CLOSE WINDOW

F403: 'jig rten gzhags pa
Wyliee-texts produced with BDRC’s OCR application

བཅད་པ་བཅུ་རྔོག་སྷོ།། རྒྱ་གར་སྐད་དུ། ལོ་ཀ་པྲད་ཉ་བ་ཏེ། བོད་སྐད་དུ། འཇིག་རྟེན ་1། གདགས་པ་བམ་པོ་དང་གོ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ།། སྦོམ་ནིའི་རྣམས་དང་ནི་རྒྱ་མཚོ་དང་། @། ་སོང་རྣམས་དང་གླིང་ཤིང་དང་། ཀླུ་རྒྱལ་དང་ནི་ནམ་མཁའ་ལྡི་།། རྒྱལ་ཆེན་བའི་དང་འདུན་ས་རྣམས། འདི་སྐད་བདག་གིས་ཐོས་པའི་དུས་ཅིག་ན། བཅོམ ་ལྡན་འདས་མཉན་ཡོད་ན། རྦལྟ་བུ་བྲེད་ཀྱི་ཆ་ལ་མགོན་མེད་ཟས་སྤྲིན་གྱི་ཀུན་དགའ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་རྣམས་ལ ་བཀའ་སྩལ་པ། དགེ་སློང་དག་འཇིག་རྟེན་གྱིས་ཁམས་གསུམ་པོ་འདི་དག་ཡིན་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས ་དང་། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་དང་། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས ་གང་ཞེ་ན། ཇི་ཙམ་དུ་སྟོང་གི་འཇིག་རྟེན་གྱི་ཁམས་ན། ཉི་མ་རྣམ་པར་སྣང་བ་རྣམས་ཀུན་ཏུ་འཁོར་ཞིང་ཕྱོགས་སྣང་བར་བྱེད་པ། ཇི་སྙེད་ཡོད་པ་དེ་སྙེད་ཀྱིས་ཡིན་ཏེ།། ་ཟླ་བ་ཟང་དང་། ཉི་མ་སྙིང་དང་། རིའི་རྒྱལ་པ་རི་རབ་སྟོང་དང་། ཤར་གྱི་ལུས་འཕགས་སྟོང་དང་། ལྷའི་འཛམ་བུའི་གྲོང་སྟོང་དང་། ནུབ་ཀྱི་བ་ལང་ཐུང་སྟོང་བྱུང་གི ་སྒྲ་མི་མཉན་སྟོང་དང་། རྒྱལ་ཆེན་བཞིའི་ལྷའི་སྟོང་དང་། སུམ་བཅུ་རྩ་གསུམ་པ་སྟོང་དང་། འཐབ་བྲལ་སྟོང་དང་། དགའ་ལྡན་སྟོང་དང་། འཕྲུལ་དགའ་སྟོང་ང། ་གཞན་འཕྲུལ་དབང་བྱེད་སྟོང་དང་། ཚངས་པའི་འཇིག་རྟེན་སྟོང་དེ། དགེ་སློང་དག་འདི་ནི་སྟོང་སྤྱི་ཕུད་གྱི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། སྟོང་གཉིས་པའི་བར ་མའི་འཇིག་རྟེན་གྱི་ཁམས་གང་ཞེ་ན།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་སྟོང་གང་ཡིན་པ་དེ་ནི། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱིས་ཁམས་ཤེས་བྱའོ།། ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་གང་ཞེ་ན། དགེ་སློང་དག་སྟོང་གཉིས་པ་བར་མའི་འཇིག་རྟེན་ཁམས་སྟོང་པ་གང་ཡིན་པ་དེ་ནི། སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་ཤེས་བྱའོ།། དགེ་སློང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ལྟ་བུར། ཤར་ཕྱོགས་སུ་མཐའ་ཡས་མུ་མེད་དེ། ་འཇིག་པ་འམ། ཞིག་པར་གནས་ལ། འཆགས་པར་གནས་ཏེ། གཞན་འཇིག་ཅིང་གཞན་ཞིག་པར་གནས་ལ། གཞན་འཆགས་ཤིང་། གཞན་འཆགས་པར ་གནས་སོ།། དགེ་སློང་དག་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ལྟ་བུ་དག། ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་མཐའ་ཡས་མུ་མེད་དེ། འཇིག ་པ་འམ། ཞིག་པར་གནས་ལ། འཆགས་པ་འམ། ཆགས་པར་གནས་ཏེ། གཞན་འཇིག་ཅིང་། གཞིག་པར་གནས་ལ། གཞན་ཆགས་ཤིང་། གཞན་འཆ ་པར་གནས་སོ།། དགེ་སློང་དག་དཔེར་ན། བར་སྣང་ལ་ཆར་བའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་འབབ་ལ། ཆུའི་རྒྱུན་རྣམས་རབ་ཏུ་འབབ་པ་ན། མཚམས་སམ། ་འཇིག་རྟེན#བར་ཆད་མེད་པར་དེ་བཞིན་དུ། དགེ་སློང་དག་ངས་ལྷའི་མིག་རྣམ་པར་དག་པར་མི་ལས་འདས་པས་ཤར་ཕྱོགས་སུ་སྟོང་གསུམ་གྱི་སྟོང ་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་ལྟ་བུ། མཐའ་ཡས་མེད་དེ། འཇིག་པ་འམ། ཞིག་པར་གནས་པ། འཆགས་པ་འམ། འཆགས་པར་གནས་ཏེ། གཞན ་འཇིག་ཅིང་། གཞན་འཇིག་པར་གནས་ལ་གཞན་འཆགས་ཤིང་། གཞན་འཆགས་གླནས་པར། དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་གི་ཕྱོགས་སུ་ཡང་སྟོ ་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་སྙེད་མཐའ་ཡས་མུ་མེད་དེ། འཇིག་པ་འམ། ཞིག་པར་གནས་ལ། འཆགས་པ་འམ། མ་ཆགས་པར་གནས ་ཏེ། གཞན་འཇིག་ཅིང་། གཞན་ཞིག་པར་གནས་ལ། གཞན་འཆགས་ཤིང་། གཞན་ཆགས་པར་གནས་པ་དག་ཀྱང་། མཐོང་ངོ་ཞེས་བཀའ་སྩལ་པ་ནས། ་བཅོམ་ལྡན་འདས་ནང་དུ་ཡང་དག་པར་འཇོག་པའི་ཕྱིར། གནས་ཁང་གི་ནང་དུ་གཤེགས་སོ།། དེའི་ཚེ་ན་ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོ་འཁོར་དེ་ཉིད ་ཀྱི་ནང་ན་འདུས་པར་གྱུར་ཏེ་འདུག་གོ།། དེ་ནས་ཚེ་དང་ལྡན་པ། མོའུ་འགལ་གྱི་བུ་ཆེན་པོས། དགེ་སློང་རྣམས་ལ་སྨྲས་པ་དང་། ཚེ་དང་ལྡན་པ་དག་ཅི་ཙམ་དུ ་བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་དང་། འདི་ལྟར་ཤིང་རྟའི་སྲོག་ཤིང་གི་དཔེས་བསྟན་པ་འདི་ནི་ལེགས་ཏེ་ངོ་མཚར་ཏོ།། དེ་ལ་སྟོང་ཆུང་ངུའི་འཇིག ་རྟེན་གྱི་ཁམས་ན་རི་ཆེན་པོ་ཉི་སྟོང་ཡོད་དེ། རིའི་རྒྱལ་པོ་རེ་རབ་ཁོར་ཁོར་ཡུག་སྟོང་ངོ་།། སྟོང་སྤྱི་ཕུད་ཀྱི་འཇིག་རྟེན་གྱི་ཁམས་ན། རྒྱ་མཚོ་ཆེན་པོ་ཉེ་སྟོང་ཡོད་དེ།། ་ནང་གི་རྒྱ་མཚོ་ཆེན་པོ་སྟོང་དང་། ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་སྟོང་ངོ་།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན་ངན་སོང་སུམ་སྟོང་ཡོད་དེ། སེམས་ཅན་དམྱལ་བ ་དང་། ང་ཆུང་དུ་འཇིག་རྟེན་གྱི་ཁམས། ཆེན་པ་ཡང་ཡ་། ཀྱིམས་འདགས་དང་།། འདས་བུ་འརྫ ་དང་། ནུབ་ཀྱི་བ་ལང་སྤོང་སྟོང་དང་། བྱང་གི་སྒྲ་མི་སྙན་སྟོང་དང་། སྟོང་ཆུང་ངུའི་འཇིག་རྟེན་ཁམས་ན། ཤིང་ལྗོན་པ་ཆེན་པོ་བཞི་སྟོང་ཡོད་དོ།། ལྷོའི་འཛམ་བུའི ་གླིང་པའི་འཛམ་བུའི་ཤིང་ལྗོན་པ་སྟོང་དང་། རྒྱའི་མཚོའི་འགྲམ་གྱི་ཤལ་མ་ལི་མཐོན་པོ་ཏོང་དང་། ལྷ་མ་ཡིན་གྱི་རིས་ཀྱི་ཅི་པྲ་པ་ཏ་ལི་སྟོང་དང་། སུམ་བཅུ་རྩ ་བསུམ་པའི་བརྟོལ་སྟོང་ངོ་།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། ཀླུའི་རིགས་བཞི་སྟོང་ཡོད་དེ། ཀླུའི་རིགས་སྒོ་ང་ལས་སྐྱེས་པ་སྟོང་དང་། མངལ་ནས་སྐྱེས ་པ་སྟོང་དང་། དྲོད་གཤེར་ལས་སྐྱེས་པ་སྟོང་དང་། རྫུས་ཏེ་སྐྱེས་པ་སྟོང་དང་། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། ནམ་མཁའ་ལྡིང་གི་རིགས་བཞི་སྟོང་ཡོད ་དེ། ན་མཁའ་ལྡིང་གི་རིགས་སྒོ་ང་ལས་སྐྱེས་པ་སྟོང་དང་། མངལ་ནས་སྐྱེས་པ་སྟོང་དང་། དྲོད་གཤེར་ལས་སྐྱེས་པ་སྟོང་དང་། བརྫུས་སྟེ་སྐྱེས་པ་སྟོང་ངོ་།། སྟོང་། ་རིག་རྟེན#ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། རྒྱལ་པོ་ཆེན་པོ་བཞི་སྟོང་ཡོད་དེ།། ཡུལ་འཁོར་སྲུང་སྟོང་དང་། འཕགས་སྐྱེས་པོ་སྟོང ་དང་། མིག་མི་བཟང་སྟོང་དང་། རྣམ་ཐོས་ཀྱི་བུ་སྟོང་ངོ་།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། འགྲོ་བ་ལྔ་པོ་སྟོང་ཡོད་དེ། སེམས་ཅན་དམྱལ་བའི་འགྲོ ་བ་སྟོང་དང་། དུད་འགྲོ་དང་། ཡི་དགས་དང་། ལྷ་དང་མིའི་འགྲོ་བ་སྟོང་ཡོད་དོ།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། འདུན་ས་ཆེན་པོ་ཉི་སྟོང་ཡོད་དོ།། ་ལྷའི་འདུན་ས་ཆོས་བཟངས་སྟོང་དང་། ལྷ་མ་ཡིན་གྱི་འདུན་ས་ཆོས་བཟངས་ཞེས་བྱ་བ་སྟོང་འཇིག་རྟེན་གདགས་པ། ལས་ཚིགས་དང་པོའོ།། །། སྡོམ་ནི ་སྐྱེ་དང་རི་དང་མཚོ་རྣམས་དང་། དེ་བཞིན་སེམས་ཅན་དམྱལ་བརྒྱད་གཞན།། སེམས་ཅན་གནས་དགུ་རབ་ཏུ་བཤད།། ལས་ལམ་བཅུ་པོ་དེ་བཞིན་ནོ།། སྟོང ་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། འདོད་པར་སྐྱེ་བ་གསུམ་ཡོད་དེ། གསུམ་གང་ཞེ་ན། འདོད་པ་ཉེ་བར་གནས་པ་དང་། ལྡན་པའི་སེམས་ཅན་དག་ཡོད་དེ། ་དེ་དག་ནི་ཉེ་བར་གནས་པའི་འདོད་པ་རྣམས་ལ་བདག་པོར་དབང་བྱེད་ཏེ། འདི་ལྟ་ཏེ། མི་རྣམས་དང་། ལྷ་ཁ་ཅིག་སྟེ། འདི་ནི་འདོད་པར་སྐྱེ་བ་དང་པོའོ།། ་འདོད་པ་སྤྲུལ་པ་དང་ལྡན་པའི་སེམས་ཅན་དག་ཡོད་དེ། དེ་དག་ནི་སྤྲུལ་པའི་འདོད་པ་རྣམས་ལ་བདག་པོར་དབང་བྱེད་དེ།། འདི་ལྟ་སྟེ། འཕྲུལ་དགའི་ལྷ་རྣམ ་ཆེ། འདི་ནི་འདོད་པར་སྐྱེས་པ་གཉིས་པའོ།། གཞན་གྱིས་སྤྲུལ་པའི་འདོད་པ་དང་ལྡན་པའི་སེམས་ཅན་དག་ཡོད་དེ། དེ་དག་ནི་གཞན་གྱིས་སྤྲུལ་པའི་འདོད་པ་རྣམ ་ལ་བདག་པོར་དབང་བྱེད་དེ། འདི་ལྟ་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཏེ། འདོད་པར་སྐྱེ་བ་གསུམ་པའོ།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས ་ན། བདེ་བར་སྐྱེ་བ་གསུམ་ཡོད་དེ། སེམས་ཅན་གང་དག་ལུས་འདི་ཉིད་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་བས་བརླན་པར་བྱེད། ཡོངསུ་བརླན ་པར་བྱེད། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར་བྱེད་པ་དག་ཡོད་དོ།། དེ་དག་ལུས་འདི་ཉིད་ལ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ ་བདེ་བས་བརླན་པར་བྱེད། ཡོངས་སུ་བརླན་པར་བྱས་ཡོངས་སུ་ཚིམ་པར་བྱས། ཡོངས་སུ་ཁྱབ་པར་བྱས་ནས།། བདེ་བར་རེག་པ་ལ་གནས་སོ།། དེ་དག་བདེ ་བ་དེ་དང་། བདེ་བ་ལ་གནས་པ་དེས། ཚེ་རིང་ཞིང་ཡུན་རིང་པོར་གནས་ཏེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་རྣམས་ཏེ། འདི་ནི་བདེ་བར་སྐྱེ་བ་དང་པོའོ།། ་སེམས་ཅན་གང་དག་ལུས་འདི་ཉིད་ལ། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས་བརླན་པར་བྱེད། ཡོངས་སུ་བརླན་པར་བྱེད། ཡོངས་སུ ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར་བྱེད་པ་དག་པ་དག་ཡོད་དོ།། དེ་དག་ལུས་འདི་ཉིད་ལ་ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བས། ་ཇིགཞེན། བརླན་པར་བྱས། ཡོངས་སུ་ཚིམ་པར་བྱས། ཡོངས་སུ་ཁྱབ་པར་བྱས་ནས། བདེ་བར་རེག་པ་ལ་གནས་སོ།། དེ་དག་བདེ་བ ་དེ་དང་། བདེ་བ་ལ་གནས་པ་དེས། ཚེ་རིང་ཞིང་ཡུན་རིང་པོར་གནས་ཏེ། འདི་ལྟ་སྟེ། འོད་གསལ་གྱིས་ལྷ་རྣམས་སོ།། འདི་ནི་བདེ་བར་སྐྱེ་བ་གཉིས་པའོ།། སེམས་ཅན ་གང་དག་ལུས་འདི་ཉིད་ལ་དགའ་བ་མེད་པའི་བདེ་བས་བརླན་པར་བྱེད། ཡོངས་སུ་བརླན་པར་བྱེད། ཡོངས་སུ་ཚིམ་པར་བྱེད་ཅིང་། ཡོངས་སུ་ཁྱབ་པར་བྱེད་པ་དག་ཡོད་དོ།། ། ་དེ་དག་ལུས་འདི་ཉིད་ལ་དགའ་བ་མེད་པའི་བདེ་བས་བརླན་པར་བྱས། ཡོངས་སུ་བརླན་པར་བྱས། ཡོངས་སུ་ཚིམ་པར་བྱས་ཡོངས་སུ་ཁྱབ་པར་བྱས་ནས། བདེ་བར ་རེག་པར་གནས་སོ།། དེ་དག་བདེ་བ་དེ་དང་། བདེ་བ་ལ་གནས་པ་དེས། ཚེ་རིང་ཞིང་ཡུན་རིང་དུ་གནས་སྟེ། འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་ཏེ། འདི་ནི་བདེ ་བར་སྐྱེས་པ་གསུམ་པའོ།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། གསེར་གྱི་རི་ཆེན་པོ་བདུན་སྟོང་ཡོད་དེ། རིའི་རྒྱལ་པོ་གཉའ་ཤིང་འཛན་སྟོང་དང་། གཤོས་མདའ ་འཛིན་སྟོང་དང་། སེང་ལྟེང་ཅན་སྟོང་དང་། བལྟ་ན་སྡུག་སྟོང་དང་། ཏ་ན་རི་སྟོང་དང་། མུ་ཁྱུད་འཛིན་སྟོང་དང་། རའི་རྒྱལ་པོ་རྣམ་པར་བདུད་སྟོང་ངོ་།། སྟོང་ཆུང་ངུའི ་འཇིག་རྟེན་གྱི་ཁམས་ན། མཚེ་ཆེན་པོ་བདུན་སྟོང་ཡོད་དེ། གཉ་ཤིང་འཛིན་གྱི་མཆོད་སྟོང་དང་། གཤོལ་མང་འཛིན་གྱི་སྟོང་དང་། སེང་ལྡེང་ཅན་གྱི་སྟོང་དང་བལྟ་ན་སྔས ་གི་སྟོང་དང་། རྟ་ན་རི་སྟོང་དང་། མུ་ཁྱུད་འཛིན་གྱི་སྟོང་དང་། རྣམ་པར་འདུད་ཀྱི་མཚོ་སྟོང་ངོ་།། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། སེམས་དམྱལ་བ་ཆེན་པོ ་བརྒྱད་སྟོང་ཡོད་དེ། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སྟོང་དང་། ཐིག་ནག་སྟོང་དང་། བསྡུས་གཞོམ་སྟོང་དང་། ངུ་འབོད་སྟོང་དང་། ངུ་འབོད་ཆེན་པོ་སྟོང ་དང་། ཚ་བ་སྟོང་དང་། རབ་ཏུ་ཚ་བ་སྟོང་དང་། སེམས་ཅན་དམྱལ་བ་གནར་མེད་སྟོང་ངོ་། སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། སེམས་ཅན་གྱི་གནས་དགུ་སྟོང ་ཡོད་དེ། སེམས་ཅན་གཟུགས་ཡོད་ལ་ལུས་ཐ་དད་ཅིང་། འདུ་ཤེས་ཐ་དད་པ་དག་ཡོད་དེ། འདི་ལྟ་སྟེ། མི་རྣམས་དང་། ལྷ་ཁ་ཅིག་སྟེ་འདི་ནི་སེམས་ཅན ་གྱི་གནས་དང་པོའོ།། སེམས་ཅན་གཟུགས་ཡོད་ལ་ལུས་ཐ་དད་པ་ལ། འདུ་ཤེས་གཅིག་པ་དག་པ་ཡོད་དེ། འདི་ལྟ་སྟེ། ཚངས་རིས་ཀྱི་ལྷ་དང་པོ་བྱུང་བ་གང ་ཡིན་པ་དེ། འདི་ནི་སེམས་ཅན་གྱི་གནས་གཉིས་པོའོ།། སེམས་ཅན་གྱིས་གཟུགས་ཡོད་པ། ལུས་གཅིག་པ་ལ་འདུ་ཤེས་ཐ་དད་པ་དག་ཡོད་དེ།། འདི་ལྟ་སྟེ། ་འོད་གསལ་གྱི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་གསུམ་པོའོ།། སེམས་ཅན་གཟུགས་ཡོད་པ་ལུས་གཅིག་ཅིང་། འདུ་ཤེས་གཅིག་པ་དང་ཡོད་དོ།། ། ་འདི་ལྟ་སྟེ། དགེ་རྒྱས་ཀྱི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་བཞི་པའོ།། སེམས་ཅན་གཟུགས་ཡོད་པ་འདུ་ཤེས་མེད་ཅིང་འདུ་ཤེས་དང་བྲལ་བ་དག་ཡོན ་འཇིག་རྟེན་དེ། འདི་ལྟ་སྟེ། འདུས་ཤེས་མེད་པའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་ལྔ་པའོ།། སེམས་ཅན་གཟུགས་མེད་པ།། ་རྣམས་རྣམ་པ་ཐམས་ཅད་དུ་གཟུགས་ཀྱི་འདུ་ཤེས་རྣམས་ལས་ཡང་དག་པར་འདས་ཏེ། ཐོགས་པའི་འདུ་ཤེས་རྣམས་ནུབ་པར་གྱུར་ཅིག། སྣ་ཚོགས་ཀྱི་འདུ་ཤེས ་རྣམས་ཡིད་ལ་མི་བྱེད་ལ། ན་མཁའ་མཐའ་ཡས་སོ་སྙམ་ནས། ན་མཁའ་མཐའ་ཡས་སྐྱེས་མཆེད་བསྒྲུབས་ནས་གནས་པ་དག་ཡོད་དེ། འདི་ལྟ་སྟེ། ནམཁའ ་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་དྲུག་པའོ།། སེམས་ཅན་གཟུགས་མེད་པ་རྣམས་པ་ཐམས་ཅད་དུ། ན་མཁའ ་ལས་སྐྱེ་མཆེད་ལས་ཡང་དག་པར་འདས་ཏེ། རྣམ་པར་ཤེས་པ་མཐའ་ཡས་སོ་སྙམ་ནས། རྣམ་པ་ཤེས་མཐའ་ཡས་སྐྱེ་ཆེད་བསྒྲུབས་ནས་གནས་པ་ཡོད་དེ། ་འདི་ལྟ་སྟེ། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་བདུན་པའོ།། སེམས་ཅན་གཟུགས་མེད་པ་གང་དག་རྣམ ་བར་ཐམས་ཅད་དུ་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལས་དག་པར་འདས་ཏེ། ཅི་ཡང་མེད་དོ་སྙམ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་བསྒྲུབས་ནས་གནས་པ་དག་ཡོད་དེ། ་འདི་ལྟ་སྟེ། ཅི་ཡང་མེད་པའི་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་བརྒྱད་པའོ།། སེམས་ཅན་གཟུགས་མེད་པ་རྣམས་པ ་འདུ་ཤེས་མེ ་ཐམས་ཅད་དུ་ཅི་ཡང་མེད་པའི་སྐྱེ་མཆེད་ལས་ཡང་དག་པར་འདས་ནས། འདུ་ཤེས་མེད་མིནི་སྐྱེ་མཆེད་བསྒྲུབས་ནས་གནས་པ་དག་ཡོད་དེ། འདི་ལྟ་སྟེ། ་འདུ་ཤེས་མེད་འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཏེ། འདི་ནི་སེམས་ཅན་གྱི་གནས་དགུ་པའོ།། སྟོང་ཆུང་ངུའི་འཇིག་རྟེན ་གྱི་ཁམས་ན། མི་དགེ་བ་བཅུའི་ལས་ཀྱི་ལམ་དག་ཡོད་དེ། སྲོག་བཅོད་པ་དང་། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན ་དུ་སྨྲ་བ་དང་། ཕྲ་མ་དང་། ངག་བརྩུབ་པོ་དང་། ཚིག་ཀྱལ་བ་དང་། བརྣབ་སེམས་དང་། གནོད་སེམས་དང་། ལོག་པར་ལྟ་བ་རྣམས་སོ།། སྲོག་གཅོད་པ ་ཤས་ཆེར་བཀྲིས་ཤིང་བསྒོམས་ཏེ། ལན་མང་དུ་བྱས་པས་ནི། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེ་བར་འགྱུར་རོ།། དེ་བས་ཆེས་ཤས་བྱ་དང་། ་དེ་བས་ཆེས་ཡང་བས་ནི་རབ་ཏུ་ཚ་བར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་ཚ་བར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་།། ་དེ་བས་ཆེས་ཡང་བས་ནི་དུ་འབོད་ཆེན་པོར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་དུ་འབོད་དོ།། དེ་བ་ཆེས་ཤས་ཆུང་བ་དང་། ་དེ་བས་ཆེས་ཡང་བས་ནི་བསྡུས་གཞོམ་དུའོ།། དེ་བས་ཆེས་ཤེས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི། ཐིག་ནག་དུའོ།། དེ་བས་ཆེས་ཤས་ཆུང ་པ་མ་ལ་ས་མན་པར་འ་# ་ཤ་ཀུན་ཏུ་ཟླམས་ཏེ། སནམང་དུ་བྱས་པ་དང་། འདོད་པས་མིག་པར་གསས་པ་དང་། དུ་ཙྪ་པ་དང་། བྲལ་དང་། ངན་བཅུབ ་ཚིག་ཟས་པ་དང་། ངནབ་སེམས་དང་། གནང་སེམས་དང་། ལོག་པར་སྐ་བ་ཤས་ཆེ་ཀུན་དུ་བརྟེན་ཅིང་བསྒོམས་ཀྱི་ལ་ན་མང་དུ་བྱམ་པས་ན། སེམས་ཅན ་བ་ཆེན་པོ་མནར་མེད་པར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་རབ་ཏུ་ཆེ་བར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས ་ཡང་བས་ནི་ཚ་བར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་དུ་འབོད་ཆེན་པོར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི ་ངུ་འབོད་དུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་བསྡུས་གཞོམ་དུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི། ཐིག ་ནག་ཏུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སྐྱེ་བར་འགྱུར་རོ།། འཇིག་རྟེན་བདགས་པ་ཚིགས ་གཉིས་པའོ།། སྡོམ་ནི། མཁའ་ལྡིང་ལས་ལམ་བཅུ་པོ་དང་། མྱོང་བ་དང་ནི་བཀྲེས་དང་ཟས།། བདུད་རྩི་ཕྱིས་ཆར་བ་དང་། མུ་གེ་བདེ་བ་བཅུ་ཚན་མོ།། སྟོང ་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན། ཀླུའི་རིགས་བཞི་སྟོང་རྒྱ་མཚོ་ཆེན་པོ་ན་གནས་སོ།། ན་མཁའ་ལྡིང་རིགས་བཞི་སྟོང་ཡིན། ཤིང་ཤལ་མ་ལིའི་མཐོན་ན ་ལ་གནས་ཏེ། སྒོ་ང་ལས་སྐྱེ་བ་སྟོང་དང་། མངལ་ནས་སྐྱེ་བ་སྟོང་དང་། དྲོད་གཤེར་ལས་སྐྱེ་བ་སྟོང་དང་། རྫུས་ཏེ་སྐྱེ་བ་སྟོང་རྣམས་སོ།། ན་མཁའ་ལྡིང ་གི་རིགས་སྒོ་ང་ལས་སྐྱེ་བ་ནི་བཟའ་བའི་ཕྱིར། ཀླུང་སྒོང་ལས་སྐྱེ་བ་འབྱིན་པར་བྱེད་ཏེ་མངལ་སྐྱེ་བ་མི་འབྱིན། དྲོད་གཤེར་ལས་སྐྱེ་བ་མི་འབྱིན་བརྫུས་སྟེ་སྐྱེ ་བ་མི་འབྱིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་ལེན་ན་དེ་ཉིད་ཐལ་བ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ།། ན་མཁའ་ལྡིང་མངལ་ནས་སྐྱེ་བ་ནི་བཟའ་བའི ་ཕྱིར། ཀླུ་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་འབྱིན་པར་བྱེད་དེ། དྲོད་གཤེར་ལས་སྐྱེ་བ་མི་འབྱིན་རྫུས་ཏེ་སྐྱེ་བ་མི་འབྱིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། ་གལ་ཏེ་དེ་ལེན་ན་དེ་ཐལ་བཞིན་དུ་བྱེད་པར་འགྱུར་བའི་ཕྱིར་རོ།། ན་མཁའ་ལྡིང་དྲོད་གཤེར་ལས་སྐྱེ་བ་ནི་བཟའ་བའི་ཕྱིར། ཀླུ་སྒོ་ང་ལས་སྐྱེས་པ་དང་། ་མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་འབྱིན་པར་བྱེད་དེ། རྫུས་ཏེ་སྐྱེ་བ་མི་འབྱིན་ཏོ།། དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེ་ལེན་ན་དེ་ཉིད་ཐལ་བཞིན་དུ་བྱེད། ་བར་འགྱུར་བའི་ཕྱིར་རོ།། ནམ་མཁའ་ལྡིང་རྫུས་ཏེ་སྐྱེ་བ་ནི་བཟའ་བའི་ཕྱིར། ཀླུ་སྒོ་ང་ལས་སྐྱེ་བ་དང་། མངལ་ནས་སྐྱེ་བ་དང་། དྲོད་གཤེར་ལས་སྐྱེ་བ་དང་། ་འཛིན་ཏེ་འདག་པ#རྫུས་ཏེ་སྐྱེ་བ་འབྱིན་པར་བྱེད་དོ།། ཀླུ་ལ་ཀླུ་ཆེན་པོ་བསྐལ་པར་གནས་ཤིང་། ས་འཛིན་པ་དག་ཡོད་དེ། དེ་དག་ཀྱང་གང་ཞེ ་ན། འདི་ལྟ་སྟེ། ཀླུའི་རྒྱལ་པོ་དགའ་བོ་དང་། ཉེ་དགའ་གཉིས་དང་། ཀླུའི་རྒྱལ་པོ་བརྟས་རྒལ་དང་། ཀླུའི་རྒྱལ་པོ་བཏང་གཟུང་དང་། ཀླུའི་རྒྱལ་པོ་གཟི ་ཅན་དང་། ཀླུའི་རྒྱལ་པོ་ཡུལ་འཁོར་སྲུང་དང་། ཀླུའི་རྒྱལ་པོ་ནག་པོ་ཆེན་པོ་དང་། ཀླུའི་རྒྱལ་ཨེ་ལའི་འདབ་མ་རྣམས་ཏེ། འདི་དག་དང་། གཞན ་ཡང་ཀླུ་ཆེན་པོ་བསྐལ་བར་གནས་ཤིང་ས་འཛིན་པ་ན་མཁའ་ལྡིང་དག་གིས་འབྱུང་བ་མི་ནུས་པ་གང་ཡིན་པ་འདི་དག་ལྷ་མ་ཡིན་གྱི་ཡུལ་མྱོང་བར་བྱེད་ཅིང་སོ་སོར ་མྱོང་བར་བྱེད་དེ། ཤེས་ཤིང་རབ་ཏུ་ཤེས་ལ། ཀུན་ཏུ་རབ་ཏུ་ཤེས་སོ།། ཇི་སྐད་དུ་ཤིན་དུ་མཐུ་ཆེ་བའི་ཀླུ་དག་ཡོད་དེ་མ་མཐའ་སྲུང་ཞིང་ཆུ་ན་གནས་པ་སྟེ། ་དེ་དག་ལྷ་མིན་དག་དང་། གཡུལ་འགྱེད་པས། འདི་དག་བརྒྱ་བྱིན་གྱི་ནི་དཔུང་ཡང་ཡིན།། སྟོབས་ཀྱང་ཆེ་ཞིང་འདུག་ཆེ་ཀླུ་ཡིན་ཏེ། ཤིན་ཏུ་དྲག་པོ ་པོ་དགྲ་ཐབས་སྣ་ཚོགས་ཅན།། ལྷ་མྱིན་རྣམས་དང་ལྷན་ཅིག་གཡུལ་འགྱེས་པས། དེ་དག་བརྒྱ་བྱིན་གྱི་ནི་དཔུང་ཡང་ཡིན།། ཞེས་འབྱུང་བ་ལྟ་བུའོ།། ་བར་སྡོམ་ནི།། དགའ་བོ་ཉེ་དགའ་རྟས་རྒལ་དང་།། བཏང་གཟུང་དང་ནི་གཟི་ཅན་དང་།། ཡུལ་འཁོར་སྲུང་དང་ནག་པོ་ཆེ།། ཨེ་ལའི་འདབ་མ་ཕྱི་མ་ཡིན།། ་སྟོང་ཆུང་ངུའི་འཇིག་རྟེན་གྱི་ཁམས་ན།། དགེ་བ་བཅུའི་ལས་ཀྱི་ལམ་དག་ཡོད་དོ།། སྲོག་གཅོད་པ་སྤོང་བ་དང་། མ་བྱིན་པར་ལེན་པ་དང་། འདོད་པས ་ལོག་པར་གཡེམ་པ་དང་། བརྫུན་དུ་ཇི་སྨྲ་བ་དང་། ཕྲ་མ་དང་། དག་བརྩུབ་མོ་དང་། ཚིག་རྒྱལ་བ་སྤོང་བ་དང་། བརྣབ་སེམས་དང་། གནོད་སེམས་མེད་པ ་དང་། ཡང་དག་པར་ལྟ་བ་རྣམས་སོ།། སྲོག་གཅོད་པ་སྤོང་བ་ཤས་ཆེར་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། ལན་མང་དུ་བྱས་པས་ནི་གཞན་འཕྲུལ་དབང་བྱེད་ཀྱི་ལྷ ་རྣམས་དང་། བསྐལ་པ་མཉམ་པར་སྐྱེས་པར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་འཕྲུལ་དགའ་རྣམས་སོ།། དེ་བས་ཆེས་ཡང ་བས་ནི་འབྲལ་བ་རྣམ་སོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི་སུམ་བཅུ་རྩ་གསུམ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བས་དང་། དེ་བས ་ཆེས་ཡང་བས་ནི། རྒྱལ་ཆེན་བཞིའི་རིས་རྣམས་སུའོ།། དེ་བས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་པ་དང་། མི་རྣམས་དང་སྐལ་པ་མཉམ་པར་སྐྱེས་པར ་འགྱུར་རོ།། མ་བྱིན་པར་ལེན་པ་དང་། འདོད་པས་ལོག་པར་གཡེམ་པ་དང་། བརྫུན་དུ་སྨྲ་བ་དང་། ཕྲ་མ་དང་། ངག་བཅུ་པ་པོ་དང་། ཚིག་ཀྱལ་པ་སྤང་བ་དང་།། ་བརྣབ་སེམས་མེད་པ་དང་། གནོད་སེམས་མེད་པ་དང་། ཡང་དག་པར་ལྟ་བ་ཤས་ཆེར་ཀུན་ཏུ་བསྟེན་བཅིང་བསྒོམས་ཏེ། ལན་མང་དུས་པས་ནི། གཞན་འཕྲུལ་དག ་འཛིན་འདག་། @#བྱེད་ཀྱི་ལྷ་རྣམས་དང་། སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤས་ཆུང་བ་དེ་བས་ནི ་འཕྲུལ་དགའ་བ་རྣམ་སུའོ།། དེ་བས་ཆེས་ཡང་བས་ནི་དགའ་ལྡན་པ་རྣམས་སུའོ།། དེ་བས་ཆེས་ཡང་བ་ནི་འཐབ་བྲལ་བ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་།། ་དེ་བས་ཆེས་ཡང་བས་ནི་སུམ་བཅུ་རྩ་གསུམ་པ་རྣམས་སུའོ།། དེ་བས་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཡང་བས་ནི། རྒྱལ་ཆེན་བཞིའི་རིས་རྣམས་སུའོ།། དེ་བས ་ཆེས་ཤས་ཆུང་བ་དང་། དེ་བས་ཆེས་ཤས་ཡང་བས་ནི་མི་རྣམས་དང་སྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ།། གལ་ཏེ་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། ་སྲོག་གཅོད་པ་སྤོང་བས་ནི་ཚེ་རིང་བར་འགྱུར་རོ།། མ་བྱིན་པར་ལེན་པ་སྤོང་བས་ནི། ལོངས་སྤྱོད་པ་ཆེན་པོར་འགྱུར་རོ།། འདོད་པས་ལོག་པར་གཡེམ་པ་སྤོང་བས་ནི། ་ཆུང་མ་འགྲན་ཟླ་མེད་པར་འགྱུར་རོ།། བརྫུན་དུ་སྨྲ་བ་སྤོངས་པས་ནི། སྐུར་བ་མང་བར་མི་འགྱུར་རོ།། ཕྲ་མ་སྤོང་བས་ནི། མཛའ་བོ་དང་། དབྱེ་བར་མི་འགྱུར་རོ།། ངག ་བརྩུབ་པོ་སྤོང་བས་ནི། ཡིད་དུ་མི་འོང་བའི་སྒྲ་ཐོས་པར་མི་འགྱུར་རོ།། ཚིག་ཀྱལ་པ་སྤོང་བས་ནི། ཚིག་མཉན་པར་འགྱུར་རོ།། བརྣབ་སེམས་མེད་པས་ནི། འདོད ་ཆགས་ཆེ་བས་མི་འགྱུར་རོ།། གནོད་སེམས་མེད་པ་ནི་ཞེ་སྡང་བར་མི་འགྱུར་རོ།། ཡང་དག་པར་ལྟ་བས་ནི་གཏི་མུག་ཆེས་པར་མི་འགྱུར་རོ།། །། བར་སྡོམ་ནི། ་སྐུར་བ་མེད་དང་མཛའ་མི་བྱེད།། དེ་བཞིན་ཡིད་དུ་འོང་བ་ཐོས།། ཡི་གེ་བཞི་ནི་བརྗོད་པ་ཡིན།། སེམས་ཅན་དམྱལ་བ་མྱོང་འགྱུར་བའི། ལས་རྣམས་ཀྱི་ནང་ན།། ་ནི། ལས་གིས་རྣམ་པར་སྨིན་པས། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོར་ཚེའི་ཚད་བསྐལ་པར་ལེན་པ་དེ་འདི་མཆོག་ཡིན་ནོ།། དུད་འགྲོ་མང་བར ་འགྱུར་བ་ལས་རྣམས་ཀྱི་ནང་ན་ནི། ལས་གང་གིས་རྣམ་པར་སྨིན་པས་ས་སྲུང་གི་བུས་སྲུང་གི་བུ་ཉིད་དང་། རབ་བསྟན་གྱིས་རབ་བརྟན་ཉིད་ཐོབ་པ་འདི་མཆོག་ཡིན ་ནོ།། ཡི་དགས་ཀྱི་སྐྱེ་གནས་སུ་སྐྱེ་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི། ལས་གང་གི་རྣམ་པར་སྨིན་པས། རྒྱལ་པོ་གཤིན་རྗེ། གཤིན་རྟེན་པའི་སེམས་ཅན ་རྣམས་ཀྱི་རྒྱལ་སྲིད་དབང་ཕྱུག་ལ་དབང་བྱེད་པ་དེ་མཆོག་ཡིན་ནོ།། མིའི་སྐྱེ་གནས་མྱོང་བར་འགྱུར་བ་རྣམས་ཀྱི་ནང་ན་ནི། ལས་གང་གིས་རྣམ་པར་སྨིན་པས་ངལ ་ནུ་ཉིད་ཐོབ་པ་འདི་མཆོག་ཡིན་ནོ།། རྒྱལ་ཆེན་བཞིའི་རིས་མྱོང་བར་འགྱུར་བའི་ལས་ཀྱི་ནང་ན་ནི། ལས་གང་གིས་རྣམ་པར་སྨིན་པས་རྒྱལ་པོ་ཆེན་པོ་བཞི་རྣམས ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་པ་དེ་མཆོག་ཡིན་ནོ།། སུམ་བཅུ་རྩ་གསུམ་པ་མྱོང་བར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི། ལས་གང་གིས་རྣམས་པར ་སྨིན་པས། རྒྱ་བྱིན་གྱིས་བརྒྱ་བྱིན་ཉིད་ཐོབ་པ་དེ་མཆོག་ཡིན་ནོ།། འཐབ་བྲལ་ཐོབ་པར་འགྱུར་བའི་ལས་རྣམས་ཀྱི་ནང་ན་ནི།། ལས་གང་གིས་རྣམ་པར ་འཛིན་འདག་སྨིན་པས་རབ་འཐབ་བྲལ་གྱིས་རབ་འཐབ་བྲལ་ཉིད་ཐོབ་པ་དེ་མཆོག་ཡིན་ནོ།། དགའ་ལྡན་མྱོང་བར་འགྱུར་བའི་ལས་རྣམས་ཀྱི། ་ནང་ན་ནི། ལས་གང་གིས་རྣམ་པར་སྨིན་པས། ཡོངས་སུ་དགའ་ལྡན་གྱིས། ཡོངས་སུ་དགའ་ལྡན་ཉིད་ཐོབ་པ་དེ་མཆོག་ཡིན་ནོ།། འཕྲུལ་དགའ་མྱོང་བར་འགྱུར། ་བའི་ལས་རྣམས་ཀྱི་ནང་ན་ནི། ལས་གང་གིས་རྣམ་པར་སྨིན་པས་རབ་འཕྲུལ་གྱིས་རབ་འཕྲུལ་གྱིས་རབ་འཕྲུལ་ཉིད་ཐོབ་པ་དེ་མཆོག་ཡིན་ནོ།། གཞན་འཕྲུལ་དབང ་བྱེད་མྱོང་བར་འགྱུར་བའི་ལས་གང་གིས་རྣམ་པར་སྨིན་པར་དབང་བྱེད་ཉིད་ཐོབ་པ་དེ་མཆོག་ཡིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་བཀྲེས་པ་དང་། སྐོམ ་པ་ཡོད་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལ་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་མཉན་པ་རྣམས་དང་། རྒྱལ་པོ་ཆེན་པོ་བཞིའི་ལྷ་རྣམས་དང་། ་སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམ་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ ་ཡང་ཡོད་དོ།། དེ་ཡན་ཆད་ལ་ནི་བཀྲེས་པ་དང་སྐོམ་པ་མེད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ཁ་ཟས་འདི་ལྟ་སྟེ། འབྲས་ཆན་དང་། ཟན་དང་། ་དང་། ཤ་དང་ཁུར་བ་རྣམས་ཡོད་པ་བཞིན་དུ། ཤར་གྱིས་ལུས་འཕགས་པོ་དང་། ནུབ་ཀྱི་བ་ལང་སྤྲོད་པ་རྣམས་ལ་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱིས་མི་རྣམས་ནི་མ་རྨོས་མ ་བཏབ་བའི་འབྲས་ས་ལུའི་འབྲུ་ཟའོ།། རྒྱལ་ཆེན་བཞིའི་རིས་ཀྱི་རྣམས་ནི་དྲི་ཟའོ།། བདུད་རྩི་ཡང་ཟའོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་དེ་བཞིན་དུ། སུམ། ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པའི་ལྷ་རྣམས་ཀྱང་དེ ་བཞིན་ནོ།། དེ་ཡན་ཆད་ལ་ནི་ཁམ་གྱི་ཟས་མེད་དོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་བདུད་རྩིའི་ནི་རྣམ་པ་བཞིས་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང ་དཀར་པོ་རྣམས་སོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས ་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་དེ་བཞིན་ནོ།། ཚངས་རས་པ་རྣམས་ལ་ནི་མེད་དོ།། ཇི་ལྟར་མཱ་ཛམ་བུའི་གླིང་མི་རྣམས ་། འ་ང་ས ་ཡོད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ཆར་འབབ་པ་མཁས་པ་དང་། ཆར ་འབབ་མི་མཁས་པ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡོད་དོ།། བྱང་གི་སྔ་མི་སྙམ་པ་རྣམས་དང་། ་ཇིག་རྟེན་བདག་གརྒྱལ་ཆེན་བཞི་པའི་རིས་ཀྱི་ལྷ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ལོ ་ལེགས་པ་དང་། མུ་གེ་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་པ་རྣམས་དང་། ་རྒྱལ་ཆེན་རིས་བཞི་པ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ། འཇིགས་པ་དང་། བདེ་བ་ཡོད་པ་བཞིན་དུ། ་ཤར་གྱི་ལུས་འཕགས་པ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་མྱེད་དོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས ་དང་། སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ།། ཚངས་རིས་པ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། འཇིག་རྟེན་གདགས་པ་ལས་ཚིགས་གསུམ ་པའོ།། །། སྡོམ་ནི། ཉོ་ཚོང་བདོག་དང་ཁང་པ་དང་།། གདིང་བ་དང་ནི་གཞག་གོས་དང་།། ཡང་བརྡུལ་རབ་བསྒྲེང་བ་དང་།། ཐ་དད ་ཁག་མ་ལེན་དང་བཅུ། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ནོར་དང་། འབྲུ་འམ། གསེར་རམ། དངུལ་གྱི་ཉོ་ཚོང་བྱ་བ་ཡོད་པ་བཞིན་དུ། ཤར་གྱི ་ལུས་འཕགས་པ་རྣམས་དང་། ནུབ་ཀྱི་བ་ཡང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གྱི་སྒྲ་མི་སྙམ་གྱི་མི་རྣམས་དང་། རྒྱལ་ཆེན་བཞིའི་རིས་ཀྱི ་ལྷ་རྣམས་ལ་ནི་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། འདི་སྐད་དུ་འཛམ་བུའི་གླིང་གི་མི་རྣམས་ནི་ནོར་དང་། འབྲུ་རྣམས་ཀྱིས་ཚོང་བྱེད་དོ།། 18 ་གྱི་ལུས་འཕགས་པོ་རྣམས་ཀྱིས་ནི།། རས་དང་བེའུ་རས་རྣམས་སོ།། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ནི་བ་ལང་དང་ནོར་འབྲུ་རྣམས་ཀྱིས་སོ།། ཞེས ་ཟེར་བ་ཡང་ཡོད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ཀྱི་མདོག་ནག་པོ་དང་། དཀར་པོ་དང་། སྔོ་བསངས་དང་། མདོག་ཀྱ་ནར་རྣམ་པ་བཞི ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ཀྱང་དེ་བཞིན་ནོ།། བྱང་གི་སྒྲ་མི་སྙམ་པ་རྣམས ་ཀྱི་མི་ཡི་མདོག་ནི་རྣམ་པ་གཅིག་པས་ཏེ། དཀར་རོ།། རྒྱལ་ཆེན་བཞི་པ་རྣམས་ཀྱི་མདོག་ནི་རྣམ་བཞི་སྟེ། སྔོན་པོ་དང་། སེར ་པོ་དང་། དམར་པོ་དང་དཀར་པོ་རྣམས་སོ།། རྒྱལ་ཆེན་བཞི་པ་རྣམས་ཀྱི་ཇི་ལྟ་བཞིན་དུ། སུམ་བཅུ་རྩ་གསུམ་པ་རྣམས་དང་། འཇག ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས་ཀྱང་དེ་བཞིན་ནོ།། ་འཇིག་རྟེན་ད། ཚངས་རིས་ཀྱི་ལྷ་རྣམས་ནི། མདོག་གཅིག་པ་སྟེ། དཀར་རོ།། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། ཚངས ་པའི་མདུན་ན་འདོན་པ་རྣམས་དང་། ཚངས་པ་ཆེན་པོ་པ་རྣམས་དང་། འོདོ་ཆུ་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འོད་གསལ་བ་རྣམས ་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམ་དང་། འབྲས་བུ་ཆེ་བ་རྣམ ་དང་། མི་ཆེ་བ་རྣམས་དང་། མི་བདུད་པ་རྣམས་དང་། ཤིན་དུ་མཐོང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། འོག་མིན་གྱི་ལྷ་རྣམས་ཀྱང ་དེ་བཞིན་ནོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་པ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་པ་དང་། ཅི་ཡང་མེད་པའི་སྐྱེ་མཆེད་པ་དང་། འདུ་ཤེས ་མེད་མིན་སྐྱེ་མཆེད་པ་རྣམས་ལ་ནི་ཁ་དོག་མེད་དོ།། ཇི་ལྟར་མཛམ་བུའི་གླིང་གི་མི་རྣམས་ཀྱི་ཁང་པ་ཆེད་དུ་བྱས་པ་དང་། བྱས་པ་མ་ཡིན་པ་དང་། ཁང ་བཟངས་དང་། ས་གང་རྣམས་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ཀྱི་ཡང་དེ་བཞིན་ནོ།། བྱང་གི་སྒྲ ་མི་སྙན་གྱི་མི་རྣམས་ཀྱི་ཁང་པ་ནི་ཆེད་དུ་བྱས་པ་མ་ཡིན་པ་ལས་གང་དག་གོ།། རྒྱལ་ཆེན་བཞི་པ་རྣམས་ཀྱི་གཞལ་མེད་ཁང་ནི་ཆེད་དུ་བྱས་པ ་དང་། མཆེད་དུ་བྱས་པ་མ་ཡིན་པ་དག་གོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་རྒ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་དེ་བཞིན ་ནོ།། ཚངས་རིས་པ་རྣམས་ཀྱི་གཞལ་མེད་ཁང་པ་རྣམས་ནི་ཆེད་དུ་བྱས་པ་མ་ཡིན་པ་དག་གོ།། ཚངས་རིས་པ་རྣམས་ཀྱི་ཇི་ལྟ་བ་བཞིན ་དུ། ཚངས་པ་ཆེན་པོ་པ་རྣམས་དང་། འདོ་ཆུང་བ་རྣམས་དང་། ཚད་མེད་འོད་པ་རྣམས་དང་། འདོ་གསལ་བ་རྣམས ་དང་། དགེ་ཆུང་བ་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད ་རྣམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། འོག་མིན ་བ་རྣམས་ཀྱི་བར་གྱི་གཞལ་མེད་ཁང་རྣམས་ཀྱང་ཆེད་དུ་མ་བྱས་པ་ཡིན་ནོ།། གཟུགས་མེད་པ་རྣམས་ལ་ནི་ཁང་པ་དག་མེད་དོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ། ་གདིང་བ་དང་། བགོ་བ་འདི་ལྟ་སྟེ། བལ་གོས་དང་། ཤཱ་ནཱའི་རས་དང་། གསོརས་དང་། ཟར་མའི་རས་དང་། རས་གོས་དང་། ཟབ་དང་། ཀོ་ཏམ་པའི་ནས་དང་། ་འཛིན་ལདུ་ཀུ་ལའི་གོས་དང་། ཨ་པ་རན་ཧི་ཀའི་གོས་དང་། རས་དང་བེའུ་རས་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལཾ། ་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་པ་རྣམས་ཀྱི་མི་ནི་དཔག་བསམ་ཤིང་ལས་བྱུང་བའི་གོས་དག་གྱོན་ནོ།། ཇི་ལྟར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་དཔག་བསམ་ཤིང་ལས་བྱུང ་བའི་གོ་དག་གྱོན་པ་བཞིན་དུ། རྒྱལ་ཆེན་བཞི་པའི་རིས་ཀྱི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། ཚངས་རིས་ཀྱི་ལྷ་རྣམས་ནི་གོས་གྱེན་བཞིན་དུ་སྐྱེའོ།། ཚངས་རིས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། འོག་མིན་གྱི ་བར་དག་ཀྱང་གོས་གྱོན་པ་བཞིན་དུ་སྐྱེའོ།། བྱང་གི་སྒྲ་མི་སྙན་གྱི་པི་རྣམས་ཀྱི་དཔག་བསམ་གྱི་ཀོ་ཀྱི་ཤིང་རྣམས་ནི་རྣམ་པ་བཞི་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར ་པ་རྣམསོ།། བཞག་གོས་ཀྱང་རྣམས་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་སོ།། དཔག་བསམ་ཤིང་ལས་བྱུང་བའི་གོས་ཀྱང་རྣམ་པ་བཞི་སྟེ། སྔོན ་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཏེ། དཔག་བསམ་ཤིང་ལས་བྱུང་བའི་གོས་ཇི་ལྟ་བུའི་འདོད་པ་དེ་ལྟ་བུ་སྐྱེས་པ་འམ། བུད་མེད་དག་གིས་སེམས་བསྐྱེད ་མ་ཐག་ཏུ་དེ་ལ་ཡལ་ག་འདུད་པར་བྱེད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་ཀྱིས་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ཀྱིས་ཤིང་རྣམས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། ་དམར་པོ་དང་། དཀར་པོ་རྣམས་སོ།། བཞག་གོས་ཀྱང་རྣམ་པ་བཞི་སྟེ། སྔོན་པ་དང་། སེར་པོ་དང་། དམར་པོ་དང་། དཀར་བ་རྣམ་སོ།། དཔག་པསམ་ཤིང་ལས་བྱུང་ན ་གོས་ཀྱང་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཏེ། དཔག་བསམ་ཤིང་ལས་བྱུང་བའི་གོས་ཇི་ལྟ་བུ་འདོད་པ་དེ་ལྟ་བུ་ལྦ་འམ། ་ལྷའི་བུ་མོ་དག་གིས་སེམས་བསྐྱེད་མ་ཟད་ཏུ་ཡལ་ག་འདུད་པར་བྱེད་དོ།། དེའི་ལག་དུ་འོང་བར་འགྱུར་རོ།། རྒྱལ་ཆེན་བཞི་པའི་ལྷའི་བུ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། གཞན ་འཕྲུལ་དབང་བྱེད་ཀྱི་བར་དག་གི་ཡང་དེ་བཞིན་ནོ།། ཚངས་རིས་ཀྱི་རྣམས་ལ་ནི་དཔག་བསམ་ཤིང་ལས་བྱུང་བའི་གོས་མེད་དོ།། དེ་ཡན་ཆད་པ་ཡང་མེད་དོ།། ཇི་ལྟར་འཛུམ ་བུའི་གླིང་གི་མི་རྣམས་ལ་གི་དང་བ་དང་། གོ་བ་བལྕི་བ་དང་། ཡང་བ་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད ་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་དཔག་བསམ་ཤིང་ལས་བྱུང་བའི་གོས་ལ་ནི་སྲང་ཅིག་ཡོད་དོ།། རྒྱལ་ཆེན་བཞི་ལྷ་རྣམས་ཀྱི་ནི་སྲང་བྱེད་དོ།། སུམ་བཅུ་རྩ་གསུ ་པའི་ལྷ་རྣམས་ཀྱི་ནི་སྲང་གི་བཞི་ཆ་གཅིག་གོ། འཐབ་བྲལ་བ་རྣམས་ཀྱི་ནི་སྲང་གི་བརྒྱད་ཆ་ཅིག་གོ། དགའ་ལྡན་པ་རྣམས་ཀྱི་ནི་སྲང་གི་བཅུ་དྲུག་ཆ་ཅིག་གོ།། འཕྲུལ ་དགའ་བ་རྣམས་ཀྱི་ནི་སྲང་གི་སུམ་བཅུ་རྩ་གཉིས་ཀྱི་ཆ་ཅིག་གོ། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་ནི་སྲང་གི་དྲུག་ཅུ ་རྩ་བཞིའི་ཆ་ཅིག་གོ།། ཚངས་རིས་ཀྱི་ལྷ་རྣམས་ཀྱི་གོས་ནི་གཞལ་དུ་མེད་པའི་གོས་ཡིན་ནོ།། ཚངས་རིས་པ་རྣམས་ཀྱི་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་ལྷ ་རྣམས་ཀྱི་ཡང་གཞལ་དུ་མེད་པའི་གོས་ཡིན་ནོ།། ཉེ་ཟེར་གྱི་རྡུལ་གྱི་བཞི་བཅུ་རྩ་དགུའི་ཆ་ཅིག་ནི་རྡུལ་ཕྲ་བ་བ་ཡིན་ནོ།། རྡུལ་ཕྲ་རབ་བདུན་ལ་ནི་རྡུལ་ཕྲ་མོ་གཅིག་གོ།། རྡུལ་ཕྲ་མོ་བདུན ་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། ཉེ་ཟེར་བདུན་ལཱ་ནཱི་རི་བོདྨ་གཱི་རྡུལ་བདུན་ལ་ནི་ལུག་རྡུལ་གཅིག་གོ། ལུག་རྡུལ་བདུན་ལ་ནི་གླང་རྡུལ་གཅིག་གོ། གླང་རྡུལ་བདུན་ལ་ནི་སྲོ་མ་གཅིག ་གོ། སྲོ་མ་བདུན་ལ་ནི་ཨ་བ་ག་ན་གཅིག་གོ། ཨ་བ་ག་ན་བདུན་ལ་ནི་བ་ཏི་ཀ་གཅིག་གོ།། ནས་འབྲུ་བདུན་ལ་ནི་སོར་ཅིག་གོ། སོར་ཉི་ཤུ་རྩ་གཞི་ལ་ནི་ཁྲུ་གང་ངོ་།། འཛམ་བུའི་གླིང ་མི་ཁ་ཅིག་ནི་ཁྲུ་ཆད་དེ་ལྟར་བརྩིས་པའི་ཁྲུ་ཕྱེད་དང་བཞིའོ།། ཁ་ཅིག་ནི་བྲུ་བཞིའོ།། ཀྱིས་འདུན་ལ་ནི་ནས་འབྲུ་གཙོག། ཤར་གྱི་ལུས་འཕགས་པོ་རྣམས་ནི་ཁྲུ་བརྒྱད་པའོ།། ནུབ་ཀྱི་བ་ལང ་སྤྱོད་པ་རྣམས་ནི། ཁྲུ་བཅུ་དྲུག་པའོ།། བྱང་གི་སྒྲ་མི་སྙན་པ་རྣམས་ནི་ཁྲུ་སུམ་བཅུ་རྩ་གཉིས་པའོ།། རྒྱལ་ཆེན་གཞི་པའི་རིས་ཀྱི་ལྷ་རྣམས་ཀྱི་ལུས་ཐོབ་པ་ནི། རྒྱང་གྲགས་ཀྱི ་བཞི་ཆ་གཅིག་གོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནི་རྒྱང་གྲགས་ཀྱི་བྱེད་དོ།། འཐབ་བྲལ་བ་རྣམས་ཀྱི་ནི་རྒྱང་གྲགས་ཀྱི་བཞི་ཆ་གསུ་མོ།། དགའ་ལྡན་པ་རྣམས ་ཀྱི་ནི་རྒྱང་གྲགས་གཅིག་གོ། འཕྲུལ་དགའ་རྣམས་ཀྱི་ནི་རྒྱང་གྲགས་གཅིག། རྒྱང་གྲགས་ཀྱི་བཞི་ཆ་གཅིག་གོ། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་རྒྱང་གྲགས་བྱེད་དང ་གཉིས་སོ།། ཚངས་རིས་པ་རྣམས་ཀྱི་ནི་དཔག་ཚད་ཕྱེད་དོ།། ཚངས་པའི་མདུན་ན་འདོན་པ་རྣམས་ཀྱི་ནི་དཔག་ཚད་གཅིག་གོ། ཚངས་པ་ཆེན་པོ་པ་རྣམས་ཀྱི་ནི་དཔག་ཚད་ཕྱེད ་དང་གཉིས་སོ།། འོད་ཆུང་བ་རྣམས་ཀྱི་ནི་དཔག་ཚད་གཉིས་སོ།། ཚད་མེད་འོད་པ་རྣམས་ཀྱི་ནི་དཔག་ཚད་བཞིའོ།། འོད་གསལ་བ་རྣམས་ཀྱི་ནི་དཔག་ཚད་བརྒྱད་དོ།། ་དགེ་ཆུང་བ་རྣམས་ཀྱི་དཔག་ཚད་བཅུ་དྲུག་གོ། ཚད་མེད་དགེ་བ་རྣམས་ཀྱི་ནི་དཔག་ཚད་སུམ་བཅུ་རྩ་གཉིས་སོ།། དགེ་རྒྱས་པ་རྣམས་ཀྱི་ནི་དཔག་ཚད་དྲུག་བཅུ་རྩ་བཞིའོ།། ་སྤྲིན་མེད་པ་རྣམས་ཀྱི་ནི་དཔག་ཚད་ཉི་ཤུ་རྩ་ལྔ་པའོ།། བསོད་ནམས་སྐྱེས་པ་རྣམས་ཀྱི་ནི་དཔག་ཚད་གཉིས་བརྒྱ་ལྔ་བཅུའོ།། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི་ནི་དཔག་ཚད་ལྔ ་བརྒྱའོ།། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ཡང་དེ་དང་འདྲའོ།། མི་ཆེ་བ་ལྷའི་ལུས་ཐོབ་པ་རྣམས་ཀྱི་ནི་དཔག་ཚད་སྟོང་ངོ་།། མི་གདུང་བ་རྣམས་ཀྱི་ནི་དཔག་ཚད ་ཉིས་སྟོང་ངོ་།། གྱ་ནོམ་སྣང་བའི་ལྷ་རྣམས་ཀྱི་ནི་དཔག་ཚད་བཞི་སྟོང་ངོ་།། ཤིན་ཏུ་མཐོང་བ་རྣམས་ཀྱི་ནི་དཔག་ཚད་བརྒྱད་སྟོང་ངོ་།། འོག་མིན་གྱི་ལྷ་རྣམས་ཀྱི་ལུས་ཐོབ་པ་རྣམ ་ཀྱི་ནི་དཔག་ཚད་ཁྲི་དྲུག་སྟོང་ངོ་།། གཟུགས་མེད་པ་རྣམས་ལ་ནི་བསགས་པའི་ལུས་མེད་དོ།། ཉི་ཟེར་གྱི་རྡུལ་གྱི་བཞི་བཅུ་རྩ་དགུའི་ཆ་གཅིག་ནི་རྡུལ་ཕྲ་རབ་ཡིན།། ་རྡུལ་ཕྲ་རབ་བདུན་ལ་ནི། རྡུལ་ཕྲ་མོ་གཅིག་གོ།། རྡུལ་མོ་བདུན་ལ་ནི་ཉི་ཟེར་གྱི་རྡུལ་གཅིག་གོ། རྒྱས་པར་ཁྲུ་གང་གི་བར་དུ་སྟེ། འཛམ་བུའི་གླིང་གི་མི་ཁ་ཅིག ་འཛིནནི་གོས་ཁྲུ་ཚང་འདི་ལྟ་བུ་བརྩིས་པའི་ཁྲུ་བརྒྱད་པ་གྱོན། ཁ་ཅིག་ནི་བཅུ་པའོ།། ཤར་གྱི་ལུས་འཕགས་པོ་རྣམས་ཀྱི་ཁྲུ་ཉི་ཤུ་པའོ།། ནུབ ་ཀྱི་བ་ལང་སྤྱོད་པ་རྣམས་ཀྱི་ནི་ཁྲུ་བཞི་བཅུ་པའོ།། བྱང་གི་མི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ནི་དཔག་བསམ་གི་ཤིང་ལས་བྱུང་བའི་གོས་ཁྲུ་བརྒྱ་བཅུ་པ་གྱོན་ནོ།། རྒྱལ་ཆེན་བཞིའི ་རིས་ཀྱི་ལྷ་རྣམས་ཀྱང་ལུས་ལ་ཅི་རན་པའི་གོས་གོན་ནོ།། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་རྣམས་ཀྱི་ཇི་ལྟ་བ་དེ་བཞིན་དུ། འོག་མིན་གྱི་བར་དག་གི་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ ་བུའི་གླིང་གི་མི་རྣམས་ཀྱི་དབང་པོ་ཐ་དད་དེ། ཁ་ཅིག་ལ་ནི་མོའི་དབང་པོ་དང་། ཁ་ཅིག་ལ་ནི་པོའི་དབང་པོ་ཡོད་པ་དེ་བཞིན་དུ། ཤར་གྱི་ལུས་འཕགས་པ་རྣམས་དང་། ་ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། ་དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་ཡོད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་མེའི་དབང་པོ་ཡང་མེད། པོའི ་དབང་པོ་ཡང་མེད་དོ། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་བར་དག་གི་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་བག་མ་ཏོང་བ་དང་། ་བག་མ་ལེན་པ་ཡོད་པ་བཞིན་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། རྒྱལ་ཆེན་བཞིའི་ལྷ་རྣམས་དང་། སུམ་བཅུ་རྩ་གསུཾ། ་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ནི་ཡང་མེད་དོ།། ་པའི་ལྷ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ།། ཚངས ་རིས་ཀྱི་ལྷ་རྣམས་ལ་ནི་བག་ཏོང་བ་ཡང་མེད་དོ།། བག་མ་ལེན་པ་ཡང་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་བར་དག་ཀྱང་དེ་བཞིན་ནོ།། ་འཇིག་རྟེན་བདགས་པ་ལས་ཚིགས་བཞི་པའོ།། སྡོམ་ནི། གངས་དང་དུས་ཚིགས་མཚན་མོ་དང་། ཕ་དང་མ་ནི་རྗེ་གོལ་དང་། ནོར་དང་འབྲུ་དང་མངོན་པར་ཞེན། བཅུ་མཚན ་ཡོངསུ་བརྗོད་པ་ཡིན། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ཤིན་ཏུ་གྲང་བ་དང་། ཤིན་ཏུ་ཚ་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ནི་མེད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་ཡང་མེད་དོ།། དེ་ཡན་ཆད་ལ་ཡང་མེད་དོ།། ཇི་ལྟར་འཛམ ་བུའི་གླིང་གི་མི་རྣམས་ལ་དུས་ཚིགས་འདི་ལྟ་སྟེ། དགུན་དང་། དཔྱིད་དང་། དབྱར་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད ་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམ ་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་ཡོད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་དུས་ཚིགས་མེད་དོ།། ཚངས་རིས་ཀྱི་ལྷ་རྣམས ་འཇིག་ལ་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་བར་དག་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་མཚན་མོ་དང་། ཉིན་མོ་ཡོད་པ་བཞིན ་དུ་ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྨན་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། སུམ་བཅུ་རྩ་གསུམ་པ ་རྣམས་དང་། འཐབ་འབྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡང་ཡོད་དོ།། ཚངས་རིས་ཀྱི ་ལྷ་རྣམས་ལ་ཡང་ཡོད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་མཚན་མོ་ཡང་མེད། ཉིན་མོ་ཡང་མེད་དོ།། ཚངས་རིས་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་འོག་མིན་གྱི་བར་དག་ལ་ཡང་དེ ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་བ་དང་མ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན ་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་དང་། སུམ་བཅུ་རྩ་གསུམ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་དང་། གཞན་འཕྲུལ ་དབང་བྱེད་ཀྱི་ལྷ་རྣམས་ལ་ཡོད་དོ།། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་མ་ཡང་མེད། བ་ཡང་མེད་དོ།། ཚངས་རིས་གྱི་ལྷ་རྣམས་ལ་ཇི་ལྟ་བ་བཞིན་དུ་འོག་མིན་གྱི་བར་དག་ལ ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ཇོ་བོ་དང་། བྲན་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྐྱོང་པ་རྣམས་ལ ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་པའི་མི་རྣམས་ལ་ནི་ཇོ་བོ་ཡང་མེད། བྲན་ཀྱང་མེད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་ནི་ཇོ་བོ་དང་བྲན་ཡང་མེད་དོ།། རྒྱལ་ཆེན་བཞི ་པའི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། ་གཞན་འཕྲུལ་དབང་བྱེད་པ་རྣམས་ལ་ཡང་དེ་བཞིན་ནོ། ཚངས་རིས་ཀྱི་ལྷ་རྣམས་ལ་ནི་ཇོ་བོ་ཡང་མེད། བྲན་ཡང་མེད་དོ།། ཚངས་རིག་ཀྱི་རྣམས་ཇི་ལྟ་བ་བཞིན་དུ། ་འོག་མིན་གྱི་བར་དག་ལ་ཡང་དེ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་ནོར་དང་འབྲུ་དག་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པ་རྣམས་དང་། ནུབ་པ་ལང་སྤྱོད ་པ་རྣམས་ལ་ནི་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་ནི་འབྲུ་ནི་ཡོད་ལ་ནོར་ནི་མེད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ་ནི་ནོར་ཡོད་ལ་འབྲུ་ནི་མེད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས ་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ལ ་ཡང་དེ་བཞིན་ནོ།། ཚངས་རིགས་ཀྱི་ལྷ་རྣམས་ལ་ནི་ནོར་ཡང་མེད་འབྲུ་ཡང་མེད་དོ།། ཚངས་རིགས་ཀྱི་ལྷ་རྣམས་ལ་ནི་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་བར་དག་ལ་ཡང་དེ་བཞིན་ནོ།། ་ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ་པ་དང་། བུ་ཕོ་འམ་བུ་མོ་འམ། ཇོ་བོ་འམ་བྲན་ནམ། ནོར་འམ། འབྲུ་ལ་མངོན་པར་ཞེན་པ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པ་རྣམས ་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་ལ་ཡང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ནི་ཅི་ལ་ཡང་མངོན་པར་ཞེན་པ་མེད་དོ།། རྒྱལ་ཆེན་བཞི་པའི ་བྲལ་བ་རཱམ། ་རྣམས་ནི་འབྲུ་མ་ཏོགས་པ་རྣམས་ལ་མངོན་པར་ཞེན་པ་ཡོད་དོ།། རྒྱལ་ཆེན་བཞི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། དགའ་ལྡན་པ་རྣམས་དང་། ་འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱང་དེ་བཞིནོ།། ཚངས་རིགས་ཀྱི་ལྷ་རྣམས་ལ་ནི་ཅི་ཡང་མངོན་པར་ཞེན་པ་མེད་དོ།། ཚངས་རིགས་ཀྱི་ལྷ ་རྣམས་ཇི་ལྟ་བ་བཞིན་དུ། ཚངས་པ་ཆེན་པོ་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོང་པ་རྣམས་དང་། འོད་གསལ་བ་རྣམས་དང་། དགེ་བ་རྣམས་དང་། ཚད་མེད་དགེ་བ ་རྣམས་དང་། དགེ་རྒྱས་པ་རྣམས་དང་། སྤྲིན་མེད་པ་རྣམས་དང་། བསོད་ནམས་སྐྱེས་པ་རྣམས་དང་། འབྲས་བུ་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས ་དང་། ཤིན་ཏུ་མཐོང་བ་དང་། འོག་གྱི་ལྷ་རྣམས་ཀྱང་དེ་བཞིན་ནོ།། འཇིག་རྟེན་བདག་པ་ལས་ཚིགས་ལྔ་པ།། ། བམ་པོ་གཉིས་པ། སྡོམ་ནི། ཟླ་མཚན ་འཁྲིག་དང་ཁུ་ཆུ་དང་། ཚེ་དང་ནག་པོ་ཆུ་ཀླུང་བྲག། ས་ལ་རྫིང་དང་གླང་པོ་དང་། སྲུངས་མ་འཁོར་ལོས་སྒྱུར་བའི་ལམ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས་ལ། བུད་མེད་ཟླ ་མཚན་དང་། སྦྲུམ་མ་དང་། བུ་ཙ་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ཡང་ཡོད་དོ།། ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནི། འཛམ་བུའི་གླིང་གི་མི་རྣམས་ཀྱི་ཁྱེའུ་འམ། བུ་མོ་དང་། བུ་ལོ་ལྔ་ལོན་པ་ཅི་ཙམ་པ་དེ་བཞིན་དུ། ལྷ་འམ། ལྷའི་བུ་མོའི་ཕྲག་པ་འམ ་བང་བར། སེམས་ཅན་རྫུས་ཏེ་སྐྱེ་བར་འབྱུང་བར་འགྱུར་ཏེ། དེ་ན་ལྷ་འམ། དེ་ལྷའི་བུ་མོ་དག་འདི་སྙམ་དུ་འདི་ནི། བདག་གིས་བུ་མོའོ་སྙམ་དུ་སེམས་སོ།། ཁྱེའུ་དང་བུ ་མོ་དེ་དག་ཀྱང་འདི་སྙམ་དུ་འདི་ནི། བདག་ཅག་གི་མ་འམ་པའོ་སྙམ་དུ་སེམས་སོ།། སུམ་ཅུ་རྩ་གསུམ་པ་རྣམས་ཀྱི་ནི་ལོ་དྲུག་ལོན་པ་ཅི་ཙམ་པ་བཞིན་ནོ།། འཐབ་བྲལ་བ་རྣམ ་ཀྱེ་ནི་ལོ་དྲུག་ལོན་པ་ཙམ་པ་བཞིན་ནོ།། འཐབ་བྲལ་བ་རྣམས་ཀྱི་ནི་ལོ་བདུན་ལོན་པ་ཙམ་པ་བཞིན་ནོ།། དགའ་ལྡན་པ་རྣམས་ཀྱི་ནི་ལོ་བརྒྱད་ལོན་པ་ཅི་ཙམ་པ་བཞིན་ནོ།། ་འཕྲུལ་དགའ་བ་རྣམས་ཀྱི་ནི། ལོ་དགུ་ལོན་པ་ཇི་ཙམ་པ་བཞིན་ནོ།། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི། འཛམ་བུའི་གླིང་གི་མི་རྣམས་ཀྱི་ཁྱེའུ་དང་། བུ་མོ་ལ ་བཅུ་དྲུག་ལོན་པའི་ཇི་ཙམ་པ་དེ་བཞིན་དུ། ལྷ་འམ་ལྷའི་བུ་མོའི་ཕྲག་པ་འམ་པང་བར་རྫུས་ཏེ་སྐྱེ་བའི་སེམས་ཅན་འབྱུང་བར་འགྱུར་ཏེ། དེ་ན་ལྷ་འམ་ལྷའི་བུ་མོ་དག་འདི་སྙམ ་དུ་འདི་ནི་བདག་གི་བུ་འམ་བུ་མོའོ་སྙམ་དུ་སེམས་སོ།། ཁྱེའུ་དང་བུ་མོ་དེ་དག་ཀྱང་འདི་སྐད་དུ་འདི་ནི་བདག་ཅག་གི་མ་འམ་པའོ་སྙམ་དུ་སེམསོ།། ཚངས་རིགས་ཀྱི་ལྷ་རྣམས ་ནི་ཐོག་མ་ཉིད་ནས་ལུས་ཀྱི་ཡན་ལག་དང་། ཉིང་ལག་ཐམས་ཅད་རྫོགས་པར་སྐྱེ་ཞིང་འཆི་བ་ན་ཡང་དེ་ཁོ་ན་བཞིན་ནོ།། ཚངས་རིགས་ཀྱི་ལྷ་རྣམས་ནི་ཇི་ལྟ་བ་བཞིན་དུ། ་འོག་མིན་གྱི་བར་དག་ཀྱང་དེ་བཞིན་ནོ།། གཟུགས་མེད་པ་རྣམས་ལ་ནི་ཐོག་མ་ཉིད་ནས་ལུས་ཀྱི་གཟུགས་མེད་དེ། དེ་བས་ན་དེ་དག་ནི་སྐྱེ་བ ་ཡང་མི་མངོན་པར་འཆི་འཕོ་བ་ལ་ཡང་མི་མངོན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས། མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་སྟེན་པ་ན། གཉིས་ཀྱི་གཉིས་སྤོར ་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་དང་། ་སུམ་ཅུ་རྩ་གསུམ་པ་རྣམས་ཀྱང་དེ་བཞིན་ནོ།། འཐབ་བྲལ་བ་རྣམས་ནི་ཁྱད་པ་ཙམ་གྱིས་གདུང་བཞི་པར་འགྱུར་རོ།། དགའ་ལྡན་པ་རྣམས་ཀྱིས་ནི་ལགས་པ་ནས་གཟུང ་བ་ཙམ་གྱིས་སོ།། འཕྲུལ་དགའ་བ་རྣམས་ཀྱིས་ནི་བརྒད་པ་ཙམ་གྱིས་སོ།། གཞན་འཕྲུལ་དབང་བྱེད་པ་རྣམས་ཀྱི་ནི་བལྟས་པ་ཙམ་གྱིས་གདུང་བ་ཞི་བར་འགྱུར་རོ།། ་ཚངས་རིས་པ་རྣམས་ནི་འདོད་ཆགས་མེད་དོ།། ཚངས་རིས་པ་རྣམས་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་བར་དག་ཀྱང་དེ་བཞིན་ནོ།། ཇི་ལྟར་འཛམ་བུའི་གླིང་གི་མི་རྣམས ་ལ་ཁུ་ཆུ་མི་གཙང་བ་འབྱུང་བ་ཡོད་པ་བཞིན་དུ། ཤར་གྱི་ལུས་འཕགས་པོ་རྣམས་དང་། ནུབ་ཀྱི་བ་ལང་སྤྱོད་པ་རྣམས་དང་། བྱང་གི་སྒྲ་མི་སྙན་པ་རྣམས་ལ་ཡང ་དེ་བཞིན་ནོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནི་རླུང་འབྱུང་ངོ་།། རྒྱལ་ཆེན་བཞི་པའི་རིགས་ཀྱི་ལྷ་རྣམས་ཇི་ལྟ་བ་བཞིན་དུ། སུམ་ཅུ་རྩ་གསུམ་པ་རྣམས་དང་། ་འཐབ་བྲལ་བ་རྣམས་དང་། དགའ་ལྡན་པ་རྣམས་དང་། འཕྲུལ་དགའ་བ་རྣམས་དང་། བཞན་འཕྲུལ་དབང་བྱེད་པ་རྣམས་ཀྱིས་ཡང་དེ་བཞིན་ནོ།། ཚངས་རིས་ཀྱི ་ལྷ་རྣམས་ལ་ནི་འདོད་ཆགས་མེད་དོ།། ཚངས་རིགས་པ་རྣམས་ཇི་ལྟ་བ་བཞིན་དུ། འོག་མིན་གྱི་བར་དག་ཀྱང་དེ་བཞིན་ནོ།། སེམས་ཅན་དམྱལ་བའི་སེམས་ཅན་རྣམས ་ཀྱི་ཚེའི་ཚད་ནི་བར་གྱི་བསྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དུད་འགྲོའི་སྐྱེ་གནས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ ་གཅིག་སྟེ། བར་དྨོར་འཆི་བ་ནི་ཡོད་དོ།། མི་རྣམས་ཀྱི་ཉིན་ཞག་སུམ་ཅུ་གང་ཡིན་པ་དེ་ནི། ཡི་དགས་རྣམས་ཀྱི་ཉིན་ཞག་གཅིག་སྟེ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏེ། ཡི་དགས་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་ལོ་དེ་ལྟ་བུ་བརྩིས་པའི་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མི་ལྟར ་བརྩིས་ན་ལོ་ཁྲི་ལྔ་སྟོང་པོ་ཡོད་དོ།། ཤར་གྱི་ལུས་འཕགས་པོ་མི་རྣམས་ཀྱི་ཚེའི་ཚད་ཀྱི་ར་བ་ནི། ལོ་ཉི་བརྒྱ་ལྔ་བཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ནུབ ་ཀྱི་བ་ལང་སྤྱོད་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ཀྱི་ཚེའི་ཚད་ནི་རབ་ཀྱི་ལོ་སྟོང་སྟེ། བར ་མདོར་འཆི་བ་ནི་མེད་དོ།། ཅིའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་བར་མ་དོར་འཆི་བ་མེད་ཅེ་ན། དེ་དག་ལ་བདག་གི་འཆི་བ་མེད་ཅིང་ཡོང་སུ་འཛིན་པ་མེད་དེ། ་འཛིན་ཚེ་དེས་ཤིང་ཁྱད་པ་དུ་འགྲོ་བ་ཡིན་པས། དེའི་ཕྱིར་བྱང་གི་སྒྲ་མི་སྙན་གྱི་མི་རྣམས་ལ་བར་མ་དོར་འཆི་བ་མེད་དོ།། འཛམ་བུའི་གླིང་གི ་མི་རྣམས་ལ་ནི་ཡར་སྐྱེ་བ་དང་། མར་གྲིབ་པ་ཡོད་དོ།། འཛམ་བུའི་གླིང་གི་མི་རྣམས་རེས་འགའ་ནི་ཚེ་དཔག་ཏུ་མེད་པར་འགྱུར་ལ། རེས་འགའ་ནི་ཚེ་ལོ་བཅུ་པར ་འགྱུར་རོ།། མི་རྣམས་ཀྱི་ཚེ་ལོ་ལྔ་བཅུ་གང་ཡིན་པ་དེ་ནི་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་གསུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ ་གཉིས་ལ་ལོ་གཅིག་ཏེ། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི། ལོ་དེ་ལྟ་བུ་བརྩིས་པའི་ལྷའི་ལོ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མིའི ་ལྟར་བརྩིས་ན་ལོ་ས་ཡ་ཕྲག་དགུ་ཡོད་དེ། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས ་ལ་ལོ་ཅིག་ཏེ། སེམས་ཅན་དམྱལ་བ་ཡང་སོས་ཀྱི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི། ལོ་དེ་ལྟ་བུའི་བརྩིས་པའི་སེམས་ཅན་དམྱལ་བ་པའི་ལོ་ལྔ་བརྒྱ་སྟེ། ་བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་འབུམ་དྲུག་ཁྲི་ཉི་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་བརྒྱ་གང་ཡིན་པ་དེ་ནི། སུམ་ཅུ་རྩ་གསུམ་པའི་ལྷ ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཚེའི་ཚད་རབ་ནི། ་དེ་ལོ་དེ་ལྟ་བུ་བརྩིས་པའི་ལྷའི་ལོ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་གསུམ་དང་། ས་ཡ་ཕྲག་དྲུག་ཡོད་དེ་སེམས་ཅན་དབྱལ ་བ་ཆེན་པོ་ཐིག་ནག་གི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་ཏེ། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་གི་ཚེའི ་ཚད་ཀྱི་རབ་ནི། ལོ་དེ་ལྟ་བུ་བརྩིས་པའི་སེམས་ཅན་དམྱལ་བའི་ལོ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་བརྩིས་ན་ལོ་བྱེ་བ་ཕྲག་འབུམ་ཕྲག་བཅུ་གཉིས་དང་། ་བྱེ་བ་ཕྲག་དགུ་ཁྲི་དྲུག་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་ཉི་བརྒྱ་གང་ཡིན་པ་དེ་ནི། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ།། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཐབ་བྲལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་ར་བ་ནི། ལོ་དེ་ལྟ་བུ་བརྩིས་པའི་ལྷའི་ལེ་ཉི་སྟོང་སྟེ། དེ་མི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་བཅུ ་བཞི་དང་། ས་ཡ་བྲག་བཞི་ཡོད་དེ། དེ་ནི་སེམས་ཅན་དམྱལ་བ་བསྡུས་འཇོམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལ ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་ཀྱི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི། ལོ་དེ་ལྟ་བུའི་བརྩིས་པའི་སེམས་ཅན་དམྱལ་བའི་ལོ་ཉིད ་སྟོང་སྟེ། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དེ་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་གཅིག་དང་། བྱེ་བ་ཕྲག་སུམ་འབུམ་དང་། བྱེ་བ་ཕྲག་དྲུག་ཁྲི་བརྒྱད་སྟོང་ཡོད་དོ།། ་མི་རྣམས་ཀྱི་ལོ་བཞི་བརྒྱ་གང་ཡིན་པ་དེ་ནི་དགའ་ལྡན་གྱི་ལྷ་རྣམས་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་གསུམ་བཅུ་ལ་ཟླ་བ་གཅིག་གོ།། ཟླ ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། དགའ་ལྡན་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི། དེ་ལོ་དེ་ལྟ་བུ་བརྩིས་པའི་ལྷའི་ལ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི ་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་ལྔ་བཅུ་རྩ་བདུན་དང་། ལོ་ས་ཡ་ཕྲག་དྲུག་ཡོད་དོ།། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཀྱི་ཉིན་ཞག་གཅིག་གོ། ཉིན་ཞག་དེ ་གསུམ་བཅུ་ལ་ཟླ་བ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཀྱི་སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་ཚེ་ཚད་ཀྱི་རབ་ནི་ལོ་བཞི་སྟོང་སྟེ། བར་མ་དོར ་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་བརྒྱད་དང་། བྱེ་བ་ཕྲག་ས་ཡ་དགུ་འབུམ་བཞི་ཁྲི་བཞི་སྟོང་ཡོད་དོ།། མི་རྣམས་ཀྱི་ལོ་བརྒྱད་བརྒྱ་གང་ཡིན་པ་དེ་ནི། ་འཕྲུལ་དགའི་ལྷ་རྣམས་ཀྱི་ནི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་ཅུ་ལ་ཟླ་བ་བཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། འཕྲུལ་དགའ་བ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི། ་ལྷའི་ལོ་བརྒྱ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེའི་མིའི་ལྟར་བརྩིས་ན་ལོ་བྱེ་བ་ཕྲག་གཉིས་བརྒྱ་སུམ་བཅུ་དང་། ལོ་ས་ཡ་ཕྲག་བཞི་ཡོད་དེ། དེ་ནི་སེམས་ཅན་དམྱལ ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཆེན་པོའི ་ཉིན་ཞག་གཅིག་ག། ས་ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོའི་ཚེའི་ཚད་ཀྱི་རབ་ནི། ་བརྒྱད་སྟོང་དང་། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན། བྱེ་བ་དྲུག་བཅུ་རྩ་དྲུག་དང་། བྱེ་བ་ཕྲག་ས་ཡ་འབུམ་དང་། བྱེ་བ་ཕྲག་ལྔ་འབུམ་ལྔ་ཁྲི་ཉི་སྟོང ་ཡོད་དོ།། མི་རྣམས་ཀྱི་ལོ་སྟོང་དྲུག་རྒྱ་གང་ཡིན་པ་དེ་ནི། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ཉིན་ཞག་ཅིག་གོ་ཉིན་ཞག་དེ་སུམ་བཅུ་ལ་ཟླ་བ་གཅིག། ཟླ་བ་བཅུ་གཉིས ་ལ་ལོ་གཅིག་སྟེ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི། ལྷའི་ལོ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། དེ་མིའི་ལྟར་བརྩིས་ན་ལོ ་བྱེ་བ་ཕྲག་དགུ་བརྒྱ་ཉི་ཤུ་རྩ་གཅིག་དང་། ལོ་ས་ཡ་ཕྲག་དྲུག་ཡོད་དེ། དེ་ནི་སེམས་ཅན་དམྱལ་བ་ཆེན་པོ་ཚ་བའི་ཉིན་ཞག་གཅིག་གོ། ཉིན་ཞག་དེ་གསུམ་བཅུ་ལ་ཟླ་བ་གཅིག། ་ཟླ་བ་བཅུ་གཉིས་ལ་ལོ་གཅིག་སྟེ། སེམས་ཅན་དམྱལ་བ་ཆེན་བློ་ཚ་བའི་སེམས་ཅན་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི། ལོ་ནི་དེ་ལྟ་བུར་བརྩིས་པའི་དམྱལ་བའི་ལོ་ཁྲི་དྲུག་སྟོང་སྟེ། ་ལོ་བྱེ་བ་ཕྲག་ཁྲི་དྲུག་སྟོང་ཡོད་དོ།། བར་སྡོམ་ནི། དགུ་དང་སུམ་དང་། བཅུ་བཞི། ལྔ་བཅུ་རྩ་བདུན་དང་། ཉེས་བརྒྱ་དགུ་བརྒྱ་རྣམས་ནི་མིའི་གྲངས་ལྷ་ཚེར་བཤད། དེ ་ནབཞིན་ཅིག་དང་བཅུ་གཉིས་གཅིག་བརྒྱད་དྲུག་བཅུ་དང་ལྔ་རྒྱ་དག་ནི་སེམས་ཅན་དམྱལ་བའི་ཚེར་བཤད་དོ།། ཚངས་རིས་ཀྱི་ལྷ་རྣམས་ཀྱི ་ཚད་ཀྱི་རབ་ནི་སྐལ་བ་བྱེད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བའི་ཚེའི་ཚད་ཀྱི་རབ་ནི་སྐལ་བ་བྱེད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། ་ཚངས་པའི་མདུན་ན་འདོན་པའི་ལྷ་རྣམས་ཀྱི་ཚེ་ཚད་ཀྱི་རབ་ནི་སྐལ་པ་གཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཚེའི་ཚད་ཀྱི ་རབ་ནི་བསྐལ་པ་ཅིག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཚངས་པ་ཆེན་པོའི་ལྷ་རྣམས་ཀྱི་ཚེའི་ཆེད་ཀྱི་རབ་ནི་སྐལ་པ་ཕྱེད་དང་གཉིས་ཏེ། བར་མ་དོར་འཆི་བ་ནི་ཡོད་དོ།། ་འོད་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་གཉིས། བར་མ་དོར་འཆི་བ་ནི་ཡོད་དོ།། ཚད་མེད་འོད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་བཞི་སྟེ། བར་མ ་དོར་འཆི་བ་ནི་ཡོད་དོ།། འོད་གསལ་གྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་བརྒྱད་དེ། བར་མ་དོར་འཆི་བ་ནི་ཡོད་དོ།། དགེ་ཆུང་གི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ ་བ་བཅུ་དྲུག་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཚད་མེད་དགེ་བའི་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་སུམ་ཅུ་རྩ་གཉིས་ཏེ། བར་དོར་འཆི་བ་ནི་ཡོད་དོ།། དགེ་རྒྱས་ཀྱི་ཝ ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་དྲུག་བཅུ་རྩ་བཞི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། སྤྲིན་མེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་བརྒྱ་ཉི་ཤུ་རྩ་ལྔ་སྟེ། བར་མ ་དོར་འཆི་བ་ནི་ཡོད་དོ།། བསོད་ནམས་སྐྱེས་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་གཉིས་བརྒྱ་ལྔ་བཅུ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འབྲས་བུ་ཆེ་བའི་ལྷ་རྣམས་ཀྱི ་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་ལྔ་བརྒྱ་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ཚེའི་ཚད་ནི་དེ་དང་འདྲའོ།། མི་ཆེ་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི ་བསྐལ་པ་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། མི་གདུང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་སྐལ་པ་ཉི་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། གྱ་ནོམ་སྣང་བའི་ལྷ་རྣམས ་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་གཞི་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཤིན་ཏུ་མཐོང་བའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་བ་བརྒྱད་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ་འོག་མིན་པའི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་ཁྲི་དྲུག་སྟོང་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ ་པ་ཉི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབས་ནི་བསྐལ་པ་བཞི་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། ཅི ་ཡང་མེད་པའི་སྐྱེ་མཆེད་ཀྱི་ལྷ་རྣམས་ཀྱི་ཚེའི་ཚད་ཀྱི་རབ་ནི་བསྐལ་པ་དྲུག་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ཀྱི་རྣམས་ཀྱི་ཚེའི ་ཚད་ཀྱི་རབ་ནི་བསྐལ་པ་བརྒྱད་ཁྲི་སྟེ། བར་མ་དོར་འཆི་བ་ནི་ཡོད་དོ།། འདི་ནས་བྱང་ཕྱོགས་ན་རི་ནག་པོ་གསུམ་ཡོད་དོ།། རི་ནག་པོ་གསུམ་པོ་དེ་དག་གི་བྱང་གི་ཕྱོགས་ན་རི ་ནག་པོ་གཞན་གསུམ་ཡོད་དོ།། རི་ནག་པོ་གཞན་གསུམ་པོ་དེ་དག་གི་བྱང་ཕྱོགས་ན་ཡང་། རི་ནག་པོ་གཞན་གསུམ་ཡོད་དོ།། རི་ནག་པོ་གཞན ་གསུམ་པོ་དེ་དག་གི་བྱང་ཕྱོགས་ན། རིའི་རྒྱལ་པོ་གངས་ཅན་ཤེས་བྱ་བ་ཡོད་དོ།། རིའི་རྒྱལ་པོ་གང་ཅན་གྱི་བྱང་ཕྱོགས་ན། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡན་ཞེས་བྱ་བ་ཡོད་དོ།། ་རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡན་ནས། དཔག་ཚད་བཅུའི་ཚུར་རོལ་ན་མཚོ་ཆེན་པོ་ཆུ་ཞེས་བྱ་བ་ཡོད་དེ། མ་དྲོས་པ་ཞེས་ཀྱང་བྱའོ།། མཚོ་ཆེན་པོ་ཆུ་ཞེས་བྱ་བ་དེ་ལ་ཚུར་དཔག ་ཚད་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ལྔ་བཅུ་ཡོད་དོ།། འཁོར་ཡུག་ཏུ་ནི་དཔག་ཚད་ཉི་རྒྱ་ཡོད་དོ།། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི ་ལྟ་བུས་གང་ལ་མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པདྨ་ཀར་པོས་ཀུན་ཏུ་ཁྱེབས་པར་འདུག་གོ།། དེའི་ནང་ན་ཀླུང་ཆེན་པོ་བཞི་ལ་འདི་ལྟ་སྟེ། གང་ག་དང་། སིན་དུ ་དང་། སི་ཏ་དང་། བག་ཤུ་དང་། འདི་རྣམས་འབབ་པོ་གང་ག་ནི་ཤར་ཕྱོགས་ནས་གླང་པོ་ཆེའི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོ་ཆུ་ཞེས་བྱ་བ་ལ་གཡས་ཕྱོགསུ་བསྐོར ་ནས་ཀླུང་ལྔ་བརྒྱ་དང་། ལྷན་ཅིག་ཏུ་ཤར་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ།། སིན་དུ་ནི་ལྷོ་ཕྱོགས་ནས་ཁྱུ་མཆོག་གི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན་པོ་ཆུ་ཞེས་བྱ ་བ་ལ་གཡས་ཕྱོགསུ་བསྐོར་ནས་ཀླུང་ལྔ་བརྒྱ་དང་། ལྷན་ཅིག་ཏུ་ལྷོ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ།། བག་ཤུ་ནི་ནུབ་ཕྱོགས་ནས་རྟའི་ཁ་ནས་འབབ་སྟེ། དེ་ནི་མཚོ་ཆེན ་རཆུ་མཚོ་ཡོད་དེ་གཞན་ཡང་ནི། ་པོ་ཆུ་ཤེས་བྱ་བ་ལ་གཡས་ཕྱོགསུ་བསྐོར་ནས་ཀླུང་ལྔ་བརྒྱ་དང་། ལྷན་གཅིག་ཏུ་ནུབ་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོའོ།། སྲིན་ཏ་ནི་བྱང་ཕྱོགས་ནས་སེང་གེའི་ཁ་ནས་འབབ ་སྟེ། དེ་ནི་མཚོ་ཆེན་པོ་ཆུ་ཞེས་བྱ་བ་ལ་གཡས་ཕྱོག་སུ་བསྐོར་ནས་ཀླུང་ལྔ་བརྒྱ་དང་། ལྷན་ཅིག་ཏུ་བྱང་ཕྱོགས་ཀྱི་རྒྱ་མཚོ་ཆེན་པོར་འགྲོ། ཇི་སྐད་དུ་བྱང་ཕྱོགས་ཁ་གུར་འགྱུར ་བའི། དེ་ན་མཚོ་ཆེན་ཆུ་ཞེས་བྱ་བ་ནི། ཐ་དད་རྒྱུན་རྣམས་འབྱུང་གནས་ཡོད། ཆུ་ཀླུང་གང་གི་སིན་དུ་བག་ཤུ་དང་སི་ཏ་བབའ་རླབས་དབུ་བའི་འཕྲེང་བ་ཅན།། ཆུ་གང་ཁྱུད་པར ་འཕགས་པ་བཞི་འབབ་སྟེ།། ཕྱོགས་བཞི་དག་ཏུ་ཀུན་ཏུ་རྣམ་པར་འབབ།། གང་ག་ཤར་ཕྱོགས་རྒྱ་མཚོར་འགྲོ་བ་ཡིན།། སིན་དུ་ཡང་ནི་ལྷོ་ཕྱོགས་རྒྱ་མཚོར་འགྲོ།། བག་ཤུ ་ཡང་ནི་ནུབ་ཕྱོགས་རྒྱ་མཚོ་ཆེན་པོར་འགྲོ།། དེའི་བྱང་ཕྱོགས་རྒྱ་མཚེར་སི་ཏ་འགྲོ། ཆུ་ཀླུང་རབ་མཆོག་བཞི་པོ་འདི་དག་ནི། མཆོག་ཏུ་བཟང་ཞིང་སོ་སོར་འབབ་པ་སྟེ། ་རེ་རེ་ཞིང་ཡང་ལྔ་རྒྱར་ཁྱེར་ནས་ནི། ཆུའི་རྒྱུན་རྣམས་རྒྱ་མཚོ་ཆེན་པོར་འགྲོ་ཞེས་ཀྱང་འབྱུང་བ་ལྟ་བུའོ།། རི་སྤོས་ཀྱི་ངད་ལྡང་དེའི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། གསེར་གྱི ་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཞེས་བྱ་བ་ཡོད་དེ།། ཚུར་དཔག་ཚད་ལྔ་བཅུ་ཞེང་དུ་ཡང་བཅུ། ཁོར་ཁོར་ཡུག་ཏུ་དཔག་ཚད་ཉིས་བརྒྱ།། འཕང་དུ་དཔག་ཚད་ཕྱེད་དང་བཞི ་ཡོད་པ།། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ།། དེའི་ནང་གི་ས་གཞི་ཡང་དབྱིངས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ ་ནཅིང་།། ཙན་དན་གྱིས་ཆུས་ཆག་ཆག་བཏབ་སྟེ།། དེར་ཡིད་དུ་མི་འོང་བའི་ཤིང་ངམ་གསེག་མ་འམ། གང་ཡང་རུང་བ་དག་ལྟུང་ན། དེ་མི་ཡིན་པ ་རྣམས་ཀྱིས་ཀླུང་གི་མཐུས་ཕྱི་རོལ་དུ་འདོར་རོ།། དེའི་ཁོ་ར་ཁོར་ཡུག་ན་གསེར་གྱི་བྲག་བྱ་སྐྱིབས་བརྒྱ་སྟོང་ཡོད་དོ།། དེ་དག་ཐམས་ཅད་ཀྱང་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ ་མཛེས་པ། གསེར་གྱིས་བྱེ་མ་བདལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་སྟེ། དེ་དག་ཏུ་ཡང་ཡིད་དུ་མི་འོང་བའི་ཤིང་ངམ་གསེག་མ་འམ། གྱོ་མོ་གང་ཅི་ཡང་རུང་བ་དག ་ལྟུང་ན། དེ་མི་ཡིན་པ་རྣམས་ཀྱིས་རླུང་གིས་མཐུས་ཕྱི་རོལ་དུ་འདོར་རོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང ་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེར་ཡང་ཡིད་དུ་མི་འོང་བ་ཤིང་ངམ། གསེག་མ་འམ། གང་ཅི ་ཡང་རུང་བ་དག་ལུང་ན། དེ་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་ཕྱི་རོལ་དུ་འཐོར་རོ།། བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་དེའི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། ཤིང་ས ་ལའི་རྒྱལ་པོ་ཆེན་པོ་རབ་བརྟན་ཞེས་བྱ་བ་ས་ལོའི་ཕྲེང་བ་རིམ་པ་བདུན་གྱིས་བསྐོར་བ་ཡོད་དོ།། ས་ལེའི་རྒྱལ་པོ་རབ་བརྟན་དེའི་རྩ་བ་ནི། འདོམ་བཅུ་བཞི་ཐུར་དུ་ཟུག ་གོ། ས་ལའི་ཕྲེང་བ་དང་པོའི་རྩ་བ་ནི། འདོམ་བཅུ་གསུམ་མཐུར་དུ་བཅུག་གོ།། གཉིས་པའི་ནི་བཅུ་གཉིས་སོ།། གསུམ་པའི་ནི་བཅུ་གཅིག་གོ། བཞི་པའི་ནི ་བཅུའོ།། ལྔ་པའི་ནི་དགུའོ།། དྲུག་པ་ནི་བརྒྱད་དོ།། ས་ལའི་ཕྲེང་བ་འདུན་པའི་རྩ་བ་ནི། འདོམ་བདུན་ཐུར་ཏུ་ཟུག་གོ། ས་ལའི་རྒྱལ་པོ་རབ་བརྟན་དེའི་ཡལ་ག་དང་། ་ལོ་མ་དང་། ཡལ་ག་རྣམས་གང་ཡིན་པ་དེ་ནི་ས་ལའི་འཕྲེང་བ་དང་། པོ་ལ་ཐུག་གོ། ས་ལའི་ཕྲེང་བ་དང་པོའི་ཡལ་ག་དང་ལོ་མ་དང་། ཡལ་ག་གང་ཡིན་པ་དེ་ནི་གཉིས་པ ་ལའོ།། གཉིས་པའི་གང་ཡིན་པ་ནི་གསུམ་པ་ལའོ།། གསུམ་པའི་གང་ཡིན་པ་དེ་ནི་བཞི་པའོ།། བཞི་པའི་གང་ཡིན་པ་དེ་ནི་ལྔ་པ་ལའོ།། ལྔ་པའི་གང་ཡིན་པ་དེ་ནི་དྲུག ་པ་ལའོ།། དྲུག་པའི་གང་ཡིན་པ་དེ་ནི་བདུན་པ་ལའོ།། ས་ལེའི་ཕྲེང་བ་བདུན་པའི་ཡལ་ག་དང་། ལོ་མ་དང་། ཡལ་ག་གང་ཡིན་པ་དེ་ནི་ན་མཁའ་ཁྱབ་པར་འདུག་གོ། དེའི ་ནང་གི་ས་གཞི་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་སྟེ། དེར་ཡང་ཡིད་དུ་འོང་བའི་ཤིང་དང་། ་གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྡང་ན། དེ་མི་མ་ཡིན་པ་རྣམས་ཀྱིས་རླབ་གི་མཐུས་ཕྱི་རོལ་དུ་འདོར་རོ།། དེའི་ལམ་དུ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ཚད ་ཕྱེ་དང་གཉིས་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། དེར་ཡང་ཡིད་དུ་འོང་བ་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྷུང་ན། དེ་མི་མ ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་ཕྱི་རོལ་ཏུ་འདོར་རོ།། ས་ལའི་རྒྱལ་པོ་རབ་བརྟན་གྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན། རྫིང་བུ་དལ་གྱིས་འབབ་ཅེས་བྱ་བ་ཆུར་དཔག་ཚད ་འན#ལྔ་བཅུ་ལ་ཚོན་དུ་ཡང་དཔག་ཚད་ལྔ་བཅུ་སྟེ། མཐའ་བསྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་པ། དབྱིབས་ལེགས་ཤིང་ལྡན་སྡུག་པ། མཛེས ་པ་ལ་ཆུ་བསིལ་ཞིང་ཆུ་སྦྲང་ཅི་ལྟ་བུས་གང་བ། མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ཀུ་མུ་ཏ་དང་། པད་མ་ཀར་པོས་ཁྱེབས་པ་ཡོད་དེ། རྫིང་བུ་དལ་གྱིས་འབབ་ཀྱིས་ནང་གི ་པདྨའི་ལོ་རྣམས་ཆེ་ཞི། མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། བ་ལང་གཡོག་པ་ཙམ་མོ།། པད་མའི་སྡོང་བུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་ཏེ། འདི་ལྟ་སྟེ། གཤོལ་མངའ་ཙམ་མོ།། བར ་མའི་མེ་ཏོག་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། ཤིང་རྟའི་འཕང་ལོ་ཙམ་མོ།། པད་མའི་བཙ་བ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། སྐྱེས་བུ་ཆེན་པོའི་རླ་ཙམ་མོ།། ་རོ་མངར་ཞིང་ནི་མཆོག་ཏུ་མངར་ཏེ། འདི་ལྟ་སྟེ། སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་བཞིན་ནོ།། བཅད་ན་ཡང་འོ་མ་འཛག་གོ། རྫིང་བུ་དལ་གྱིས་འབབ་ཀྱི་ཁོ་ར་ཁོར་ཡུག་ན་རྫིང ་བུ་བརྒྱད་སྟོང་ཡོད་དེ། དེ་དག་ཐམས་ཅད་ཀྱང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་ངོ་།། དེ་དག་གི་ནང་གི་པདྨའི་ལོ་མ་རྣམས་ཀྱང ་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། བ་གླང་གཡོག་པ་ཙམ་མོ།། པད་མའི་སྡོང་བུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། གཤོལ་མདའ་ཙམ་མོ།། པད་མའི་མེ ་ཏོག་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། ཤིང་རྟའི་ཕར་ལོ་ཙམ་མོ་པད་མའི་རྩ་བ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་སྟེ། འདི་ལྟ་སྟེ། སྐྱེས་བུ་ཆེ་པོའི་བརླ་ཙམ་མོ།། རོ་མདར ་ཞིང་མཆོག་ཏུ་མངར་སྟེ། འདི་ལྟ་སྟེ། སྦྲང་བུའི་སྦྲང་རྩི་མ་བསྐོལ་བ་བཞིན་ནོ།། བཅད་ན་ཡང་འོ་མ་འཛག་གོ། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ། ཞེང་དུ་དཔག་ཚད ་ཕྱེ་དང་གཉིས་ཡོད་དོ།། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་འདལ་ཅིང་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་སྟེ། དེར་ཡང་ཡིད ་དུ་མི་འོང་བའི་ཤིང་ངམ། གསེག་མ་འམ། གང་ཅི་ཡང་རུང་བ་དག་ལྟུང་ན། དེ་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་ཕྱི་རོལ་ཏུ་འདོར་རོ།། སུམ་ཅུ་རྩ་གསུམ་པའི ་ལྷ་རྣམས་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་དོར་བཅད་པ་རབ་ཏུ་བརྟན་པ་ཞེས་བྱ་བ། གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ། མེ་ཏོག་ཀུན་དའི་མདོག་ལྟར ་ཐལ་ཀར་དུ་འདུག་ལ་ཡན་ལག་བདུན་ཤིང་ཏུ་ལེགས་པར་གནས་ཏེ། དེའི་མགོ་བོ་ཡང་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ། སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར ་གྱི་མདོག་ལྟ་བུ་དམར་ལ་མཆེ་བ་དྲུག་ཡོད་དོ།། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པའི་སྲིད་དུ་དཔག་ཚད་ཕྱེ་དང་གསུམ། ཞེང་དུ་དཔག་ཚད་གཅིག། འཕང་དུ་དཔག་ཚད་ཕྱེ ་དང་གཉིས། མཐའ་བསྐོར་དུ་དཔག་ཚད་བདུན་ཡོད་དོ།། དེའི་འཁོར་གླང་པོ་ཆེ་བརྒྱད་སྟོང་ཡོད་དོ།། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ། ་མེ་ཏོག་ཀུན་ཏའི་མདོག་ལྟར་ཐལ་ཀར་དུ་འདུག་ཅིང་ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་ཏེ། དེ་དག་གི་མགོ་བོ་ཡང་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ ་@!། སྔོནང་སྲོག་ཆགས་མ་བུ་ཅུ་གཤེར་གྱི་མདོག་གར་དབུས་དཔ་ལ་མཆེད་དྲུག་ཡོད་པ་ཤསས་སྟེ། ཐང་བ་ཆེའི་རྒྱལ་པོ་རབ་འནན་དེ་ལ ་དང་བཅས་པ་དགུན་ཟླ་བཞི་ནི་བྲག་བྱ་བ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ན་གནས་ཤིང་འཁོད་དོ།། དཔྱིད་ཟླ་བཞི་ནི་ཤིང་ས་ལའི་རྒྱལ་པོ་རབ་ཏུ་བརྟན་པའི་ནང་ན་གནས ་ཤིང་འཁོད་དོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ན་གནས་ཤིང་འདུག་པ་དེའི་ཚེ་གླང་པོ་ཆེ་བརྒྱད་སྟོང་པོ་རྣམས་འདི ་ལྔ་སྟེ། གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་བསྲུང་བ་དང་། སྦ་བ་དང་མཛེས་པར་བྱ་བའི་ཕྱིར་བྲག་བྱ་སྒྲིབས་བརྒྱད་སྟོང་དག་གི་ནང་ན་ཉེ་བར་གནས་ཤིང་འཁོད་དོ།། གང་གི ་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བསྟན་པ་བྲག་བྱ་སྐྱིབས་ལྷ་མ་ཡིན་གྱི་ངོས་ཀྱི་ནང་ནས་ཤིང་ས་ལའི་རྒྱལ་པོ་རབ་བརྟན་པའི་ནང་དུ་འགྲོ་བ་ན། རེས་འགའ་ནི་ཐ་མལ་བའི་ཚུལ ་གྱིས་འགྲོ། རེས་འགའ་ནི་འདི་ལྟ་སྟེ། ལྷ་འམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་། མཐུ་ཆེ་བ་གང་ཡིན་པ་རུང་བ་དང་། འདྲ་བར་བདག་གཉིད་མངོན་པར་སྤྲུལ་ནས། གླང་པོ་ཆེ་དེ ་དག་ཐམས་ཅད་ཀྱི་ནང་ན། དབང་ཆེ་བར་གྲགས་པ་གང་ཡིན་པ་དེ་ཉིད་ཀྱིས་མགོ་བོ་འམ་བརྒྱབ་དུ་ཞོན་ཏེ། སིལ་སྙན་དང་ལེག་རྡོབ་པ་དག་རྒྱ་ཆེན་བྱེད་ཅིང་འགྲོའོ།། གང ་གི་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་ཤིང་ས་ལའི་རྒྱལ་པོ་རབ་ཏུ་བརྟན་པའི་ནང་ན་གནས་ཤིང་འདུག་པ་དེའི་ཚེ་ནི། གླང་པོ་ཆེའི་བརྒྱད་སྟོང་པོ་དེ་དག་ཀྱང་འདི་ལྟ་སྟེ། གླང ་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་བསྲུང་བ་དང་སྦ་བ་དང་། མཛེས་པར་བྱ་བའི་ཕྱིར་ཤིང་ས་ལའི་ཕྲེང་བ་རིམ་པ་བདུན་པོ་དག་གི་ནང་ན་ཁང་ནང་དུ་ལྟས་ཤིང་འཁོད་དེ། ཤིང་ས་ལའི ་ཕྲེང་བ་དང་པོའི་ནང་ན། འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་བལྟ་ཏེ་འཁོད་དོ། གཉིས་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་ན་ལྟའོ།། གསུམ་པའི ་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་ལྟས་ཏེ་འཁོད་དོ།། བཞི་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་དུ་ལྟའོ།། ལྔ་པའི་ནང་ན་འདུག་པ་གང་ཡིན་པ ་དེ་དག་ཀྱང་ཁ་ནང་དུ་ལྟའོ།། དྲུག་པའི་ནང་ན་འདུག་པ་གང་ཡིན་པ་དེ་དག་ཀྱང་ཁ་ནང་ཏུ་ལྟས་ཏེ་འཁོད་དོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་ཤིང་ས་ལའི ་རྒྱལ་པོ་རབ་ཏུ་བརྟན་པ་ནས་རྫིང་དལ་གྱི་འབབ་པར་འགྲོ་བ་ན། རེས་འགའ་ནི་ཐ་མལ་བའི་ཚུལ་གྱིས་འགྲོའོ།། རེས་འགའ་ནི་འདི་ལྟ་སྟེ། ལྷ་འམ་ལྷའི་བུ་རྫུ ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་འདྲ་བར། བདག་ཉིད་མངོན་པར་སྤྲུལ་ནས། གླང་པོ་ཆེ་དེ་དག་ཐམས་ཅད་ཀྱི་ནང་ན་དབང་ཆེ་བར་གྲགས་པ་གང་ཡིན ་པ་ཉིད་ཀྱི་མགོ་བོ་འམ། རྒྱབ་དུ་ཞོན་ཏེ། སིལ་སྙན་དང་། ཕེག་རྡོལ་བ་དག་རྒྱ་ཆེན་བྱེད་ཅིང་འགྲོའོ།། གང་གི་ཚེ་གླང་པོ་རབ་ཏུ་བརྟན་པ་རྫིང་བུ་དལ་གྱིས་འད ་གྱི་ནང་དུ་ཞུགས་ནས་རྩི་ཞིང་དགའ་མགུར་སྤྱོད་པའི་ཚེ། གླང་པོ་ཆེ་བརྒྱད་སྟོང་པོ་དེ་དག་འདི་ལྟ་སྟེ། གླང་པོ་ཆེའི་རྒྱལ་པོ་དེ་རབ་ཏུ་བསྲུང་བ་དང་། སྦ་བ་དང་། ་ཡིནམཛེས་པར་བྱ་བའི་ཕྱིར། རྫིང་བུ་དལ་ཀྱིས་འབབ་ཀྱི་མཐའ་ཁར་ནཛང་ཟུག་ནས་འནར་ཏེ། ཁ་ནང་དུ་ལུས་ཤིང་འཁོད་དོ། ་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པ་རྫིང་བུ་དལ་གྱིས་འབབ་ཀྱི་ནང་ན་རྩེ་བརྩེ་ཞིང་དགའ་ལ་དགའ་མགུར་མྱོང་ནས། ཕྱིར་བྱུང་བ་དེའི་ཚེ་ནང་ངན་གླང་པོ་ཆེད་ལ ་ཆེ་བར་གྲགས་པ་གང་ཡིན་པ་དེ་རྫིང་བུ་དལ་གྱི་འབབ་ཀྱི་ནང་དུ་ཞུགས་ནས་པད་མའི་རྩ་བ་རྣམས་གྲངས་ཏེ། ཤིན་ཏུ་བཀྲུས་ཤིང་རབ་ཏུ་བཤལ་ནས། གླང་པོ་ཆེའི་རྒྱལ་བ ་རབ་ཏུ་བརྟན་པ་ལ་འབུལ་ལོ།། གང་གི་ཚེ་གླང་པོ་ཆེའི་རྒྱལ་པོ་རབ་ཏུ་བརྟན་པས་ཟོས་ཤིང་འཐུངས་ཏེ། འགྲངས་པར་གྱུར་དེའི་ཚེ། གླང་པོ་ཆེ་གཞན་བརྒྱད་བསྟོང་དེ་དག་ཀྱང ་རྫིང་བུ་བརྒྱད་སྟོང་གི་ནང་དུ་རྫིང་བུ་རེ་རེ་ཞུགས་ནས། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། པདྨ་རྩ་བ་དག་བླངས་ནས་བསྡུས་ཤིང་རབ་ཏུ་བཤལ་ཏེ་ཟའོ།། སུམ་བཅུ་རྩ ་གསུམ་པའི་ལྷ་རྣམས་ཀྱིས་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱད་པ་རབ་ཏུ་བརྟན་པ་དེའི་མཐུ་ནི་དེ་ཙམ་མོ།། སེམས་ཅན་ཐམས་ཅད་ནི་སྲུངས་མ་དང་བཅས་ཤིང་བསྲུང་བ་དང་། ་སྐྱོབས་པ་དང་། སྦེད་པ་དང་། མི་འབྲལ་ཏེ། སེམས་ཅན་གང་དབང་ཆུང་བར་གྲགས་ཤིང་། བསོད་ནམས་ཆུང་ལ་གཟི་བརྗིད་ཆུང་བ་དེ་དག་ནི་རྒྱ་ཕྲག་མང་པོ་དང་། སྟོང་ཕྲག ་མང་པོ་ལ་གཅིག་གིས་བསྲུང་སྟེ། དཔེར་ན་བ་ལང་ངམ་ལུག་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་ལ་གཅིག་གི་བསྲུང་བ་དེ་བཞིན་དུ། སེམས་ཅན་གང་དབང་ཆུང་བར ་གྲགས་ཤིང་བསོད་ནམས་ཆུང་ལ་དབང་ཆུང་བ་གཟི་བརྗིད་ཆུང་བ་དེ་དག་ནི་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་ལ་གཅིག་གིས་སྲུང་ངོ་།། སེམས་ཅན་གང་དབང་ཆེན ་གྲགས་ཤིང་བསོད་ནམས་ཆེ་བ་ལ་གཟི་བརྗིད་ཆེ་བ་དེ་དག་ནི་རྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དག་གིས་གཅིག་པུ་བསྲུང་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ ་པོ་འམ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་རྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དག་གིས་གཅིག་པུ་སྲུང་བ་དེ་བཞིན་དུ། ་སེམས་ཅན་གང་དབང་ཆེ་བར་གྲགས་ཤིང་བསོད་ནམས་ཆེ་ལ་གཟི་བརྗིད་ཆེ་བ་དེ་དག་ལ་རྒྱ་ཕྲག་མང་པོ་དག་གིས་གཅིག་པུ་སྲུང་ངོ་།། འདིར་སྨྲས་པ། ཅི་སྟེ་སེམས་ཅན་ཐམས ་ཅད་སྲུང་བ་དང་། བཅས་ཤིང་སྲུང་བ་དང་། སྐྱོབ་པ་དང་། སྦེད་པ་དང་། མི་འབྲལ་ན། ཅིའི་ཕྱིར་ཆེ་བ་དག་ཡོད་པར་འགྱུར། སྨྲས་པ། སྲུངས་མ་མཐུ་ཆུང་བ་ཞིག ་ཡིན་ན་དེའི་ཟིལ་གྱིས་མ་ནོན་ནས་འཚེ་བ་དག་ཡོད་དོ།། སྲུངས་མ་བག་མེད་ཅིང་བག་མེད་པ་ལ་གནས་པ་ཞིག་ཡིན་ན། དེའི་བག་མེད་པའི་རྒྱུ་ལས་ཀྱང་འཚེ་བ་དག་ཡོད་དོ།། ། ་སྲུངས་མ་གཉིས་སྤོངས་ནས་ཀྱང་ཟིལ་གྱིས་མ་ནོན་ནས་འཚེ་བར་བྱེད་དོ།། མི་རྣམས་ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པ་བྱེད་པ་ཞིག་ཡིན་ན་ཆོས་མ་ཡིན་པར་སྤྱོད་པ་དང་། ་མི་རིགས་པར་སྤྱོད་པ་དེ་དག་ལ་ཡང་འཚེ་བ་དག་ཡོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱིས། མི་རྣམས་ཀྱི་སྲུངས་མ་འདི་ལྟ་སྟེ། ལམ་པོ་ཆེ་དང་། སྲང་དང་བཞི ་མདོ་དང་། སུམ་མདོ་དང་། སྤོས་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་ཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམ ་དང་། བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་རྣམསུ་བཀོད་པ་དག་ཡོད་དེ། ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ ་རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་གཡོག་ཞོ་ཤས་འཚོ་བ་རྣམས་ཀྱིས་ལམ་པོ་ཆེ་དང་། སྲང་དང་། བཞི་མདོ་དང་། གསུམ་མདོ་དང་། སྤོས་འཚོང་བའི་གནས་རྣམས་དང་། ་མེ་ཏོག་གི་ཕྲེང་བ་འཚོང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང་། བཏུང་འཚོ་བ་གནས་རྣམས་དང་། གཏག་ཏུ་སྤྱོས་པའི་གནས་རྣམས་དང་། གསོད ་བྱེད་ཀྱི་གནས་རྣམས་ནས་སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས་ཅད་ལ་ཉུལ་ཏེ། གལ་ཏེ་དེ་དག་གིས་སྐྱེན་པར་ཚོར་ན་ནི་དེ་དག་གནས་འཐོན་པོ་ལ་འགོད་དོ།། གལ་ཏེ ་དེ་དག་གིས་སྐྱེན་པར་མཚོར་བ་ནི། དེ་དག་གནས་དམའ་བ་ལ་འགོད་དོ།། ཟླ་བ་ཕྱེད་ཀྱི་ཚེས་བཅུ་བཞི་ལ་ནི་རྒྱལ་པོ་བཞི་པོ་དག་གི་བུ་རྣམས་ཀྱིས་ལམ་པོ་ཆེ་དང་། སྲང་དང་། ་བཞི་མདོ་དང་། སུམ་མདོ་དང་། སྤོས་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་ཕྲེང་བའི་གནས་རྣམས་དང་། ཟོང་དགྲམ་པའི་གནས་རྣམས་དང་། བཏུང་བ་འཚོང་བའི ་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། བསོད་ནམས་རྣམས་དང་། སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས་ཅད་ལ་ཉུལ་ཏེ། གལ་ཏེ་དེ་དག་གིས་སྐྱེན ་པར་ཚོར་ན་ནི་དེ་དག་གནས་འཐོན་པོ་ལ་འགོད་དོ།། གལ་ཏེ་དེ་དག་གིས་སྦྱིན་པར་མཚོར་ན་ནི་དེ་དག་གནས་དམའ་བ་ལ་འགོད་དོ།། ཟླ་བ་ཕྱེད་ཀྱི་ཚེས་བཅོ་ལྔ་ལ་ནི་རྒྱལ ་ཆེན་པོ་བཞི་པོ་དེ་དག་ཉིད་ཀྱིས་ལམ་པོ་ཆེ་དང་། སྲང་དང་བཞི་མདོ་དང་། སུམ་མདོ་དང་། སྤོས་འཚོང་བའི་གནས་རྣམས་དང་། མེ་ཏོག་གི་ཕྲེང་བ་འཚོང་བའི་གནས ་རྣམས་དང་། བཏུང་བ་འཚོང་བའི་གནས་རྣམས་དང་། རྟག་ཏུ་མྱོས་པའི་གནས་རྣམས་དང་། གསོད་བྱེད་ཀྱི་གནས་རྣམས་ན་སུ་ཞིག་འདུག་ཅེས་འཇིག་རྟེན་འདི་ཐམས ་ཅད་ལ་ཉུལ་ཏེ། གལ་ཏེ་དག་གིས་སྐྱེན་པར་ཚོན་ན་ནི་དེ་དག་གནས་མཐོན་པོ་ལ་འཁོད་དོ།། གལ་ཏེ་དེ་དག་གིས་སྐྱེན་པར་མ་ཚོར་ན་ནི་དེ་དག་གནས་དམའ་བ་ལ་འཁོད་དོ།། ། ་བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དེ་དགེ་སློང་དག་ཟླ་བ་ཕྱེད་ཀྱི་ཚེས་བརྒྱད་ལ་ནི་རྒྱལ་པོ་བཞི་དག་གི་གཡོག་ཞོ་ཤས་འཚོ་བ་རྣམས་ཅི་མི་དང་མི་མ་ཡིན་པའི་འཇིག ་རྟེན་ན་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རི་མོ་བྱེད་པ་དང་། དོན་བྱེད་པ་དང་། བྱ ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་། ཚེ་ཕྱི་མ་ལ་ཡང་ཁ་ན་མ་ཐོ་བ་རྣམས་ཀྱིས་ཇི་ལྟར་འཇིགས་པར་བལྟ་བ་དང་། སྦྱིན་པ་དག་སྦྱིན ་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མེད་དམ་ཞེས་འཇིག་རྟེན་འདི་ཐམས་ཅད ་འཛིན་དུ་ཉུལ་ལ། ཟླ་བ་ཕྱེད་ཀྱི་ཚེས་བཅུ་བཞི་ལ་ནི་རྒྱལ་པོ་ཆེན་པོ་དག་གིས་བུ་རྣམས་ཅི་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་འཛིན་པ་དང་། ་པར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རིམ་མོར་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། ་བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཕྱི་མ་ལ་ཁ་ན་མཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མེད་དམ་ཞེས་འཇིག་རྟེན་འདི་ཐམས་ཅད་ལ་ཉུལ་ལོ།། ཟླ་བ་ཕྱེད་ཀྱི་ཚེས་བཅོ་ལྔ་ནི་རྒྱལ་པོ་ངན ་བོ་དེ་དག་ཉིད་ཅི། མི་དང་མི་མ་ཡིན་པའི་འཇིག་རྟེན་མར་འཛིན་པ་དང་། བར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་ནང་ན་གཙོ ་བོ་ལ་རི་མོར་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱེ་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར ་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མེད་དཔ་ཞེས་འཇིག ་རྟེན་འདི་ཐམས་ཅད་ལ་ཉུལ་ལོ།། གལ་ཏེ་མི་དང་མི་མ་ཡིན་པའི་འཇིག་རྟེན་པ་ན་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི ་འཛིན་པ་དང་། རིགས་ཀྱི་ནང་ན་གཙོ་བོ་ལ་རི་མོར་མི་བྱེད་པ་དང་། དོན་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ཚེ་འདི་དང ་ཚེ་ཕྱི་མ་ལ་ཁ་ནས་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་མི་བྱེད་པ། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དག་དང་། ཚུལ ་ཁྲིམས་ཡང་དག་པར་བླངས་ཏེ། མི་འདུག་པ་དག་མང་ན་ནི་རྒྱལ་པོ་ཆེན་པོ་བཞི་རྣམས་དང་། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་མདུན་ས་ན། ཆོས་བཟངསུ་འདུས་ཤིང་འཁོད ་པའི་ནང་དུ་སོང་ནས། འདི་སྐད་དུ་གྲོགས་པོ་དག་འདི་ཤེས་པར་གྱིས་ཤིག། མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་མི་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སྦྱོང་དུ ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རི་མོར་མི་བྱེད་པ་དང་། དོན་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་། ་ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་དག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས་པ་དང་། ཚུལ་ཁྲིམ ་ཡང་དག་པར་བླངས་ཏེ་མི་འདུག་པ་དག་མང་ངོ་ཞེས་བསྙད་དོ།། དེ་དག་ལས་ཐོས་ནས་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཡིད་མ་རངས་ནས། ཡིད་མ་རངས་པ་ཉིད་ཀྱང་བྱིར ་ཟློག་པར་བྱེད་དེ། ཀྱེ་མ་གྲོགས་པོ་དག་འདི་ལྟར་མི་དང་མི་མ་ཡིན་པའི་འཇིག་རྟེན་ན་མར་མི་འཛིན་པ་དང་། བར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི ་འཛིནའཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རི་མོར་མི་བྱེད་པ་དང་། དོན་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནམས་ངག་མི་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་མི་གནས ་བ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ཏེ་མི་འདུག་པ་མང་བ་ནི་མི་རྣམས་ཀྱི་ཆོས་བཟང་པོ་མ་ཡིན་ནོ།། རྐྱེན་ཏུ་བབ་པ་མ་ཡིན་ནོ་ལེགས་པ་མ་ཡིན་ནོ།། དགེ་བ་མ ་ཡིན་ནོ།། དེ་ལྟར་ན་ལྔ་རྣམས་ཀྱི་ཚོགས་ནི་ཡོངསུ་འགྲིབ་པར་འགྱུར་ལ། ལཱ་མ་ཡིན་རྣམས་ཀྱི་ཚོགས་ནི་མངོན་པར་འཕེལ་བར་འགྱུར་རོ།། ཞེས་ཟླས་སོ།། གལ་ཏེ་མི ་དང་མི་མ་ཡིན་པའི་འཇིག་རྟེན་ན། མར་འཛིན་པ་དང་། བར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རི་མོར་བྱེད་པ་དང་། ་དོན་བྱེད་པ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་ཐོ་བ་རྣམ་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང ་བསོད་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ན་ནི། རྒྱལ་པོ་ཆེན་པོ་རྣམས་དང་། སུ ་ཅུ་རྩ་གསུམ་པའི་ལྷ་རྣམས་ལྷའི་བདུན་ས་ཆོས་བཟངསུ་འདུས་ཤིང་འཁོར་བའི་ནང་ན་སོང་ནས་འདི་སྐད་དུ་གྲོགས་པོ་དག་འདི་ཤེས་པར་གྱིས་ཤིག། མི་དང་མི་མ་ཡིན ་བའི་འཇིག་རྟེན་ན་མར་འཛིན་པ་དང་། བར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རི་མོར་བྱེད་པ་དང་། དོན་བྱེད་པ ་དང་། བྱ་བའི་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་ན་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་སྦྱིན་ཞིང་བསོད ་ནམས་དག་བྱེད་པ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་ངོ་ཞེས་སྙད་ནས་ནི་དེ་དག་ལས་ཐོས་ནས་སུམ ་བཅུ་རྩ་གསུམ་པའི་ལྷ་རྣམས་ཡི་རངས་ཏེ། མགུ་བར་གྱུར་ནས་ཡིད་རང་པ་ཉིད་ཀྱང་ཟློག་པར་བྱེད་དེ། ཀྱེ་མ་གྲོགས་པོ་དག་འདི་ལྟར་མི་དང་མི་མ་ཡིན་པའི་འཇིག་རྟེན་ན ་མར་འཛིན་པ་དང་། བར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་གཙོ་བོ་ལ་རི་མོར་བྱེད་པ་དང་། དོན་བྱེད་པ་དང་། བྱ་བའི ་རིགས་པ་བྱེད་པ་དང་། བསོད་ནམས་བྱེད་པ་དང་། ཚེ་འདི་དང་ཚེ་ཕྱི་མ་ལ་ཁ་མ་ཐོ་བ་རྣམས་ཀྱིས་འཇིགས་པར་ལྟ་བ་དང་། སྦྱིན་པ་དག་སྦྱིན་ཞིང་བསོད་ནས་བྱེད་པ ་དང་། གསོ་སྦྱོང་ལ་ཉེ་བར་གནས་པ་དང་། ཚུལ་ཁྲིམས་ཡང་དག་པར་བླངས་ནས་འདུག་པ་དག་མང་བ་ནི་མི་རྣམས་ཀྱི་ཆོས་བཟང་ངོ་།། རྐྱེན་དུ་འབབ་བོ་ལེག་སོ།། ་དགེའོ།། དེ་ལྟར་ན་ལྷ་རྣམས་ཀྱིས་ཚེགས་ནི་མངོན་པར་འཕེལ་བར་འགྱུར་ལ། ལྷ་མ་ཡིན་རྣམས་ཀྱི་ཚོགས་ནི་ཡོངསུ་འགྲིབ་པར་འགྱུར་རོ།། ཞེས་ཟློས་སོ།། དེ ་འཛིན@#། ནས་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ལྷའི་འཁོར་རབ་ཏུ་དགའ་ལ་བདེ་བ་སྐྱེས་པར་རིག་ནས། དེའི་ཚེ་ཚིག་སུ་བཅད་བདེ་སྦས་པ། ་འདིར་ནི་ཟླ་བྱེད་ཚེས་བརྒྱད་དང་། དེ་བཞིན་བཅུ་བཞི་བཅོ་ལྔ་དང་། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་། གསོ་སྦྱོང་ཡན་ལག་བརྒྱད་པ་ལ་ཤིན་ཏུ་མཉམ་བཞག་དམ་པ་འདཔ ་ང་ཅི་འདྲ་བ་དེ་འདྲར་འགྱུར། དགེ་སློང་དག་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱིས་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེ་བརྒྱད་དང་། དེ་བཞིན་བཅུ་བཞི་བཅོ་ལྔ་ལ། ཆོ་འཕྲུལ་གྱི་ནི ་ཟླ་བྱེད་ལ་འང་། གསོ་སྦྱོང་ཡན་ལག་བརྒྱད་པ་ལ། ཤིན་ཏུ་མཉམ་བཞག་གནས་བྱེད་འདིར། ང་ཅི་འདྲ་བ་དེ་འདྲར་འགྱུར། ཞེས་ཚིག་སུ་གཅད་པ་སྨྲས་པ་དེ་ནི། ཉེ་བར་སྨྲས ་བ་ཡིན་གྱིས། ལེགས་པར་སྨྲས་པ་ནི་མ་ཡིན་ནོ།། ཉེས་པར་སྟོང་པ་ཡིན་གྱི། ལེགས་པར་སྟོད་པ་ནི་མ་ཡིན་ནོ།། ཉེས་པར་བརྗོད་པ་ཡིན་གྱི། ལེགས་པར་བརྗོད་པ་ནི ་མ་ཡིན་ནོ།། དགེ་སློང་དེ་དག་ཅིའི་ཕྱིར་ཞེས་ན། ལྷའི་དབང་པོ་རྒྱ་བྱིན་དེ་ནི་འདོད་ཆགས་དང་བཅས་པ། ཞེ་སྡང་དང་བཅས་པ། གཏི་མུག་དང་བཅས་པ་སྟེ། སྐྱེ་བ་དང ་དགའ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྨྲེ་སྔགས་འདོད་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་ལས་ཡོངསུ་མ་གྲོལ་ཞིང་། ་སྡུག་བསྔལ་ལས་ཡོངསུ་མ་གྲོལ་ལོ།། ཞེས་ང་སྨྲས་པའོ།། དེ་ལྟ་བས་ན་དེས་གང་འདི་སྐད་དུ། འདིར་ནི་ཟླ་ཕྱེད་ཚེ་བརྒྱད་དང་། དེ་བཞིན་བཅུ་བཞི་བཅཝོ་ལྔ་དང་། ་ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལའང་། གསོ་སྦྱོང་ཡན་ལག་བརྒྱད་པ་ལ།། ཤིན་ཏུ་མཉམ་བཞག་གནས་བྱེད་འདིར།། ང་ཅི་འདྲ་བ་དེ་བཞིན་འགྱུར།། ཞེས་ཚིག་སུ་བཅད ་པ་འདི་ཉེས་པར་སྨྲས་པ་ཡིན་གྱི། ལེགས་པར་སྨྲས་པ་མ་ཡིན་ནོ།། ཉེས་པར་བསྟོད་པ་ཡིན་གྱི།། ལེགས་པར་བསྟོད་པ་མ་ཡིན་ནོ།། ཉེ་བར་བརྗོད་པ་ཡིན་ནོ།། ལེགས ་བར་བརྗོད་པ་མ་ཡིན་ནོ།། དགེ་སློང་དག་དགེ་སློང་གང་དགྲ་བཅོམ་པ་ཡིན་ཞིང་། ཟག་པ་ཟད་པ་བྱ་བ་བྱས། བྱེད་པ་བྱས་པ། ཁུར་བོར་ལ། བདག་གིས་དོན་རྗེསུ་ཐོབ ་པ། སྲིད་པར་ཀུན་ཏུ་སྦྱོར་བ་ཡོངསུ་ཟད་པ། ཡང་དག་པར་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། དེས་ནི་གང་འདི་སྐད་དུ། འདིར་ནི་ཟླ་བྱེད་ཚེས་བརྒྱད་དང་། ་དེ་བཞིན་བཅུ་བཞི་བཅཝོ་ལྔ་དང་།། ཆོ་འཕྲུལ་གྱི་ཟླ་བྱེད་ལའང་། གསོ་སྦྱོང་ཡན་ལག་བརྒྱད་པ་ལ།། ཤིན་ཏུ་མཉམ་བཞག་གནས་བྱེད་འདིར།། ང་ཅི་འདྲ་བ་དེ་བཞིན ་འགྱུར་ཞེས་ཚག་སུ་བཅད་པ་འདི་སྨྲས་ན། ལེགས་པར་སྨྲས་པ་ཡིན་སྟེ། ཉེས་པར་སྨྲས་པ་མ་ཡིན་ནོ།། ལེགས་པར་བསྟོད་པ་ཡིན་ཏེ། ཉེས་པར་བསྟོད་པ་མ་ཡིན་ནོ།། ་ལེགས་པར་བརྗོད་པ་ཡིན་ཏེ། ཉེས་པར་བརྗོད་པ་མ་ཡིན་ནོ།། དགེ་སློང་དག་དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དེ་ནི་འདོད་ཆགས་དང་བྲལ་བ།། ཞེ་སྡང་དང་བྲལ་བ། གཏི ་མུག་དང་བྲལ་བ་སྟེ། སྐྱེ་བ་དང་། རྒ་བ་དང་། ན་བ་དང་། འཆི་བ་དང་། མྱ་ངན་དང་། སྡེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང་། ཡིད་མི་བདེ་བ་རྣམས་ལས་ཡོངས ་འཛིནའགྲོལ་ཞིང་། སྡུག་བསྔལ་ལས་ཡོངསུ་གྲོལ་བའོ།། ཞེས་ངས་སེ། དེ་ལྟ་བས་ན་དེས་གང་འདི་སྐད་དུ། འདིར་ནི་ཟླ་བྱེད་ཆོས་བརྒྱད ་དང་། དེ་བཞིན་བཅུ་བཞི་བཅཝོ་ལྔ་དང་། ཆོ་འཕྲུལ་གྱི་ནི་ཟླ་ཕྱེད་ལ་འང་། གསོ་སྦྱོང་ཡན་ལག་བརྒྱད་པ་ལ་ཤིན་མཉམ་བཞག་གནས་བྱེད་འདིར། ང་ཅི་འདྲ་བར་དེ་བཞིན ་འགྱུར།། ཞེས་ཚིག་སུ་བཅད་པ་འདི་སྨྲས་ན། ལེགས་པར་སྨྲས་པ་མ་ཡིན་ཏེ། ཉེས་པར་སྨྲས་པ་མ་ཡིན་ནོ།། ལེགས་པར་བསྟོད་པ་ཡིན་ཏེ། ཉེས་པ་སྟོང་པ་མ་ཡིན།། ། ་ལེགས་པར་བརྗོད་པ་ཡིན་ཏེ། ཉེས་པར་བརྗོད་པ་མ་ཡིན། ཞེས་གསུངས་སོ།། འཛམ་བུ་གླིང་གི་ཁོ་ར་ཁོར་ཡུག་ན། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ལམ་དཔག ་ཚད་གཅིག་ཏུ་གསེར་གྱིས་བྱེ་མ་མངལ་ཏེ། བ་རྒྱ་མཚོ་ཆེན་པོའི་ཆུས་དབུས་མོ།། ནུབ་པ་ཙམ་དུ་ཡོངསུ་ཁྱབ་པོ།། གང་གི་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་འཇིག ་རྟེན་དུ་འབྱུང་བ་དེའི་ཚེ། རྒྱ་མཚོ་ཆེན་པོ་དཔག་ཚད་གཉིས་ཀྱི་བར་དུ་ཆུ་སྐམ་ཞིང་མེད་པར་འགྱུར་ཏེ། འཁོར་ལོས་སྒྱུར་བའི་ལམ་ཡིན་ནོ།། བཅོམ་ལྡན་འདས ་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་སྔོན་འབྱུང་བ་འཁོར་ལོ་སྒྱུར་བའི་རྒྱལ་པོ་གླང་པོ་རིན་པོ་ཆེ་བརྟག་པར་འདོད་པས། ཉི་མ་ཤར་བའི་དུས་ཀྱི་ཚེ་གླང་པོ་རིན ་ལ་ཞོན་ནས། ས་ཆེན་པོ་རྒྱ་མཚོ་ལ་ཐུག་པ་འདི་ཉིད་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་འཁོར་དེ་ཉིད་དུ་སོང་ནས་ཁྱེའུ་གསུམ་གྱི་བྱ་བ་བྱེད་དོ།། དགེ་སློང་དག་གཞན་ཡང ་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྟ་རིན་པོ་ཆེ་བརྟག་པར་འདོད་ལ། ཉི་མ་ཤར་བའི་དུས་ཀྱི་ཚེ་ལ་ཞོན་ནས་ས་ཆེན་པོ་རྒྱ་མཚོ་ལ་ཐུག་པ་འདི་ཉིད་བསྐོར་ཏེ། རྒྱལ་པོའི་ཕོ་བྲང་འཁོར ་དེ་ཉིད་དུ་སོང་ནས་ཁྱེའུ་གསུམ་གྱིས་བྱ་བ་བྱེད་དོ།། ཞེས་གསུངས་སོ།། སྤྱི་སྡོམ་ནི། རི་དང་སྐྱེ་བའི་གནས་དག་དང་། ནམ་མཁའ་ལྡིང་དང་ཉོ་ཚོང་བ་དང་། གྲང་བ་དང་ནི་ལྔ ་བར་བྱས། དུས་ཚིགས་ཀྱང་ནི་ཐ་མ་ཡིན། འཇིག་རྟེན་བདགས་པ་ལས་ཚིགས་དྲུག་པའོ།། །། བམ་པོ་གསུམ་པ ་སྡོམ་ནི་སྲུངས་མ་ལྷའི་གྲོང་ཁྱེར་སྲང་དང་རྣམ་རྒྱལ་བྱེད། ཆོས་བཟངས་རྒྱུ་བའི་ལམ་དང་། འོབས་དང་སྐྱེད་མོས་འཚལ། ས་བཞི་དང་ནི་ཡོངསུ་རྡོ་དང་བླང་ཆེན་རྣམས། ལྔ ་མ་ཡིན་རྣམས་ཀྱིས་ཡང་དེ་དང་འདྲ་བ་ཡིན། ལྷའི་གྲོང་ཁྱེར་དང་ལྷ་མ་ཡིན་གྱི་གྲོང་ཁྱེར་གྱི་བར་དུ་གསུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི། སྲུངས་མ་རྣམ་པ་ལྔ་བཀོད་པ་ལ ་འདི་ལྟ་སྟེ། ཆུ་ན་གནས་པའི་ཀླུང་རྣམས་དང་། ལག་ན་ཡོལ་གོད་ཐོགས་པའི་ལྷ་རྣམས་དང་། ཕྲེང་ཐོགས་ཀྱི་ལྷ་རྣམས་དང་། རྟག་ཏུ་མྱོས་པའི་ལྷ་རྣམས་དང་། རྒྱལ་པོ ་ཆེན་པོ་གཞི་རྣམས་སོ།། གང་གི་ཚེ་ལྷ་མ་ཡིན་རྣམས་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་། ལྷན་གཅིག་ཏུ་གཡུལ་འགྱེད་པར་གྱུར་པ་དེའི་ཚེ། དཔུང་གྱི་ཚོགས་ཡན་ལ ་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་གོ་ཆ་གྱོན་ནོ།། གོ་ཆ་རྣམས་བཞི་གྱོན་ལ་འདི་ལྟ་སྟེ། ་འནགསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེས་ལས་བྱས་པ་རྣམས་སོ།། ག་ཆ་རྣམས་གཞི་གསར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆ་རྣམས་པ་བཞི་ལས་འདི་ལྟ་སྟེ། ་རལ་གྲི་དང་། མདུང་དང་། འབང་མདུང་དང་། མངའ་བུ་རྣམས་ལེན་ཏོ།། མཚོན་ཆ་ནི་རྣམ་པ་བཞི་རལ་གྲི་དང་། མདུད་དང་། འཕང་མདུང་དང་། མངའ་ཞུ་རྣམས་བླངས ་ནས། དཔུང་གི་ཚོགས་གླང་པོ་ཆེའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་ཀྱི་གོ་ཆ་འགོས་ཏེ། གོ་ཆ་རྣམས་པ་བཞི། གསེར་ལས་བྱས ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བགོས་ནས། མཚོན་ཆ་རྣམ་བཞི། རལ་གྲི་དང་། མདུང་དང་། འཕང་མདུང་དང་། ་མདའ་ཞུ་རྣམས་བླངས་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་དང་འགྱེད་པའི་ཕྱིར། ལྷ་མ་ཡིན་གྱི་གྲོང་ཁྱེར་ནས་བྱུང་བ་དེ་དག། ཆུ་ན་གནས་པའི་ཀླུ་རྣམས་ཀྱིས་མཐོང་། ་མཐོང་ནས་ཆུན་གནས་པའི་ཀླུ་རྣམས་ཀྱང་། དཔུང་གི་ཚོགས་ཡན་ལག་བཞི་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ ་ཆུང་གི་ཚོགས་རྣམས་ཀྱིས་གོ་ཆ་བགོས་ཏེ། གོ་ཆ་རྣམས་བཞི་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས ་བགོས་ནས། མཚོན་ཆ་རྣམས་བཞི། རལ་གྲི་དང་། མདུང་དང་། འཕང་མདུང་དང་། མདའ་ཞུ་རྣམས་བླངས་ཏེ། ལྷ་མ་ཡིན་རྣམས་དང་། ལྷན་ཅིག་ཏུ་གཡུལ་འགྱེའོ།། ་དེར་གལ་ཏེ་ཀླུ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་འཕམ་པར་གྱུར་ན་ནི་ཀླུ་རྣམས་ཀྱིས། ལྷ་མ་ཡིན་རྣམས་ཐུབ་ཅིང་འཕམ་པར་བྱེད་ཏེ། ཟློག་ཅིང་རྒྱབ་སྟོན་ཅིང་འཕམ་པར ་བྱས་ནས། ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། གལ་ཏེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ཀླུ་རྣམས་འཕམ་ན་ནི། ལྷ་མ་ཡིན་རྣམས་ཀྱིས་སུམ་ཅུ་རྩ་གསུམ་པའི ་ལྷ་རྣམས་ཀྱིས་བསྲུངས་མ་དང་པོ་ཀླུ་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་ཅིང་འཕམ་པར་བྱས་ནས། རྒྱ་མཚོ་ཆེན་པོ་ནས་རིའི་རྒྱལ་པོ་རིད་ཀྱི་ངང ་རིམ་དང་པོ་ལག་ན་ཡོལ་གོད་ཐོགས་ཀྱིས་ལྷ་རྣམས་གང་ན་འཁོད་པར་རྣ་ཞིང་འགྲོའོ།། དེ་ནས་ལག་ན་ཡོལ་ལོ་གང་ཐོགས་ཀྱིས་ལྷ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། ་སྲུངས་མ་གཉིས་གཅིག་ཏུ་སྤོངས་ནས་ལྷ་མ་ཡིན་དང་། ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་གལ་ཏེ་སྲུངས་མ་གཉིས་རྒྱལ་ཏེ། ལྷ་རྣམས་འཕམ་ན་ནི། བསྲུང་མ་གཉིས་རྒྱལ ་ཏེ། ལྷ་མ་ཡིན་རྣམས་འཕམ་ན་ནི། བསྲུང་མ་གཉིས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ ་འགྲོ་བར་འགྱུར་རོ།། གལ་ཏེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། བསྲུངས་མ་གཉིས་འཕམ་ན་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བསྲུངས་མ་གཉིས་ལྷ་མ་ཡིན་རྣམས་ཀྱིས་ཐུབ ་#། @་ང་མ་མ་མ་ཚ ་རྣམས་པ་ལ་དུན་མ།། དེནས་ཟེ་ངོགས་ཀྱི་རྣམས་དང་། ནམམག་ཀྱི་རྣམས་། རྒྱན་གས་པའི་རྣ་པ་དང་། ་ས[।]