་ཡང་ཆུ་འབྱུང་བར་འགྱུར་བ་དང་། ཡི་དགས་སུ་སྐྱེ་བར་མི་འགྱུར་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར ་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་སྣོད་བྱིན་པའི་ཕན་ཡོན་ནོ།། ཟས་སྦྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། ་ཚེ་རིང་བར་འགྱུར་བ་དང་། ཁ་དོག་དང་ལྡན་པར་འགྱུར་བ་དང་། སྤོབས་པ་དང་ལྡན་པར་འགྱུར་བ་དང་། དྲན་པ་དང་ལྡན་ཞིང་སྟོབས་དང་ལྡན་པར་འགྱུར་བ་དང་། བག་ཚ་བ་མེད་པ ་འཁོར་ནང་ན་འགྲོ་བ་དང་འཁོར་མཐུན་པར་འགྱུར་བ་དང་། ལྷ་དང་མི་རྣམས་དགའ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ ་ཡོངསུ་མྱ་ངན་ལས་འདའ་སྟེ། བཅུ་པོ་དེ་དག་ནི་ཟས་བྱིན་པའི་ཕན་ཡོན་ནོ།། གཞོན་པའི་བྱིན་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། རྐང་པ་ཤིན ་ཏུ་གཞོན་པར་འགྱུར་བ་དང་། རྐང་པ་ཤིན་དུ་གནས་པར་འགྱུར་བ་དང་། རྐང་པས་འགྲོ་ནས་ལུས་ལས་ངལ་བར་མི་འགྱུར་བར་དང་། བདེ་བར་འགྱུར་བ་དང་། མི་འཛའ་བར ་མི་འགྱུར་བ་དང་། རྫུ་འཕྲུལ་གྱི་རྐང་པ་རྒྱ་ཆེན་པོ་འཐོབ་པར་འགྱུར་བ་དང་། བཞོན་པ་རྣམས་ཀྱི་བྲེལ་བར་མི་འགྱུར་བ་དང་། རིམ་འགྲོ་བྱེད་པ་དང་མི་ལྡན་པར་མི་འགྱུར་བ་དང་། ་མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི། བཞོན་པ་བྱིན་པའི་ཕན་ཡོན་ནོ།། གནས་སྦྱིན་པའི་ཕན་ཡོན་རབ་ཏུ་མང་སྟེ། ་རབ་ཏུ་མང་པོ་གང་ཞེ་ན། དེ་ལ་འཇིག་པ་མི་འབྱུང་ངོ་།། གདིང་བ་དང་བགོ་བ་ཤིན་ཏུ་འཇམ་པོ་རྙེད་པར་འགྱུར་བ་དང་། ལྷ་དང་མི་རྣམས་ཀྱི་འདོད་པའི་ཡོན་ཏན་ལྔ་རྙེད་པར་འགྱུརརོ།། ་གང་དེ་འདོད་དེ་མ་ལ་ཀྱེ་མ་བདག་རྒྱལ་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་འགྱུར་ཅིག་ཅེས་འམ། བྲམ་ཟེའི་རིགས་ཤིག་སཱ་ལ་ཆེན་པོ་ལྟ་བུར་སྐྱེ་བར་འགྱུར་ཅིག་ཅེས་འམ། ་ཁྱིམ་བདག་གི་རིགས་ཤིག་ཤིང་སཱ་ལ་ཆེན་པོ་ལྟ་བུའི་ཁྱིམ་དུ་སྐྱེ་བར་གྱུར་ཅིག་ཅེས་འམ། དེའི་སྨོན་ལམ་བཞིན་དུ་འགྲུབ་པར་འགྱུར་རོ།། གང་དེ་འདོད་དེ་མ་ལ་སྐྱེས་མ་གྲོང་གི་གཙེར ་བོར་འགྱུར་ཅིག་ཅེས་འམ། གྲོང་ཁྱེར་གྱི་བཙོར་བོར་གྱུར་ཅིག་ཅེས་འམ། གྲོང་རྡལ་གྱི་ཙོ་བོར་གྱུར་ཅིག་ཅེ་འམ། རི་བྲག་གི་རྒྱལ་པོར་གྱུར་ཅིག་ཅེ་འམ། རྒྱལ་ཕྲན་དུ་གྱུར་ཅིག་ཅེས་འམ། ་རྒྱལ་པོ་བཙན་པར་གྱུར་ཅིག་ཅེ་ན། དེ་སྨོན་པ་བཞིན་དུ་འགྲུབ་པར་འགྱུར་རོ།། གང་དེ་འདོད་དེ་གླིང་གཅིག་རྒྱལ་པོར་གྱུར་ཅིག་ཅེས་འམ། གླིང་གཉིས་ཀྱི་རྒྱལ་པོར་གྱུར་ཅིག་ཅེ་འམ། ་གླིང་གསུམ་གི་རྒྱལ་པོར་གྱུར་ཅིག་ཅེ་འམ། འཁོར་ལོ་སྒྱུར་བའི་རྒྱལ་པོར་གྱུར་ཅིག་ཅེ་ན། དེའི་སྨོན་ལམ་འགྲུབ་པར་འགྱུར་རོ།། རྒྱལ་པོ་ཆེན་པོ་བཞི་པའི་རིས་ཀྱི་ལྷ་རྣམས་དང ་སྐལ་བ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་ལམ་འགྲུབ་པར་འགྱུར་རོ།། སུམ་བཅུ་རྩ་གསུམ་པ་དང་། འཐབ་བྲལ་བ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན ་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། སྐལ་བ་མཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་ལམ་གྲུབ་པར་འགྱུར་རོ།། གང་དེ་འདོད་དེ་མ་ལ་བདག་དེ་ཚངས་རིས་ཀྱི་ལྷ་རྣམ་དང་སྐལ་པ ་ཉམ་པར་གྱུར་ཅིག་ཅེ་ན། དེའི་སྨོན་ལམ་འགྲུབ་པར་འགྱུར་རོ།། ཚངས་པ་མདུན་འདོན་དང་། ཚངས་ཆེན་དང་། འོད་ཆུང་དང་། ཚད་མེད་འོད་དང་། དགེ་ཆུང་དང་། ཚད་མེད་དགེ་བ་དང་། ་དགེ་རྒྱས་དང་། སྤྲིན་མེད་དང་། བསོད་ནམས་འཕེལ་དང་། འབྲས་བུ་ཆེ་དང་། མི་གདུང་བ་དང་། གྱ་ནོམ་སྣང་བ་དང་། ལེགས་པར་མཐོང་དང་། འོག་མིན་གྱི་ལྷ་རྣམས་དང་། ་སྐལ་བ་མཉམ་པར་སྐྱེ་བར་གྱུར་ཅིག་ཅེ་འམ། དེའི་སྨོན་ལམ་དེ་གྲུབ་པར་འགྱུར་རོ།། གལ་ཏེ་དེ་འདོད་དེ། ན་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བ་རྣ། ་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་འདུ་ཤེས་ཉེ་བར་འགྲོ་བ་རྣམས་དང་། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་ཀྱི་འདུ་ཤེས་སུ་ཉེ་བར་འགྲོ་བའི་ལྷ་དང་། སྐལ་བ་མཉམ་པར ་གྱུར་ཅིག་ཅེ་ན། དེའི་སྨོན་ལམ་དེ་འགྲུབ་པར་འགྱུར་རོ།། གལ་ཏེ་དེ་འདོད་དེ། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱའོ།། ཞེས་ན་དེའི་སྨོན་པ། ་དེ་གྲུབ་པར་འགྱུར་རོ།། གལ་ཏེ་དེ་འདོད་ཏེ། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། དགྲ་བཅོམ་པའི་འབྲས་བུ་དང་། རང་བྱང་ཆུབ་མངོན་དུ་བྱའོ།། ཞེ་ན། དེའི་སྨོན ་ལམ་དེ་འགྲུབ་པར་འགྱུར་རོ།། གང་དེ་འདོད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་བྱང་ཆུབ་པར་གྱུར་ཅིག་ཅེ་ན། སྨོན་པ་དེ་འགྲུབ ་པར་འགྱུར་རོ།། མང་པོ་དེ་དག་ནི་གནས་སྦྱིན་པའི་ཕན་ཡོན་ནོ།། རབ་ཏུ་འབྱུང་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། བུ་དང་ཆུང་མ་དང་ནོར་ལ་སྲེད་པར་མི་འགྱུར་བ ་དང་། དེ་ལ་འདོད་པ་ཡོངས་སུ་འཛིན་པར་མི་འགྱུར་བ་དང་། དགོན་པར་གནས་པ་ལ་དགའ་བ་བསྐྱེད་པ་དང་། སངས་རྒྱས་ལ་གུས་པར་འགྱུར་བ་དང་། བདུད་ཀྱི་སྤྱོད་ཡུལ ་རྣམ་པར་སྤོང་བ་དང་། བདེ་བར་འགྲོ་བར་འགྱུར་བའི་ཆོས་རྣམས་ཡོང་སུ་འཚོལ་བ་དང་། ངན་འགྲོ་ཐོབ་པར་བྱེད་པའི་ཆོས་རྣམས་རྣམ་པར་སྤོང་བ་དང་། ལྷ་དང་མིར་སྨོན ་པ་མེད་པ་དང་། རྟག་ཏུ་བདེ་བར་ཤེགས་པའི་གསུང་རབ་ལ་རབ་ཏུ་འབྱུང་བར་རྙེད་པ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངསུ་མྱ་ངན་ལས་འདའ་བ་སྟེ། ་བཅུ་པོ་དེ་དག་ནི་རབ་ཏུ་བྱུང་བའི་ཕན་ཡོན་ནོ།། དགོན་པ་ན་གནས་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འདུ་མཛེ་རྣམ་པར་སྤོངས་པ་དང་། རབ་ཏུ་དབེན་པ་ལ་བརྟེན་པ་དང་།། ་དེའི་སེམས་བསམ་གཏན་ལ་དམིགས་པར་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྨོན་པ་དང་། དགའ་བ་དང་། ཡིད་དགའ་བ་དང་། ཡིད་ལུས་ལ་བསྐྱེད་པ་དང། ་དེ་ལ་རབ་ཏུ་སྤྱོད་པ་མི་འབྱུང་བ་དང་། ཅི་ལྟར་ཐོས་པའི་ཆོས་རྣམས་ཀྱི་དོན་རྒྱ་ཆེར་ཤེས་པར་འགྱུར་བ་དང་། ཞི་གནས་ཐོབ་པ་དང་། ལྷག་མཐོང་ཐོབ་པ་སྟེ། བཅུ་པོ་དེ་དག ་ནི་དགོན་པ་ལ་གནས་པའི་ཕན་ཡོན་ནོ།། བསོད་སྙོམས་པའི་ཕན་ཡོན་བཅུ་སྟེ། དེ་འགྲོ་བ་ལ་གོམས་པར་འགྱུར་བ་དང་། དེ་སྤྱོད་ཡུལ་གོམས་པར་འགྱུར་བ་དང་། དེང་རྒྱལ ་བཅོམ་པར་འགྱུར་བ་དང་། བདག་རྙེད་པ་ལ་སྦྱོར་བ་དང་། གཞན་དག་ཀྱང་བསོད་ནམས་ལ་རབ་ཏུ་དགོད་པ་དང་། སྟོན་པའི་བསྟན་པ་ཡོངསུ་སྟོན་པ་དང་། ཕྱིའི་མིའི་སྐྱེ་བོ་ལ ་སྣང་བར་བྱས་པར་འགྱུར་བ་དང་། ཚངས་པ་ཚུངས་པར་སྤྱོད་པ་རྣམས་ལ་ཉམས་ང་བ་མེད་པར་འགྱུར་བ་དང་། དམ་པའི་སེམས་ཉེ་བར་གཞག་པར་འགྱུར་བ་དང་། བསོད ་སྙོམས་ཀྱི་ཡོངསུ་དུལ་བའི་དགེ་སློང་ཕྱོགས་ལ་མུན་པ་མེད་པར་སྣང་བའོ།། འཇིགས་པ་མེད་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིགས་པ་མེད་པར་གྲོང་དུ་འཇུག་པ་དང་། ་འཇིགས་པ་མེད་པར་གྲོང་ནས་འབྱུང་བ་དང་། འཇིགས་པ་མེད་པའི་ཁྱིམ་རྣམས་སུ་འགྲོ་བ་དང་། འཇིགས་པ་མེད་པར་འཁོར་ལ་ཆོས་སྟོན་པ་དང་། འཇིགས་པ་མེད་པར་དགེ ་འདུན་གྱིས་ནང་དུ་འཇུག་པ་དང་། འཇིགས་པ་མེད་པར་སློབ་དཔོན་དང་མཁན་པོའི་དྲུང་དུ་འགྲོ་བ་དང་། འཇིགས་པ་མེད་པར་བྱམས་པའི་སེམས་ཀྱིས་སློབ་པའི་གན་དུ་འགྲོ་བ་དང་། ་འཇིགས་པ་མེད་པར་གོས་དང་། ཟས་དང་མལ་ཅ་དང་། ན་བའི་གསོས་སྨན་དང་། ཡོད་བྱེད་རྣམས་ཡོངསུ་སྤྱོད་པ་དང་། འཇིགས་པ་མེད་པར་ཁ ་དོན་འདོན་པ་དང་། འཇིགས་པ་མེད་པར་འཆི་བའི་དུས་བྱས་པའོ།། བྲམ་ཟེའི་ཁྱེའུ་དེ་ལྟར་ན་སེམས་ཅན་རྣམས་ནི་ལས་བདག་གིས་བྱ་བ་ལས་ཀྱི་སྐྱེ་གནས་ཅན་དང་། ལས་ཀྱི ་གོ་བསྐལ་ལ་སྤྱོད་པ། ལས་ལ་རྟེན་པ་སྟེ། སེམས་ཅན་རྣམས་ནི་ལས་ཀྱི་བཙུན་པ་དང་དམའ་བ་དང་། བཟང་པོར་རྣམས་པར་ཕྱེའོ་ཞེས་ངས་གང་སྦས་པ་དེ་ནི་ངས་འདི་ལས ་བསམ་ཏེ་སྤྲས་སོ།། ཆོས་ཀྱི་རྣམ་གྲངས་འདི་བཤད་པ་ནི་ཏེའུ་ཏེའི་བུ་བྲམ་ཟེའི་ཁྱེའུ་ནི་བཙོ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་དོ།། དེ་ནས་ཏེའུ་དེའི་བུ་བྲམ་ཟེའི་ཁྱེའུ་ནེ་རྩ ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། གོའུ་ཏ་མ་ཁྱོད་མཉན་ཡོད་དུ་དགེ་བསྙེན་གཞན་གྱི་ཁྱིམ་དག་ཏུ་ཤེས་པར་དགོངས་པ་ལྟ་ན། དེ་ལྟར་ཏེའུ་དེའི་བུ་ཁྱིམ་དུ་ཡང ་གཤེགས་པར་དགོངས་སུ་གསོལ།། དེ་ནི་ཏེའུ་དེའི་ཁྱིམ་དུ་ཡུན་རིང་པོའི་དོན་དང་། ཕན་པ་དང་། བདེ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས། ཏེའུ་དེའི ་བུ་བྲམ་ཟེའི་ཁྱེའུ་ནེ་ཅོ་ལ་གནང་བ་མཛད་དོ།། དེ་ནས་ཏེའུ་ཏེའི་བུ་བྲམ་ཟེའི་ཁྱེའུ་ནི་བཅོས། བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་པར་བཅོམ་ལྡན་འདས་ཀྱིས ་གང་གསུངས་པ་ལ་མངོན་པར་དགའ་སྟེ། རྗེས་སུ་ཡིད་རང་ནས་བཅོམ་ལྡན་འདས་ཀྱིས་གན་ནས་སོང་ངོ་།། ། ལས་རྣམ་པར་འབྱེད་པ་རྫོགས་སོ།། ་