་མ ་ཆུ་ཡར་བྱས། [ऽ]2། ་ས་སྟནསསུ་ག་ས་ཀྱི་རྣ་མ# ་འ་མིགས་རྣམས་ག་ལ་དབང་ལ།། བྱ ་རྣམ་ག་མ་ཅན་རྣས་པའི་རྣམས་དང། རྒྱ་མ་ས་མ# ་མས། @#་ཡང་## ་བྱས་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། གལ་ཏེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུངས་མ་གཞི་པོ་རྣམས་འཇམ་ན་ནི། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་སྲུང ་མ་བཞི་པོ་དག་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས་རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་གསུམ་པ་ནས། བཞི་པ་རྒྱལ་པོ་ཆེན ་པོ་བཞི་པ་རྣམས་གང་ན་འཁོད་པར་རྩུ་ཞིང་འགྲོའོ།། དེ་ནས་རྒྱལ་པོ་ཆེན་པོ་བཞི་རྣམས་དང་། རྟག་ཏུ་མྱོས་པའི་ལྷ་རྣམས་དང་། ཕྲེང་ཐོགས་ཀྱི་ལྷ་རྣམས་དང་། ལྷག་ན་ཡོལ ་གོད་ཐོགས་ཀྱི་ལྷ་རྣམས་དང་། ཆུ་ན་གནས་པའི་ཀླུ་རྣམས་དང་། སྲུང་མ་ལྔ་པོ་རྣམས་གཅིག་ཏུ་སྤོངས་ནས། ལྷ་མ་ཡིན་རྣམས་དང་། ལྷན་ཅིག་ཏུ་གཡུལ་འགྱེད་དོ།། དེར་གལ ་ཏེ་སྐུང་མ་ལྔ་པོ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་འཕམ་ན་ནི། སྲུངས་མ་ལྔ་པོ་རྣམས་ཀྱིས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟེན་པར་བྱས་ནས། ལྷ་མ ་ཡིན་གྱི་གྲོང་ཁྱེར་དུ་འགྲོ་བར་འགྱུར་རོ།། གལ་ཏེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། སྲུངས་མ་ལྔ་པོ་རྣམས་འཕམ་ན་ནི། སུམ་བཅུ་རྩ་གསུམ་པོ་རྣམས་ཀྱི། ལྷ་མ་ཡིན་རྣམས ་ཀྱིས་རྔུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཏེ་རྒྱབ་སྟོན་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་འང་རིམ་བཞི་པ་ནས་སྟེང་གི་གཞི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་གང ་ན་འཁོད་བར་དུ་ཞི་འགྲོར།། དེ་ནས་རྒྱལ་པོ་ཆེན་པོ་ལ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གངན་བ་དེར་སང་ན་བྱིན་ནས། ལྷ་རྣམས་ཀྱི་དབང་བ་རྒྱ་བྱིན་ལ་འདི་སྐད་ཅེས་པས། ་འཛིནཀྱེའུ་ཤི་ཀ་གང་བདག་ཅག་སྲུངས་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱིས་ཐུབ་ཅིང་འབམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ་རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་གཞིར་ནུས་སྟེ། མཆིས་པས་མཁྱེན་པར་མཛོད་ཅིག། ཀྱེའུ་ཤི་ཀ་ད་ལྟར་གང་གི་དུས་ལ་བབ་པར་དགོངས་ཤིག། དེ་ནས་ལྷའི་དབང་པོ་བརྒྱ ་བྱིན་གྱི་རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱིས་ལྟར་མཉན་ནས། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ལ་སྨྲས་པ། གྲོགས་པོ་དག་གང་སྲུངས་མ་ལྔ་པོ་རྣམས་ལྷ་མ་ཡིན་རྣམས་ཀྱི ་མཐུས་ཐུབ་ཅིང་ཕབ་པར་བྱས་ཏེ། བཟློག་བཅིང་རྒྱབ་སྟོན་པར་བྱས་ནས། རིའི་རྒྱལ་པོ་རི་རབ་ཀྱི་སྟེང་གི་གཞིར་ནུར་ཏེ། འོངས་པར་ཤེས་པར་གྱིས་ཤིག། གྲོགས་པ ་དག་གི་ད་ལྟར་གིས་དུས་ལ་བབ་པར་སོམས་ཤིག། དེ་ནས་ལྷ་རྣམས་ཀྱི་དབང་པོ་རྒྱ་བྱིན་གྱིས། གླངྒ་ཆེའི་རྒྱལ་པོ་རབ་སྟན་ལ་བསམ་སོ།། དེས་ནས་གླང་པོ་ཆེའི་རྒྱལ་པོ ་རབ་བརྟན་གྱིས་ལྷའི་དབང་པོ་རྒྱ་བྱིན་གྱི་མཚན་མ་རྟོགས་ནས། དཔེར་ན། སྐྱེས་བུ་སྟོབས་དང་ལྡན་པས་ལགས་པ་བསྐུམས་པ་ལས་ཀྱང་བའམ། བརྐྱང་བ་ལས་སྐུམ ་པ་བཞིན་དུ་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་འཛམ་བུའི་གླིང་ནས་མི་སྣང་བར་འགྱུར་ཏེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ནང་དུ་སོང་ངོ་།། སོང་ནས་མགོ་བོ་སུམ་ཅུ་རྩ་གཉིས ་མངོན་པར་སྤྲུལ་ཏེ། མགོ་བོ་རེ་རེ་ལ་མཆེ་བ་དྲུག་དྲུག། མཆེ་བ་རེ་རེ་ལ་ཡང་རྫིང་བུ་བདུན་བདུན། རྫིང་བུ་རེ་རེ་ལ་པད་མ་བདུན་བདུན། པད་མ་རེ་རེ་ལ་སྡོང་བུ་བདུན་བདུན། ་སྡོང་བུ་རེ་རེ་ལ་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མེ་རེ་རེ་ལ་སིལ་སྙན་བདུན་བདུན། མངོན་པར་སྤྲུལ་སྟེ། མགོ་བོ་དེ་དག་ཐམས ་ཅད་ཀྱི་ནང་ན་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ལྷའི་དབང་པོ་རྒྱ་བྱིན་ཞེ་ནོ།། དེ་ལས་གཞན་པའི་མགོ་བོ་ལྷག་མ་རྣམས་ནི་ཉེ་དབང་པོ་སུམ་ཅུ་རྩ་གཉིས་པོ་རྣམས ་ཞོན་ནོ།། དེ་ལས་གཞན་པའི་གླང་པོ་ཆེ་རྣམས་ལ་ནི། དེ་བས་གཞན་པའི་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཞོན་ནོ།། དེ་ཤིན་ཏུ་མགྱོགས་པ་སྟེ་དཔེར་ན་འཇིག་པའི་ཀླུང ་ངམ་འཆགས་པའི་རླུང་བཞིན་ཏེ། དེ་ན་ལྷ་འམ་ལྷའི་བུ་མོ་སུ་ཡང་འདི་སྙམ་དུ། འདི་ནི་བདག་གི་མདུན་དུ་འགྲོའོ་ཞེས་འམ། ཕྱི་ནས་འོང་ངོ་སྙམ་དུ་སེམས་པ་མེད་དོ།། ་དེ་ནས་གླང་པོ་ཆེའི་རྒྱལ་པོ་རབ་བརྟན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་གྲོང་ཁྱེར་གྱི་ལྷོ་ཕྱོགས་ཀྱི་སྒོ་ནས་བྱུང་སྟེ། སྐྱེད་མོ་ཚལ་རྩུབ་འགྱུར་ཚལ་དུ་ཕྱིན་ནས་རྫུ་འཕྲུལ་མངོན ་པར་འདུ་བྱེད་པ་དེ་བཏང་སྟེ། འདི་ལྟ་སྟེ་ལྷ་འམ་ལྷའི་བུ་མོ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་། འདྲ་བར་བདག་མངོན་པར་སྤྲུལ་ཏེ། སུམ་ཅུ་རྩ་གསུམ་པའི་ལྷ ་རྣམས་དང་། ལྷན་གཅིག་ཏུ་ལྷའི་དོག་པ་ལྔ་དག་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་མྱོང་ཉམས་དུ་མྱོང་ངོ་།། ་ཇི་ཙམ་དུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས། སྐྱེད་མོས་ཚལ་རྩུབ་འགྱུར་ཚལ་དུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་དེ་ཙམ་དུ་ལུས་ཀྱང་རྩུབ་པར་འགྱུར་ལ། སེམས་ཀྱང ་འཛིན#བརྩུབ་པར་འགྱུར་ཏེ། དེ་དག་ལུས་བརྩུབ་པ་དང་སེམས་བརྩུབ་པ་དང་། གཡུལ་འགྱེད་པ་ལ་མངོན་པར་མོས་པར་གྱུར་ནས། དཔུང ་གི་ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོགས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚོགས་རྣམས་གོ་ཆ་གྱོན་སྟེ། དཔུང་བུ ་ཆུང་གི་ཚོགས་ཡན་ལག་བཞི་པ་འདི་ལྟ་སྟེ། གླང་པོ་ཆེའི་ཚོགས་དང་། རྟའི་ཚོ་གས་དང་། ཤིང་རྟའི་ཚོགས་དང་། དཔུང་བུ་ཆུང་གི་ཚེགས་རྣམས་ཀྱིས་གོ་ཆ་རྣམ ་གཞི་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེས་ལས་བྱས་པ་རྣམས་དགོས་སོ།། གོ་ཆ་རྣམས་ཞི་འདི་གསེར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་དགོས་ནས། མཚོན་ཆ་ཐོགས་ནས། མཚོན་ཆ་རྣམས་བཞི་འདི་ལྟ་སྟེ། ་རལ་གྲི་དང་། མདུང་དང་། འཕང་མདུང་དང་། མདའ་ཞུ་རྣམས་བླངས་སོ།། མཚོན་ཆ་བཞི་རལ་གྲི་དང་། མདུང་དང་། འཕང་མདུང་དང་། མདའ་ཞུ་རྣམས་བླངས་ནས། ་ལྷ་མ་ཡིན་རྣམས་དང་། ལྷན་གཅིག་ཏུ་གཡུལ་འགྱེད་དོ།། ཇི་སྟེ་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་འཕམ་ན་ནི། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་འཕམ་པར ་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ཤིང་རྟག་བྱང་ཕྱོག་སུ་ལྷའི་ཕོ་བྲང་གི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྟེགས ་པར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་སྙེགས་པ་ལས་ན། ཡང་ལན་གཉི་སུ་གཡུལ་འགྱེད་པར་འདོད་དོ།། ་སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ལྡོག་ཏེ། ལྷ་མ་ཡིན་རྣམས་དང་ལྷན་གཅིག་ཏུ་གཡུལ་བྱེད་དོ།། གལ་ཏེ་ལན་གཉི་སུ་ཡང་ལྷ་མ་ཡིན་རྣམས་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི། ་ལྷ་མ་ཡིན་རྣམས་ཀྱི་ས་ལྷ་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ན། ཤིང་རྟའི་བྱང་ཕྱོགསུ་ལྷའི་གྲོང་ཁྱེར་གང་ན། བར་ཕྱིར་ལོག་གོ། འོན ་ཀྱང་ལྷ་མ་ཡིན་རྣམས་ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་སོ།། འདི་ལྟར་མ་ཡིན་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྙེགས ་པ་ལས་ན། ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ།། སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ལྡོག་སྟེ། ལྷ་མ་ཡིན་རྣམས་དང་། ལྷན་གཅིག་ཏུ་གཡུལ་འགྱེད་དོ།། ་གལ་ཏེ་ལྷ་མ་ཡིན་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་རྣམས་ཕམ་ན་ནི། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར ་བྱས་ནས། ལྷའི་གྲོང་ཁྱེར་དུ་འཇུག་གོ། ལྷའི་གྲོང་ཁྱེར་དུ་ཞུགས་ནས་སྒོ་རྣམས་བཅད་དེ། ལྷ་རྣམས་ལ་ལྷ་མ་ཡིན་ཀྱང་མི་ཚུགས་ཀྱང་འཇིགས་ཤིང་སྐྲག་པ་དང ་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ།། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་དེར་མི་རྫི་བཞིན་དུ་ལྷ་མ་ཡིན་རྣམས་ཀྱང་། འདི་ལྟར་ལྷ་རྣམས་ལ་ནི། ལྷ་ནིའི་གྲོང་ཁྱེར ་འཛིན#ན་འདུག་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་དེར་མི་རྫིའོ།། སྙམ་དུ་ཤེས་པའི ་མཐོང་བར་འཇུག་གོ། གལ་ཏེ་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་འབམ་ན་ནི། ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང ་རྒྱབ་སྟོན་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགསུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་བཟློག་གོ། འོན་ཀྱང་ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྟེགས་པར་བྱེད་ན་ནི། དེར ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་བདག་ཅག་གི་ཕྱི་བཞིན་སྙེགས་པ་ལས་ན། ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ།། སྙམ་དུ་ཤེས ་ནས་ལྷ་མ་ཡིན་ཕྱིར་ལོག་སྟེ། ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། གལ་ཏེ་ལན་གཉི་སུ་ཡང་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་འཕམ་ན་ནི། ལྷ་རྣམས ་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ཤིང་རྟ་ལྷོ་ཕྱོགསུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ།། ་འོན་ཀྱང་ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་མ་ཡིན་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟ་ལྷ་འདི་དག་བདག་ཅག་གི་ཕྱི་བཞིན་དུ་བསྙེགས་པ་ལས ་ན་ཡང་ལན་གསུམ་དུ་གཡུལ་འགྱེད་པར་འདོད་དོ།། སྙམ་དུ་ཤེས་ནས་ལྷ་མ་ཡིན་རྣམས་ཕྱིར་ལོག་སྟེ། ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད། གལ་ཏེ་ལན་གསུཾ ་དུ་ལྷ་རྣམས་འབའ་ཞིག་རྒྱལ་ཏེ། ལྷ་མ་ཡིན་རྣམས་འཕམ་ན་ནི། ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས ་ནས་ལྷ་མ་ཡིན་གྱི་གྲོང་ཁྱེར་དུ་འཇུག་གོ།། ལྷ་མ་ཡིན་གྲོང་ཁྱེར་དུ་ཞུགས་ནས་སྒོ་བཅད་དོ།། ལྷ་མ་ཡིན་རྣམས་ལ་ལྷ་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང་སྐྲག ་པ་དང་། ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་སོ།། འོན་ཀྱང་ལྷ་རྣམས་ཀྱིས་དེར་མི་རྫི་ཞིང་། ལྷ་རྣམས་ཀྱང་འདི་ལྟར། ལྷ་མ་ཡིན་གྱི་གྲོང་ཁྱེར་ན་འདུག་ཀྱང་འཇིག ་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག་ཅག་གིས་ནི་དེར་མི་རྫིའོ།། སྙམ་དུ་ཤེས་པ་མཐོང་བ་འཇུག་གོ།། བཅོམ་ལྡན་འདས་ཀྱི ་ཀྱང་འདི་སྐད་དུ་དགེ་སློང་དག། སྔོན་བྱུང་བའི་ལྷ་དང་ལྷ་མ་ཡིན་གཡུལ་དུ་ཞུགས་པ་ན། ལྷ་མ་ཡིན་རྒྱལ་རྣམས་ཏེ། ལྷ་རྣམས་འཕམ་ན་ནི་ལྷ་མ་ཡིན་གྱིས། ལྷ་རྣས ་ཐུབ་ཅིང་འཕམ་པར་བྱས་ནས། ཤིང་རྟའི་བྱང་ཕྱོགསུ་ལྷའི་གྲོང་ཁྱེར་གང་ན་བར་ཕྱིར་ལོག་གོ། འོན་ཀྱང་ལྷ་མ་ཡིན་རྣམས་དང་། ལྷ་རྣམས་ཀྱི་ཕྱི་བཞིན་དུ་སྲེག ་བར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་མ་ཡིན་འདི་དག་བདག་ཅག་གིས་ཕྱི་བཞིན་དུ་སྙེགས་པ་ལས་ན། ཡང་ལན་གཉི་སུ་གཡུལ ་འགྱེད་པར་འདོད་དོ།། སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ལྡོག་སྟེ། ལྷ་མ་ཡིན་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། གལ་ཏེ་ལན་གཉིས་སུ་ཡང་ལྷ་མ་ཡིན་རྣཾས ་འཇིན@#། རྒྱལ་ཏེ། ལྷ་རྣམས་འཇམ་ན་ནི། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ་ཅིང་འཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ་ཤིང་རྟ་བྱང་ཕྱོགསུ་ལྷའི་གྲོང་ཁྱེར་གང་ན་བར་ལྡོག་གོ། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་རྣམས་འདི་སྙམ་དུ་སེམས་ཏེ། འདི ་ལྟར་ལྷ་མ་ཡིན་འདི་དང་བདག་ཅག་གིས་ཕྱི་བཞིན་དུ་སྙེགས་པ་ལས་ན། ཡང་ལན་གསུམ་དུ་གཡུལ་འགྱེད་དོ།། སྙམ་དུ་ཤེས་ནས་ལྷ་རྣམས་ཕྱིར་ལྡོག་སྟེ། ལྷ་མ་ཡིན ་རྣམས་དང་ལྷན་ཅིག་གཡུལ་འགྱེད་དོ།། དགེ་སློང་དག་གལ་ཏེ་ལྷ་མ་ཡིན་རྣམས་འབའ་ཤིག་རྒྱལ་ཏེ། ལྷ་རྣམས་འཕམ་ན་ནི། ལྷ་མ་ཡིན་རྣམས་ཀྱིས་ལྷ་རྣམས་ཐུབ ་ཅིང་འཕམ་པར་བྱས་ཏེ། ཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ལྷའི་གྲོང་ཁྱེར་དུ་འཇུག་གོ།། ལྷའི་གྲོང་ཁྱེར་དུ་ཞུགས་ནས། སྒོ་རྣམས་བཅད་དོ།། ལྷ་རྣམས་ལ་ལྦ ་མ་ཡིན་རྣམས་ཀྱིས་མི་ཚུགས་ཀྱང་འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེས་གནས་སོ།། འོན་ཀྱང་ལྷ་མ་ཡིན་རྣམས་ཀྱིས་དེར་མི་བརྫི་བཞིན་དུ། ་ལྷ་མ་ཡིན་རྣམས་ཀྱིས་འདི་ལྟར་ལྷ་རྣམས་ནི་ལྷའི་གྲོང་ཁྱེར་ན་འདུག་ཀྱང་། འཇིགས་ཤིང་སྐྲག་པ་དང་ལྡན་པའི་སེམས་ཀྱིས་ཤས་ཆེར་གནས་མོད་ཀྱི། བདག ་ཅག་གིས་དེར་མི་བརྫིའོ།། སྙམ་དུ་ཤེས་པའི་མཐོང་བ་འདུག་གོ། དགེ་སློང་དག་འདི་ལྟར་སྔ་མ་འདས་པའི་དུས་ན་ལྷ་དང་ལྷ་མ་ཡིན་གྱི་གཡུལ་དུ་ཞུགས་པ ་ན་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་འཕམ་ན་ནི། ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་ཅིང་རྒྱབ་སྟོན་པར་བྱས་ནས། ཤིང ་རྟ་ལྷོ་ཕྱོགསུ་ལྷ་མ་ཡིན་གྱི་གྲོང་ཁྱེར་གང་ན་བར་ཕྱིར་ལྡོག་གོ།། འོན་ཀྱང་ལྷ་རྣམས་ལྔ་མ་ཡིན་རྣམས་ཀྱི་ཕྱི་བཞིན་དུ་སྙེགས་པར་བྱེད་ན་ནི། དེར་ལྷ་མ་ཡིན་རྣམ ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ལྷ་འདི་དག་བདག་ཅག་གི་ཕྱི་བཞིན་དུ་སྟེགས་པ་ལས་ན། ཡང་ལན་གཉིས་སུ་གཡུལ་འགྱེད་པར་འདོད་དོ། སྙམ་དུ་ཤེས ་ནས། ལྷ་མ་ཡིན་རྣམས་ཕྱིར་ལོག་སྟེ། ལྷ་རྣམས་དང་ལྷན་ཅིག་ཏུ་གཡུལ་འགྱེད་དོ།། གལ་ཏེ་ལན་གཉི་སུ་ཡང་ལྷ་རྣམས་རྒྱལ་ཏེ། ལྷ་མ་ཡིན་རྣམས་འཕམ་ན་ནི། ་ལྷ་རྣམས་ཀྱིས་ལྷ་མ་ཡིན་རྣམས་ཐུབ་ཅིང་ཕམ་པར་བྱས་ཏེ། བཟློག་བཅིང་བརྒྱ་པ་སོ།། ཟླ་བ་ཁམས་པ་ལྟ་བུར་ཡོངསུ་འགྲུབ་པ་དང་། བ་ལང་མི་མགོ་ལྟ་བུ་དང་། ་མེ་ལོང་རྣམས་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་ཡོད་དོ།། དབྱིབས་ལེགས་ཤིང་བལྟ ་ན་སྡུག་ལ་མཛེས་པ་ཡིན་ནོ།། སྒོ་རེ་རེ་རུ་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་བསྲུངས་པའི་ཕྱིར་དང་། བསྐྱབ་པའི་ཕྱིར་དང་། མཛེས་པར་བྱ་བའི་ཕྱིར་བསྲུང་མ་གོ་ཆ ་དགེས་ཤིང་མཚོན་ཆ་ཐོགས་པ་ལྔ་བརྒྱ་ལྔ་རྒྱ་བཀོད་དོ།། སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལམ་སྲང་སྲིད་དུ། དཔག་ཚད་ཉི་སྟོང་ལྔ་བརྒྱ་ཡོད་ལ། ཞེང་དུ་དཔག ་འཛིན་ཚད་བཅུ་གཉིས་ཡོད་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་ཅིང་། ཙན་དན་གྱི་ཆུས་ཆག ་ཆག་བཏབ་པ་དག་དེ། སྲང་དེའི་ངོས་གཡས་གཡོན་ན། རྫིང་བུ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤལ་ལས ་བྱས་པའི་ང་གུ་རྣམ་པ་བཞིས་བརྩིགས་པའི་རྫིང་དག་ཡོད་དོ།། རྫིང་དེ་དག་གི་ཕྱོགས་བཞིན་ཐེམ་སྐས་བྱས་པ་ཡོད་དེ། ཇིམ་སྐས་དེ་དག་ཀྱང་འདི་ལྟ་སྟེ། གསེར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་བ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་དེ་དག་གི་ལན་ཀན། གསེར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེས་ལས་བྱས་པ་རྣམས་པ་བཞིས་ཀུན་ནས་སྐོར་ཏེ། གསེར་གྱི་ལན་ཀན་གྱི་རྟེན ་མ་དང་། གཀའ་ནན་དང་། ཤར་པ་ནི་དངུལ་ལས་བྱས་སོ།། དངུལ་གྱི་ནི་གསེར་ལས་བྱས་སོ།། བཻ་ཌཱུརྱའི་ཤེལ་ལས་བྱས་སོ།། ཤེལ་གྱི་ལན་ཀན་གྱི་རྟེན་མ་དང་། ་གཉའ་ནན་དང་། ཤར་བ་ནི་བཻ་ཌཱུརྱ་ལས་བྱས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་སོ།། རྫིང་དག་ཀྱང་ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་ཏེ། མི ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ད་དང་། པད་མ་ཀར་པོས་ཡོངསུ་ཁྱེ་བ་ཏེ། དེ་དག་ན་ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་སྐད། ་ཡིད་དུ་འོངས་པ་དང་། སྐད་མཉེན་པ་དང་། འདོད་རྒུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། རྫིང་དེ་དག་གི་ཉེ་འཁོར་ན་མེ་ཏོག་གི་ཤིང་ལྗོན་པ་དང་། ་འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་། དབྱིབས་ལེགས་ལ་ཡོངསུ་གྲུབ་པ་སྟེ། མེ་ཏོག་ཐོད་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། ་མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་གི་ཕྲེང་བ་ཐ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་རྣ་བརྒྱན་ལེགས་པར་བྱས་པ་བཞིན་སྟེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན ་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་རྒུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་དག་གི་ཉེ་འཁོར་ན་དཔག་བསམ་གྱི ་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ།། གཞག་གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། གསེར་པོ་དང་། དམར་པོ་དང་། དཀར ་པོ་དག་གོ། དཔག་བསམ་ཤིང་ལས་བྱུང་བའི། གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ། རྒྱན་སྣ་ཚོགས་ལག་བརྒྱན་དང་། རྐང ་བརྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་དག་གིས་ཇི་ལྟ་བུར་འདོད་པའི་སེམས་བསྐྱེད་མ་ཐག་ཏུ། དེ་ལྟ་བུ་དེ་དག་གི ་ལག་ཏུ་འོང་བར་འགྱུར་རོ།། རོལ་མོའི་ཆ་སྤྱང་སྣ་ཚོགས་པི་འང་དང་། གླིང་བུ་དང་། བང་བར་རྒྱུད་གསུམ་བ་དང་། ཁར་རྔ་དང་། སྒྲ་སྨན་རྣམས་འབྱུང་བའི་ཤིང་ལྡན་པ་དག་ཡོང་ངོ་།། ་ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པའི་སེམས་བསྐྱེད་མ་ཐག་ཏུ། དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུརརོ།། བདུད་རྩི་རྣམས་པ་བཞི་དང་། སྦྲང ་རྩི་དང་། སྦྲང་ཆང་གིས་གཏུང་བ་དག་ཀྱང་ཡོད་དོ།། ཡང་ཏོག་རྣམས་དང་། ཁང་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། གསིལ་ཁང་རྣམས་དང་། བལྟད་མོ་ལྔ ་བའི་ས་རྣམས་དང་། སྟི་ཁང་རྣམས་བུད་མེད་ཀྱིས་མཛེས་པར་བྱས་ཤིང་ལྷའི་བུ་མོ་མང་པོས། བསྟན་པ་དང་། སིལ་སྙན་དང་། ཕག་རྡོ་བ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས ་ཀྱིས་ལེགས་པར་བསྒོམ་པ་དང་། བཟའ་བ་དང་། བཏུང་བ་དང་ལྡན་པ་དག་ཀྱང་ཡོད་དེ། དེ་ན་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང་བཅས་པ་བརྩེ་ཞིང་དགའ་ལ་དགའ་མགུར་སྤྱོད ་དོ།། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། ལྷའི་གྲོང་ཁྱེར་གྱི་དབུས་ན། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་རྒྱལ་བྱེད་ཅེས་བྱ་བ། ཆུར་དཔག་ཚད་གཉིད་བརྒྱ ་ལྔ་བཅུ་བརྒྱར་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཞིག་ཡོད་དེ།། ལྷའི་གྲོང་ཁྱེར་ལས་དཔག་ཚད ་ཕྱེད་དང་ལྔས་གྱེན་ཏུ་འཕགས་སོ།། ཁང་བཟངས་རྣམ་པར་རྒྱལ་བྱེད་དེའི་རྨང་རྟེན་པ་བཞི་ལས་བྱས་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས ་བྱས་པ་དང་། ཤེལ་ལས་བྱས་རྣམས་སོ།། ཁང་བཟངས་བླར་རྒྱལ་བྱེད་ཀྱི་ཐེམ་པ་རྣམ་པ་བཞི་བཀོད་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། དེ ་ལས་བྱུང་བ་དང་། ཤེལ་ལས་བྱས་པ་རྣམས་སོ།། ཁང་བཟངས་རྣམ་པར་རྒྱལ་བྱེད་ཀྱི་ཀ་བ་རྣམ་པ་བཞི་བཙུགས་པ་ལ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས ་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་ཏེ། གསེར་གྱི་ཀ་བ་ནི་ཀ་བརྟེན་དང་ཀ་ཞུ་དང་། བྲེ་ཕུལ་དང་། གདུང་རྣམས་དངུལ་ལས་བྱས་སོ།། བཻ་ཌཱུརྱ་ནི། ཤེལ ་ལས་བྱས་སོ།། ཤེལ་གྱི་ནི་ཀ་རྟེན་དང་། ཀ་ཤུ་དང་བྲེ་ཕུལ་དང་། གདུང་བཻ་ཌཱུརྱ་ལས་བྱས་སོ།། ཁང་བཟངས་རྣམ་པར་རྒྱལ་བྱེད་དེའི་ཕྱ་མ་རྟེན་རྣམ་པ་བཞི་ལས་བྱས་པ་དག་ཡོད་དེ།། ་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། ཁང་བཟངས་རྣམ་པར་རྒྱལ་བྱེད་ལ། ཕྱམ་སྟོབས་དང ་ལྡན་པ་རྣམས་པ་བཞི་ལས་བྱས་པ་དག་ཡོད་དེ། འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམསོ།། ཁང ་བཟངས་རྣམ་པར་རྒྱལ་བྱེད་ལས་ཐེམ་སྐ་དེ་དག་ནི་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ ་བཞི་བརྩིགས་སོ།། ཁང་བཟངས་རྣམ་པར་རྒྱལ་བྱེད་ལ་ལན་ཀར་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་བཞིས་ཀུན་ནས་བསྐོར་ཏེ། གསེར ་གྱི་ལན་ཀན་གྱི་རྟེན་མ་དང་། གཉའ་ནན་དང་། ཤར་པ་ནི་དངུལ་ལས་བྱས་སོ།། དངུལ་གྱི་ནི་གསེར་ལས་སོ།། བཻ་ཌཱུརྱའི་ནི་ཤེལ་ལས་སོ།། ཤེལ་གྱི་རྟེན་དང་། གཉེའ་ནན ་ཤར་བ་ནི་བཻ་དུརྱ་ལས་སོ།། །། བར་སྡོམ་ནི། རྨང་རྟེན་ཐེབ་པ་ཀ་བ་དང་། ཕྱེ་མ་རྟེན་དང་སྟོབས་ལྡན་བྱ་མ། འཁོར་ས་དང་ནི་སྤང་ལེབ་ཁང་། ཡ་ཕུབ་ས་དག་ནི་ཐ ་མ་ཡིན། ཁང་བཟངས་རྣམ་པར་རྒྱལ་བྱེད་ལ་བ་གམ་བརྒྱད་ཡོད་དེ། བ་ག་མ་རེ་རེ་ལ་ཡང་ཁང་པ་བརྩེགས་པ་བདུན་བདུན་ཡོད་དོ།། ཁང་པ་བརྩེགས་པ་རེ་རེ་ལ་ཡང་གནས ་ཁང་བདུན་བདུན། གནས་ཁང་རེ་རེ་ལ་ཡང་ལྷའི་བུ་མོ་བདུན་བདུན། ལྷའི་བུ་མེ་རེ་རེ་ལ་ཡང་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་ཡང་སིལ ་སྙན་བདུན་བདུན་ཡོད་དོ།། ཁང་བཟང་རྣམ་པར་རྒྱལ་བྱེད་ཀྱི་ནང་ན་རྫིང་བུ་བྱས་པ་ཡོད་དོ།། རྫིང་བུ་དེ་ལ་ཆུར་དཔག་ཚད་ལྔ་བཅུ། ཁ་ཚོན་དུ་ཡང་དཔག་ཚད་ལྔ་བཅུ། མཐའ ་བསྐོར་དུ་དཔག་ཚད་ཉིས་བརྒྱ་ཡོད་དོ།། རྫིང་བུ་དེའི་ཕྱོགས་བཞི་ན། ཐེམ་སྐས་བྱས་པ་དག་ཡོད་དེ། ཐེམ་སྐས་དེ་དག་ཀྱང་འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པའི་ཕ་གུ་རྣམ་པར་བཞིས་རྩིགས་སོ།། རྫིང་བུ་དེའི་ཕྱོགས་བཞིར་ཡང་ལན་ཀར་དག་གིས་ཀུན་ནས་བསྐོར་ཏེ། ལན་ཀར་རྣམ ་པ་བཞི་དག་གིས་སྔ་མ་བཞིན་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། ཆུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུན ་ཏ་དང་། པད་མ་ཀར་པོས་ཡོངསུ་ཁེ་བས་ལ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་བཅིང་འཇོབས་པ་དང་། མཛེས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། ་འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པར་འབྱིན་ཏོ།། རྫིང་བུ་དེའི་ཉེན་དཀོར་ན་མེ་ཏོག་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་རྣམ་པ་སྣ་ཚོགས་ཡོད་པ་རྣམ ་ལེགས་པར་སྐྱེས་ཤིང་། དབྱིབས་ལེགས་ལ་ཡོངསུ་གྲུབ་པ་སྟེ། མེ་ཏོག་ཐོང་བཞིན་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་གི་ཕྲེང་བ་ཐ་གུ ་ལ་རྒྱུས་པ་དང་། མེ་ཏོག་གི་རྒྱན་ལེགས་པར་བྱས་པ་བཞིན་ཏེ། སྐམས་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་། འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད ་ཉེན་པ་དང་། འདོང་གུར་རྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པར་འབྱིན་ཏོ།། དཔག་བསམ་གྱི་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། ་དམར་པོ་དང་། དཀར་པོ་དག་གོ། བཞག་གོས་དག་རྣམ་པ་བཞི་སྟེ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས། ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། རྒྱན་སྣ་ཚོགས་ལག་བརྒྱན་དང་། རྐང་བརྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་དག་བྱུ་བ། ཤིང ་ལྗོན་པ་དག་ཡོད་དོ།། རོལ་མོའི་ཆ་སྤྱད་སྣ་ཚོགས་འདི་ལྟ་སྟེ། པི་བང་དང་། གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། ཁར་རྔ་དང་། སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག ་ཡོད་དོ།། ལྷ་དང་ལྷའི་བུ་མོ་རྣམས་ཀྱི་ཇི་ལྟ་བུར་འདོད་པའི་སེམས་བསྐྱེད་མ་ཐག་ཏུ། དེ་ལྟ་བུ་དེ་དག་གིས་ལག་ཏུ་འོང་བར་འགྱུར་རོ།། བདུད་ཅི་རྣམ་པ་བཞི་དང་། སྦྲང་ཆང་གི ་བཏུང་བ་དག་ཀྱང་ཡོད་དོ།། ཡང་ཏོག་རྣམས་དང་། ཁང་པ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མེ་བལྟ་བའི ་ས་རྣམས་དང་། བསྟི་ཁང་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟེན་པ་དང་། བསིལ་སྙན་དང་། ཕེག་རྡོབ་པ་དེ་དག་གི་སྒྲ་སྒྲོགས་པ་དང་། ་དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས་པ་དང་། བཟའ་བ་དང་བཏུང་བ་དང་ལྡན་པ་ཡོད་དོ།། དེ་ན་ལྷའི་དབང་པོ་བརྒྱ་བྱིན་གཡོག་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུ ་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། ལྷའི་གྲོང་ཁྱེར་གྱི་ཤར་ལྷོ་མཚམས་ན། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི། ལྷའི་འདུན་ས་ཆོས་བཟངས་ཤེས་བྱ་བ་ཡོད ་དེ། ཆུར་དཔག་ཚད་སུམ་བརྒྱ། རྒྱར་ཡང་དག་ཚད་སུམ་བརྒྱ། མཐའ་བསྐོར་དུ་ཡང་དཔག་ཚད་དགུ་རྒྱ་མཛད།། ལྷའི་གྲོང་ཁྱེར་ལས ་དཔག་ཚད་བྱེད་དང་བཞིས་འཕགས་སོ།། ལྷའི་མདུན་ས་ཆེས་བཟངས་ཀྱི་ས་བཞི་དང་། ཡང་ཏོག་དང་། དཔག་པ་དང་། སྤྱི་འདུས་ཀྱི་བདུད་དང་། ཡང་ཏོག་གི་རྩེ་གཞི་དང་། ་བྱ་མས་གཟུངས་དང་། བྱམ་དགུ་པོ་ཐམས་ཅད་ཤེལ་ལས་བྱས་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། ལན་ཀན་གསེར་ལས་བྱས་པ་དང་། དངུལ ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་པ་བཞིས་ཀུན་ནས་བསྐོར་ཏོ།། དེ་ལ་སྒོ་དང་ཡ་ཕུབས་དང་གྷ་ན་དང་། ཡང་ཏོག་གི་རྩེ་བཞི་དང་། ལུ་ན ་དང་། ཕྱ་མ་དགུ་པོ་ཡོད་དེ། ཕྱ་མ་དགུ་པོ་རེ་རེ་ལ་ཡང་ཀ་བ་བཅུ་དྲུག་བཅུ་དྲུག་གི་ཀུན་ནས་བརྟེན་ཏོ།། རྒྱུ་བའི་ལམ་ནི་རིམ་པ་བདུན་ཡོད་དོ།། དེའི་དབུས་ནི་བཻ་ཌཱུརྱ་ལས་བྱས ་བའི་ཀ་བ་ཟུར་བརྒྱད་པ་གསལ་ཞིང་ཕན་མེད་པ་མཚན་དང་ལྡན་པ་བ་ཞིག་ཡོད་དེ། སྐྲའི་རྩེ་མོ་ཙམ་གྱིས་ཁང་པ་བརྩེགས་པ་སྤྱི་འདུས་ཀྱི་རྟེན་ལ་མི་རེག་གོ། དེའི་འོག་ན ་ལྷའི་དབང་པོ་བརྒྱ་བྱིན་གྱི་ཁྲི་བཟང་པོ་དང་། སུམ་བཅུ་གསུམ་པའི་ལྷ་ལྷག་མ་རྣམས་ཀྱི་ཁྲི་བཤམས་པ་ཡོད་པ། དེར་སུམ་ཅུ་རྩ་གསུམ་པའི་ལྷ་རྣམས་འདུས་ཤིང་འཁོད་ནས། ་ལྷ་རྣམས་དང་མི་རྣམས་ཀྱི་དོན་དང་། ཆོས་སེམས་ཤིང་དཔྱོད་དེ་ཡོངསུ་རྟོག་པར་བྱེད་དོ།། ལྷའི་གྲོང་ཁྱེར་ན་རྒྱུ་བའི་ལམ་ཁ་མཚན་དུ་དཔག་ཚད་བཅུ་གཉིས་ཡོད་པ། དབྱིབས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱི་ཆུ་ཆག་ཆག་བཏབ་པ་ཡོད་དོ། དེའི་ངོས་གཡས་གཡོན་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི ་ཤིང་ལྗོན་པ་དང་། སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་པར་ཡོངསུ་གྲུབ་སྟེ། མེ་ཏོག་ཐོག་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། ་མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད ་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྟེན་པར་འབྱིན་ཏོ།། ལྷའི་གྲོང་ཁྱེར་འོབས་བདུན ་རིམས་ཀྱི་ཀུན་ནས་བསྐོར་ཏེ། འོབས་དེ་དག་ཀྱང་ཟབས་དང་། ཁ་མཚོན་དུ་དཔག་ཚད་གཅིག་ཅིག་ཙམ་ཡོད་དེ། ཕ་གུ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ ་བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་བཞིས་བརྩིགས་ལ་ཆུ་བསིལ་ཞིང་། ཆུ་སྦྲང་རྩི་ལྟ་བུས་གང་ཏེ། མེ་ཏེ་གོ་ཨུད་པ་ལ་དང་། པད་མ་དང་། ཀུ ་མུ་ཏ་དང་། པད་མ་དཀར་པོས་ཡོངསུ་ཁེབས་ལ། ཆུ་ན་གནས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། འདོད་དགུར་སྦྱར ་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། འོབ་དེ་དག་ནི་ཆུས་དཀའ་དང་། རྒྱུ་མོ་ཁུང་དང་། གྲུ་སྣ་ཚོགས་བྱས་པ་དག་ཡོད་དེ། དེ་ན་སུམ་ཅུ་རྩ་གསུཾ་པའི་ལྷ་རྣམ་ཆུའི་རྩེ་མོ་ལ་རྩེ་ཞིང ་དགའ་ལ་དགའ་མགུར་སྤྱོདདོ།། འོབྲུ་དེ་དག་གི་ཉེན་དཀོར་ན། མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་ཡོད་པ་རྣཾས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངསུ་གྲུབ་པ་སྟེ། མེ་ཏོ། ་ཐོད་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དེ།། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁ་བ། བེ་ཏོག་ཕྲེང་བ་ཐ་གུ་ལ་རྒྱུས་པ་དང་། མེ་ཏོག་རྣ་རྒྱན་ལེག་པ་བྱས་པ་བཞིན་ཏེ། སྐཾ་ལཱ་སྐྱེས་པའི་བྱ་སྣ་ཚོག་སྐད་སྙན་ཅིང་འཛེབ་པ་དང་། སྐད་ཡིད་དུ་འོང་བ་དང་། ་སྐད་གཉེན་པ་དང་། འདོད་དཀུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྙན་པ་འབྱིན་ཏོ།། དེ་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་འཁོར་དང ་བཅས་པར་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ལྷའི་གྲོང་ཁྱེར་གྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན་སུམ་བཅུ་རྩ་གསུམ་པའི ་ལྷ་རྣམས་ཀྱི་སྐྱེད་མོས་འཚལ་ཤིང་ཏ་སྣ་ཚོགས་ཅན་ཞེས་བྱ་བ་ཡོད་དེ། ཚུར་དཔག་ཚད་ཉི་རྒྱ་ལྔ་བཅུ། རྒྱར་དཔག་ཚད་ཉི་བརྒྱ་ལྔ་བཅུ། མཐའ་སྐོར་དུ་ཡང་དཔག་ཚད་སྟོང ་ཡོད་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་ར་བས་ཀུན་ནས་བསྐོར་ཏེ། ར་བའི་འཕང་དུ་དཔག་ཚད་གཅིག་ཡོད་ལ། ར་བ་དེ་ལ་ཅོག་གསེར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞི་ཡོད་དོ།། གྱེན་ཏུ་འཕང་བ་དང་། ཐུར་དུ་འཕྱང་བའི་མདའ ་ཡབ་དང་། བསྟི་ཁང་རྣམ་པ་བཞི་ཡོད་དོ།། གསེར་ལས་བྱས་པ་དང་། དངུལ་བྱས་པ་དང་། བཻ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམས་སོ།། དེའི་ནང་གི ་ས་ཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་གསེར་གྱི་བྱེ་མ་བདལ་ཅིང་ཤིན་ཏུ་དཀྲ་བ་མཚོན་བརྒྱ་བརྩ་ཅིག་གིས་བཀྲ་བ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར ་ན་ཤིང་བལ་མདབ་མ་འམ། རས་བལ་གྱི་མདབ་མ་བཞིན་ཏེ། རྐང་པ་བཞག་པ་ནི་ནེམས་ཤེས་བྱེད། རྐང་པ་བཏེག་ན་ནི་པར་ཅེས་བྱེད་ལ། མེ་ཏོག་མ་ད་ར་བ་མང་པོས་རུས ་མོ་ནུབ་པ་ཙམ་དུ་ཡོངསུ་ཁྱབས་སྟེ། རླུང་གི་མཐུས་མེ་ཏོག་སྐྱིངས་པ་རྣམས་ནི་འདོར།། མེ་ཏོག་བསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། ཇི་སྐད་དུ་ལྦབུ་སྐྱོང་རྣམས་དབང ་གི་རྐྱེན་གྱིས་ན། ཤིང་རྟ་སྣ་ཚོགས་ཅན་ན་རླུང་ཆེན་ལྡང་། མེ་ཏོག་སྙིད་པ་རྣམས་ནི་འདོར་བ་བྱེད། མེ་ཏོག་སར་བ་རྣམས་ནི་ལེགས་པར་འགྲེམས།། ཤེས་འབྱུང་བ་ལྟ་བུའོ།། ་སྐྱེད་མོ་འཚལ་ཤིང་རྟ་སྣ་ཚོགས་ཅན་གྱི་ནང་ན། རྫིང་བུ་ཞིག་ཡོད་དེ། ཆུར་དཔག་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉི་རྒྱ་ཡོད་དེ། རྫིང་དེ་ཡང ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བེ་དུ་རྱ་ལས་བླ་དང་། ཤེལ་ལས་བྱས་པའི་ཕགུ་རྣམ་པ་བཞིས་བརྩིགས་སོ།། རྫིང་དེའི་ཕྱོགས་བཞིན་ཐེམ་སྐས ་བྱས་པ་ཡོད་དེ། ཐེམས་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དེ་དུལ་ལས་བྱས་པ་དང་། བཻ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱ་བའི་ཕ་གུ་རྣམས་པ་བཞིས་བརྩིགསོ།། ་རྫིང་དེའི་ལན་ཀར་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བེ་དུརརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། ཆུ་བསིལ ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་ཞིང་མེ་ཏོག་ཨུད་པ་ལ་དང་། པད་མ་དང་། ཀུ་མུ་ཏ་དང་། པད་མ་ཀར་པོས་ཡོངསུ་བྱེབས་ལ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད ་སྙན་པ་དང་། སྐད་ཡིད་དུ་འོངས་པ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྙན་པོ་དག་འབྱིན་ཏོ།། རྫིང་དེའི་ཉེན་ཀོར་ན། མེ་ཏོག ་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་། དབྱིབས་ལེགས་པ་ལ་ཡོངསུ་གྲུབ་པ་དག་ཡོད་དེ། ་མེ་ཏོག་ཐོད་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་ངམ། མེ་ཏོག་ཕྲེང་རྒྱུད་ཀྱི་བསློབ་མ་མཁས་པོས། མེ་ཏོག་གི་ཕྲེང་བ་ཐ་གུལ་བརྒྱུས་པ་དང་། མེ་ཏོག་གི་རྣངན ་ལེགས་པར་བྱས་བཞིན་ཏེ། སྐམས་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས ་སྐད་སྙན་པ་དག་འབྱིན་ཏོ།། དཔག་བསམ་གྱི་ཤིང་ལྗོན་པ་དག་རྣམ་པ་བཞི་ཏེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ། བཞག་གོས་དག་རྣམ་པ ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ། དཔག་བསམ་ཤིང་ལས་བྱུང་བའི་གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང ་དཀར་པོ་དག་གོ། རྒྱན་སྣ་ཚོགས་ལག་བརྒྱན་དང་། རྐང་བརྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་དང་རྣམས། འབྱུང་བའི་ཤིན་ལྗོན་པ་དག་ཡོད་དོ།། རོལ་མོའི་ཆ་བྱད་སྣ་ཚོགས ་འདི་ཝ་སྟཱ་ཏེ། པི་བང་དང་། གླིང་བུ་དང་། པི་དང་རྒྱུད་གསུམ་པ་དང་། ཁར་རྔ་དང་། སྒྲ་སྙན་པ་དག་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། ལྷ་འམ་ལྷའི་བུ་མོ་རྣམས ་ཇི་ལྟ་བུའི་སེམས་སྐྱེད་མ་ཐག་ཏུ། དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུ་རོ།། བདུད་རྩི་རྣམ་པ་བཞི་དང་། སྦྲང་ཙི་དང་སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ།། ཡང་ཐོག་རྣམས་དང་། ་ཁང་པ་རྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྷད་མོ་བལྟ་བའི་ས་རྣམས་དང་། བསྟི་ཁང་རྣམས་བུད་མེད་ཀྱི་ཚོགས ་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟེན་པ་དང་། བསིལ་སྙན་དང་། ཕེག་རྡོབ་པ་དག་གིས་སྒྲ་སྙན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོས ་པ་དང་། བཟའ་བ་དང་། བཏུང་བ་དང་། ལྡན་པ་དག་ཡོད་དེ། དེ་ན་སུམ་བཅུ་རྩ་གསུམ་ལྷ་རྣམས་གཡོག་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། རང་གི ་ལས་ཀྱི་འབྲས་བུ་ཉམསུ་མྱོང་ངོ་།། དེའི་ལམ་ཆུར་དཔག་ཚད་ཉི་ཤུ་ཁ་ཚོན་དུ་དཔག་ཚད་ཕྱེད་དང་གཉིས་པ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་། ་ཙན་དན་གི་ཆུས་ཆག་བཏབ་པ་ཡོད་དེ། དེའི་ངོས་གཡོན་ན། མེ་ཏོག་གི་ཤིང་ལྗོན་པ་འམ། འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་པ་ལྟ ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་ཡོངསུ་གྲུབ་པ་དག་ཡོད་དེ། མེ་ཏོག་གི་ཐོད་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་གི་ཕྲེང་བ་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས ་པས། མེ་ཏོག་གི་ཕྲེང་བ་ཟ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཤིན་ཏུ་ཡོད་དུ་འོང་བ་དང་། ་སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྨན་པ་འབྱིན་ཏོ།། དཔག་བསམ་གྱི་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམ ་པོ་དང་། དཀར་པོ་དག་གོ།། དཔག་བསམ་ཤིང་ལས་བྱུང་བའི་གོས་དག་རྣམས་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང ་དཀར་པོ་དག་གོ།། བཞག་གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ། དཔག་བསམ་ཤིང་ལས་བྱུང་བའི་གོས་དག་རྣམ་པ་བཞི་སྟེ། ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ།། རོལ་མོའི་ཆ་བྱད་སྣ་ཚོགས་པི་བང་དང་། གླིང་བུ་དང་། བི་དང་རྒྱུད་གསུམ་དང་། ཁར་རྔ་དང་། སྒྲ་སྙན་རྣམས ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་བརྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ ་མེ་རྣམས་ཀྱིས་ཇི་ལྟར་བའི་འདོད་པའི་སེམས་སྐྱེད་མ་ཐག་ཏུ། དེ་ལྟ་བུ་དེ་དག་གི་ལག་ཏུ་འགྱུར་རོ།། ལམ་དེ་ན་གཞོན་པ་སྣ་ཚོགས་བཀོད་པ་ནི་འདི་ལྟ་སྟེ། གླང་པོ་ཆེའི་ཞོན་པ་དང་། ་རྟའི་བཞོན་པ་དང་། ཤིང་རྟའི་ཞོན་པ་དང་། ཁྱོགས་ཀྱི་བཞོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་དཀྱིས་བཞོན་པའི་ཇི་ལྟ་བུ་འདོད་པའི་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུའི ་བཞོན་པ་ལ་ཞོན་པར་འགྱུར་རོ།། སྐྱེད་མོ་འཚལ་ཤིང་རྟ་སྣ་ཚོགས་ཅན་དུ་དོང་ནས་རྩེ་ཤིང་དགའ་མགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱེད་ངོ་།། ཅིའི་ཕྱིར་སྐྱེད ་མོ་འཚལ་མིང་ཤིང་རྟ་སྣ་ཚོགས་ཅན་ན། ཛཾད་སྣ་ཚོགས་ཞེས་བྱ་བ་དང་། ཤིང་ལྗོན་པ་སྣ་ཚོགས་དང་། ལོ་མ་སྣ་ཚོགས་དང་། མེ་ཏོག་སྣ་ཚོགས་དང་། འབྲས་བུ་སྣ་ཚོགས་དང་། ་གོས་དང་། རྒྱན་སྣ་ཚོགས་དང་། ལྷའི་བུ་མོ་སྣ་ཚོགས་ཡོད་པ། གང་གི་ཚེ་སུམ་བཅུ་རྩ་བསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་ཤིང་རྟ་སྣ་ཚོགས་ཅན་དུ་རྩེ་ཞིང་དགའ་ལ་དགའ ་མགུར་སྤྱོད་པ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། དེའི་ཚེ་ཡང་རྣམ་པར་སྣ་ཚོགས་ཀྱིས་ཤིན་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ ་ཉམ་སུ་མྱོང་ནས་དེའི་ཕྱིར་སྐྱེད་མོ་འཚལ་གྱི་མིང་ཤིང་རྟ་སྣ་ཚོགས་ཅན་ཞེས་བྱའོ།། སྐྱེད་མོ་མཚལ་ཤིང་རྟ་སྣ་ཚོགས་ཅན་གྱི་ཤར་ཕྱོགས་དཔག་ཚད་ཉི་ཤུ་ན། ས་བཞི་བཟང་པོ་སྣ་ཚོག ་ཤེས་བྱ་བ་ཡོད་དེ། མཚུར་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། རྒྱར་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་དུ་ཡང་དཔག་ཚད་སྤོང་ཡོད་པ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ ་མཛེས་པ། ལན་ཀན་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བེ་དུརརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀན་གྱི ་བརྟེན་མ་དང་། གཉའ་གནན་དང་། ཤར་པ་ནི་དངུལ་ལས་བྱས་སོ།། དངུལ་གྱི་ནི་གསེར་ལས་བྱས་སོ།། ཤེལ་གྱི་རྟེན་མ་དང་། གཉའ་གནན་དང་། ཤར་པ་ནི་བེ་དུརྱ་ལས་བྱས་སོ།། ། ་དེའི་ནང་གི་ས་གཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། བཀྲ་ཤིང་ཤིན་དུ་བཀྲ་བ་མཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ་སྟེ། འཇམ་ཞིང་ཤིན་དུ་འཇམ་པ་ནི། དཔེར་ན་ཤིང་བལ ་བྱི་མདའ་མ་འམ། རས་བལ་གྱི་མདའ་མ་བཞིན་ཏེ། རྐང་པ་གཞག་ན་ནི་མ་ཤེས་བྱེད། རྐར་བ་བཏེག་ན་ནི་པར་ཅེས་བྱེད་ལ། མེ་ཏོག་མན་ད་རབ་ནང་མང་པོས་པུས་མོ་ནུབ་པ་ཙམ་དུ ་ཡོངས་སུ་ཁེབས་ཏེ། དེ་ནི་མི་མ་ཡིན་པ་རྣམས་ཀྱིས་རླུང་གི་མཐུས་མེ་ཏོག་སྙིང་པ་རྣམས་ནི་འདོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། ་ཇི་སྐད་དུ་ལྷ་རྣམས་ལས་ཀྱི་དབང་གི་རྐྱེན་གྱིས་ན། ས་གཞི་སྣ་ཚོགས་ཅན་ན་རླུང་ཆེན་པོ་ལྡང་། མེ་ཏོག་སྙིང་པ་རྣམས་ནི་འདོར་བར་བྱེད། མེ་ཏོག་སར་པ་རྣམ་ནི་ལེགས་པར་འགྲེམས ་ཤེས་འབྱུང་བ་ལྟ་བུའོ།། དེའི་ལམ་སྲིད་དུ་དཔག་ཚད་ཉི་ཤུ་ཁ་ཚོན་དུ་དཔག་ཚད་ཕྱེད་དང་གཉིས་ཡོད་པ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་བཅིང ་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ་ཞིག་ཡོད་དེ། དེའི་ངོས་གཡས་གཡོན་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ། སྣ་ཚོགས་ཡོད་པ་རྣམས་ལེགས་པར་སྐྱེས ་ཤིང་དབྱིབས་ལེགས་ལ་ཡོངསུ་གྲུབ་པ་དག་ཡོད་དོ།། མེ་ཏོག་ཐོད་བཞིན་དུ་གྱུར་པ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག ་གི་ཕྲེང་བ་ཐ་གུ་ལ་རྒྱུས་པ་དང་། མེ་ཏོག་གི་བརྒྱན་ལེགས་པར་བྱས་པ་བཞིན་ཏེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་གཉེན་པ་དང་། ་འདོར་དགུར་གྱི་བའི་གཟུགས་ཅན་སྐད་སྙན་པར་འབྱིན་ཏོ།། དཔག་བསམ་གྱི་ཤིང་ལྗོན་པ་དང་། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་རྣམས་པ་བཞི་ཡོད་དེ། ་བཞག་གོས་དག་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་རྣམ་པ་བཞི་ཡོད་དོ།། དཔག་བསཾ་ཀྱི་ཤིང་ལས་བྱུང་བའི་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ་དཀར་པོ་རྣམ་པ་བཞི་ཡོད་དོ།། རོལ་མོའི་ཆ་སྤྱད་སྣ་ཚོགས་པི་བང་དང་། གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། ཁར་རྔ་དང་། སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། ་རྒྱན་སྣ་ཚོགས་ལག་རྒྱན་དང་། རྐང་རྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་སེམས ་བསྐྱེད་མ་ཐག་ཏུ། དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། ལམ་དེ་ན་བཞོན་པ་སྣ་ཚོགས་བཀོད་པ་འདི་ལྟ་སྟེ། གླང་པོ་ཆེའི་གཞོན་པ་དང་། རྟའི་གཞོན་པ་དང་། ཤིང་རྟའི ་གཞོན་པ་དང་། ཁྱོགས་ཀྱི་བཞོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ་རྣམས་ཀྱིས་ས་གཞོན་པ་ཇི་ལྟ་བུ་འདོད་པའི་སེམས་བསྐྱེད་མ་ཐག་ཏུ། དེ་ལྟ་བུའི་གཞོན་པ་འོང་བར་འགྱུར་ཏེ། ་དེ་ལས་ཞོན་སྣ་ཚོགས་ཅན་དུ་འདོང་ཞིང་ཅི་བདེར་གནས་པས་མངོན་པར་དགའ་བར་བྱེད་དོ།། དེ་ན་ལྷའི་དྲང་སྲོང་རྣམས་རང་དགར་ཚངས་པཱར་སྤྱོད་དོ།། དེ་བཞིན་དུ་ལྷའི་གྲོང་ཁྱེར་གྱི ་ལྕེའི་ཕྱོགས་དཔག་ཚད་ཉི་ཤུ་ན་སྐྱེད་མོ་འཚལ་རྩུབ་འགྱུར་ཚལ་ཞེས་བྱ་བ་ཡོད་དོ།། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། རྒྱར་ཡང་དཔག་ཚད་ཉི་རྒྱ་ལྔ་བཅུ། མཐར་སྐོར་ཏུ་དཔག་ཚད ་ཉི་ཤུ་ན་སྐྱེད་མོས་ཚལ་བརྩུབ་འགྱུར་ཚལ་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ།། མཐའ་སྐོར་ཏུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས ་པ། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། རྒྱར་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། མཐའ་སྐོར་ཏུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ལ། གསེར ་རྐྱར་ཡང་དཔའ་ཚད་ཉིད་བརྒྱ་ལྔ་ལུ། ་གྱི་དྲ་བས་ཀུན་ནས་བསྐོར་ཏེ།། ར་བའི་འཕང་དུ་ནི་དཔག་ཚད་གཅིག་ཡོད་དེ། ཤིང་རྟ་སྣ་ཚོགས་ཅན་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་བྱས།། ་བྱེ་བྲག་ནི་འདི་ཡིན་ཏེ།། ཅིའི་ཕྱིར་སྐྱེ་མོ་ཚལ་གྱི་མིང་བཙུ་པ་འགྱུར་འཚལ་ཞེས་བྱ་ཞེ་ན།། སྨྲས་པ། བསྐྱེད་མོས་ཚལ་བཙུ་པ་འགྱུར་ཚལ་ན་རྫིང་བུ་རྩུབ་འགྱུར་ཞེས་བྱ་བ་དང་། ་ཤིང་རྣམས་དང་།། ལོ་མ་རྣམས་དང་། མེ་ཏོག་རྣམས་དང་།། འབྲས་བུ་རྣམས་དང་།། གོས་རྣམས་དང་།། རྒྱན་རྣམས་ཀྱང་བཙུབ་པར་འགྱུར་བ་དང་།། ལྷའི ་བུ་མོ་བརྩུབ་འགྱུར་བ་རྣམས་ཡོད་ལ།། གང་གི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བསྐྱེད་མོ་ས་རྩུབ་འགྱུར་ཚལ་ཏུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ།། དེའི་ཚེ ་ཡང་ལུས་ཀྱང་རྩུབ་པར་འགྱུར་ཞིང་།། སེམས་ཀྱང་བརྩུབ་པར་འགྱུར་ཏེ། གཡུལ་ལས་མོས་པར་འགྱུར་བས་ནས།། དེའི་ཕྱིར་བསྐྱེད་མོས་ཚལ་གྱི་མིང་ཡང་རྩུབ ་འགྱུར་འཚལ་ཞེས་བྱའོ།། བསྐྱེད་མོ་ཚལ་བརྩུབ་འགྱུར་ཚལ་གྱི་ལྷོ་ཕྱོགས་དཔག་ཚད་ཉི་ཤུ་ན།། ས་བཞི་བཟང་པོ་བཅུ་བ་འགྱུར་ཞེས་བྱ་བ་ཡོད་དེ།། ཚུར་དཔག་ཚད་ཉི ་རྒྱ་ལྔ་བཅུ།། རྒྱར་ཡང་དཔག་ཚོད་ཉི་རྒྱ་ལྔ་བཅུ།། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ས་བཞི་བཟང་པོ་སྣ་ཚོགས་ཅན་ཇི་ལྟ་བ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། ལྷའི ་གྲོང་ཁྱེར་གྱི་ནུབ་ཕྱོགས་དཔག་ཚད་ཉི་ཤུ་ན།། སྐྱེད་མོ་ལ་འདྲེས་པའི་ཚལ་ཞེས་བྱ་བ་ཡོད་དེ། མཚུར་དཔག་ཚད་ཉི་རྒྱ་ལྔ་བཅུ། རྒྱར་ཡང་དཔག་ཉིས་བརྒྱ་ལྔ་བཅུ་མཐའ་སྐོར་དུ་དཔག ་ཚར་སྟོང་ཡོད་པ། གསེར་གྱི་རབས་ཀུན་ནས་སྐོར་ཏེ། ར་བའི་འཕང་དུ་དཔག་ཚད་གཅིག་ཡོད་དེ། ལྔ་མ་རྣམས་ཇི་སྐད་བཤད་པ་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། བྱེ་བྲག་ནི། ་འདི་ཡིན་ཏེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱ་ན། སྨྲས་པ། སྐྱེད་མོས་ཚལ་ན། རྫིང་འདྲེས་པ་ཞེས་བྱ་བ་དང་། ཤིང་རྣམས་དང་། ལོ་མ་རྣམས་དང་། ་མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། གོས་རྣམས་དང་། རྒྱན་རྣམས་འདྲེས་པ་དང་། ལྷའི་བུ་མོ་རྣམས་འདྲེས་པ་ཡོད་ལ། གང་གིས་ཚེ་སུམ་བཅུ་རྩ་གསུམ་པའི་རྣམས་པའི ་སྐྱེད་མོས་ཚལ་འདྲེས་པའི་ཚལ་ན་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པའི་ཚེ་ཡང་ཚོལ་བར་འདྲེས་ཏེ་ཤིན་དུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མོད ་བས་ན་དེའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་འདྲེས་པའི་ཚལ་ཞེས་བྱའོ།། སྐྱེད་མོས་ཚལ་འདྲེས་པའི་ཚལ་གྱི་ནུབ་ཕྱོགས་སུ་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་འདྲི་ཞེས་བྱ་བ ་ཡོད་དོ།། མཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། རྒྱར་ཡང་དཔག་ཚད་ཉི་རྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་དེ། ས་བཞི་བཟང་པོ་སྔ་མ་རྣམས་ཇི་ལྟ་བ་བཞིན་དུ ་རྒྱས་པར་བརྗོད་པར་བྱའོ།། ལྷའི་འགྲོང་ཁྱེར་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། སྐྱེད་མོས་ཚལ་དགའ་བའི་ཚལ་ཞེས་བྱ་བ་ཡོད་དོ།། མཚུར་དཔག་ཚནྡ་ཉིས་བརྒྱ་ལྔ་བཅུ། ་རྒྱར་ཡང་དཔག་ཚད་ཉི་བརྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་པ། གསེར་གྱི་བས་ཀུན་ནས་བསྐོར་ཏེ། ར་བའི་འབང་དུ་ནི་དཔག་ཚད་གཅིག་ཡོད་དེ། ་སྔ་མ་རྣམས་ཇི་སྐད་བཤད་པ་དེ་བཞིན་དུ། བརྗོད་པར་བྱའོ།། བྱེ་བྲག་ནི་འདི་ཡིན་ཏེ། ཅིའི་ཕྱིར་སྐྱེད་མོས་ཚལ་གྱི་མིང་དགའ་ཚལ་ཞེས་བྱ་ཞེ་ན། ་སྨྲས་པ། སྐྱེད་མོས་ཚལ་ན་དགའ་ཚལ་རྫིང་བུ་དགའ་བ་ཞེས་བྱ་བ་དང་། ཤིང་རྣམས་དང་། མེ་ཏོག་རྣམས་དང་། འབྲས་བུ་རྣམས་དང་། གོས་རྣམས་དང་། རྒྱན་རྣམས ་དགའ་བ་དང་། ལྷའི་བུ་མོ་དགའ་བ་རྣམས་ཡོད་ལ་གང་གི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སྐྱེད་མོས་ཚལ་དུ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་པ་དེའི་ཚེ། ཡང་ཀུན་ཏུ་དགའ ་ཞིང་རབ་ཏུ་དགའ་ལ་དགའ་ཞིང་ཡིད་བདེ་བར་གྱུར་ནས། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་ཉོང་བས་ན། དེའི་ཕྱིར་སྐྱེད་མོས་ཚལ་ཞེས་བྱའོ།། ་བསྐྱེད་མོས་ཚལ་དགའ་ཚལ་གྱི་བྱང་ཕྱོགས་དཔག་ཚད་ཉི་ཤུ་ན། ས་གཞི་བཟང་པོ་དགའ་བ་ཞེས་བྱ་བ་ཡོད་དེ། ཆུར་དཔག་ཚད་ཉི་རྒྱ་ལྔ་བཅུ། རྒྱར་ཡང་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ་མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། ས་གཞི་བཟང་པོ་ལྡེ་མ་བཞིན་དུ། རྒྱས་པར་བརྗོད་པར་བྱའོ།། བམ་པོ་ཞིག། ་ལྷའི་གྲོང་ཁྱེར་གྱི་བྱང་ཤར་གྱི་མཚམས་ན། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་སུ་ས་བརྟོལ་ཞེས་བྱ་བ་ཡོད་དེ། ཡོངས་སུ་ས་རྟོལ་གྱི་རྩ་བ་ནི་དཔག་ཚད ་སྟོང་ལྔ་བཅུ་ཐུར་ཏུ་ཟུག་གོ། འཕང་དུ་ནི་དཔག་ཚད་བརྒྱ་ཡོད་དོ།། ཡལ་ག་ཕྱིར་གྱེས་པ་ནི་དཔག་ཚད་ལྔ་བཅུ་ཡོད་དོ།། ཡོངས་སུ་ས་བརྟོལ་གྱི་ཡལ་ག་ལྔ་ཡོད་དོ།། ཡལ་ག ་གཅིག་ནི་ཤར་ཕྱོགས་སུ་དཔག་ཚད་ལྔ་བཅུར་དུང་ངོ་།། ཡལ་ག་གཉིས་པ་ནི་ལྷོ་ཕྱོགས་སུ་དཔག་ཚད་ལྔ་བཅུར་དུད་དོ།། ཡལ་ག་གསུམ་པ་ནི་ནུབ་ཕྱོགས་སུ་དཔག་ཚད་ལྔ ་བཅུར་དུང་ངོ་།། ཡལ་ག་བཞི་པ་ནི་བྱང་ཕྱོགས་སུ་དཔག་ཚད་བཅུར་དུད་དོ།། ཡལ་ག་སྟེང་མ་ནི་དཔག་ཚད་བལྔ་བཅུར་སྟེང་གི་ན་མཁའ་ཁྱབར་འདུག་གོ། ཡོངསུ་བརྟོལ་གྱི་སྲིད་དུ། ་དཔག་ཚད་བརྒྱ་ལྔ་བཅུ་ཡོད་ངོ་།། སྦོམས་སུ་ཡང་དཔག་ཚད་བརྒྱ་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་དཔག་ཚད་གསུམ་བརྒྱ་ལྔ་བཅུ་ཡོད་དོ།། ཡོངས་སུ་ས་བརྟོལ་གྱི་དྲིའི་རྫིང་ཕྱོགས ་སུ་ནི་དཔག་ཚད་བརྒྱར་དད་ལྡང་ངོ་།། བརྫི་ཕྱོགས་མ་ཡིན་པར་ལྔ་བཅུར་དང་ལྡང་ངོ་།། དཔག་ཚད་བརྒྱ་བཅུར་ནི་འོད་དང་། ཁ་དོག་གིས་ལམ་མེ་ལྷན་ནེ་ལྒང་ངེར་འདུག་གོ། སུམ ་བཅུ་བརྩ་གསུམ་གྱི་ལྷ་རྣམས་ཤི་ཡོངས་སུ་ས་བརྟོལ་གྱི་ལོ་མ་སེར་བ་ན་དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དང་། ཀྱེ་མ་ཡོངས་སུ་ས་བརྟོལ་འདི་ལོ་མ་སེར་བ་ལས་ན། ་དེ་ནི་རིང་པོ་མི་ཐོགས་པར་འདབ་མ་ལྷགས་པར་འགྱུར་རོ།། སྙམ་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པས་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་སུ་ས་བརྟོལ་གྱི་འདབ་མ་ལྷགས་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་སུ་ས་བརྟོལ་འདི་འདབ ་མ་ལྷགས་པ་ལས་ན། དེ་ནི་རིང་པོར་མི་ཐོགས་པར་སྦལ་མིག་མངོན་པར་འགྱུར་རོ་སྙམ་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་། ་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངསུ་ས་རྟོལ་སྦལ་མིག་མཐོན་པ་ན། དེའི་ཚེ་སུམ ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་སུ་ས་བརྟོལ་འདི་སྦལ་མིག་མཐོན་པ་ལས་ན། ད་ནི་རིང་པོར་མི་ཐོགས་པར་སྦལ་མིག་འབྱེ་བར་འགྱུར་རོ།། སྐམ་ནས། ་ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་སུ་ས ་བརྟོལ་བ་སྦལ་མིག་བྱེད་པ་ན། དེའི་སུམ་བཅུ་རྩ་གསུམ་པ་རྣམས། ཀྱེ་མ་ཡོངས་སུ་ས་བརྟོལ་འདི་སྦལ་མིག་བྱེ་བ་ལས་ན། ད་ནི་རིང་པོར་མི་ཐོགས་པས་མེ་ཏོག་ཁ ་འབུ་བར་འགྱུར་རོ།། སྙམ་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། སུམ་བཅུ་རྩ་གསུམ ་པའི་ལྷ་རྣམས་ཀྱི་ཤིང་ཡོངསུ་ས་བརྟོལ་གྱིས་མེ་ཏོག་ཁ་འབུས་པ་ན་དེའི་ཚེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་འདུས་བརྟོལ་འདི་མེ་ཏོག་ཁ་འབུས་པས ་ལས་ན། ད་ནི་རང་པོར་མི་ཐོགས་པར་མེ་ཏོག་ཁ་འབྱེ་བར་འགྱུར་སྙམ་ནས། ཀུན་ནས་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང ་ཡོད་དོ།། གསུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཞིང་ཡོངས་སུ་ས་བརྟོལ་གྱི་མེ་ཏོག་ཁ་བྱེ་བ་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་འདུས་རྟོལ ་དེའི་ས་ཀྱང་ཡོ ་འདི་མེ་ཏོག་ཁ་བྱེ་བ་ལས་ན། དེ་ནི་རིང་པོར་མི་ཐོགས་པར་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པར་འགྱུར་རོ།། སྙམ་ནས། ཀུན་ཏུ་དགའ་ཞིང་བ་ཏུ་དགའ་བས ་གནས་པ་གང་ཡིན་པ་དེའི་སྐབས་ཀྱང་ཡོད་དོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངས་སུ་རྒྱས་པ ་ན་ཡོངས་འདུ་ས་བརྟོལ་གྱི་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངསུ་རྒྱས་པའི་དྲི་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་དང་ལྡང་ངོ་།། རྫི་ཕྱོགས་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར ་ངད་ལྡང་ངོ་།། དཔག་ཚད་བརྒྱ་བཅུར་ནི་འོད་དང་། ཁ་དོག་གིས་ལམ་མེ་ལྷན་ནེ་ལྷ་དེར་འདུག་གོ། བཅོམ་ལྡན་འདས་ཀྱིས་ཀྱང་འདི་སྐད་དུ། དགེ་སློང་དག་སུམ་བཅུ་རྩ་གསུམ ་བའི་རྣམས་ཀྱི་ཤིང་ཡོངསུ་འདུ་ས་བརྟོལ་གྱི་རྩ་བ་ནི་དཔག་ཚད་ལྔ་ཐུར་དུ་ཐུག་གོ།། འཕང་དུ་ནི་དཔག་ཚད་རྒྱར་ཡོད་དོ།། ཡལ་ག་དང་ལ་མོ་དང་། འདབ་མ་རྣམས་ཀྱིས་ནི་དཔག་ཚད་ལྔ ་བཅུར་ཁྱབ་པོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཡོངས་འདུ་ས་བརྟོལ་གྱིས་ལོ་མ་སེར་བས་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོད ་འདུ་ས་བརྟོལ་འདི་ལོ་མ་སེར་བ་ལས་ན། ད་ནི་རིང་པོ་མི་ཐོགས་པར་འདབ་མ་ལྷགས་པར་འགྱུར་རོ།། སྙམ་ནས། ཀུན་ཏུ་དགའ་བས་གནས་པ་གང་ཡིན་དེའི་དུས་ཀྱང་ཡོད་དོ།། ། ་དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངསུ་འདུས་བརྟོལ་གྱི་འདབ་མ་ལྷགས་པ་ན། དེ་ཆེའི་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་འདུས་བརྩོམ ་འདི་འདབ་མ་ལྷགས་པ་ལས་ན། ད་ནི་རིང་པོར་མི་ཐོགས་པར་སྦལ་མིག་མཐོན་པར་འགྱུར་རོ་སྙམ་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོང་འདུ་ས་བརྟོལ་འདི་སྦལ་མིག་མངོན་པ་ན། དེའི་སུམ་བཅུ་རྩ ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་འདུས་བརྟོལ་འདི་སྦལ་མིག་མཉོ་པ་ལས་ན། ད་ནི་རིང་པོར་མི་ཐོགས་པར་མེ་ཏོག་ཁ་འབུ་བར་འགྱུར་རོ།། སྙམ་ནས། ཀུན ་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུ་ས་རྟོལ་གྱི་མེ ་རྟོག་ཁ་འབུས་པས་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་འདུ་ས་རྟོལ་མེ་ཏོག་ཁ་འབུས་པ་ལས་ན། ད་ནི་རིང་པོར་མི་ཐོགས་པར་མེ་ཏོག་ཁ ་འབྱེ་བར་འགྱུར་རོ།། སྙམ་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི ་ཤིང་ཡོངས་འདུས་བརྟོལ་གྱི་ཁབྱེ་བ་ལས་ན། དེའི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། ཀྱེ་མ་ཡོངས་འདུ་ས་བརྟོལ་འདི་མེ་ཏོག་ཁ་བྱེ་བ་ལས་ན། ད་ནི་རིང་པོར་མི་ཐོགས ་པར་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངསུ་རྒྱས་པར་འགྱུརརོ།། སྙམ་ནས། ཀུན་ཏུ་དགའ་ཞིང་རབ་ཏུ་དགའ་བས་གནས་པ་གང་ཡིན་པ་དེའི་དུས་ཀྱང་ཡོད་དོ།། དགེ་སློང་དག ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཤིང་ཡོངས་འདུས་བརྟོལ་གྱི་མེ་ཏོག་གི་འདབ་མ་ཐམས་ཅད་ཡོངསུ་རྒྱས་པ་ན། ཡོངས་འདུས་རྟོལ་གྱི་མེ་རྟོག་ཐམས་ཅད་ཡོངསུ་རྒྱས ་པའི་དྲིའི་རྫི་ཕྱོགས་སུ་ནི་དཔག་ཚད་བརྒྱར་དད་ལྡང་ངོ་།། རྫི་མ་ཡིན་པར་ནི་དཔག་ཚད་ལྔ་བཅུར་དང་ལྡང་།། དཔག་ཚད་བརྒྱད་བཅུར་ནི་འོད་དང་། ཁ་དོག་གིས་ལྷམ་མེ་ལྷ་ན་ན ་ལྷང་ངེར་འདུག་གོ།། ཤིང་ཡོངས་འདུས་བརྟོལ་ཐམས་ཅད་ཡོངསུ་རྒྱས་པའི་འོག་ན། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བཞིར་ལྷའི་ལོང་སྤྱོད་འདོད་པའི་ཡོན་ལྔ ་དག་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། དགེ་སློང་དག་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས ་ཀྱི་ཤིང་ཡོངས་འདུ་ས་རྟོལ་གྱི་མཐུ་ནི། དེ་ཙམ་མོ་ཞེས་གསུང་སོ།། ། བར་སྡོམ་ནི། དང་པོ་ལོ་མ་སེར་བ་དང་། དེ་བས་འདབ་ལྷགས་སྦལ་མིག་མཐོན། སྦལ་མིག ་བྱེད་དང་མེ་ཏོག་དབུས། མེ་ཏོག་ཁ་བྱེ་ཐམས་ཅད་རྒྱས། ཤིང་ཡོངས་འདུ་ས་རྟོལ་གྱི་དྲུང་ན། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ཨར་མོ་ནིག་ལྟ་བུའི་རྡོ་ལེབ་ཡོད་དེ། ་མཚུར་དཔག་ཚད་ལྔ་བཅུ། ཞེང་དུ་དཔག་ཚད་ལྔ་བཅུ། མཐའ་སྐོར་དུ་དཔག་ཚད་ཉིས་རྒྱ། འབང་དུ་དཔག་ཚད་ཕྱེད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཡོད་དེ། ་དབྱིབས་ལེགས་ཤིང་ལྷ་ན་སྡུག་ལ་མཛེས་པ། བཀྲ་ཞིང་ཤིན་ཏུ་བཀྲ་བ་ནི། ཚོན་སྣ་རྒྱ་རྩ་གཅིག་གིས་བཀྲ་བ་སྟེ། འཇམ་ཞིང་ཤིན་དུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདབ ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཤེས་བྱེད། རྐང་པ་བརྟེག་ན་ནི་པར་ཅེས་བྱེད་ལ། མེ་ཏོག་མན ་འདའ་ར་བ་མང་པོས་པུས་མོ་ནུབ་པ་ཙམ་ཏུ་ཡོངས་སུ་ཁེབས་ཏེ། དེའི་དབུས་ན་ལྷའི་དབང་པོ་བརྒྱ་བྱིན་གྱི་སེར་གེའི་ཁྲི་བཟང་པོ་དང་། སུམ་བཅུ་རྩ་གསུམ་པའི་ལྷ་ལྷག་མ ་རྣམས་ཀྱི་ཁྲི་བ་ཤམས་པ་ཡོད་དོ།། དེ་ན་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་དབྱར་ཟླ་བ་པའི་ལྷའི་འདོད་པའི་ཡོན་ཏན་ལྔ་དག་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དག་ལ ་ལ་དགའ་མགུར་སྤྲོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། ཨ་ར་མོ་ནི་ག་ལྟ་བུའི་རྡོ་ལེབ་ཀྱི་ཁོ་ར་ཁོར་ཡུག་ན་མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན ་པ་སྣ་ཚོགས་པ་རྣམས་ལེགས་པར་སྐྱེས་ཤིག། དབྱིབས་ལེགས་ལ་ཡོངས་སུ་གྲུབ་པ་ཏེ། མེ་ཏོག་ཐོད་བཞིན་དུ་གྱུར་པ་ནི་དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་གི ་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས་མེ་ཏོག་ཕྲེང་བ་ཟ་གུ་བརྒྱུས་པ་དང་། མེ་ཏོག་གི་རྣ་བརྒྱན་ལེགས་པར་བྱས་པ་བཞིན་ཏེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས ་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དབུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྙན་པ་དགའབྱིན་ཏོ།། དེའི་ཉེ་ཀོར་ན་དཔག་བསམ་གྱི་ཤིང་ལྗོན ་པ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ།། བཞག་གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ་དཀར་པོ་དག་གོ།། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ།། རོལ་མོའི་ཆ་སྤྱད ་མང་པོ་འདི་ལྟ་སྟེ། པི་བང་དང་། གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། མཁར་རྔ་དང་། སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། བརྒྱན་སྣ་ཚོགས་ལག ་བརྒྱན་དང་། རྐང་བརྒྱན་དང་། རྒྱན་སྣང་བ་དང་། མི་སྨྲ་བ་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར་འདོད་པའི་སེམས ་སྐྱེད་མ་ཐག་ཏུ་དེ་ལྟ་བུ་དག་ཏུ་འོང་བར་འགྱུར་རོ།། བདུད་རྩི་རྣམ་པ་བཞི་དང་། སྣང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ།། ཡང་ཏོག་རྣམས་དང་། ཁང་པ ་བརྩེགས་པ་རྣམས་དང་། ཁྱིམ་རྣམས་དང་། གང་ཁང་བཟངས་རྣམས་དང་། བསིལ་ཁང་རྣམས་དང་། ལྟད་མོ་བལྟ་བའི་ས་རྣམས་དང་། བསྟི་ཁང་རྣམས་དང་། གྲོང་ཁྱེར ་དུ་འདུག་པ་རྣམས་དང་། སོ་སོ་ན་འདུག་པ་རྣམས་དང་། རྒྱུན་མ་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟེན་པ་དང་། ་སིལ་སྙན་དང་། ཕེག་རྡོབ་པ་དག་གི་སྒྲ་བསྟན་པ་སྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྒོམ་པ་དང་། བཟའ་བ་དང་། བཏུང་བ་དང་ལྡན་ཏེ། དེ་ནི་སུམ ་བཅུ་རྩ་གསུམ་པའི་ལྷ་རྣམས་གཡོག་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ།། རང་གི་ལས་ཀྱི་འབྲས་བུ་ཉམས་སུ་མྱོང་ངོ་།། སུམ་བཅུ་རྩ ་། གསུམ་པའི་ལྷ་རྣམས། གླང་པོ་ཆེའི་རྒྱལ་པོ་སྐྱེད་མོས་ཚལ་དུ་སྤྱད་པ། ས་བསྲུང་གི་བུ་ཞེས་བྱ་བ་གཟུགས་བཟང་ཞིང་ལྟ་ན་སྡུག་ལ ་མཛེས་པ་ཡོད་དེ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་ཀར་འདུག་པ། ཡན་ལག་བདུན་ལེགས་པར་གནས་པ་སྟེ། དེའི་མགོ་བོའི་དབྱིབས་ལེགས་ཤིང་བལྟན་སྡུག ་ལ་མཛེས་པ་ཏེ། སྔོ་ཞིང་སྲོག་ཆགས་ལྷམ་བུ་ཆུ་གཤེར་གྱི་མདོག་ལྟར། དབུས་དམར་ལ་མཆེ་བ་དྲུག་ཡོད་དེ། གླང་པོ་ཆེའི་རྒྱལ་པོས་སྲུང་གི་བུའི་སྲིད་དུ། ་དཔག་ཚད་ཕྱེད་དང་གསུམ། ཞེང་དུ་དཔག་ཚད་གཅིག། འཕང་དུ་དཔག་ཚད་ཕྱེད་དང་གཉིས། མཐའ་སྐོར་དུ་དཔག་ཚད་བདུན་ཡོད་དོ།། གླང་པོ་ཆེའི་རྒྱལ་པོ་ས ་སྲུང་གི་བུའི་འཁོར་གླང་པོ་ཆེ་བརྒྱད་སྟོང་ཡོད་དོ།། དེ་དག་ཐམས་ཅད་ཀྱང་གཟུགས་བཟང་ཞིང་ལྟ་ན་སྡུག་ལ་མཛེས་པ། མེ་ཏོག་ཀུ་མུ་ཏའི་མདོག་ལྟར་ཐལ་ཀར་ཏུ ་འདུག་པ། ཡན་ལག་བདུན་ཤིན་ཏུ་ལེགས་པར་གནས་པ་སྟེ། དེ་དག་གི་མགོ་བོ་ཡང་དབྱིབས་ལེགས་ཤིང་། ཝཱ་ན་སྡུག་ལ་མཛེས་ཏེ། སྔོ་ཞིང་སྲོག་ཆགས་ལྷམ་བུ ་ཆུ་གཤེར་གྱི་མདོག་ལྟར་དབུས་དམར་ལ་མཆེ་བ་དྲུག་ཡོད་པ། ཤ་སྟག་སྟེ། གང་གི་ཚེ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམས། བསྐྱེད་མོས་ཚལ་གྱི་སར་འགྲོ་བ་འདོད་པ ་དེའི་ཚེ། གླང་པོ་ཆེའི་རྒྱལ་པོས་སྲུང་གི་བུས། མགོ་བོས་སུམ་བཅུ་རྩ་གསུམ་མངོན་པར་བསྤྲུལ་ཏེ། མགོ་བོས་རེ་རེ་ལ་མཆེ་བ་དྲུག་དྲུག། མཆེ་བ་རེ་རེ་ལ་རྫིང་བུ་བདུན་བདུན། ་རེ་ལ་ལྷའི་བུ་མེ ་རྫིང་བུ་རེ་རེ་ལ་པད་མ་བདུན་བདུན། པད་མ་རེ་རེ་ལ་སྡོང་བུ་བདུན་བདུན། སྡོང་བུ་བདུན་བདུན། ལྷའི་བུ་མོ་རེ་རེ་ལ་གཡོག་མོ་བདུན་བདུན། གཡོག་མོ་རེ་རེ་ལ་སིལ་སྙན་བདུན ་བདུན་མངོན་པར་བསྤྲུལ་ཏེ། མགོ་བོ་དེ་དག་ཐམས་ཅད་ཀྱི་ནང་ན་ཁྱད་པར་དུ་འཕགས་པ་གང་ཡིན་པ་དེ་ནི་ལ། ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་ཞོན་ནོ།། མགོ་བོ་ལྷག་མ་རྣམ ་ལ་ནི་ཉེ་བའི་དབང་པོ་སུམ་བཅུ་བརྩ་གཉིས་པོ་རྣམ་ཞོན་ནོ།། གླང་པོ་ཆེ་ལྷག་མ་རྣམས་ལ་ནི་སུམ་བཅུ་རྩ་གསུམ་རྣམས་ཞོན་ནོ།། དེའི་ཤིན་ཏུ་མགྱོགས་ཏེ་དཔེར་ན་འཇིག ་པའི་རླུང་ངམ། འཆགས་པའི་རང་བཞིན་ཏེ། དེ་ནས་ལྷ་འམ་ལྷའི་བུ་མོ་སུ་ཡང་འདི་སྙམ་དུ། འདི་ནི་བདག་གིས་མདུན་དུ་འགྲོའོ་ཞེས་འམ་ཕྱི་ནས་འོང་ངོ་སྙམ་དུ་སེམས ་དཔའ་བ་མེད་དོ།། དེ་ནས་གླང་པོ་ཆེའི་རྒྱལ་པོ་ས་བསྲུང་གིས་བུས། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་སོ་སོའི་གྲོང་ཁྱེར་སྒོ་ནས་འདོན་ཏོ།། གཏོན་ནས་སོ་སོར་སྐྱེད ་མོ་ཚལ་དུ་ཕྱིན་པར་བྱས་སྟེ། རྫུ་འཕྲུལ་མངོན་པར་འདུ་བྱེད་པ་དེ་གཏང་ནས་འདི་ལྟ་སྟེ། ལྷ་འམ་ལྷའི་བུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བ་གང་ཡང་རུང་བ་དང་། འདྲ་བ་བདག ་ཉིད་མངོན་པར་སྤྲུལ་ནས། ལྷའི་འདོད་པའི་ལྔ་དག་ལ་འབྱོར་ཅིང་ལྡན་པར་འགྱུར་ཏེ། རྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དོ།། ཇི་ལྟར་བརྒྱ་བྱིན་ལྷའི་དབང་པོ་སུམ་བཅུ་རྩ ་གསུམ་པའི་ལྷ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་བྱེད་པ། དེ་བཞིན་དུ་ལཱ་མ་ཡིན་གྱི་དབང་པོ་ཐག་བཟངས་རིས་ལཱ་མ་རྣམས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ།། སུམ ་བཅུ་གསུམ་པའི། ལྷ་རྣམ་ཀྱི་རྒྱལ་པོའི་ཕོ་བྲང་འཁོར་གྲོང་ཁྱེར་ལྟ་ན་སྡུག་ཇི་ལྟ་བ་བཞིན་དུ་ལྷ་མ་ཡིན་རྣམ་ཀྱི་རྒྱལ་པོའི་ཕོ་བྲང་འཁོན ་ཡང་གྲོང་ཁྱེར་གསེར་ལྡན་ཞེས་བྱའོ།། ལྷའི་དབང་པོ་བརྒྱ་བྱིན་གྱི་ཁང་བཟངས་རྣམ་པར་བརྒྱལ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་གྱི་རྒྱལ་པོ་ཐག་བཟངས་རིས་ཀྱི་ཁང ་བཟངས་ཀྱང་བསྡོམས་པ་ཅན་ཞེས་བྱའོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་ལྷའི་འདུན་ས་ཆོས་བཟངས་ཤེས་བྱ་བ་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ལྷ་མ་ཡིན ་གྱི་འདུན་ས་ཡང་ནོར་བཟང་ཤེས་བྱའོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམ་ཀྱི་སྐྱེད་མོ་ཚལ་བཞི་འདི་ལྟ་སྟེ། ཤིང་རྟ་སྣ་ཚོགས་ཅན་དང་། རྩ་བ་འགྱུར་ཚལ་དང་། འདྲེས་པའི ་ཚལ་དང་། དགའ་བའི་ཚལ་ཇི་ལྟ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་སྐྱེད་མོས་ཚལ་ཞི་ཡང་འདི་ལྟ་སྟེ། ཀུན་དགའ་བ་དང་། རབ་ཏུ་དགའ་བ་དང་། དགའ་བ་དང་། དགའ་གི ་ཀུན་ཏུ་དགའ་བ་རྣམས་ཡིན་ནོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམ་ཀྱི་ས་བཞི་བཟང་པོ་བཞི་འདི་ལྟ་སྟེ། སྣ་ཚོགས་དང་རྩུབས་འགྱུར་བ་དང་། འདྲེས་པའི་དང་། དགའ་ཇི་ལྟ་བ ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་ས་གཞི་བཟང་པོ་བཞི་ཡང་ཀུན་ཏུ་དགའ་མ་དང་། རབ་ཏུ་དགའ་མ་དང་། དགའ་མ་དང་། དགའ་བའི་ཀུན་དགའ་རབ་མ་རྣམ་སོ།། སུམ ་བཅུ་རྩ་གསུམ་པའི་རྣམ་ཀྱི་ཤིང་ཡོངསུ་རྟོལ་ཇི་ལྟ་བ་བཞིན་དུ་ལཱ་མ་ཡིན་རྣམས་ཀྱི་ཤིང་ཡང་ཙ་ཏྲ་པ་ཏ་ལ་ཞེས་བྱའོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམ་ཀྱི་ནི། ཨར་མོ་ནི་ག་ལྟ ་བུའི་རྡོ་ལེ་བཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམ་ཀྱི་ཡང་ལྷ་མ་ཡིན་གྱི་རྡོ་ལེབ་ཅེས་བྱའོ།། གསུམ་བཅུ་རྩ་གསུམ་པའི་ལྷ་རྣམ་ཀྱི་གླང་པོ་ཆེའི་རྒྱལ་སྐྱེད་མོ་འཚལ་དུ་སྤྱད་པ། ་ས་བསྲུང་གི་བུ་ཇི་ལྟ་བུ་དེ་བཞིན་དུ་ལྷ་མ་ཡིན་རྣམ་ཀྱི་གླང་པོ་ཆེའི་རྒྱལ་པོ་སྐྱེད་མོ་འཚལ་དུ་སྤྱད་པའི་ཡང་ཏི་སེའི་གངས་བརྩེགས་པ་ཤེས་བྱའོ།། སུམ་རྩ་གསུམ་པའི་ལྷ་རྣམས ་ཀྱི་གླང་པོ་ཆེའི་རྒྱལ་པོ་གཡུལ་ངོར་སྤྱོད་པ་རབ་བརྟན་ཇི་ལྟ་བ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་གླང་པོ་ཆེའི་རྒྱལོག་ཡུལ་ངོར་སྤྱད་པ་ཡང་བཟོད་པར་དཀའ་བ་ཞེས་བྱའོ།། སུམ་བཅུ་རྩ ་གསུམ་པའི་ལྷ་རྣམས་ཀྱི་རྟའི་རྒྱལ་པོ་སྤྲིན་གྱི་ཤུགས་ཤེས་བྱ་བ་ཇི་ལྟ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་རྟའི་རྒྱལ་པོ་བྲག་འགུར་ཞེས་བྱའོ།། སུམ་བཅུ་རྩ་གསུམ་པའི་ལྷ་རྣམ ་ཀྱིས་ལྷའི་གྲོང་ཁྱེར་ཇི་ལྟར་འཁོར་དང་ལྡན་པ་དེ་བཞིན་དུ། ལྷ་མ་ཡིན་རྣམས་ཀྱི་གྲོང་ཁྱེར་ཡང་འཁོར་དང་ལྡན་པ་ཡིན་ནོ།། ལྷ་མ་ཡིན་རྣམས་ཀྱི་ལྷ་མ་ཡིན་རྣམ་ཀྱི་རྒྱལ་སྲིད་ཀྱང་། ་སུམ་བཅུ་རྩ་གསུམ་པའི་ལྷ་རྣམ་ཀྱི་ཇི་ལྟ་བ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ།། འཇིག་རྟེན་བདགས་པ་ལས་རིགས་བདུན་པའོ།། སྡོམ་ནི་ཕྱེད་དང་དྲུག་དང་། ཐང་ཅིག ་མཐའ་ཐུང་དང་དྲང་དང་བྲི་བ་དང་། རྙོག་པ་དང་ནི་བསྡུ་བ་དང་། ཕྱོགས་དང་། ཤར་ཕྱོགས་འདུ་ཤེས་དང་། ཟླ་བ་དྲུག་དུ་ནི་ཉི་མ་ལྷོ་ཕྱོགསུ་འགྲོ་སྟེ། ལྷོ་ཕྱོག་སུ་འགྲོ་བ་ན་དཔག ་ཚད་བྱེ་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཀྱི་ཆ་གཅིག་གིས་འཛམ་བུའི་གླིང་མི་དྲོར་རྒྱ་མཚོ་ཆེན་པོ་དཔག་ཚད་ཕྱེ་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཁྱབ་པར་བྱེད ་དོ།། ཟླ་བ་དྲུག་དུ་ཉི་མ་བྱང་ཕྱོག་སུ་འགྲོ་སྟེ། བྱང་ཕྱོག་སུ་འགྲོ་ན་དཔག་ཚད་ཆད་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་གིས་རྒྱ ་མཚོཆེན་པོར་འདོར་སྟེ། འཛམ་བུའི་གླིང་དཔག་ཚད་བྱེ་དང་དྲུག་དང་དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཁྱབ་པར་བྱེད་དོ།། ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོག་སུ་འགྲོ་སྟེ། ལྷོ་ཕྱོགས ་འགྲོ་བ་ནི་ཉིན་མོ་ལས་ཐང་གཅིག་རེ་རེ་འབྲི་ཞིང་། མཚན་མོ་ལས་ཐང་ཅིག་རེ་རེ་སྐྱེའོ།། ཟླ་བ་དྲུག་ཏུ་ནི་ཉི་མ་བྱང་ཕྱོགས་སུ་འགྲོ་བ་ན། མཚན་མོ་ལས་ཐང་གཅིག་རེ་རེ་འབྲི་ཞིང་། ་ཉིན་མོ་ལ་ཟང་གཅིག་རེ་རེ་སྐྱེའོ།། ཟླ་བ་དྲུག་དུ་ཉི་མ་ལྷོ་ཕྱོགས་སུ་འགྲོ་བ་ནི་འཛམ་བུའི་གླིང་གི་མཐའ་མྱུར་དུ་འདོར་བས་དེའི་ཕྱིར་ན་དགུན་མཚན་མོར་རིང་ལ་ཉིན་མེ་ཐུང་ངོ་།། ་ཅིའི་ཕྱིར་དཔྱིང་དང་། དབྱར་ཉིན་མོ་རིང་ལ། མཚན་མོ་ཐུང་ཞེ་ན། སྨྲས་པ། ཟླ་བ་དྲུག་དུ་ཉི་མེ་བྱང་ཕྱོགས་སུ་འགྲོ་སྟེ། བྱང་ཕྱོག་སུ་འགྲོ་བ་ན་འཛམ་བུའི་གླིང་གི་དབུསུ ་ཡུན་རིང་བ་ཞིག་གྱིས་འདོར་བ་ནས། དེའི་ཕྱིར་ན། དཔྱིད་དང་དབྱར་ཉིན་མོ་རིང་ལ་མཚན་མོ་ཐུང་ངོ་།། ཅིའི་ཕྱིར་རྒུན་དྲང་བར་གྱུར་ཅེ་ན། སྨྲས་པ་ཟླ་བ་དྲུག་ཏུ་ཉི་མ་ལྷོ་ཕྱོགསུ ་འགྲོ་བ་འགྲོ་ན། དཔག་ཚད་བཞི་ཁྲི་ནས་ཉི་མིའི་འོད་ཟེར་རྣམས་བྱུང་བ་རྣམས་རྒྱ་མཚོ་ཆེན་པོར་བབས་པས། གླིང་རྣམསུ་གྲང་བར་འགྱུར་ཏེ། དེའི་ཕྱིར་ན་རྒུན་དྲང་ངོ་།། ཅིའི་ཕྱིར ་དཔྱིད་དང་། དབྱར་དྲོ་བར་གྱུར་ཅེ་ན། སྨྲས་པ། ཟླ་བ་དྲུག་ཏུ་ཉི་མ་བྱང་ཕྱོག་སུ་འགྲོ་སྟེ། བྱང་ཕྱོགསུ་འགྲོ་བ་ན། དཔག་ཚད་བཞི་ཁྲི་ནས། ཉི་མའི་འོད་ཟེར་བྱུང་བ་རྣམསུ་གླིང ་རྣམ་སུ་བབས་པས་གླིང་རྣམ་སུ་དྲོ་བར་འགྱུར་ཏེ། དེའི་ཕྱིར་ན་དཔྱིད་དང་བྱར་དེའོ།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་ཚ་བཅུ་དྲུག་མན་ཆད་འོང་འབྲི་ཞིང་ཁ་དོག་དང་། ་དཀྱིལ་འཁོར་དང་ཆུ་ཞིང་འབྲི་ཞིང་། སྤྲས་པ། ཉི་མ་དང་ཉེ་བར་འགྲོ་ཞིང་ཕྲེང་གྱུར་ཏེ། ཉེ་བར་འགྲོ་བ་རང་གི་དཀྱིལ་འཁོར་ལས་དེའི་གྲིབ་མ་སླར་འབབ་ཏེ། དེས་དེའི་དཀྱིལ ་འཁོར་ཁེབས་ཤིང་དེའི་དཀྱིལ་འཁོར་ཡོག་པར་གྱུར་ཏེ། མི་སྣང་བར་དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་མར་གྱིས་ངོ་ཚེས་བཅུ་དྲུག་ཕན་ཆད་འོད་འདྲི་ཞིང་ཁ་དོག་དང་དཀྱིལ ་འཁོར་དང་མཆུ་ཞེང་དུ་འགྲོའོ།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་མར་གྱི་དོ་གནམས་པ་ཐམས་ཅད་ཀྱི་ཐམས་ཅད་དུ་མི་སྣང་ཞེ་ན་སྨྲས་པ། ཉི་མ་དང་རྣམ་པ་ཐམས་ཅད ་ཀྱི་ཉེ་བར་འགྲོ་བ་སྟེ། རྣམ་པ་ཐམས་ཅད་ཀྱི་ཉེ་བར་འགྲོ་བ་སྟེ། དེས་རང་གི་དཀྱིལ་འཁོར་ལས་གྲིབ་མ་སླར་བབས་པ་ལས། དེའི་དཀྱིལ་འཁོར་ཁྱེབས་ཤིང་དེས་དེའི ་དཀྱིལ་འཁོར་ཡོག་པར་འགྱུར་ཏེ། མི་སྣང་བས་དེའི་ཕྱིར་ཟླ་བའི་དཀྱིལ་འཁོར་མར་གྱི་ངོ་གནམ་སྟོང་ལ་ཐམས་ཅད་དུ་མི་སྣང་ངོ་།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ ་ཚེས་གཅིག་ཕན་ཆད་འོད་སྐྱེ་ཞིང་ཁ་དོག་དང་། དཀྱིལ་འཁོར་དང་ཆུ་ཞེང་སྐྱེས་ཞེ་ན། སྤྲས་པ། ཉི་མ་དང་མི་ཉེ་བར་འགྲོ་སྟེ། ཉི་མ་དང་མི་ཉེས་པར་འགྲོ་བ་དེ་རང་གི་དཀྱིལ་འཁོར ་ལས་གྲིབ་མ་ཆུང་ངུར་གྱུར་ཏོ། གྲིབ་མ་ཆུང་ངུ་གྱུར་པས་དཀྱིལ་འཁོར་དེའི་ཕྱོགས་ཅིག་སྣང་བར་འགྱུར་ཏེ། དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཆེས་གཅིག་མན་ཆད ་འོད་སྐྱེས་ཞིང་ཁ་དོག་དང་། དཀྱིལ་འཁོར་དང་མཆུང་ཞེང་སྐྱེའོ།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་ཡར་གྱི་ངོ་ཚེས་བཅོ་ལྔ་ལ།། ་རྣམ་པ་ཐམས་ཅད་དུ་ཡོངསུ་རྫོགས་པར་འགྱུར་ཞེ་ན། སྨྲས་པ། ཉི་མ་དང་རྣམ་པ་ཐམས་ཅད་ཀྱིས་ཉེ་བར་མི་འགྲོ་སྟེ། རྣམ་པ་ཐམས་ཅད་ཀྱི་ཉེ་བར་མི་འགྲོ་བས། དེའི་དཀྱིལ ་འཁོར་ལ་སྒྲིབ་པ་གང་ཡིན་པ་ཉི་མའི་གྲིབ་མ་དེ་དཀྱིལ་འཁོར་ལས་སླར་ལོག་སྟེ། དེས་ནས་དེའི་དཀྱིལ་འཁོར་སྣང་བར་འགྱུར་བས། དེའི་ཕྱིར་ན་ཟླ་བའི་དཀྱིལ་འཁོར་ཡར་ཀྱི་ངོ།། ་ཚེས་བཅོ་ལྔ་ལ། རྣམ་པ་ཐམས་ཅད་དུ་ཡོངསུ་རྫོགས་པར་འགྱུརརོ།། ཅིའི་ཕྱིར་ཟླ་བའི་དཀྱིལ་འཁོར་གྱི་དབུས་རྙོག་པ་ཡོད་ལ་མཐའ་རྣམ་དང་། ཞིང་རྙོག་པ་མེད་ཅེ་ན། ་སྨྲས་པ། གླིང་གི་རྐྱེན་ཀྱིས་དེའི་དབུས་རྙོག་པ་ཡོད་ལ། ཆུའི་རྐྱེན་ཀྱིས་མཐའ་རྣམ་པར་དང་ཞིང་རྙོག་མེད་དོ།། གྲུ་རྣམས་ཀྱི་གཟུགས་བརྙན་གང་ཡིན་པ་དེ་ནི་དབུས ་རྙོག་པ་ཡོད་ལ། ཆུའི་གཟུགས་བརྙན་གང་ཡིན་པ་དེས་ནི་མཐའ་རྣམ་པར་དང་། ཞིང་བརྙོག་པ་མེད་དོ།། གཞན་ཡང་ཟླ་བའི་དཀྱིལ་འཁོར་དེ་ལ་ཀུན་དགའ་ར་བ་དང་། སྐྱེད ་མོས་ཚལ་རྣམས་དང་། ཁྱིམ་རྣམ་དང་། ཁང་བརྩེགས་པ་རྣམས་ཡོད་པས། དེའི་ཡང་ཟླ་བའི་དཀྱིལ་འཁོར་གྱི་དབུས་རྙོག་པ་ཡོད་ལ། མཐའ་རྣམ་པར་དང་ཞིང་རྙོག ་པ་མེད་དོ།། གང་གིས་ཚེ་འཛམ་བུའི་གླིང་དུ་ཉི་མ་ཤར་བ་དེའི་ཚེ་ཤར་ཕྱོགས་སུ་ཉི་མ་ཕྱེའོ།། བྱང་གི་སྒྲ་མི་སྙན་ནི་ནུབ་བོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་ན་ནི་ནམ་ཕྱེད་དོ།། ་གང་གི་ཚེ་འཛམ་བུའི་གླིང་དུའི་མ་བྱེད་པར་གྱུར་པའི་ཚེ། ཤར་གྱི་ལུས་འཕགས་ན་ནི་ཉི་མ་ནུབ་བོ།། བྱང་གི་སྒྲ་མི་སྙན་ནམ་བྱེད་དོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང ་ན་ནི་ཉི་མ་འཆརོ།། གང་གི་ཚེ་འཛམ་བུའི་གླིང་ན་ཉི་མ་ནུབ་པ་དེའི། ཤར་གྱི་ལུས་འཕགས་པོན་ནི་ནམ་ཕྱེད་དོ།། བྱང་གི་སྒྲ་མི་སྙན་ནི་འཆར་རོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང ་ན་ནི་ཉི་མ་ཕྱེའོ།། གང་གི་ཚེ་འཛམ་བུའི་གླིང་ན་ནམ་ཕྱེ་དུ་གྱུར་པ་དེའི་ཚེ། ཤར་གྱི་ལུས་འཕགས་ཀྱི་གླིང་ན་ནི་ཉི་མ་འཆ་རོ།། བྱང་གི་སྒྲ་མི་སྙན་ན་ནི་ཉི་མ་ཕྱེའོ།། ནུབ་གི་བ་ལང ་སྤྱོད་ཀྱི་གླིང་ན་ནི་ཉི་མ་ནུབ་པོ།། ཇི་ལྟར་འཛམ་བུའི་གླིང་ཐོག་མར་སྨོས་པ་དེ་བཤང་བ་བཞིན་དུ། ཤར་གྱི་ལུས་འཕགས་པ་དང་། བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ ་ལང་སྤྱོད་ཀྱང་ཐོག་མར་སྨོས་ཏེ་ཐམས་ཅད་བརྗོད་པར་བྱའོ།། འཛམ་བུའི་གླིང་གི་ཤར་ཕྱོགས་གང་ཡིན་པ་དེ་ཤར་གྱི་ལུས་འཕགས་ཀྱི་ནི་ལྷོ་ཕྱོགསོ།། བྱང་གི་སྒྲ་མི་སྙན ་གྱི་ནི་ནུབ་ཕྱོགས་སོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་བྱང་ཕྱོགསོ།། འཛམ་བུའི་གླིང་གི་ལྷོ་ཕྱོགས་གང་ཡིན་པ་དེ་ནི་ཤར་གྱི་ལུས་འཕགས་ཀྱི་ནི་ནུབ་ཕྱོགས་སོ།། བྱང་གི་སྒྲ་མི། ་སྙན་གྱི་ནི་བྱང་ཕྱོགས་སོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་ཤར་ཕྱོགས་སོ།། འཛམ་བུའི་གླིང་གི་ནུབ་ཕྱོགས་གང་ཡིན་པ་དེ། ཤར་གྱི་ལུས་འཕགས་ཀྱི་ནི་བྱང་ཕྱོགས་སོ།། ་བྱང་གི་སྒྲ་མི་སྙན་གྱི་ཤར་ཕྱོགས་སོ།། ནུབ་ཀྱི་བ་ལང་སྤྱོད་ཀྱི་ནི་ལྷོ་ཕྱོགས་སོ།། འཛམ་བུའི་གླིང་གི་ནི་བྱང་ཕྱོགས་གང་ཡིན་པ་དེའི། ཤར་གྱི་ལུས་འཕགས་ཀྱི་ནི ་ཤར་ཕྱོགས་སོ།། བྱང་གི་སྒྲ་མི་སྙན་ནི་ལྷོ་ཕྱོགས་སོ།། ནུབ་ཀྱི་བ་ལང་སྤྲོད་ཀྱི་ནི་ནུབ་ཕྱོགས་སོ།། ཇི་ལྟར་འཛམ་བུའི་གླིང་ཐོག་མར ་སྤོས་ཏེ། བཤད་པ་དེ་བཞིན་དུ་བྱང་གི་སྒྲ་མི་སྙན་དང་། ནུབ་ཀྱི་བ་ལང་སྤྱོད་དང་། ཤར་གྱི་ལུས་འཕགས་ཀྱང་ཐོག་མར་སྨོས་ཏེ། ཐམས་ཅད་བརྗོད་པར་བྱའོ།། ཕྱོགས ་ནི་བཞི་ཡོད་དེ། ཤར་ཕྱོགས་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་དང་། ཤར་ཕྱོགས་ལ་ཤར་ཕྱོགས་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ་ལྷོ་ཕྱོགས་སུ་འདུ་ཤེས་པའི་སེམས་ཅན་དག་ཡོད། ནུབ་ཕྱོགས་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། བྱང་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག ་ཀྱང་ཡོད། ལྷོ་ཕྱོག་སུ་འདུ་ཤེས་པའི་སེམས་ཅན་ཀྱང་ཡོད།། ཤར་ཕྱོག་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། ནུབ་ཕྱོགསུ་འདུ་ཤེས་པའི་སེམས་ཅན ་དག་ཡོད། བྱང་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད་དོ།། ནུབ་ཕྱོགས་ལ་ཤར་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། ལྷོ་ཕྱོགསུ་འདུ་ཤེས་པ ་སེམས་ཅན་དག་ཀྱང་ལོང་། ནུབ་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཡོད།། བྱང་ཕྱོགས་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད་དོ།། བྱང་ཕྱོགས་ལ་ཤར ་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ལྷོ་ཕྱོགས་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། ནུབ་ཕྱོགསུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ་བྱང་ཕྱོག་སུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད་དོ།། ཕྱོགས་དེ་དང་དེ་དག་དེ་ལ་དེ་ལྟར་ཐ་སྐད་འདོགས་སོ།། ། འཇིག་རྟེན་བདགས་པ་ལས་ཚིགས། ་བརྒྱད་པའོ།། །། སྡོམ་ནི། ཟླ་བ་ཉི་མ་གཉིས་ཀྱི་ཚད། སྐར་མ་རྣམས་ཀྱང་དེ་ལྟར་དེ་བཞིན་ཏེ། ཟླ་དྲུག་ཉི་མ་འགྲོ་བ་དང་། གནོད་པར་བྱེད་པ་ཐ་མ་ཡིན། ཟླ་བའི ་དཀྱིལ་འཁོར་གྱི་ཚད་ཇི་ཙམ་ཞེ་ན། སྨྲས་པ་ཟླ་བའི་དཀྱིལ་འཁོར་ནི་མཆུར་དཔག་ཚད་ལྔ་བཅུ། ཞེང་དུ་ཡང་དཔག་ཚད་ལྔ་བཅུ་མཐའ་སྐོར་དུ་ཡང་དཔག་ཚད་བརྒྱ ་ལྔ་བཅུ། རྔམས་སུ་ཡང་དཔག་ཚད་ཕྱེ་དང་དྲུག་དང་། དཔག་ཚད་ཀྱི་བཅོ་བརྒྱད་ཆ་གཅིག་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ ་སྟེ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏོ།། རབ་དེའི་འཕང་ཡང་དཔག་ཚད་ཕྱེད་ཡོད་ལ། ར་བ་དེ་ལ་ཅོག་རྣམས་པ་བཞི་ལས་བྱས་པ་དག་ཡོད་དེ།། འདི་ལྟ་སྟེ། ་གསེར་ལས་བྱས་པ་དང་། དངུལས་བྱས་པ་དང་། བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དག་གོ།། གྱེན་དུ་འཕང་བའི་མདའ་ཡབ་དང་། མཐུར་དུ་འཕང་བའི ་མདའ་ཡབ་དང་། བསྟི་ཁང་རྣམས་པ་བཞི་ཡོད་དོ།། དེའི་ནང་གི་ས་བཞི་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་སྟེ། བཀྲ་ཞིང་ཤིན་ཏུ་ལེགས་པར་བཀྲ་བ་ནི་མནོན ་སྣ་རྒྱ་རྩ་གཅིག་གྱིས་བཀྲ་བ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན། ཤིང་བལ་གྱི་མདབ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཤེས་བྱེད། ་རྐང་པ་བསྟེག་ནི་ནི་བར་ཅེས་བྱེད་ལ་མེ་ཏོག་མན་ཏ་ར་བ་མང་པོས་མེ་ནུབ་པ་ཙམ་དུ་ཁྱེབས་ཏེ། དེ་ན་མི་དང་མི་མ་ཡིན་པ་རྣམས་ཀྱི་རླུང་གིས ་མཐུས་མེ་ཏོག་རྙིང་པ་རྣམས་ནི་ངོར། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། ཇི་སྐད་དུ་ཟླ་བའི་བསོད་ནམས་དབང་གི་རྐྱེན་གྱིས་ན། ཟླ་བའི་གྲོང་ཁྱེར་པ ་ན་རླུང་ཆེན་ལྡང་། མེ་ཏོག་སྙིང་པ་རྣམས་ནི་འདོར་བར་བྱེད། མེ་ཏོག་གསར་པ་རྣམ་ནི་ལེགས་པར་འགྲེམས།། ཞིང་འབྱུང་བ་ལྟ་བུའོ།། ཟླ་བའི་དཀྱིལ་འཁོར་གྱི་ནང་ན། ་ལམ་སྲང་མཆུར་དཔག་ཚད་ལྔ་བཅུ། ཁ་མཚོན་དུ་དཔག་ཚད་ཕྱེད་དང་གཉིས་པ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་། ་ཙན་དན་གྱི་ཆུས་ཆག་ཆག་བཏབ་པ། དེའི་ངོས་གཡས་གཡོན་ན། རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། ་བེ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་དེ་དག་གི་ཕྱོགས་བཞི་ན་ཐེམ་ཀས་བྱས་པ་དག་ཡོད། ཐེམ་སྐས་དེ་དག་ཀྱང་གསེར ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བེ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞི་བརྩིགས་སོ།། རྫིང་དེ་དག་ཀྱང་གསེར་ལས་བྱས་པ ་དང་། དངུལ་ལས་བྱས་པ་དང་། བེ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀར་རྣམ་པ་བཞིས་ཀུན་ནས་བསྐོར་ཏེ། གསེར་གྱི་ལན་ཀར་གྱི་རྟེན་མ་དང་། ་གཉའ་ནན་དང་། ཤར་ནི་དངུལ་ལས་བྱསོ།། དངུལ་གྱི་ནི་གསེར་ལས་བྱས་སོ།། བྱེ་ད་རུ་ལས་ནི་ཤེལ་ལས་བྱས་སོ།། ཤེལ་གྱི་ནི་བརྟེན་མ་དང་། གཉའ་ནན་དང་། ་ཤར་བ་ནི་བཻ་དུརྱ་ལས་བྱས་པ་སྟེ། དབྱིབས་ལེགས་ཤིང་ལྟ་ན་བསྡུག་ལ་མཛེས་པ་ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུད་པ་ལ་དང་། ཀུ་མུ་དང་། ་པད་མ་དང་། པད་མ་ཀར་པོས་ཡོངསུ་ཁེབས་ཤིང་། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་ཅིང་འཇེབས་པ་དང་། སྐད་ཡིད་དུ་འོངས་པ་དང་། སྐད་མཉེན་པ་དང་། ་འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམ་སྐད་སྙན་པ་དག་འབྱིན་ཏོ།། དེ་དག་གི་ཉེན་ཀོར་ན་མེ་ཏོག་གྱི་ཤིང་ལྗོན་པ་དང་འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་ཡོད་པ་རྣམ ་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་པ་ཡོངསུ་གྲུབ་པ་སྟེ། མེ་ཏོག་ཐོད་བཞིན་དུ་འགྱུར་བ་ནི། དཔེར་ན་མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་འཕྲེང་རྒྱུད་ཀྱི་སློབ་མ ་མཁས་པས། མེ་ཏོག་གྱི་འཕྲེང་བ་ཐེག་གུ་ལ་བརྒྱུད་པ་དང་། མེ་ཏོག་གྱི་རྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད ་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་དག་འབྱིན།། དཔག་བསམ་གྱི་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ། ་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ། བཞག་གོས་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དག་གོ།། ་དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དག་རྣམས་པ་བཞི་སྡེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། ཀར་པོ་དག་གོ།། ་རོལ་མོའི་ཆ་སྤྲད་སྣ་ཚོགས་པའི་སྲི་བང་དང་། གླིང་བུ་དང་། པི་བང་རྒྱུད་གསུམ་པ་དང་། ཁར་ཇེ་དང་། སྒྲ་སྙན་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དོ།། ་རྒྱན་སྣ་ཚོགས་ལག་བརྒྱན་དང་། རྐང་བརྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམས་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུར ་འདོད་པའི་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་ཀྱི་ལག་ཏུ་འོང་བར་འབྲུརོ།། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ།། ཡང་རྟོག ་རྣམས་དང་། ཁང་པ་རྩེགས་པ་རྣམས་དང་། ཁྱིམ་རྣམ་དང་། ཁང་བཟངས་རྣམས་དང་། སིལ་ཁང་རྣམས་དང་། ལྟད་མོས་བལྟ་བའི་ས་རྣམས་དང་། བསྟིང་ཁང ་རྣམས་བུད་མེད་ཀྱིས་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བརྟེན་པ་དང་། སིལ་བསྟན་དང་། ཕེག་རྡོབ་པ་དག་གི་སྒྲ་སྙན་པ་སྒྲོགས་པ་དང་དྲི་སྣ་ཚོག ་ཀྱིས་ལེགས་པར་བསྒོས་པ་དང་། བཟའ་བ་དང་། བཏུང་བ་དང་ལྡན་པའི་ངག་ཡོད་དོ།། དེ་ན་ལྷའི་བུ་ཟླ་བ་འཁོར་དང་བཅས་པ་རྩེ་ཞིང་དགའ་ལ་དགའ་དགུར་སྤྱོད་དེ། ་རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། ཉི་མའི་དཀྱིལ་འཁོར་གྱི་ཚད་ཅི་ཙམ་ཞེ་ན། སྨྲས་པ་ཉིས་མའི་དཀྱིལ་འཁོར་ནི་མཆུར་དཔག་ཚད་ལྔ་བཅུ་རྩ་གཅིག་ཞིང་དུ ་དཔག་ཚད་ལྔ་བཅུ་རྩ་གཅིག། མཐའ་སྐོར་དུ་དཔག་ཚད་བརྒྱ་ལྔ་བཅུ་རྩ་གསུམ། རྔམ་སུ་ཡང་དཔག་ཚད་ཕྱེད་དང་དྲུག་དང་དཔག་ཚད་བཅོ་བརྒྱད་ཀྱི་ཆ་གཅིག་ཡོད་དོ།། ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ་པ་སྟེ། གསེར་གྱི་ར་བས་ཀུན་ནས་བསྐོར་ཏོ།། ར་བ་དེའི་འཕང་ཡང་དཔག་ཚད་ཕྱེད་ཡོད་ལ། ར་བ་དེ ་ཁ་ཅོག་རྣམ་པ་བཞི་ལས་བྱས་པ་ཡོད་།། འདི་ལྟ་སྟེ། གསེར་ལས་བྱས་པ་དང་། དངུལ་ལས་བྱས་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དག་གོ།། ་གྱེན་དུ་འཕང་བའི་མདའ་ཡབ་དང་། འཐུར་དུ་འཕྱང་བའི་མདའ་ཡབ་དང་། བསྟི་ཁང་རྣམ་པ་བཞི་དག་ཡོད་དོ།། དེའི་ནང་གིས་བཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ ་མཛེས་པ་སྟེ། བཀྲ་ཞིང་ཤིན་ཏུ་ཀྲ་བ་ནི་ཚོན་སྣ་རྒྱ་ཙ་གཅིག་གིས་བསླ་བ་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན་ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཤེས་བྱེད། རྐང་པ་ཏེག་ན་ནི་པར་ཅེས་བྱེད་ལ། མེ་ཏོག་མན་ད་ར་བ་དག་གིས་པུས་མོ་ནུབ་བཙམ་དུ་ཁེབས་ཏེ། དེ་ན་མི་མ་ཡིན་པ་རྣམ ་ཀྱིས་ཀླུང་གི་མཐུས་མེ་ཏོག་རྙིངས་པ་རྣམས་ནི་འདོར། མེ་ཏོག་སར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། ཇི་སྐད་དུ་ཉི་མའི་བསོད་ནམས་དབང་གི་རྐྱེན་གྱིས་ནི། ཉི་མའི ་གྲོང་ཁྱེར་དག་ན་རླུང་ཆེན་ལྡན། མེ་ཏོག་སྤྲིང་པ་རྣམས་ནི་འདོར་བར་བྱེད། མེ་ཏོག་གསར་པ་རྣམས་ནི་ལེགས་པར་འགྲེམ།། ཤེས་འབྱུང་བ་ལྟ་བུའོ།། ཉི་མའི་དཀྱིལ ་འཁོར་གྱི་ནང་སྣང་ལམ་སྲང་མཆུར་དཔག་ཚད་ལྔ་བནྡྷ་རྩ་ཅིག། ཁ་ཚོན་དུ་དཔག་ཚད་ཕྱེད་དང་ཉིས་པ་ཡོད་དེ། དབྱིབས་ལེགས་ཤི ་བསྟན་སྡུག་ལ་མཛེས་པ་གསེར་གྱི་བྱེ་མ་བདལ་ཅིང་ཙན་དན་གྱི་ཆུས་ཆུག་བཏབ་པ། དེའི་ངོས་གཡོན་ན་རྫིང་བུ་བྱས་པ་དག་ཡོད་དེ། རྗེད་དེ་དག་ཀྱང་གསེར་ལས ་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་དཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིག་སོ།། རྫིང་དེ་དག་གྱི་ཕྱོགས་བཞིན་ཡང་། ཐེམ ་སྐས་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བེ་དུརརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམས་པ་བཞིས་བརྩིགས་སོ།། རྫིང་དེ་དག ་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བེ་དུརརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ལན་ཀར་རྣམ་པ་བཞིས་ཀུན་ནས་སྐོར་ཏེ་གསེར་གྱི་ལན་ཀར ་ཀྱི་བརྟེན་མ་དང་། གཉའ་ནན་དང་། ཤར་བ་ནི་དངུལ་ལས་བྱསོ།། བེ་དཱུརྱའི་ནི་ཤེལ་ལས་བྱས་སོ།། ཤེལ་གྱི་བརྟེན་མ་དང་། གཉལ་ནན་དང་། ཤར་བ་ནི་བཻ་དུརྱ་ལས་བྱས་ཏེ། ་དབྱིབས་ལེགས་ཤིང་། ལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་བ་དང་། ཆུ་སྦྲང་རྩི་ལྟ་བུས་གང་བ་སྟེ། མེ་ཏོག་ཨུད་བལ་དང་། ཀུ་མུ་ཧ་དང་། པད་མ་དཀར་པོས་ཡོངསུ་ཁྱེབས ་ཏེ། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམ་སྐད་སྙན་པ་དག་འབྱིན་ཏོ།། ་དེ་དག་གི་མཉེན་གོར་ན་མེ་ཏོག་གྱི་ཤིང་ལྗོན་དང་། འབྲས་བུའི་ཤིང་ལྗོན་པ་སྣ་ཚོགས་ཡོད་པ་རྣམ་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་པ་ཡོངསུ་གྲུབ་པ་སྟེ། མེ་ཏོག ་ཕྲེང་བར་དམ་བཞིན་དུ་གྱུར་པ་ནི། འདི་ལྟ་སྟེ། མེ་ཏོག་འཕྲེང་བརྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་གི་ཕྲེང་བ་ཐ་གུ་ལ་བརྒྱུས་པ་དང་། མེ་ཏོག ་གི་རྣ་བརྒྱན་ལེགས་པར་བྱས་པ་བཞིན་ཏེ། སྐམ་ལས་སྐྱེ་བའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུག ་ཅན་རྣམས་སྐད་སྙན་པ་དག་འབྱིན་ཏོ།། དཔག་བསམ་གྱི་ཤིང་ལྗོན་པ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། གར་པོ་དག་གོ།། བཞག་གོས ་དག་རྣམ་པ་བཞི་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་དགོ། དཔག་བསམ་གྱི་ཤིང་ལས་བྱུང་བའི་གོས་དག་རྣམས་པ་བཞི་སྟེ། སྔོན་པོ་དང་། ་སེར་པོ་དང་། དམར་པོ་དང་། ཀར་པོ་དག་གོ། རོལ་མོའི་ཆ་སྤྱད་སྣ་ཚོགས་པའི་བླང་དང་། གླིང་བུ་དང་། བི་བང་རྒྱུད་གསུམ་པ་དང་། ཁར་རྔ་དང་། སྐྲ་སྙན་རྣམ་འབྱུང་བའི ་ཤིང་ལྗོན་པ་དག་ཡོད་དོ།། རྒྱན་སྣ་ཚོགས་ལག་བརྒྱན་དང་། རྐང་བརྒྱན་དང་། རྒྱན་སྣང་བ་དང་། མི་སྣང་བ་རྣམ་འབྱུང་བའི་ཤིང་ལྗོན་པ་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས ་ཀྱིས་ཇི་ལྟ་བུར་འདོད་པའི་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོངས་པར་འགྱུརརོ།། བདུད་རྩི་རྣམ་པ་བཞི་དང་། སྦྲང་རྩི་དང་། སྤང་ཆང་གི་བཏུང་བ་དག་ཡོད་དོ།། ་ཡང་ཏོག་རྣམས་དང་། ཁང་པ་བརྩེགས་པ་རྣམ་དང་། ཁྱིམ་རྣམས་དང་།། ཁང་བཟངས་རྣམས་དང་། བསིལ་ཁང་རྣམ་དང་།། ་ལྷད་མོ་ལྟ་བའི་ས་རྣམས་དང་། བསྟི་ཁང་རྣམས་བུད་མེད་ཀྱི་ཚོགས་ཀྱིས་མཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བརྟེན་པ་དང་། སིལ་སྙན་དང་། ཕེག ་རྡོབ་པ་དག་གི་སྒྲ་སྙད་པ་སྒྲོགས་པ་རྣམས་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་དགོས་པ་དང་། བཟའ་བ་དང་། བདུང་བ་དང་ལྡན་པ་དག་ཡོད་དེ། དེ་ན་ལྷའི ་བུའི་ཉི་མའི་འཁོར་དང་། བཅས་པ་རྩེ་ཞིང་དགའ་ལ་དགའ་འགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། སྐར་མའི་གཟུགས་རྣམས་ཀྱི་ཚད ་ཇི་ཙམ་ཞེ་ན། སྨྲས་པ། སྐར་མའི་གཟུགས་རྣམས་ལ་ཐམས་ཅད་ཀྱི་ནང་ན་ཆེ་བ་གང་ཡིན་པ་དེ་དག་གྱི་རྒྱང་གྲགས་བཅོ་བརྒྱད་པའོ།། ཐམས་ཅད་ཀྱི་ནང་ན་ཆུང ་བ་ནི་གང་ཡིན་པ་དེ་དག་ནི། རྒྱང་གྲགས་གསུམ་པའོ།། ཕལ་ཆེར་ནི་རྒྱང་གྲགས་བཅུ་པ་དང་། བཅུ་གཉིས་པ་ཡིན་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ ་མཛེས་པ་ཤེལ་ལས་གྲུབ་སྟེ། གསེར་གྱི་རབས་ཀུན་ནས་བསྐོར་ཏོ།། ར་བ་དེ་ལ་ཅོག་རྣམ་པ་བཞི་ལས་བྱས་པ་དག་ཡོད་དོ།། གསེར་ལས་བྱས་པ་དང་།། ་དངུལ་ལས་བྱས་དང་། བཻ་དུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པ་དག་གོ། མདའ་ཡབ་དང་། ལྟད་མོ་བལྟ་བའི་ས་རྣམ་པ་བཞི་ཡོད་དེ། དེའི་ནང་གི་ས་གཞི་ཡང ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ། བཀྲ་ཞིང་ཤིན་ཏུ་བཀྲ་བ་ནི་ཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་སྟེ་འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན ་ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། རྐང་པ་བཞག་ན་ནི་ནེམས་ཤེས་བྱེད། རྐང་པ་ཏེག་ན་ནི་པར་ཅེས་བྱེད་ལ་མེ་ཏོག་མན་ད་ར་བའི་དག ་གཱིས་པུས་མོ་ནུབ་པ་ཙམ་ཁེབས་ཏེ། རླུང་གི་མཐུས་མེ་ཏོག་རྙིང་པ་རྣམས་ནི་འདོར། མེ་ཏོག་སར་པ་རྣམས་ནི་ལེགས་པར་འགྲེམས་ཏེ། ཇི་སྐད་དུ་ལྷའི་བསོད ་ནམས་དབང་གིས་རྐྱེན་གྱི་ན་གཞལ་མེད་ཁང་མཆོག་དག་ན་རླུང་ཆེན་ལྡང་། མེ་ཏོག་སྙིང་པ་རྣམས་ལེགས་པར་འདོར་བར་བྱེད། མེ་ཏོག་བསར་པ་རྣམས་ནི་ལེགས ་པར་འགྲེམ་ཞེས། འབྱུང་བ་ལྟ་བུའོ།། དེ་དག་གི་ནང་ན་རྫིང་བྱས་པ་དག་ཡོད་དེ། རྫིང་དེ་དག་ཀྱང་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བེ་དུརརྱ་ལས ་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིགས་སོ།། རྫིང་དེ་དག་ཀྱང་གསེར་ལས་བྱ་བ་དང་། དངུལ་ལས་བྱས་པ་དང་། བེ་དུརྱ་ལས་བྱས་པ་དང་། ་ཤེལ་ལས་བྱས་པའི་ལན་ཀར་རྣམ་པ་བཞིས་ཀུན་ནས་བསྐོར་ཏོ།། གསེར་གྱི་ལན་ཀར་གྱི་རྟེན་མ་དང་། མཉའ་ནན་དང་། ཤར་བའི་དངུལ་ལས་བྱས་སོ།། ་དངུལ་གྱི་ནི་གསེར་ལས་བྱས་སོ།། བེ་དུརྱའི་ཤེལ་ལས་བྱས་སོ།། ཤེལ་ནི་བརྟེན་མ་དང་གཉའ་ནན་དང་། ཤརརཱ་ནི་བེ་དུརྱ་ལས་བྱས་པས་ཏེ། དབྱིབས་ལེགས ་@ཤིང་ལྡན་སྔགས་མཛེས་པ། ཆུ་བསིལ་དང་། ཆུ་སྣང་ཅིག་བུས་གང་བ་སེ། མེ་ཏོ། ཨུད་པལ་དང་། པད་མ་དང། ཀྲཱརྠ ་ད་དང་། པདྲམ་དཀར་པོས་ཡོངས་སུ་ཁེབས་ཤིང་། ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྲིད་ལྡན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འཛེད ་སྒྱུར་བའི་གཟུགས་ཅན་རྣམས་སྐད་སྙན་པ་དག་འབྱིན་ཏོ།། དེ་དག་གྱི་གཉེན་ཀོར་ན་མེ་ཏོག་གིས་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་དང་། སྣ་ཚོགས་ཡོད ་པ་རྣམས་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ཤིང་ཡོངསུ་གྲུབ་པ་སྟེ། མེ་ཏོག་ཐོད་བཞིན་དུ་འགྱུར་བ་ནི་འདི་ལྟ་སྟེ། མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ ་མ་མཁས་པ་ལ། མེ་ཏོག་གི་འཕྲེང་བ་ཐ་གུ་རྒྱུས་པ་དང་། མེ་ཏོག་གི་སྣ་རྒྱན་ལེགས་པར་བྱས་པ་བཞིན་ཏེ། ཐང་ལ་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད ་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་རྣམས་སྐད་སྙན་པར་དག་འབྱིན་ཏོ།། དཔག་བསམས་གྱིས་ཤིང་ལྗོན་པ་དག་རྣམ་པ་བཞི ་སྟེ། སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམས་ཡོད་དོ།། རྒྱས་པར་ནི་སྔ་མ་བཞིན་ནོ།། དེ་དག་ན་གཞལ་མེད་ཁང་ན་གནས་པའི་ལྷའི་བུ་རྣམས་རྩེ། ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམ་སུ་མྱོང་ངོ་།། ཉི་མས་ཟླ་བ་དྲུག་དུ་བགྲོད་པ་གང་ཡིན་པ་དེ་ནི་ཟླ་བས་ཟླ་བ་གཅིག་ཏུ་འགྲོ་བ ་དང་། འོང་བར་བྱེད་དོ།། ཅིའི་ཕྱིར་ཉི་མའི་དཀྱིལ་འཁོར་ལ་ལྟས་ན་མིག་ལ་གནོད་པར་འགྱུར་ལ། ཟླ་བའི་དཀྱིལ་འཁོར་ལ་བལྟས་ན། མིག་ལ་གནོད་པར ་མི་འགྱུར་ཞེས་ན། སྨྲས་པ། ཟླ་བའི་དཀྱིལ་འཁོར་ནི་ཤེལ་དང་བ་ཡིན་པའི་ཕྱིར་དང་། ཆུ་ཤེལ་ཡིན་པའི་ཕྱིར་རོ།། ཉི་མའི་དཀྱིལ་འཁོར་ནི་མེ་ཤེལ་ཡིན་པས ་དེའི་ཕྱིར་ན། ཉི་མའི་དཀྱིལ་འཁོར་ལ་བལྟས་ན་ནི་མིག་ལ་གནོད་པར་འགྱུར་ལ། ཟླ་བའི་དཀྱིལ་འཁོར་གྱི་གནོད་པར་མི་འགྱུར་རོ།། འཇིག་རྟེན་བདག་པ་ལ ་དཚིགས་དགུའ་བའོ།། སྡོམ་ནི་འབྱུང་བ་ཆེན་པོར་འདུ་ཤེས་དང་། བདག་ཏུ་ཡང་ནི་འདུས་ཤེས་དང་། ས་ལ་ཡང་ནི་ནམ་ཀར་འདུ་ཤེས་དང་། ནམ་ཀ་ལ་ནི་སར ་འདུ་ཤེས་དང་། དུས་ནི་གཉིས་སུ་བྱས་པ་དང་། སྐད་གཅིག་དེ་ནི་ཐ་མ་ཡིན། འབྱུང་བ་ཆེན་པོ་བཞི་ནི། སའི་ཁམས་དང་། ཆུའི་ཁམས་དང་། རླུང་གི་ཁམ་སོ།། ་ས་ལ་སར་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། ཆུར་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས ་པ་དག་ཀྱང་ཡོད་དོ།། ཆུ་ལ་སར་འདུ་ཤེས་པ་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད།། མེར་འདུ་ཤེས་པ་དག་ཀྱང་ཡོད། རླུང་དུ་འདུ་ཤེས་པ་དག ་ཀྱང་ཡོད་དོ།། མེ་ལ་སར་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། ཆུར་འདུ་ཤེས་པ་དག་ཀྱང་ཡོད། མེར་འདུ་ཤེས་པ་དག་ཀྱང་ཡེང་། རླུང་དུ་འདུ་ཤེས ་པ་དག་ཀྱང་ཡོད་དོ།། རླུང་ལ་སར་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། ཆུར་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། ་མེར་འདུ་ཤེས་པ་དག་ཀྱང་ཡོད་།། རླུང་དུ་འདུ་ཤེས་པ་དག་ཀྱང་ཡོད་དོ།། ས་ལ་བདག་དུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད། སའི་ཁམས་གང་ཡིན ་པ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་ས་ཡིན་ཏེ། དེ་ལྟར་ས་དང་བདག་ཉིས་ནི་གཅིག་སྟེ། གཉིས་མ་ཡིན་ཞིང་ཐ་དད་པ་མ་ཡིན་སྟེ། བདག་གི་བདག ་ནི་མ་མ་ཚང་བ་མེད་པ་ཡིན་ནོ་སྙམ་ནས། དེ་དག་ས་ལ་བཀུར་སྟིར་བྱེད། བཙན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད་དོ།། དེ་དགིས་བཀུར་སྟིར་བྱེད། བཙན་པར ་བྱས། རི་མོར་བྱས། མཆོད་པར་བྱས་ནས་དགའ་ཞིང་དགུ་ལ་ཡི་རངས་ཏེ། བཀུར་བསྟིར་བྱེད་ཅིང་མཉེན་པར་བརྟེན་ཏེ། གནས་ལ་སེམས་ཀྱིས་ལུང་དུ་མ་སྙན་པར ་གནས་སོ།། ཆུ་དང་། མེ་དང་། རླུང་དང་། བདག་ཏུ་འདུ་ཤེས་པའི་སེམས་ཅན་དག་ཀྱང་ཡོད་དེ། རླུང་པ་གང་ཡིན་པ་དེ་ནི་བདག་ཀྱང་ཡོད་དེ། རླུང་གང་ཡིན་པ ་དེ་ནི་བདག་ཡིན་ལ། བདག་གང་ཡིན་པ་དེ་ནི་རླུང་ཡིན་ཏེ། དེ་ལྟར་རླུང་དང་བདག་ཉིད་ནི་གཅིག་སྟེ། གཉིས་མ་ཡིན་ཞིང་ཐ་དད་པ་མ་ཡིན་ཏེ། བདག་གིས་བདག་ནི ་མ་མཚང་བ་མེད་པ་ཡིན་ནོ།། སྙམ་ནས་དེ་དག་རླུང་ལ་བཀུར་སྟིར་བྱེད། བཙུན་པར་བྱེད། རི་མོར་བྱེད། མཆོད་པར་བྱེད་དེ།། དེ་དག་གིས་རླུང་ལ་བཀུར་སྟིར ་བྱས་ནས། དགའ་ཞིང་མགུ་ལ་ཡིད་རངས་ཏེ། བཀུར་སྟིར་བྱེད་ཅིང་། ཉེ་བར་བརྟེན་ཏེ། སེམས་ཀྱིས་ལུང་མ་བསྟན་པར་གནས་སོ།། ས་ལ་ནམ་ཀར་འདུ། ་ཤེས་པའི་སེམས་ཅན་དག་ཀྱང་ཡོད།། རྣམ་ཀར་ལ་སར་འདུ་ཤེས་པ་དག་ཀྱང་ཡོད་དོ།། ས་ལ་ནམ་ཀར་འདུ་ཤེས་པའི་སེམས་ཅན་ཇི་ལྟ་བུ་ཞེ་ན། དཔེར་ན་ཏིལ་མེད ་པའི་མི་ལ་ལ་ཞིག་གིས། ཁྲོན་པ་རྐོ་བའི་མའི་གའ་ཞིག་ལ། འདི་སྐད་དུ། ཀྱེ་སྡོང་བུ་མ་ཚིག་པ་ལ་འདུག་པའི་མི་གླང་མཐོང་ངམ་ཞེས་སྨྲས་སོ།། དེས་སྨྲས་པ་མཐོང་། ་ངོ་།། ཏིལ་ཟ་འམ་མི་ཟ། སྨྲས་པ། མི་ཟའོ་ཞེས་བྱས་པ་ལྟར་ས་ལ་ནམ་ཀར་འདུ་ཤེས་པའང་དེ་དང་འདྲའོ།། ཇི་ལྟར་ན་ན་མ་ཀ་ལ་སར་འདུ་ཤེས་པ་ཇི་ལྟར་བུ་ཞེ་ན། སྨྲས ་པ་དཔེར་ན། བྲམ་ཟེ་ལ་ལ་ཞིག། བོང་བུའི་ཤིང་རྟེས་སོང་ནས། བོང་བུའི་ཤིང་རྟ་ལས་བབས་ཏེ། བོང་བུའི་ཤིང་རྟ་ཕུར་བུ་ལ་བརྟགས་ཏེ། ཕུར་བུ་ནམ་ཀ་ལ་ཏཱག་དག་ཅེས ་བྱས་ཏེ། བརྨུགས་ནས། མགོལ་བས་བཀྲིས་ཏེ་ས་ལ་གང་རྒྱལ་ཏུ་ཉལ་བ་ལྟར། ནམ་ཀ་ལ་སར་འདུ་ཤེས་པའང་དེ་དང་འདྲ་དེ། ལོ་གཅིག་ལ་དུས་ཅིག་ཏུ་མཚན་མེ་ནི་ཡུད ་ཙམ་བཅོ་བརྒྱད། ཉིན་མོ་ཡུད་ཙམ་བཅུ་གཉིས་པ་ཡོད་ངོ་།། ལོ་གཅིག་ལ་དུས་ཅིག་དུ་མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མོ་ནི་ཡུད་ཙམ་བཅུ་གཉིས་པ་དེ་དག་གང་ཞེ་ན། ་དགུན་ཟླ་བ་ཐ་ཆུང་ཡར་གྱི་ངོ་ཚེས་བརྒྱད་ལ། མཚན་མོ་ནི་ཡུད་ཙམ་བཅོ་བརྒྱད། ཉིན་མེ་ནི་ལུང་ཙམ་བཅུ་གཉིས་ཡོད་དེ། ཚེས་དགུ་བན་ཆད་མཚན་མེ་ནི་འབྲིས། རིན་མོན། ་ཉིན་མོ་ནི་ཐང་ཅིག་རེ་རེ་སྐྱེའོ།། ་སྐྱེ་སྟེ། མཚན་མེ་ནི་ཐང་ཅིག་རེ་རེ་བྲིའོ།། ལོ་གཅིག་ལ་དུས་གཅིག་ཏུ་ཉིན་མོ་ཡུད་ཙམ་བཅཝོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་པ ་ཡོད་དེ་ལོ་གཅིག་ལ་དུས་གཅིག་ཏུ་ཉིན་མེ་ནི་ཡུད་ཙམ་བཅཝོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་པ་དེ་གང་ཞེ་ན། སྨྲས་པ་སྟོན་ཟླ་ཐ་ཆུང་ཡར་གྱིས་ངོས་ཚེས་བརྒྱད ་ལ། ཉིན་མོ་ནི་ཡུད་ཙམ་བཅཝོ་བརྒྱད། མཚན་མོ་ནི་ཡུད་ཙམ་བཅུ་གཉིས་ཡོད་དོ།། ཚེས་རྐུ་ཕན་ཆད་ཉིན་མེ་ནི་འབྲི། མཚན་མོ་ནི་སྐྱེ་སྟེ། ཉིན་མེ་ནི་ཐང་བཅིག་རེ ་རེས་སྐྱེའོ།། ལོ་གཅིག་ལ་དུས་གཉི་སུ་མཚན་མོ་ཡང་ཡུད་ཙམ་བཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་བཅོ་ལྔ་ཡོད་དོ།། ལོ་གཅིག་ལ་དུས་གཉིས་སུ་མཚན་མོ་ཡང་ཡུད་ཙམ ་བཅོ་ལྔ། ཉིན་མོ་ཡང་ཡུད་ཙམ་བཅོ་ལྔ་པ་དེ་གང་ཞེ་ན། སྨྲས་པ། དཔྱིད་ཟླ་ཐ་ཆུངས་ཡར་གྱི་ངོས་ཚེས་བརྒྱད་དང་། བསྟོན་ཟླ་ཐ་ཆུངས་ཡར་གྱི་ཆོས་བརྒྱད་ལ་མཚན་མོ ་ཡང་ཡུད་ཙམ་བཅོ་ལྔ་ལ། ཉིན་མོ་ཡང་ཡུད་ཙམ་བཅོ་ལྔ་ཡོད་དོ།། ཆོས་བཞིན་ཡོད་དེ། བཞི་པ་གང་ཞེ་ན། སྐད་ཅིག་དང་། དེའི་སྐད་ཅིག་དང་། ཟང་ཅིག་དང་། ཡུད ་ཙམ་མོ། སྐད་ཅིག་བརྒྱ་ཉི་ཤུ་ལ་ནི་དེའི་སྐད་ཅིག་གོ། དེའི་སྐད་ཅིག་དྲུག་བཅུ་ལ་ནི་ཐང་ཅིག་གཅིག་གོ། ཐང་ཅིག་སུམ་བཅུ་ལ་ནི་ཡུད་ཙམ་ཅིག་གོ། ཡུད་ཙམ་སུམ་བཅུ། ་ལ་ནི་ཉིན་ཞག་གཅིག་གོ། ཉིན་ཞག་སུམ་བཅུ་ན་ཅིག་ནི་ཡུད་ཙམ་ཅིག་གོ།། ཡུད་ཙམ་གྱི་སུམ་བཅུ་ཆ་གཅིག་ནི་ཐང་གཅིག་གོ།། ཐང་ཅིག་གི་དྲུག་བཅུ་ཆ་གཅིག་ནི་དེའི་སྐད། ་ཅིག་གོ།། དེའི་སྐད་ཅིག་གི་བརྒྱ་ཉི་ཤུ་མ་ཅིག་གི་སྐད་ཅིག་གོ།། སྐད་ཅིག་གི་ཚད་ཇི་ཙམ་ཞེ་ན་འདི་ལྟ་སྟེ། བུད་མེད་བལ་འཁལ་པ་འབྲི་གིས་ཧ་ཅང་མི་རིང་། ཧ་ཅང ་མི་ཐུད་པར་བལ་སྤྱོད་པ་དེ་ཙམ་གྱི་ཡུན་ནི་སྐད་ཅིག་ཙམ་ཡིན་ནོ།། དེ་ལྟ་བུའི་སྐད་ཅིག་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་གཅིག་གོ།། དེའི་སྐད་ཅིག་དེ་ལྟ་བུ་དྲུག་བཅུ་ལ་ཐང་ཅིག ་དེ་ལྟ་བུ་སུམ་བཅུ་ལ།། ཡུད་ཙམ་གཅིག་གོ།། ཡུད་ཙམ་པ་དེ་ལྟ་བུ་སུམ་བཅུ་ལ་ཉིན་ཞག་གཅིག་གོ།། ཉིན་ཞག་སུམ་བཅུ་ལ་ཟླ་བ་གཅིག་གོ། ཟླ་བ་བཅུ་གཉིས་ལ་ལོ ་གཅིག་གོ།། འཇིག་རྟེན་གདགས་པ་ལས་ཚིག་བཅུ་པའོ།། །། བམ་པོ་ལྔ་པ།། ་གླིང་བཞི་ནི་མཉན་ཡོད་སྟེ། བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། སྐལ་པ་ནི་གྲངས་མེད་བཞི་སྟེ་གྲངས་མེད་པ་དག་གིས་སྐལ་པ་ལ་འཇིག་གོ།། གྲངས་མེད་པ་དག་གིས ་བསྐལ་པ་ཞིག་པར་གནས་སོ།། གྲངས་མེད་པ་དག་གིས་བསྐལ་པ་ཆག་སོ།། གྲངས་མེད་པ་དག་གིས་བསྐལ་པ་ཆགས་ནས་གནསོ།། ཞེས་གསུངས་ཏེ། བསྐལ་པ་ཆེན ་པོ་གཅིག་ལ་ནི། བར་གྱི་བསྐལ་པ་ནི་བརྒྱ་བཅུ་སྟེ། བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་འཇིག་གོ།། བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་ཞིག་པར་གན་སོ།། བར་བྱསྐལ ་པ་ཉི་ཤུས་ནི་ཆག་སོ།། བར་གྱི་བསྐལ་པ་ཉི་ཤུས་ནི་འཇིག་རྟེན་ཆགས་པར་གནས་སོ།། ཞེས་བཀའ་སྩལ་ཏོ།། འཇིག་པ་ནི་རྣམས་པ་གསུམ་སྟེ། མེས་འཇིག་པ་དང་། ་། ནུས་འཇིགས་པ་དང་། རླུང་གི་འཇིག་པའོ།། འཇིག་པ་གསུམ་གྱི་རྩེ་མོ་ནི་འོད་བསལ་བ་དང་། དགེ་རྒྱས་དང་། འབྲས་བུ་ཆེན་པ་རྣམས། ་ཏེ། གང་གིས་ཚེ་མེས་འཇིག་པར་འབྱུང་བའི་དེའི་ཚེ། འོད་གསལ་གྱིས་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུག་གོ།། གང་གི་ཚེ་ཆུ་འཇིག་པ་འབྱུང་བ་དེའི་ཚེ། དགེ ་རྒྱས་ཀྱི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུག་གོ།། གང་གིས་ཚེ་རླུང་གི་འཇིག་པ་འབྱུང་བ་དེའི་ཚེ། འབྲས་བུ་ཆེ་བའི་ལྷ་རྣམས་ལ་འཇིག་པའི་རྩེ་མོ་ཐུག་གོ།། མེས་འཇིག ་པ་ལན་བདུན་ཞིང་ཆུས་འཇིག་པའི་ལན་གཅིག། ཆུས་འཇིག་པ་ལན་བདུན་ཞིང་མེས་འཇིག་པ་ལན་ཅིག་འབྱུང་ངོ་། བར་གྱི་བསྐལ་པ་ནི་གསུམ་སྟེ། མཚོན་གྱི་བར་གྱི་བསྐལ ་པ་དང་། ནད་གྱིས་བར་གྱི་བསྐལ་པ་དང་། མུ་གེའི་བར་གྱི་བསྐལ་པ་སྟེ། བསྐལ་པ་ནི་མཚོན་དང་ནད་མུ་གེ་གསུམ་གྱིས་ཐར་ཐུག་པར་འགྱུ་རོ།། གང་གི་ཚེ་མཚོན་གྱི་བར་གྱི་སྐལ ་པ་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པའི་ཚེ། མི་རྣམས་ཀྱིས་ཚེ། ལོ་བཅུ་ཐུབ་པར་འགྱུར་ཏེ། ཚེ་ལོ་བཅུ་པའི་མི་རྣམས་ཀྱིས་ནང་ན་གང་ཡུན་རིང་དུ་མཚོ་བ་དེས་ལོ་བཅུ ་ཐུབ་སྟེ། དཔེར་ན། ད་ལྟར་གྱི་མི་རྣམས་ཀྱི་ནང་ན་གང་ཡུན་རིང་དུ་འཚེ་ཞིང་བ་ཅི་ལེགས་ཅི་བདེར་རིམ་འགྲོར་བྱེད་པ་དེས། ཚེ་ལོ་བརྒྱ་འམ། བ་ཅུང་ཟད་ལྷག་པར་ཐུབ ་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་ནེམ་གྱི་ནང་ན་གང་ཡུན་རིང་འཚོ་བ་དེས་ལོ་བཅུ་ཐུབ་བོ།། ཚེ་ལོ་བཅུའི་མི་རྣམས་ཀྱིས་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ལ་མས་ལེག་སུ ་སྨོན་པ་ན་བདག་གིས་བུ་ལོ་བཅུའི་བར་དུ་ཡུན་རིང་བར་འཚོ་བར་འགྱུར་ཅིག་ཅེས་ལེགས་སུ་སྟོན་པར་བྱེད་དེ། དཔེར་ན་ད་ལྟར་གྱིས་མི་རྣམས་ཀྱི་བུ་ཅིག་བསྡུག་ཅིག་ཡིད ་དུ་འོང་བ་ལ་མས་ལེག་སུ་སྨོན་པ་ནི། འདི་སྐད་དུ་བདག་གིས་བུ་ལོ་བརྒྱའི་བར་དུ་ཡུན་རིང་འཚོ་བར་གྱུར་ཅིག་ཅེས་ལེགསུ་སྨོན་པར་བྱེད་པ་དེ་བཞིན་དུ་ཚེ་ལོ་བཅུ་པའི་རྣམས ་ཀྱི་བུ་ཅིག་པ་སྡུག་ཡིད་དུ་འོང་བའི་ལས་མས་ལེག་སུ་སྨོན་པ་ན། འདི་སྐད་དུ་བདག་གིས་བུ་ལོ་བཅུའི་བར་དུ་ཡུན་རིང་པོར་འཚོ་བར་གྱུར་ཅིག་ཅེས་ལེགསུ་སྨོན་པར་བྱེད་དོ།། ། ་ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་མོ་བཙས་པ་ནས་ཟླ་བ་ལྔ་ལོན་པ་ན། ཁྱིམ་ཐབ་ལ་གཏོང་བར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་བུ་མོ་ལོ་བཅོ་ལྔ་འམ་བཅུ་དྲུག ་ལོན་པ་ན། ཁྱིམ་ཐབས་ལ་བཏོང་བ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ཟླ་བ་ལྔ་ལོན་པ་ན། ཁྱིམ་ཐབ་ལ་བཏོང་བར་འགྱུར་རོ།། ཚེ་ལོ་བཅུ་པའི་མི ་རྣམས་ཀྱི་གོས་ཀྱི་ནང་ན་ཀྲའི་ལ་བ་མཆོག་ཏུ་གྱུར་ཏེ། དཔེར་ན་ད་ལྟར་གྱི་མེ་རྣམས་ཀྱི་གོས་ཀ་ཤིའི་ཀའི་རས་ཕྲན་ནམ། ཟར་མའི་རས་ཕྲན་ན་དུ་གུ་ལའི་རས་ཕྲན་ནམ། ་ཀོ་ཏ་མ་པའི་རས་ཕྲན་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་རྣམས་ཀྱིས་ནང་ན་གོས་ཀྱི་ནང་ན་སྐྲའི་ལ་བ་མཆོག་ཏུ་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ཁ་ཟས ་ཀྱི་ནང་ན། ཀོ་ཏྲ་བ་མཆོག་ཏུ་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ཁ་བ་ཟས་ཀྱི་ནང་ན། འབྲས་སཱ་ལུའི་ཆན་ནག་པོའི་བབ་སྩལ་པ། ཚོད་མ་དང་། ཁུ་བ་དང་བྱ་སྣ་ཆོག ་དང་། ལྡན་པ་མཆོག་ཡིན་པ་དེ་བཞིན་དུ། ཚེ་ལོ་བཅུ་བའི་མི་རྣམས་ཀྱི་ཟས་ཀྱི་ནང་ན། ཀོ་ཏཱ་བ་མཆོག་ཏུ་འགྱུར་རོ།། ཚེ་ལོ་བཅུ་པའི་མ ་རྣམས་ཀྱིས་རོ་རྣམ་པ་ལྔ་ནུབ་པར་འགྱུར་རོ།། ལྔ་གང་ཞེ་ན། འོ་མ་ཡང་ཡོད། ཞོ་ཡང་ཡོད་མོད་ཀྱི། མར་མི་འབྱུང་བ་དང་། ཏིང་ཡང་ཡོད། ཏིལ་གྱི་ཕྱེ་མ་ཡང་ཡོད་མོད ་ཀྱི། ཏིལ་མར་མི་འབྱུང་བ་དང་། སྦྲང་བུ་ཡང་ཡོད།། སྦྲང་ཙིར་ཡང་ཡོད་མོད་ཀྱི། སྦྲང་མི་འབྱུང་བ་དང་། བུ་རམ་ཤིང་ཡང་ཡོད། ཁུ་བ་ཡང་ཡོད་ཀྱི། བུ་རམ་དུ ་མི་འགྱུར་བ་དང་། ལན་ཙ་ནི་ཏན་མེད་པར་འགྱུར་རོ།། ཚེ་ལོ་བཅུ་པའི་རྣམས་མཚོན་ཆས་རྒྱན་པར་འགྱུར་ཞིང་། མཚོན་ཆར་བཞག་པར་འགྱུར་ཏེ། དཔེར་ན་ད་ལྟ་གྱི་མི་རྣམས ་ཀྱིས་རྒྱན་འགུལ་གདུབ་འམ། གདུབུ་རྒྱན་ཅན་ནམ། རྣ་ཆ་གདུབ་འཁོར་རྣམས་སམ། དབུན་བརྒྱན་རྣམས་སམ། ལག་པའི་བརྒྱན་རྣམས་སམ། རྐང་པའི་བརྒྱན ་རྣམས་སམ། སོང་རྔུབ་ཀྱི་བརྒྱན་ནམ། གསེར་དངུལ་གྱི་ཕྲེང་བ་ཐོགས་པ་དེ་བཞིན་དུ། ཚེ་ལོ་བཅུའི་ངའི་མི་རྣམས་མཚོན་ཆས་བརྒྱན་ཅིང་མཚོན་ཅེས་བཞག་གོ། ཚེ་ལོ་བཅུ ་བའི་མི་རྣམས་ཀྱི་ནང་ན་གང་མར་མི་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་མཛིན་པ་དེ་དག་ཀུན་བཀུར་པ་དང་། གཅེས་སུ་བྱ་བ་དང་། ་རབ་ཏུ་བསྔགས་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱི་ནང་ན་གང་མར་འཛིན་པ་དང་། པར་འཛིན་པ་དང་། དགེ་སློང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དེ་དག ་བཀུར་ཞིང་གཅེས་བྱ་བ་དང་། རབ་ཏུ་སྔགས་པ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་གང་མར་འཛིན་པ་དང་། ཕར་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན ་པ་དང་། བྲམ་ཟེར་མི་འཛིན་པ་དེ་དག་དཀུར་ཞིང་བཅེས་སུ་བྱ་བ་དང་། རབ་ཏུ་བསྔགས་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་སེམས་ཅན་གཅིག་གིས་ཅིག་མཐོང ་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པར་བྱ་བའི་ཉེ་སེམས་པར་གནས་པར་འགྱུར་ཏེ། དཔེར་ན་ད་ལྟར་གྱི་མི་རི་དགས་ཀྱི་སྔོན་པས་དགོན་པའི་རི་དགས ་མཐོང་ནས། ཤས་ཆེར་གནོད་པའི་སེམས་དང་། བསད་པའི་སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན་དུ། ཚེ་ལོ་བཅུ་པའི་མི་རྣམས་གཅིག་གིས་གཅིག་མཐོང་ན། ་ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ཁྱིམ་རྣམས་སུ་ཞག་བདུན་དུ་ཁྱིམ་ཕུད ་བར་བྱེད་པར་རྣམས་འབྱུང་བར་འགྱུར་ཏེ། དེ་དག་གི་ཤིང་ངམ། གསེག་མ་འམ། གྱོ་མགོ་འང་རུང་སྟེ། གང་དང་གང་ལ་ནོམ་པ་དེ་དག་ཐམས་ཅད་མཚོན་ཆ ་ཤིན་ཏུ་རྣོ་ཞིང་འཇེབས་པར་དེ་དང་། དེ་དག་གིས་གཅིག་ལ་ཅིག་སྲོག་དང་། བྲལ་བར་བྱེད་དེ། ཉེ་བུ་བཟད་པའི་དང་། ལོངས་སྤྱོད་ཟད་པའི་དང་། ནོར་ཡང ་ཟད་པར་འགྱུར་རོ།། མཚོན་གྱི་བར་གྱི་བསྐལ་པ་དེ་ཡང་ཞག་བདུན་ཁོར་ནར་ཟད་དེ་ཞག་བདུན་འདས་ནས་མཐར་མཐུག་པར་བརྗོད་པར་བྱའོ།། དེའི་ཚེ་གང་ཡང་རུང་སྟེ། ་། འཆི་བ་དེ་དག་ཐམས་ཅད་ལུས་ཞིག་ནས་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་རོ།། དེའི་མི་གང་དག་མཚོན་གྱི་བར་གྱི་བསྐལ ་པ་དེས་འདོག་ཅིང་མཛེས་པར་གྱུར་ལ་སློང་ཅིང་། རྣམ་པར་སྤོད་ཅིང་། རྣམ་པ་དེ་དག་ལས་ཁ་ཅིག་ཆུའི་ལྗོངས་དང་། རིའི་ལྗོངས་དང་། རྩ་སྟུག་པོ་དང་། ནགས ་ཚལ་སྡུག་པོ་དག་དུ་ཞུགས་ཏེ། དེར་ཞག་བདུན་གྱི་བར་དུ་རྩ་བ་དང་། ཆུས་འཚོ་བ་ཞིང་འདུག་པ་ནས་གྲོང་དང་གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི ་ཕོ་བྲང་འཁོར་དག་དུ་ཕྱིར་ལྡོག་སྟེ། སེམས་ཅན་དེ་དག་གཅིག་གི་གཅིག་མཐོང་ནས་ཤས་ཆེར་བྱམས་པའི་དང་། སྡུག་པ་དང་། གུས་པ་དང་། སྙིང་བརྩེ་བའི་སེམ ་ཉེ་བར་གནས་པར་གྱུར་ཏེ། འདི་སྐད་དུ། ཀྱེ་མ་ཀྱེ་སེམས་ཅན་གསོན་པོ་མཐོང་ངོ་།། ཀྱེ་མ་ཀྱེ་སེམས་ཅན་གསོན་པོ་མཐོང་ངོ་།། ཞེས་ཀྱང་འཛེར་ཏེ་དཔེར་ན། ད་ལྟར ་གྱི་མི་རྣམས་ཀྱི་མ་ལ་བུ་གཅིག་པ་སྡུག་ཅིང་ཡིད་དུ་འོང་བ་ཞིང་ཡོད་ལ། ཟླ་བ་བརྒྱད་དམ་དགུ་ལོན་བ་ཏེ་ཕྲད་ན། ཤས་ཆེར་བྱམས་པ་དང་། སྡུག་པ་དང་། གུས་པ་དང་། ་སྙིང་བརྩེ་བའི་སེམས་ཉེ་བར་གནས་ཏེ། འདི་སྐད་དུ་ཀྱེ་མ་ཀྱེ་སེམས་ཅན་གསོན་པོ་མཐོང་ངོ་།། ཞེས་ཟེར་བ་དེ་བཞིན་དུ། སེམས་ཅན་དེ་དག་གཅིག་གིས་གཅིག ་མཐོང་ནས། ཤས་ཆེར་བྱམས་དང་། སྡུག་པ་དང་། གུས་པ་དང་སྙིང་རྩེ་བའི་སེམས་ཉེ་བར་གནས་པར་འགྱུར་ཏེ། འདི་སྐད་དུ། ཀྱེ་མ་ཀྱེ་སེམས་ཅན་གསོན ་པོར་མཐོང་ངོ་།། ཀྱེ་མ་ཀྱེ་སེམས་ཅན་གསོན་པོ་མཐོང་ངོ་།། ཞེས་ཀྱང་འཛེར་ཏོ།། །། བར་སྡོམ་ནི་རིང་དུ་གང་འཚོ་མ་དང་བུ་མོ་དང་། གོས་དང་ཟས་དང ་ནུབ་པར་འགྱུར་བ་དང་། བརྒྱན་རྣམས་དང་ནི་དཀུར་དང་གནོད་པ་དང་། ཞག་བདུན་ཁྱིམ་དུ་ཁྱིམ་ཕུང་བྱེད་པ་འབྱུང་། སེམས་ཅན་དེ་དག་འདི་སྙམ་དུ་བདག་ཅག ་མཚོན་ཆས་སྲོག་གཅོད་པ་འདིས། གཅིག་ལ་གཅིག་རྣམ་པར་གནོད་པར་བྱེད་པ་ལ་ཞུགས་པས། ཉེ་དུ་ཟད་པར་གྱུར་པར་གྱུར་ཅིང་ལོངས་སྤྱོད་ཟད་པ་དང་། ནོར་ཟད་པར ་གྱུར་ཅིག་ཅག་གིས། དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ་འཁོད་པར་བྱས་ན་བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ་འཁོད་པར ་བྱ་སྙམ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་མ་བདག་ཅག་ནི། སྲོག་གཅོད་པ་ཡིན་གྱིས། བདག་ཅག་གྱིས་མཚོན་ཆས་སྲོག་གཅོད་སློང་བར་བྱའོ་སྙམ་ནས། ་དེ་དག་མཚོན་ཆས་སྲོག་གཅོད་པ་སྤོད་དོ།། ཚེ་ལོ་བཅུ་པའི་མི་རྣམས་མཚོན་ཆས་སྲོག་གཅོད་པ་སྤོང་བ་དེ་དག་གིས་བུ་མོ་བཙས་པ་རྣམས་ཚེ་ལེ་ཉི་ཤུ་ཐུབ་པར་འགྱུར་རོ།། ་ཚེ་ལོ་ཉི་ཤུ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་ཚེའང་ནུར་ལ་ཁ་དོག་དང་། སྟོབས་དང་བདེ་བ་དང་། ལོངས་སྤྱོད་དག ་ཀྱང་འཕེལ་བར་སྣང་གིས་བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱས་ན་བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང ་དག་པར་བླངས་ཏེ་འཁོང་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ་ཀྱེ་མ་བདག་ཅག་ནི་མ་བྱིན་པར་ལེན་པ་ཡིན་གྱིས། བདག ་ཅག་གིས་མ་བྱིན་པར་ལེན་པར་སྤང་བར་བྱའོ།། ཞེས་ནས་དེ་དག་མ་བྱིན་པར་ལེན་པར་སྤོང་ངོ་།། ཚེ་ལོ་ཉི་ཤུ་པའི་མགྲིན་པར་ལེན་པ་དེ་སྤོང་བ་དེ་དག་གི་བུ་དང་། བུ་མོ ་བཙས་པ་རྣམས་ཚེ་ལོ་བཞི་བཅུ་ཐུབ་འགྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ཚེ་ལོ་ལྔ་བཅུ་མཐུབ་པར་འགྱུར་ཏོ།། ཚེ་ལོ་ལྔ་བརྒྱ་པའི་མི་རྣམས་འདི་སྙམ་དུ་དགེ་བའི་ཆོས་རྣམས ་ཡང་དག་པར་བླངས་པའི་རྒྱུས་ཚེའང་ནུར་བར་འགྱུར་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས་བདག་ཅག་གིས་ཡང་ལྷག ་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་ན་བདག་ཅག་གིས་དགེ་བའི་ཆོས་འགའ་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ ་དུ་སེམས་སོ།། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་འདོད་པ་ལ་ལོག་པར་གཡེམ་པ་ཡིན་གྱིས། བདག་ཅག་གིས་འདོད་པ་ལ་ལོག་པར་གཡེམ་པ་སྤོང ་ཁར་བྱའོ།། སྙམ་ནས་དེ་དག་འདོད་པ་ལ་ལོག་པར་གཡེམ་པ་སྤོང་ངོ་།། ཚེ་ལོ་ལྔ་བཅུ་པའི་མི་རྣམས་འདོད་པ་ལ་ལོག་པར་གཡེམ་པ་སྤོང་བ་དེ་དག་གིས་བུ་ད ་བུ་མོ་བཙས་པ་རྣམས་ཚེ་ལོ་བརྒྱ་ཐུབ་པར་གྱུར་ཏོ།། ཚེ་ལོ་བརྒྱ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་ཚེ་རང་ནུར་ལ། ་ཁ་དོག་དང་སྟོབས་དང་། བདེ་བ་དང་ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས་བདག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོན ་པར་བྱ་ན་བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ་པ་ལ་སེམས་སོ།། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི ་བརྫུན་དུ་སླ་བ་ཡིན་གྱིས་བདག་ཅག་གིས་བརྫུན་དུ་སྨྲས་པ་སྤང་བར་བྱའོ་སྙམ་ནས། དེ་དག་བརྫུན་དུ་སྨྲས་བཐོང་ངོ་།། ཚེ་ལོ་བརྒྱ་པའི་མི་བརྫུན་དུ་སླ་བ་སྤོང་བ ་དེ་དག་གིས་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་བརྒྱ་ཐུབ་པར་འགྱུར་ཏེ། དེ་དག་ལས་ཁ་ཅིག་ནི་ཚེ་ལོ་ཉིས་བརྒྱ་ལྔ་བཅུ་ཐུབ་པར་གྱུར་ཏོ།། ཚེ་ལོ་ཉི་བརྒྱ་ལྔ་བཅུ་ཐུབ ་པའི་མི་རྣམས་འདི་སྙམ་དུ་ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་ཚེའང་ནུར་ལ། ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག ་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་སྟེ། འཁོད་པར་བྱ་ན་བདག་གིས་དགེ་བའི་ཆོས་གང ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱའོ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ་ཀྱེ་བདག་ཅག་ནི་ཕྲ་མ་སྤང་བྱའོ།། སྙམ་ནས། དེ་དག་ཕྲ་མ་སྤོང་ངོ་།། ་ཚེ་ལེ་ཉི་བརྒྱ་ལྔ་བཅུ་པའི་མི་རྣམས་ཕྲ་མ་སྤོང་བ་དེ་དག་གི་བུ་དང་། བུ་མོ་བཙཅས་པ་རྣམས་ཚེ་ལོ་ལྔ་བརྒྱ་ཐུབ་པར་འགྱུརོ།། ། ཚེ་ལོ་ལྔ་བརྒྱ་པའི་མི་རྣམས་འདི་སྙམ་དུ། ་@། ཅེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་ཆོས་རྒྱས་ཚོ་ལང་ནུར་ལ། ཁ་དོག་དང་སྟོབས་དང་། བདེ་བ་དང་། ལོངས་སྤྱོ། ་དག་ཀྱང་མེ་ཏོག་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་ན། བདག་ཅག་གིས ་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ། ཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་གིས་འདི་སྙམ་དུ། ཀྱེ་བདག་ཅག་ནི་ངག་བཅུབ་པོ་སྨྲས་པ་ཡིན ་གྱིས། བདག་ཅག་གིས་ངག་བཆུབ་པོ་སྤང་བར་བྱའོ་སྙམ་ནས། དེ་དག་ངག་བརྩུབ་པོ་སྤོང་ངོ་།། དེའི་ཚེ་ལ་ལྔ་བརྒྱར་བའི་མི་རྣམས་ངག་བཆུབ་པ་སྤོང་བ ་དག་གིས་བུ་དང་བུ་མོ་བཙས་པ་རྣམས་ཆེ་ལ་སྟོང་ཐུབ་པར་འགྱུར་ཏོ།། ཚེ་ལེ་སྟོང་ཐུབ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར ་བླངས་པའི་རྒྱུས་ཚེའང་ནུར་ལ། ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ་དུ ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་ཚིག་འཁྱལ་པ་ཅན་ཡིན་གྱིས། བདག་ཅག་གིས་ཚིག་འཁྱལ་པ་སྤང་པར་བྱའོ།། སྙམ་ནས། དེ་དག་ཚིག ་འཁྲུལ་པ་སྤོང་ངོ་།། དེའི་ཚེ་ཆེ་ལོ་སྟོང་པོའི་མི་ཚིག་ཁྱལ་བ་སྤོང་བ་དེ་དག་གྱི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་གཉིས་སྟོང་ཐུབ་པར་འགྱུར་ཏེ། དེ་དག་ལས་ཁ་ཅིག། ་ནི་ཚེ་ལོ་ཉི་སྟོང་པ་ལྔ་བརྒྱ་པའི་མི་རྣམ་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ། ཁ་དོག་དང་། སྟོབས་དང་། ་བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གྱིས། བདག་ཅག་གིས་ལྷག་པར་ཡང་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འདོད ་པར་བྱ་ན་དེའི་བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག ་ནི་བརྣབ་སེམས་ཅན་ཡིན་གྱིས། བདག་ཅག་གྱིས་བརྣབ་སེམས་སྤངས་པར་བྱའོ་སྙམ་ནས། དེ་དག་བརྣབ་སེམས་སྤོང་ངོ་། ཚེ་ལོ་ཉི་ཁྲི་སྟོང་ལྔ་བརྒྱ་པའི ་མི་རྣབ་སེམས་སྤོང་བ་དེ་དག་གིས་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ལྔ་སྟོང་ཐུབ་པར་འགྱུར་ཏོ།། ཚེ་ལོ་སྟོང་པོའི་མི་རྣམས་ཀྱང་འདི་སྙམ་དུ། ཀྱེ་དགེ་བའི་ཆོས ་རྣམས་ཡང་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ། ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་རྣམས་ཀྱང་འཕེལ་བར་སྣང་བར་སྣང་གྱིས། ་བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར ་འཛིན་བླངས་ཏེ། འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་གནོད་སེམས་ཅན་ཡིན་གྱིས། ་བདག་ཅག་གིས་གནོད་སེམས་སྤང་བར་བྱའོ།། སྙམ་ནས། དེ་དག་གནོད་སེམས་སྤོང་ངོ་།། ཚེ་ལོ་ལྔ་སྟོང་པོའི་མི་རྣོད་སེམས་སྤོང་བ་དེ་དག་གི་བུ་དང་མོ་བཅས ་པས་རྣམས་ཚེ་ལོ་ཁྲི་ཐུབ་པར་གྱུར་ཏོ།། ཚེ་ལོ་ཁྲི་ཐུབ་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས་པའི་རྒྱུས་ཚེ་ཡང་ནུར་ལ། ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ་ཞིག་ཡང་དག ་པར་བླངས་ཏེ། འཁོད་པར་བྱ་ན། བདག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ་དུ་སེམས་སོ།། དེ་དག་འདི་སྙམ་དུ ་བདག་ཅག་ནི་ལོག་པར་ལྟ་བ་ཅན་ཡིན་གྱིས། བདག་གིས་ལོག་པར་ལྟ་བ་སྤང་བར་བྱའོ།། སྙམ་ནས། དེ་དག་ལོག་པར་ལྟ་བ་སྤོང་ངོ་།། ཚེ་ལོ་ཁྲི་པའི་མི་ལོག ་པར་ལྟ་བ་སྤངས་པ་དེ་དག་གྱི་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་ཉི་ཁྲི་ཐུབ་པར་གྱུར་ཏོ།། ཚེ་ལེ་ཉི་ཁྲི་པའི་མི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བང ་པའི་རྒྱུས་ཚེ་ཡང་ནུར་ལ་ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་སྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི་ཆོས་འགའ ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་བླངས་ཏེ། འཁོར་བར་བྱ་སྙམ་དུ་སེམས་སོ།། དེ་དག་འདི ་སྙམ་དུ། ཀྱེ་བདག་ཅག་ནི་ཆོས་ཡང་དག་པར་མ་ཡིན་པའི་ཆགས་པས་ཆགས་པ་དང་མི་རྣམས་རིག་པའི་འདོད་པས་ཟིལ་གྱིས་ནོན་པ་དང་། ལོག་པའི་ཆོས ་དང་ལྡན་པ་ཡིན་གྱིས། བདག་ཅག་གིས་ཆོས་འདིག་སུཾ་སྤངས་པར་བྱའོ།། སྙམ་ནས། དེ་དག་ཆོས་དེ་གསུམ་སྤོང་ངོ་།། ཚེ་ལེ་ཉི་ཁྲི་པའི་ཆོས་དེ་གསུམ་པོ་འདི ་དག་སྤོང་བ་དེ་དག་གིས་བུ་དང་བུ་མོ་བཙས་པ་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པར་གྱུར་ཏོ།། ཚེ་ལོ་བཞི་ཁྲི་རྣམས་འདི་སྙམ་དུ། ཀྱེ་དགེ་བའི་ཆོས་རྣམས་ཡང་དག་པར་བླངས ་པའི་རྒྱུས་ཚེ་ཡང་ནུར་ལ། ཁ་དོག་དང་། སྟོབས་དང་། བདེ་བ་དང་། ལོངས་སྤྱོད་དག་ཀྱང་འཕེལ་བར་བསྣང་གིས། བདག་ཅག་གིས་ཡང་ལྷག་པར་དགེ་བའི ་ཆོས་འགའ་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་ན། བདག་ཅག་གིས་དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ། འཁོར་བར་བྱ་སྙམ་དུ་སེམས་སོ།། ་དེ་དག་འདི་སྙམ་དུ། ཀྱེ་བདག་ཅག་ནི་མར་མི་འཛིན་པ་དང་། པར་མི་འཛིན་པ་དང་། དགེ་སྦྱོང་དུ་མི་འཛིན་པ་དང་། བྲམ་ཟེར་མི་འཛིན་པ་དང་། རིགས་ཀྱི་བཙོ་བོ ་ལ་རིམ་འགྲོར་མི་བྱེད་པ་ཡིན་གྱིས། བདག་ཅག་གིས་མར་འཛིན་པ་དང་། ཕར་འཛིན་པར་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། རིགས་ཀྱི་བཙེ ་འཛིནབོ་ལ་རི་མོར་བྱའོ་སྙམ་ནས། དེ་དག་མར་འཛིན་པར་བྱེད་པ་དང་། པར་འཛིན་པར་བྱེད་པ་དང་། དགེ་སྦྱོང་དུ་འཛིན་པར་བྱེད་བྲམ ་ཟེར་འཛིན་པར་བྱེད། རིགས་ཀྱི་གཙོ་བོ་ལ་རི་མེ་བྱེད་དོ།། ཚེ་ལོ་བཞི་ཁྲི་པའི་མེ་མར་འཛིན་པ་དང་། བར་འཛིན་པ་དང་། དགེ་སྦྱོང་དུ་འཛིན་པ་དང་། བྲམ་ཟེར ་འཛིན་པ་དང་། རིགས་ཀྱིས་གཙོ་བོ་ལ་རི་མོར་བྱེད་པ་དེ་དག་གིས་བུ་དང་། བུ་མོ་བཙས་པ་རྣམས་ཚེ་ལོ་བརྒྱད་ཁྲི་པར་གྱུར་ཏོ།། ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས ་འཛམ་བུའི་གླིང་འདི་ཉིད་ན། འབྱོར་པ་དང་། རྒྱས་པ་དང་། བདེ་བ་དང་། ལོ་ལེགས་པར་འགྱུར་ཞིང་སྐྱེ་བོ་དང་། མི་མང་པོས་གང་ངོ་།། ཚེ་ལོ་བརྒྱད་ཁྲི་བའི ་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ཀྱིས་བར་བྱ་གག་ཕུར་པས་བསླེབས་པ་བཙམ་དུ་འགྱུར་རོ།། ཚེ ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་བུ་མོ་ནི་བཙས་ནས་ལོ་ལྔ་བརྒྱ་ལོན་ན། ཁྱིམ་ཐའ་ལ་གཏོང་ངོ་།། དཔེར་ན། ད་ལྟར་བགྱི་མི་རྣམས་ཀྱི་བུ་མོ་བཙས་ནས། ལོ་བཅོ་ལྔ ་འམ་བཅུ་དྲུག་ལོན་ནས་ཁྱིམ་ཐབ་ལ་གཏོང་བ། དེ་བཞིན་དུ། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་བུ་མོ་བཙས་ནས། ལོ་ལྔ་བརྒྱ་ལོན་ནས་ཁྱིམ་ཐབ་པ་བཏོང་ངོ་།། ཚེ ་ལོ་བརྒྱད་ཁྲི་བའི་མི་རྣམས་ཀྱི་ནང་ནི་རྣམས་པ་གསུམ་ཡོད་དེ། འདོད་པ་དང་ཟས་མི་ཟབ་དང་། རྒ་བ་རྣམས་ཡིན་ནོ།། ཚེ་ལོ་བརྒྱད་ཁྲི་བའི་མི་རྣམ་ཀྱི། འབྲས་བུ ་རྣམས་ནི་ཆེ་ཞིང་ཤིན་ཏུ་ཆེ་ཏེ། དཔེར་ན། ཨིན་དྲ་བེའུ་ནུའི་འབྲས་བུའི་བཞིན་ཏེ། རྒྱལ་ཞིང་མཆོག་ཏུ་རྒྱལ་ལ། སྙེ་མ་རེ་རེ་ལས་ཀྱང་བྲེ་བོ་ཆེ་བཞི་བཞི་འབྱུང ་ངོ། བཅོམ་ལྡན་འདས་ཀྱིས་ཀྱང་། མུ་ཁྱུད་བརྟན་པའི་ལུང་བརྟན་པ་ལས་འདི་སྐད་དུ། དགེ་སྦྱོང་བསྟན་པའི་ལུང་བསྟན་པ་ལས་འདི་སྐད་དུ། དགེ་སློང་དག་མི ་རྣམས་ཀྱི་སྡིག་པའི་ཆོས་རྣམས་འདི་དག་ཉིད་ཡང་དག་པར་འཛིན་པའི་རྒྱུས་ཚེ་ལོ་བཅུ་ཐུབ་པར་འགྱུར་རོ།། ཚེ་ལོ་བཅུ་པའི་མི་རྣམས་ཀྱི་ནང་ན་ཡང་དག་ཡུན་རིང ་དུ་འཚོ་བ་དེས་ལོ་བཅུ་ཐུབ་སྟེ། སྔ་མ་བཞིན་ནོ།། ཚེ་ལོ་བརྒྱད་ཁྲི་ཐུབ་པའི་མི་རྣམས་ནི། འཛམ་བུའི་གླིང་འདི་ཉིད་ན། འབྱོར་པ་དང་། བརྒྱས་པ་དང་བདེ་བ ་དང་། ལོ་ལེགས་པར་འགྱུར་ཞིང་། སྐྱེ་བོ་དང་། མི་མང་པོས་གང་ངོ་།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་གྲོང་དང་། གྲོང་རྡལ་དང་། ཡུལ་འཁོར་དང་། རྒྱལ་པོའི་ངོ ་བྲང་འཁོར་རྣམས་ཀྱི་བར་བྱ་གག་འབུར་བས་སླེབས་པ་ཙམ་དུ་འགྱུར་རོ།། ཚེ་ལོ་བརྒྱད་ཁྲི་པའི་མི་རྣམས་ཀྱི་བུ་མོ་བཙས་ནས་ལོ་ལྔ་བརྒྱ་ལོན་པ་ཡང་སྔ་མ་བཞིན་ནོ།། ་ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཀྱི་ནད་རྣམས་པ་གསུམ་ཡོད་དེ། འདོད་པ་དང་། ཟས་མི་ཟ་བ་དང་། རྒ་བ་རྣམས་ཡིན་ནོ།། ཞེས་གསུངས་སོ།། གང་གིས་ཆེན ་ཀྱི་བར་གྱི་བསྐལ་པ་འོང་དུ་ཆ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ། མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་པར་གྱུར་ཏེ། ཚེ་ལོ་བཅུ་པའི་མི་རྣམས་ཀྱིས་ནང་ན་གང་ཡུན་རིང ་འཛིནདུ་འཚོ་བའི་མི་དེས་ལོ་བཅུ་སྟེ། རྒྱས་པར་སྡོམ་ནི་རིང་དུ་གྲི་འཚོ་བ་དང་བུ་མོ་དང་། གོས་ཟས་དང་ནུབ་པར་འགྱུར་བ་དང་། བརྒྱན ་རྣམས་དང་ནི་བཀུར་དང་གནོད་པའོ།། སྡོམ་གྱི་ཚིག་སུ་བཅད་པ་བྱས་ནས་བྱའོ།། མཚོན་ཆའི་བརྒྱན་དང་། ཞག་བདུན་ཁྱིམ་དུ་བུང་བར་བྱེད་པ་ནི་མ་ཏོགས་སོ།། ་ཚེ་ལོ་བཅུ་པའི་མི་རྣམ་ཆོས་མ་ཡིན་པར་སྤྱོད་ཅིང་མི་རིགས་པར་བྱེད་དེ། དེ་དག་ཆོས་མ་ཡིན་པར་ལོངས་སྤྱོད་ཅིང་མི་རིགས་པ་བྱེད་པས་མི་མ་ཡིན་པ་རྣམས་རབ་ཏུ་འཁྲུག ་ནས། ནད་དང་། སེམས་ཀྱི་ནད་དང་། གནོད་པ་དང་། ནད་འགྲོ་བ་རྣམས་གཏོང་ཏེ། དེར་འདི་ལྟ་སྟེ། མི་མང་པོ་ནད་ཀྱིས་འཆི་བར་འགྱུར་རོ།། དེའི་གང་སུ་ཡང ་རུང་སྟེ། འཆི་བའི་དེ་ཐམས་ལུས་ཞིག་ནས། སེམས་ཅན་དམྱལ་བ་རྣམ་སུ་སྐྱེ་བར་འགྱུར་རོ།། ནད་ཀྱི་བར་གྱིས་བསྐལ་པ་དེ་ཡང་ཟླ་བ་བདུན་དང་ཉིན་ཞག་བདུན་ཁོ ་ནར་ཟད་དེ། ཟླ་བ་འདུན་དང་ཉི་མ་བདུན་གྱིས་མཐར་ཐུག་པར་བརྗོད་པར་བྱའོ།། དེ་ནས་མི་དེ་དག་འདི་སྙམ་དུ་བདག་ཅག་གིས་ཆོས་མ་ཡིན་པར་སྤྱོད་ཅིང་མི་རིགས་པར ་བྱེད་པ་དང་། སྡུག་བསྔལ་ཞུགས་པ་འདིས་ཉེ་དུ་ཟད་ཅིང་ནོར་ཟད་ལ། ལོངས་སྤྱོད་ཟད་པར་གྱུར་གྱིས་བདག་ཅག་གིས་དགེ་བའི་ཆོས་འགའ་ཞིག་ཡང་དག་པར་བླངས ་ཏེ། འཁོད་པར་བྱ་ན། དགེ་བའི་ཆོས་གང་ཞིག་ཡང་དག་པར་བླངས་ཏེ། འཁོད་པར་བྱ་སྙམ་དུ་སེམས་སོ།། ཀྱེ་བདག་ཅག་ནི་སྲོག་བཅོད་པ་ཡིན་གྱིས། བདག་ཅག ་གིས་སྲོག་བཅོད་པ་སྤངས་པར་བྱའོ།། སྙམ་ནས། དེ་དག་སྲོག་གཅོད་པ་སྤོང་ངོ་།། ཚེ་ལོ་བཅུ་པའི་མི་སྲོག་གཅོད་པ་སྤོང་བ་དེ་དག་གིས་བུ་དང་བུ་མོ་བཙས་པ་རྣམས་རྩོམ། ་ཉི་ཤུ་ཐུབ་པར་འགྱུར་ནས། རྒྱས་པར་ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་འཛམ་བུའི་གླིང་འདི་ཉིད་ནི། འབྱོར་པ་དང་རྒྱས་པ་དང་། བདེ་བའི་དང་ལོ་ལེགས་པར་འགྱུར་ཞིང ་སྐྱེ་བོ་དང་། མི་མང་པོས་གང་བ་དང་། བུ་མོ་ལྔ་བརྒྱ་ལོན་པའི་བར་དུ་སྔ་མ་བཞིན་ནོ།། ནད་རྣམས་པ་གསུམ་ཡོད་པ་ནས། འབྲུས་རྣམས་ཆེ་ཞིང་མཆོག་དུ་ཆེ་སྟེ། དཔེར ་ན། ཨིན་དྲ་བེའུ་ནུའི་འབྲས་བཞིན་ཏེ། རྒྱལ་ཞིང་མཆོག་ཏུ་རྒྱལ་ལ། སྙི་མ་རེ་རེ་ལས་ཀྱང་བྲེ་བོ་ཆེ་ཞི་བཞི་འབྱུང་བའི་བར་དུ་རྒྱས་པར་བྱའོ།། གང་གི་ཚེ་མུ་གེའི་བར ་བསྐལ་པ་འོང་དུ་ཆེ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ། མི་རྣམས་ཀྱི་ཚེ་ལོ་བཅུ་ཐུབ་པར་འགྱུར་ཏེ། ཚེ་ལོ་བཅུ་པའི་མི་རྣམ་ཀྱི་ནང་ན་ནི། གང་ཡུན་རིང་དུ་འཚོ་བ་དེས ་ལོ་བཅུ་ཐུབ་པ་ནས། ཚེ་ལོ་བཅུ་པའི་མི་རྣམས་ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པ་བྱེད་པའི་བར་དུ་རྒྱས་པར་བྱའོ།། དེ་དག་ཆོས་མ་ཡིན་པར་སྤྱོད་ཅིང་མི་རིགས ་བར་བྱེད་པས་ལྷ་ཡང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འབེབས་ཏེ། མུ་གེ་དང་། ཚེགས་ཆེན་པོས་དང་། གནོད་པ་དང་། ཐུར་མས་འཚོ་བ་དང་། ་རྗུད་པ་དང་། རུས་པ་དཀར་པོས་འབྱུང་བར་འགྱུར་ཏེ། མུ་གེ་ཞེས་བྱ་བ་ནི་དེའི་ཚེ་སློང་བ་རྣམས་ཀྱིས་སློངས་མོས་རྙེད་པར་དཀའ་སྟེ། དེ་བས་ན་མུ་གེ་ཞེས ་འཛིན། བྱའོ།། ཚེགས་ཆེན་པོ་ཞེས་བྱ་བ་ནི་མི་རྣམས་བརྩལ་བ་ཆེན་པོ་དང་། འབད་པ་ཆེན་པོ་དང་། བཤམ་པ་ཆེན་པོ།། ལུས་གཟིར ་བ་ཆེན་པོས་ཟས་དང་གོས་སྒྲུབ་པར་བྱེད་དེ། དེ་བས་ན་ཚེགས་ཆེན་པོ་ཞེས་བྱའོ།། གནོད་པ་ཞེས་བྱ་བ་ནི། ཇི་ལྟར་ནགས་ཁུང་ཆེན་པོའི་གནོད་པ་དང་། ཆུའི ་གནོད་པ་དང་། ཆོམ་རྐུན་གྱིས་གནོད་པ་ཡོད་པ་དེ་བཞིན་དུ། དེའི་ཚེ་བཟའ་བ་དང་། བཏུང་བ་དང་། བགོ་བའི་གནོད་པ་ཆེན་པོ་ཡོད་དོ།། དེས་པས་ན་གནོད་པ ་ཞེས་བྱའོ།། རྫུང་བ་ཞེས་བྱ་བ་ནི། ད་ལྟར་འགྱེལ་བ་ཞེས་བྱ་བ་གང་ཡིན་པ་དེ་ནི། དེའི་ཚེ་དེའི་དུས་ན། རྗུད་པ་ཞེས་བྱ་སྟེ། དེའི་ཚེ་མི་དེ་དག་བཀྲེས་པར་གྱུར་ཏོ།། ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཀྱི་འབྲུ་རྣམས་ཆེ་ཞིང་མཆོག་ཏུ་ཆེ་བ་ནི། དཔེར་ན། ཨིན་དྲ་བེའུ་ནུའི་འབྲས་བུ་བཞིན་ཏེ། རྒྱལ་ཞིང་མཆོག ་ཏུ་རྒྱལ་པོ་སྟེ་མ་རེ་རེ་ལས་ཀྱང་བྲེ་བོ་ཆེ་བཞི་བཞི་འབྱུང་བའི་བར་ཏུ་རྒྱས་པར་སྦྱར་རོ།། གང་གི་ཚེ་མེས་འཇིག་པ་འོང་དུ་ཆེ་ཞིང་འབྱུང་དུ་ཉེ་བར་གྱུར་པ་དེའི་ཚེ། མི ་རྣམས་ཚེ་ལོ་བརྒྱད་ཁྲི་ཐུབ་པར་འགྱུར་རོ།། ཚེ་ལོ་བརྒྱད་ཁྲི་བའི་མི་རྣམ་འཛམ་བུའི་གླིང་འདི་ཉིད་ན། འབྱོར་པ་དང་། རྒྱས་པ་དང་། ལོ་ལེགས་པར་འགྱུར་ཞི ་སྐྱེས་པོ་དང་མི་མང་པོས་གང་ངོ་།། ཚེ་ལོ་བརྒྱད་ཁྲི་བའི་མི་རྣམས་ཤེས་བྱ་བ་ནས་སྔ་མ་བཞིན་དུ། སྙེ་མ་རེ་རེ་ལས་ཀྱང་བྲེ་བོ་ཆེ་བཞི་བཞི་འབྱུང་ངོ་།། ཞེས་བྱ་བ ་བར་དུ་རྒྱས་པར་བྱའོ།། སེམས་ཅན་དམྱལ་བ་དག་ནས་སེམས་ཅན་རྣམ་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། གང་གིས་ཚེ་སེམ ་ཅན་དམྱལ་བ་དག་ནས་སེམས་ཅན་རྣམ་འཆི་འཕོ་ལ་སྐྱེ་བ་ནི་མེད་ན། དེ་ཙམ་གྱིས་ན་འཇིག་རྟེན་འདིའི་བར་གྱིས་བསྐལ་པ་ཉི་ཤུར་ཆགས་པར་གནས་པ་དེར་མཐར་ཐུག ་པར་བརྗོད་པར་བྱའོ།། སེམས་ཅན་དམྱལ་བར་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། གང་གི་ཚེ་སེམས ་ཅན་དམྱལ་བར་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི་ལྟ་སྟེ། སེམས་ཅན་དམྱལ་བར་འཇིག་པར་འགྱུར་བ་ཞིག་པར་བརྗོད ་པར་བྱའོ།། སེམས་ཅན་དམྱལ་བ་ཇི་ལྟ་བ་དེ་བཞིན་དུ་དུད་འགྲོ་དང་། ཡི་དགས་སུ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བ་དེའི་དུས་ཀྱང་ཡོད་དོ་ཞེས་བྱ་བར ་རབ་ཏུ་མ་བཞིན་ཏེ། དེས་ན་འཇིག་རྟེན་འདི་བར་གྱི་སྐལ་པ་ཉི་ཤུས་འཇིག་པ་དེ་བྱུང་བ་བརྗོད་པར་བྱའོ།། འཛམ་བུའི་གླིང་ན་སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད ་པར་ཆོས་ཉིད་ཀྱིས་ཐོས་པའི་བསམ་གཏན་དང་པོ་ལ་མཉམ་པར་གཞོག་སྟེ། དེ་ཏིངངེ་འཛིན་དེ་ལས་ལངས་ནས་ཀྱང་། ཀྱེ་མ་དབེན་པ་ལས་སྐྱེ་བའི་དགའ་བ་དང་། བདེ ་ཁ་ནི་བདེ་བའོ།། ཀྱེ་མ་དབེན་པས་ལས་སྐྱེས་པའི་དགའ་བ་དང་བདེ་བ་ནི་བདེའོ།། ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚེགས་ཆུང་ངུས་འཛམ ་ནབུའི་གླིང་ཐམས་ཅད་དུ་ཁྱབ་པར་འགྲོ་ལ། དེ་ནས་དེ་ལས་གཞན་པའི་སེམས་ཅན་དག་གིས་ཀྱང་སྒྲ་དེ་ཐོས་ནས། ཆོས་ཉིད་ཀྱིས ་འཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་གཞོག་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། གང་གི་ཚེ་འཛམ་བུའི་གླིང་ན་སེམས་ཅན་གང་དག་འཆི ་འཕོ་ལ་སྐྱེས་པ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། འཛམ་བུའི་གླིང་དུ་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བའི་དུས་ཀྱང་ཡོད་ལ། ་དེའི་སྐབས་ཀྱང་ཡོད་དོ།། གང་གི་ཚེ་འཛམ་བུའི་གླིང་ཡང་མ་ལུས་པར་འགྱུར་ལ། དེ་ཙམ་གྱིས་ན་འཇིག་རྟེན་འདི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར ་འགྱུར་བ་དང་། དུད་འགྲོ་འཇིག་པར་འགྱུར་བ་དང་། ཡི་དགས་འཇིག་པར་འགྱུར་བ་དང་། འཛམ་བུའི་གླིང་འཇིག་པར་འགྱུར་བ་ཞིག་པར་བརྗོད་པར་བྱའོ།། ་འཛམ་བུའི་གླིང་ཇི་ལྟ་བ་དེ་བཞིན་དུ་ཤར་གྱི་ལུས་འཕགས་པོ་དང་། ནུབ་ཀྱི་བ་ལང་སྤྱོད་ཀྱང་དེ་དང་འདྲའོ།། བྱང་གི་སྒྲ་མི་སྙན་ནས་སེམས་ཅན་གང་དག་འཆི ་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། བྱང་གི་སྒྲ་མི་སྙན་གྱི་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་བའི་དུས་ཀྱང་ཡོད་ལ། ་དེའི་སྐབས་ཀྱང་ཡོད་དེ། གང་གི་ཚེ་བྱང་གི་སྒྲ་མི་སྙན་ན་སེམས་ཅན་གཅིག་ཀྱང་མ་ལུས་པར་གྱུར་པ་དེ་ཙམ་གྱིས་ན་འཇིག་རྟེན་འདི་འདི་ལྟ་སྟེ། སེམས་ཅན་དམྱལ ་བ་འཇིག་པར་འགྱུར་བ་དང་། དུད་འགྲོར་འཇིག་པར་འགྱུར་བ་དང་། ཡི་དགས་འཇིག་པར་གྱུར་པ་དང་། མི་འཇིག་པར་འགྱུར་བ་ཞིག་པར་བརྗོད་པ་དང་། རྒྱལ ་ཆེན་བཞི་པའི་ལྷ་རྣམས་ཀྱིས་ནང་ན་སེམས་ཅན་གང་ཡང་རུང་ཞིག་ལུང་མེད་པར་ཆོས་ཉིད་ཀྱིས་འཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་གཞོག་ཏེ། དེ་ཏིང ་འཛིན་དེས་ལེས་ལངས་ནས། ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ནི་བདེའོ།། ཀྱེ་མ་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ནི་བདེའོ།། ། ་ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚེགས་ཆུང་ངུས་རྒྱལ་ཆེན་བཞི་ལྷ་རྣམས་ཀྱི་ནང་དུ་ཁྱབ་པར་འགྲོ་བ། དེས་ནས་དེ་ལས་གཞན་པའི་དགའ་བ ་དང་། བདེ་བ་ནི་བདེའོ།། ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས་པ་བྱེད་དེ། སྒྲ་དེ་ཚིགས་ཆུང་ངུས་རྒྱལ་ཆེན་བཞི་ལྷ་རྣམས་ཀྱིས་ནང་དུ་ཁྱབ་པར་གྲོ་ལ། དེ་ནས་དེ ་ལས་གཞན་པའི་སེམས་ཅན་དག་གིས་ཀྱང་སྒྲ་དེས་ཐོས་ནས། ཆོས་ཉིད་ཀྱི་འཐོབ་པའི་བསམ་གཏན་དང་པོ་ལ་མཉམ་པར་བཞོག་པ། དེའི་དུས་ཀྱང་ཡོད་ལ། དེའི ་སྐབས་ཀྱང་ཡོད་དོ།། རྒྱལ་ཆེན་བཞི་ལྷ་རྣམས་འཆི་འཕོ་ལ་སྐྱེ་བ་ནི་མེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། རྒྱལ་ཆེན་བཞི་པའི་ལྷ་རྣམས་ལ ་སེམས་ཅན་དགའ་ཡང་མ་ལུས་པར་འགྱུར་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། གང་གིས་ཚེ་རྒྱལ་ཆེན་བཞི་པའི་ལྷ་རྣམས་ནི་སེམས་ཅན་འགའ་ཡང་མ་ལུས ་འཛིན། བར་གྱུར་ལ། དེ་ཙམ་གྱིས་ན་འཇིག་རྟེན་འདི་འདི་ལྟ་སྟེ། སེམས་ཅན་དམྱལ་བ་འཇིག་པར་འགྱུར་བ་དང་། དུད་འགྲོ་འཇིག་པར་འགྱུར ་བ་དང་། ཡི་དགས་འཇིགས་པར་འགྱུར་བ་དང་། མི་འཇིགས་པར་འགྱུར་བ་དང་། རྒྱལ་ཆེན་བཞི་པའི་ལྷ་རྣམས་འཇིག་པར་འགྱུར་ཞིག་པར་བརྗོད་པར་བྱའོ།། རྒྱལ ་ཆེན་བཞི་པ་ཇི་ལྟ་བ་བཞིན་དུ་སུམ་ཅུ་རྩ་གསུམ་པ་དང་། འཐབ་བྲལ་བ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་རྣམས་ཀྱང་དེ་དང་འདྲའོ།། ་གང་གི་ཚེ་གཞན་འཕྲུལ་དབང་བྱེད་ན་སེམས་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི་འདི་ལྟ་སྟེ། འདོད་པའི་ཁམས་འཇིག་པར་འགྱུར ་བ་ཞིག་པར་བརྗོད་པར་བྱའོ།། ཚངས་པའི་འཇིག་རྟེན་ན་སེམས་ཅན་གང་ཡང་རུང་བ་ཞིག་ལུང་མེད་པར་ཆོས་ཉིད་ཀྱི་འཐོབ་པའི་བསམ་གཏན་གཉིས་པ་ལས་མཉམ ་བར་གཞོག་སྟེ། དེ་ཏིང་ངེ་འཛིན་དེ་ལས་ལངས་ནས། ཀྱེ་མ་ཏིང་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་དང་། ཞི་བ་ནི་བདེ་བའོ།། ཀྱེ་མ་ཏིང་ངེ་འཛིན་ལས་སྐྱེས ་བའི་དགའ་བ་དང་། བདེ་བ་དང་། ཞི་བ་ནི་བདེའོ།། ཞེས་སྒྲ་བརྗོད་ཅིང་དབྱངས་སྒྲོགས་པར་བྱེད་དེ། སྒྲ་དེ་ཚིགས་ཆུང་ངུས་ཚངས་པའི་འཇིག་རྟེན་ཐམས་ཅད་དུ་ཁྱ ་པར་འགྲོ་ལ། དེ་ནས་གཞན་པའི་སེམས་ཅན་རྣམས་ཀྱང་ཆོས་ཉིད་ཀྱིས་འཐོབ་པའི་སྒྲ་དེ་ཐོས་ནས་བསམ་གཏན་གཉིས་པ་ལ་མཉམ་པར་གཞོག་པ་དེའི་དུས་ཀྱང ་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། ཚངས་པའི་འཇིག་རྟེན་ནས་སེམས་ཅན་རྣམས་འཆི་བོ་ལ་སྐྱེ་བ་ནི་མེད་པ་དེའི་ལུས་ཀྱང་ཡོད་ལ། དེའི་སྐྱབས་ཀྱང་ཡོད་དོ།། ་ཚངས་པའི་འཇིག་རྟེན་ན་སེམས་ཅན་འགའ་ཡང་མ་ལུས་པར་འགྱུར་ལ། དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། གང་གི་ཚེ་ཚངས་པའི་འཇིག་རྟེན་ན་སེམས ་ཅན་འགའ་ཡང་མ་ལུས་པར་གྱུར་ན། དེ་ཙམ་གྱིས་ན་འཇིག་རྟེན་འདི་འདི་ལྟ་སྟེ། སེམས་ཅན་འཇིག་པར་འགྱུར་བ་བར་ཞིག་བརྗོད་པར་བྱ་སྟེ། འཇིག་རྟེན་འདི ་སྟོང་པར་འགྱུར་རོ།། ལྷ་ཡང་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མི་འཕེབ་སྟེ། ལྷས་དུས་དུས་སུ་ཆར་གྱི་རྒྱུན་ལེགས་པར་མ་ཕབ་པས་ས་ཆེན་པོ་འདི་ལ་ས་བོན ་གྱི་ཚོགས་དང་། འབྱུང་བའི་ཚོགས་དང་། སྨན་དང་། རྩ་དང་། འབྲས་སཱ་ལུའི་ཤིང་གང་ཡིན་པ་དེ་དག་ཐམས་ཅད་སྐམ་པར་འགྱུར་ཞིང་དབང་འགྱུར་ཏེ། ་མེད་པར་འགྱུར་རོ།། ཡུན་རིང་མོ་ཞིག་འདས་ནས་ཉི་མ་ཉིས་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་དེ་ཉི་མ་གཉིས་པ་འཇིག་རྟེན་དུ་བྱུང་། བས་ས་ཆེན་པོ ་འདི་ན་ལྟེང་ཀ་ཆུང་ངུ་དང་། ལྟེང་ཀ་ཆེན་པོ་ཡོད་པ་དེ་དག་ཐམས་ཅད་སྐམས་པར་འགྱུར་ཞིང་དབང་འགྱུར་ཏེ། མེད་པར་འགྱུར་རོ།། ཡུན་རིང་པོ་ཞིག་འདས ་ནས་ཉི་མ་གསུམ་པ་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ཉི་མ་གསུམ་པ་འཇིག་རྟེན་དུ་བྱུང་བས། ས་ཆེན་པོ་འདི་ནི་ཆུ ་འཛིན#ཀྲུང་ཆུང་ངུ་དང་། ཆུ་ཀླུང་ཆེན་པོ་ཡོད་པ་གང་ཡིན་པ་དེ་དག་ཐམས་ཅད་སྐམས་པར་འགྱུར་ཞིང་དབང་བར་འགྱུར་ཏེ། མེད་པར་འགྱུར།། ་ཡུན་རིང་མོ་ཞིག་འདས་ནས་ཉི་མ་བཞི་པའི་འཇིག་རྟེན་དུ་འབྱུང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། ཉི་མ་བཞི་པ་འཇིག་རྟེན་དུ་བྱུང་བས་འཚོམ ་གྲོས་པ་ཞེས་བྱ་བའི་མཚོ་ཆེན་པོ་གང་ནས་ཀླུང་ཆེན་པོ་བཞི་ལ་འདི་ལྟ་སྟེ། གང་ག་དང་། སིན་དུ་དང་། སི་ཏ་དང་། བག་ཤུ་རྣམས་འབྱུང་བའི་མཚོ་ཆེན་དེ ་ཡང་དེའི་ཚེ་སྐམས་པར་འགྱུར་ཞིང་དབང་འགྱུར་ཏེ། མེད་པར་འགྱུར་རོ།། ཡུན་རིང་མོ་ཞིག་འདས་ནས་ཉི་མ་ལྔ་པ་འཇིག་རྟེན་དུ་འབྱུང་བར་འགྱུར་བ་དེའི་སྐབས ་ཀྱང་ཡོད་དེ། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་རྒྱས་སྐམས་པར་འགྱུར་ཞིང་དབང་འགྱུར་ཏེ་མེད་པར་འགྱུར་རོ།། ཆུ་དཔག་ཚད་ཉིས ་བརྒྱ་དང་། སུམ་བརྒྱ་དང་། བཞི་བརྒྱ་དང་། ལྔ་བརྒྱ་དང་། དྲུག་རྒྱ་དང་། བདུན་བརྒྱ་དག་ཀྱང་སྐམས་པར་འགྱུར་ཞིང་དབང་འགྱུར་ལ་མེད་པར་འགྱུརརོ།། ཉི ་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བདུན་ལུས་པར་འགྱུར་ཞིང་། དཔག་ཚད་དྲུག་སྟོང་དང་ལྔ་སྟོང་དང་། བཞི་སྟོང་དང་། སུམ་སྟོང ་དང་། ཉིས་སྟོང་དང་། ཚིག་སྟོང་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བ་ལས། རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད་བདུན་བརྒྱ་ལུས་པར་འགྱུར་ཞིང ་དཔག་ཚད་དྲུག་བརྒྱ་དང་ལྔ་རྒྱ་དང་བཞི་རྒྱ་དང་། སུམ་བརྒྱ་དང་། ཚིག་རྒྱ་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆེན་པོའི་ཆུ་དཔག་ཚད། ་བདུན་ལུས་པར་འགྱུར་ཞིང་དཔག་ཚད་དྲུག་དང་། ལྔ་དང་། བཞི་དང་། གསུཾ་དང་། གཉིས་དང་། གཅིག་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང ་བས་རྒྱ་མཚོ་ཆེན་པོའི་ཆུ་རྒྱང་གྲགས་བདུན་ལུས་འགྱུར་ཞིང་། རྒྱང་གྲགས་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་ལུས་པར ་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་བརྒྱ་མཚོ་ཆེན་པོའི་ཆུ་ཏེ་ལ་བདུན་ཙམ་ལུས་པར་འགྱུར་ཞིང་། ཏ་ལ་དྲུག་དང་། ལྔ་དང་། བཞི་དང་། ་གསུམ་དང་། གཉིས་དང་། གཅིག་ཙམ་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་རྒྱ་མཚོ་ཆུ་མི་འདྲེད། བདུན་ཙམ་ལུས་པར་འགྱུར་ཞིང་། ་མི་དྲེང་དྲུག་དང་། ལྔ་དང་། བཞི་དང་། གསུམ་དང་། གཉིས་དང་། གཅིག་ཙམ་ལུས་པར་འགྱུར་རོ།། ཉི་མ་ལྔ་པ་འཇིག་རྟེན་དུ་བྱུང་བས་ཆུ་སྒོག་པར་ཕྱིན ་པ་ཙམ་ལུས་པར་འགྱུར་ཞིང་མཚན་ཁུང་ཙམ་དང་། ལྟེ་བ་ཙམ་དང་བྱེད་པ་དང་། བརླ་ཙམ་དང་། རྗེ་ངར་ཙམ་དང་། ལོང་བུ་ཙམ་ནུབ་པའི་ཆུ་ལུས་པར་འགྱུ་རོ།། ་ཉི་མ་ལྔ་པའི་འཇིག་རྟེན་དུ་བྱུང་བས། ཆུ་གཏན་བསྐམས་པར་འགྱུར་ཞིང་ད་བར་འགྱུར་ལ་མེད་པར་འགྱུར་ཏེ། མཐར་འཛུབ་མོ་གཤེར་བ་ཙམ་ཡང་མེད་དོ།། ་སུན་རིང་མོ་ཞིག་འདས་ཉི་མ་དྲུག་པ་འཇིག་རྟེན་དུ་འབྱུང་བར་འགྱུར་འ་དེའི་དུས་ཀྱང་ཡོད་དོ།། ཉི་མ་དྲུག་པ་འཇིག་རྟེན་དུ་བྱུང་བས། ་ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རེ་རབ་ལ་དུ་བ་འཐུལ་ཞིང་། རབ་ཏུ་འཐུལ་བ་དང་། ཀུན་ཏུ་རབ་ཏུ་འཐུལ་ཏེ། དཔེར་ན་རྫ་མཁན་སེ་གཏོང་བ་དེས་ཐོག ་མ་མེད་པ་བཏང་ནས། དུ་བ་འཐུལ་ལ་རབ་ཏུ་འབུལ་ལ་ཀུན་ཏུ་འཐུལ་བ་དེ་བཞིན་དུ། ཉི་མ་དྲུག་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་དང་། རིའི་རྒྱལ་བ ་རི་རབ་དུ་བ་འཐུལ་ཞིང་རབ་ཏུ་འཐུལ་ལ། ཀུན་ཏུ་རབ་ཏུ་འཕྲུལ་ལོ།། ཡུན་རིང་མོ་ཞིག་འདས་ནས་ཉི་མ་བདུན་པ་འཇིག་རྟེན་ཏུ་འབྱུང་བ་དེའི་དུས་ཀྱང་ཡོད ་ལ། དེའི་སྐབས་ཀྱང་ཡོད་དེ་ཉི་མ་བདུན་པ་འཇིག་རྟེན་དུ་བྱུང་བས་ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་ཏུ་འབར་ཞིང་ཀུན་ཏུ་རབ་ཏུ་འཚེད་དེ། འབར་ལ ་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་སྟེ། དཔེར་ན། ཤིང་ཞུར་བཅུ་ལས་བརྟེན་ཏམ་ཉི་ཤུ་འམ། སུམ་ཅུ་འམ། བཞི་བཅུ་འམ། ལྔ་བཅུ་འམ། ཤིང་ཁུར་བརྒྱ་ལ ་ཤིང་ཁུར་སྟོང་ངམ། ཤིང་ཁུར་འབུམ་དག་ལས་བརྟེན་ཏེ། མེའི་ཕུང་པོ་ཆེན་པོ་འབར་བ་དེ་བཞིན་དུ། ཉི་མ་བདུན་པ་འཇིག་རྟེན་དུ་འབྱུང་བས་ས་ཆེན ་འདི་དང་། རིའི་རྒྱལ་པོ་རི་རབ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་འབར་ནས་མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་གོ།། ས་ཆེན་པོ་དང་། རིའི་རྒྱལ་བ ་རི་རབ་དེ་འབར་ཞིང་། རབ་ཏུ་འབར་ཀུན་ཏུ་རབ་ཏུ་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པའི་མེ་ལྕེ་ཀླུང་གི་གྱེན་ཏུ་འདས་ནས། ཚངས་པའི་བཞལ ་མེད་ཁང་སྟོང་པ་རྣམས་ཀྱི་བར་ཏུ་སྲེག་ཅིང་འགྲོ་སྟེ། འོད་གསལ་གྱིས་ལྷའི་རིས་ནས་སེམས་ཅན་གང་སྐྱེས་ནས་རིང་པོར་མ་ལོན་ལ། འཇིག་རྟེན་འདི ་འཇིག་པའི་རྒྱུས་ལ་མི་མཁས་ཤིང་། ཆགས་པའི་རྒྱུས་ལ་མི་མཁས་པ་དེ་དག་གྱིས། མེ་ལྕེ་དེ་མཐོང་མེ་ལྕེ་འདི་ཚངས་པའི་གཞལ་མེད་ཁང་སྟོང་པའི ་བར་ཏུ་བསྲེགས་ནས། འདི་ཉིད་མི་འོང་གྲང་ཞེས་མི་འགའ་ཞིང་སྐྱེ་བར་འགྱུར་རོ།། དེ་ལ་འོད་གསལ་གྱི་ལྷའི་རིས་ནས་སེམས་ཅན་གང་སྔོན་སྐྱེས་པ ་འཇིག་རྟེན་འདི་འཇིག་པའི་སྒྲས་ལ་མཁས་ཤིང་། ཆགས་པའི་རྒྱུས་ལ་མཁས་པ་དེ་དག་ནི། སེམས་ཅན་འཇིགས་པ་དེ་དག་ལ་གྲོགས་པོ་དག་མ ་འཇིག་ཤིག། མ་འཇིགས་ཤིང་། མེ་ལྕེ་འདི་སྔོན་ཡང་ཚངས་པའི་གཞལ་མེད་སྟོང་པའི་བར་ཏུ་སྲེག་ནས་མེད་དེ། ཕྱིར་དེ་ཉིད་དུ་མི་སྣང་བར་འགྱུར་ཏོ།། ། ་དེ་ལྟར་ཡང་མེ་ལྕེ་འདི་ནི་ཚངས་པའི་གཞལ་མེད་ཁང་སྟོང་པོའི་བར་ཏུ་བསྲེགས་ནས་དེ་ཉིད་དུ་མི་སྣང་འགྱུར་རོ།། ཞེས་དབུགས་འབྱིན་པར་བྱེད་དོ།། ཉི་མ་བདུན་པ ་འཇིག་རྟེན་ཏུ་བྱུང་བས། རིའི་རྒྱལ་པོ་རི་རབ་ཀྱི་རྩེ་མོ་དཔག་ཚད་བརྒྱ་འཇིག་ཅིང་རབ་ཏུ་འཇིག་ལ་དབང་འགྱུར་ཏེ། མེད་པར་འགྱུར་རོ།། ཙོ་མོ་དཔག་ཚད་ཉིས ་རྦྷ་དང་། སུམ་རྒྱ་དང་། བཞི་རྒྱ་དང་། ལྔ་ནྱ་དང་། དྲུག་རྒྱ་དང་། བདུན་བརྒྱ་ཡང་འཇིག་ལ་དབང་འགྱུར་ཏེ། ས་ཆེན་འདི་དང་། རིའི ་རྒྱལ་པོ་རི་རབ་བསྲེགས་ཤིང་ཚིག་པའི་དུ་བ་ཡང་མེད་ལ་ཐལ་བའི་ལྷག་མ་ཡང་མེད་དེ། དཔེར་ན་མར་འབྲུ་མར་ཡང་རུང་སྟེ། ནམ་ཀ་ལ་སྲེགས་ཤིང་ཚིག་པའི་དུ་བ ་ཡང་མེད་ལ། ཐལ་བའི་ལྷག་མ་ཡང་མེད་པ་དེ་བཞིན་དུ་ས་ཆེན་པོ་འདི་དང་། རིའི་རྒྱལ་པོ་རི་རབ་བསྲེགས་ཤིང་ཚིག་པའི་དུ་བ་ཡང་བྱེད་ལ། ཐལ་བའི་ལྷག་མ་ཡང ་མེད་དེ། འདི་སྐད་དུ། དུ་མཐའི་ཚེ་ན་འཚོགས་པའི་འཇིག་རྟེན་འདིར། སྤྲིན་རྣམས་ཆུ་ནི་ཆུང་ཟད་གཏོང་མི་བྱེད། ཉི་མ་གཅིག་པུས་རྩཝ་དང་གེལ་པ་དང་། སྨན ་དང་ས་བོན་ཤིང་མང་ཟད་པར་བྱེད། ཉི་མ་གཉིས་པས་ལྟེང་ཀ་ཆུང་ངུའི་ཚོགས་དེ་བཞིན་ཆུ་ཀླུང་ཆུང་ངུ་སྐམས་པར་འགྱུར། སྟེང་ཀ་ཆེན་པོའི་ཚོགས་དང་། ཀླུང་ཆེན་གྱིས ་ཆུ་རྣམས་ཉི་མ་གསུམ་པས་མེད་པར་བྱེད། མི་མ་ཡིན་ནས་མཚོན་རྩ་ཆེ་བ། མ་དྲོས་ཤེས་བྱ་ཤིན་ཏུ་ཡིད་འོང་ཞིག། གཙང་མས་ཆུའི་ཤིན་ཏུ་གང་བ་ནི། ཉི་མ ་བཞི་པ་ཡིས་ནི་བསྐམས་པར་འགྱུར། རིན་ཆེན་མང་པོས་གང་ཞིང་རབ་འཇིགས་ལ། སེམས་ཅན་ཚོགས་ཆེན་དག་གིས་གནས་འགྱུར། བརྒྱ་མཚོ་དག་ནི་ཉི་མ ་རྣམས་ཀྱི། ཡོངསུ་བདུངས་མ་ལུས་སྐབས་པར་འགྱུར། ས་དང་གངས་དང་དེ་བཞིན་རི་རབ་དང་། གསེར་གྱི་རི་དབང་རྒྱ་ཆེན་བདུན་པོ་རྣམས་དང་། གསེར་གྱི་རི། ་དབང་རྒྱ་ཆེན་བདུན་པོ་རྣམས་དང་། ཉི་མ་དྲུག་པོ་དག་གིས་རབ་བདུངས་པས། ཀུན་ནས་འདུད་པ་ཤིན་ཏུ་འཐོན་པར་བྱེད། གང་ཚེ་ཉི་མ་བདུན་པོ་ཤར་གྱུར་ནས།། ་འདི་ནི་འོད་ཟེར་དྲ་བ་རབ་གཏོང་བ། དེའི་ཚེ་ན་ས་དང་རི་རྣམས་ཀྱང་། ཐམས་ཅད་ཤིན་ཏུ་འབར་བར་འགྱུར། འོད་ཟེར་དྲ་བ་རབ་ཏུ་ཇོམས་ལྡན་པའི། ཉི་མ་དེ ་བདུན་རྣམ་པར་རྒྱུ་བའི།། ས་འདི་དང་དེ་ནི་དེ་བཞིན་གསེར་གྱི་ས་གཞི། སེམས་ཅན་དམྱལ་བརྒྱད་རི་རྣམས་ཐམས་ཅད་དང་། འདོད་ལྡན་ལྷ་རྣམས་ཀྱིས་ནི་ཁང ་པ་དང་། འདོད་པ་ཀུན་གྱིས་གན་སུ་སོང་ནས་ཀྱང་།། འདོད་པའི་ལྷ་མང་ཤིན་ཏུ་ཡིད་འོང་བྲལ།། ཚངས་པའི་གནས་རྣམ་ཤིན་ཏུ་སྲེག་པར་བྱེད།། ཇི་ལྟར་སྨྲས་བཞིན ་མ་ལུས་ཀུན་བསྲེགས་ནས།། དུས་མཐའི་ཉི་མ་གཟི་བརྗིད་ཆེ་ལྡན་པ། དེ་དག་ཉིད་ཀྱང་དབང་ནི་མེད་འགྱུར་ཞིང་།། མི་རྟག་ཉིད་ཀྱིས་བཅོམ་ནས་ཞིག་པར ་འགྱུར།། དེ་ལྟར་ལྷུན་པོ་རྒྱ་མཚོ་ཆེན་དང་ས།། དེ་བཞིན་མཐོ་རིས་ཟད་འགྱུར་ཞེས་ནས་ནི།། སྐྱེ་བོ་དམ་པ་དེ་དག་གིས་རྟེན་པའི།། འཕགས་པའི་གནས་ལ་རྟག ་ཏུ་བློ་ཞོག་ཞིག། ཅེས་འབྱུང་བ་ལྟ་བུའོ།། བཅོམ་ལྡན་འདས་ཀྱིས་ཀྱང་ཉི་མ་བདུན་ལུང་བསྟན་པ་ལས་ཀྱང་འདི་སྐད་དུ། དགེ་སློང་དག་འདུ་བྱེད་ཐམས་ཅད ་ནི་མི་རྟག་པའི། མི་བརྟན་པ། དབུགས་འབྱིན་པ་མ་ཡིན་པ་སྟེ། འགྱུར་བའི་ཆོས་ཅན་ཡིན་ནོ།། དགེ་སློང་དག་འདུ་བྱེད་ཐམས་ཅད་ཀྱིས་ནི་ཡེ་ཆོག་གོ།། སྐྱོ་བར ་འཛིནབྱས་ན་ལེགས་སོ།། མ་ཆགས་པར་བྱས་ན་ལེགས་སོ།། རྣམ་པར་ཐར་བར་བྱས་ནས་ལེགསོ།། དགེ་སློང་དག་གང་ཡུན་རིང་མོ་ཞིག། ་འདས་ནས་ཆར་མི་འབབ་པའི་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། ཆར་མི་འབབ་པས་ས་ཆེན་པོ་འདི་ལ་ས་བོན་གྱིས་ཚོགས་དང་། ཤིང་གི་ཚོགས ་དང་། སྨན་དང་རྩ་དང་། འབྲས་བུའི་ཤིང་གང་ཡིན་པ་དེ་དག་ཐམས་ཅད་སྐམས་པར་འགྱུར་ཞིང་ད་བར་འགྱུར་ལ་མེད་པར་འགྱུར་རོ།། དགེ་སློང་དག་དེ་ལྟར་ན ་འདུ་བྱེད་ཐམས་ཅད་ནི་མི་རྟག་པའོ།། དེ་ལྟར་ན་མི་བརྟན་པའོ།། དེ་ལྟར་ན་དབུགས་འབྱིན་པ་མ་ཡིན་པའོ།། དེ་ལྟར་ན་འགྱུར་བའི་ཆོས་ཅན་ནོ། དགེ་སློང་དག ་འདུ་བྱེད་ཐམས་ཅད་ཀྱིས་ནི་ཡེ་མཆོག་གོ། སྐྱོ་བ་བྱས་ན་ལེགས་སོ།། མ་ཆགས་པར་བྱས་ན་ལེགས་སོ།། རྣམ་པར་ཐར་པར་བྱས་ན་ལེགས་སོ།། དགེ ་སློང་དག་གང་ཡུན་རིང་མོ་ཞིག་འདས་ནས། ཤེས་བྱ་བ་ནས། དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། ཞེས་བྱ་བའི་བར་དུ་གསུངས་ཏེ། སྔ་མ་བཞིན ་དུ་མདོ་ཐམས་ཅད་བརྗོད་པར་བྱའོ།། འཇིག་རྟེན་འདི་ཡང་ཚིགས་ལ་ནམ་ཀ་ལ་ཡང་རླུང་ལྡང་བར་འགྱུར་ཏེ། དེ་ཙམ་གྱིས་ན། འཇིག་རྟེན་འདིའི་བར་གྱིས་སྐལ ་པ་ཉི་ཤུར་འཇིག་པ་དེའི་མཐར་ཐུག་པར་བརྗོད་པར་བྱའོ།། གང་གི་ཚེ་འཇིག་རྟེན་འདི་བར་གྱི་བསྐལ་པ་ཉི་ཤུར་ཞིག་པར་གནས་པར་འགྱུར་ལ་དེ་ཡང་འབྱུང་བར ་བརྗོད་པར་བྱའོ།། ཡུན་རིང་མོ་ཞིག་འདས་ནས། ནམ་ཀ་ལས་རླུང་འཇམ་པོ་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། དེ་ཙམ་གྱིས་ན་འཇིག ་རྟེན་གྱིས་གནས་འདི་བར་གྱིས་སྐལ་པ་ཉི་ཤུར་ཞིག་པར་གནས་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ།། གང་གི་ཚེ་འཇིག་རྟེན་འདི་བར་གྱི་སྐལ་པ་ཉི་ཤུར་འཆགས ་བ་དེ་ཡང་བྱུང་བར་བརྗོད་པར་བྱའོ།། རླུང་དེ་དག་ཀྱང་རྒྱས་པར་གྱུར་སྡུག་པར་གྱུར་པ་དེ་ནི། རླུང་གྱིས་དཀྱིལ་འཁོར་ཡིན་ཏེ། རྔམ་སུ་དཔག་ཚད་ས་ཡ་ཅིག་དང་། ་དྲུག་འབུམ་ཡོད་དོ།། བརྒྱར་ནི་གྲངས་མེད་ཚད་མེད་དེ། ཤིན་ཏུ་བརྟན་ཞིང་སྲ་བ་དེ་ལ་ཚན་ཆེན་པོ་དང་། རབ་གནོན་དང་། སྲེད་མེད་ཀྱི་བུ་ལ་སོགས་པ་ཡང ་རྡུངས་པར་འགྱུར་ལ་རྡོ་རྗེས་ཀྱང་མི་བྱེད་དོ།། ཡུན་རིང་སྲི་ཞིག་འདས་ནས་རླུང་གི་དཀྱིལ་འཁོར་དེའི་སྟེང་དུ་ཆུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་འཆར་འབབ་པ་དེའི ་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། རླུང་གི་དཀྱིལ་འཁོར་གང་ཡིན་པ་དེ་དག་གྱིས་ཆུ་དེ་དག་ཡོངསུ་འཛིན་ཅིང་ཀུན་ནས་བརྟེན་ལ་མེད་པར་མི་བྱེད་པ་དེ་ནི་ཆུའི ་དཀྱིལ་འཁོར་ཞེས་བྱ་སྟེ། རྔམས་སུ་དཔག་ཚད་ས་ཡ་གཅིག་དང་དཔག་ཚད་འབུམ་ཉི་ཁྲི་ཡོད་དོ།། རྒྱར་ནི་དཔག་ཚད་ས་ཡ་གཅིག་དང་། ཉི་འབུམ་དང་། དཔག་ཚད ་བཞི་བརྒྱ་ལྔ་བཅུ་ཡོད་དོ།། མཐར་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་དང་། དཔག་ཚད་སུམ་རྒྱ་ལྔ་བཅུ་ཡོད་དོ།། ཡུན་རིང་མོ་ཞིག་འདས། ་འཛིནནས་ཆུའི་དཀྱིལ་འཁོར་དེའི་སྟེང་དུ་རླུང་ལྡང་བའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། དེ་དག་ཀུན་ཏུ་བྱེད་དེ། ཀུནཿ། ་བསྡུས་ཤིང་འདུས་པར་བྱས་ནས། གཅིག་ཏུ་བསྡུས་ཤིང་འདུས་པར་བྱས་ནས། གཅིག་ཏུ་བསྡུས་ཏེ། མཐུར་ཏུ་ཟུག་པར་བྱེད་ཅིང་སྟོང་ནི་ཆུང་དང་ཁ ་ད་ཆད་ཏུ་གཞོག་སྟེ། དེ་ནི་གསེར་གྱི་ས་གཞི་ཆེན་པོ་ཡིན་ཏེ། རྔམས་སུ་དཔག་ཚད་སུམ་བཅུ་ཉི་ཁྲི་ཡོད་དོ།། རྒྱར་ནི་དཔག་ཚད་ས་ཡ་གཅིག་དང་། ཉི་འབུམ ་དང་། དཔག་ཚད་བཞི་རྒྱ་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་སུམ་རྒྱ་ལྔ་བརྒྱ་ཡོད་དོ།། ཡུན་རིང་མོ་ཞིག་འདས་ནས ་གསེར་གྱི་ས་བཞི་ཆེན་པོ་དེའི་སྟེང་དུ་ཆུའི་བརྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱིས་ཆར་འབབ་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། གསེར་གྱི་ས་བཞི ་ཆེན་པོ་དེས་ཆུ་དེ་དག་ཡོངསུ་འཛིན་ཅིང་། ཀུན་ནས་བརྟན་ལ་མེད་པར་མི་བྱེད་པ་དེ་ནི་ཆུའི་རྒྱ་མཚོ་ཆེན་པོ་ཡིན་ནོ།། ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་ནང་དུ་བལྟས ་བས་དང་། ཕྱི་རོལ་ཏུ་བལྟས་པའི་རླུང་ཁོར་འཁོར་ཡུག་ནས། གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་དོ།། དེའི་སྐབས་ཀྱང་ཡོད་དོ།། དེ་དག་གིས་ཆུ་དེ་དག ་ཀུན་སྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་བསྡུས་པར་བྱས་ནས། གཅིག་ཏུ་བསྡུས་པར་བྱས་ཏེ། ཟུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་། ་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་རི་རབ་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆའི་འོད་གསེར་གྱི་ས་བཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་འརྒྱད་ཁྲི་ནི་ཆུ་ལས ་གྱེན་ཏུ་འཕགས་ཏེ། དེའི་འཕང་དུ་དཔག་ཚད་འབུམ་དྲུག་ཁྲི་ཡོད་དོ།། ཆུར་ཡང་དཔག་ཚད་བརྒྱད་ཁྲི་ཡོད་ལ། ཞེང་དུ་ཡང་དཔག་ཚད་བརྒྱད་ཁྲི་ཡོད་དེ། མཐའ་སྐོར་དུ་དཔག ་ཚད་སུམ་འབུབ་ཉི་ཁྲི་ཡོད་ལ། དབྱི་བ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་ཡིནོ།། ཆུའི་བ་རྒྱ་མཚོ་ཆེན་པོ་གང་ཡིན་པ་དེའི་སྟེང་དུ་ནང་དུ་བལྟས ་པ་དང་། ཕྱི་རོལ་ཏུ་ལྟས་པའི་རླུང་ཁོ་ར་འཁོར་ཡུག་ནས། གྲུ་བཞིར་ལྡང་བའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དོ།། དེ་དག་གིས་ཆུ་དེ་དག་ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདུ་བར ་བྱེདདོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདས་པར་བྱས་ནས་ཐུར་དུ་ཡང་ཟུག་པར་བྱེད་ཅིང་གྱེན་ཏུ་ཡང་འབྱུང་བར་བྱེད།། དེ་ནི་རིའི་རྒྱལ་པོ་གཉའ་ཤིང་འཛིན་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི ་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་བཞི་ཁྲི་ནི་ཆུ་ལས་གྱེན་ཏུ་འཕག་སོ།། རྔམསུ་ཡང་དེ་དང་དྲ་དེ། དབྱིབ་ལེག་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན།། ཡུན་རིང་མོ་ཞིག། ་འདས་ནས་ཆུའི་རྒྱམཚོཆེན་པོ་དེའི་སྟེང་དུ་ནང་དུ་ལྟས་པ་དང་། ཕྱི་རོལ་ཏུ་འསླསའི་རླུང་ཁོར་འལ་བཅུག་ནས།། གྲུ་བཞིང་ལྡན་པ་དེའི་དུས་ཀྱང་ཡོང་ལ། དེའི་གལས་ཀྱང་མེད་དོ།། དེ་ན་གིས་རྒྱང་ག་ཀུན་ཏུ ་ཅིང་ཀུན་དུ་འདུ་བར་བྱེད།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་བསྡུས་པ་བྱས་ནས། ཐུར་དུ་ཡང་ཟུག་པ་བྱེད་ཅིང་། གྱེན་དུ་ཡང་འབྱུང་བར་བྱེད།། དེ་ནི་རིའི་རྒྱལ་པོ་ཤོལ་མངའ་འཛིན་ཅེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི ་ཆུའི་འོག་གསེར་གྱི་ས་ངཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་ཉི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། རྔམས་སུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིན ་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མེ་ཞིག་འདས་ནས་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ་དང་། ཕྱི་རོལ་དུ་བལྟས་པའི་ཀླུང་ཁོ་ར་འཁོར་ཡུག ་ནས། གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་དེ། དེའི་སྐབས་ཀྱང་ཡོད་དོ།། དེ་དག་གིས་རུ་དེ་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདས་པར་བྱས་ནས། ཐུར་དུ ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནིས་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་བརྟེན་ཏོ།། ་དཔག་ཚད་ཁྲི་ནི་འཆུ་ལས་བྱིན་དུ་འཕགས་སོ།། རྔམས་སུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག ་འདས་ནས། ཆུའི་བརྒྱ་མཚོ་ཆེན་པོ་དེའི་དེའི་སྟེང་དུ་ནང་དུ་ལྟས་པ་དང་། ཕྱི་རོལ་ཏུ་ལྟས་པའི་ཀླུང་ཁོར་འཁོར་ཡུག་ནས། གྲུ་བཞིར་ལྡང་བའི་དེའི་དུས་ཀྱང་ཡོད་ལ། དེའི ་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་བསྡང་ཅིང་ཀུན་ཏུ་བསྡད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་བསྡུས་པར་བྱས་ནས། ཐུར་དུ་ཡང་ཟུག ་བར་བྱེད་ཅིང་གྱེན་ཏུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་སེང་ལྡང་ཅན་ཞེས་བྱ་བ་ཡིན་ཏེ།། དཔག་ཚད་བརྒྱད་ཁྲི་ནི་ནུའི་འོད་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག ་ཆང་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། རྔམས་སུ་ཡང་དེ་དང་འདྲ་སྟེ་དབྱིབས་ལེགས་ཤིང་བལྟན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པའོ།། ཡུན་རིང་མོ་ཞིག་འདས་ནས། ཀུན་ཏུ ་ནུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་ནང་དུ་ལྟས་པ་དང་། ཕྱི་རོལ་ཏུ་བལྟས་པའི་ཁོར་འཁོར་ཡུག་ནས། གྲུབ་ཤིང་ལྡང་བ་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས ་ཆུ་དེ་དག་ཀུན་ཏུ་བསྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤི་ཀུན་ཏུ་བསྡུས་པར་བྱས་ནས། ཐུར་ཏུ་ཡང་ཟུགས་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི། ་རྒྱལ་པོ་རྟན་སྡུག་ཞེས་བྱ་བ་ཡིན་ནོ།། དཔག་ཚད་ཁྲི་ནི་ཆུའི་འོད་གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་ལྔ་སྟོང་ནི། ཆུ་ལས་གྱེན་དུ་འཕགསོ།། རྔམས་སུ་ཡང་དེ ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་བསྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས། ཀུན་དུ་ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནང་དུ་བལྟས་པ། ་དང་ཕྱི་རོལ་ཏུ་ལྟས་པའི་རླུང་ཁོ་ར་ཁོར་ཡུག་ན། བྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ནུ་དེ་བདག་ཆུ་དེ་དག་ཀུན་ཏུ་བསྡུད་ཅིང་ཀུན ་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་རབ་དུ་བསྡུས་པར་བྱས་ནས། ཐུར་ཏུ་ཡང་ཟུག་པར་བྱེད་ཅིང་གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་རྣམ་པར ་འདུད་ཅེས་བྱ་བ་ཡིན་ནོ།། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོད་གསེར་གྱི་ས་བཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་ཉིས་སྟོང་ལྔ་རྒྱ་ནི། ཆུ་ལས་གྱེན་དུ་འཕགས་སོ།། རྔམས ་དག་@#སུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་བ་ཞིག་འདས་ནས། ཆུའི་རྒྱམ་ན། ་ཆེན་པོ་དེའི་སྟེང་དུ་ནང་དུ་ལྟས་པ་དང་། ཕྱི་རོལ་ཏུ་བལྟས་པའི་རླུང་ཁོ་ར་འཁོར་ཡུག་ནས། སྨྲ་ཞིང་ལང་བའི་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་རླུ་དེ ་ངག་ཀུན་ཏུ་བསྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་བསྡུས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་། གྱེན་དུ་ཡང་འབྱུང་བར་བྱེ་བར་བྱེད་དོ།། དེ ་ནི་རིའི་རྒྱལ་པོ་རྣམས་པར་བསྡུ་ཅེས་བྱ་བ་ཡིན་ཏེ། དཔག་ཚད་རྒྱ་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་དྲུག་སྟོང་ཉི་རྒྱ་ལྔ་ཅུ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ་རྔམས་སུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མེ་ཞིག་འདས་ནས། ནུའི་རྒྱ་མཚོ་ཆེན་པོ་དེའི་ནང་དུ་བལྟས ་བ་དང་ཕྱི་རོལ་ཏུ་ལྟ་བའི་ཀླུང་ཁོར་འཁོར་ཡུག་ནས། ཟླུམ་པར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་བསྡུད་ཅིང་ཀུན་ཏུ་འདུ་བར། ་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་། གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་མུ་ཁྱུད་འཛིན་ཅེས་བྱ་བ། ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ནི་ཆུ་ལས་གྱེན་དུ་འཕགསོ།། རྔམསུ་ཡང་དེ་དང་འདྲ་སྟེ། ་དབྱིབས་ལེགས་ཤིང་ལྷན་སྡུག་ལ་མཛེས་པ་གསེར་ལས་གྲུབ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས། ནུའི་རྒྱ་མཚོ་ཆེན་པ་དེའི་སྟེང་དུ་ནང་དུ་བལྟས་པ་དང་ཕྱི་རོལ་ཏུ་ལྦ་བའི་ཀླུང་ཁོར། ་ཁོར་ཡུག་ནས། ཟླུམ་པོར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་སྡུད་ཅིང་ཀུན་དུ་འདུ་བར་བྱེད་དོ།། ཀུན་དུ་བསྡུས་ཤིང་ཀུན་ཏུ ་འདུས་པར་བྱས་ནས། ཐུར་དུ་ཡང་ཟུག་པར་བྱེད་ཅིང་། གྱེན་དུ་ཡང་འབྱུང་བར་བྱེད་དོ།། དེ་ནི་རིའི་རྒྱལ་པོ་ཁོར་ཁོར་གྱི་རི་ཞེས་བྱ་བ་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ནི ་ནུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་སུམ་བརྒྱ་རྩ་ཕྱེད་དང་བཅུ་གསུམ་ནི་ཆུ་ལས་གྱེན་དུ་འཕགས་སོ།། རྔམ་སུ་ཡང་དེ་དང་འདྲ་སྟེ། དབྱིངས་ཤཱང ་བལྟ་ན་སྡུག་ལ་མཛེས་པ་ལྕགས་ལས་གྲུབ་པ་ཡིན་ནོ།། །། བམ་པོ་དྲུག་པ།། ཡུན་རིང་མེ་ཞིག་འདས་ནས། ་ཆུའི་རྒྱ་མཆེ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་རྩཝ་ཕྱོགས་ཀྱིས་ཕྱི་རོལ་གྱིས་རྒྱ་མཆེ་ཆེན་པོར་ནང་དུ་ལྟས་པ་དང་། ནང་རྒྱ་ཆེ་བ་དང་ཕྱི་རོལ་དུ་ལྟས་པ་དང་། ཤིང་རྟའི་དབྱིབས་སུ ་བུའི་རླུང་ཁོ་ར་ཁོར་ཡུག་ནས་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ནུ་དེ་དག་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང ་ཀུན་ཏུ་འདུས་པར་བྱས་ནས། གཅིག་ཏུ་འདུས་པར་བྱས་ནས། ཐུར་ཏུ་ཡང་གཟུགས་པར་བྱེད་ཅིང་། སྟེང་ཏུ་ཡང་ནུ་དང་ཁ་ད་ཆུང་དུ་གཞོག་གོ།། དེ་ནི་འཛམ་བུའི ་དྲི་ཞེས་བྱ་བ་ཡིན་ཏེ། དཔག་ཅད་བརྒྱང་ལྡན་ནུ་འགགས་རིགས་གག་ཆེན་པོ་ལ་བརྟེན་ཏོ།། གླེང་ན་རྫ་ང་ཁང་ཅང་དུ་འདུན་ཏེ། ་ངོས་ནང་གིས་རིང་པོ་གང་ཡིན་པ་དེ་ལ་ནི། དཔག་ཚད་ཉི་སྟོང་ཡོད་དོ།། ངོས་ནང་གི་ཐུང་ངུ་གང་ཡིན་པ་དེ་ལ་ནི། དཔག་ཆད་བྱེད་དང་གཞི་ཡོད་ལ། མཐའ་སྐོར་དུ་དཔག ་ཚད་ཕྱེད་དང་བཞི་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པས་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མེ་ཞིག་འདས་ནས། ནུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ ་རི་རབ་ཀྱི་རབ་ཀྱི་ཤར་ཕྱོགས་ཀྱི་ཕྱི་རོལ་གྱིས་རྒྱ་མཚོ་ཆེན་པོའི་ནང་དུ་ལྷས་ཤིང་། ཕྱི་རོལ་རྒྱ་ཆེ་བའི་རླུང་ཁོ་ར་ཁོར་ཡུག་ནས། ཟླ་གམ་ལྟ་བུར་གྲུབ་ཅིང་ལྡང་བ་དེའི་དུས་ཀྱང་ཡོད ་ལ། དེའི་སྐབས་ཀྱང་ཡོད་དེ། དེའི་སྐབས་ཀྱང་ཡོད་དེ། དེ་དག་གིས་ཆུ་དེ་དག་ཀུན་ཏུ་བསྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་བསྡུས་ཤིང་ཀུན་ཏུ་བསྡུས་པར་བྱས་ནས། ་གཅིག་ཏུ་འདུས་པར་བྱས་ཏེ། ཐུར་ཏུ་ཡང་གཟུག་པར་བྱེད་ཅིང་། སྟེང་གིས་ཆུ་དང་ཁ་ད་ཆང་དུ་གཞོག་གོ། དེ་ནི་ཤར་གྱི་ལུས་འཕགས་ཀྱིས་གླིང་ཞེས་བྱ་བ་ཡིན་ཏེ། ་དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་བསྟེན་ཏོ།། སྟེང་ནི་ཆུ་དང་ཁ་ད་ཆད་དུ་གཞོག་སྟེ། དེའི་ངོས་ནང་གྱི་རིང་པོ་གང་ཡིན་པ་དེ་ལ་དཔག་ཚད་ཉིས་སྟོང ་ཡོད་དོ།། ངོས་དང་གི་ཐུང་ངུ་དེ་ལ་ནི། དཔག་ཚད་སུམ་རྒྱ་ལྔ་བཅུ་ཡོད་ལ་མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་དང་། དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དེ། དབྱིབས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མེ་ཞིག་འདས་ནས། ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་རིའི་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་ཀྱི་ལོགས་ཀྱི ་ཕྱི་རོལ་གྱིས་རྒྱ་མཚོ་ཆེན་པོར་ནང་དུ་ལྟས་པ་དང་། ཕྱི་རོལ་ཏུ་ལྟས་པའི་རླུང་ཁོ་ར་ཁོར་ཡུག་ནས། ཟླུམ་པོར་ལྡང་བ་དེའི་དུས་ཀྱང་ཡོད་ལ། དེའི་བསྐབས་ཀྱང་ཡོད་དེ། དེ་དག ་གྱིས་ཆུ་དེ་དག་ཀུན་དུ་སྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དོ།། དེ་དག་གིས་ཆུ་དེ་དག་ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འདུས་པར་བྱས་ནས། གཅིག་འདུས་པར་བྱས་ཏེ། ཐུར་དུ་ཡང་ཟུག ་པར་བྱེད་ཅིང་། སྟེང་ཏུ་ནི་ཆུ་དང་ཁ་ད་ཆད་དུ་གཞོག་གོ།། དེ་ནི་ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་ཡིན་ཏེ། དཔག་ཚད་རྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ ་བརྟེན་ཏོ།། སྟེང་ནི་ཆུ་དང་ཁ་ད་ཆད་དུ་འདུག་སྟེ། ནུར་དཔག་ཚད་ཉི་སྟོང་ལྔ་བརྒྱ། ཞེང་དུ་དཔག་ཚད་ཉི་སྟོང་བརྒྱ་ཡོད་ལ། མཐའ་སྐོར་དུ་དཔག་ཚད་བདུན་སྟོང་ལྔ་བརྒྱ་ཡོད་དེ། ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པས་ལས་གྲུབ་པ་ཡིན་ནོ།། ཡུན་རིང་མོ་ཞིག་འདས་ནས། ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་ན། རེའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས ་ཀྱིས་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོར་ནང་དུ་ལྟས་པ་དང་། ཕྱི་རོལ་ཏུ་ལྟས་པའི་རླུང་ཁོར་འཁོར་ཡུག་ནས། གྲུ་བཞིར་ལྡང་བ་དེའི་དུས་ཀྱང་ཡོད་ལ།། དེའི་སྐབས་ཀྱང་ཡོད ་དོ།། དེ་དག་གིས་ན་དེ་དག་ཀུན་ཏུ་འདུ་བར་བྱེད་དོ།། ཀུན་ཏུ་འདུས་ཤིང་ཀུན་ཏུ་འདུས་པར་བྱས་ནས། གཅིག་ཏུ་འདུས་པར་བྱས་ཏེ། ཐུར་ཏུ་ཡང་ཟུག་པར་བྱེད་ཅིང་། ་@#སྟེང་ནི་ཆུ་དང་ཁང་ཆད་དུ་གཞོག་གོ།། དེ་ནི་བྱང་གི་སྒྲ་མི་སྙན་ཞེས་བྱ་བའི་གླིང་ཡིན་ཏེ། དཔག་ཚད་བརྒྱད་ཁྲི་ཆུའི་འོག་གསེར་གི་ས་བཞི་ཆེན་པོ་བརྟེན་ཏོ།། ་སྟེང་ནི་རུ་དང་ཁང་ནང་དུ་འདུག་ཏེ། ཆུར་དཔག་ཚད་ཉི་སྟོང་། ཞེང་དུ་དཔག་ཚད་ཉི་སྟོང་ཡོད་ལ་མཐའ་སྐོར་དུ་དཔག་ཚད་ཉི་སྟོང་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ ་མཛེས་པ། ས་ལས་གྲུབ་པ་ཡིན་ནོ། ཡུན་རིང་ཞིག་འདས་ནས། ན་མཁའ་ལ་ཚངས་པའི་གཞལ་མེད་ཁང་སྟོང་པ་ལེགས་པར་གནས་པར་འགྱུར་ལ་དེའི་དུས་ཀྱང་ཡོད་ལ ་དེའི་སྐབས་ཀྱང་ཡོད་དོ།། དེ་ནས་སེམས་ཅན་གཞན་ཚེ་ཟད་ཅིང་། ལས་ཟད་ལ་བསོད་ནམས་ཟད་ནས་འོད་གསལ་གྱིས་ལྷའི་རིས་ནས་ཚེ་འཕོས་ཏེ། ཚངས་པའི་གཞལ ་མེད་ཁང་ཏོང་བའི་ནང་དུ་སྐྱེ་བར་འགྱུར་རོ།། ། དེ་ནས་སེམས་ཅན་གཞན་ཡང་ཚེ་ཟད་ཅིང་། ལས་ཟད་པ་ལ་བསོད་ནམ་ཟད་ནས་འོད་གསལ་གྱི་ལྷའི་རིས་ནས་ཚེ་འཕོས་ཏེ། ་ཚངས་པའི་འདུན་ན་འདོན་གྱི་ལྷར་སྐྱེ་བར་འགྱུར་རོ།། དེ་ནས་ཚངས་པའི་རིས་སུ་སྐྱེའོ།། དེ་ནས་རྒྱལ་ཆེན་པོའི་ལྷ་རྣམས་ཀྱིས་བར་དུ་སྐྱེ་བར་འགྱུར་ཏེ། དེ་ཙམ་གྱིས་ན་འཇིག ་རྟེན་འདི་བར་གྱི་སྐལ་བ་ཉི་ཤུར་ཆགས་པ་དེ་མཐར་ཐུག་པར་བརྗོད་པར་བྱའོ།། དེ་ནས་འཇིག་རྟེན་འདི་བར་གྱི་སྐལ་པ་ཉི་ཤུར་ཆགས་ནས་པ་དེ་ཡང་བྱུང་བར་བརྗོད་པར་བྱའོ།། ་ཡུན་རིང་མོ་ཞིག་འདས་ནས། ཆུའི་རྒྱ་མཚོ་ཆེན་པོ་དེའི་སྟེང་དུ་ནུའི་རྒྱུན་ཤིང་རྟའི་སྲོག་ཤིང་ཙམ་གྱི་ཆར་འབབ་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ་དེས་རོལ་མཚོ་རྣམས་ཀྱང་གང་བར་བྱེད་ལ།། གླིང་རྣམས་ནུ་དང་ཁང་ཆང་དུ་གཞོག་སྟེ། ས་ཆེན་པོ་འདི་ཆུ་ཅིག་ཅིང་རྒྱ་མཚོ་གཅིག་ཏུ་འགྱུར་བར་བྱེད་དོ།། ས་ཆེན་པོ་ཆུ ་གཅིག་ཅིང་རྒྱ་མཚོ་གཅིག་ཏུ་གྱུར་པ་དེའི་སྟེང་དུ། རླུང་གིས་བྲིས་མ་ཀུན་ཏུ་སྡུད་ཅིང་ཀུན་ཏུ་འདུ་བར་བྱེད་དེ། ལེགས་པར་གནས་པར་བྱེད་ཅིང་། ཀུན་ཏུ་བདལ་ཏེ། ་དཔེར་ན་འོ་མ་སྐོལ་ཏེ་བསྒྲངས་པའི་སྟེང་དུ་རླུང་གིས་སྤྲོས་མ་ཀུན་ཏུ་སྡུད་ཅིང་ཀུན་ཏུ་བྱེད་དེ། ལེགས་པར་གནས་པར་བྱེད་ཅིང་ཀུན་ཏུ་བདལ་བ་དེ་བཞིན་དུ། ས་ཆེན་པོ ་གཅིག་ཅིང་། རྒྱ་མཚོ་གཅིག་ཏུ་གྱུར་པའི་སྟེང་ཏུ་རླུང་གིས་པྲིས་མ་ཀུན་ཏུ་བསྡུད་ཅིང་ཀུན་འདུ་བར་བྱེད་དེ། ལེགས་པར་གནས་པར་བྱེད་ཅིང་ཀུན་ཏུ་བདལ་ཏེ། དེ་ནི་སའི ་བཅུད་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་དང་། ཁ་དོག་ནི་དཔེར་མར་སར་བཞིན་ནོ།། རེ་ནི་དཔེར་ན་སྦྲང་བུའི་སྦྲང ་རྩི་བསྐོལ་པ་བཞིན་ནོ།། དེ་ནས་སེམས་ཅན་གཞན་དག་ཀྱང་ཚེ་ཟད་ཅིང་། ལས་ཟད་ལ། བསོད་ནམ་ཟད་ནས། འོད་གསལ་གྱི་ལྷའི་རིས་ནས་འཆི་འཕོས་ཏེ། འཇིག ་རྟེན་འདིར་སྐྱེས་པར་འགྱུར་རོ།། དེ་དག་འདིར་གཟུགས་བཟང་བ་དང་། ཡིད་ལས་སྐྱེས་པ་དང་མ་ཉམས་པ་དང་། དབང་པོ་ཚང་བ་དང་། ཡན་ལག་དང་། ཉིན་ལག ་ཐམས་ཅད་དང་། ལྡན་པ་དང་། བཟའ་བ་དང་། མདོག་སྡུག་པ་དང་། དགའ་བའི་བཟའ་བ་དང་། རང་ལས་འོད་འབྱུང་བ་དང་། ན་མཁའ་ལ་འགྲོ་བ་དང་། ་##། ཚེ་རིང་ཤི་ཡུན་རིང་པོར་གནས་སོ།། དེའི་ཚེན་གྱིམ་དང་། ཟླ་བ་འདི་གཉིས་འཇིག་རྟེན་ཏུ་མི་འབྱུང་ངོ་།། རྒྱུ་སྐར་རྣམས་ཀྱང་མི་འབྱུང་ངོ་།། ་དུས་ཚིགས་དང་། ལོ་རྣམས་ཀྱང་མི་འབྱུང་། ཟླ་བ་དང་ཟླབ་ཕྱིན་པ་རྣམས་མི་འབྱུང་།། མཚན་མ་དང་། ཉིན་མོ་རྣམས་མི་འབྱུང་། སྐད་ཅིག་དང་། ཟས་ནི་དང་། ་ཡུན་ཙམ་རྣམས་མི་འབྱུང་། སྐྱེས་པ་དང་། བུད་མེད་ཀྱང་མེད་དེ། གཞན་དུ་ན་སེམས་ཅན་སེམས་ཅན་ཞེས་བྱ་བའི་མིང་འབའ་ཤིག་འབྱུང་ངོ་།། དེ་ནས་སེམས་ཅན་བརྐ ་པའི་རང་བཞིན་ཅན་གཞན་གང་ཞིག་གྱིས་སའི་བཅུད་འཛུབ་མེའི་ཐོར་ཏོས་བླངས་ཏེ་མྱངསོ།། ཇི་ཙམ་དུ་མྱང་བར་བྱེད་པ་དེ་ཙམ་དུ་སྲེད་པར་གྱུར་ཏོ།། ཇི་ཙམ་དུ་སྲེད་པར་གྱུར ་པ་དེ་ཙམ་དུ་ཁམས་ཀྱིས་ཟ་བར་བྱེད་དོ།། སེམས་ཅན་གཞག་དག་གིས་ཀྱང་སེམས་ཅན་དེ། སའི་བཅུད་འཛུབ་མེའི་ཐོར་ཏོས་བླངས་ཏེ། མྱང་བར་བྱེད་པ་མཐོང་ངོ་།། མཐོང་། ་ནས་སེམས་ཅན་དེ་དག་གིས་ཀྱང་སའི་བཅུད་འཛུབ་མོའི་ཐོར་ཏོས་བླངས་ཏེ་མྱང་བར་བྱེད་དོ།། ཇི་ཙམ་མྱང་བར་བྱེད་པ་དེ། ཙམ་དུ་སྲེད་པར་གྱུར་ཏོ།། ཇི་ཙམ་དུ་སྲེད་པར ་གྱུར་པ་དེ་ཙམ་དུ་ཁམ་གྱིས་ཟ་བར་བྱེད་དོ།། སེམས་ཅན་དེ་དག་གིས། སའི་བཅུང་ཁམས་ཀྱིས་ཟོས་པ་དེས་ན་དེ་དག་གིས་ལུས་མཁྲང་བ་དང་ལྕི་བཞུགས་པར་གྱུར་ཏོ།། ་འོད་དང་ཁ་དོག་གང་ཡིན་པ་དེ་ནི་མེད་པར་གྱུར་ཏོ།། འཇིག་རྟེན་དུ་མུན་པར་བྱང་བར་གྱུར་ཏོ།། ཆོས་ཉིད་ཀྱིས་ན། འཇིག་རྟེན་དུ་མུན་པ་བྱུང་ན་ཉི་མ་དང་། ཟླ་བ་འདི་གཉིས ་འཇིག་རྟེན་ཏུ་འབྱུང་བར་འགྱུར་རོ།། རྒྱུ་ཀར་རྣམས་དང་། མཚན་མོ་དང་། ཉིན་མོ་རྣམས་དང་། དུས་ཚོགས་དང་། ལོ་རྣམས་དང་། སྐད་ཅིག་དང་། ཐང་ཅིག་དང་། ་ཡུད་ཙམ་རྣམས་འཇིག་རྟེན་ཏུ་འབྱུང་བར་འགྱུར་རོ།། དེ་ནས་སེམས་ཅན་དེ་དག་གྱིས་ཤར་ཕྱོགས་ནས། ཉི་མའི་དཀྱིལ་འཁོར་འཆར་བ་ན། དེ་དག་འདི་སྙམ་དུ་སེམས་ཏེ། ་འདི་ནི་ལྷའི་འོད་དེ་ཉིད་ཡིན་ནོ།། འདི་ནི་ལྷའི་འོད་དེ་ཉིད་ཡིན་ནོ།། སྙམ་ནས་མིང་ཉིན་པ་ཉིན་པར་བྱ་བར་གྱུར་ཏོ།། དེ་ནས་སེམས་ཅན་དེ་དག་གྱི་ནུབ་ཕྱོགས་སུ་ཉི་མའི་དཀྱིལ ་འཁོར་ནུབ་པ་ན། དེ་དག་འདི་སྙམ་དུ་སེམས་ཏེ། དམར་པོ་འདི་ནི་ལྷའི་འོད་དེ་ཉིད་ཡིན་ནོ།། 6། སྙམ་ནས་མཚན་མེ་ཞེས་བྱ་བའི་གྲངསུ་བགྲང་ངོ་།། དེ་ནས་སེམས་ཅན་དེ་དག ་གི་ཤར་ཕྱོགས་ནས། ཟླ་བའི་དཀྱིལ་འཁོར་འཆར་བ་ན། སེམས་ཅན་དེ་དག་འདི་སྙམ་དུ་སེམས་ཏེ། མུན་པ་བཀྲ་བར་བྱེད་དོ། མུན་པ་དཀྲ་བར་བྱེད་དོ།། སྙམ་ནས། ་ཟླ་བ་ཟླ་བ་ཞེས་བྱ་བའི་གྲངས་སུ་བགྲང་ངོ་།། དེ་ནས་སེམས་ཅན་དེ་དག་གྱིས་ཤར་ཕྱོགས་ནས། ཡང་ཉི་མའི་དཀྱིལ་འཁོར་འཆར་བ་ན། དེ་དག་འདི་སྙམ་དུ་སེམས་ཏེ། འཁོར ་བ་འདི་ནི་ལྷའི་འོད་དེ་ཉིད་ཡིན་ནོ།། འཁོར་བ་འདི་ནི་ལྷའི་འོད་དེ་ཉིད་ཡིན་ནོ།། སྙམ་ནས་ཉི་མ་ཉི་མ་ཞེས་པའི་མིང་འབྱུང་ངོ་།། དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་ཟ་ལ ་ཚེ་རིང་ཞིང་ཡུན་རིང་དུ་གནསོ།། དེ་དག་གིས་ནང་ན་གང་ཁ་ཟས་ཅེས་མང་དུ་ཟ་བེ་ནི་ཁ་དོག་ངན་པར་འགྱུར་རོ།། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་པོར་འགྱུརརོ།། ་། #དེ་ལྟར་ཁ་བཟས་སྣ་ཚོགས་ལ་བརྟེན་ནས། ཁ་དོག་སྣ་ཚོགས་ཡོད་པར་གྱུར་ཏོ།། ཁ་དོག་སྣ་ཚོགས་ཡོད་པར་འགྱུར་བས། ཀྱེ་སེམས་ཅན ་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ།། ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏོ།། ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་དེ་དག་གིས ་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་སའི་བཅུང་ནུབ་པར་གྱུར་ཏོ།། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས་མྱ་ངན་བྱེད་ཅིང་། ་ཡི་ཆང་ལ་སྨྲེ་སྔགས་འདོན་ཏེ་འདི་སྐད་དུ། ཀྱི་ཧུད་སའི་བཅུད་ཀྱི་ཧུད་སའི་བཅུད་ཅེས་ཀྱང་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་ཀྱིས། ཁ་ཟས་བཟང་པོ་དང་ཞིམ ་པོར་འགའ་ཞིག་རྙེད་ན། སྔོན་གྱིས་ཡི་གེ་དང་། ཚིག་དང་། ཚིག་འབྲུ་དེ་དག་རྗེས་སུ་སློབས་པར་བྱེད་དེ་འདི་སྐད་དུ། ཀྱི་ཧུད་བྲོ་བ། ཀྱི་ཧུད་བྲོ་བ། ཞེས་ཟེར་བ ་དེ་བཞིན་དུ། སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་། ཡི་ཆད་ལ། སྨྲེ་སྔགས་འདོན་ཏེ། འདི་སྐད་དུ། ཀྱེ་ཆུང་སའི་བཅུད་ཀྱི་ཧུད་བཅུད ་ཅེས་ཀྱང་འཛེར་ཏོ།། འོན་ཀྱང་སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ།། སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ་ཞེས་སྨྲས་པ། དེའི་དོན་ཡང་མི་ཤེས་སོ།། སའི་བཅུང་ནུབ ་པར་གྱུར་པ་ན། སེམས་ཅན་དེ་དག་གྱིས་ས་ཞག་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ཏེ། ཁ་དོག་ནི ་དཔེར་ན། དོང་ཀའི་མེ་ཏོག་གཞིན་ནོ།། རེ་ནི་དཔེར་ན། སྦྲང་མའི་སྦྲང་རྩི་མ་སྐོལ་བ་བཞིན་ཏེ། དེ་དག་བཟའ་བ་དེ་དང་། ཁ་ཟས་དེ་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གན་སོ།། ་དེ་དག་གིས་ནང་ན་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ།། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་འགྱུར་རོ།། དེ་ལྟར་ཁ་ཟས་སྣ ་ཚོགས་ལས་བརྟེན་ནས། ཁ་དོག་སྣ་ཚོགས་ཡོད་པར་གྱུར་ཏོ།། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་པོ་ཡིན་ནོ།། ཁྱོད་ནི་ཁ ་དོག་ངན་པ་ཡིན་ནོ།། ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་རོ། ཁ་དོག་གི་མངོན་པའི་ང་རྒྱལ་ཅན་དེ་དག་གིས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག ་ཉིད་ཀྱང་ཡང་དག་པར་བླངས་པའི་རྒྱུས་ས་ཞག་ཀྱང་ནུབ་པར་གྱུར་ཏོ།། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས། མྱ་ངན་བྱེད་ཅིང་། ཡི་ཆད་ལ་སྨྲེ་སྔགས ་འདོན་ཏེ། འདི་སྐད་དུ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀྱི་ཧུད་ཅེས་ཀྱང་འཛེར་ཏེ། དཔེར་ན། ད་ལྟར་ཀྱིས་མི་རྣམས་ལས་ལ་ལ་ཞིག་ནང་རྒྱུན་རིང་པོའི་རིམས་ཀྱི་བཏབ ་ན། སྔོན་གི་ཡི་གེ་དང་། ཚིག་དང་། འཚིག་འབྲུ་དག་ཀྱང་རྗེ་སུ་ཟློས་ཏེ། འདི་སྐད་དུ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཀྱི་ཧུད་ཅེས་ཟེར་བ་དེ་བཞིན་དུ་སེམས་ཅན་དེ་དག་འདུས ་ཤིང་འཚོགས་ཤིང་བྱ་བ་ནས། སྨྲེ་སྔགས་འདོན་པའི་བར་དུ་སྟེ། འོན་ཀྱང་སྨྲས་པ། འདིའི་དོན་ནི་ཡིན་ནོ་ཞེས་སྨྲས་པ། འདིའི་དོན་ནི་འདི་ཡིན་ནོ་ཞེས་སྨྲས་པ། ་@དེའི་དོན་ཡང་མི་ཤེས་སོ།། ས་ཞག་ནུབ་པར་གྱུར་པ་ན། སེམས་ཅན་དེ་དག་གིས་མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུབ་ཚོགས་པ། ་དང་། རོ་ཕུན་སུམ་ཚོགས་པ་བྱང་སྟེ། ཁ་དོག་ནི་དཔེར་ན། ཀ་དམ་བུ་ཀའི་མེ་ཏོག་བཞིན་ནོ།། རེ་ནི་དཔེར་ན། སྦྲང་མའི་སྣང་རྩི་མ་སྐོལ་བ་བཞིན་ནོ།། དེ་དག་བཟའ་བ་དེ་དང་། ་ཁ་ཟས་དེ་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གནས་སོ།། དེ་དག་གི་ནང་ན་གང་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་འགྱུར་རོ།། གང་ཁ་ཟས་ཆེས་ཉུང་ངུ་བཟའ་བ་དེ་ནི་ཁ ་དག་བཟང་བར་འགྱུར་རོ།། དེ་ལྟར་ཁ་ཟས་སྣ་ཚོགས་ལ་བརྟེན་ནས། ཁ་དོག་སྣ་ཚོགས་ཡོད་པར་གྱུར་ཏོ།། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག ་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན་གྱིས་སེམས་ཅན་ལ་བརྙས་པར་གྱུར་ཏོ། ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་དེ་དག་གིས་ཀྱང་། སྡིག་པ་མི་དགེ ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས་མུ་གུའི་ཚལ་ཡང་ནུབ་པར་གྱུར་ཏེ། མྱུ་གུའི་ཚལ་ནུབ་པར་གྱུར་ནས། སེམས་ཅན་དེ་དག་འདུས་ཤིང་ཚོགས་ཏེ། མྱ་ངན ་བྲེད་ཅིང་། ཡི་ནང་ལ། སྣེ་སྔགས་འདོན་ཏེ། འདི་སྐད་དུ། བར་སོང་བར་སོང་ཞེས་འཛེར་ཏེ། དཔེར་ན། ད་ལྟར་གྱི་མི་རྣམས་ལ་ལ་ལ་ཞིག་ཚིག་དྲག་པའི་རྒྱ ་གག་གིས་སྦྱོར་བར་འདོད་པ་ན། སྔོན་གྱི་ཡི་གེ་དང་། ཚིག་འབྲུ་དེ་དག་རྗེས་སུ་བྲོས་ཏེ། འདི་སྐད་དུ། བར་སོང་བར་སོང་ཞེས་ཟེར་བ་དེ་བཞིན་དུ། སེམས། ་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་། ཡི་ཆད་ལ། སྨྲེ་སྡུག་འདོན་ཏེ། བར་སོང་བར་སོང་ཞེས་འཛེར་ཏེ། འོན་ཀྱང་སྨྲས་པ། འདིའི་དོན་ནི ་འདི་ཡིན་ནོ། འདིའི་དོན་ནི་འདི་ཡིན་ནོ།། ཞེས་སྨྲས་པ་དེའི་དོན་ཡང་མི་ཤེས་སོ།། མྱུ་གུའི་ཚལ་ནུབ་པར་གྱུར་པ་ན། སེམས་ཅན་དེ་དག་གི་མ་རྨོས་མ་བཏབ་པའི ་འབྲས་ས་ལུའི་འབྲུ་ཁ་དོག་ཕུན་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་ཏེ། གཟེགས་མ་མེད་ཅིང་ཕུབ་མ་མེད་ལ ་དག་ཅིང་བརྩང་སྟེ། སོར་བཞི་ཙམ་ལ་ཡོངསུ་གཡོགས་པ་མེད་པ་དེ། ནང་བརྔས་ན་ནུང་སྐྱེའོ།། དེ་ལྟར་བརྔས་ཤིང་བརྡས་ཤིང་སྐྱེ་ལ། རྔས་པར་ཡང་མི་མངོན་ཏེ། ་དེ་དག་བཟའ་བ་དེ་དང་། ཁ་བཟས་དེ་ཟ་ལ་ཚེ་རིང་ལ་ཡུན་རིང་དུ་གནསོ།། གང་གྱིས་ཕྱིར་སེམས་ཅན་དེ་དག་གྱི་མ་རྨོས་མ་བཏབ་པའི་འབྲས་ས་ལུའི་འབྲུ་དེ་ལྟ་བུ་རིམ ་ཀྱིས་ཡོངས་སུ་ལོངས་སྤྱོད་པས་དེའི་ཕྱིར། དེ་དག་གི་དབང་པོ་ཐ་དད་པ་བྱུང་བར་གྱུར་ཏེ། ཁ་ཅིག་ལ་ནི་མེའི་དབང་པོ། ཁ་ཅིག་ལ་ནི་པོའི་དབང་པོ་བྱུང་སྟེ། དེ་ལ ་མེའི་དབང་པོ་ཅན་གང་ཡིན་པ་དག་དང་། ཕོའི་དབང་པོ་ཅན་གང་ཡིན་པ་དེ་དག་གཅིག་ལ་ཅིག་གིས་མིག་ཚུགས་བལྟའོ།། ཇི་ཙམ་དུ་མིག་གིས་མིག་ཆུབས་སུ ་ལྟ་བ་དེ་ཙམ་དུ་ཀུན་ཏུ་ཆགས་སོ།། ཇི་ཙམ་དུ་ཀུན་ཏུ་ཆགས་པ་དེ་ཙམ་དུ་ངོ་ཚ་མི་ཤེས་སོ།། ཇི་ཙམ་དུ་ལོག་པར་ཞུག་སོ།། སེམས་ཅན་དག་གིས་ཀྱང་། སེམས ་ལ་ནི་ཅན་ལོག་པ་ཞུགས་པ་དེ་མཐོང་ངོ་།། མཐོང་ནས་ཀྱང་སས་འཐོར་ཞིང་བོད་པ་དང་། གསེགས་མ་དང་། གྱོ་མོ་དག་ཀྱང་འཕེན་ཏེ། འདི ་སྐད་དུ། ངན་ཅིང་བླུན་པའི་སེམས་ཅན་མི་བྱ་བ་བྱེད་པ། ད་སེམས་ཅན་གྱིས་སེམས་ཅན་སུན་དབྱུང་བ་ག་ལ་སྲིད་ཅེས་འཛེར་ཏེ། དཔེར་ན་ད་ལྟར་གྱི་མི་རྣམས་བག་མ་ལེན་པ ་ན་གཉེན་འདུན་རྣམས་ཀྱིས་མེ་ཏོག་གམ། འབྲས་ཡོས་སམ། ཙན་དན་གྱི་ཕྱེ་མ་དག་གིས་གཏོར་ཏེ། འདི་སྐད་དུ། སྲུ་སྐྱིད་པར་གྱུར་ཅིག་སྲུསྐུ་སྐྱིད་པར་གྱུར་ཅིག ་ཅེས་ཀྱང་འཛེར་ཏེ། དེ་བཞིན་དུ་སེམས་ཅན་དེ་དག་གཅིག་ལ་གཅིག་སེམས་ཅན་ལོག་པ་ལ་ཞུགས་པ་མཐོང་ན་སྔ་མ་བཞིན་དུ། ད་སེམས་ཅན་གྱིས་སེམས་ཅན་སུན ་དབྱུང་བག་ལ་སྲེད་ཅེས་འཛེར་ཏོ།། ད་ལྟར་ན་སྔོན་ཆོས་གཞིན་མ་ཡིན་པར་གྲགས་པ་གང་ཡིན་པ་དེ་ནི་ད་ལྟར་གྱི་མི་རྣམ་ཀྱིས་ཆོས་སུ་གྲགས་སོ།། སྔོན་སྨད་པ་དེ་ནི་ད ་རབ་ཏུ་བསྔགས་པར་གྱུར་ཏོ།། གང་གིས་ཕྱིར་སེམས་ཅན་དེ་དག་སྡིག་པ་དང་། དམ་པའི་ཆོས་མ་ཡིན་པ་དེ་ལ་ཞེན་ཅིང་འཛུད་པར་བྱེད་དེ། ངེས་པར་ཞུགས་པ་དེས་ན ་ཕྱོགས་གཅིག་ཏུ་སོང་སྟེ། ཁྱིམ་པ་བྱ་བ་ལ་ཞུགས་ཤིང་རྩོམ་པར་གྱུར་ཏེ། འདིར་བདག་ཅག་གཉིས་ཀྱིས་མི་བྱ་བ་བྱའོ།། ཞེས་ཟེར་བ་ལས། ཁྱིམ་ཁྱིམ་ཞེས་བྱ ་བའི་མིང་བྱུང་ངོ་།། དེ་དག་བྱེ་འབྲེད་ཟ་བར་འདོད་པའི་ཕྱིར་ནི་ནང་པར་ལེན་ཏོ།། དེ་ནས་སེམས་ཅན་ལེ་ལོ་ཅན་གཞན་ཞིག་གིས་ནང་པར་གྱི་ས་ལུ་ཕྱེ་འབྲེང་བླངས་སོ།། ་དེ་ནས་སེམས་ཅན་གཞན་ཞིག་གིས། སེམས་ཅན་དེ་དག་ལ་འདི་སྐད་དུ། ཀྱེ་སེམས་ཅན་ཁྱོད་ཚུར་ཤོག། བདག་ཅག་གཉིས་ལ་ལེན་དུ་འདོང་ངོ་ཞེསྨྲ་སོ།། དེ་འདི་སྐ་དུ།། ་ཀྱེ་སེམས་ཅན་ཁྱོད་བདག་ས་ལུ་བླང་བའི་སླད་ནན་ཏན་བྱོས་ཤིག།། ངས་ནི་ནང་བར་གྱི་ས་ལུ་ནུབ་མོ་བླངས་ཟིན་ནོ་ཞེས་སྨྲས་སོ།། དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ། ་ནང་པར་གྱི་ས་ལུ་ཕྱེ་འབྲེང་ལེན་པ་འདི་ནི། ལེགས་པ་ཡིན་ནོ།། འདི་ནི་ཤིན་ཏུ་ལེགས་པ་ཡིན་གྱིས། བདག་གིས་ཀྱང་ཞག་ཅིག་དང་། གཉིས་དང་། གསུམ་དང་། ་བདུན་གྱིས་བར་གྱི་ས་ལུ་བླང་བར་བྱའོ།། སྙམ་ནས་ཞག་བདུན་གྱི་ས་ལུ་བླངསོ།། གང་གི་ཕྱིར་དེ་དག་གིས་མ་རྨོས་མ་བཏབ་པའི་འབྲས་ས་ལུའི་འབྲུ་ཀུན་ཏུ་བསགས་པའི ་ཚུལ་གྱིས་ལོངས་སྤྱོད་པ་དེས་ན། ས་ལུ་དེ་ལས་གསེར་མ་དང་། ཕུབ་མ་ཡང་བྱུང་བར་གྱུར། བརྡས་སོ་ཅོག་ཀྱང་མི་སྐྱེས་ལ། བརྔས་པར་ཡང་མངོན་པར་གྱུར་ཏེ། ་ས་ལུ་རྣམས་ཕུང་པོ་ཕུང་པོར་བཞག་གོ། དེ་ནས་སེམས་ཅན་དེ་དག་འདུས་ཤིང་ཚོགས་ནས། མྱ་ངན་བྱེད་ཅིང་། ཡི་ཆད་ལ། སྨྲེ་སྔགས་འདོན་ཏེ། ཀྱེ་བདག་ཅག་སྔོན་ནི ་གཟུགས་བཟང་ཞིང་ཡིད་ལས་སྐྱེས་པ་དང་མཉམ་ཤིང་དབང་པོ་ཡན་ལག་ཚང་བ་དང་། ཉིན་ལག་ཐམས་ཅད་དང་ལྡན་ཏེ། རང་ལས་འོད་འབྱུང་བ་དང་། ནམ་མཁའ་ལ་འགྲོ ་བ་དང་། བཟང་ཞིང་མདོག་སྡུག་པ་དང་། དགའ་བའི་ཟས་རྣམས་དང་། དགའ་བའི་ཟས་རྣམས་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གནས་གནས་ལས། བདག་ཅག་ལས། ་གང་ཁ་ཟས་ཅེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་གྱུར། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་གྱུར་ཅིང་། དེ་ལྟར་ཁ་ཟས་སྣ ་ཚོགས་ལ་བརྟེན་ནས་ཁ་དོགས་ཡོད་པར་གྱུར་པ་དེས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ།། ཞེས་སེམས་ཅན་གྱིས་སེམས་ཅན་ལ ་ཚྭ་གང། ་བརྙས་པར་གྱུར་ལ། བདག་ཅག་ཁ་དོག་གིས་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས། སའི་བཅུང་ནུབ་པར་གྱུར ་ནསས་ཐཱ་ག་ཁ་དོག་སྣ་ཚོགས་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་འབྱུང་བར་འགྱུར་སྟེ། ཁ་དོག་ནི་དཔེར་ན་དོང་ཀའི་མེ་ཏོག་བཞིན ་ནོ།། རོ་དཔེར་ན། སྦྲང་མའི་སྦྲང་རྩིམ་བསྐོལ་བ་བཞིན་ཏེ། བདག་ཅག་བཟའ་བ་དེ་དང་། ཁ་ཟས་དེ་ཟལ་ཚེ་རིང་ཞིང་ཡུན་རིང་དུ་གནས་གནས་པ་ལས་བདག་ཅག་ལས་ཁ ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་གྱུར་ལ་གང་ཁ་ཟས་ཆེས་ཉུང་དུ་ཟ་བ་དེ་ནི། ཁ་དོག་བཟང་བར་གྱུར་ཏེ། དེ་ལྟར་ཁ་ཟས་སྣ་ཚོགས་ལ་བརྟེན་ནས། ཁ་དོག་སྣ་ཚོགས ་ཡོད་པར་གྱུར་ཏོ།། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པར་ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ།། ཞེས་སེམས་ཅན་གྱིས་སེམས་ཅན་ལ ་བརྙས་པར་གྱུར་ཏེ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་ཀྱི་ས་ཡང་སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས། ས་ཞག་ནུབ་པར ་གྱུར་ནས། མྱུ་གུའི་ཚལ་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང་བར་གྱུར་ཏེ། ཁ་དོག་ནི་དཔེར་ན། ཀ་དམ་བུ་ཀའི་མེ་ཏོག ་བཞིན། རོ་ནི་དཔེར་ན། སྦྲང་བུའི་སྦྲང་རྩི་མ་སྐོལ་བ་བཞིན་ཏེ། བདག་ཅག་བཟའ་བ་དེ་དང་། ཁ་ཟས་དེ་དག་ཟ་ལ་ཚེ་རིང་ཞིང་ཡུན་རིང་དུ་གནས་གནས་པ་ལས། བདག ་ཅག་ལས་ཁ་ཟས་ཆེས་མང་དུ་ཟ་བ་དེ་ནི་ཁ་དོག་ངན་པར་གྱུར་ལ། གང་ཁ་ཟས་ཆེས་ཉུང་ངུ་ཟ་བ་དེ་ནི་ཁ་དོག་བཟང་བར་གྱུར་ཏེ། དེ་ལྟར་ཁ་ཟས་སྣ་ཚོགས་ལ་བརྟེན་ནས། ་ཁ་དོག་སྣ་ཚོགས་ཡོད་པར་གྱུར་ལ། ཁ་དོག་སྣ་ཚོགས་ཡོད་པར་གྱུར་པས། ཀྱེ་སེམས་ཅན་ང་ནི་ཁ་དོག་བཟང་བ་ཡིན་ནོ།། ཁྱོད་ནི་ཁ་དོག་ངན་པ་ཡིན་ནོ་ཞེས་སེམས་ཅན ་གྱིས་སེམས་ཅན་ལ་རྙས་པར་གྱུར་ཏེ། བདག་ཅག་ཁ་དོག་གི་མངོན་པའི་ང་རྒྱལ་ཅན་རྣམས་གྱིས། སྡིག་པ་མི་དགེ་བའི་ཆོས་དེ་དག་ཉིད་ཡང་དག་པར་བླངས་པའི་རྒྱུས། ་མྱུ་གུའི་ཚལ་ནུབ་པར་གྱུར་ཏེ། མ་རྨོས་མ་བཏབ་པའི་འབྲས་ས་ལུའི་འབྲུའི་ཁ་དོག་ཕུན་སུམ་ཚོགས་པ་དང་། དྲི་ཕུན་སུམ་ཚོགས་པ་དང་། རོ་ཕུན་སུམ་ཚོགས་པ་བྱུང ་བར་གྱུར་ཏེ། གསེགས་མ་མེད་ལ་དག་ཅིང་བསྲུང་སྟེ། སོར་བཞི་ཙམ་ལ་ཡོངསུ་གཡོགས་པ་མེད་དེ་བརྔས་ན་ནུ་བསྐྱེ་ནུབ་བརྔས་ན་ནང་སྐྱེ་བ་དང་དེ་ལྟར་རྔས་ཤིང་སྐྱེ་ལ་རྔས ་བར་ཡང་མི་སྔོན་ཏེ། བདག་ཅག་བཟླ་བ་དེ་དང་ཁ་ཟས་དེ་ཟ་ལ། ཚེ་རིང་ཞིང་ཡུན་རིང་དུ་གནས་གནས་པ་ལ། གང་གིས་ཕྱིར་བདག་ཅག་གིས་མ་རྨོས་མ་བཏབ་པའི ་། འབྲས་ས་བུའི་འབྲུ་ཀུན་ཏུ་བཅུགས་པའི་ཚུལ་གྱིས། ལོངས་སྤྱད་པས་ལོངས་སྤྱད་པ་དེན། ས་ལྲ་དེ་ལས་གསོག་ས་དང་། བྲབ་ས་ཡང་བྱུད་། ་བར་གྱུར། བརྡས་སོ་ཅོག་ཀྱང་མི་སྐྱེ་ལ། བརྔས་པར་ཡང་མངོན་པར་གྱུར་ཏེ། ས་ལུ་རྣམས་ཕུང་པོ་ཕུང་པོར་བཞག་གོ།། ད་ནི་བདག་ཅག་གིས་འདི་ནི་ཁྱོད་ཀྱིའོ།། འདི་ནི་ངའི ་འོ།། ཞེས་ཞིང་རྣམ་བཞལ་ཞིག་བགོས་ནས། མུ་ཐུག་དྲིའོ་ཞེས་ནས། དེ་དག་འདི་ནི་ཁྱོད་ཀྱིའོ།། འདི་ནི་ངའོ་ཞེས་ཞིང་རྣམས་འཇལ་ཞིང་བགོས་ཏེ་མུ་ཏིག་དྲིའོ།། དེ་ནས་སེམས ་ཅན་གཞན་ཞིག་གིས། བདག་གི་ས་ལུ་ཡོད་བཞིན་དུ་གཞན་གྱི་ས་ལུ་མ་བྱིན་པར་བླངསོ།། སེམས་ཅན་ཞིག་གིས་སེམས་ཅན་དེ་བདག་གིས་ས་ལུ་ཡོད་བཞིན་དུ། གཞན་གྱི་ས ་ལུ་མ་བྱིན་པར་བླངས་པ་མཐོང་ངོ་།། མཐོང་ནས་ཀྱང་འདི་སྐད་དུ། ངན་ཅིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ།། ཀྱེ་སེམས་ཅན་ཁྱོད་ནི་བདག་གིས་ལུ་ཡོད ་བཞིན་དུ། གཞན་གྱི་ས་ལུ་མ་བྱིན་པར་ལེན་པ་ག་ལ་སྲིད། ཀྱེ་མ་སེམས་ཅན་སོང་ལའང་དེ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་སོ།། དེ་ནས་སེམས་ཅན་དེ་དག་བདག ་གི་ས་ལུ་ཡོད་བཞིན་དུ། ལན་གཉིས་ལན་གསུམ་དུ་གཞན་གྱི་ས་ལུ་མ་བྱིན་པར་བླངས་སོ།། སེམས་ཅན་དེ་བདག་གི་ས་ལུ་ཡོད་བཞིན་དུ། ལན་གཉིས་ལན་གསུམ་དུ་མ་བྱིན ་པར་ལེན་པ་སེམས་ཅན་དེས་མཐོང་ངོ་།། མཐོང་ནས་ཀྱང་ཡང་འདི་སྐད་དུ། ངན་ཅིང་བླུན་པ་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ།། ཀྱེ་སེམས་ཅན་ཁྱོད་བདག་གིས་ལུ ་ཡོད་བཞིན་དུ། གཞན་གིས་ལུ་མ་བྱིན་པར་ལེན་པར་ག་ལ་སྲིད། ཅེས་སྨྲས་ཏེ། དེའི་ལག་པ་གཉིས་ནས་ཀྱང་བཟུང་ནས་དེ་བར་འདྲེན་ཚུར་འདྲེན་ལ་དེའི་ཚེ། འཁོར་གྱི་ནང ་དུ་ཡང་བཀུག་ཏེ། སེམས་ཅན་དག་གང་སེམས་ཅན་འདིས་བདག་གིས་ལུས་ཡོད་བཞིན་དུ་གཞན་གྱི་ས་ལུ་མ་བྱིན་པར་བླངས་པ་ཤེས་པར་གྱིས་ཤིག་ཅེས་སྨྲས་དེ་ནས་སེམས ་ཅན་དེ་དག་གིས་སེམས་ཅན་དེ་ལ་འདི་སྐད་དུ། ངན་ཅིང་བླུན་པའི་སེམས་ཅན་ཁྱོད་ནི་མི་བྱ་བ་བྱེད་པའོ།། ཁྱོད་བདག་གི་ས་ལུ་ཡོད་བཞིན་དུ། གཞན་གྱི་ས་ལུ་མ་བྱིན་པར ་ལེན་པ་དག་ལྷ་སྲིད། ཀྱེ་སེམས་ཅན་དག་ཁྱོད་སོང་ལ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲསོ།། དེ་ནས་སེམས་ཅན་དེ་དག་ལ་སེམས་ཅན་དེས་འདི་སྐད་དུ།། སེམས་ཅན ་ངག་གང་སེམས་ཅན་འདིས་ས་ལུའི་ཕྱིར་བདག་རླུར་དྲངས་པར་དྲངས་ཏེ། འཁོར་གྱི་ནང་དུ་ཡང་འགུགས་པར་ཤེས་པར་གྱིས་ཤིག། དེ་ནས་སེམས་ཅན་དེ་དག་གྱི་སེམས ་ཅན་དེ་ལ། འདི་སྐད་དུ་ཀྱེ་སེམས་ཅན་ཁྱོད་ཀྱི་ས་ལུའི་ཕྱིར་སེམས་ཅན་ཚུར་དྲངས་པར་དྲངས་ལ་འཁོར་གྱིས་ནང་དུ་ཡང་བཀུག་སྟེ། ཅི་བྱ་ཀྱེ་སེམས་ཅན་ཁྱོད་སོང་ལ ་ཕྱིན་ཆད་དེ་ལྟར་མ་བྱེད་ཅིག་ཅེས་སྨྲས་སོ།། དེ་ནས་སེམས་ཅན་དེ་དག་འདི་སྙམ་དུ་ས་ལུའི་ཕྱིར་འདྲེན་པ་དང་། འཁོར་གྱི་ནང་དུ་ཡང་འགུགས་པ་དག་སྣང་གིས། ་བདག་ཅག་འདུས་ལ་བདག་ཅག་གི་ནང་ན་སེམས་ཅན་གང་ཆེས་གཟུགས་བཟང་བ་དང་། ཆེས་བལྟ་ན་སྡུག་པ་དང་། ཆེས་མཛེས་པ་དང་། ཆེས་དབང་ཆེ་བར་གྲགས་པ་དེ། ་། དེ་བདག་ཅག་གིས་ཞིང་གིས་བདག་པོར་བསྐོས་ན། བདག་ཅག་ལ་དུས་དུས་སུ་ཆད་པས་བཅད་པའི་རིགས་པ་གང་ཡིན་པ་རྣམས་ལ་ནི་ཆད་པས། ་གཅད་པར་འགྱུར། ཕན་བདག་པའི་རིགས་པ་རྣམས་ལ་ནི་ཕན་འདོགས་པར་འགྱུར་ཏེ། གང་བདག་ཅག་གིས་ཞིང་རྣམས་ལས་སྐྱེས་པ་ལས་གང་བདག་ཅག་གིས་དེ་ལ ་དུས་དུས་སུ་ཆོས་བཞིན་དུ་ཐོག་ཤས་སྦྱིན་པར་བྱའོ་སྙམ་དུ་བསམས་སོ།། དེ་ནས་སེམས་ཅན་དེ་དག་འདུས་ནས་དེ་དག་གི་ནང་ན། སེམས་ཅན་གང་ཆེས་གཟུགས་བཟང ་བ་དང་། ཆེས་བལྟ་ན་སྡུག་པ་དང་ཆེས་མཛེས་པ་དང་། ཆེས་དབང་ཆེ་བར་བགྲགས་པ་གང་ཡིན་པའི་སེམས་ཅན་དེ་ལ་འདི་སྐདདུ། ཀྱེ་སེམས་ཅན་ཁྱོད་ཚུར་ཤོག། ་བདག་ཅག་གི་ཞིང་གི་བདག་པོ་ལེགས་པ་ཁོ་ནར་བྱོས་ལ། སེམས་ཅན་བདག་ཅག་ལས་ཆད་པའི་གཅད་པའི་རིགས་རྣམས་ལ་ནི་ཆད་པས་ཆོད་ཅིག། ཕན་བདག ་པའི་རིགས་པ་ལ་ནི་ཕན་ཐོགས་ཤིག། བདག་གི་ཞིང་རྣམ་ལས་སྐྱེས་པ་ལས་སྐྱེས་པ་གང་ཡིན་པ་དེ་ལས་ཀྱང་བདག་གིས་དུས་དུས་སུ། ཆོས་བཞིན་དུ་ཐོས་ཤས ་སྦྱིན་ནོ།། ཞེས་སྨྲས་སོ།། དེ་ནས་སྐྱེ་བོ་མང་པོས་བཀུར་ཏོ།། སྐྱེ་བོས་མང་པོས་བཀུར་ཏོ།། ཞེས་ནས་མང་པོས་བཀུར་བ་ཞེས་མི་དུ་ཆགས་སོ།། ཞིང་ནཿ ་ཀྱིས་བདག་པོར་གྱུར་པ་དང་། ཕོངས་པ་ལས་སྐྱོབ་པའི་ཕྱིར་རྒྱལ་རིགས་རྒྱལ་རིགས་ཞེས་བྱ་བར་མིང་དུ་ཆགས་སོ།། ཆོས་དང་ཚུལ་ཁྲིམས་ཀྱི་ཚུལ་ཀུན་ཏུ་སྤྱང ་པ་དང་། ཤེས་རབ་ཀྱི་ཚུལ་ཀུན་ཏུ་སྤྱོད་པས་འཁོར་མགུ་བར་བྱེད་པའི་ཕྱིར། རྒྱལ་པོ་རྒྱལ་པོ་ཞེས་བྱ་བར་མིང་དུ་ཆགསོ།། བཅོམ་ལྡན་འདས་ཀྱིས་ཀྱང་། གནས། ་འཇོག་པ་དང་བ་ར་དཱ་ཙ་ལུང་སྙན་པ་ལས། འདི་སྐད་དུ། གནས་འཇོག་ཅིང་རྒྱུ་གང་དང་། ཀྱེན་གང་གིས་རྒྱལ་རིགས་ཀྱིས་ཆོས་རིགས་འཇིགས་རྟེན་ཏུ་བྱུང་ཞེས་ན། ་འཇིག་རྟེན་འདི་འཇིག་ཅིང་འཇིག་པའི་ཚེ། འཇིག་རྟེན་ན་སེམས་ཅན་ཕལ་ཆེར་འོད་གསལ་གྱིས་ལྷའི་རིས་སུ་སྐྱེས་པ་དེའི་དུས་ཀྱང་ཡོད་དེ་དེའི་སྐབས་ཀྱང་ཡོད་ལ་དེ་དག་དེར་གཟད ་ཞིང་ཡིད་ལས་སྐྱེས་པ་དང་། མ་ཉམས་ཤིང་དབང་པོ་ཚང་བ་དང་ཡན་ལག་དང་ཉིང་ལག་ཐམས་ཅད་དང་ལྡན་པ་དང་། བཟང་ཞིང་མདོག་སྡུག་པ་དང་། རང་ལས ་འོད་འབྱུང་བ་དང་། ན་མཁའ་ལ་འགྲོ་བ་དང་། དགའ་བའི་བཟའ་བ་དང་། དགའ་བའི་ཟས་ཟ་བ་དང་། ཚེ་རིང་ཞིང་ཡུན་རིང་དུ་གནས་པར་འགྱུར་བ་དེའི་དུས་ཀྱང་ཡོད ་ལ་དེའི་སྐབས་ཀྱང་ཡོད་དོ།། འཇིག་རྟེན་འདི་ཆགས་ཤིང་ཆགས་པ་ན། འཇིག་རྟེན་དུས་ཆེན་པོ་འདི་ཆུ་གཅིག་ཏུ་འགྱུར་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། ་ཆུ་གཅིག་ཅིང་རྒྱ་མཚོ་ཅིག་ཏུ་གྱུར་པའི་ས་ཆེན་པོའི་སྟེང་དུ། རླུང་གིས་བྲིས་མ་ཀུན་ཏུ་བསྡུས་ཤིང་ཀུན་ཏུ་འཐས་པར་བྱས་པ་ནས། སྔ་མ་བཞིན་དུ་རྒྱས་པར་སྐྱེ་བོ ་མང་པོས་བཀུར་བའི་ཕྱིར། སྐྱེ་བོ་མང་པོས་བཀུར་བ་ཞེས་མིང་དུ་ཆགས་པ་དང་། ཞིང་རྣམས་ཀྱི་བདག་པོར་གྱུར་པའི་དང་། ཕོངས་པ་ལས་སྐྱོབ་པའི་ཕྱིར། ་@རྒྱལ་རིགས་ཤེས་བྱ་བར་མིང་དུ་ཆགས་པ་དང་། ཆོས་དང་ཚུལ་ཁྲིམས་ཚུལ་ཀུན་ཏུ་སྤྱོད་པ་དང་། ཤེས་རབ་ཀྱི་ཚུལ་ཀུན་ཏུ་སྤྱོད་པ། འཚན ་མགུ་བར་བྱེད་པའི་ཕྱིར། རྒྱལ་པོ་རྒྱལ་པོ་ཞེས་བྱ་བར་མིང་དུ་ཆགས་པའི་མིང་དུ་ཆགས་པའི་བར་དུ་ཐམས་ཅད་བརྗོད་པར་བྱ་སྟེ། གནས་འཇོག་འདི་ནི་སྔོན་རྒྱལ་རིགས་ཀྱི ་རིགས་འཇིག་རྟེན་དུ་བྱུང་བའི་གཏན་ཚིགས་ཀྱི་མཆོག་ཡིན་ཏེ། དེ་ཡང་ཆོས་བཞིན་དུ་བྱེད་པ་ཡིན་གྱིས་ཆོས་མ་ཡིན། བས་ནི་མ་ཡིན་ན། དེ་ལ་འདི་ནི་རྒྱལ་བའི ་དབང་པོ་མཆོག་རྣམས་ཀྱི་ཆོས་སོ།། གང་གི་ཚེ་མང་པོས་བཀུར་བའི་རྒྱལ་པོ་ཆེན་པོར་འགྱུར་བ་དེའི་ཚེ་ནི་མི་རྣམ་ཀྱི་མིང་ནི་སེམས་ཅན་སེམས་ཅན་ཞེས་བྱར་གྱུར་ཏོ།། མང་པོས ་བཀུར་བའི་བུ་ནི་འོད་མཛེས་ཤེས་བྱ་བར་གྱུར་ཏེ། གང་གི་ཚེ་འོད་མཛེས་རྒྱལ་པོ་ཆེན་པོར་གྱུར་པ་དེའི་ཚེ་ནི་མི་རྣམས་ཀྱི་མིང་ཆུ་སྟོང་ཅེས་བྱ་བར་གྱུར་ཏོ།། འོད་མཛེས་ཀྱིས་བུ་ནི ་དགེ་བ་ཞེས་བྱ་བར་གྱུར་ཏེ། གང་གི་ཚེ་དགེ་བ་ཞེས་བྱ་བ་རྒྱལ་པོར་གྱུར་པ་དེའི་ཚེ་ནི། མི་རྣམས་ཀྱི་མིང་ནི་ཏིལ་ལས་སྐྱེས། ཏིལ་ལས་སྐྱེས་ཤེས་བྱ་བར་གྱུར་ཏོ།། དགེ ་བའི་བུ་ནི་དགེ་མཆོག་ཅེས་བྱ་བར་གྱུར་ཏེ། གང་གི་ཚེ་དགེ་མཆོག་རྒྱལ་པོར་གྱུར་པ། དེའི་ཚེ་ནི་མི་རྣམས་ཀྱིས་མིང་སྤྲིན་འགྲིན། སྤྲིན་འགྲིན་ཅེས་བྱ་བར་གྱུར་ཏོ། དགེ་བ ་ཆོག་གི་བུ་ནི་གསོ་སློང་འཕགས་སྐྱེས་བྱ་བར་གྱུར་ཏེ། གང་གི་ཚེ་གསོ་སློང་འཕགས་སྐྱེས་རྒྱལ་པོར་གྱུར་པ་དེའི་ཚེ། མི་རྣམ་ཀྱི་མིང་ཏི་ལའི་རྗེས་དར་ཏི་ལའི་རྗེ་དར་ཞེས་བྱ་བ། ་གྱུར་ཏོ།། རྒྱལ་པོ་གསོ་སྦྱོང་འཕགས་སྐྱེས་ཀྱི། སྤྱི་བོར་པོ་ལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར་ན། ཤིང་བལ་གྱི་མདབ་མ་འམ་རས་བལ་གྱི་འདབ ་མ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དེ། དེ་སྨིན་སྟེ། བརྟོལ་བ་ལས་ཁྱེའུ་གཟུགས་བཟང་ཞིང་། བལྟ་ན་སྡུག་ལ་མཛེས་པ་སྐྱེས་བུ་ཆེན་པོའི་མཚན་སུམ ་བཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། མང་སྤྱི་བོ་སྐྱེས་སྤྱིས་པོ་སྐྱེས་ཤེས་བྱ་བ་དང་། ང་ལས་ནུ་ང་ལས་ནུ་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེའི་རྫུ་འཕྲུལ་ཆེས་ཞིང་མཐུ ་ཆེ་བར་གྱུར་ཏེ། དེས་གླིང་བཞི་ཅར་དུ་ཡང་རྒྱལ་སྲིད་ཀྱིས་དབང་ཕྱུག་ལ་དབང་བྱས། གང་གི་ཚེ་རྒྱལ་པོ་ང་ལ་ནུ་བྱུང་བ་དེའི་ཚེ་མི་རྣམས་ལས་ཀྱིས་མཐའ་རྒྱ་ཆེན་པོ་དག ་དཔྱད་ཅིང་བསམ་ཏེ། གཞལ་ཞིང་ཉེ་བར་བརྟགས་ནས་བྱས་པས་ན། དེ་ཕྱིན་ཆད་ནས་ད་ལྟར་གྱིས་བར་དུ་མི་རྣམས་ཀྱི་མིང་དཔྱོད་པ་ཅན་དང་། སེམས་པ་ཅན་དང་། ཉེ་བར ་རྟོགས་པ་ཅན་དང་། ཤེད་ལས་སྐྱེས་ཤེད་ལས་སྐྱེས་བྱ་བར་གྱུར་ཏོ།། རྒྱལ་པོ་ང་ལས་ནུའི་བརླག་སཾ་ཡས་པ་ནས་ཕོལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ ་པ་ནི། དཔེར་ན། ཤིང་བརླ་གྱིས་འདབ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་པའོ།། དེ་སྨིན་ཅིང་རྡོལ་བ་ལས་ཁྱེའུ་གཟུག ་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་བརྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། རྐང་པ་གཡས་པ་ནས་བྱུང་བའི་ཕྱིར། དེའི་མཛེས་པ ་རྒྱལ ་@#མཛེས་པ། ཞེས་བྱ་བར་གྱུར་ཏོ།། གཞོན་དུ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་སྟེ། དེས་ཀྱང་གླིང་གསུམ་དུ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱའོ།། རྒྱལ་པོ ་མཛེས་པའི་བརླ་གཡོན་པ་ནས། ཕོལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན། ཤིང་བལ་གྱི་འདབ་མ་འམ། རས་བལ་གྱི་འདབ་མ་བཞིན་ཏེ། དེ ་ལ་ཅུང་ཟད་ཀྱང་གནོད་པ་མེད་པའོ།། དེ་སྨན་ཅིང་རྡོལ་བ་ལས། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་རིན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན ་པ་ཞིག་བྱུང་སྟེ། རྐང་པ་གཡོན་པ་ནས་སྐྱེས།། རྐང་པ་གཡོན་པ་ནས་སྐྱེསོ།། ཞེས་ནས། མིང་ཉེ་མཛེས་ཉེ་མཛེས་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ་རྫུ་འཕྲུལ་ཆེ་ཞིང ་མཐུ་རེ་སྟེ། དེས་ཀྱང་གླིང་གཉིས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། རྒྱལ་པོ་ཉེ་དབང་བྱསོ།། རྒྱལ་པོ་ཉེ་མཛེས་ཀྱི་རྐང་པའི་བོལ་ནས་ཕོལ་མིག་ཅིག་བྱུང་སྟེ། ་འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན། ཤིང་བལ་གྱི་འདབ་མ་འམ། རས་བལ་གྱིས་འདབ་མ་བཞིན་ཏེ། དེ་ལ་ཅུང་ཟད་ཀྱང་གནོད་པ་མེད་དོ།། དེ་སྨིན་དེ་རྡོལ་བ ་ལས། ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང་སྟེ། དེ་རྐང་པའི་བོལ་གྱི་སྟེང་ནས་བྱུང་བའི ་ཕྱིར་མིང་མཛེས་བྱ་བར་གྱུར་ཏོ།། གཞོན་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་རེ་སྟེ། དེས་ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱའོ།། རྒྱལ་པོ་མཛེས་ཅན་གྱིས་རྐང ་པའི་ཐིལ་གི་འོག་ནས་ཕོ་ལ་མིག་ཅིག་བྱུང་སྟེ། འཇམ་ཞིང་ཤིན་ཏུ་འཇམ་པ་ནི། དཔེར་ན། ཤིང་བལ་གྱི་འདབ་མ་འམ། རས་བལ་གྱིས་འདབ་པ་བཞིན་ཏེ། དེ་ལ་ཅུང ་ཟད་ཀྱང་གནོད་པ་མེད་དོ།། དེའི་སྨོན་ཏེ་བརྡོལ་པ་ལས་ཁྱེའུ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང་ལྡན་པ་ཞིག་བྱུང ་སྟེ། རྐང་པའི་མཐིལ་གྱིས་འོག་ནས་སྐྱེས་སོ།། རྐང་པའི་འཐིལ་གྱི་འོག་ནས་སྐྱེས་སོ།། ཞེས་ནས་མིང་མཛེས་ལྡན་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ།། གཞོན་ནུ་དེ ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེན་སྟེ། ངེས་ཀྱང་གླིང་ཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱག་ལ་དབང་བྱསོ།། དེ་ཕྱིན་ཆད་ཀྱིས་འཁོར་ལོས་སྦྱར་བའི་རྒྱལ་པོ་རྣམས་ནི། གླིང་གཅིག་ལ ་དབང་པ་ཤ་སྟག་ཡིན་པར་རིག་པར་བྱའོ།། མཛེས་ལྡན་གྱི་བུ་ནི་བཏང་བའོ།། བཏང་བའི་བུ་ནི་བཏང་བཟུང་ངོ་།། བཏང་བཟུང་གི་བུ་ནི་ཤ་ཀུ་ནིའོ།། ཤ་ཀུ་ནེའི་བུ་ནི་ཆེན་པོའོ།། ་ཉེ་བའི་ཀུ་ཤིའི་བུ་ནི་ཀུ་ཤི་ཆེན་པོའོ།། ཀུན་ཤི་ཆེན་པོའི་བུ་ནི་ལེགས་མཐོང་ངོ་།། ལེགས་མཐོང་གྱི་བུ་ནི་ལེགས་མཐོང་ཆེན་པོའོ།། ལེགས་མཐོང་ཆེན་པོའི་བུ་ནི་གནོད་སེལ་ལོ།། ་གནོད་སེལ་གྱི་བུའི་ནི་གསེར་མདོག་གོ། གསེར་མདོག་གི་བུ་ནི་སྐལ་ལྡན་ནོ།། སྐལ་ལྡན་གྱི་བུ་ནི་ངན་སྤོང་ངོ་།། ངན་སྤོང་གི་བུ་ནི་ལྷུན་པོའོ།། ལྷན་པའི་བུ་ནི་དེས་འགྲོའོ།། ་དེས་འགྲོའི་བུ་ནི་རབ་ཏུ་སྒྲ་སྦགས་སོ།། རབ་ཏུ་གྲགས་ཀྱི་དུ་ནི་རབ་ཏུ་སྒྲོགས་ཀྱི་བུ་ཆེན་པོའི་བྱེད་རབ་ཏུ་སྒྲགས་ཀྱི་བུ་ཆེན་པོའི་བུ་ནི་བདི་བྱེད་དོ།། བདེ་བྱེད་ཀྱི་བུ་རི་ཕྱོགས ་མས@#བདག་གོ། ཕྱོགས་བདག་གིས་བུ་ནི་རྡུལ་བཟང་ངོ་།། རྡུལ་བཟང་གི་བུ་ནི་རྒྱས་བྱེད་དོ།། རྒྱས་བྱེད་པས་ཀྱི་བུ་ནི་ལྷ་རིན་པའོ།། ་ལྷ་ཆེན་པོའི་བུ་ཆ་རྒྱུད་དང་། ཚ་བོ་དང་ཡང་ནའི་རྒྱུང་གི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས་འདྲེས་པའི་གྲོང་ཁྱེར་དུ་རྒྱལ་སྲིད་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག ་ཏུ་རྒྱལ་པོ་མུ་ཁྱུད་ཅེས་བྱ་བ་བྱུང་བ་སྟེ། མུ་ཁྱུད་ཀྱིས་བུ་ནི་རྒྱལ་བ་པོའོ།། རྒྱལ་བ་བེའི་བུ་ནི་ལྷུན་པའོ།། ལྷུན་པོའི་བུ་ནི་འཇིགས་བྱེད་ཀྱི་ཤིང་རྟའོ།། འཇིགས ་བྱེད་ཀྱིས་ཤིང་རྟའི་བུ་ནི་ཤིང་རྟ་རྒྱ་བའོ།། ཤིང་རྟ་བརྒྱ་པའི་བུ་ནི་ཤིང་རྟ་བཅུ་པའོ།། ཤིང་རྟ་བཅུ་པའི་འོག་ཏུ་ལྔ་འཛིན་གྱིས་རྒྱལ་པོ་ལྔ་སྟོང་གིས་རྒྱལ་སྲིད་ཀྱིས་དབང ་ཕྱུག་ལ་དབང་བྱས་སོ།། ལྔ་འཛིན་གྱིས་རྒྱལ་པོ་ལྔ་སྟོང་གི་འོག་ཏུ། ཀ་ལིང་ཀའི་རྒྱལ་པོ་ལྔ་སྟོང་གིས། རྒྱལ་སྲིད་ཀྱི་དབང་བྱས།། ཀ་ལིང་ཀའི་རྒྱལ་པོ ་ལྔ་སྟོང་གི་འོག་ཏུ་ཨ་སཱའི་རྒྱལ་པོ་བདུན་སྟོང་ངོ་།། ཨ་སྨའི་ཀའི་རྒྱལ་པོ་བདུན་སྟོང་གིས་འོག་དུ། སྒྲ་མི་སྙན་གྱི་རྒྱལ་པོ་བརྒྱད་སྟོང་བྱུང་ངོ་།། སྒྲ་མི་སྙན་གྱི་རྒྱལ ་པོ་བརྒྱད་སྟོང་གི་འོག་ཏུ། ཐོད་པ་ཅན་གྱི་རྒྱལ་པོ་དགུ་སྟེང་བྱུང་ངོ་།། ཐོད་པ་ཅན་གི་རྒྱལ་པོ་དབུ་སྐྱོང་གིས་འོག་ཏུ་ཀླུ་དབྱངས་ཀྱིས་རྒྱལ་པོ་ཁྲི་བྱུང་ངོ་།། ཀླུ་དབྱུས ་ཀྱིས་རྒྱལ་པོ་ཁྲིའི་འོག་ཏུ།། མ་ག་དའི་རྒྱལ་པོ་ཁྲི་གཅིག་སྟོང་བྱུང་ངོ་།། མ་ག་དའི་རྒྱལ་པོ་ཁྲི་ཅིག་སྟོང་གིས་འོག་ཏུ་ཏ་མ་ལའི་བ་དེའི་རྒྱལ་པོ་ཁྲི་ལྔ་སྟོང་བྱུང་ངོ་།། ་ཏ་པ་ལའི་བ་ཏིའི་རྒྱལ་པོ་ཁྲི་ལྔ་སྟོང་གི་འོག་ཏུ། རྒྱལ་པོ་བུ་རམ་ཤིང་སྐྱེས་ཤེས་བྱ་བ་བྱུང་ངོ་།། བུ་རམ་ཤིང་སྐྱེས་ཀྱི་འོག་ཏུ། བུ་ནའི་རྒྱུད་དང་། ཚ་བོ་དང་ཡང ་ཆའི་རྒྱུད་དང་། བུ་རམ་ཤིང་སྐྱེས་ཀྱི་རྒྱལ་པོ་སྟོང་ཅིག་རྒྱས་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་འཕགས་སྐྱེས་ཞེས་བྱ་བ་བྱུང་སྟེ། འཕགས ་སྐྱེས་པའི་བུ་བཞི་བྱུང་བ་ལ། འདི་ལྟ་སྟེ། བཞིན་འབར་དང་། ལག་རྣ་ཅན་དང་། གླང་ཆེན་འདུལ་དང་གྲང་འདུལ་ཅན་དེ་ནས་རྐང་གདུ་བ་ཅན་གྱི་བུ་རྒྱལ་པོ་རྐང་གདུབ ་ཅན་གྱི་ཞབས་ཤེས་བྱ་བ་བྱུང་ངོ་།། རྐང་གདུབ་ཅན་གྱིས་ཞབས་ཀྱིས་བུ་ནི་གནས་འཇོག་གོ།། གནས་འཇོག་གི་བུ་ནི་བ་ལང་གནས་སོ།། བ་ལང་གནས་ཀྱི་བུ་སེང་གེ ་འགྲམ་སྟེ། སེང་གེ་འགྲམ་གི་བུ་བཞི་ཡོད་པ་ལ་འདི་ལྟ་སྟེ། ཟས་གཙང་དང་། ཟས་ཀར་དང་། བྲེ་བོའི་ཟས་དང་། བདུད་རྩིའི་ཟས་དང་། ཟས་གཙང་། ་གི་སྲས་ནི་བཅོམ་ལྡན་འདས་སོ།། བཅོམ་ལྡན་འདས་ཀྱི་སྲས་ནི་སྒྲ་ཅན་འཛིན་ནོ།། འདི་ནི་རེ་ཤིག་ཆོས་མངོན་པ་ལས་བྱུང་བའི་རྒྱལ་པོའི་རིམ་པ་ཡིན་ཏེ། བདག ་ཉིད་ཆེན་པོ་དེ་དག་གིས་ཡི་གེ་མཁས་པ་དག་པ་ལས་མདོར་སྡུས་སོ།། འདུལ་བ་ལས་ཇི་སྐད་དུ་འབྱུང་བ་དེ་བཞིན་དུ། ཡང་བྲིས་པར་བྱ་སྟེ། མང་པོས་བཀུར་བ་དང་། ་འོད་མཛེས་དང་། དགེ་བ་དང་། དགེ་མཆོག་དང་། གསོ་སྦྱོང་འཕགས་དང་། ང་ལས་ནུ་དང་། མཛེས་པ་དང་། ཉེ་མཛེས་དང་། མཛེས་ཅན་དང་། མཛེས་ལྡན ་ས། @#དང་། རྒྱས་བྱེད་དང་། སྲེད་པ་དང་། ཉེ་སྲེ་དང་། བཏང་བ་དང་། བཏང་བཟུང་དང་། ལུས་ཏུལ་བ་དང་། གསེར་མདོག་དང་། ངན་སྤོང་དང་། ཤིང ་རྟ་སྡུ་གུ་ཅན་དང་། དུག་ཅན་དང་། དུག་ཅན་ཆེན་པོ་དང་། ཤ་ཀུ་ནི་དང་། ཤ་ཀུ་ནི་ཆེན་པོ་དང་། ཀུ་ཤི་དང་། ཉེ་བའི་ཀུ་ཤི་དང་། ཀུ་ཤི་ཆེན་པོ་དང་། རྒྱས་བྱེད་དང་། རྒྱས་བྱེད ་ཆེན་པོ་དང་། ལེགས་མཐོང་དང་། ལེགས་མཐོང་ཆེན་པོ་དང་། གནོད་གསེལ་དང་། ཉེ་བའི་གནོད་སེལ་བ་དང་། རྨ་བྱ་དང་། ངེས་འགྲོ་དང་། བདེ་བྱེད་དང་། རབ ་ཏུ་འདུལ་བ་དང་། རབ་ཏུ་སྒྲ་སྒྲགས་པ་དང་། རབ་གདུང་ལྡན་དང་། འོད་བྱེད་དང་ལྷུན་པོ་དང་། རི་རབ་དང་། ལྷུན་པོ་ལྡན་དང་། མེ་ལྕེ་དང་། མེ་ལྕེ་འཕྲེང་དང་། ་མེ་ལྕེ་ལྡན་དང་། མེ་ལྕེ་ལྡན་གྱི་བུ་ར་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་འབུམ་གྱིས། བྲོ་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ ་ངག་གིས་འོག་ཏུ་རྒྱལ་པོ་དགྲ་འདུལ་ཞེས་བྱ་བ་བྱུང་སྟེ། དགྲ་འདུལ་བའི་ཕྱིར་ནི་མིང་དགྲ་འདུལ་ཞེས་བྱའོ།། རྒྱལ་པོ་དགྲ་འདུལ་གྱིས་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང ་ཆའི་རྒྱུད་ཀྱི་རྒྱལ་པོ་ལྔ་ཁྲི་བཞི་སྟོང་གིས། གྲོང་ཁྱེར་འཐབ་མེང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བགྱིས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་མ་ཕེངས་འབེབས་ཤེས། ་བྱ་བ་བྱུང་ངོ་།། རྒྱལ་པོ་མ་ཕེབས་འབེབས་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཁྲི་སུམ་སྟོང་གིས། བ་ར་ན་སའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དང ་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་བཟོད་པར་དཀའ་བ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བཟོད་པར་དཀའ་བའི་བུ་ན་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད ་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གྱིས། གྲོང་ཁྱེར་འདར་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་དུ་རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བ་བྱུང་སྟེ། ་རྒྱལ་པོ་ཆེས་པས་བྱིན་གྱི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱིས་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས། གྲོང་ཁྱེར་གླང་ཆེན་གནས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོས་གླང་པོས་བྱིན་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་གླང་པོས་བྱིན་གྱིས་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཆེའི་རྒྱུད་ཀྱི་རྒྱལ་པོ ་ལྔ་སྟོང་གིས། གྲོང་ཁྱེར་རྡོ་འཇོག་ཏུ། རྒྱལ་སྲིད་ཀྱིས་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་དུ་རྒྱལ་པོ་བལ་བུ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བལ་བུའི་རྒྱུད ་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉི་སྟོང་གིས། གྲོང་ཁྱེར་ཨུ་ར་ཤར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་ཚན་ཆེན ་ཐུབ་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་ཚན་ཆེན་ཐུབ་ཀྱི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་སུམ་ཁྲི་ཉིས་སྟོང་གིས། གྲོང་ཁྱེར་མ་ཕེབས་འབེབསུ ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གིས་འོག་ཏུ་རྒྱལོ་རྒྱལ་བ་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱལ་བ་པོའི་བུ་ན་རྒྱུད་དང་། ཚ་བོ་དང་། ཡང་ཆེའི ་འཛི་ས@#རྒྱུད་ཀྱི་རྒྱལ་པོ་ཁྲི་ཉི་སྟོང་གིས། ཀན་ནྱ་ཀུབ་ཛའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་དུ་རྒྱལ་པོ་རྒྱལ་བའི་སྡེ། ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱལ་བའི་སྡེའི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཁྲི་བརྒྱད་སྟོང་གིས་གྲོང་ཁྱེར་ཙམ་པར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང ་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་གླུ་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་གླུ་ལྷའི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ལྔ་སྟོང་གིས། ཏ་མ་ལའི་ཏིའི ་གྲོང་ཁྱེར་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་མིའི་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་མེའི་ལྷའི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཆིའི་རྒྱུད ་ཀྱི་རྒྱལ་པོ་ཁྲི་ཉི་སྟོང་གིས་ཡང་ཏ་མ་ལ་བི་ཏིའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་དུག་ཅན་པའི་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ ་བོ་དུག་ཅན་པའི་ལྷའི་བུ་ན་རྒྱུད་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཁྲི་རྒྱ་སྟོང་གིས་གྲོང་ཁྱེར་སོར་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ ་པོ་བློ་བཟང་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་བློ་བཟང་གི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་ཉི་ཁྲི་ཅིག་སྟོང་གིས། གྲོང་ཁྱེར་རྒྱལ་པོའི་ཁབ་དུ་རྒྱལ ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་མུན་སེལ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་མུན་སེལ་གྱི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད ་ཀྱིས་རྒྱལ་པོ་བརྒྱས། གྲོང་ཁྱེར་བ་ར་ན་སེར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་དབང་ཆེན་སྡེ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་དབང་། ་ཆེན་སྡེའི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་རའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས། གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག ་གི་འོག་དུ་རྒྱལ་པོ་རྒྱ་མཚོ་ལྷ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་རྒྱ་མཚོ་ལྷའི་བུའི་ཆ་རྒྱུད་དང་། ཡང་ཆའི་རྒྱུད་བྱི་རྒྱལ་པོ་སྟོང་གི་ཡང་། གྲོང་ཁྱེར་འགྲུ་འཛིན་དུ་རྒྱལ ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་དུ་རྒྱལ་པོ་དཀའ་ཐུབ་སྦེད་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་དཀའ་ཐུབ་སྤྱོད་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང ་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས། ཡང་གྲོང་ཁྱེར་ཀུ་ཤི་ལྡན་དུ་རྒྱལ་སྲིད་ཀྱི་དབང་ཕྱག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོས་གཙོ་ཞེས ་བྱ་བ་བྱུང་སྟེ། རྒྱལ་པོ་ས་གཙོའི་བུ་རྔ་རྒྱུད་དང་། ཚ་བོ་དང་། ཡང་ཅིའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས། ཡང་གྲོང་ཁྱེར་བ་ར་ན་སེར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང ་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོས་བདག་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་ས་བདག་གི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་སྟོང་གིས། ཡང་གྲོང ་ཁྱེར་འཐབ་མེད་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་ས་འཛིན་ཅེས་བྱ་བ་བྱུང་སྟེ། རྒྱལ་པོ་ས་འཛིན་གྱི་བུ་ཚེ་རྒྱུད་དང་། ཚ་བོ་དང་། ་@ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས། ཡང་འདྲེས་པའི་གྲོང་ཁྱེར་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག ་ཏུ་རྒྱལ་པོ་ཆེན་པོ་ལྔ་ཆེན་པོ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་ལྷ་ཆེན་པོའི་བུ་ཚེ་རྒྱུད་དང་། ཚ་བོ་དང་། ཡང་ཚིའི་རྒྱུད་ཀྱི་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་གིས། ཡང་གྲོང་ཁྱེར ་འདྲེས་པར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་ནས།། ཐམས་ཅད་ཀྱང་འདྲེས་པ་དེ་ཉིད་དང་། ལྷ་ཆེན་པོའི་ཨརྨའི་ཚལ་དེ་ཉིད་དུ་རྒྱལ་པོའི་དྲང་སྲོང་དུ་རྒྱུར་ཏེ། དྲང ་སྲོང་གིས་ཚངས་པར་སྤྱོད་པ་སྤང་ངོ་།། དེ་དག་གིས་འོག་ཏུ་རྒྱལ་པོ་དེས་འཕེན་ཞེས་བྱ་བ་བྱུང་ངོ་།། ངེས་འཕེན་གྱིས་བུ་ནི་མུ་ཁྱུད་དོ།། མུ་ཁྱུད་ཀྱི་བུ་ནི་མུ་ཁྱུད་བརྟན་ནོ།། མུ ་ཁྱུད་བརྟན་གྱིས་བུ་ནི་ཆེན་པོ་ཆེའོ།། ཚན་བེ་ཆེའི་བུ་ནི་ཟ་བའོ།། ཟ་བའི་བུ་ཉེ་ཟའོ།། ཉེ་ཟའི་བུ་ནི་བུ་ནི་ཟ་བ་ཅན་ནོ།། ཟ་བ་ཅན་གྱི་བུ་ནི་ཟ་ལྡན་ནོ།། ཟ་ལྡན་གྱི་བུ་ནི་གྱ་ནོམ ་སྣང་ངོ་།། གྱ་ནོམ་སྣང་གི་བུ་ནི་མཉམ་ལྔའོ།། མཉམ་ལྷའི་བུ་ནི་ཐོས་པའི་སྡེའོ།། ཐོས་པའི་སྡེའི་བུ་ནི་ཆོས་ཀྱི་སྡེའོ།། ཆོས་ཀྱི་སྡེའི་བུ་ནི་རྟོགས་པའོ།། རྟོགས་པའི། ་བུ་ནི་རྟོགས་ཆེན་ནོ།། རྟོགས་ཆེན་གྱི་བུ་ནི་རྟོགས་སྡེའོ།། རྟོགས་སྡེའི་བུ་ནི་མྱ་ངན་མེད་དོ།། མྱ་ངན་མེད་ཀྱི་བུ་ནི་མྱ་ངན་བྲའོ།། མྱ་ངན་བྲལ་གྱི་བུ་ནི་མཚམས་བརྟན་ནོ།། ་མཚབས་བརྟན་གྱི་ནི་བུ་ནི་རྒན་མཚམ་སོ།། རྒན་མཚམས་ཀྱི་བུ་ནི་དུན་དུ་མ་རེའོ།། དུན་དུ་མ་རའི་བུ་ནི་སྐྱ་རེང་ངོ་།། སྐྱ་རེང་གི་བུ་ནི་ཕྱོགས་བདག་གོ། ཕྱོགས་བདག་གི་བུ་ནི་རྡུལ ་བཟང་ངོ་།། རྡུལ་བཟང་གི་དུ་ནི་བདེ་བྱེད་དོ།། བདེ་བྱེད་ཀྱི་བུ་ནི་ཀུན་དགའོ།། ཀུན་དགའི་བུ་ནི་མེ་ལོང་ཞལ་ལོ།། མེ་ལོང་ཞལ་གྱི་བུ་ནི་སྐྱེད་པ་པོའོ།། སྐྱེད་པ་པོའི་བུ་ནི ་རྒྱལ་བ་ཁྱུ་མཆོག་གོ། རྒྱལ་བ་ཁྱུ་མཆོག་བུ་ནི་བཟའ་བཏུང་ལྡན་ནོ།། བཟའ་བཏུང་ལྡན་གྱི་བུ་ནི་བཟའ་ཏུང་མོད་དོ།། བཟའ་བཏུང་མོད་ཀྱི་བུ་ནི་ཐུབ་མེད་དོ།། ཐུབ ་མེད་ཀྱི་བུ་ནི་གཞན་གྱིས་མི་ཐུབ་པའོ།། གཞན་གྱིས་མི་ཐུབ་པའི་བུ་ནི་བརྟན་པའོ།། བསྟན་པའི་བུ་ནི་རབ་བརྟན་ནོ།། རབ་བརྟན་གྱིས་བུ་ནི་སྟོབས་པོ་ཆེའོ།། སྟོབས་པོ ་ཆེའི་བུ་ནི་གཞོན་པ་ཆེའོ།། གཞོན་པ་ཆེའི་བུ་ནི་བློ་བཟང་ངོ་།། བློ་བཟང་གི་བུ་ནི་གཞོན་བརྟན་ནོ།། གཞོན་བརྟན་གྱི་བུ་ནི་བཞུ་བཅུ་པའོ།། གཞུ་བཅུ་པའི་བུའི་ནི་གཞི་བརྒྱད ་པའོ།། གཞུ་བརྒྱད་པའི་བུ་ནི་གཞུ་དགུ་པོ་ཨ་གཞུ་དགུ་པའི་བུ་ནི་གཞུ་བཅུ་པའོ་གཞུ་བཅུ་པའི་བུ་ནི་རྣམ་པར་རྒྱལ་བའི་གཞུའོ།། རྣམ་པར་རྒྱལ་བའི་བཞུའི་བུ་ནི་གཞ་བཀྲའོ།། ་གཞུ་བཀྲའི་བུ་ནི་གཞུ་སྲའོ།། གཞུ་སྲའི་བུ་ནི་གཞུ་བརྟན་ནོ།། གཞུ་རྟན་གྱིས་བུ་ནི་ཤིང་རྟ་བཅུ་པའོ།། ཤིང་བཅུ་པའི་བུ་ནི་ཤིང་རྟ་རྒྱ་པའོ།། ཤིང་རྟ་བརྒྱ་པའི་བུ་ནི་ཤིང ་རྟ་དགུ་བཅུ་པའོ།། ཤིང་རྟ་དགུ་བཅུ་པའི་བུ་ནི་ཤིང་རྟ་སྣ་ཚོགས་པའོ།། ཤིང་རྟ་སྣ་ཚོགས་པའི་བུ་ནི་ཤིང་རྟ་རྣམ་པ་སྣ་ཚོགས་པའོ།། ཤིང་རྟ་རྣམ་པ་སྣ་ཚོགས་པའི་བུ་ནི་ཤིང། ་རྟ་བརླིང་པོའོ།། ཤིང་རྟ་བ་རླིང་པོའི་བུ་ནི་ཤིང་རྟ་བརྟན་ནོ།། རྒྱལ་པོ་ཤིང་རྟ་བརྟན་གྱི་བུ་ཆ་རྒྱུད་དང་། ཚ་བོ་དང་། ཡང་ཚའི་རྒྱུད་ཀྱི་རྒྱལ་པོ་བདུན་ཁྲི་བདུན་སྟོང་གིས། ་@#གྲོང་ཁྱེར་ལེགས་པར་སྣང་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱེད་དོ།། དེ་དེ་དག་གི་འོག་ཏུ་རྒྱལ་པོ་ཤིང་རྟ་བརྟན་གྱི་ནམ་མཁའི་བདག་པ་ཞེས ་བྱ་བ་བྱུང་སྟེ། རྒྱལ་པོ་ན་མཁའི་བདག་པོའི་བུ་ནི་ཀླུས་བསྲུངས་སོ།། རྒྱལ་པོ་ཀླུས་བསྲུངས་ཀྱི་བུ་ཚ་རྒྱུད་དང་། ཚ་བོ་དང་། ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་ནི་ཡང་གྲོང་ཁྱེར ་བ་ར་ན་སེར་རྒྱལ་སྲིད་དབང་ཕྱུག་ལ་དབང་བྱསོ།། དེ་དག་གི་འོག་ཏུ་རྒྱལ་པོ་ཀྲི་ཀྲྀ་ཞེས་བྱ་བ་བྱུང་སྟེ།། དེའི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང ་དག་པར་རྫོགས་པའི་སངས་རྒྱས་རིག་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ་ལྷ ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་འོད་སྲུང་འཇིག་རྟེན་དུ་བྱུང་སྟེ། དེར་བྱང་ཆུབ་སེམས་དཔས་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི ་སངས་རྒྱས་འོད་སྲུང་ལ། མ་འོངས་པའི་དུས་ན་བྱང་ཆུབ་ཐོབ་པར་བྱ་བའི་ཕྱིར། སྨོན་ལམ་བཏབ་ཅིང་ཚངས་པར་སྤྱོད་པ་སྤྱད་ནས་དགའ་ལྡན་གྱི་ལྷའི་རིས་སུ་སྐྱེས་སྟེ། ་དེ་ནས་ཚེའི་ནང་ཇི་སྲིད་ཙམ་པ་དེ་སྲིད་ཙམ་དུ་གནསོ།། རྒྱལ་བེ་ཀྲི་ཀྲོའི་བུ་ནི་ལེགས་པར་སྐྱེས་ཤེས་བྱ་བར་གྱུར་ཏོ།། རྒྱལ་པོ་ལེགས་པར་སྐྱེས་ཀྱི་བུ་ཆ་རྒྱུད་དང་། ཚ་བ་དང་། ་ཡང་ཆའི་རྒྱུད་ཀྱི་རྒྱལ་པོ་བརྒྱས་ཡང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱིས་དབང་ཕྱུག་ལ་དབང་བྱས་སོ།། དེ་དག་གི་འོག་དུ་རྒྱལ་པོ་རྣ་བ་ཞེས་བྱ་བར་བྱུང་སྟེ། རྒྱལ་པོ་རྣ་བའི ་བུ་ནི་གོའུ་ཏ་མ་དང་། བར་འདོར་ཆ་གཉིས་སོ།། དེ་གཉིས་ལས་གོའུ་ཏ་མའི་བུ་ནི་བུ་རམ་ཤིང་སྐྱེས་ཤེས་བྱའོ།། རྒྱལ་པོ་བུ་རམ་ཤིང་སྐྱེས་ཀྱི་བུ་ཆ་རྒྱུད་དང་། ཚ་བོ་དང་།། ་ཡང་ཆའི་རྒྱུད་ཀྱི་བུ་རམ་ཤིང་སྐྱེས་ཀྱི་རྒྱལ་པོ་བརྒྱས་ཡང་གྲོང་ཁྱེར་གྲུ་འཛིན་དུ་རྒྱལ་སྲིད་ཀྱི་དབང་ཕྱག་ལ་དབང་བྱས་སོ།། དེ་དག་གི་འོག་ཏུ་རྒྱལ་པོ་འཕགས་སྐྱེས་པོ ་ཞེས་བྱ་བ་བྱུང་སྟེ། རྒྱལ་པོ་འཕགས་སྐྱེས་པའི་བུ་བཞི་ལ་འདི་ལྟ་སྟེ། བཞིན་འབར་དང་། ལག་ན་ཅན་དང་། གླང་ཆེན་འདུལ་དང་། རྐང་གདུབ་ཅན་རྣམས ་ཏེཏརྐང་གདུབ་ཅན་རྣམས་ཀྱི་བུ་ནི་གནས་འཇོག་གོ། གནས་འཇོག་གི་བུ་ནི་བ་ལང་གནས་སོ།། བ་ལང་གནས་ཀྱིས་བུ་ནི་སེང་གེ་འགྲམ་དང་། སེང་གེ་སྒྲ་གཉིས ་སོ།། སེང་གེའི་འགྲམ་གྱིས་བུ་བཞི་ལ་འདི་ལྟ་སྟེ། ཟས་གཙང་དང་། ཟས་དཀར་དང་། བྲེ་བོ་ཟས་དང་། བདུད་བཙིས་ཟསོ།། བུ་མེ་ནི་བཙང་མ་དང་། ཟས ་དཀར་མོ་དང་། བྲེ་བོ་མ་དང་། བདུད་རྩི་མ་རྣམས་སོ།། ཟས་གཙང་གི་བུ་གཉིས་ལ། བཅོམ་ལྡན་འདས་དང་། ཚེ་དང་ལྡན་པ་དགའོ།། ཟས་དཀར་གྱི་བུ་གཉིས ་ལ། ཚེ་དང་ལྡན་པ་རྒྱལ་བ་དང་། བཟང་ལྡན་ནོ།། བྲེ་བོ་ཟས་ཀྱི་བུ་གཉིས་ལ། མིང་ཆེན་དང་། མ་འགག་པའོ།། བདུད་རྩི་ཟས་ཀྱིས་བུ་གཉིས་ལ། ཚེ་དང ་ལྡན་པ་ཀུན་དགའ་བོ་དང་། ལྷ་སྦྱིད་ནོ།། བདུད་བརྩི་མའི་བུ་ནི་ཞི་ལེན་ནོ།། བཅོམ་ལྡན་འདས་ཀྱིས་སྲས་ནི་སྒྲ་ཅན་འཛིན་ནོ།། དེ་ལྟར་ན་མང་པོས་བསྐུར་བའི་རྒྱུད ་དང་། སཱ་ཅན་ཟིན་ལ་ཐུག་ཅིང་། སྒྲ་ཅན་ཟིན་དུ་ཟད་དོ།། སྒྲ་བཅན་ཟིན་གྱིས་མཇུག་བཅད་དེ། སྲིད་པ་ཡང་ལུགས་ཆད་ཅིང་། སྐྱེ། ་བའི་རྒྱུད་ཟད་དེ།། ང་སྲིད་པར་ཡང་སྐྱེ་བ་མེད་དོ།། འཇིག་རྟེན་བདགས་པའི་ལས་ཚིགས་བཅུ་གཅིག་པའོ།། ། ་། བམ་པོ་དྲུག་པ།། ། སྡོམ་ནི། རླུང་དང་ཆུ་དང་བཞི་དང་། ནང་དང་ཕྱིའི་རྒྱ་མཚོ་དང་། རི་རབ་ཀྱི་ནི་ངོས་རྣམས་དང་། རྩེ་མོ་བང་རིམ་རི་རྣམས་ཏེ། ་ས་ནི་ཇི་ལྟར་བྱུང་བ་དང་། རླུང་དང་ཆུ་ནི་རབ་གནས་དང་། དེ་དག་ཐམས་ཅད་རིམས་བཞིན་དུ། རབ་ཏུ་བཤད་ཀྱིས་བརྟོགས་པར་གྱིས། གང་ལ་ཆུ་ནི་རབ་གནས་པའི། ་རྣམ་པར་འཐོང་རླུང་ཞེས་བྱའི་རླུང་།། ན་མཁའ་ལས་ནི་ལྡང་བར་འགྱུར།། ས་ནི་ཆུ་ལས་རྟེན་པ་ཡིན། རི་དང་གླིང་ནི་གཞི་པོ་དང་།། ཆུ་མིག་མཚོ་དང་འབབ་པ་དང་། ་ཉམ་ནི་འཛིན་ཁྲིད་གང་བའི་རྒྱ་མཚོ་ཆེན་པོ་ཡངས་པ་དང་། འབྱོར་ཅིང་རྒྱས་པའི་ལྗོངས་དང་ནི། གྲོང་དག་དང་ནི་གྲོང་ཁྱེར་རྣམས། དེ་དག་ཐམས་ཅད་ས་ཆེན་ལ། ་རིམས་ཀྱིས་སུ་ནི་རབ་ཏུ་གནས།། ན་མཁའ་གང་ལ་རླུང་གི་དཀྱིལ་འཁོར་གནས་པའི། རླུང་གི་དཀྱིལ་འཁོར་དེའི་རྔམས་སུ་ནི་དཔག་ཚད་ས་ཡ་གཅིག་དང་དྲུག ་འབུམ་ཡོད་དོ།། རྒྱར་ནི་གྲངས་མེད་ཚད་མེད་དོ།། རླུང་གི་དཀྱིལ་འཁོར་གང་ལ་ཆུའི་དཀྱིལ་འཁོར་གནས་པའི་ཆུའི་དཀྱིལ་འཁོར་དེའི་རྔམས་སུ་ནི། དཔག་ཆད ་བརྒྱད་འབུམ་ཡོད།། རྒྱར་ནི་དཔག་ཚད་ས་ཡ་གཅིག་དང་། ཉི་འབུམ་བཞི་རྒྱ་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་ནི་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་སུམ་རྒྱ་ལྔ་བཅུ་ཡོད་དོ།། ་དཀྱིལ་འཁོར་གང་ལ་གསེར་གྱི་ས་བཞི་ཆེན་པོ་གནས་པའི་གསེར་གྱི་ས་བཞི་ཆེན་པོ་དེའི་རྔམས་སུ་ནི་དཔག་ཚད་སུམ་འབུམ་ཉིས་ཁྲི་ཡོད་དོ།། རྒྱར་ནི་དཔག་རང་ས་ལ་གཅི ་དང་། ཉི་འབུམ་བཞི་བརྒྱ་ལྔ་བཅུ་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་། དྲུག་འབུམ་སུམ་བརྒྱ་ལྔ་བཅུ་ཡོད་དོ།། ནང་གི་རྒྱ་མཚོ་ཆེན་པོ་ནི ་ཆུར་དཔག་ཚད་ཉི་འབུམ་བཞི་ཁྲི་ཁ་ཚོན་དུ་ཡང་དཔག་ཚད་ཉི་འབུམ་བཞི་ཁྲི་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་དགུ་འབུམ་དྲུག་ཁྲི་ཡོད་དོ།། ཟ་བ་སུ་ནི་དཔག ་ཚད་བརྒྱད་ཁྲི་ཡོད་དོ།། གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ནི་ཁ་ཚོན་དུ་གླིང་མ་ཏོག་པར་དཔག་ཚད་སུམ་འབུམ་ཉི་ཁྲི་ཡོད་དོ།། གླིང ་གཏོགས་པར་ནི་ཁ་ཚོན་དུ་ནི་དཔག་ཚད་སུམ་འབུམ་ཉི་སྟོང་ཡོད་དོ།། ཚུར་ཡང་དེ་དང་འདྲའོ།། མཐའ་སྐོར་དུ་ནི་ཚད་མེདོ།། ཟབས་སུ་ནི་དཔག་ཚད་བརྒྱད་ཇི ་ཡོད་དོ།། གསེར་གྱི་ས་བཞི་ཆེན་པོ་ལ་བརྟེན་ཏོ།། རིའི་རྒྱལ་པོ་རི་རབ་ནི་དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱིས་ས་གཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་བརྐྱད་། ་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། འཕང་དུ་དཔག་ཚད་འབུམ། དྲུག་ཁྲི་ཡོད་དོ།། རྔམས་སུ་དཔག་ཚད་བརྒྱད་ཁྲི། ཞེང་དུ་དཔག་ཚད་བརྒྱད་ཁྲི་ཡོད་དོ།། མཐའ ་@#སྐོར་དུ་ནི་དཔག་ཆད་སུམ་འབུམ་ཉི་ཁྲི་ཡོད་དེ། དབྱིབས་ལེགས་ཤིང་ལྟན་སྡུག་ལ་མཛེས་པ་རིནི་བ་ཆེ་སྣ་བའི་ལས་གྲུབ་པ་ཡིན་ཏེ།། དེ་ལ་སུམ་བཅུ ་གསུམ་པའི་ལྷ་རྣམས་གནས་སོ།། རིའི་རྒྱལ་པོ་རི་རབ་ཀྱི་ངོས་ནི་བཞི་ཡོད་དོ།། ཤར་ཕྱོགས་ཀྱི་ངོས་དང་། ལྷོ་ཕྱོགས་ཀྱི་ངོས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་ངོས ་སོ།། ཤར་ཕྱོགས་ཀྱི་ངོས་ནི་ཤེལ་ལས་གྲུབ་པའོ།། ལྷོ་ཕྱོགས་ཀྱི་ངོས་ནི་བཻ་ཌཱུརྱ་ལས་གྲུབ་པའོ།། ནུང་ཕྱོགས་ཀྱིས་ངོས་ནི་དངུལ་ལས་གྲུབ་པའོ།། བྱང་ཕྱོགས་ཀྱི་ངོས་ནི་གསེར ་ལས་གྲུབ་པའོ།། རིའི་རྒྱལ་པོ་རི་རབ་ཀྱི་ཙ་མོ་བཞི་ཡོད་དོ།། ཤར་ཕྱོགས་ཀྱི་རྩེ་མོ་དང་། ལྷོ་ཕྱོགས་དང་། ནུབ་ཕྱོགས་དང་། བྱང་ཕྱོགས་ཀྱི་རྩེ་མོ་དང་། ཤར་ཕྱོགས་ཀྱི་རྩེ ་མེ་ནི་ཆུར་ནི་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་ཡང་དཔག་ཚད་རྒྱ་ཉི་ཤུ་རྩེ་ལྔ་མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཆད་ཕྱེད་དང་། ལྔ་ནི་རིའི་རྒྱལ་པོ་རི་རབ་ལས ་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཤེལ་ལས་གྲུབ་པ་ཏེ། དེ་ན་གནོད་སྤྲིན་ལག་ན་རྡོ་རྗེ་རྣམས་གནས་སོ།། ལྷོ་ཕྱོགས་ཀྱི་རྩེ་མེ་ནི་ཆུར་དཔག ་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་ཡང་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཚད་ཕྱེ་དང་ལྔ་ནི། རིའི་རྒྱལ་པོ་རི་རབ་ལས་གྱེན་དུ ་འཕགས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་བཻ་ཌཱུརྱ་ལས་གྲུབ་པ་སྟེ། དེ་ན་གནོད་སྤྲིན་ལགས་ན་རྡོ་རྗེ་རྣམས་གནས་སོ།། ནུབ་ཕྱོགས་ཀྱི་རྩེ་མེ་ནི། རླུར་དཔག ་ཚད་བརྒྱ་ཉི་ཤུ་རྩ་ལྔ། ཞེང་དུ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཚད་ཕྱེ་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་དངུལ་ལས་གྲུབ་པ་སྟེ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ།། བྱང་ཕྱོགས་ཀྱི་རྩེ་མོ་ནི། ཆུར་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ ་ཞེང་དུ་དཔག་ཚད་བརྒྱ་ཉི་ཤུ་རྩ་ལྔ།། མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་དོ།། དཔག་ཚད་ཕྱེད་དང་ལྔ་ནི་རིའི་རྒྱལ་པོ་རི་རབ་ལས་གྱེན་དུ་འཕགས་ཏེ། དབྱིབས་ལེགས་ཤིང ་ལྟ་ན་སྡུག་ལ་མཛེས་པར་གསེར་ལས་གྲུབ་པ་སྟེ། དེ་ན་གནོད་སྦྱིན་ལག་ན་རྡོ་རྗེ་རྣམས་གནས་སོ།། རིའི་རྒྱལ་པོ་རི་རབ་ཀྱི་བང་རིམ་ནི་བཞི་ཡོད་དོ།། བང་རིམ་དང་པོ་དང་། གཉིས ་པ་དང་། གསུམ་པ་དང་། བཞི་པ་དང་། བང་རིམ་དང་པོ་ནི་ཆུ་ལས་དཔག་ཚད་ཉི་ཁྲིས་ཡིན་གྱེན་དུ་འཕགས་ལ་རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཁྲི་དྲུག་སྟོང་ཕྱིར་འཕགས ་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་ལག་ན་ཡོལ་གོ་ཐོགས་ཀྱི་ལྷ་རྣམས་གནས་སོ།། བང་རིམ་གཉིས་པ་ནི་བང་རིམ་དང ་པོ་ལས་དཔག་ཚད་ཉི་ཁྲི་ཡིན་ནམ་ཁྲེལ་བཞི་ཁྲི་ལས་མི་ཡོད་དམ། ཁྲི་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་བརྒྱད་སྟོང་ཕྱིར་འཕངས་ཏེ། དབྱིངས ་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་ཕྲེང་ཐོགས་ཀྱི་ལྷ་རྣམས་གནས་སོ།། བང་རིམ་གསུམ་པ་ནི་བང་རིམ་གཉིས་པ་ལས་དཔག ་ཚད་ཉི་ཁྲིས་གྱེན་དུ་འཕགས་ལ། རིའི་རྒྱལ་པོ་རི་རབས་ལས་དཔག་ཚད་བཞི་སྟོང་ཕྱིར་འཕགས་ཏེ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས། ་པ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པ་སྟེ། དེ་ན་རྟག་ཏུ་མྱོས་པའི་ལྷ་རྣམས་གནས་སོ།། བང་རིམ་བཞི་པ་ནི་བང་རིམ་གསུམ་པ་ལས་དཔག་ཚད་ཉི་ཁྲིས་གྱེན་དུ་འཕགས་ལ། ་རིའི་རྒྱལ་པོ་རི་རབ་ལས་དཔག་ཚད་ཉི་སྟོང་ཕྱིར་འཕབས་ཏེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ། རིན་པོ་ཆེ་སྣ་བཞི་ལས་གྲུབ་སྟེ། དེ་ན་རྒྱལ་པོ་ཆེན་པོ་གཞི ་པོ་རྣམས་གནས་སོ།། རིའི་རྒྱལ་པོ་གཉའ་ཤིང་འཛིན་ཅེས་བྱ་བ་ནི་རིའི་རྒྱལ་པོ་རི་རབ་ནས་དཔག་ཚད་བརྒྱད་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ནུའི་འོག་སེར་གྱི་ས་བཞི་ཆེན ་པོ་ལ་བརྟེན་ཏོ།། དཔག་ཚད་བཞི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་ཏེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ནི་གསེར་ལས་གྲུབ ་བ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་གྲོང་དང་།། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་གཉའ་ཤིང་འཛིན་ཅེས་བྱ་ཞེ་ན། སྨྲས་པ། ་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱིས་རྩེ་མོ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ནི། དཔེར་ན། ཤིང་རྟའི་གཉའ་ཤིང་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་གཉར ་ཤིང་འཛིན་ཅེས་བྱའོ།། རིའི་རྒྱལ་པོ་གཤོལ་འདའ་འཛིན་ཅེས་བྱ་བ་ནི། རིའི་རྒྱལ་པོ་གཉའ་ཤིང་འཛིན་ནས་དཔག་ཚད་བཞི་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ན ་ཆུའི་འོག་གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་ཉི་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར ་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་གཞོལ་འདའ་འཛིན་ཅེས་བྱ་ཞེ་ན། སྨྲས་པ། ་རིའི་རྒྱལ་པོ་གཞོལ་འདའ་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ནི། གཤོལ་འདའ་བཞིན་ཏེ། དེ་བས་ནི་རིའི་རྒྱལ་པོ་གཤོལ་འདའ་འཛིན་ཅེས་བྱའོ།། ་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་བ་ནི། རིའི་རྒྱལ་པོ་གཞོལ་མངའ་འཛིན་ནས་དཔག་ཚད་ཉི་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། ་དཔག་ཚད་ཁྲི་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི ་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་སེང་ལྡེང་ཅན་གྱིས་ཕྱོགས ་དེ་དང་། དེ་དག་ན་ཇི་ལྟར་གསེར་གྱི་སེང་ལྡེང་ཡོད་པ་བཞིན་དུ་རི་གཞན་དག་ཡང་མེད་དོ།། དེ་བས་ན་རིའི་རྒྱལ་པོ་སེང་ལྡེང་ཅན་ཞེས་བྱའོ།། རིའི་རྒྱལ་པོ་བལྟ་ན་སྡུག་ཅེས ་བྱ་བ་ནི། རིའི་རྒྱལ་པོ་སེང་ལྡེང་ཅན་ནས་དཔག་ཚད་ཁྲི་བོར་ཏེ། དཔག་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་བརྟེན་ཏོ།། དཔག་ཚད་ལྔ་སྟོང་ནི་ཆུ་ལས་གྱེན་དུ ་ལགགའཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིངས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན ་བཞི་པའི་ལྷ་རྣམས་ཀྱི་ཕྲེང་དང་། ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་བལྟ་ན་སྡུག་ཅེས་བྱ་ཞེ་ན། རིའི་རྒྱལ་པོ་ལྟ་ན་སྔག་གི་རིའི་རྩེ་མོ་ཇི་ལྟར་དབྱིབས་ལེགས ་ཤིང་བལྟ་ན་སྡུག་ལ་མཛེས་པ་བཞིན་དུ་རི་གཞན་དག་ལ་མེད་དེ། དེ་བས་ནི་རིའི་རྒྱལ་པོ་བལྟ་ན་སྡུག་ལ་ཅེས་བྱའོ།། རིའི་རྒྱལ་པོ་ལྷ་ན་རི་ཞེས་བྱ་བ་ནི། རིའི་རྒྱལ་པོ ་ལྟ་ན་སྡུག་ནས། དཔག་ཚད་ལྔ་སྟོང་བོར་ཏེ། དཔག་ཚད་རྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་ཉི་སྟོང་ལྔ་བརྒྱ་ནི་ཆུ་ལས་གྱེན་དུ ་འཕགས་སོ།། ཞེང་དུ་ཡང་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང ་གྲོང་ཁྱེར་དང་ལྗོངས་གནས་སོ།། ཅིའི་ཕྱིར་རིའི་རྒྱལ་པོ་རྟ་ན་རི་ཞེས་བྱ་ཞེ་ན། སྨྲས་པ། རིའི་རྒྱལ་པོ་རྟ་རྣ་རིའི་རྩེ་མོ་དབྱིབས་ལགས་ཤིང་བལྟ་ན་སྡུག་ལ་མཛེས ་བ་ནི་དཔེར་ན་རྟའི་རྣ་བ་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་རྟེན་རི་ཞེས་བྱའོ།། རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་བ་ནི་རིའི་རྒྱལ་པོ་རྟན་རི་ནས་དཔག་ཚད་ཉི་སྟོང་ལྔ་བརྒྱ ་བོར་ཏེ། དབབ་ཚད་བརྒྱད་ཁྲི་ནི་ཆུའི་འོག་གསེར་གྱི་ས་བཞི་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་སྟོང་ཉེས་བརྒྱ་ལྔ་བཅུ་ནི་ཆུ་ལས་གྱེན་དུ་འཕགས་སོ།། ཞེང་དུ་ཡང་། ་དེ་དང་འདྲ་སྟེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་གྲོང་དང་། གྲོང་ཁྱེར་དང་ལྡོང་གནས་སོ།། ་ཅིའི་ཕྱིར་རིའི་རྒྱལ་པོ་རྣམ་པར་འདུད་ཅེས་བྱ་ཞེ་ན། རིའི་རྒྱལ་པོ་རྣམས་པར་འདུད་ཀྱི་རྩེ་མོ་དམའ་ཞིང་འདུད་པ་ནི་དཔེར་ན། སྤྱན་རུ་བཞིན་ཏེ། དེ་བས་ནས་རིའི་རྒྱལ ་པོ་རྣམ་པར་འདུད་ཅེས་བྱའོ།། རིའི་རྒྱལ་པོ་མུ་ཁྱུད་འཛིན་ཅེས་བྱ་བ་ནི། རིའི་རྒྱལ་པོ་རྣམ་པར་འདུད་ནས། དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་བོར་ཏེ། དཔག་ཚད ་བརྒྱད་ཁྲི་ནི་ཆུ་འོག་གསེར་གྱི་ས་བཞི་ས་ཆེན་པོ་ལ་རྟེན་ཏོ།། དཔག་ཚད་དྲུག་བརྒྱ་ཉི་ཤུ་རྩ་ལྔ་ནི་ཆུ་ལས་གྱེན་དུ་འཕགས་སོ།། རྔམས་སུ་ཡང་དེ་དང་འདྲ་སྟེ་དབྱིབས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་གསེར་ལས་གྲུབ་པ་སྟེ། དེ་ན་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱིས་གྲོ་དང་གྲོང་ཁྱེར་དང་། ལྗོངས་གནས་སོ།། ཅིའི་ཕྱིར ་རིའི་རྒྱལ་པོ་མུ་ཁྲུད་འཛིན་ཅེས་ཞེས་ན། སྨྲས་པ། རིའི་རྒྱལ་པོ་མུ་ཁྱུད་འཛིན་གྱི་རྩེ་མོ་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ནི། དཔེར་ན། ཤིང་རྟ ་མུ་ཁྱུད་བཞིན་ཏེ། དེ་བས་ན་རིའི་རྒྱལ་པོ་མུ་ཁྱུད་འཛིན་ཅེས་བྱའོ།། རིའི་རྒྱལ་པོ་ཁོར་འཁོར་ཡུག་རི་ཞེས་བྱ་བ་ནི། ཕྱི་རོལ་ཀྱི་རྒྱ་མཚོ་ཆེན་པོ་བོར་ཏེ། དཔག་ཚང ་བརྒྱད་ཁྲི་ནི་ནྱའི་འོག་གསེར་གྱིས་བཞི་ཆེན་པོ་ལ་བརྟེན་ཏོ།། དཔགས་ཆང་སུམ་བརྒྱ་རྩ་ཕྱེ་དང་བཅུ་གསུམ་ནི་ཆུ་ལས་བགྱེན་དུ་འཕག་སོ།། རྔམས་སུ་ཡང་དེ་དང་འདྲས། ་@དབྱིབས་ལེགས་ཤིང་བལྟར་སྡུག་ལ་མཛེས་པ་ལུགས་ལས་གྲུབ་པ་སྟེ། དེ་ནས་གནོད་སྦྱིན་གོས་སྔོན་པོ་ཅན་རྣམས་གནས་སོ།། ཅིའི་ཕྱིར ་རིའི་རྒྱལ་པོ་ཁོར་ཡུག་རི་ཞེས་བྱ་ཞེ་ན།། རིའི་རྒྱལ་པོ་འཁོར་ཡུག། རིའི་ཕྱོགས་དེ་དང་དེ་དག་ན།། ཇི་ལྟར་གསེར་གྱི་འཁོར་ལོ་ཡོད་པ་བཞིན་དུ།། རི་གཞན་དག་ལ་མེད ་བ་དང་།། གཞན་ཡང་རོའི་རྒྱལ་པོ་ཁོར་ཡུག་རིས་གླིང་བཞི་པ་འདི་འཁོར་ལོའི་ཚུལ་བསྐོར་ཏེ། དེ་བས་ན་རོའི་རྒྱལ་པོ་ཁོར་ཡུག་རེ་ཞེས་བྱའོ།། གཉའ་ཤིང་འཛིན་གྱིས ་འཕང་དུ་ནི།། དཔག་ཚད་བཞི་ཁྲི་ཡོད་པར་བསྟན།། གཤོལ་མདའ་མཛིན་ན་ནི་ཉི་ཁྲི་སྟེ། ཁྲི་ནི་སེང་ལྡེང་ཅན་གི་རེ། ལྷ་ན་སྡུག་གི་འབད་དུ་ནི། དཔག་ཚད་ལྔ་སྟོང ་ཡོད་པར་སྤྱད།། དཔག་ཚད་ཀྱི་སྟོང་ལྔ་བརྒྱ་།། རྟན་རི་ཞེས་མངོན་པར་འཕགས། སྟོང་དང་ཉིས་བརྒྱ་ལྔ་བཅུའི།། གྲངས་མེད་རྣམ་པར་འདུད་པ་འཕགས། ་བུ་ཁྲུད་འཛིན་གྱི་འཕང་དུ་ནི།། དྲུག་རྒྱ་ཉི་ཤུ་རྩ་ལྔར་བསྟད།། རྒྱ་མཚོ་འདིའི་ཕ་རོལ་ན།། བརྒྱ་མཚོ་གང་གིས་བསྐོར་བ་ཡིན།། འཁོར་ཡུག་དཔག་ཚད་སུམ་པ ་དང་། དཔག་ཚད་ཕྱེ་དང་བཅུ་གསུཔ་མེད།། དེའི་ཁོར་ལུག་ཅིང་བཤད་དེ། འཇིག་རྟེན་པར་མརྣམས་པན་མངདུ།། ཏེ་ཟླང་བཞིན་སྐར་མ་དང་།། རྒྱ་སྐར་རྫོགས ་ཅ་ན་ཀྲུས། ཁང་དྲུག་མ་འཇིག་རྟེ་གྱི།། བར་མམས་པ་ཅང་དྲན་པར་འ།། མརྫུན་འང། དགས་པར་ང།། དེ་མེ་། ་བལྟ་སྡུག་དང་སེང་ལྡེང་ཅན།། གཤོལ་མདའ་འཛིན་དང་གཉའ་ཤིང་འཛིན།། རི་བོ་དེ་དག་བདུན་པོ་རྣམས།། རིའི་མཆོག་སྟེ་གསེར་ལས་གྲུབ། རི་རབ ་ལ་སོགས་རི་བོ་རྣམས།། དེ་དག་གསེར་གྱི་ས་གཞི་ལས་རྟེན། འཇིག་རྟེན་བདག་པ་ལས་ཚིགས་སུ་བཅད་པ་བཅུ་གཉིས་པའོ།། སྡོམ་ནི།། མཚོན་དང་རྒྱལ་བའི ་ཕོ་བྲང་འཁོར།། གླིང་དག་དང་ནི་གླིང་བྲན་རྣམས།། སྟེང་དང་འོག་ནི་སྡིག་བྲལ་གྱིས།། ཤེས་པས་ཉམས་སུ་མྱོང་བ་ཡོད།། རིའི་རྒྱལ་པོ་མཉའ་ཤིང་འཛིན ་དང་།། རིའི་རྒྱལ་པོ་གཤོལ་མདའ་འཛིན་གྱི་བར་དེའི་སྐབས་ན།། གཉའ་ཤིང་འཛིན་གྱི་རོལ་མཚེ་ཞེས་བྱ་བ་ཡོད་དེ།། ཟབ་སུ་ནི་དཔག་ཚད་རྒྱང་ཁྲི་ཡོད་ལ་གསེར ་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ།། ཁ་ཚོན་དུ་ནི་དཔག་ཚད་གཞི་ཁྲི་ཡོད་དེ།། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ། ཆུ་གསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ་ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ།། རིའི་རྒྱལ་པོ་གཤོལ་མངའ་འཛིན་དང་།། རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་བར་དེའི་སྐབས་ན།། གཤོལ་མངའ ་འཛིན་གྱིས་མཚོ་བྱ་བ་ཡོད་དེ། ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ། ཁ་ཚོན་དུ་ནི་དཔག་ཚད་ཉི་ཁྲི་ཡོད་དོ།། དབྱིབས ་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་ཞིང་ནུ་སྦྲང་ཅི་ལྟ་བུས་གང་སྟེ།། ཀླུའི་རྒྱལ་པོ་དག་གིས། རྒྱས་པར་འདུག་གོ།། རིའི་རྒྱལ་པོ་སེང་ལྡེང་ཅན་དང་། ་@#རིའི་རྒྱལ་པོ་ལྟ་ན་སྡུག་གི་བར་ནི་སེང་ལྡེང་ཅན་གྱི། མཆེ་ཞེས་བྱ་བ་ཡོད་དོ།། ཟབས་སུ་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ ་ལ་རྟེན་ཏོ།། ཁ་ཆེན་དུ་ནི་དཔག་ཚད་ཁྲི་ཡོད་དོ།། དབྱིབས་ལེགས་ཤིང་། ལྟ་ན་སྡུག་པ། ལ་མཛེས་པ་ནུ་བསིལ་ཞིང་ནུ་སྦྲང་བ་ཙི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག ་གིས་རྒྱས་པར་འདུག་གོ།། རིའི་རྒྱལ་པོ་ལྟ་ན་སྡུག་དང་། རིའི་རྒྱལ་པོ་རྟན་རིའི་བར་དེའི་སྐབས་ན། བལྟ་ན་སྡུག་གི་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་དཔག་ཚད ་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། ཞེང་དུ་ནི་དཔག་ཚད་ལྔ་སྟོང་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ་ཆུ་བསིལ་ཞིང་རྒྱ ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ།། རིའི་རྒྱལ་པོ་རྟ་ན་རི་དང་། རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་བར་ན། རྟ་ན་རིའི་མཚོ་ཞེས་བྱ ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་བརྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ།། ཁ་ཆེན་དུ་ནི་དཔག་ཚད་ཉིས་སྟོང་ལྔ་བརྒྱ་ཡོད་དོ།། དབྱིབས་ལེགས ་ཤིང་བལྟ་ན་སྡུག་ལ་མཛེས་རུ་གསིལ་ཞིང་ནུ་སྦྲང་རྩི་ལྟ་བུས་དང་། ཀླུའི་རྒྱལ་པོ་དག་གིས་རྒྱས་པར་འདུག་གོ།། རིའི་རྒྱལ་པོ་རྣམ་པར་འདུད་དང་། རིའི་རྒྱལ་པོ ་མུ་ཁྱུད་འཛིན་གྱི་བར་ན། རིའི་རྒྱལ་པོ་རྣམ་པར་འདུད་ཀྱི་མཚོ་ཞེས་བྱ་བ་ཡོད་དེ། ཟབས་སུ་ནི་དཔག་ཚད་རྒྱད་ཁྲི་ཡོད་ལ། གསེར་གྱི་ས་གཞི་ཆེན་པོ་ལ་རྟེན་ཏོ།། ་ཁ་ཚོན་དུ་ནི་དཔག་ཚད་སྟོང་ཉིས་བརྒྱ་ལྔ་བཅུ་ཡོད་དེ། དབྱིབས་ལེགས་ཤིང་ལྷན་སྡུག་ལ་མཛེས་པ་ཆུ་གསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། ཀླུའི་རྒྱལ་པོ་དག་གིས ་རྒྱས་པར་གདུབ་གོ། གཉའ་ཤིང་འཛིན་གྱི་མཚོའི་ནི། བར་ནི་གཉའ་ཤིང་འཛིན་གྱིས་རིག་ཤོལ་མངའ་འཛིན་གྱི་མཚོའི་ནི།། བར་ན་གཤོལ་འདའ་འཛིན་གྱི་རི། ་སེང་ལྡེང་ཅན་གྱིས་མཚོའི་ནི། བར་ན་སེང་ལྡེང་ཅན་གྱི་རི་ལྟ་ན་སྡུག་གིས་མཚོའི་ནི། བར་ན་ལྟ་ན་སྡུག་པའི་རི། རྟ་རྣ་རིའི་མཚོའི་ནི། བར་ན་རྟ་རྣའི་རི་བོ་ཡོད། རྣམ་པར ་འདུད་ཀྱི་མཚེའི་ན། བར་ན་རི་བོ་རྣམ་པར་འདུད། མུ་ཁྱུད་འཛིན་གྱི་མཚོའི་ནི། བར་ན་རི་བེ་མུ་ཁྱུད་འཛིན་ནུ་འཛིན་མ་ཆེའི་ནི་བདུན་པོ་རྣམས། དག་པའི་བཻ་ཌཱུརྱ་མདོག ་བཞིན། བར་དུ་བསིལ་བའི་ཆུ་དག་དང་། སྦྲང་རྩི་ལྟ་བུའི་ཆུས་ཀྱང་གང་། མེ་ཏོག་དུས་ཀྱི་རྗེས་འབྲང་བས་མཚོ་རྣམས་མཛེས་བྱས་རྒྱ་སྤོས་འཁྲུང་། དེ་བཞིན་བལ ་པུ་སྤང་སྤོས་དང་། སྨན་ནི་སྣ་ཚོགས་རྣམས་ཀྱིས་གང་།། དེ་བཞིན་འཇིགས་ཤིང་ལུས་ཆེན་ལ། དྲག་ཅིང་མི་བཟད་གདུག་པའི།། ཀླུའི་རྒྱལ་པོ་རྣམས་ཀྱིས ་རྒྱས་མཚོ་བདུན་པོ་དག་ཡིད་འོང་བ། རི་བོ་དག་གི་འོད་རྣམས་དང་།། ཉི་མའི་འོད་ཟེར་རྣམས་ཀྱིས་ཀྱང་། ཉི་མ་འཆར་ཀར་ཡུད་ཙམ་ཞིག། ཕྱོགས་བཅུངས ་ཏུ་ལམ་མེར་སྣང་།། གསེར་གྱིས་རི་བོ་བདུན་པ་ཡིས་མཚོ་བདུན་པོ་དག་ཀུན་ནས་སྐོར།། རི་རྣམས་གཙོ་བོ་རི་རབ་ནི། རྩེ་མོ་བྲིས་པ་བཞིན་དུ་འཕགས། རྀའི ་ལསརྒྱལ་པོ་རི་རབ་ཀྱི་ཤར་གྱི་ཕྱོགས།། རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན།། རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གྱི་ས་ཕོ་བྲང་། ་ཡུལ་འཁོར་སྲུང་བྱ་བ་ཡོད་དོ།། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ།། ཞེང་དུ་དཔག་ཚད་ཉིས་རྒྱ་ལྔ་བཅུ། མཐའ་སྐོར་དུ་དཔག་ཚང་སྟོང་ཡོད་ལ།། དབྱིབས ་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ། གསེར་གྱི་རབས་བསྐོར་ཏེ། ར་བའི་འཕང་དུ་དཔག་ཚད་ཕྱེད་ཡོད་དོ།། ར་བ་དེ་ལ་ཅོག་ཡོད་པ་རྣམས་རྣམ་བཞི་ལས་བྱས་པ་སྟེ། ་གསེར་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། བཻ་ཌཱུརྱ་ལས་པ་དང་། ཤེལ་ལས་བྱས་པ་དགོ། མངའ་ཡབ་དང་། བསྟི་ཁང་རྣམས་པ་བཞི་ཡོད་དོ།། དེའི་ནང ་གི་ས་བཞི་དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་ཏེ། བཀྲ་བཞིང་ཤིང་ཏུ་བཀྲ་བ་མཚོན་སྣ་བརྒྱ་རྩ་གཅིག་གིས་བཀྲ་བ་སྟེ། འཛམ་ཞིང་ཤིན་ཏུ་འཇམ་པ་ནི་དཔེར ་ན། ཤིང་བལ་གྱི་འདའ་བ་འམ། རས་བལ་གྱིས་འདའ་བ་བཞིན་ཏེ། རྐང་པ་བཞག་ན་ནེམ་ཤེས་བྱེད། རྐང་པ་རྟེག་ན་ནི་པར་ཅེས་བྱེད་ལ་མེ་ཏོག་མན་མདའ་ར་བ ་ངག་གིས་པུས་མོ་ནུབ་པ་ཙམ་དུ་ཡོངསུ་ཁྱེབས་ཏེ། མི་མ་ཡིན་པ་རྣམས་ཀྱིས་རླུང་གིས་མཐུས། མེ་ཏོག་རྙིང་པ་རྣམ་ནི་དོར་བར་བྱེད།། མེ་ཏོགས་གསར་པ་རྣམ་ནི ་ལེགས་པར་འགྲེམས་ཏེ། ཇི་སྐད་དུ། ཡུལ་འཁོར་སྲུང་གི་བསོད་ནམས་དབང་གི་མཐུས། ཡུལ་འཁོར་བསྲུང་གི་གྲོང་ཁྱེར་དག་ན་རླུང་ཆེན་ལྡང་། མེ་ཏོག ་རྙིང་པ་རྣམས་ཀྱི་འདོར་བར་བྱེད། མེ་ཏོག་སར་པ་རྣམས་ནི་ལེགས་པར་འགྲེམས་ཤེས་འབྱུང་བ་ལྟ་བུའོ།། དེའི་ནང་ན་ལམ་སྲང་ཆུར་དཔག་ཚད་ཉི་རྒྱ་ལྔ་བཅུ།། ཞེང་དུ་དཔག ་ཚད་ཕྱེ་དང་གཉིས་པ་ཞིག་ཡོད་དེ། དབྱིབས་ལེགས་ཤིང་ལྟ་ན་སྡུག་ལ་མཛེས་པ། གསེར་གྱི་བྱེ་མ་བདལ་ཅིང་། ཙན་དན་གྱི་ཆུས་ཆག་ཆག་བཏབ་པའི་གློ་གཡས་གཡོན ་ན་རྫིང་བུ་བྱས་པ་དག་ཡོད་དེ། རྫིང་བུ་དེ་དག་འདི་ལྟ་སྟེ། གསེར་ལས་བྱས་པ་དང་དངུལ་ལས་བྱས་པ་དང་བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ ་པ་བཞིས་རྩིགས་སེ་རྫིང་བུ་དེ་དག་གི་ཕྱོགས་བཞི་ནི་ཐེམ་སྐས་བྱས་པ་དག་ཡོད་དེ་ཐེམ་སྐས་དེ་དག་ཀྱང་འདི་ལྟ་སྟེ། གསེ་ལས་བྱས་པ་དང་། དངུལ་ལས་བྱས་པ་དང་། ་བཻ་ཌཱུརྱ་ལས་བྱས་པ་དང་། ཤེལ་ལས་བྱས་པའི་ཕ་གུ་རྣམ་པ་བཞིས་བརྩིག་སོ།། རྫིང་བུ་དེ་དག་ལ་ལན་ཀར་རྣམ་པ་བཞིས་བསྐོར་ཏེ། དབྱིབས་ལེགས་ཤིང་བ ་ན་སྡུག་ལ་མཛེས་པ་ནུ་བསིལ་ཞིང་ཆུ་སྦྲང་རྩི་ལྟ་བུས་གང་སྟེ། མེ་ཏོག་ཨུད་པ་ལ་དང་། པདྨ་དང་། ཀུ་མུ་རྟ་དང་། པདྨ་དཀར་པོ་དང་ཡོངས་སུ་ཁྱེབས་ལ། ་ཆུ་ནས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉེན་པ་དང་། འདོད་དགུར་སྦྱར་བའི་གཟུགས་ཅན་དག་སྐད་སྙན་པ་འབྱིན་ཏོ།། ་རྫིང་བུ་དེ་དག་གི་ཉེ་ཀོར་ན། མེ་ཏོག་གི་ཤིང་ལྗོན་པ་དང་། འབྲས་བུའི་ཤིང་ལྗོན་པ་རྣམས། དེ་བཞིན་དུ་ལེགས་པར་སྐྱེས་ཤིང་དབྱིབས་ལེགས་ལ་ཡོངསུ་གྲུབས ་@བསྟེ། མེ་ཏོག་ཟོད་བཞིན་དུ་གྱུར་པ་ནི། དཔེར་ན། མེ་ཏོག་ཕྲེང་རྒྱུད་དམ། མེ་ཏོག་ཕྲེང་རྒྱུད་ཀྱི་སློབ་མ་མཁས་པས། མེ་ཏོག་གི་ཕྲེང་རྒྱུད ་དགུ་ལ་བསྐྱས་པ་དང་། མེ་ཏོག་གི་རྣ་བརྒྱན་ལེགས་པར་བྱས་བཞིན་ཏེ། སྐམ་ལས་སྐྱེས་པའི་བྱ་སྣ་ཚོགས་སྐད་སྙན་པ་དང་། སྐད་ཡིད་དུ་འོང་བ་དང་། སྐད་མཉན ་བ་དང་། སྐད་འདོད་གུར་སྦྱར་བའི་གཟུགས་ཅན་དག་སྐད་སྙན་པ་འབྱིན་ཏོ།། དེ་དག་གིས་ཀློར་ན་དཔག་བསམ་གྱི་ཤིང་ལྗོན་པ་བསྔོན་པོ་དང་། སེར་པོ་དང་། དམར ་བོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། བཞག་གོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། དཔག་བསམ་གྱི་ཤིང ་ལས་བྱུང་བའི་སྒོས་སྔོན་པོ་དང་། སེར་པོ་དང་། དམར་པོ་དང་། དཀར་པོ་རྣམ་པ་བཞི་ཡོད་དོ།། ལག་རྒྱན་དང་། རྐང་བརྒྱན་དང་། རྒྱན་གང་སྣང་བ་དང་། ་མི་སྣང་བ་རྣམས་འབྱུང་བའི་རྒྱན་གྱི་ཤིང་ལྗོན་པ་རྣམ་པ་བཞི་ཡོད་དོ།། ལྷ་འམ་ལྷའི་བུ་མོ་དག་གིས་ཇི་ལྟ་བུར་འདོད་པའི་སེམས་བསྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གིས ་ལག་དུ་འོང་བར་འགྱུར་རོ།། རོལ་མེའི་ཆ་བྱད་སྣ་ཚོགས་མང་པོ་པི་བང་དང་། གླིང་བུ་དང་། པི་ཝང་རྒྱུད་གསུམ་པ་དང་། ཁརྡ་དང་། སྒྲ་སྙན་རྣམས་འབྱུང ་བའི་ཤིང་དག་ཡོད་དེ། ལྷ་འམ་ལྷའི་བུ་མོ་རྣམས་ཀྱིས་ཇི་ལྟ་བུ་འདོད་པའི་སེམས་སྐྱེད་མ་ཐག་ཏུ་དེ་ལྟ་བུ་དེ་དག་གི་ལག་ཏུ་འོང་བར་འགྱུར་རོ།། བདུད་རྩི་ནམ་པ ་བཞི་དང་། སྦྲང་རྩི་དང་། སྦྲང་ཆང་གི་བཏུང་བ་དག་ཀྱང་ཡོད་དོ།། ཡང་རྟོགས་རྣམ་དང་། ཁང་པ་བརྩེགས་པ་རྣམས་དང་ཁྱིམ་རྣམས་དང་། ཁང་བཟངས་རྣམ་དང་།། ་བསིལ་ཁང་རྣམས་དང་། ལྟ་དམོས་བལྟ་བའི་ས་རྣམས་དང་། བསྟི་ཁང་རྣམས་བུད་མེད་ཀྱི་ཚོགས་ཀྱིས་འཛེས་པར་བྱས་ཤིང་། ལྷའི་བུ་མོ་མང་པོས་བསྟེན་པ ་དང་། སིལ་སྙན་པ་དང་། ཕེག་རྡོབ་པ་དག་གིས་སྒྲ་སྙན་པ་བསྒྲོགས་པ་དང་། དྲི་སྣ་ཚོགས་ཀྱིས་ལེགས་པར་བསྐོས་པ་དང་། ཁ་ཟས་དང་། བཏུང་བ་དང་ལྡན་པ ་ངག་ཡོད་དོ།། དེ་ན་རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་གཡོག་འཁོར་དང་བཅས་པ་བརྩེ་ཞིང་དགའ་ལ་དགའ་མགུར་སྤྱོད་དེ། རང་གི་ལས་ཀྱི་འབྲས་བུ་ཉམས ་སུ་མྱོང་ངོ་།། རིའི་རྒྱལ་པོ་རི་རབ་གྱིས་ལྷོ་ཕྱོགས་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱིས་སྟེང་ན་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པའི་ཕོ་གྲང་ཁོར། འཕགས་བསྐྱེས ་ཤེས་བྱ་བ་ཡོད་དོ།། ཆུར་དཔག་ཚད་ཉིས་བརྒྱ་ལྔ་བཅུ། ཞེང་དུ་དཔག་ཚད་ཉིས་རྒྱ་ལྔ་བཅུ།། མཐའ་སྐོར་དུ་དཔག་ཚད་སྟོང་ཡོད་ལ། དབྱིབས་ལེགས ་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ། གསེར་གྱི་ར་བས་བསྐོར་ལ་ར་བའི་འཕང་དུ་དཔག་ཚད་ཕྱེད་ཡོད་དེ། སྔ་མ་བཞིན་དུ། རྒྱས་པར་བརྗོད་པར་བྱའོ།། རིའི ་རྒྱལ་པོ་རི་རབ་ཀྱི་ནུབ་ཕྱོགས་རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན། རྒྱལ་པོ་ཆེན་པོ་མག་མི་བཟང་གི་ཕོ་བྲང་འཁོར་སྣ་ཚོགས་གཟུགས་ཤེས་བྱ་བ་ཡོད་དེ་རུར ་@དཔག་ཚད་ཉིས་རྒྱ་ལྔ་བཅུ་ཞེང་དུ་དཔག་ཚད་ཉིས་རྒྱ་ལྔ་བཅུ།། མཐའ་སྐོར་དུ།། ཡང་དཔག་ཚད་སྟོང་ཡོད་ལ།། དབྱིབས་ལེགས་ཤིང་།། ་ལྟ་ན་སྡུག་ལ་མཛེས་པ་སྟེ།། སྔ་མ་བཞིན་དུ་ཐམས་ཅད་རྒྱས་པར་བརྗོད་པར་བྱའོ།། རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས།། རིའི་རྒྱལ་པོ་གཉའ་ཤིང་འཛིན་གྱི་སྟེང་ན། ་རྒྱལ་པོ་ཆེན་པོ་རྣམས་ཐོས་ཀྱི་བུའི་ཕོ་བྲང་ལུང་ལོ་ཅན་ཞེས་བྱ་བ་ཡོད་དེ།། ཆུར་དཔག་ཚད་ཉིས་རྒྱ་བཅུ།། ཞེང་དུ་དཔག་ཚད་ཉིས་བརྒྱ་ལྔ་བཅུ།། མཐའ་སྐོར་དུ་དཔག ་ཚད་སྟོང་ཡོད་ལ།། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་སྟེ།། སྔ་མ་བཞིན་དུ་ཐམས་ཅད་བརྗོད་པར་བྱའོ།། དྲི་ཟ་དག་གིས་བདག་པོའི་རྒྱལ།། ཤར ་གྱིས་ཕྱོགས་རྣམས་སྐྱོང་བྱེད་པ།། རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་།། གྲོང་ཁྱེར་ཡུལ་འཁོར་བསྲུང་ན་གནས།། གྲུལ་བུམ་དག་གིས་བདག་པོའི་རྒྱལ། ་ལྕེའི་ཕྱོགས་རྣམས་སྐྱོང་བྱེད་པ།། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ།། གྲོང་ཁྱེར་འཕགས་པར་སྐྱེས་ན་གནས།། ཀླུ་རྣམས་ཀྱི་ནི་བདག་པོའི་རྒྱལ།། ནུབ་ཀྱིས ་ཕྱོགས་རྣམས་སྐྱོང་བྱེད་པ།། རྒྱལ་པོ་ཆེན་པོ་མིག་མི་བཟང་།། གྲོང་ཁྱེར་སྣ་རོགས་གཟུགས་ན་གནས།། གནོད་སྦྱིན་རྣམས་ཀྱི་བདག་པོའི་རྒྱལ།། བྱང ་ཕྱོགས་པ་རྣམས་ན་སྐྱོང་བྱེད་པ།། རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས།། གྲོང་ཁྱེར་ལྕང་ལོ་ཅན་ན་གནས།། ཤར་ཕྱོགས་ན་ནི་གནས་བསྲུང་ངོ་།། ལྷོ་ཕྱོགས་ན་ནི ་འཕགས་སྐྱེས་པོ།། ནུབ་ཕྱོགས་ན་ནི་མིག་མི་བཟང་།། བྱང་ཕྱོགས་ན་ནི་ལུས་ངན་པོ།། རྒྱལ་པོ་ཆེན་པོ་འདི་བཞི་དག། འཇིག་རྟེན་སྐྱོང་བ་གཟི་བརྗིད་ལྡན། ་ཕྱོགས་བཞི་དག་ནི་སྐྱོང་བ་སྟེ།། རྫུ་འཕྲུལ་ཆེ་ལ་སྟོབས་ཀྱང་ཆེ།། དེ་དག་ཚོགས་ནི་གསུམ་པོ་རྣམས།། བསྲུང་བའི་ཕྱིར་ནི་སྤྲོ་བ་སྟེ། སུམ་བཅུ་རྩ་གསུམ་ལྔ ་རྣམས་དང་། སངས་རྒྱས་བདེ་བ་གཟིགས་རྣམས་དང་།། འཁོར་ལོ་ཆོས་བཞིན་བསྐོར་བ་ཡིན།། ལྗོངས་ཀྱིས་བདག་པོ་གང་ཡིན་པ།། འཁོར་ལོ་སྒྱུར་བ་དེ་ལ ་ཡང་།། བསྲུང་བའི་ཕྱིར་ནི་སྤྲོ་བ་ཡིན།། རིའི་རྒྱལ་པོ་རི་རབ་ཀྱི།། ཤར་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ནི། ཤར་གྱི་ལུས་འཕགས་ཞེས་བྱ་བའི་གླིང་ན་ང་རྒྱལ་ཆེ་ལ ་ཕྱི་རོལ་ཟླ་གམ་ལྟར་གྲུབ་པ་ཡོད་དེ། དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་བཞི་ཆེན་པོ་ལ་བརྟེན་ཏོ།། སྟེང་ནི་ཆུ་དང་ཁ་ད་ཆད་དུ་འདུག་སྟེ། ཤར་གྱིས་ལུས ་འཕགས་པའི་གླིང་གི་ངོས་ནང་གིས་རིང་པོ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཉིས་སྟོང་ཡོད་དོ།། ནང་གི་ཐུ་དུ་གང་བ་ཡིན་པ་དེ་ནི་དཔག་ཚད་སུམ་བརྒྱ་ལྔ་བཅུ་ཡོད་དེ། ་མཐའ་སྐོར་དུ་དཔག་ཚད་དྲུག་སྟོང་སུམ་རྒྱ་ལྔ་བཅུ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པསྟེ། དེ་ནི་ཤར་གྱིས་ལུས་འཕགས་པའི་མི ་རྣམས་ཀྱི་གྲོང་།། གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། ཕོ་བྲང་འཁོར་གནས་སོ།། རིའི་རྒྱལ་པོ་རི་རབ་ཀྱི་ལྷོ་ཕྱོགས་ཀྱིས་ཕྱི་རོལ་གྱི་བརྒྱ་མཚོ ་ཆེན་པོ་ན། འཛམ་བུ་གླིང་ཞེས་བྱ་བའི་གླིང་ནང་རྒྱ་མཚོ་ལ་ཕྱིར་རོལ་ཤིང་རྟའི་དབྱིབས་ལྟར་གྲུབ་པ་ཡོད་དེ། དཔག་ཚད་རྒྱ་ཁྲི་ནི་ཐུར་དུ ་གསེར་གི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། སྟེང་ནི་རླུ་དང་ཁང་བྱེད་དུ་འདུག་སྟེ། འཛམ་བུའི་གླིང་གི་ངོས། ནང་གི་རིང་པོ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཉིས་སྟོང་ཡོད་ན། ་ནང་གི་ཐུ་རུ་གང་ཡིན་པ་དེ་ལ་ནི་དཔག་ཚད་ཕྱེད་དང་བཞི་ཡོད་དོ།། མཐའ་སྐོར་དུ་ནི་དཔག་ཚད་དྲུག་སྟོང་དང་ཕྱེད་དང་བཞི་ཡོད་དོ།། དབྱིབས་ལེགས་ཤིང་ལྟ་ན ་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་འཛམ་བུ་གླིང་བའི་མི་རྣམས་ཀྱི་གྲོང་དང་གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་ཁོར་དང་། ཕོ་བྲང་འཁོར་གནས་སོ།། ་རིའི་རྒྱལ་པོ་རི་རབ་ཀྱིས་ནུབ་ཕྱོགས་ཀྱི་ཕྱི་རོལ་གྱི་རྒྱ་མཚོ་ཆེན་པོ་ནི། ནུབ་ཀྱི་བ་ལང་སྤྱོད་ཅེས་བྱ་བའི་གླིང་ནང་རྒྱ་ཆེ་ལ། ཕྱི་རོལ་ཀུན་ནས་ཟླུམ་པོར་གྲུབ་པ་ཡོད་དོ།། ་དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི་ས་གཞི་ཆེན་པོ་ལ་བརྟེན་ཏོ།། སྟེང་ནི་ཆུ་དང་ཁ་ད་ཆང་དུ་འདུག་སྟེ། ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་གི་རྒྱར་ནི་དཔག་ཚད་ཉིས ་སྟོང་ལྔ་བཅུ། མཐའ་སྐོར་ན་དཔག་ཚད་བདུན་སྟོང་ལྔ་བརྒྱ་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ནི་ནུབ་ཀྱི་བ་ལང་སྤྱོད ་ཀྱི་མི་རྣམས་ཀྱི་གྲོང་དང་གྲོང་རྡལ་དང་། གྲོང་ཁྱེར་དང་། ཡུལ་འཁོར་དང་། རྒྱལ་པོའི་ཕོ་བྲང་ཁོར་གནསོ།། རིའི་རྒྱལ་པོ་རི་རབ་ཀྱི་བྱང་ཕྱོགས་ཀྱི་ཕྱི་རོལ ་གྱི་རྒྱ་མཚོ་ཆེན་པོ་ན། བྱང་གི་སྒྲ་མི་སྙན་ཅེས་བྱ་བའི་གླིང་ན། ནང་རྒྱ་ཆེན་ལ་ཕྱིར་རོལ་གྲུ་བཞི་ལྷམ་པར་གྲུབ་པ་ཡོད་དེ། དཔག་ཚད་བརྒྱད་ཁྲི་ནི་ཐུར་དུ་གསེར་གྱི ་ས་གཞི་ཆེན་པོ་ལ་རྟེན་ཏོ།། སྟེང་ནི་ནུ་དང་ཁང་ཆད་དུ་འདུག་སྟེ། བྱང་གི་སྒྲ་མི་སྙན་གྱི་གླིང་གི་ཆུར་དཔག་ཚད་ཉི་སྟོང་།། ཞེང་དུ་དཔག་ཚད་ཉི་སྟོང་།། མཐའ ་སྐོར་དུ་དཔག་ཚད་བརྒྱད་སྟོང་ཡོད་དེ། དབྱིབས་ལེགས་ཤིང་བལྟ་ན་སྡུག་ལ་མཛེས་པ་ས་ལས་གྲུབ་པ་སྟེ། དེ་ན་བྱང་གི་སྒྲ་མི་སྙན་པའི་མི་རྣམས་གནས་སོ།། ་གླིང་ཕྲན་བརྒྱད་ཡོད་པ་ལ་འདི་ལྟ་སྟེ། ལུས་དང་ལུས་འཕགས་དང་། རྔ་ཡབ་དང་རྔ་ཡབ་གཞན་དང་། གཡོན་ལྡན་དང་། ཉེ་བའི་གཡོན་ལྡན་དང་སྒྲ་མི ་སྙན་གྱི་ཟླ་བ་རྣམས་སོ།། གླིང་ཕྲན་བརྒྱད་པོ་འདི་དག་གིས་ནང་ན། བདུན་ལ་ནི་མི་རྣམས་གནས་སོ།། གཅིག་ལ་ནི་མི་མ་ཡིན་པ་རྣམས་གནས་སོ།། རྒྱལ ་ཆེན་བཞི་པའི་ལྷ་རྣམས་ནི་འོག་མ་ལ་ཤེས་པའི་མཐོང་བ་ལ་འཇུག་གི། གོང་མ་ལ་མ་ཡིན་ཏེ། རྫུ་འཕྲུལ་ལམ་གཞན་གྱི་མཐུ་ནི་མ་ཏོགས་སོ།། དེ་བཞིན་དུ ་སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐབ་བྲལ་རྣམས། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་རྣམས ་དང་། ཚངས་རིས་རྣམས་དང་། ཚངས་པའི་མདུན་ན་འདོན་རྣམས་དང་། ཚངས་ཆེན་རྣམས་དང་། འོད་ཆུང་རྣམས་དང་། ཚད་མེད་འོད་རྣམས་དང་། ་@འོད་གསལ་རྣམས་དང་། དགེ་ཆུང་རྣམས་དང་། ཚད་མེད་དགེ་བ་རྣམས་དང་། དགེ་རྒྱས་རྣམས་དང་། སྤྲིན་མེད་རྣམས་དང་། བསོད ་ནམས་སྐྱེས་རྣམས་དང་། མི་ཆེ་བ་རྣམས་དང་། མི་གདུང་བ་རྣམས་དང་། གྱ་ནོམ་སྣང་བ་རྣམས་དང་། ཤིན་ཏུ་མཐོང་བ་རྣམས་ཀྱང་། འོ་མ་ལ་ཤེས་པའི་མཐོང ་བ་འཇུག་གོ།། གོང་མ་ལ་ཡིན་ཏེ། རྫུ་འཕྲུལ་ལམ་གཞན་གྱི་མཐུ་ནི་མ་ཡིན་ཏོགས་སོ།། འོག་མིན་གྱི་ལྷ་རྣམས་ནི་ཐམས་ཅད་དུ་ཤེས་པ་ནི་མཐོང་བ་འཇུག་གོ།། ་མནར་མེད་པའི་སེམས་ཅན་དམྱལ་བ་ཆེན་པོའི་འོག་གི་གཞི་ནས་གྱི་ལྷ་རྣམས་ན་མཐུར་དུ་དཔག་ཚད་བཞི་ཁྲི་ལ་ཐུག་གོ། མནར་མེད་པའི་སེམས་ཅན་དམྱལ་བ་ཆེན ་པའི་སྟེང་དུ་ངོས་ནི། འདི་ནས་ཐུར་དུ་དཔག་ཚད་ཉི་ཁྲི་ལ་ཐུག་གོ། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་དུག་གོ། དེའི་སྟེང་ན་སེམས་ཅན་དམྱལ ་བ་ཆེན་པོ་ཆེ་བ་འདུག་གོ། དེའི་སྟེང་སུ་ནི་སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད་ཆེན་པོ་འདུག་གོ། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆུང་འདུག་གོ།། དེའི ་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་འཇོམས་འདུག་གོ། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་ཐཾད་ནག་འདུག་གོ། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ ་ཡང་སོས་འདུག་གོ།། དེའི་སྟེང་ན་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་ནི་མཐོན་རྨན་དུ་རིམས་པར་གནས་ལ། ལྷག་པའི་འཁོར་བཅུ་དྲུག་བཅུ་དྲུག་ཡོད་དོ།། ་འདི་ནས་དཔག་ཚད་བཞི་པའི་ལྷ་རྣམས་འདུག་གོ། དང་པོ་ཡན་ཆད་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱིས་བར་ན་ཆད་ཇི་སྲིད་ཡོད་པ། རྒྱལ་ཆེན་བཞི་པའི་ལྷ་རྣམས་ཡན་ཆད ་ནས་དེ་སྲིད་ཀྱི་གོང་ན། སུམ་བཅུ་རྩ་གསུམ་གྱིས་ལྷ་རྣམས་འདུག་གོ། དེ་བཞིན་དུ་རྒྱས་པར་བྱས་ཏེ། དང་པོ་ཡན་ཆད་ཀྱི་ཇི་ཙམ་བདེ་སྲིད་ན། གྱ་ནོམ་སྣང་གི་ལྷ ་རྣམས་འདུག་གོ། གྱ་ནོམ་སྣང་གི་ལྕེ་ཡན་རྦད་ནས་དང་པོ་ཡན་ཆད་ཀྱི་ཚད་ཇི་ཙམ་པ་ཙམ་པ་དེ་སྲིད་ན། ཤིན་ཏུ་མཐོང་གིས་ལྷ་རྣམས་འདུག་གོ། ཤིན་ཏུ་མཐོང་གི ་ལྷ་ཡན་ཆད་ནས། དང་པོ་ཡན་ཆད་ཀྱི་ཚད་ཇི་ཙམ་པ་དེ་སྲིད་ན། འོག་མིན་གྱི་ལྷ་རྣམ་འདུག་གོ། སྤུན་ནི་བརྒྱད་ཡོད་དེ། སྤྲིན་ནང་གིས་མཐོན་པོ་གང་བ་དེའི ་འཕང་དུ་ནི་དཔག་ཚད་ཕྱེད་དང་གཉིས་ཡོད་དོ།། གཉིས་པ་ནི་དེ་བག་ཚད་གཅིག་དང་། དཔག་ཆད་ཀྱི་གཞི་ཆ་གཅིག་གོ། གསུམ་པ་ནི་དཔག་ཚད་གཅིག་གོ། བཞི ་པོ་ནི་དཔག་ཚད་གཅིག་ལས་གཞི་ཆ་གཅིག་མེད་པའོ།། ལྔ་པ་ནི་དཔག་ཚད་ཕྱེད་དོ།། དྲུག་པ་ནི་རྒྱང་གྲགས་གཅིག་ཁོ། བདུན་པ་ནི་རྒྱང་གྲགས་བྱེད་དོ།། བརྒྱད ་པ་ནི་རྒྱང་གྲགས་ཀྱི་བཞི་ཆ་གཅིག་གོ།། འཇིག་རྟེན་གདགས་པ་ལས་ཚེམས་བཅུ་གསུམ་པའོ།། ། གླིང་གཞི་ནི་མཉན་དུ་ཡོད་པ་སྟེ། དེ་ནས་བཅོམ་ལྡན ་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་གནོད་པར་འགྱུར་བ་དང་། གནོད་པར་འགྱུར་བ་མ་ཡིན་པའི་རོས་རྣམས་བཤད་ཀྱིས། དེ་ལེགས ་@#བར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིག་དང་ངས་བཤད་དོ། གནོད་པར་འགྱུར་བའི་ཆོས་རྣམས་གང་ཞེས་ན། སྐྱེས་པ་འམ་བུད་མེད་གང་ཡང ་རུང་སྟེ།། ཚུལ་ཁྲིམས་འཚལ་བ་དང་། སྡིག་པའི་ཆོས་ཅན་དང་། ལུས་ཀྱིས་ཉེས་པར་སྤྱོད་པ་དང་ལྡན་པ་དང་། ངག་གི་ཉེས་པར་སྤྱོད་པ་དང་། ལྡན་པ་དང་། ་ཡིད་ཀྱིས་ཉེས་པར་སྤྱོད་པ་དང་། ལྡན་པ་དང་། དེ་ནི་གང་གི་ཚེ་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་བར་གྱུར་ལ། ནད་ཚབས་ཆེན་པོས་ཆེས་བཏབ་ནས་ཁྲིའུ་ལ་འདུག ་གམ། ཤིང་ཁྲི་ལ་འདུག་གམ། ས་ལ་འདུག་གམ་ཉལ་ཡང་རུང་སྟེ། ལུས་ཀྱི་ཚོར་བ་མྱོང་བ་སྡུག་བསྔལ་ཞིང་མི་ཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག ་ལ་དབབ་པར་བྱེད་པ་རྣམས་ཀྱིས་ཐེབས་ན། དེ་ལ་སྔོན་གྱི་ལུས་ཀྱི་ཉེས་པར་སྤྱོད་པ་འམ། ངག་གི་ཉེས་པར་སྤྱོད་པ་འམ། ཡིད་ཀྱིས་ཉེས་པར་སྤྱོད་པ་ཡང་རུང་སྟེ། གང ་བྱུང་བ་དེ་དེའི་ཚེ་དེ་ལ་དམྱིགས་པར་འགྱུར་ཞིང་། ཆེར་དམིགས་ལ་མངོན་པར་དམིགས་པར་འགྱུར་ཏེ། དཔེར་ན་ཕྱེ་འབྲེད་ཀྱིས་དུས་ན་རི་ཆེན་པོ་རྣམས་རིའི་རྩེ་མོ་རྣམས་ཀྱི ་གྲིབ་སོ་ཤོང་དུ་བབས་ཏེ། གྲིབས་ཆེར་བབས་གྲིབ་སོ་མངོན་པར།། བབས་པ་དེ་བཞིན་དུ། དེ་ལ་སྔོན་གྱི་ལུས་ཀྱིས་ཉེས་པར་སྤྱོད་པ་འམ། ངག་གིས་ཉེས་པར་སྤྱོད་པ ་འམ། ཡིད་ཀྱིས་ཉེས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེ་དེའི་ཚེ་དེ་ལ་དམྱིགས་པར་འགྱུར་ཞིང་ཆེར་དམྱིགས་ལ་མངོན་པར་རབ་ཏུ་དམྱིགས་པར་འགྱུར་ཏེ། དེ་འདི ་སྙམ་དུ་ཀྱི་ཧུད་བདག་གི་སྡིག་པ་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་བྱསོ།། ཀྱི་ཧུང་བདག་གིས་བསོད་ནམས་འདི་ལྟ་སྟེ་ལུས་ངག་དང་ཡིད་ཀྱི་མ་བྱས།། སྡིག་པ་རྣམས ་བྱས་པ་དང་། བརླང་པོ་རྣམས་བྱས་པ་དང་། གདུག་པ་རྣམས་བྱས་པ་དང་། བསོད་ནམས་དག་མ་བྱས་བྱས་པ་དང་། དགེ་བ་དག་མ་བྱས་པ་དང་། འཇིགས་པ ་དང་། སྐྲག་པ་རྣམ་ཀྱི་སྐྱབས་མ་བྱས་པ་རྣམས་ཀྱི་འགྲོ་བ་གང་ཡིན་པའི་འགྲོ་བ་དེ་དག་ཏུ། ཚེ་ཕྱི་མ་ལ་འགྲོ་དགོས་སོ།། སྙམ་དུ་སེམས་ཏེ། འགྱོད་པར་འགྱུར་རོ།། དགེ ་སློང་དག་འགྱོད་བཞིན་དུ་འཆིས་པ་ནི་ལེགས་པ་མ་ཡིན་ནོ།། དུས་བྱེད་པ་ནི་ལེགས་པ་ཡིན་ནོ།། ཚེ་ཕྱི་མ་ནི་ལེགས་པ་མ་ཡིན་ཏེ། དེའི་ལུས་ཀྱི་ཉེས་པར་སྤྱོད་པ་སྤྲད་ཅིང་དག ་དང་། ཡིད་ཀྱིས་ཉེས་པར་སྤྱོད་པ་སྤྱད་ནས་རྒྱུ་དེ་དང་། རྐྱེན་དེས་ལུས་ཤིང་ཞིག་གནས་པའི་འོག་ཏུ་ངན་འགྲོ་ལོག་པར་ལྷུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར ་ཏེ། འདི་ནི་གནོད་པར་འགྱུར་བའི་ཆོས་རྣམ་ཤེས་བྱའོ།། གནོད་པར་འགྱུར་བ་མ་ཡིན་པའི་ཆོས་གང་ཞེ་ན། སྐྱེས་པ་འམ་བུད་མེད་གང་ཡང་རུང་སྟེ། ཚུལ་ཁྲིམས ་དང་ལྡན་པ་དགེ་བའི་ཆོས་ཅན་ལུས་ཀྱིས་ལེགས་པར་སྤྱོད་པ་དང་། ལྡན་པ། ངག་གི་ལེགས་པར་སྤྱོད་པ་དང་། ལྡན་པ། ཡིད་ཀྱིས་ལེགས་པར་སྤོང་བ་དང་ལྡན་པ་དེ་ནི། ་གང་གི་ཚེ་ནད་ཀྱིས་ཐེབས་ཤིང་སྡུག་བསྔལ་བར་གྱུར་ལ། ནད་ཚབས་པོ་ཆེས་བཏབ་ནས། ཁྲིའུ་ལ་འདུག་གམ། ཁྲི་ལ་འདུག་གམ། ས་ལ་འདུག་གམ། ཉལ་ཡང་རུང་སྟེ། ་ལུས་ཀྱི་ཚོར་བ་སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་ལ་འབབ་པར་བྱེད་པ་རྣམས་ཀྱིས་ཐེབས་ན་དེ་ལ་སྔོན་ལུས་ཀྱིས ་ལེགས་པར་སྤྱོད་པ་འམ། ངག་གི་ལེགས་པར་སྤྱོད་པ་འམ། ཡིད་ཀྱིས་ལེགས་པར་སྤྱོད་པ་ཡང་རུང་སྟེ། གང་བྱུང་བ་དེ་དེའི་ཚེ། དེ་ལ་དམིགས་པར་འགྱུར་ཞིང་། ཆེར ་དམྱིགས་ལ་མངོན་པར་རབ་ཏུ་དམྱིགས་པར་འགྱུར་ཏེ། དཔེར་ན་ཕྱེ་འབྲེད་ཀྱི་དུས་ན་རི་ཆེན་པོ་རྣམས་སམ། རིའི་རྩེ་མོ་རྣམས་ཀྱིས་བྲིབ་སོ་ཤོང་དུ་བབས་ཏེ། གྲིབ་སེ་ཆེར ་བབས་གྲིབ་སོ་མངོན་པར་རབ་ཏུ་བབས་པ་དེ་བཞིན་དུ། དེ་ལ་སྔོན་གྱི་ལུས་ཀྱིས་ལེགས་པར་སྤྱོད་པ་འམ། ངག་གིས་ལེགས་པར་སྤྱོད་པ་འམ། ཡིད་ཀྱིས་ལེགས་པར ་སྤོད་པ་ཡང་རུང་སྟེ། གང་བྱུང་བ་དེ་དེའི་ཚེ། དེ་ལ་དམྱིགས་ཤིང་ཆེར་དམྱིགས་པར་འགྱུར་ཏེ། དེ་འདི་སྙམ་དུ་ཀྱེ་མ་བདག་གིས་བསོད་ནམས་འདི་ལྟ་སྟེ། ལུས་དང་ངག་དང ་ཡིད་ཀྱིས་བྱས་སོ།། ཀྱེ་མ་བདག་གིས་སྡིག་པ་འདི་ལྟ་སྟེ། ལུས་དང་ངག་དང་ཡིད་ཀྱིས་མ་བྱས་སོ།། བསོད་ནམས་དག་བྱས་པ་དང་། དགེ་བ་དག་བྱས་པ་དང་། འཇིགས ་བ་དང་སྐྲག་པ་རྣམས་ཀྱི་སྐྱབས་བྱས་ཤིང་སྡིག་པ་རྣམས་མ་བྱས་པ་དང་། བརླང་པོ་རྣམས་མ་བྱས་པ་དང་། གདུག་པ་རྣམས་མ་བྱས་པའི་གྲོང་བ་གང་ཡིན་པའི་འགྲོ་བ་དེ ་དག་ཏུ་ཚེ་ཕྱི་མ་ལ་འགྲོ་བར་འགྱུར་རོ།། སྙམ་དུ་སེམས་ཏེ། འགྱོད་པ་མེད་པར་འགྱུར་རོ།། དགེ་སློང་དག་འགྱོད་པ་མེད་པར་འཆི་བ་ལེགས་སོ།། དུས་བྱེད་པ་ནི་ལེག་སོ།། ་ཚེ་ཕྱི་མ་ནི་ལེགས་ཏེ། དེ་ལུས་ཀྱིས་ལེགས་པར་སྤྱོད་པ་སྤྱད་ཅིང་། ངག་དང་ཡིད་ཀྱིས་ལེགས་པར་སྤྱོད་པ་སྤྱད་ནས། དེ་རྒྱུ་དང་རྐྱེན་དེས་ལུས་ཞིག་ཏེ་ཤི་བའི་འོག་ཏུ་བདེ་འགྲོ་མཐོ། ་རིས་ཀྱིས་འཇིག་རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་འགྱུར་ཏེ། འདི་ནི་གནོད་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་ཤེས་བྱའོ།། དགེ་སློང་དག་གནོད་པར་འགྱུར་བ་དང་། གནོད ་པར་འགྱུར་བ་མ་ཡིན་པའི་ཆོས་རྣམས་བཤད་པར་བྱའོ་ཞེས་ངས་སྨྲས་པ། གང་ཡིན་པ་དེ་ནི་བཤད་པ་འདི་ཡིན་ནོ།། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ཏེ། ་བདེ་བར་ཤེགས་པས་དེ་སྐད་གསུངས་ནས།། སྟོན་པས་གཞན་ཡང་འདི་སྐད་ཅེས་བཀའ་སྩལ་ཏོ།། མི་རིགས་འཚོ་བའི་མི་རྣམ་ཀྱིས།། འདིའི་གནོད་འགྱུར་རྣམས་བྱས་པའི།། ། ་འགྲོ་བ་ཕྱི་མ་གང་ཡིན་པ།། དམྱལ་བ་འགྲོ་དེ་དག་ང་ལས་ཉོན།། ཡང་སོས་དང་ནི་ཐིག་ནག་དང་།། བསྡུས་གཞོམ་དང་།། ནི་ངུ་འབོད་གཉིས།། གཞན་ཡང་མནར་མེད་ཆེན་པོ ་དང་། ཚ་བ་དང་ནི་རབ་ཏུ་ཚ།། དམྱལ་བ་བརྒྱད་པོ་འདི་དག་ནི།། འདའ་བར་དཀའ་བར་བསྟན་པས་སྟེ།། བརླང་བའི་ལས་བྱས་རྣམས་ཀྱིས་གང་རེ་རེའི་འཁོར་ནི་བཅུ་དྲུག ་ཡོད།། ཆ་བཞི་དང་ནི་སྒོ་བཞིར་ལྡན།། ཆའི་ཚད་ནི་རྣམས་པར་ཕྱེ།། ལྕགས་ཀྱི་ར་བས་ཀུན་ནས་བསྐོར།། ལྕགས་ཀྱི་སུ་ནི་ཤིན་ཏུ་ཁྱེབས།། ལྕགས་ཀྱི་ས་བཞི་རབ ་ཆ་བ།། འངར་ཞིང་མེ་ལྕེ་ལྡན་པ་སྟེ།། དཔག་ཚད་བརྒྱ་ཕྲག་དུ་མར་ཡང་།། མེ་ལྕེ་དག་ནི་མཆེད་པར་གནས།། འཇུངས་པ་འདུལ་བ་དྲག་པ་སྟེ།། མེ་ལྕེ་ལྡན་ནང ་འ་བསྙེན་པར་བཀའ།། དེ་དག་སྤུ་ཟིང་བྱེད་པའི་གཟུགས།། འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ།། དྲང་སྲོང་དག་དང་སྡོམ་ཅན་དང་། ་དཀའ་ཐུབ་ཅན་ལ་ཁ་ཟེར་བ།། རྐང་པ་བསྒྲེང་བ་སྤྲིའུ་ཚུགས་སུ།། དམྱལ་བ་དེར་ནི་ལྟུང་བར་འགྱུར།། དབང་པོ་ཉམས་པ་དེ་དག་འཚེད།། ཉ་ནི་བསྐམ་ལ་བོར་བ ་བཞིན།། དེ་ལྟར་ཉེས་བྱས་ལས་བྱེད་པ།། ཉིན་མཚན་དུ་ནི་ཆོས་ངེས་འདེབས།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས།། འཕངས་མདུང་གིས་འཕྲོག་གླང་ཆེན་བཞིན།། ལུས ་ཀྱིས་ཉེས་པ་སྤྱད་བྱས་ཤིང་།། ངག་གིས་ཉེས་པར་སྤྱོད་རྣམས་དང་།། ཡིད་ཀྱིས་ཉེས་པ་སྤྱོད་བྱས་ན།། སེམས་ཅན་དམྱལ་བ་རྣམས་སུ་སྐྱེས།། ཞེས་གསུངས ་སོ།། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ་བ་ལ།། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ཡོངས ་སོས་སུ།། སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་འཐོན་པར་གྱུར་པའི་སེམས་ཅན་དེ་དག ་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམས་པ་སྨིན་པར་བས། ལྕགས་ཀྱིས་རལ་བྲི་རྣོ་ཞིང་ཤིན་ཏུ་རྡོ་ལ་སྤུ་གྱེན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན ་དེ་དག་ཀྱང་སེམས་ཅན་གཅིག་གིས་ཅིག་མཐོང་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ། དཔེར་ན་རྔོན ་པས་དགོན་པའི་རི་དགས་མཐོང་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གནོད་པའི་སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན་དུ། སེམས་ཅན་དེ་དག ་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེས་པར་གནས་པར་གྱུར་ཏེ། དེ་དག་རལ་གྲི་དེ་དག་གིས ་གཅིག་གིས་གཅིག་ལ་ཀུན་ཏུ་སྤྱོད་ཅིང་། ཀུན་ཏུ་དབང་ཏེ་ཀུན་ཏུ་བཤགས་པར་བྱའོ།། ཀུན་ཏུ་བཅད་ཅིང་ཀུན་ཏུ་དབང་ཏེ། ཀུན་ཏུ་བཏུབས་ཤིང་ཀུན་ཏུ་གཤེགས ་ནས་གང་གི་ཚེ་གཅིག་གིས་གཅིག་གསང་སྟེ། ཤི་བར་གྱུར་པ་དེའི་ཚེ། ཕྱོགས་གཅིག་དུ་འདུའོ།། དུས་གཞན་ཞིག་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། འདི་སྐད་དུ། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས ་ཡང་སོས་པར་གྱུར་ཅིག། ཅེས་ཡང་སྒྲ་ཡང་སྐྲག་པར་འགྱུར་ཏེ། དེ་ནས་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར་རོ།། དེ་ནས་ཡང་སེམས་ཅན་དེ་དག་གི ་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱིས་རལ་གྲི་དག་ལག་དུ་འོང་བར་འགྱུར་རོ།། དེ་ནས་ཡང་སེམས་ཅན་དེ་དག་ཀྱང་གཅིག་གིས་གཅིག ་མཐོང་ནས། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གནོད་པའི་སེམས་ཉེ་བར་གནས་པར་གྱུར་ཏེ། དཔེར་ན་རྔོན་པས་དགོན་པའི་རི་དགས་མཐོང་ན། ་ན་ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་བ་དེ་བཞིན་དུ་སེམས་ཅན་དེ་དག་ཀྱང ་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤ་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པར་བྱ་བའི་སེམས་ཉེ་བར་གནས་པར་གྱུར་ཏེ། དེ་དག་རལ་གྲི་དེ་དག ་གིས་གཅིག་གིས་གཅིག་ལ་ཀུན་ཏུ་སྤྱོད་ཅིང་ཏེ། ཀུན་ཏུ་བཏུབ་ཅིང་ཀུན་ཏུ་གཤེགས་པར་བྱེད་དོ།། ཀུན་ཏུ་བཅད་ཅིང་ཀུན་ཏུ་དབང་ཏེ། ཀུན་ཏུ་བཏུབས་ཅིང་ཀུན་ཏུ ་གཤེགས་ནས། གང་གི་ཚེ་གཅིག་གིས་གཅིག་གསད་ཏེ། ཤི་བར་གྱུར་པ་དེའི་ཚེ། ཕྱོགས་གཅིག་ཏུ་འདུའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས ་སུ། སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། མཐོན་པར་འགྱུར་བའི ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་རྣམ་པར་སྨིན་པས། ལྕགས་ཀྱི་ཤང་ལང་རྣོ་ཞིང་ཤིན་ཏུ་རྣོ་བ་སྤུ་གྱེན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན ་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེ་བར་གནས་པར་འགྱུར་སྟེ། སྔ་མ་བཞིན་ནོ།། དེ་དག ་ཤང་ལང་དེ་དག་གིས་གཅིག་ལ་གཅིག་ཀུན་ཏུ་བཅད་ཅིང་ཀུན་ཏུ་དབང་ཏེ། ཀུན་ཏུ་བཏུབ་བ་ཅིང་ཀུན་ཏུ་གཤེགས་པར་བྱེད་དོ།། ཀུན་ཏུ་བཅད་ཅིང་ཀུན་ཏུ་དབང་ཏེ། ཀུན ་ཏུ་བཏུབ་ཤིང་ཀུན་ཏུ་གཤེགས་ནས་སྔ་མ་བཞིན་ཏེ། གང་གི་ཚེ་ཤི་བར་འགྱུར་བ་དེའི་ཚེ། ཕྱོགས་གཅིག་ཏུ་འདུའོ།། དགེ་སློང་དག་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ།། ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས ་པར་གྱུར་ཅིག། ཅེས་སྒྲ་ཡང་གྲགས་པར་འགྱུར་ཏེ། དེ་ནས་ཡང་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར་རོ།། དེ་ནས་སེམས་ཅན་དེ་དག་ཡང་འཚེ་བར་འགྱུར་རོ།། དེ་ནས་ཡང ་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམས་པར་སྨིན་པས། ལྕགས་ཀྱིས་ཤང་ལང་རྣོ་ཞིང་ཤན་ཏུ་རྣོ་ལ་སྦས་བྱིན་ཀར་ཆོད་པ་དག་ལག་ཏུ་འོང་བར་འགྱུར་རོ།། ་སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གིས་གཅིག་མཐོང་ན། སྔ་མ་བཞིན་དུ། གསད་པའི་སེམས་ཉེ་བར་གནས་པར་འགྱུར་ཏེ་དེ་དག་ཤང་ལང་དེ་དག་གིས་གཅིག ་ལ་གཅིག་ཀུན་ཏུ་གཅོད་ཅིང་།། ཀུན་ཏུ་འབད་ལ་ཀུན་ཏུ་བཏུབ་ཅིང་། ཀུན་ཏུ་གཤེགས་པར་བྱེད་དེ། སྔ་མ་གཞིན་དུ། ཤི་བར་གྱུར་ནས། ཕྱོགས་གཅིག་ཏུ་འདུའོ།། ། ་གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ། སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། མངོན་པར ་གྲུབ་པ་དང་། མཐོན་པར་གྱུར་པའི་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིས་པས། ལྕགས་ཀྱིས་ཆུ་གྲི་དག་ལག་ཏུ་འོང་བར་འགྱུར་རོ།། སེམས ་ལམ་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ན། ཤས་རེས་གནོད་པར་བྱ་བའི་སེམས་དང་། གསང་པའི་སེམས་ཉེ་བར་གནས ་པར་འགྱུར་ཏེ། སྔ་མ་བཞིན་ནོ།། དེ་དག་ནུ་གྲི་དེ་དག་གིས་བཏུབ་ཅིང་རབ་ཏུ་བཏུབ་ལ། ཀུན་ཏུ་རཏུ་གཏུབ་པར་བྱེད་དོ།། གཏུབ་ཤིང་རབ་ཏུ་གཏུབས་ལ་ཀུན་ཏུ་རབ ་ཏུ་གཏུབ་ནས། གང་གི་ཚེ་གཅིག་གིས་གཅིག་གསད་དེ་ཤི་བར་འགྱུར་བ་དེའི་ཚེ། ཕྱོགས་གཅིག་ཏུ་འདུའོ།། དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང ་སོས་སུ། རླུང་བསིལ་བ་ལྡང་བ་དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ་སེམས་ཅན་ཁྱེད་རྣམས་ཡང་སེས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར ་ཅིག། ཅེས་སྒྲ་ཡང་དྲགས་པར་གྱུར་ཏེ། དེ་ནས་སེམས་ཅན་དེ་དག་ཀྱང་འཚོར་བར་འགྱུརརོ།། དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི ་རྣམས་པར་སྨིན་པས། ལྕགས་ཀྱིས་ཆུ་གྲི་དག་ལག་ཏུ་འོང་བར་འགྱུར་བར་ན། གཅིག་གིས་གཅིག་གསད་དེ་ཤི་བར་གྱུར་པ་དེའི་ཚེ། ཕྱོགས་གཅིག་ཏུ་འདའ་བའི་བར ་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་སེམས་ཅན་གང་དག་སྐྱེས་པ་ནས། སྡིག་པ་མི་དགེ་བའི་ལས་དེའི་རྣམས་པར་སྨིན་པས། ལུགས ་ཀྱི་སེན་མེ་རྣོ་ཞིང་ཤིན་དུ་རྣོ་ལ་རལ་གྲི་སོ་ལྟ་བུ་དག་ལག་ཏུ་འོང་བར་འགྱུར་བའི་བར་དུ་སྔ་མ་བཞིན་དུ། རྒྱས་པར་བྱའོ།། སེམས་ཅན་དེ་དག་ཀྱང་གཅིག་གིས་གཅིག ་མཐོང་ན། ཤས་ཆེར་གནོད་པའི་སེམས་དང་། གསད་པའི་སེམས་ཉེར་བར་འགྱུར་ཏེ། སྔ་མ་བཞིན་ནོ།། དེ་དག་སེམ་མོ་དེ་དག་གིས་འདྲད་ཅིང་འཐོག་པར་བྱེད་དེ། ་གཅིག་གིས་གཅིག་ཕྲད་ཅིང་བཏོགས་ནས། གང་གིས་ཚེ་གཅིག་གིས་གཅིག་གསད་དེ། ཤི་བར་གྱུར་པ་དེའི་ཚེ།། ཕྱོགས་ཅིག་ཏུ་འདུའོ།། དུས་གཞན་ཞིག་ན་སེམས ་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ། རླུང་བསིལ་བ་ལྡང་བའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། དེ་ནས་ཡང་སེམས་ཅན་དེ་དག་ཡང་འཚོ་བར་འགྱུར་བའི་བར ་དུ་རྒྱས་པར་བྱའོ།། དེ་ནས་ཡང་སེམས་ཅན་དེ་དག་ཡང་སྡིག་པ་མི་དགེ་བའི་ལས་དེའི་རྣམས་པར་སྨིན་པས། ལྕགས་ཀྱི་སེན་མོ་རྣོལ་ཤིན་ཏུ་རྣོ་ཞིང་རལ་གྲིའི་སོ་ལྟ་བུ་དག ་ལག་ཏུ་འོང་བར་འགྱུརརོ།། སེམས་ཅན་དེ་དག་ཀྱང་གཅིག་ལ་གཅིག་མཐོང་ན། སྔ་མ་བཞིན་ཏེ། ཤི་བར་གྱུར་ནས་ཕྱོགས་ཅིག་ཏུ་འདུའོ།། གཞན་ཡང་སེམས ་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ། སེམས་ཅན་གང་དག་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་རྣམ་པར་སྨིན ་པས། ལྕགས་ཀྱི་མདུང་ཐུང་རྣོ་ཞིང་ཤིན་ཏུ་རྣོ་ལ་རལ་གྲིའི་སོ་ལྟ་བུ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང ་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། གསད་པའི་སེམས་ཉེས་པར་གནས་པར་འགྱུར་ཏེ། སྔ་མ་བཞིན་ནོ།། དེ་དག་མདུང་ཐུང་དེ་དག་གིས་གཅིག་གིས ་འཛིན་པ་ཞེསགཅིག་ལ་ཀུན་ཏུ་འབིགས་ཤིང་། ངེས་པར་འབིགས་ཏེ། གང་གིས་ཚེ་གཅིག་གིས་གཅིག་གསད་ནས། ཤི་བར་གྱུར་པ་དེའི་ཚེ། ་ཕྱོགས་ཅིག་ཏུ་འདུའོ།། དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ་རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དོ།། དེ་ནས་སེམས ་ཅན་དེ་དག་ཡང་སོས་པར་གྱུར་པའི་བར་དུ་རྒྱས་པར་བྱའོ།། དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམས་པར་སྨིན་པས། ལྕགས་ཀྱིས་མདུང ་མཐུང་ལག་ཏུ་འོང་བར་འགྱུར་བ་ནས། ཤི་བར་གྱུར་ནས་ཕྱོགས་གཅིག་ཏུ་འཚེ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ།། ་སེམས་ཅན་གང་དག་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམས་པར་སྨིན་པས། ལྕགས ་ཀྱིས་ཐོ་བ་དག་ལག་དུ་འོང་བར་འགྱུར་རོ།། སེམས་ཅན་དེ་དག་ཀྱང་གཅིག་གིས་ཅིག་མཐོང་ན། ཤས་ཆེར་གནོད་པར་བྱ་བའི་སེམས་དང་། བསད་པའི་སེམས་ཉེས ་བར་གནས་པར་འགྱུར་ཏེ། དཔེར་ན། རྔོན་པ་བཞིན་ཏེ། སྔན་མ་བཞིན་ནོ།། དེ་དག་ཐོ་བ་དེ་དག་གིས་གཅིག་གིས་གཅིག་མཇོམས་ཤིང་རབ་ཏུ་འཇོམས་ལ་ཀུན་ཏུ་རབ ་ཏུ་འཇོམས་ཏེ། བཅོམ་ཞིང་རབ་ཏུ་བཅོམ་ལ་ཀུན་ཏུ་རབ་ཏུ་བཅོམ་ནས། གང་གི་ཚེ་གཅིག་གིས་གཅིག་གསད་དེ། ཤི་བར་གྱུར་པ་དེའི་ཚེ། ཕྱོགས་གཅིག་ཏུ་འདུའོ།། ་དུས་གཞན་ཞིག་ན་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་སུ། རླུང་བསིལ་བ་ལྡང་བ་དེའི་དུས་ཀྱང་ཡོད་ལ་དེའི་སྐབས་ཀྱང་ཡོད་དེ། འདི་སྐད་དུ་ཡང་། སེམས་ཅན་ཁྱེད ་རྣམ་ཡང་ཡང་སོས་པར་གྱུར་ཅིག། སེམས་ཅན་ཁྱེད་རྣམས་ཡང་སོས་པར་གྱུར་ཅིག་ཅེས། སྒྲ་ཡང་གྲགས་པར་འགྱུར་ཏེ། དེ་ནས་ཡང་སེམས་ཅན་དེ་དག་ཡང་འཚོ ་བར་འགྱུརརོ།། དེ་ནས་ཡང་སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱི་ཐོ་བ་དག་ལག་ཏུ་འོང་བར་འགྱུར་རོ།། སེམས ་ཅན་དེ་དག་ཀྱང་སེམས་ཅན་གཅིག་གིས་གཅིག་མཐོང་ནས་ཤི་བར་གྱུར་ནས། ཕྱོགས་གཅིག་ཏུ་འདུ་བའི་བར་དུ་སྔ་མ་བཞིན་ནོ།། འཁོར་ལོ་དང་། རྡོ་རྗེ་རྩེ་གཅིག ་པ་དང་། མཚོན་ཙེ་གཅིག་པ་དང་། འཕང་མདུང་དང་། མདའ་གཞུ་ལས་སྩོགས་པའི་མཚོན་ཆ་རྣམས་ཀྱང་དེ་བཞིན་དུ་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། ་མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ནི། སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཤེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི ་བཟང་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་ལ་བབ་པར་བྱེད་པར་ལས་ཀྱིས་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། ཇི་སྐད་དུ། ཕན་ཚུན ་ཁོན་ཅིང་ཞེས་ནོན་ལ། མི་རྣམས་མི་ལ་གསོད་པ་དང་། ལེ་ནི་བྱེ་བ་ཕྲག་སྟོང་དུ། གསད་ཅིང་གསད་ཅིང་ཕྱིར་ཡང་འཚེ།། ཞེས་འབྱུང་བ་ལྟ་བུའོ།། གང་དག ་འཛིན་པད་@#ཕ་མས་སངས་རྒྱས་དང་། མི་རྣམས་མི་ལ་གསོད་པ་དག། ཉན་ཐོས་རྣམས་ལ་ལྡང་བ་ནི། དམྱལ་བ་ཆེན་པོ་ཐིག་ནག་དུ། སྡུག ་བསྔལ་མཚོར་བ་མྱོང་བར་འགྱུར། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ན་གཅེས་བྱ་བ་ལས། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཅེས་བྱ་ཞེས་ན། སྨྲས་པ། ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དུ། སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་ནས་མཐོན་པར་གྱུར་པའི ་བར་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བ་སྲུངས་མ་དག་གི་སེམས་ཅན་དེ་དག། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་འགྱུར་བ་ལ། གན་རྒྱལ་དུ་གཞག་ནས། ལྕགས་ཀྱི་ཐིག་གིས་བཏབ་སྟེ། ལྕགས་ཀྱིས ་སྟེའུ་འབར་ཞིག་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དག་གིས་འཇོག་ཅིང་རབ་ཏུ་འཇོག་ལ་ཀུན་ཏུ་རབ་ཏུ་འཇོག་སྟེ། ་དཔེར་ན་ཤིང་མཁན་གྱིས་ཤིང་ས་ལ་གཞག་ནས། ཐིག་བཏབ་སྟེ། སྟིའུ་ཡིས་འཇོག་ཅིང་རབ་ཏུ་འཇོག་ལ་ཀུན་ཏུ་རབ་ཏུ་འཇོག་པ་དེ་བཞིན་དུ། སེམས་ཅན ་དམྱལ་བའི་སྲུང་མ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར། ་པ་ལ་གན་རྒྱལ་ཏུ་བཞག་ནས། ལྕགས་ཀྱི་ཐིག་གིས་བཏབ་སྟེ། ལྕགས་ཀྱི་སྟེའུ་ཡིས་འཇོག་ཅིང་རབ་ཏུ་འཇོག་ལ། ཀུན་ཏུ་རབ་ཏུ་འཇོག་གོ།། གཞན་ཡང ་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཏུ། སེམས་ཅན་གང་དག་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམས་པར་སྨིན་པས། ་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག ་ཏུ་གྱུར་པ་ལ། གན་རྒྱལ་དུ་བཞག་ནས། ལྕགས་ཀྱི་ཐིག་བཏབ་སྟེ། ལྕགས་ཀྱི་སྟ་རི་འབའ་ཞིག་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ ་གཅིག་ཏུ་གྱུར་པས་གཟིལ་ཏེ། དཔེར་ན་ཤིང་མཁན་གྱིས་ཤིང་ས་ལ་བཞག་ནས། ཐག་བཏབ་སྟེ། སྟ་རིས་གཤེགས་པ་དེ་བཞིན་དུ། སེམས་ཅན་དམྱལ ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་སྟེ། མེ་ལྕེ་གཅིག་ཏུ་གྱུར་པ་ལ། ་སྟ་རེས་གཤེགས་པའི་བར་དུ་སྔ་མ་བཞིན་ནོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཐོག་ནག་དུ། སེམས་ཅན་གང་དག་སྐྱེས་པ་ནས། མཐོང་བར་གྱུར ་བའི་བར་དུ་སྔ་མ་བཞིན་ཏེ། སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་བསྲུངས་མ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱིས ་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ལ་མགོ་འཐུར་དུ་བསྟན་ཏེ། ་བཞག་ནས་སོག་ལེས་ཁ་གཉིས་སམ། ཁ་གསུམ་འམ། ཁ་མང་དུ་གཤེགས་པར་བྱེད་དེ། དཔེར་ན་ཤིང་མཁན་གྱིས་ཤིང་ས་ལ་མགོ་མཐུར་དུ་བསྟན་ཏེ། ་བཞག་ནས། ཁ་གཉིས་སམ། ཁ་གསུམ་འམ། ཁ་མང་དུ་གཤེགས་པར་བྱེད་པ་དེ་བཞིན་ཏུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས། སེམས་ཅན་དམྱལ ་བ་ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་བ་ལ། མགོ་མཐུར་དུ་བསྟན་ཏེ་བཞག་ནས། ཁ་གཉིས་སམ། ཁ་གསུམ་འམ། ཁ་མང་དུ་ཤེག་པར་དུ་སྔ་མ ་བཞིན་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་དུ། སེམས་ཅན་གང་དང་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས་མཐོན་པར་གྱུར ་པའི་བར་དག་གི་སྡིག་པ་མི་དགེ་བའི་ལས་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་བསྲུངས་མ་དག་གིས། སེམས་ཅན་དེ་དག་ལྕགས་ཀྱི་སྐད་བུ་འབར ་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པས། མགོ་བོ་དཀྲི་བར་བྱེད་དེ། མགོ་བོ་དཀྲིས་ནས་མགུལ་པ་དཀྲི་བར་བྱེད་དོ།། ་མགུལ་པ་ཀྲི་ནས་ཕྲག་པ་གཉིས་དཀྲི་བར་བྱེད་དོ།། ཕྲག་པ་གཉིས་བཀྲིས་ནས་ལག་པ་གཉིས་དཀྲི་བར་བྱེད་དོ།། ལག་པ་གཉིས་དཀྲིས་ནས། མཚན་གཉིས ་དཀྲིས་པར་བྱེད་དོ།། མཚན་གཉིས་བཀྲིས་ནས། ཏ་ཟུར་གཉིས་དཀྲིས་པར་བྱེད་དོ།། སྟ་ཟུར་གཉིས་དཀྲིས་ནས། བརླག་གཉིས་དཀྲི་བར་བྱེད་དོ།། བརླ་གཉིས ་དཀྲིས་ནས། རྗེ་ངར་གཉིས་དཀྲིས་པར་བྱེད་དོ།། རྗེ་ངར་གཉིས་དཀྲིས་ནས།། ལོང་བུ་གཉིས་དཀྲི་བར་བྱེད་དོ།། ལོང་བུ་གཉིས་དཀྲིས་ནས། རྐང་པའི་བོལ ་གཉིས་དཀྲིས་པར་བྱེད་དོ།། རྐང་པའི་བོལ་གཉིས་དཀྲིས་ནས། སྲང་བུའི་ཐོར་ཏོར་ནས་བཟུང་སྟེ། སེན་མོ་ཡན་ཆད་ཀྱང་བཀྲིས་པར་བྱེད་དོ།། སེམས་ཅན་དེ་དག ་གིས་ལྤགས་པ་དང་། ཤ་དང་ཁྲག་ཡན་ཆད་ཐམས་ཅད་ཕྱིར་འབྱུང་ངོ་།། དེ་དག་ལ་སོགས་པ་དེ་ལས་གཞན་པའི་གནོད་པ་རྣམས་ཀྱང་བརྗོད་པར་བྱ་སྟེ། མི་བཟང ་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་ཐིག་ནག་ཅེས་བྱ་སྟེ། དེ་ནས ་སྡུག་བསྔལ་ཞིང་མི་བཟང་ལ་ཙུབ་ཅིང་རྣ་བ་དང་། ཡིད་མི་འོང་ཞིང་སྲོག་ལ་འབབ་པར་བྱེད་པ་ལས་ཀྱིས་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། ་སྐད་དུ། བྱ་མིན་བྱེད་དུ་འཇུག་པ་དང་། མི་རྣམ་འཛའ་བོ་འབྱེད་པ་དང་། ཕྲ་མ་རྫུན་སྨྲས་རྒྱུ་བྱེད་དང་། ཐིག་ནག་དུ་ནི་སྐྱེ་བར་འགྱུར།། ཞེས་འབྱུང་བ་ལྟ ་བུའོ།། བར་སྡོམ་ནི་རལ་གྲི་ཤིང་ལུང་ཆུ་ཁྲི་དང་། སེན་མོ་མདུང་ཐོ་བ་རྣམས། སྟེའུ་སྟེ་རེ་སོག་ལེ་དང་། སྲད་བུ་བཞིན་དག་ཐིག་ནག་གོ།། ་@#།། བམ་པོ་བརྒྱད་པ།། ། སྡིག་པ་རྣམ་པ་གསུམ་བྱས་པ་དང་། དགེ ་རྣམས་གསུམ་མ་བྱས་པའི།། བློ་ངན་བསྡུས་གཞོམ་སྡུག་བསྔལ་མཚོར་བ་མྱོང་བར་འགྱུར། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས ་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་བསྔོས་གཞོམ་དུ་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། ་བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། ཕྱིན་པ་དང་། མངོན་པར་གྲུབ་པ་དང་། མཐོན་པར་གྱུར་པའི་སེམས་ཅན་དེ་དག་གིས། སྡིག་པ་མི་དགེ་བའི་ལས་དེའི་རྣམ ་བར་སྨིན་པས། ལྕགས་ཀྱི་ས་བཞི་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་འབུམ ་ཕྲག་མང་པོ་ཡོད་པ་འབྱུང་ངོ་།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་འབྱུང་བའི་ཐབས་ཚོལ་ཏེ། དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ། དེར ་ཀུན་ཏུ་རབ་ཏུ་རྒྱུག་ཏེ། དེ་དག་དེར་ཕྱོགས་གཅིག་ཏུ་འདུའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། འབུམ་ཕྲག་མང་པོ་འདུས ་བར་གྱུར་པ། དེའི་ཚེ་དེ་དག་མཁོད་པའི་སྟེང་དུ་ལྕགས་ཀྱི་དྲ་བ་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་འགེགས་ཤིང་རབ་ཏུ་འགེགས་ལ། ཀུན་ཏུ ་རབ་ཏུ་འགྲེགས་སོ།། བཀབ་ཅིང་རབ་ཏུ་བཀབ་ནས། དེ་དག་འཁོད་པའི་སྟེང་ཏུ་ལྕགས་ཀྱི་ཐོ་བ་དག་འབྱུང་བར་འགྱུར་ཏེ། སེམས་ཅན་དག་ལ། དེ་དག ་འཇོམས་ཤིང་རབ་ཏུ་འཇོམས་ལ་ཀུན་ཏུ་རབ་ཏུ་འཇོམ་མོ།། བཅོམ་ཤིང་རབ་ཏུ་བཅོམ་ལ། ཀུན་ཏུ་རབ་ཏུ་བཅོམ་ནས།། གང་གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ། ་སྟེང་དུ་མི་སྣང་བར་འགྱུར་རོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ། ལོ་སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་པོར་སྡུག་བསྔལ ་ཞིང་མི་བཟང་ལ། རྩུབ་ཅིང་ཚ་བ་དང་། ཡིད་མི་འོང་ཞིང་སྲོག་ལ་བབ་པར་བྱེད་པའི་ཚེར། དེ་དག་ཉམ་སུ་མྱོང་བར་འགྱུར་ཏེ། དེ་དག་ནས་སེམས་ཅན་དམྱལ་བ ་ཉམ་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན་ནས་མ་བྱང་མ་ཟད་ཀྱིས་བར་དུ་རེ་ཤིག་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། གཞན་ཡང་སེམས་ཅན་དམྱལ ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་དག་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན ་པས། ལྕགས་ཀྱི་ས་གཞི་དཔག་ཚད་མང་པོ་དང་དཔག་ཚད་རྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་འབུམ་ཕྲག་མང་པོ་ཡོད་པར་འབྱུང་ངོ་།། དེ་ནས ་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ་འབྱུང་བའི་ཐབས་ཚོལ་ཏེ། དེར་རྒྱུག་ཅིང་དེར་ཀུན་ཏུ་རྒྱུག་ལ་དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། དེ་དག་དེར་ཕྱོགས་གཅིག་ཏུ ་འཛིནའདུ་བ་ནས། རྒྱ་ཕྲག་མང་པོའི་བར་དུ་སྔ་མ་བཞིན་དུ། དེའི་ཚེ་དེ་དག་འཁོད་པའི་སྟེང་དུ་ལྕགས་ཀྱི་དྲ་བ་འབྱུང་བར་འགྱུར་ཏེ། སེམས། ་ཅན་དེ་དག་འགེགས་ཤིང་རབ་ཏུ་འགྱེགསོ།། དེའི་ཚེ་དེ་དག་འཁོད་པའི་སྟེང་དུ་གླང་པོ་དག་འབྱུང་བར་འགྱུར་ཏེ། སེམས་ཅན་དེ་དག་རྫི་ཆག་ཅིང་རབ་ཏུ་རྫི་འཆག་ལ ་ཀུན་ཏུ་རྫི་འཆག་གོ། བརྫིས་འཆག་ཤིང་རབ་ཏུ་བརྫིས་འཆགས་ལ། ཀུན་ཏུ་རབ་ཏུ་བརྫིས་འཆགས་ནས། གང་གི་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ། དེའི་ཚེ་སྟེང་དུ། ་མི་སྣང་བར་འགྱུར་རོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ནས་བྱུང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ནོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས ་ཅན་གང་དག་སྐྱེས་པ་ནས་མཐོན་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས ་གཟུངས་ནས། ལྕགས་ཀྱི་གཏུན་གྱི་ནང་དུ་བཅུག་སྟེ། ལྕགས་གི་རྟུན་བུ་དག་གིས་མྱུར་བ་མྱུར་བར་རྡུང་ཞིང་། རབ་ཏུ་བརྡུང་ལ་ཀུན་ཏུ་རབ་ཏུ་རྡུང་སྟེ། དཔེར་ན་མི ་རྣམས་ཀྱིས་གཏུན་གྱིས་ནང་དུ་འབྲས་བླུགས་ནས། རྟུན་བུས་མྱུར་བར་མྱུར་བར་བརྡུང་ཞིང་རབ་ཏུ་རྡུང་ལ། ཀུན་དུ་རབ་ཏུ་རྡུང་བ་དེ་བཞིན་དུ། སེམས་ཅན་དམྱལ་བའི། ་སྲུངས་མ་དག་གི་སེམས་ཅན་དེ་དག་ལག་ལྕགས་ཀྱིས་རྟུན་གྱིས་ནང་དུ་བཅུག་སྟེ། ལྕགས་ཀྱིས་རྟུན་བུ་ཞེས་བྱ་བ་ནས། ཀུན་ཏུ་རབ་ཏུ་རྡུང་སྟེ། དེ་དག་དེ་ལྟ་བུའི་ཆུ ་གྱིས་ལོ་མང་པོ་ཞེས་བྱ་བ་འི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོལ་དུ་སེམས་ཅན་གང་དག་སྐྱེས་པ་ནས། མངོན་པར ་གྱུར་པའི་བར་དུ་རྒྱས་པར་བྱ་སྟེ། སེམས་ཅན་དམྱལ་བའི་སྲུངས་མ་དེ་དག་གིས་སེམས་ཅན་དེ་དག་བཟུང་ནས་ལྕགས་ཀྱིས་གཞོང་ཁུང་གི་ནང་དུ་བཅུག་སྟེ། ལྕགས ་ཀྱི་རྟུན་བུ་བདག་གིས་རྡུང་ཞིང་རབ་ཏུ་རྡུང་ལ། ཀུན་ཏུ་རབ་ཏུ་རྡུང་སྟེ། དཔེར་ན་མི་རྣམས་ཀྱིས་ཉུང་དཀར་གཞོང་ཁུང་གི་ནང་དུ་བླུགས་ནས་བརྡུང་ཞིང་། རབ་ཏུ ་རྡུང་ལ་ཀུན་ཏུ་རབ་ཏུ་བརྡུངས་པ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གི། སེམས་ཅན་དེ་དག་ལྕགས་ཀྱི་གཞོང་ཁུང་གི་ནང་དུ་བཅུག་ནས། ལྕགས ་ཀྱི་རྟུན་བུ་དག་གིས་ཞེས་བྱ་བ་ནས། མ་བྱང་མ་ཟད་པའི་བར་དུ་སྔ་མ་བཞིན་ནོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ། སེམས་ཅན་གང ་དག་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དུ་རྒྱས་པར་བྱ་སྟེ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ལྕགས་ཀྱི་དབང་གི་བར་དུ་བཅུག་སྟེ། ་འཆིར་ཞིང་རབ་ཏུ་འཆིར་ལ། ཀུན་ཏུ་རབ་ཏུ་འཆིར་ཏེ། དཔེར་ན་མི་རྣམས་ཀྱིས་བུ་རམ་ཤིང་དག་དབང་། ཤིང་གི་བར་དུ་བཅུག་སྟེ། འཚིར་ཞིང་རབ་ཏུ་འཆིར་ལ ་ཀུན་ཏུ་རབ་ཏུ་འཆིར་བ་དེ་བཞིན་དུ་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་དབང་གི་བར་དུ་བཅུག་ནས། ཀུན་ཏུ ་འཛིན། རབ་ཏུ་འཚིར་བའི་བར་དུའོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་དང་། ལོ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། ལོ་འབུམ ་ཕྲག་མང་པོ་སྡུག་བསྔལ་ཞིང་མི་ཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་དག་མྱོང་བར་འགྱུར་ཏེ། དེ་དག་ནམ་སེམས་ཅན་དམྱལ་བ་ཉམ་སུ་མྱོངས་པར་འགྱུར ་བའི། སྡིག་པའི་ལས་དེ་གཏན་ནས་མ་བྱང་མ་ཟད་ཀྱི་བར་དུ། རེ་ཤིག་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ ་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་དང་། བྱུང་བ་དང་། ཀུན་ཏུ་བྱུང་བ་དང་། མཐོན་པར་གྱུར་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ ་བའི་ལས་དེའི་རྣམ་པར་སྨིན་པས། རི་ཆེན་པོ་རྒྱ་ཆེ་བ་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཚད་འབུམ ་ཕྲག་མང་པོ་ཡོད་དེ། སྟོང་གི་ངོས་ནི་མཉམ་ཞིང་སྡུག་ལ། འོག་ན་ནི་ཁྲག་འབྱིན་པར་བྱེད་པའི་ལྕགས་ཡོད་དེ། དེ་ནས་སེམས་ཅན་དེ་དག་དེར་རྒྱུག་ཅིང་། དེར་རབ་ཏུ ་རྒྱུག་ལ་དེར་ཀུན་ཏུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང་སྐྱབས་འཚོལ་ལ། འབྱུང་བའི་ཐབས་ཚོལ་ཞིང་དེ་དག་དེའི་ཕྱོགས་གཅིག་ཏུ་འདུག་སྟེ། གླང་གིས་ཆེ་བརྒྱ ་ཕྲག་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱས་སྟེ། དེའི་ཚེ་རི་དེ་སེམས་ཅན་དེ་དག་གི་སྟེང་དུ་རྡི་བ་སྟེ། སེམས་ཅན་དེ་དག་ཀླེམ་ཞིང་རབ་ཏུ་ཀླེ་མ་ལ། ཀུན་ཏུ་རབ་ཏུ་ཀླེ་མོ།། ་ཀླེམས་ཤིང་རབ་ཏུ་ཀླེམ་ལ། ཀུན་ཏུ་རབ་ཏུ་གླེབས་ནས། གང་གིས་ཚེ་བསད་དེ་ཤི་བར་གྱུར་པ་དེའི། སྟེང་དུ་མི་སྣང་བར་འགྱུར་རོ།། དེ་དག་དེ་ལྟ་བུའི་ཚུལ ་གྱིས་ལོ་མང་པོ་དང་། ལོ་རྒྱ་ཕྲག་མང་པོ་ཞེས་བྱ་བ་ནས། རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོལ་དུ་སེམས་ཅན་གང་དག ་སྐྱེ་བ་དང་། ཀུན་དུ་སྐྱེས་པའི་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། རི་སུལ་ཆེན་པོ་དཔག་ཚད་མང ་པོ་དང་། དཔག་ཚད་རྒྱ་ཕྲག་མང་པོའི་བར་དུ་སྔ་མ་བཞིན་ནོ།། དེ་ནས་སེམས་ཅན་དེ་དག་དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་པ་ན། འབྱུང་བའི་ཐབས་ཚོལ་བའི་བར་དུ ་སྔ་མ་བཞིན་ཏེ། དེ་དག་དེར་ཞུགས་པ་ནས་བརྒྱ་ཕྲག་མང་པོའི་ནང་དུ་ཞུགས་པའི་བར་དུ་སྟེ། དེའི་ཚེ་རིའི་སུལ་དེ་དག་ཕྱིར་འགྱེད་དེ། སེམས་ཅན་དེ་དག་འཇིགས ་བ་དང་། སྔངས་པ་དང་། སྤུ་ཟིང་ཞེས་བྱེད་པར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ་མི་ཡི་ཆད་དེ། སྤུ་ཟིང་ཞེས་བྱེད་ནས། ཕྱོགས་གཅིག་ཏུ ་འདུའོ།། གང་གིས་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། ལོ་འབུམ་ཕྲག་མང་པོ་དག་འདུས་པར་གྱུར་པ་དེའི་ཚེ། རི་དེ་དག་ཕྱོགས་གཉིས་ཀ་ནས ་འདུས་ཏེ། སེམས་ཅན་དེ་དག་བཅོམ་ཞིང་རབ་ཏུ་བཙེམ་ལ། ཀུན་ཏུ་རབ་ཏུ་བཅོམ་མོ།། ཅེམ་ཞིང་རབ་ཏུ་ཙམ་ཞིང་རབ་ཏུ་བཙེམ་ལ། ཀུན་ཏུ་རབ་ཏུ་བཙེམ་ནས ་གང་གིས་ཚེ་བསད་དེ་ཤི་བར་གྱུར་པ་དེའི་ཚེ་ཕྱིར་གྱེན་དོ།། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོའི་བར་དུ་རྒྱས་པར་བྱའོ།། གཞན་ཡང ་སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་དུ་སེམས་ཅན་གང་དག་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས ་དེའི་རྣམ་པར་སྨིན་པས་ལྕགས་ཀྱི་ས་གཞི་དེའི་ནང་ན་ནག་ཚལ་དཔག་ཚད་མང་པོ་ནས་སྔ་མ་བཞིན་ནོ།། དེ་ནས་སེམས་ཅན་དེ་དག་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ཅིང་དེར་རབ ་ཏུ་རྒྱུག་ལ། དེར་ཀུན་ཏུ་རབ་ཏུ་རྒྱུག་པའི་བར་དུ་རྒྱས་པར་བྱ་སྟེ། དེ་དག་དེའི་ནང་ཏུ་འགྲོའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་དང་། སྟོང་ཕྲག་མང་པོ་དང་། འབུམ་ཕྲག ་མང་པོའི་ནང་དུ་ཞུགས་པར་གྱུར་དེའི་ཚེ། དེ་དག་འཁོད་པའི་འོག་དང་། སྟེང་དང་། ཕྱོགས་བཞི་ནས་མེ་འབྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། དངངས་པ ་སྤུ་ཟིང་ཞེས་བྱེད་པ་བྱེདདོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྐྲག་ལ་ཡི་ཆད་དེ། སྤུ་ཟིང་ཞེས་བྱེད་ནས། ཕྱོགས་ཅིག་ཏུ་འདུའོ།། གང་གི་ཚེ་རྒྱ་ཕྲག་མང ་པོ་འདུས་པར་གྱུར་པའི་བར་དུ་རྒྱས་པར་བྱ་སྟེ། དེའི་ཚེ་མེ་དག་གིས་ས་བཞི་རབ་ཏུ་འབར་བར་བྱེད་དོ།། ས་བཞི་རབ་ཏུ་འབར་བར་བྱས་ནས་ནགས་ཚལ་རབ ་ཏུ་འབར་བར་བྱེད་དོ།། ནགས་ཚལ་རབ་ཏུ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དགའ་བར་ཞིང་རབ་ཏུ། ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ནས། གལ་ཏེ་ཤར་ཕྱོགསུ་འགྲོ་ན་ཡང་མེ་འབར་ཤིག་མཐོང་ངོ་།། གལ་ཏེ་ལྷོ་དང་། ནུབ་དང་། ་བྱང་དུ་བརྒྱུགས་ན་ཡང་མེ་འབར་ཞིག་མཐོང་ཞིང་ཚིག་སྟེ། དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ནས། སེམས་ཅན་དམྱལ་བ་མྱོང་བར་འགྱུར་བའི་ལས་དེ་གཏན་ནས ་མ་བྱང་མ་ཟད་ཀྱི་བར་དུ་སྔ་མ་བཞིན་ཏེ། ཇི་སྐད་དུ། བ་ལང་ར་ལུག་མ་ཧེ་དང་། རི་དགས་པག་དང་བྱ་བག་དང་། དེ་བཞིན་གཞན་གྱིས་སྲོག་བཅད་པས། བསྡུས ་གཞོམ་དུ་ནི་གཞོམ་པར་འགྱུར། ཞེས་འབྱུང་བ་ལྟ་བུའོ།། སྡོམ་ནི། ས་གཞི་ཐོ་བ་གཞོང་གུང་དང་། དབང་དང་། རྫི་འཆག་བྱེད་པ། དེ་ནས་རི་སུལ་ནགས་ཆལ ་རྣམས། བསྡུས་གཞོམ་ན་ནི་གནོད་པར་བརྒྱད་དེ་ལ་སོགས་པའི་གནོད་པ་མང་པོ་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་འབྲས་བུ་དེ་དག་དང་། ་རྣམ་པར་སྤྲོས་པ་དེ་དག་གིས་ནི། སེམས་ཅན་དམྱལ་བ་ཆེན་པོ་བསྡུས་གཞོམ་ཞེས་བྱས་ཏེ། དེ་ན་སྡུག་བསྔལ་ཞིང་མི་ཟད་ལ་འརྩུབ་ཅིང་ཚ་བ་དང་། ཡིད་དུ་འོང་ཞིང ་སྲོག་ལས་བབ་པར་བྱེད་པ་ལས་ཀྱིས་གནོད་པར་གཞན་དང་། གཞན་མང་པོ་དག་ཀྱང་མད་དེ།། སྲག་གཅོད་པའི་སེམས་ཅན་རྣམས།། བརླང་ཞིང་ཁྲག་ནི་འཐུང་བ་དང་། ་ངན་པའི་ལས་ནི་ཀུན་སྤྱོད་པ། ངུ་འབོད་ཆུ་ངུར་འགྲོ་བར་འགྱུར།། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆུ་ངུ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དབྱལ་བ་ཆེན་པོ ་@#ངུ་འབོད་ཆུ་ངུ་ཞེས་པ་ཞེ་ན། སྦས་པ། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆུ་དུར་སེམས་གང་དག་སྐྱེས་པ་ནཱ། མངོན་པར་གྱུར། ་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པའི་ལས་དེའི་རྣམ་པར་སྨིན་པས། ལྕགས་ཀྱིས་ཞི་དཔག་ཚད་མང་པོའི་བར་དུ་རྒྱས་པར་བྱའོ།། དེའི་ནང་ན་ནགས་ཐིབ ་པོ་ཡོད་དེ། དེ་ནས་སེམས་ཅན་དེ་དག་དེར་རྒྱུག་ཅིང་དེར་རབ་ཏུ་རྒྱུག་ལ། དེར་ཀུན་དུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང་སྐྱབས་ཚོལ་འབྱུང་བའི་ཐབས་ཚོལ་ཏེ། ་དེ་དག་དེར་ཕྱོགས་གཅིག་ཏུ་འདུའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་ནས་འདུས་པར་གནས་པའི་བར་དུ་སྔ་མ་བཞིན་ཏེ། དེ་ནས་དེ་དག་གི་འོག་དང་། སྟེང་དང་། ་ཕྱོགས་བཞི་ནས་མེ་འབྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། སྐྲག་པ་དང་། སྤུ་ཟིང་ཞེས་བྱེད་པར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང ་སྐྲག་ལ་ཡི་ཆད་དེ། བ་སྤུ་ཟིང་ཞེས་བྱེད་པར་གྱུར་ནས་ནགས་ཐིབས་པོའི་ནང་དུ་འགྲོའོ།། གང་གི་ཚེ་བརྒྱ་ཕྲག་མང་པོ་ནས་དེ་དག་འདུས་པར་གྱུར་པའི་བར་དུ ་སྟེ། དེའི་ཚེ་མི་དེའི་ས་བཞི་རབ་ཏུ་འབར་བར་བྱེད་དོ།། ས་གཞི་རབ་ཏུ་འབར་བར་བྱས་ནས་ནགས་ཐིབས་པོ་རབ་ཏུ་འབར་བར་བྱེད།། ནགས་ཐིབས་པོ་རབ་ཏུ ་འབར་བར་བྱས་ནས། སེམས་ཅན་དེ་དག་རབ་ཏུ་འབར་བར་བྱེད་དོ།། དེ་དག་དེར་འབར་བར་བྱེད་དོ།། དེ་དག་དེར་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་མཆེད ་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ནས། གལ་ཏེ་ཤར་ཕྱོགསུ་བརྒྱུག་ནས་ཡང་། མེ་འབར་ཞིང་མཐོང་བ་ནས། དེ་དག་དེ་ལྟ་བུའི་ཚུལ་གྱིས་མ་བྱང་མ་ཟད་ཀྱི་བར ་དུ་སྔ་མ་བཞིན་ནོ།། མི་ཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་དུ་འབོད ་ཆུ་ངུ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་མི་ཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་ཞིང་སྲོག་ལ་འབར་བར་བྱེད་པ་ལས་ཀྱིས་གནོད་པ་གཞན་དང་། གཞན་མང་པོ ་དག་ཀྱང་ཡོད་དོ།། ཇི་སྐད་དུ། གླང་འདེབས་རྒྱུ་བྱེད་མི་རྣམས་ཀྱིས། སྐྱེས་པོ་དག་ལ་གནོད་བྱས་པས། དུ་འབོད་དུ་ནི་རབ་སྲེག་ཅིང་།། འཇིགས་པའི་ང་རོ ་རྨོངས་འདེབས། ཤེས་འབྱུང་བ་ལྟ་བུའོ།། ལྟ་བུ་ཐིབས་པོས་ཁེབས་པ་དང་། སྲེད་པའི་བཅིང་བའི་བཅིངས་པ་དང་། དམའ་བའི་ལས་ནི་ཀུན་སྤྱོད་པ། ་དུ་འབོད་ཆེན་པོར་སྐྱེས་པར་འགྱུར། སེམས་ཅན་དམྱལ་བ་ཆེན་པོ་ཞེས་བྱ་བ་ལ་ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ཞེས་བྱ་ཞེ་ན། སྨྲས་པ། ་སེམས་ཅན་དམྱལ་བ་ཆེན་པོར་སེམས་ཅན་གང་དག་སྐྱེས་པ་དང་། མཐོན་པར་གྱུར་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར ་སྨིན་པས། ལྕགས་ཀྱི་ས་བཞི་དཔག་ཚད་མང་པོའི་བར་དུ་བརྒྱས་པར་བྱའོ།། ནགས་ཐིབས་པོ་དེའི་ནང་ན། ཁྱིམ་ཡོད་དོ།། དེ་ནས་སེམས་ཅན་དེ་དག་དེར་རྒྱུག ་འཛིནཔའི་བར་དུ་རྒྱས་པར་བྱའོ།། དེའི་ཚེ་དེ་དག་གི་འོག་དང་། སྟེང་དང་བྱུགས་བཞི་ནས་མེ་འབྱུང་སྟེ། སེམས་ཅན་དེ་དག་འཇིགས་པ་དང་། ་སྐྲག་པ་དང་། སྤུ་ཟིང་ཤེས་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འཇིགས་ཤིང་སྒྲགས་ལ་ཡི་ཆད་དེ། སྤུ་ཟིང་ཞེས་བྱེད་ནས། ནགས་ཐིབས་པའི་ནང་དུ་འགྲོར། ་ནགས་ཐིབས་པོའི་ནང་དུ་ཞུགས་ནས་གང་གི་ཚེ།། ལོ་འབུམ་ཕྲག་མང་པོར་ཞུགས་པར་མེ་དེས་ས་གཞི་རབ་ཏུ་འབར་བར་བྱེད་དོ།། ས་བཞི་རབ་ཏུ་འབར་བར ་བྱས་ནས། ནགས་ཐིབས་པོ་རབ་ཏུ་འབར་བར་བྱེད་དོ།། ནགས་ཐིབས་པོ་རབ་ཏུ་འབར་བར་བྱས་ནས། ཁྱིམ་རབ་ཏུ་འབར་བར་བྱེད་དོ།། སེམས་ཅན་དེ་དག ་རབ་ཏུ་འབར་བར་བྱེད་དོ།། དེ་ནས་སེམས་ཅན་དེ་དག་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ནས། ནམ་སེམས ་ཅན་དམྱལ་བ་ཉམ་སུ་མྱོང་བར་འགྱུར་བའི། སྡིག་པ་མི་དགེ་བའི་ལས་དེས་གཏན་མ་བྱང་མ་ཟད་ཀྱི་བར་དུ། སྔ་མ་བཞིན་ནོ།། དེ་ལ་སོགས་པའི་གནོད་པ་རྣམས་བརྗོད ་བར་བྱ་སྟེ། མི་ཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་ངུ་འབོད་ཆེན་པོ་ཞེས་བྱ ་སྟེ། དེ་ན་སྡུག་བསྔལ་བས་ན་སྲོག་ལ་འབབ་པར་བྱེད་ལ། ལས་ཀྱི་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་པའི་བར་དུ་རྒྱས་པར་བྱ་སྟེ། ཇི་སྐད་དུ ་དོར་སྒྱུར་བྱེད་པའི་མི་རྣམས་ནི། དུ་འབོད་ཆེན་པོར་སོར་གྱུར་ནས།། ཚིག་གཅིག་སྤུ་ཟིང་བྱེད་འགྱུར་ལ། ཁྱིམ་གྱི་ནང་དུ་སྲུངས་ཞིང་སྲེག། ཅེས་འབྱུང་བ ་ལྟ་བུའོ།། སྐྱེ་བོ་མང་པོ་བསོད་བྱས་ཤིང་། ཚ་བར་འགྱུར་བའི་ལས་བྱས་པ། བློ་ངན་ཚ་བར་སོང་ནས་ནི། སྡུག་བསྔལ་འཚོར་བ་ཉམ་སུ་མྱོང་། སེམས ་ཅན་དམྱལ་བ་ཆེན་པོ་ཚ་བ་ཞེས་བྱ་བ་ལ། ཅིའི་ཕྱིར་ན་སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སེམས ་ཅན་གང་དག་སྐྱེད་པ་དང་། མཐོན་པར་གྱུར་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི ་སྲུངས་མ་དག་སེམས་ཅན་དེ་དག་གཟུང་ནས། ལྕགས་ཀྱི་གཞི་ལ་དོང་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར ་བའི་ནང་དུ་རབ་ཏུ་བསྲེགས་ནས། ལྕགས་ཀྱི་སྐམ་པས་ཕྱིར་བྱུང་སྟེ། ལྕགས་ཀྱི་ཏི་ཙ་ལ་བཞག་ནས་ཐོ་བས་བརྡུང་ཤིང་། ཀུན་ཏུ་རབ་ཏུ་སྡུང་སྟེ་དཔེར་ན། ་ལྕགས་མགར་གིས་ལུགས་དང་ཚོན་མེ་སྟེང་གི་འགར་བས་མཚན་མོ་སྟེང་དང་། ལྗགས་ཀྱིས་སྔགས་བྱ་བ་དང་། ཞ་ཉེའི་འགར་བས་ཞ་ཉེས་དང་། གསེར་མགར ་གྱིས་གསེར་དང་། དངུལ་མགར་གྱིས་དངུལ་སོ་མལ་གྱི་བདག་མ་ལ་བསྲེགས་ནས། ལྕགས་ཀྱི་སྐམ་པས་ཕྱུང་སྟེ། ལྕགས་ཀྱི་ཏི་ཚ་ལ་བཞག་ནས། ལྕགས་ཀྱིས ་ནཐོ་བས་བདུང་ཞིང་རབ་ཏུ་རྡུང་ལ། ཀུན་ཏུ་རབ་ཏུ་རྡུང་བ་དེ་བ་བཞིན་དུ། སེམས་ཅན་དམྱལ་བའི་བསྲུངས་མ་དག་གི་སེམས་ཅད་དེ ་དག་ལྕགས་ཀྱི་དོང་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་ཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པའི་ནང་དུ་བསྲེགས་ནས། ལྕགས་ཀྱི་སྐམས་པས ་ཕྱིར་བྱུང་སྟེ། ལྕགས་ཀྱི་ཏི་ཚ་ལ་བཞག་ནས། ལྕགས་ཀྱིས་ཐོ་བས་བརྡུངས་ཤིང་། ཀུན་ཏུ་རབ་ཏུ་བརྡུང་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཞེས་བྱ་བ་ནས་རྒྱས ་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་ཚ་བར་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དུ་སྔ་མ ་བཞིན་ཏེ། དེ་དག་སེམས་ཅན་དམྱལ་བའི་བསྲུངས་མ་རྣམས་ཀྱི་ས་བཟུང་ནས། ལྕགས་ཀྱི་མདུང་རྩེ་གསུམ་པའི་བསྟན་པར་ཞིང་རབ་ཏུ་འབར་ལ། ཀུན་ཏུ ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ལ་འདུག་ཏུ་བཅུག་སྟེ། རྩེ་མོ་གཅིག་གིས་ནི་དེའི་སྐུ་གཡས་ལོགསུ་བརྟོལ་ཏེ། འཕྲག་པ་གཡས ་པར་བྱུང་ངོ་།། རྩེ་མོ་གཉིས་པས་ནི་གཡོན་ལོག་སུ་བརྟོལ་ཏེ། ཕྲག་པ་གཡོན་པར་འབྱུང་ངོ་།། རྩེ་མོ་གསུམ་པས་ནི་ལྟོའི་ནང་ནས་བཏོལ་ཏེ། སྤྱི་བོར་འབྱུང ་ངོ་།། དེའི་མིག་གི་སྦུབས་གཉིས་ནས་ཀྱང་མེ་འབྱུང་ལ། རྣ་བ་དང་། སྣ་དང་། ཁའི་ནང་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་མེ་འབྱུང་སྟེ། དེ་དག་དེ ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ ་སྐྱེས་པ་ནས་འཐོན་པར་གྱུར་པའི་བར་དུ་སྔ་མ་བཞིན་ཏེ། སེམས་ཅན་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱི་ས་བཟུངས་ནས། དབུགས་པའི་གནོད་པ་ཆེན ་པོ་བྱེད་དེ། དེའི་མིག་གི་སྦུབས་གཉིས་ནས་ཀྱང་མེ་འབྱུང་ལ། རྣ་བ་གཉིས་དང་། སྣ་དང་། ཁའི་ནང་ནས་དང་། བ་སྤུའི་བུ་ག་ཐམས་ཅད་ནས་ཀྱང་མེ་འབྱུང ་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ནས། ནམ་སེམས་ཅན་དམྱལ་བ་ཉམ་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས། དེ་གཏན ་ནས་མ་ཟད་ཀྱིས་བར་དུ་དེ་ལ་སོགས་པའི་གནོད་པ་མང་པོ་དག་བརྗོད་པར་བྱ་སྟེ། མི་ཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་འབྲས་བུ་དེ་དག་དང་། རྣམ་པར ་སྤྲོས་པ་དེ་དག་གིས་ན། སེམས་ཅན་དམྱལ་བ་ཆེན་པོ་ཚ་བ་ཞེས་བྱས་ཏེ། དེ་ན་སྡུག་བསྔལ་ཞིང་མི་བཟད་ལ། རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང ་ཞིང་སྲོག་ལ་འབབ་པར་བྱེད་པ་ལས་ཀྱི་གནོད་པ་གཞན་དང་། གཞན་གནོད་པ་མང་པོ་དག་ཀྱང་ཡོད་དེ། ཇི་སྐད་དུ་དགེ་སྦྱོང་བྲམ་ཟེ་དག་པ་དང་། དེ་བཞིན ་གང་ཞིག་པ་མ་ལ། འདོད་པ་སྨིན་པས་གནོད་པ་བས། དེའི་ཚེ་ནི་ཚ་བར་རབ་ཏུ་སྲེག་ཅེས་འབྱུང་བ་ལྟ་བུའོ།། འདོད་པའི་འབྲས་བུར་འགྱུར་བའི་ལས ་འཛིན། བདེ་འགྲོར་འགྲོ་སྤངས་བྱས་ཤིང་། གློང་ངན་འདོད་མེད་ལས་བྱས་བྱེད་པ། དེ་ནི་རབ་ཏུ་ཚ་བར་སྲེགས། སེམས་ཅན་དམྱལ ་བ་ཆེན་པོ་རབ་ཏུ་ཚ་བ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་མ ་བར། སེམས་ཅན་གང་དག་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན ་དམྱལ་བའི་སྲུངས་མ་རྣམས་ཀྱིས་བཟུང་སྟེ། ལྕགས་ཀྱི་མཚོན་གྱིས་དུམ་བུ་དུམ་བུར་བཅད་ནས། ལྕགས་ཀྱིས་གསལ་ཤིང་ལ་བཙུགས་ཏེ། ལྕགས་ཀྱི་དོང་འབར་ཞིང ་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པའི་ནང་དུ་གསུར་ཅིང་ཟློག་པར་བྱེད་དེ། དཔེར་ན་གཡོས་མཁན་གྱི་ཤ་མཚོན་གྱིས་དུམ ་བུ་དུམ་བུར་བཅད་ནས། ཐུར་མ་ལ་བཙུགས་ཏེ་འདག་མའི་དོང་དུ་གསུར་ཅིང་ཟློག་པར་བྱེད་པ་དེ་བཞིན་དུ། སེམས་ཅན་དམྱལ་བའི་བསྲུངས་མ་ནས། དེ་ལྟ་བུའི་ཚུལ་གྱིས ་ཤེས་བྱ་བའི་བར་དུ་ཐམས་ཅད་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་དག་སྐྱེས་པས་ནས། མཐོན་པར་གྱུར་པའི ་བར་དུ་སྔ་མ་བཞིན་དེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བའི་སྲུངས་མ་རྣམས་ཀྱི་སེམས་ཅན་དེ་དག་བཟུང་ནས། ་ལྕགས་ཀྱི་མཚོན་གྱིས་དུམ་བུ་དུམ་བུར་བཅད་དེ། ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ལ་རབ ་ཏུ་བསྒྲེང་ཞིང་ཤིན་ཏུ་རྡོ་བར་བྱེད་དེ། དཔེར་ན་གཡོས་མཁན་གྱིས་ཤ་ལྕགས་ཀྱིས་མཚོན་གྱིས་དུམ་བུ་དུམ་བུར་བཅད་ནས། སྣོད་དུ་བཅུག་སྟེ། རབ་ཏུ་བསྒྲེང་ཞིང་ཤིན ་ཏུ་དོང་བར་བྱེད་དོ།། ཁུ་བ་ཡང་སྐམ་པར་བྱེད་པ་དེ་བཞིན་དུ། སེམས་ཅན་དམྱལ་བའི་བསྲུངས་མ་ནས། དེ་དག་དེ་ལྟ་བུའི་ཚུལ་གྱིས་ཤེས་བྱ་བར་དུ་རྒྱས་པར་བྱའོ།། ། ་གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར། སེམས་ཅན་གང་དག་སྐྱེས་པ་ནས། སྔ་མ་བཞིན་ཏེ། སེམས་ཅན་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས ་བཟུང་ནས། ལྕགས་ཀྱི་མཚོན་གྱིས་ཁ་གཉིས་མ། གསུམ་འམ། ཁ་མང་དུ་གཤེགས་ཏེ། ལྕགས་ཀྱི་སླང་ངའི་ནང་དུ་བཅུག་ནས་རྡོ་བར་བྱེད་དེ། དཔེར་ན། 1 ་དུམ་བུ་གཉིས་སམ། གསུམ་འམ། དུམ་བུ་དུམ་བུར་མང་པོར་གཏུམས་ནས། སྤང་བའི་ནང་དུ་འཇུག་སྟེ། རྡོ་བ་དེ་བཞིན་དུ་སེམས་ཅན་དམྱལ་བའི་སྲུང་མ་རྣམས་ཀྱིས་ཤེས ་བྱ་བ་ནས། དེ་ལྟ་བུའི་ཚུལ་གྱིས་ཤེས་པའི་བར་དུ་སྔ་མ་བཞིན་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བར་སེམས་ཅན་གང་དག་སྐྱེས་པ ་ནས་སྔ་མ་བཞིན་ཏེ། ལྕགས་ཀྱིས་རྫ་བུམ་དགའ་བ་དང་། ཉེ་དགའ་ཞེས་བྱ་བ་གཉིས་ཡོད་པ་ལ། རྫ་བུམ་དགའ་བ་ཞེས་བྱ་བ་ལ་ནི་ཆུར་དཔག་ཚད་ལྔ་བཅུ། ཞེང་དུ་ཡང ་འཇིག། #དཔག་ཚད་ལྔ་བཅུ་རྩ་གཅིག། འཕང་དུ་ནི་དཔག་ཚད་དྲུག་བཅུ། སྦོམ་སུ་ནི་དཔག་ཚད་རྒྱ་ལྔ་བཅུ་ཡོད་དོ།། རྫ་བུམ་ཉེ་དགའ་ལ་ནི་ཆུར་དཔ ་ཚད་ལྔ་བཅུ་རྩ་གཅིག། ཞེང་དུ་ཡང་དཔག་ཚད་ལྔ་བཅུ་རྩ་གཅིག། འཕང་དུ་ནི་དཔག་ཚད་དྲུག་བཅུ། སྦོམ་སུ་དཔག་ཚད་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་ལ། བ་ཚའི་ཆུ ་ཁོལ་བས་གང་སྟེ། སེམས་ཅན་དེ་དག་སེམས་ཅན་དམྱལ་བའི་སྲུང་མ་དག་གིས་བཟུང་ནས། རྫ་བུམ་དགའ་བ་དང་། ཉེ་དགའ་གཉིས་ཀྱིས་ནང་དུ་སྤྱི་བོ་ཚུགསུ་བོར་ཏེ། ་དེ་དག་དེ་ན་ཞབ་སུ་འང་འགྲོ་སྟེ། སྐོལ་ཞིང་འཚེད་ལ་སྟེང་དུ་འགྲོ་སྟེ། སྐོལ་ཞིང་མཆེད་དོ།། ཕྱོགས་དང་། ཕྱོགས་མཚམས་སུའང་འགྲོ་སྟེ་སྐོལ་ཞིང་འཚེད་དོ།། དབུས ་ན་ནི་དབུ་བ་འདུས་ཤིང་འདུག་སྟེ། དཔེར་ན། ཏིལ་ལམ། འབྲས་སམ་མོན་སྲན་འགྲེའུ་འམ། རྒྱ་ཤུག་གི་འབྲས་བུ་འམ། རྒྱ་སྲན་ཆུ་མང་པོ་དང་། སྣོད་ཀྱི་ནང་དུ་བླུགས་ཏེ། ་འོག་ནས་མེ་དྲག་དུའང་འགྲོ་སྟེ། སྐོལ་ཞིང་འཚེད་ལ་སྟེང་དུ་འགྲོ་སྟེ་སྐོལ་ཞིང་འཚེད་དོ།། དབུས་ན་ནི་དབུ་བ་འདུས་ཞིང་འདུག་པ་དེ་བཞིན་དུ། སེམས་ཅན་དམྱལ ་བའི་སྲུང་མ་ནས། ནམ་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་བཏན་ནས་པ་བྱང་མ་ཟད་ཀྱི་བར་དུ་རྒྱས་པར་བྱའོ།། དེ་ལས། ་སོགས་པའི་གནོད་པ་མང་པོ་དག་སྦྱོང་བར་བྱ་སྟེ། མི་ཟད་པ་དེ་དག་དང་། མེ་ཏོག་དེ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ན། ་སེམས་ཅན་དམྱལ་བ་ཆེན་པོ་རབ་ཏུ་ཚ་བ་ཞེས་བྱས་ཏེ། དེ་སྡུག་བསྔལ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། སྔ་མ་བཞིན་ནོ།། ཇི་སྐད་དུ། དགེ་སྦྱོང་བྲམ ་ཟེ་དགེ་བ་དང་། དེ་བཞིན་གང་ཞིག་ཕ་མ་དང་། གང་ཞིག་བླ་མ་གཞན་གསོད་པ། དེ་ནི་རབ་ཏུ་ཚ་བར་སྲེག། ཅེས་འབྱུང་བ་ལྟ་བུའོ།། ་སྡོམ་ནི། དོང་དང་ལྕགས་དང་དབུག་པ་དང་། ཚ་བ་ན་ནི་གནོད་པ་གསུམ། གསལ་ཤིང་སྣོད་དང་། སླང་ང་དང་། རྫ་བུམ་བཞིན་དུ་རབ་ཏུ་ཚ། ངན་འགྲོར ་འགྲོ་བའི་ལས་རྣམས་ལས་ཤེས་ཆེར་བྱས་པར་གྱུར་ན་ནི། བློ་ངན་མནར་མེད་སོང་ནས་ཀྱང་། སྡུག་བསྔལ་ཚེར་བ་མྱོང་བར་འགྱུར། སེམས་ཅན་དམྱལ་བ་ཆེན་པོ ་མནར་མེད་པ་ཞེས་བྱ་བ་ལ། ཅིའི་ཕྱིར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་དམྱལ་བ་ཆེན་པོ་མནར་པཱར་སེམས་ཅན་གང ་དག་སྐྱེས་པ་ནས། མཐོན་པར་གྱུར་པའི་བར་དུ་སྟེ། སེམས་ཅན་དེ་དག་གི་སྡིག་པ་མི་དགེ་བའི་ལས་དེའི་རྣམ་པར་སྨིན་པས། སེམས་ཅན་དམྱལ་བའི་སྲུང་མ་དག ་གིས་བཟུང་ནས། ལྕགས་ཀྱི་ས་བཞི་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ལས་གན་རྒྱལ་དུ་བཞག་ནས། མི་བཟད་པའི ་བཅིང་བ་རྣམས་པ་ལྔའི་གནོད་པ་བྱེད་དེ་ལག་པ་གཉིས་ཀྱང་ལྕགས་ཀྱིས་ཕུར་པས་འདེབས་ལ། རྐང་པ་གཉིས་དང་། དབུས་སུ་སྙིང་ཀར་ཡང་ལྕགས་ཀྱི་ཕུར ་འཛིན་པདག། བུས་འདེབས་དེ། དེ་དག་དེ་ལྟར་བུའི་ཚུལ་གྱིས་ཞེས་བྱ་བ་ནས་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ། ་མནར་མེད་པར་སེམས་ཅན་གང་ཞེས་བྱ་བ་ནས། སྔ་མ་བཞིན་ཏེ། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས་ལྕགས་ཀྱི་ས་བཞི་འབར་ཞིང་རབ ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ལ་གན་རྒྱལ་དུ་བཞག་ནས་ཁ་ནས་ལྕེ་བྱུང་སྟེ། ལྕགས་ཀྱི་ཕུར་པ་རྒྱས་བརྒྱངས་ནས། ་སེམས་ཅན་དེ་དག་གི་ལྕེ་དག་ལྕགས་ཀྱིས་ཕུར་པ་རྒྱས་བརྒྱངས་ནས། གཉེར་མ་དངངས་འགྱུར་ཞིང་ཐང་ཆད་པར་འགྱུར་ཏེ། དཔེར་ན་གླང་གི་ཀོ་བ་ལྕགས་ཀྱི་ཕུར ་པ་བརྒྱས་བརྒྱངས་ནས། གཉེར་མ་རངས་པར་འགྱུར་ཞིང་ཐང་ཆད་པར་འགྱུར་བ་བཞིན་དུ། སེམས་ཅན་དམྱལ་བའི་བསྲུངས་མ་ཞེས་བྱ་བ་ནས། རྒྱས་པར་དེ ་ལྟ་བུའི་ཚུལ་གྱིས་ཤེས་བྱ་བའི་བར་དུ་སྔ་མ་བཞིན་ནོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་ཅན་གང་དག་སྐྱེས་པ་དང་། ཀུན་ཏུ་སྐྱེས་པ ་དེ་དག་ཐམས་ཅད་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ལྕགས་ཀྱི་ས་གཞི་འབར་ནས་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་བཅིང་འབར་ཏེ། མེ་ལྕེ ་གཅིག་ཏུ་གྱུར་པ་ལ། སྤྲིའོ་ཚུགས་སུ་བཞག་ནས། ལ་བྲོ་གཉིས་ནས་ལྤགས་པ་བཤུས་ཏེ། ལྷག་པར་ཐུག་པར་བཤུས་ནས། ལྕགས་ཀྱི་ཤིང་རྟ་འདྲེན་ཏུ ་བཅུག་སྟེ། ལམ་གྱི་བཞི་མདོར་གང་དུ་འདོད་པ་དང་། ཅི་དགའ་བ་དང་། ཅི་སྲིད་དུ་འདོད་པར་འགྲོར་བཅུག་ཅིང་ཕྱིར་ཡང་ཟློག་པར་བྱེད་དེ། དཔེར་ན་རྟ་གཡུང་པོ་གཞུ། ་བ་དང་སྦྱར་ཏེ། ཤིང་རྟ་སྲབ་མངའ་རིང་པོ་དང་། སྲབ་སྐྱོགས་དང་། ལྕགས་དང་སྦྱར་ཏེ་ལམ་ཀྱི་གཞི་མདོ་ཆེན་པོར་གཞག་པ་དེ་ལ་གཉའ་ཤིང་གིས་འདུལ་བའི་ཁ་ལོ ་བ་མཁས་པས་མྱུར་ཞིང་མྱུར་བར་ཞེན་སྟེ། ལག་པ་གཡོན་པས་ནི་སྲབ་མདའ་བཟུང་། ལག་པ་གཡས་པས་ནི་གཞུ་བའི་ལྕག་ཐོགས་ཏེ། ལམ་པོ་ཆེ་གང་དུ་འདོད་པ ་དང་། ཅི་དགའ་བ་དང་། ཇི་སྲིད་དུ་འདོད་པར་འགྲོར་བཅུག་ཅིང་ཕྱིར་ཡང་ཟློག་པར་བྱེད་པ་དེ་བཞིན་དུ། སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་ཤེས་བྱ་བ་ནས ་རྒྱས་པར་དེ་དག་དེ་ལྟ་བུའི་ཚུལ་གྱིས་ཤེས་བྱ་བའི་བར་སྔ་མ་བཞིན་ནོ།། གཞན་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པར་སེམས་གང་དག་སྐྱེས་པ་ནས། མཐོན ་བར་གྱུར་པའི་བར་དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག་གིས་བཟུང་ནས། ལྕགས་ཀྱི་ས་གཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། ་མེ་ལྕེ་གཅིག་ཏུ་གྱུར་པ་ལ། བཞག་ནས་ལྕགས་ཀྱི་ཞིབ་མས། ལྕགས་ཀྱི་འདག་མ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག ་ཏུ་གྱུར་པ་ལ། ཁྲབ་ཏུ་འཇུག་ཅིང་གསིལ་ཏུ་འཇུག་སྟེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བའི་བར་དུ་རྒྱས་པར་བྱའོ།། གཞན་ཡང་སེམས་ཅན་དམྱལ ་#པ་ཆེན་པོ་མནར་མེད་པར་སེམས་ཅན་དག་སྐྱེས་པ་ནས་མཐོན་བར་གྱུར་པའི་བར་དུ་སྟེ། དེ་དག་སེམས་ཅན་དམྱལ་བའི་བསྲུང་མ་དག་གིས་བཟུནས ་ནས་ལྕགས་ཀྱི་རིའི་བར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ལ། འཇིག་ཏུ་འཇུག་ཅིང་ཕྱིར་ཡང་འབབ་ཏུ་འཇུག་སྟེ། དེ་དག་དེ ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། དེ་ལ་སོགས་དེ་ལས་གཞན་པའི་བར་དུ་མང་པོ་དག་ཀྱང་བརྗོད་པར་བྱ་སྟེ། མི་བཟད་པ་དེ་དག་དང་། མེ་ཏོག་དེ ་དག་དང་། འབྲས་བུ་དེ་དག་དང་། རྣམ་པར་སྤྲོས་པ་དེ་དག་གིས་ནས། སེམས་ཅན་བུ་ཆེན་པོས་མནར་མེད་པ་ཞེས་བྱ་སྟེ། དེ་ན་སྡུག་བསྔལ་ཞིང་མི་བཟད་པ་རྩུབ་ཅིང་ཚ་བ་དང ་ཡིད་དུ་མི་འོང་བ་ཞིང་སྲོག་ལ་བབ་པར་བྱེད་པ་ལས་ཀྱིས་གནོད་པ་གཞན་དང་། གཞན་མང་པོ་དག་ཀྱང་ཡོད་དེ། ཇི་སྐད་དུ་གང་ཞིག་ཆོས་ལ་ཆོས་མིན་དང་། ཆོས་མ་ཡིན། ་ལ་ཆོས་སུ་སྨྲས། སྐྱེ་བོ་དམ་པ་དག་ལ་སྡང་།། མེད་པར་ལྟ་བ་མནར་མེད་ལྟུང་། དོམ་ནི། མི་བཟང་འཆིང་བའི་གནོད་པ་དང་། དེ་ནི་ལྕེ་ནི་ཕུར་བརྒྱས་བརྒྱངས། ཤིང ་རྟ་ཁྲི་དང་འཟ་བ་དང་རེ། གདོད་པ་ལྔ་ཙཔ་སྦྱར་བ་ཡིན། སེམས་ཅན་དམྱལ་བ་ཆེན་པོ།། མནར་མེད་པའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང ་ཡོད་དེ། དེ་ནས་སེམས་ཅན་དེ་དག་རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང་སྐྱབས་ཚེལ་ལ་འབྱུང་བའི་ཐབས་ཚོལ་ཏེ། ངེས་པར་བྲོས་པར་བྱའོ།། ་སྙམ་མོ་དེ་དག་ཕལ་ཆེར་དེར་ཕྱིན་ནས་ཤར་ཕྱོགས་ཀྱིས་སྒོ་བཅད་པར་འགྱུར་ཏེ། དེ་དག་དེར་སྣང་ཅིང་སྨྲས་ཏེ། འགྱེལ་ནས་གཅིག་གི་སྟེང་དུ་གཅིག་འཕུངས་པར་འགྱུར་ཏེ། ་དཔེར་ན་རྩའམ་ཤིང་བཞིན་ལ་ཉམས་ཐག་པའི་སྐད་ཀྱིས་ཆོས་ངེས་འདེབས་ཏེ། སྡུག་བསྔལ་ཞིང་མི་བཟད་ལ་རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཉམས་སུ ་མྱོང་སྟེ། ནམ་སེམས་ཅན་དམྱལ་བ་ཉམ་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན་ནས། མ་བྱང་མ་ཟད་ཀྱི་སྡིག་པ་མི་དགེ་བའི་ལས་དེ་སྟན་ནས་མ་བྱང ་མ་བཟད་ཀྱི་བར་ད་རེ་ཤིག་འཆི་བའི་དུས་བྱེད་པར་མི་འགྱུར་རོ།། ལྷོ་ཕྱོགས་དང་ནུབ་དང་། བྱང་ཕྱོགསུ་ཡང་དེ་བཞིན་བརྗོད་པར་བྱའོ།། ཡུན་རིང་མོ་ཞིག་འདས་ནས། ་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པ་དེའི་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། སེམས་ཅན་དེ་དག་དེར་རྒྱུག་ཅིང་རབ་ཏུ ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་སྟེ། གནས་ཚོལ་ཞིང་སྐྱབས་ཚོལ་ལ་འབྱུང་བའི་ཐབས་ཚོལ་ཏེ། འདིར་བྱུང་ཏེ་འདིར་ནས་བྲོས་པར་བྱའོ།། སྙམ་མོ།། དེ་དག་དེ་ནས ་འབྲོས་བྱིས་པ་དེ་དག་ནི། ཐར་པར་མ་ཡིན་པ་ལ་ཐར་པར་འདུ་ཤེས་པ་སྟེ། མི་ཤེས་པའོ།། དེ་ནས་ལྷག་པའི་འཁོར་མོང་བར་བྱ་བ་ཡང་ཉམས་མྱོངས་པར་འགྱུར་ཏེ། ་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དེའི་འདབ་དྲང་ཉིད་ན། མེ་མ་མུར་པུས་མོ་ནུབ་པ་ཙམ་ལ་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོའི་དུ་བརྒྱས ་འཛིན་པ། @#པར་བྱས་ཏེ། དེ་དག་དེར་རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་ཏེ། གནས་ཚོལ་ཞིང་སྐྱབས་ཚོལ་བ་འབྱུང་བའི་ཐབས་ཚོལ་ཏེ། ་དེ་དག་དེར་རྐང་པ་བཞག་ན་ནི་ལྤགས་པ་དང་། ཤ་དང་ཁྲག་ཀུན་ཞིགས་པར་འགྱུར་ལ། རྐང་པ་བརྟེག་ན་ནི་ལྤགས་པ་དང་། ཤ་དང་ཁྲག་ཀུན་ཕྱིར་ཡང་སྐྱེ་བར ་འགྱུར་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ནས་སྔ་མ་བཞིན་ནོ།། མེ་མ་མུར་པུས་མོར་ཕྱིན་ཙམ་གྱིས་འདབ་དྲང་ཉིད་ན། རོ་མྱགས་དང་། ཕྱི་སའི་འདམ ་དཔག་ཚད་མང་པོའི་བར་དུ་རྒྱས་པར་བྱ་སྟེ། འཕང་དུ་ནི་མའི་ས་ལ་སོགས་ཅིང་། དྲི་ང་བ་དང་། བཤུལ་ཞིང་ཡིད་དང་མཐུན་པ་མ་ཡིན་པ་ཡིན་པ་ཡོད་དོ།། དེ་ནས་སེམས ་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚེལ་ལ་འབྱུང་བའི་ཐབས་ཚོལ་ཏེ། རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ་ཏུ་རྒྱུག་ཏེ། འབྲོས་པར་བྱེད་དོ།། རོ་མྱགས་པ་དང་། ་ཕྱི་སའི་འདམ་དེ་ན་འབུ་མཆུ་རྣོན་ཞེས་བྱ་བ་ཐལ་ཀར་དུ་འདུག་ཅིང་མགོ་གནག་ལ་མཆུ་ཁབ་འདྲ་བ་དག་གནས་ཏེ། སེམས་ཅན་དེ་དག་གི་ལྤགས་པ་འབིགས་སོ།། ལྤགས ་པ་ཕུག་ནས་ཤ་འབིགས་སོ།། ཤ་ཕུག་ནས་རྒྱུས་པ་འབིགས་སོ།། རྒྱུས་པ་ཕུག་ནས་རུས་པ་འབིག་སོ།། རུས་པ་ཕུག་ནས་རྐང་འདྲུ་སྟེ། དེ་དག་དེ་ལྟ་བུའི་ཚུལ ་གྱིས་ཤེས་བྱ་བ་ནས་རྒྱས་པར་བྱའོ།། རོ་མྱགས་པ་དང་། ཕྱི་སའི་འདམ་གྱིས་འདབ་དྲུང་ཉིད་ན་ལམ་པོ་ཆེ་སྤུ་དྲིའི་སོ་བསྟམས་ཤེས་བྱ་བ་ཡོད་དེ། དཔག་ཚད་མ ་པོ་ཞེས་བྱ་བ་ནས་རྒྱས་པར་བྱའོ།། དེ་ནས་སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས་ཚོལ་ལ་འབྱུང་བའི་ཐབས་ཚོལ་ཏེ། རྒྱུག་ཅིང་རབ་ཏུ་རྒྱུག་ལ། ཀུན་ཏུ་རབ ་ཏུ་རྒྱུག་གོ། དེ་དག་དེར་རྐང་པ་བཞག་ན་ནི། ལྤགས་པ་དང་། ཤ་གཅོད་ཅིང་ཁྲག་འབྱིན་ཏོ།། རྐང་པ་བཏེགས་ན་ནི་ལྤགས་པ་དང་། ཤ་དང་ཁྲག་ཀུན་ཕྱིར་ཡང ་སྐྱེས་ཏེ། དེ་དག་དེ་ལྟ་བུའི་ཚུལ་གྱིས་ལོ་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱའོ།། ལམ་པོ་ཆེ་སྤུ་གྲིའི་སོ་བསྡམས་པ་ཞེས་བྱ་བའི་འདབ་དྲུང་ཉིད་ན། ལོ་མ་རལ་གྲི ་སོ་ལྟ་བུའི་འཚལ་ཤིང་ཨ་མྲའི་ཚལ་སྔོན་པོ་ལྟར་སྣང་བ་ཡོད་དོ།། དཔག་ཚད་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱས་ཏེ། སེམས་ཅན་དེ་དག་གནས་ཚོལ་ཞིང་སྐྱབས ་ཚེལ་ལ་འབྱུང་བའི་ཐབས་ཚོལ་ཏེ་ནང་དུ་འཇུག་གོ། དེ་དག་དེར་ཞུགས་ནས་དེ་དག་གི་སྔོན་གྱིས་ལས་ཀྱིས་རྣམས་པར་སྨིན་པ་ལས་བྱུང་བའི་རླུང་ཚ་བ་ལྡང་སྟེ། ་རལ་གྲི་དེ་དག་གི་རྩ་བ་ནས་ཀློག་ཅིང་སེམས་ཅན་དེ་དག་གིས་སྟེང་དུ་ལྟུང་ནས། ལག་པ་དག་ཀྱང་བཅོད་ཅིང་རྐང་པ་དག་དང་། རྣ་བ་དག་དང་། སྣ་དག་དང་། ཡན ་ལག་ཉིད་ལག་གཞན་དང་། གཞན་དེ་དག་ཀྱང་གཅོད་དེ། དེ་དག་ལྟ་བུའི་ཚུལ་གྱིས་ཤེས་བྱ་བ་ནས་སྔ་མ་བཞིན་ནོ།། ལོ་མ་རལ་གྲིའི་སོ་ལྟ་བུའི་ཚལ་དེ་ཉིད་ན། ་ཁྱི་སྐྱ་བཀྲ་ཞེས་བྱ་དག་གནས་ཏེ། སེམས་ཅན་དེ་དག་ས་ལ་སྤྱིའུ་ཚུགས་སུ་བརྟབས་ནས། རྩི་བ་ལོགས་གཉིས་ཀྱི་ཤ་ལྤགས་པ་དང་། སྐལ་ཚིགས་ཕྱུང་ཞིང ་ཟའོ།། ལོ་མ་རལ་གྲིའི་སོ་ལྟ་བུའི་འདས་དྲུང་ཉིད་ན་ལྕགས་ཀྱི་ཤིང་། ཤལ་མ་ལའི་ཚལ་དཔག་ཚད་མང་པོ་ཞེས་བྱ་བ་ནས་སྔ་མ་གཞིན་ཏེ། ་མི་འབྲང་བརྒྱ་ཕྲགས་ས་ཡིའི་སྲིད་ཙམ། ཡོད་པ་ཚེར་མ་རྡོ་ཞིང་སོར་བཅུ་དྲུག་པ་ལ་ཚལ་སྔོན་པོ་ཕྲེང་བ་ཡོད་དེ། སེམས་ཅན་འདི་ཡན་ཆད་དེ་དག་དེའི་ནང་དུ་འགྲོ ་ཞིང་གནས་ཚོལ་བ་ནས་སྔ་མ་བཞིན་ཏེ། དེ་དག་དེ་ལ་འཛེག་གོ། དེ་དག་དེ་ལ་འཛེགས་པ་ན་ཚེར་མ་རྣམས་ཁ་ཐུར་དུ་ལྟའོ།། ཕྱིར་འབབས་པ་ན་ཚེར་མ་རྣམ་ཁ་གྱེན ་དུ་ལྟའོ།། ལྕགས་ཀྱི་ཤིང་ཤ་ལ་མ་ལིའི་ཚལ་དེ་ན། ཁ་ལྕགས་ཀྱི་མཆུ་ཅན་ཞེས་བྱ་བ་དག་གནས་ཏེ། སེམས་ཅན་དེ་དག་གི་ཕྲག་པ་འམ་མགོ་བོར་འདུག་ནས་མིག ་འདྲ་ཞིང་ཟ་ལ། མགོ་བོ་བརྟོལ་ནས་གླད་པ་འདྲའོ།། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་དེ་ན། ལྕགས་ཀྱི་རྫ་བུམ་དང་། ཁར་ཟངས་ཚ་བའི་ཆུ་ཁོལ་བས་གང་ཞིང ་འདུག་པ་ཡོད་དེ། གང་གི་ཚེ་སེམས་ཅན་དེ་དག་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ལས་སྣད་ཅིང་སྤྲས་ཏེ་བབས་པར་གྱུར་པ་དེའི་ཚེ། སེམས་ཅན་དམྱལ་བའི་སྲུང་མ་དག ་གིས་སེམས་ཅན་དེ་དག་བཟུང་ནས། ལྕགས་ཀྱི་རྫ་བུ་མ་འམ། ཁར་བཟངས་ཀྱི་ནང་དུ་སྤྱིའུ་ཚུག་སུ་འདོར་རོ།། དེ་དག་དེའི་ནང་ན་འོག་ཏུ་ཡང་འགྲོ་སྟེ། སྐོལ་ཞིང ་འཚེད་དོ།། དེ་བཞིན་དུ་སྟེང་དང་ཐད་ཀཾ་དང་ཕྱོགས་མཚམས་སུ་ཡང་འགྲོ་ཏེ། སྐོལ་ཞིང་འཚེད་པ་ནི་དཔེར་ན་ཏིལ་ལམ་མོན་སྲན་གྲེའུ་ཞེས་བྱ་བ་ནས། དེ་དག་དེ་ལྟ ་། བུའི་ཚུལ་གྱིས་ཤེས་བྱ་བའི་བར་དུ་རྒྱས་པར་བྱའོ།། ལྕགས་ཀྱི་ཤལ་མ་ལིའི་ཚལ་དེའི་འདབ་དྲུང་ཉིད་ན་ཆུ་ཀླུང་རབ་མེད་ཅེས་བྱ་བ་ཡོད་དེ་བ་ཆའི་ཆུ་ཁོལ་བས་གང་བ ་དཔག་ཚད་མང་པོ་ཞེས་བྱ་བ་ནས་རྒྱས་པར་བྱ་སྟེ། སེམས་ཅན་དེ་དག་གིས་རྒྱང་རིང་པོ་ནས་མཐོང་ནས་ཆུ་གྲང་མོ་འདྲ་བར་སྣང་ངོ་།། དེ་ནས་སེམས་ཅན་དེ་དག་གནས ་ཚོལ་ཞིང་སྐྱབས་ཚོལ་ལ་འབྱུང་བའི་ཐབས་ཚོལ་ཏེ་རྒྱུག་ཅིང་རབ་ཏུ་རྒྱུག་ལ་ཀུན་ཏུ་རབ་ཏུ་རྒྱུག་སྟེ་འབོགས་པར་བྱེད་དོ།། ཆུ་ཀླུང་དེའི་འགྲམ་གཡས་གཡོན་ན། ཤིན། ་རྗེའི་མི་ལག་ན་རལ་གྲི་ཐོགས་པ་དང་། ལག་ན་མདང་ཐུང་ཐོགས་པ་དང་། ལག་ན་འཕང་མདུང་ཐོགས་པ་དག་འདག་སྟེ། སེམས་ཅན་དེ་དག་རྒལ་དུ་དུ་ཡང་མི ་སྟེར་ཕྱིར་འབྱུང་དུ་ཡང་། མེ་སྟེར་རོ།། དེ་དག་དེའི་ནང་ན་འོག་ཏུ་ཡང་འགྲོ་སྟེ་སྐོལ་ཞིང་འཚེད་པ་ནི། དཔེར་ན་ཏིལ་ལམ་འབྲས་སམ། རྒྱ་ཤུག་གི་འབྲས་བུ་ནས་རྒྱས ་པར་བྱ་སྟེ། དེ་དག་ཆུ་ཀླུང་རབ་མེད་ཅེས་བྱ་བ་དེ་ན། ཆུའི་འབབ་ཕྱོགས་སུ་སྐྲ་ཐམས་ཅད་འབྱིན་ཞིང་བ་སྤུ་ཐམས་ཅད་དང་། ལྤགས་པ་དང་ཤ་དང་ཁྲག་ཐམས་ཅད ་འཇིག་སྟེ། ཀེང་རུས་འབའ་ཞིག་ལུས་པར་འགྱུར་རོ།། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དགིས། ལྕགས་ཀྱི་རྒྱས་ཉ་བཅུ་པ་བཞིན་དུ། བཅུས་ནས་ལྕགས ་ཀྱི་ས་བཞི་འབར་བ་ནས་རྒྱས་པར་བྱ་སྟེ། གན་རྒྱལ་དུ་མནན་ནས་ཀྱེ་སེམས་ཅན་དག་ཅི་འདོད་ཅེས་འདྲིའོ།། དེ་དག་གིས་སྨྲས་པ། ཀྱེ་བདག་ཅག་ཉིད་ཀྱང་མི་ཤེས ་འཛིན་པ། ལ་བདག་ཅག་ཉིད་ཀྱང་མི་མཐོང་ངོ་།། འོན་ཀྱང་བདག་ཅག་ནི་བསྒྲེས་སོ་ཞེས་བྱས་པ་དང་། དེ་དག་སེམས་ཅན་དམྱལ་བའི་སྲུངས་མ་དག ་གིས། ལྕགས་ཀྱི་སྤྱད་ཀྱི་ཁ་ཕྱེ་ནས། ལྕགས་ཀྱི་སྐམ་པས་ལྕགས་ཀྱིས་ཐུ་ལུམ་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་དག ་ཁ་བཅུག་སྟེ། སེམས་ཅན་དེ་དག་གི་མཆུ་དག་ཀྱང་ཚིག་ཅིང་། ལྕེ་དང་། རྐན་དང་། ལྐོག་མ་དང་། མིད་པའི་སྦུབས་དང་། སྙིང་དང་། སྙིང་གི་ཉེ་ཀོར་དང་། ་རྒྱུ་མ་དང་། མཉེར་མ་རྣམས་ཀྱང་ཚིག་ནས་ཐུར་དུ་འབྱུང་ངོ་།། གཞན་ཡང་སེམས་ཅན་དམྱལ་བའི་སྲུང་མ་དག་གིས། སེམས་ཅན་དེ་དག་འཆིལ་པས་ཉ་དབྱུང་བ ་བཞིན་དུ་ཕྱུང་ནས། ལྕགས་ཀྱི་ས་བཞི་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ་འབར་བ་ཅིག་ཏུ་གྱུར་པ་ལ། གན་རྒྱལ་དུ་གཞག་ནས། ་སེམས་ཅན་དག་ཅི་འདོད་ཅེས་འདྲིའོ།། དེ་དག་གིས་སྨྲས་པ། ཀྱེ་བདག་ཅག་ཉིད་ཀྱང་མི་ཤེས་ལ་བདག་ཅག་ཉིད་ཀྱང་མཐོང་ངོ་།། འོན་ཀྱང་བདག་ཅག་ནི་སྐོབ ་མོ་ཞེས་བྱས་པ་དང་། དེ་དག་སེམས་ཅན་དམྱལ་བའི་བསྲུངས་པ་དག་གིས། ལྕགས་ཀྱི་སྤྱད་ཀྱི་ཁ་ཕྱེ་ནས་ཟངས་སྐོལ་བའི་འབར་ཞིང་རབ་ཏུ་འབར་ལ། ་ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་པ་ཁར་བླུགས་ཏེ། སེམས་ཅན་དེ་དག་གིས་མཆུ་དག་ཀྱང་རླིག་པ་ནས། ཐུར་དུ་འབྱུང་བའི་བར་སྟེ། ་དེ་དག་དེ་ལྟ་བུའི་ཚུལ་གྱིས་ཤེས་བྱ་བ་ནས་རྒྱས་པར་བྱའོ།། དེ་དག་མཐུ་ཉམས་ཤིང་གཟི་བརྗིད་ཉམས་ཏེ། རབ་མེད་ཀྱི་འགམ་ན་འཁོད་དོ།། རབ་མེད་དེའི ་འགམ་ན་ཁ་ལྕགས་ཀྱི་མཆུ་ཅན་ཞེས་བྱ་བ་དག་གནས་ཏེ། སེམས་ཅན་དེ་དག་གི་ཞེས་བྱ་བ་ནས་སྔ་མ་བཞིན་ནོ།། དེ་ལ་སོགས་པ་གནོད་པ་མང་པོ་དག་ཀྱང་བྱེད་དོ།། ་དེར་སེམས་ཅན་དེ་དག་གི་སེམས་ཅན་དམྱལ་བའི་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ་བའི་ལས་དེ་གཏན་ནས་ཡོངས་སུ་མ་བྱང་མ་ཟད་ཀྱི་བར་དུ་དེ་དག་ཡང ་ཆུ་ཀླུང་རབ་མེད་ལ་འབོག་གོ། ལྕགས་ཀྱི་ཤིང་ཤལ་མ་ལིའི་མཚལ་འཛེག་གོ། ལོ་མ་རལ་གྲི་ལྟ་བུའི་ཚལ་ཏུ་འཇུག་གོ། ལམ་པོ་ཆེ་སྤུ་གྲི་སོ་བསྟམས་པ་ལྟ་བུར ་འགྲེའོ་རོ་མྱགས་པ་དང་། ཕྱི་སའི་འདབ་དུ་འབོག་གོ། མེ་མ་མུར་པུས་མོར་ཕྱིན་པ་ཙམ་དུ་འགྲོའོ།། དེ་ནས་ཡང་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི ་ཤར་ཕྱོགས་ཀྱི་སྒོར་འཇུག་གོ། ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོའི་སྐབས་སུ་བཤད་པ་དེ་བཞིན་དུ་ལྷོ་དང་། ནུབ་དང་། ་བྱང་ཕྱོགསུ་ཡང་བརྗོད་པར་བྱའོ།། ཇི་ལྟར་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་འཁོར་དང་། བཅས་པར་བསྟན་པ་དེ་བཞིན་དུ། སེམས་ཅན་དམྱལ་བ ་ཆེན་པོ་རབ་ཏུ་ཚ་བ་དང་ཚ་བ་དང་ངུ་འབོད་ཆེན་པོ་དང་། དུ་འབོད་ཆུང་ངུ་དང་། བསྡད་གཞོམ་དང་། ཐིག་ནག་དང་། ཡང་སོས་རྣམས་ཀྱང་འཁོར་ཀྱང་བཅས ་པར། བརྗོད་པར་བྱའོ།། དེ་དག་ཏུ་ནམ་སེམས་ཅན་དེ་དག་གི་སེམས་ཅན་དམྱལ་བ་ཉམས་སུ་མྱོང་བར་འགྱུར་བའི་སྡིག་པ་མི་དགེ ་ཁའི་ལས་དེ་གཏན་ནས་བྱང་ཞིང་ཟད་པར་གྱུར་པ་ན། དེ་དག་གནས་དེ་ནས་ཤི་འཕོས་ཏེ། ཁ་ཅིག་ནི་དུད་འགྲོ་རྣམས་དང་སྐལ་པ་མཉམ་པར་སྐྱེའོ།། ཁ་གཅིག ་ནི་ཡི་དགས་རྣམས་ཀྱི་ནང་དུ་ཁ་ཅིག་ནི་མི་རྣམས་ཀྱི་ནང་དུའོ་ཁ་ཅིག་ནི་རྒྱལ་ཆེན་བཞི་པའི་ལྷ་རྣམས་ཀྱི་ནང་དུ། ཁ་ཅིག་ནི་སུམ་བཅུ་རྩ་གསུམ་པ་རྣམས་དང་། འཐ ་བྲལ་བ་རྣམས་དང་། དགའ་ལྡན་རྣམས་དང་། འཕྲུལ་དགའ་རྣམས་དང་། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་དང་། བསྐལ་པ་མཉམ་པར་སྐྱེ་བར་འགྱུར་རོ།། ། ་དེ་ལ་སེམས་ཅད་སྔོན་མིར་གྱུར་པའི་ཚེ། ཆོས་མ་ཡིན་པ་སྤྱོད་ཅིང་མི་རིགས་པ་བྱེད་དེ། གཅིག་ཏུ་གནག་པའི་ལས་བྱེད་བྱེད་པ་ལས་སེམས་ཅན་དམྱལ་བ་དག་ཏུ ་སྐྱེས་པ་གང་ཡིན་པ་དེ་དག་ནི། སེམས་ཅན་དམྱལ་བ་ནས་ཤི་འཕོས་ནས་སྡུག་བསྔལ་བ་དང་། ཡིད་མི་བདེ་བ་དང་འཁྲུགས་པ་མང་པོ་དག་གི་སྐལ་པ་ཅན་དུ ་འགྱུར་རོ།། དེ་ལ་སེམས་ཅན་སྔོན་མིར་གྱུར་པའི་ཚེ། ཆོས་སྤྱོད་ཅིང་རིགས་པ་མེད་ལ་གཅིག་ཏུ་དཀར་བའི་ལས་བྱེད་བྱེད་པ་ལས་ཉེ་བར་སྤྱོད་པ། འགའ་ཞིག་གིས ་སེམས་ཅན་དམྱལ་བ་དག་ཏུ་སྐྱེས་པ་གང་ཡིན་པ་དེ་དག་ནི་སེམས་ཅན་དམྱལ་བ་ནས་ཤི་འཕོས་ནས་བདེ་བ་དང་། ཡིད་བདེ་བ་མང་པོའི་སྐལ་པ་ཅན་དུ་འགྱུར་རོ།། བཅོམ ་ལྡན་འདས་ཀྱིས་ཀྱང་ལྷའི་ཕོ་ཉ་ལྔ་ལུང་བསྟན་པའི་མདོ་ལས་འདི་སྐད་དུ། དགེ་སྦྱོང་དག་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ཀྱི་སྒོ་འབྱེད་པ་དེའི ་དུས་ཀྱང་ཡོད་ལ། དེའི་སྐབས་ཀྱང་ཡོད་དེ། ཞེས་བྱ་བ་ནས། འཕྲུལ་དགའི་ལྷ་རྣམས་དང་། སྐལ་བ་མཉམ་པར་འགྱུར་རོ།། ཞེས་བྱ་བའི་བར་དུ་རྒྱས་པར་སྦྱར་སྟེ། ་དགེ་སློང་དག་དེ་ལས་སེམས་ཅན་གང་དག་མིར་གྱུར་པ་ན། མར་འཛིན་པ་དང་། ཕར་མི་འཛིན་པ་དང་། དགེ་སློང་དུ་མི་འཛིན་པ་དང་། བྲམ་ཟེར་འཛིན་པ་དང་། ་རིགས་ཀྱི་བཙོ་བོར་ལ་རིམ་འགྲོ་མི་བྱེད་པ་དང་། བྱ་བའི་རིགས་པ་མི་བྱེད་པ་དང་། བསོད་ནམས་མི་བྱེད་པ་དང་འཇིག་རྟེན་དང་འཇིག་རྟེན་ཕ་རོལ་ལ་ཁ་ན་མ་ཐོ་བ་རྣམས ་ཀྱིས་འཇིགས་པར་མི་ལྟ་བ་དང་། སྦྱིན་པ་དག་མི་སྦྱིན་ཞིང་བསོད་ནམས་དག་མི་བྱེད་ལ་སྙེན་གནས་ལ་མི་གནས་ཏེ། ཚུལ་ཁྲིམས་ཡང་དག་པར་བླངས་ནས་མི་འདག ་པ་དང་། དེ་དག་གི་ཚུལ་འདི་ལྟ་བུར་སྡུག་བསྔལ་བ་དང་། ཡིད་མི་བདེ་བའི་སྐལ་པ་ཅན་དུ་འགྱུར་ཏེ། དཔེར་ན་སེམས་ཅན་དམྱལ་བ་ན་འདུག་པའི་སེམས་ཅན་རྣམས ་བཞིན་ནོ།། དེ་ལ་སེམས་ཅན་གང་དག། མར་འཛིན་པ་དང་། བར་འཛིན་པ་ནས་སྔ་མ་བཞིན་ཏེ། དེ་དག་གི་ཚུལ་འདི་ལྟར་བུར་བདེ་བ་དང་། ཡིད་བདེ་བའི་སྐལ་བ་ཅན། ་དུ་འགྱུར་ཏེ། དཔེར་ན་གཞལ་མེད་ཁང་ན་གནས་པའི་གནོད་སྦྱིན་རྣམས་བཞིན་ནོ་ཞེས་གསུངས་སོ།། དེ་ལ་གནོད་པར་འགྱུར་བ་ཞེས་བྱ་བ་ནི་མི་དགེ་བ་བཅུའི་ལས་ཀྱི ་ལམ་རྣམས་ཏེ། སྲོག་གཅོད་པ་ནས་ལོག་པར་ལྟ་བའི་བར་དག་གོ། ཤེས་བྱ་བ་ནི། ཡང་དག་པར་བླངས་ཏེ་འདུག་ཅེས་བྱ་བ་ཡིན་ནོ།། མི་རིགས ་འཚོ་བའི་མི་རྣམས་ཀྱིས་ཤེས་བྱ་བ་ལ་མི་རིགས་པས་འཚོ་བ་ཞེས་བྱ་བ་ནི། ཤེན་པ་དང་བྱ་གག་འཚོང་བ་དང་། འཕག་འཚོང་བ་དང་། བྱ་བ་དང་རི་བོང་རྒྱས་ཤོར་བ་དང་། ་ཉ་བ་དང་། རི་དགས་ཀྱི་རྔོན་པ་དང་། ཆོམ་རྐུན་དང་། གཤེད་མ་དང་། བ་ལང་བསོད་པ་དང་། སྦྲུལ་ཚོགས་ཅན་དང་། བརྩོན་བསྲུངས་དང་། ཕྲ་མ་ཅན་དང་། གནོད ་བྱེད་དང་། དེ་ལ་སོགས་པ་གཞན་ཡང་གང་ཟག་གང་ཡིན་པ་དེ་དག་ཅེས་བྱས་པའི་བར་དུ་རྒྱས་པར་བྱའོ།། འགྲོ་བ་ཕྱི་མ་གང་ཡིན་པ་ཞེས་བྱ་བ་ནི་མི་རིགས་པ་བྱེད་པ་དང་། ་མི་རིགས་པས་འཚོ་བ་གང་ཡིན་པ་དེ་དག་ཡང་དག་པར་བླངས་པ་དེ་ལྟ་བུ་དང་། ཡང་དག་པར་སྤྱད་པ་དེ་ལྟ་བུའི་ལས་དེས་ན། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག ་ཏུ་སྐྱེ་བར་འགྱུར་རོ།། དམྱལ་བ་བརྒྱད་པ་འདི་དག་ནི་ཞེས་བྱ་བ་ནི། ཡང་སོས་ནས་བཟུང་སྟེ། མནར་མེད་པའི་བར་རབ་ཡང་མནར་མེད་པ་ནས་བཟུང་སྟེ། ཡང་སོས་ཀྱི་བར ་དག་གོ། དེས་ན་དམྱལ་བ་བརྒྱད་པོ་འདི་དག་གོ་ཞེས་བྱའོ།། བསྟན་བ་ཅེས་བྱ་བ་ནི་སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་། དམ་པ་རྣམས་དང་། ་ཡང་དག་པ་ཞུགས་པ་རྣམས་དང་། སྐྱེས་བུ་དམ་པ་རྣམས་ཀྱིས་ཡང་དག་པར་བསྟན་པ་སྟེ། དེས་ན་བསྟན་ཅེས་བྱའོ།། འདའ་བར་དཀའ་ཞེས་བྱ་བ་ནི། སེམས་ཅན ་དམྱལ་བ་ཆེན་པོ་བརྒྱད་པོ་འདི་དག་འདའ་བར་ཀ་ཞིང་། ཡང་དག་པར་འདའ་བར་དཀའ་བ་ཡིན་ཏེ། དེས་ན་འདའ་བར་བཀའ་བ་ཞེས་བྱའོ།། བརླང་བའི་ལས་བྱས ་རྣམས་ཀྱིས་གང་ཞེས་བྱ་བ་ནི། ཤེན་པ་ནས་གནོད་བྱེད་ཀྱི་བར་དེ་དག་བརླང་བའི་ལས་རྣམས་ཤེས་བྱའོ།། དེས་ན་དམྱལ་བ་བརྒྱད་པོ་འདི་དག་ནི། འདའ་བར་དཀའ་བར ་བསྟན་པ་སྟེ། བརླང་བའི་ལས་བྱས་རྣམས་ཀྱིས་གང་ཞེས་བྱའོ།། རེ་རེ་འཁོར་ནི་བཅུ་དྲུག་ཡོད་དེ། ཅེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པའི་ཤར་ཕྱོགས་ན ་ལྷགས་པའི་འཁོར་བཞི་ཡོད་དེ། རོ་མྱགས་པ་དང་། ཕྱི་སའི་འདམ་དང་ལོ་མ་རལ་གྲི་ལྟ་བུའི་ཚལ་དང་། ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་དང་། ཆུ་རླུང་རབ་མེད་ཅེས ་བྱ་བ་རྣམས་སོ།། ཤར་ཕྱོགས་ཇི་ལྟ་བ་དེ་བཞིན་དུ་ལྷོ་དང་། ནུབ་དང་། བྱང་ཕྱོགས་ཀྱང་དེ་བཞིན་ནོ།། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ན། ཇི་ལྟ་བ་དེ་བཞིན ་ད་སེམས་ཅན་དམྱལ་བ་ཆེན་པོ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་རེ་རིའི་འཁོར་ནི་བཅུ་དྲུག་ཡོད་ཅེས་བྱའོ།། ཆ་བཞི་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ ་མནར་མེད་པ་ལ་ཆ་བཞི་ཡོད་དེ། ཤར་དང་། ལྷོ་དང་ནུབ་དང་། བྱང་ཕྱོགས་ཀྱི་ཆའོ།། མནར་མེད་པ་ལ་ཇི་ལྟ་བ་བཞིན་དུ། ཡང་སོས་ཀྱིས་བར་དུ་ཡང་དེ་བཞིན ་ཏེ། དེས་ན་ཆ་བཞི་ཞེས་བྱའོ།། སྒོ་བཞི་ཞེས་བྱ་བ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལ། སེམས་ཅན་དམྱལ་བའི་སྒོ་བཞི་ཡོད་དེ། ཤར་དང་། ལྷོ་དང་། ་@ནུབ་དང་། བྱང་བྱགས་ཀྱི་གརྣམས་སོ།། ཡན་མེད་པ་ལ་ངེས་པདེ་བཞིནས་ཡངསས་ཀྱིས་པར་དུ་བང་དེ་ཞིན་ཏེ། དེས་ནམ་བནན། ་བྱའོ།། ཆའི་ཚད་ནི་རྣམ་པར་ཕྱེ་ཞེས་བྱ་བ་ནི། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཆུར་ཇི་ཙམ་པ་དེ་བཞིན་དུ་རྒྱར་ཡང་དེ་ཙམ་སྟེ། དེས་ན་ཆའི་ནད་ནི་རྣམས ་པར་བྱེ་ཞེས་བྱའོ།། ལྕགས་ཀྱི་རབས་ཀུན་ནས་བསྐོར་ཅེས་བྱ་བ་ནི། སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པས་ལྕགས་ཀྱི་ར་བས་ཀུན་ནས་བསྐོར་ཏེ། མནར་མེད ་བའི་ཇི་ལྟར་བ་དེ་བཞིན་དུ། ཡང་སོས་ཀྱིས་བར་དུ་ཡང་དེ་བཞིན་ཏེ་དེས་ན་ལྕགས་ཀྱི་རབས་ཀུན་ནས་བསྐོར་ཅེས་བྱའོ།། ལྕགས་ཀྱི་སུ་ནི་ཤིན་དུ་ཁྱེབས། ཤེས་བྱ་བ ་ནི་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ལྕགས་ཀྱི་དྲབས་ཡོངས་སུ་ཁྱེབས་ཏེ། མནར་མེད་པ་ཇི་ལྟ་བ་བཞིན་དུ་ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེ་ནས་ལྕགས ་ཀྱིསུ་ནི་ཤིན་ཁྱེབས་ཤེས་བྱའོ།། ལྕགས་ཀྱི་ས་བཞི་རབ་ཚ་བ། འབར་ཞིང་མེ་ལྕེ་ལྡན་སྟེ། དཔག་རང་བརྒྱ་ཕྲག་དུ་མར་ཡང་། མེ་ལྕེ་རྣམས་ནི་མཆེད་པར་གནས། ་ཤེས་བྱ་བ་ན་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་དཔག་ཚད་མང་པོ་དང་། དཔག་ཚད་བརྒྱ་ཕྲག་མང་པོ་དང་། དཔག་ཚད་སྟོང་ཕྲག་མང་པོ་དང་། དཔག་ཆད ་འབུམ་ཕྲག་མང་པོར་ལྕགས་འབར་ཞིང་རབ་ཏུ་འབར་ལ། ཀུན་ཏུ་རབ་ཏུ་མཆེད་ཅིང་འབར་ཏེ། མེ་ལྕེ་གཅིག་ཏུ་གྱུར་ཅིང་སྲེག་པའོ།། སེམས་ཅན་དམྱལ་བ་ཆེན་པོ ་མནར་མེད་པ་ཇི་ལྟ་བ་དེ་བཞིན་དུ། ཡང་སོས་ཀྱི་བར་དུ་ཡང་དེ་བཞིན་ཏེ། དེས་ན་ལྕགས་ཀྱི་ས་གཞི་རབ་ཚ་བ། འབར་ཞིང་མེ་ལྕེ་ལྡན་པ་སྟེ། དཔག་ཚད། ་རྒྱ་ཕྲག་དུ་མར་ཡང་། མེ་ལྕེ་རྣམས་ནི་མཆེད་པར་གནས། ཤེས་བྱའོ་འཇུངས་པ་འདུལ་བ་དྲག་པོ་སྟེ། མེ་ལྕེ་ལྡན་ཞིང་བསྙེན་པར་དཀའ། དེ་དག་སྤུ་ཟིང ་བྱེད་པའི་གཟུགས། འཇིགས་ཤིང་སྡུག་བསྔལ་འཇིགས་པར་བྱེད་ཅེས་བྱ་བ་ལ་འཇུངས་པ་ཞེས་བྱ་བ་ནི།། གང་དག་སེར་སྣ་ཅན་སྤར་བཅུམས་ཤིང་ཡོ་བྱད ་རྣམས་ཀུན་ཏུ་འཛིན་ལ། སྦྱིན་བདག་ཀུན་ལས་འགེད་པར་མི་བྱེད་པ་གང་ཡིན་པ་དེ་བདག་གོ།། གཞན་ཡང་གང་ཟག་གང་དག་ཉེས་པར་སྤྱོད་པའི་ལས་རྣམ ་པ་སྣ་ཚོགས་བྱེད་པ་དེ་རྣམས་ཡིན་ཏེ། དེས་ན་འཇུངས་པ་ཞེས་བྱའོ།། འཇུངས་པ་དེ་དག་ནི་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཤིན་ཏུ་ཚ་ཞིང་ཀུན་ཏུ ་ཚ་བ་ལ་ཡོངསུ་ཚ་བར་འགྱུར་ཏེ། དེས་ན་འཇུངས་པ་འདུལ་བ་དྲག་པོ་སྟེ། ཞེས་བྱའོ།། མེ་ལྕེ་ལྡན་ཞིང་བསྙེན་པར་བཀའ་བ་ཞེས་བྱ་བ་ནི། སེམས་ཅན་དམྱལ ་བ་ཆེན་པོ་རྒྱད་པོ་འདི་དག་མེ་ལྕེ་འབར་བའི་ཕྲེང་བར་སྐོར་ཏེ། འཇུངས་པ་དེ་དག་གིས་མི་བཟད་ཅང་བ་ནགས་པར་དཀའ་སྟེ། དེས་ན་མེ་ལྕེར་ལྡན་ཞིང་བསྙེན ་བར་དཀའ་ཞེས་བྱའོ།། དེ་དག་སྤུ་ཟིང་བྱེད་པའི་གཟུགས། འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་ཞེས་བྱ་བ་ནི། སེམས་ཅན་དམྱལ་བརྒྱད་པོ ་#འདི་དག་འབྱུང་བ་དེ་དག་འཇིགས་པ་དེ་དག་འཇིགས་པ་དང་། སྐྲག་པ་དང་། ཡིད་འཆད་པར་བྱེད་ཅིང་ཆུ་ཟིང་ཞེས་བྱེད་པར ་བྱེད་ལ། སྡུག་བསྔལ་སྐྱེད་པར་བྱེད་དེ། དེ་ནས་དེ་དག་སྤུ་ཟིང་བྱེད་པའི་གཟུགས་འཇིགས་ཤིང་འཇིགས་བྱེད་སྡུག་བསྔལ་བ་ཞེས་བྱའོ།། དྲང་སྲོང་དག་དང་། ་སྡོམ་ཅན་དང་། བཀའ་ཐུབ་ཅན་ལ་ཁ་ཟེར་བ་ཞེས་བྱ་བ་ལ། དྲང་སྲོང་ཞེས་བྱ་བ་ནི། སངས་རྒྱས་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་ཏེ། དེ་རྣམས ་དང་མི་འཐུན་པའི་ལུས་ཀྱི་ལས་ཀུན་ཏུ་སྤྱོད་པ་དང་། མི་འཐུན་པའི་དག་གི་ལས་དང་། ཡིད་ཀྱི་ལས་ཀུན་ཏུ་སྤྱོད་པ་སྟེ། དེས་ན་དྲང་སྲོང་དག་ཅེས་བྱའོ།། སྡོམ་ཅན ་ཞེས་བྱ་བ་ནི། ལུས་སྡོམ་པ་དང་། དགེ་སྡོམ་པ་དང་། ཡིད་སྒོམ་པ་རྣམས་ཏེ། དེས་ན་སྡོམ་ཅན་ཞེས་བྱའོ།། དཀའ་ཐུབ་ཅན་ཞེས་བྱ་བ་ནི། སྦྱངས་པའི་ཡོན་ཏན ་རྣམས་པ་སྣ་ཚོགས་ཡང་དྲག་པར་བླངས་པའི་ཕྱིར། དཀའ་ཐུབ་ཅན་ཞེས་བྱ་སྟེ། དེས་ན་དཀའ་ཐུབ་ཅན་ཞེས་བྱའོ།། ཀང་པ་བསྒྲེང་ཞིང་སྤྱིའུ་ཚུགས་སུ། དམྱལ ་བ་དེར་ནི་ལྡང་བར་འགྱུར། ཞེས་བྱ་བ་ནི་འཇུངས་པ་དེ་དག་གིས་ཉེས་པར་སྤྱོད་པ་དེ་དག་དེ་ལྟ་བུར་ཡང་དག་པར་བླངས་པར་བླངས་པ་དང་། ཀུན་ཏུ་སྤྱོད་པས་སེམས ་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་དེ་དག་ཏུ་འདོར་ཏེ། དེས་ན་རྐང་པ་བསྒྲེང་བའི་སྤྱིའུ་ཚུགས་སུ། དམྱལ་བ་དེར་ནི་ལྟུང་བར་འགྱུར་ཞེས་བྱའོ།། དབང་པོ་ཉམ ་པ་དེ་དག་འཚེད། ཅེས་བྱ་བ་ནི་དེ་དབང་པོ་མ་འདུལ་བའི་ཕྱིར། སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་སྐྱེས་ཞིང་ཉིན་མཚན་དུ་འཚེད་དེ། དེས་ན་དབང ་པོ་ཉམས་པ་དེ་དག་འཚེད་ཅེས་བྱའོ།། ཉ་ནི་སྐམ་ལ་བོར་བ་བཞིན་ཞེས་བྱ་བ་ནི་ཇི་ལྟར་ཉ་ཆུ་ལས་བཏོན་ཏེ། སྐམ་སར་བོར་བ་རྣམས་སྡུག་བསྔལ་ཞིང་ཉམས་ཐག ་ནས་འདར་བ་དེ་བཞིན་དུ། དེ་དག་འཇིག་རྟེན་འདི་ནས་ཤི་ཕོས་ནས་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དག་ཏུ་བོར་ཏེ། སྡུག་བསྔལ་ཞིང་ཡིད་ཉམས་ཐག་ནས ་འདར་ཏེ། དེས་ན་དབང་པོ་ཉམས་པ་དེ་དག་འཚེད། ཉ་ནི་སྐམ་ལས་བོར་བ་བཞིན་ཞེས་བྱའོ།། དེ་ལྟར་ཉེས་བྱས་ལས་བྱེད་པ། ཉིན་མཚན་དུ་ནི་ཆོས་ངེས ་འདེབས་ཤེས་བྱ་བ་ནི་ལས་དཀར་པོར་སྤངས་ཤིང་མི་དགེ་བའི་ཆོས་ལ་ཞུགས་པ་དེ་དག་སེམས་ཅན་དམྱལ་བ་ཆེན་པོ་བརྒྱད་པོ་དེ་དག་ཏུ་སྐྱེས་ནས། རྟག་པར་རྒྱུན་མི ་ཆད་པར་ཡུན་དུ་ཉམས་ཐག་པའི་ང་རོས་ཚེ་དེ་འདེབས་ཏེ། སྡུག་བསྔལ་ཞིང་མི་བཟད་ལ། རྩུབ་ཅིང་ཚ་བ་དང་། ཡིད་དུ་མི་འོང་བའི་ཚོར་བ་ཉིན་མཚན་དུ་ཉམས་སུ ་མྱོང་སྟེ། དེས་ན་དེ་ལྟར་ཉེས་བྱས་ལས་བྱེད་པ། ཉི་མཚན་དུ་ནི་ཚེ་ངེས་འདེབས་ཤེས་བྱའོ།། དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས། འཕང་མ་དུང་གིས་ཕོག་གླང་ཆེན་བཞིན ་ཞེས་བྱ་བ་ནི། དེ་དག་སྡུག་བསྔལ་མི་ཟད་པས་ཟིལ་གྱིས་ནོན་ཏེ། གླང་པོ་ཆེ་དག་འཕངས་མདུང་གིས་ཕོག་པ་དང་། ལྕགས་ཀྱུས་དྲངས་པ་བཞིན་དུ། སྐད་ཤིན ་འཇིས་། #། ཏུ་ཆེ་བར་སྒྲ་སྒྲོགས་ཏེ། དེས་ན་དེ་ནི་སྒྲ་ཆེན་རབ་ཏུ་སྒྲོགས། འཕངས་མདུང་གིས་འོག་གླང་ཆེན་བཞིན། པྲ་ཞེས་བྱའོ།། མི་རྣམས་ཀྱིས་ལོ།། ་སུམ་ཁྲི་གང་ཡིན་པ་དེ་ནི། སེམས་ཅན་དམྱལ་བ་ཁ་ཅིག་གི་ནམ་གྱི་ཆ་སྟོང་ངོ་།། ཁ་ཅིག་ན་ནི་ནམ་གྱི་ཀླུང་ཐུན་གྱིས་བར་རོ།། ཁ་ཅིག་ནི་ནམ་གྱི་ཆ་སྨད་ཀྱི་བར་རོ།། ལོ ་དགུ་ཁྲི་ལ་ནི་མཚན་ཅིག་གོ།། ལོ་དགུ་ཁྲི་ལ་ནི་ཉིན་གཅིག་གོ། ལོ་འབུམ་བརྒྱད་ཁྲི་ལ་ནི་ཉིན་ཞག་གཅིག་གོ།། མི་རྣམས་ལོ་ནི་འདི་དག་ན། དགུ་ཁྲི་སྙེད་ནི་གང་ཡིན་ཏེ། ་དམྱལ་བ་དག་ན་མཚན་གཅིག་སྟེ། ཉིན་ཅིག་ཚད་ཀྱང་དེ་ཙམ་མོ།། བྱིས་པ་མི་ཁོམ་སོང་བ་རྣམས། བརླངས་པའི་ལས་ནི་རབ་འཇིགས་པས། འདི་ལྟ་བུར་ནི་ལོ ་འགྲངས་པར། ཡུན་རིང་དག་ཏུ་འཚེད་པར་འགྱུར། འདི་དག་དང་ནི་གཞན་ཡང་རབ་མང་མཐའ་ཡས་པའི་སྡུག་བསྔལ་དམྱལ་བ་རྣམས་སུ་བྱིས་པ་དག་གིས་མྱོང་། དེ་དག ་མཐའ་ཡས་པ་ནས་བརྗོད་པར་སླ་བ་མིན།། བདག་གིས་སུ་ནི་ཕྱོགས་ཆ་ཙམ་ཞིག་བརྗོད་པར་ཟད།། །། འཇིག་རྟེན་གདགས་པ་ལས་ཚིགས་བཅུ་བཞི་པའོ།། ་འཇིག་རྟེན་གདགས་པ་རྫོགས་སྷོ།། རྒྱ་གར་གྱི་མཁན་པོ་ཕྲད་ཉེ་བར་མ་དང་། འཛིན་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཚ་བ། བན་སྡེ་ཡེ་ཤེས་སྡེས ་ལ་སོགས་པས་བརྒྱུར་ཅིང་ཞུས་ཏེ། གཏན་ལ་ཕབ་པ།། ། བཀྲ་ཤིས། དགེའོ།། ་